དགེ་འདུན་རབ་གསལ།
———
ལོ་ངོ་བཞི་ཙམ་གྱི་སྔ་རོལ་ཞིག་ལ། ངེད་ཀྱི་སློབ་མ་ཞིག་གིས་ང་ལ། “ཁྱེད་ལ་བོད་ཡིག་གི་དེབ་དགོས་པས།” ཞེས་དྲིས་བྱུང་། སྤྱང་ཀི་ལ་ཤ་རང་རེད། “དགོས། དེབ་ག་རེ་རེད།”
“དེབ་གང་ཡིན་མི་ཤེས། བོད་ཡིག་གི་དེབ་རེད།”
ཉིན་ཁ་ཤས་ཀྱི་རྗེས་སུ་ང་ལ་དེབ་སྐོར་གཅིག་འབྱོར། དེའི་ནང་ ༡༩༦༩ ལོར་དཔར་བའི་གཱན་དཱིའི་ལོ་རྒྱུས་བོད་ཡིག་མ་དང་། དེ་བཞིན་ལེགས་སྦྱར་སྐད་དུ་ཡོད་པའི་གཞུང་གི་རྩ་བ་འགའ་འདུག ང་ཧོན་འཐོར་དུ་བཅུག་པ་ནི། ༡༨༨༨ ལོ་དང་ ༡༨༩༠། ༡༨༩༥ ལོར་པོད་གསུམ་དུ་དཔར་བའི་ བརྒྱད་སྟོང་པའི་ལྕགས་པར་དེ་རེད། དེབ་གཟུགས་སྟོད་སྨད་གཉིས་འདུག ང་ནི་ལོ་ཚིགས་ཀྱིས་དྲན་པ་འཐོར་ནས། “དཀོན་མཆོག་གསུམ། རྒྱ་གར་ཀ་ལི་ཀ་ཏ་ན། བོད་ཡིག་གི་ལྕགས་པར་དུས་ཚོད་འདི་ཙམ་ནས་དར་འདུག་ཨང་།” བསམ་ཀྱིན་བསམ་ཀྱིན་རྒྱ་གར་བ་ ལོང་རྒིས་ཟེར་བའི་སྨད་གཡོག་གོན་མཁན་སྐོར་གཅིག་གིས་ཚ་བའི་ཁྲོད་དུ་རྔུལ་ནག་འཚེར་འཚེར་གདོང་དང་ལག་པ་སྣག་ཚས་གཡོགས་ཏེ་ རབ་འབྱོར་དང་རབ་འབྱོར་ཅེས་པའི་ཡིག་གཟུགས་འདི་དག་སྒྲིག་བཞིན་པ་ཞིག་མིག་ལམ་དུ་ཤར། ད་ ལོ་ངོ་བརྒྱ་ཕྲག་འགོར་བའི་དེབ་ཅིག་ང་ལ་ཡོད་སྙམ་ནས་སྤོབས་པ་བྱས་པ་མ་ཟད། གྲོགས་པོ་ཚོ་ལ་ཡང་དེ་ལྟར་བརྗོད་མྱོང་། དེབ་འདི་ནི་ asiatic society of Bengal ཞེས་པས་དེབ་ཕྲེང་སྐོར་ཅིག་བཏོན་པ་དེའི་ཁོངས་བཏོན་འདུག
ཁ་སང་དབྱིན་ཇི་དང་ཨིན་ཇིའི་ཚིག་གང་རྙིང་གི་སྐོར་ལ་དྲི་བ་ཞིག་དང་འབྲེལ་ནས་དེབ་དེ་བསྐྱར་དུ་མཆོད་ཤོམ་ནས་མར་ཕབ། ཨ་མ་ཨ་མ། ཡང་ང་ཧ་ལས་བྱུང་། དེ་ནི་ང་ཚོས་རྩོད་བཞིན་པའི་རྩོད་པ་ཞིག་དང་འབྲེལ་བ་འདུག “ཤེས་རབ་ཀྱི་ ཕ་རོལ་ཏུ་ ཕྱིན་པ་ སྟོང་ཕྲག་བརྒྱད་པ།” ཚིག་རེ་རེ་ནས་བར་སྟོང་བཞག་འདུག རྒྱ་གར་བ་ལྕགས་པར་སྒྲིག་མཁན་ཚོས་བོད་ཡིག་བསྟུད་བསྟུད་ནས་སྒྲིག་མ་ནུས་པ་ཡིན་ནམ། ཡང་ན། ཆེད་དུ་འདི་ལྟར་སྟོང་པ་མང་པོ་བཞག་པ་ཡིན། འདིའི་ཞུ་དག་པ་ནི། Pratapachandra Ghosha ཞུ་བ་ཡིན་ཞེས་འཁོད་འདུག “འདི་སྐད་ བདག་གིས་ ཐོས་པ་ དུས་གཅིག་ན། བཅོམ་ལྡན་འདས་ རྒྱལ་པོའི་ཁབ་ཀྱི་རི་ བྱ་རྒོད་འཕུངས་པོ་ལ། དགེ་སློང་སྟོང་ ལྔ་སྟོང་ཙམ་གྱི་ དགེ་སློང་གི་ དགེ་འདུན་པ་ཆེན་པོ་དང་། ཐབས་ཅིག་སྟེ། ཐམས་ཅད་ཀྱང་ དགྲ་བཅོམ་པ། ཟག་པ་ ཟད་པ། ཉོན་མོངས་མེད་པ། དབང་དུ་ གྱུར་པ། སེམས་ ཤིན་ཏུ་ རྣམ་པར་གྲོལ་བ་།་་་་་” ད་འདི་འདྲ་རེད། བར་སྟོང་འཇོག་པའི་སྐད་ཆ་འདི་ ལོ་ ༡༢༢ སྔོན་ནས་བྱུང་འདུག
དེབ་བཙོང་བའི་ཐོ་ཡིག་ཅིག་ཨིན་སྐད་དུ་ཡོད་པ་དེར། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ བོད་སྐད་དང་ལེགས་སྦྱར་ཤན་སྦྱར་ཡོད་ཅེས་ཀྱང་བྲིས་འདུག
དུས་རབས་བཅུ་དགུ་པའི་སྨད་དང་བཅོ་བརྒྱད་པའི་སྟོད་ཀྱི་ལོ་ངོ་སུམ་བཅུ་ཙམ་གྱི་རིང་། རྒྱ་གར་གྱི་ཀ་ལི་ཀ་ཏ་དང་། དེ་བཞིན་འབྲས་ལྗོངས་ཁུལ་དུ་བོད་ཡིག་གི་འཕྲིན་ལས་ཧ་ཅང་འཕེལ་བ་འདྲ། བོད་ཡིག་གི་ཚིག་མཛོད་རེ་ཟུང་ཞིག་སྐབས་འདི་དག་ལ་ཐོན་འདུག སྐད་ཡིག་སློབ་དེབ་འགའ་ཡང་ཐོན་འདུག ཡེ་ཤུའི་ཆོས་དཔེ་འགའ་ཡང་མེད་དམ་སྙམ། འདིའི་སྐོར་ལ་ཞིབ་འཇུག་ཅིག་ངེས་པར་དུ་བྱེད་རན་གདའ།
གློ་བུར་དུ་ངའི་མཛུབ་མོ་དེ་ google དྲ་བའི་ནང་ཤོར། དེབ་འདི་དང་འབྲེལ་གནས་ཚུལ་འགའ་རེ་རྙེད། ཞིབ་གསལ་རྗེས་སུ་འབྲི་རྒྱུ་ཡིན། ད་ལན་ངོ་སྤྲོད་ཙམ་ཞིག་ཡིན། བརྒྱད་སྟོང་པ་ལ་ བར་སྟོང་བཅུག་སྟེ། དེ་རིང་གི་གླེང་མོལ་བར་གྱི་ལོ་ངོ་ ༡༢༠ ལྷག་ཙམ་འགོར་བའི་བར་སྟོང་འདི་ འདི་ཙམ་གྱིས་མཇུག་བསྡུས། ང་ལ་དེབ་འདི་མཁོ་སྤྲོད་བྱས་པའི་སློབ་མ་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ད་ང་ཚོས་དེབ་དེའི་དཔར་བསྐྲུན་གྱི་སྐོར་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་ཅིག་བྱེད་དགོས་ངེས་འདུག འདི་བོད་ཡིག་ལྕགས་དཔར་དུ་བཏབ་པ་ཐོག་མ་དེའང་ཡིན་པར་ངེས། ད་དུང་སྐབས་དེར་དཔར་བསྐྲུན་བྱེད་མཁན་གྱི་གྲས་སུ་བོད་མི་ཡོད་མེད་དང་ཡོད་ན་སུ་ཡིན་མིན། བོད་མི་མེད་ཚེ་འབྲས་ལྗོངས་པའམ་ཡང་ན་འབྲུག་པ་སུ་ཡོད། ད་ཐེངས་ཁྱོད་ཀྱི་ལག་ཡོང་དངོས་གནས་བཟང་གི ད་མང་པོ་བཤད་རྒྱུ་མི་འདུག ཁྱོད་ཀྱི་རྩོམ་ཡིག་རྗེས་མ་དེར་སྒུག་ན་བཟང་གི་སྙམ།
ཨོ་རེད། དོན་དག་ཆུང་ཆུང་ཞིག་ཞུ་འདོད། ཁྱོད་ལ་འབྲེལ་སྒྲ་ཆད་འདུག་པའི་སྐྱོན་ཡང་སེ་བྱུང་གི་འདུག ད་ཐེངས་ཡང་གཅིག ༼དེབ་འདི་དང་འབྲེལ་གནས་ཚུལ་འགའ་རེ་རྙེད།༽ཚིག་དུམ་འདིའི་ནང་དུ་གཅིག་ཆད་འདུག འབྲེལ་གནས་ཚུལ་ཟེར་བའི་ནང་དུ་འབྲེལ་བའི་གནས་ཚུལ་ཡིན་ངེས། བསམ་གཟས་ནས་ཚིག་སྐྱོན་སྙེགས་པ་གཏན་ནས་མིན། ཁྱོད་ཀྱི་ལྷག་བསམ་དང་ཤེས་ཡོན་ལ་ཡིད་ཤོར་ནས་ཡོད། བསྟོད་པ་འདི་བསྟོད་པ་དོན་ལྡན་མ་ཞིག་ཡིན།
དེབ་འདི་འདྲ་མང་པོ་ཞིག་འབྲུག་ཡུལ་དུ་ཡང་མཐོང་མྱོང་། དེབ་དེ་ཚོ་ཡང་མངོན་མཛོད་ནས་གསུངས་པའི་འཇིག་རྟེན་ཆགས་ཚུལ་དང་། དེ་བཞིན་མདོ་སྡེ་དཔག་བསམ་འཁྲི་ཤིང་ནས་གསུངས་པའི་སྔོན་གྱི་གཏམ་རྒྱུད་རྣམས་སློབ་གྲྭའི་སློབ་དེབ་ཀྱི་ཆེད་་དུ་བསྒྲིགས་པ་ཞིག་ཡིན་ཚོད་རེད། ཡིན་ན་ཡང་གསལ་པོ་མི་དྲན་པ་མ་ཟད་དེང་སང་དེབ་ཚོ་ཞེ་དྲག་མཐོང་རྒྱུ་ཡང་མིན་འདུག གལ་ཏེ་མཐོང་ན་ངས་ཀྱང་འདིར་དྲ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུའི་དམ་བཅའ་ཡོད།
दगे दुन रव गसल लगस ।
Pratapachandra Ghosha जेर व
खोङ नि सम वोद छिक मजोद र्चोम मखन दे रेद।
दिर वोद यिग मि दुग पस दगोङस दग शु।
दगे दुन रव गसल लगस ।
Pratapachandra Ghosha जेर व
खोङ नि सम वोद छिक मजोद र्चोम मखन दे रेद।
དགེ་འདུན་རབ་གསལ་ལགས།
Pratapachandra Ghosha ཟེར་བ་
ཁོང་ནི་སམ་བྷོཊ་ཚིག་མཛོད་རྩོམ་མཁན་དེ་རེད།
༢པ་དེ་ནིབོད་ཡིག་མེད་པའི་དགོངས་སེལ་ཙམ་རེད་འདུག ཁ་ཤས་ལ་ཕན་རེས་བསྒྱུར།
རབ་གསལ་ལགས་ཀྱིས་དེབ་རྙིང་ངོ་སྤྲོད་དང་འབྲེལ། ཀ་ལི་ཀ་ཏའི་ཕྱོགས་ཀྱི་ཕྱག་དཔེ་སོགས་ཀྱི་ཆེ་བ་བརྗོད་པ་ཐུགས་རྗེ་ཆེ། ཡང་རྩོམ་འདིའི་ཁ་བྱང་དང་དེབ་གཉིས་ལོག་ཀ་རེད་འདུག དཔར་ནང་ཤར་བའི་དེབ་དེ་༼ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ༽ སྟེ་ཡུམ་འབུམ་པ་རེད། དེ་ཡང་སྟོང་ཕྲག་གཅིག་ལ་བརྒྱ་ཐམ་པས་བསྒྱུར་ན་འབུམ་གཅིག་རེད་ལ། ཨ་མདོ་ན་ཡུམ་དུམ་པ་བཅུ་གཉིས་ཟེར་བ་དེ་རེད། བརྒྱད་སྟོང་བ་ལ་དེབ་གཅིག་རེད། འོ་ཡ་གང་ལྟར་ཁྱོད་ཚང་ལ་སེམས་ཤོར་དགོས་པའི་དངོས་པོ་རྩ་ཆེན་ཞིག་འདུག ང་དེའི་ཕྱོགས་སུ་སླེབས་ན། དབུ་ནས་གཅིག་ནས་ཅུང་ཟད་ཀློག་བཅུག་རོགས་འ།
དགེ་འདུན་རབ་གསལ་འདི་རང་ངོས་ནས་ལོ་རྒྱུས་ཉམས་ཞིབ་པ་དང་བརྡ་སྤྲོད་སྨྲ་བ་ཞིག་ཡིན་ཟེར་གྱི་འདུག་སྟེ། ཉེ་སྔོན། ༼འདི་ལོ་༽དབྱིན་སྐད་ཀྱི་འགྲོས་ནས་བྱུང་བ་རེད་ཟེར་བ་དང་། དབྱིན་གྱི་རྗེས་ལ་ཨིན་བྱུང་བ་རེད་ཟེར་དུས་དོགས་པ་བྱུང་། ད་རེས་ཡང་ ༡༨༨༠ ནང་ཀ་ལི་ཀ་ཏ་ནས་བོད་ཡིག་ལྕགས་པར་གྱི་དེབ་དཔར་འདུག་ཅེས་ཧང་སངས་སངས་བྱེད་དུས། ངས་ཡིད་སྨོན་བྱེད་སའི་དགེ་འདུན་རབ་གསལ་དེ་ཨེ་ཡིན་སྙམ་སྙམ་ཞིག་དྲན།
དུས་ཚོད་འདི་དང་འདྲ་མཉམ་ཞིག་ལ་པདྨ་ཆོས་འཕེལ་གྱིས་བྲིས་ཞེས་པའི་རྟོགས་བརྗོད་དཔག་བསམ་ཁྲི་ཤིང་འབྲོག་རྒན་རང་ཉིད་གོ་བདེ་བར་བྱས་པ་ཞེས་པ་ཞིག་ཀ་ལི་ཀ་ཏ་དཔར་འདུག
དེབ་འདི་བོད་ནས་པར་དུ་བསྐྲུན་འདུག
རབ་གསལ་ལགས།
ཐུགས་རྗེ་ཆེ།
ངས་དོ་སྣང་བྱུང་བ་ནི། ཤོག་ལྷེ་དང་པོ་དེའི་ཡིག་འབྲུའི་དབར་ལ་བར་སྟོང་བཞག་འདུག ལྷོག་ལྷེ་སྣོན་མ་འགའ་འདི་ལ་འགོད་ཨེ་ཐུབ།
སྐུ་ཞབས་རབ་གསལ་ལགས། ཁྱོ་ངོ་མ་ངར་བ་རེད། དེ་འདྲའི་རིན་པོ་ཆེ་ཞིག་ལག་ལ་ཡོང་ཡོད་པ་རྟེན་འབྲེལ་ཞུ།།
བརྒྱད་སྟོང་ སྟོང་ཆ་ ཅན་ལ་ ཕྱག་འཚལ་ལོ། །
སྟོང་ཆ་ བཞག་ན་ བོད་ཡིག་ བོད་སྐད་ལ། །
ཉེས་པ་ གྱུར་སོགས་ སྐྱོན་ཆ་ འདི་དང་དེ། །
གསུངས་མཁན་ དེ་ཚོའི་ ཁ་ཞལ་ བཙུམ་དགོས་ཆགས། །
བོད་ཡིག་ལ་ བར་སྟོང་ བཞག་ན་ བྱིས་པ་ནས་རྒན་པ་དང་ བླུན་པོ་ནས་མཁས་པ་དང་ བོད་རིགས་ནས་བོད་རིགས་ མ་ཡིན་པའི་ བོད་ཡིག་དང་ བོད་སྐད་ སྦྱོང་མཁན་ ཚང་མ་ལ་ ཕན་པ་ འབའ་ཞིག་ལས་ མེད་པ་ ད་ནས་ བློ་རྒྱ་ བསྐྱེད་ནས་ སོམས་ཤིག
ཀ་ཏ་ནས་དཔར་བའི་དཔེ་དེབ་ཅིག་གི་ཡིག་གཟུགས་བཀོད་སྟངས་ཁྱེར་ཡོང་ནས་བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་ཁུངས་འདྲེན་འདྲ་བྱས་ན་དོན་ལ་དགོད་རྒྱུ་ཡོང་ནི་ཞིག་རེད། བོད་ཡིག་དར་བ་ནས་ད་བར་དུ་བོད་རང་གི་མཁས་པ་དང་མི་མཁས་པ་ཚང་མའི་འདི་འདྲ་ཞིག་གསུངས་མི་འདུག ཁོང་ཚོ་ཚང་མས་བོད་སྐད་ཡིག་ཡར་རྒྱས་པ་དགོངས་པ་མ་བཞེས་པ་ཨེ་ཡིན་ནམ། ཡང་ན་ཁོང་ཚོའི་ཐུགས་ལ་མ་ཤར་བའི་བོད་སྐད་ཡིག་ཡར་རྒྱས་ལ་གཏོང་ཐབས་སྐོར་ཀ་ཏའི་དཔར་ཁང་གི་མཁས་དང་མི་མཁས་པ་འདི་ཚོས་མཁྱེན་ཅིང་ཐུགས་དགོངས་ཟབ་མོས་འདི་ལྟར་བར་སྟོང་བཞག་ནས་དཔར་བསྐྲུན་བྱས་པ་ཡིན་ནམ། ངས་འདི་རབ་གསལ་ལ་བཤད་ཀྱིན་མེད།
རེད་ཡ། གནའ་རིག་གནས་གསར་བརྗེས་སྐབས་སུ་བཙན་པོས་གཉའ་ནས་མནན་ནས་བོད་ཡིག་བཅོས་བསྒྱུར་བྱེད་རྩིས་བྱས། བཅོས་བསྒྱུར་བྱེད་མ་ཐུབ། དེང་སང་ཕྱི་ལོག་ན་བོད་ཡིག་གི་མགོ་སྔ་ཡག་པོ་མི་ཤེས་མཁན་ཁ་ཤས་ནས་བཅོས་བསྒྱུར་བྱེད་རྒྱུ་ཡིན་ཟེར། འདི་ནི་ཁ་སང་ཀླུ་སྨྱོན་གྱི་ཉིན་གུང་གི་རྨི་ལམ་དེས་ལུང་བསྟན་ཡིན་རྒྱུ་རེད་ཀོ
སེམས་ཆུང་བྱོས། ངས་བརྐུ་ན་ཐང་།
ཨ་རོ་དཀོན་སྦྱིན། ཁྱོད་འཇར་སི་གསར་བའི་དཀོན་སྦྱིན་འེ་ཡིན། ཨ་ཀ་སྦྱིན་པའི་ཁྱིམ་མཚེས་འེ་ཡིན།
ཨ་ལགས་རིན་པོ་ཆེ་ཚད་བཙུགས། ཁྱོད་སེམས་ཆུང་བྱ་ན་ངོ་མ་བཟང་གི། ཡག་པོ་ཞིག་འབྲི་མི་ཤེས་ཀྱང་དེབ་གསར་བ་ཞིག་བཟོ་དགོས་བསམ་མཁན་མང་པོ་རེད། ད་ཁྱོད་ལ་གོ་སྐབས་དེ་རག་པ་རེད། མཆོད་བཤམས་ནང་བླུག་ནས་ལྡི་མིག་ཡག་པོ་ཞིག་རྒྱོབ། ཁྱོད་ཁྱབ་སྒྲག་བྱེད་སྟངས་ཁོ་རང་ལྟ་ན་དེབ་དེ་རྗེས་མ་ཉོ་དགོས་ན་གོང་ཆེན་པོ་ཞིག་བརྒྱབ་ཐག་ཆོད་རེད། དེ་ལས་ངས་ངོ་མ་རྐུན་མ་བརྒྱབ་ན་ཡག་པ་མེད་འགྲོ། དྲ་གྲོགས་ཚོ་བློ་སེམས་མཐུན་ན་ང་དང་མཉམ་དུ་རབ་གསར་ནང་ལ་འགྲོ།
གསལ་བཤད་གཉིས།
དང་པོ་སྟོང་ཕྲག་བརྒྱད་པ་དང་བརྒྱ་བའི་སྐོར་ལ་ཡིན། ཡུམ་དུམ་པ་བཅུ་གཉིས་རེད། དུམ་པ་བཅུ་གཉིས་དུམ་པ་གཉིས་ཀྱི་ནང་ཨེ་ཤོང་བསམས་བྱུང་། དེབ་རང་གི་མགོ་བརྗོད་ལ། སྟོང་ཕྲག་བརྒྱད་པ་དང་བརྒྱ་པ་གཉི་ག་འདུག བྱས་ཙང་སྟོང་ཕྲག་བརྒྱད་པ་ཡིན་ཤག་བྱས་པ་ཡིན། དེ་གཅིག་ཡིན།
དེབ་འདི་འདྲ་ཉོ་འདོད་ན། ཁོང་ཚོའི་ལས་ཁུངས་ལ་འབྲེལ་བ་བྱོས།
http://asiaticsocietycal.com/
ད་ཁང་གསར་རྡོ་རྗེས་ ཡང་ཡས་ཡས་མས་མས་ཅིག་བཤད་གི་འདུག ངས་དུས་ཚོད་ཀྱི་ཁོམ་ལོང་བསྟུན་ནས་རྩོམ་རེ་ཟུང་བྲིས་པ་དེ་ཚོ་ ཞིབ་འཇུག་བྱས་པའི་རྩོམ་ཡིག་མིན། དེ་ཚོ་ནི་གླེང་གཞིའི་ཆེད་དུ་སྤེལ་བའི་རྩོམ་ཡིག་རེད། གླེང་གཞིར་སོང་སྟབས་ཕྱོགས་ཀུན་ནས་གླེང་ཡོང་ན་ཡག་པོ་རེད། དེ་ནས་ངས་ནོར་བ་ངོ་འཕྲོད་པ་རྣམས་ལ་ནོར་བ་ནོར་བར་མཐོང་ནས་ངོས་ལེན་བྱས། ནོར་བར་བསྙད་ཀྱང་ནོར་མེད་པ་རྣམས་ལ་གསལ་བཤད་རེ་བྱས། དེ་ལྟར་ངས་བོད་ཀྱི་གྲོགས་པོ་ཚོ་ལ་གླེང་མོལ་བྱེད་དགོས་པ་མ་ཡིན་ནམ། ཨ།
དང་པོ་ང་རྒྱ་གར་ལ་སྡོད་དུས། ངས་ཁང་གསར་རྡོ་རྗེ་ཟེར་བ་ཞིག་གོ་མྱོང་མེད། ད་ངས་སངས་རྒྱས་དཔའ་རྟུལ་བསྒྱུར་ཡོང་དུས། ཁྱོད་ཀྱིས་ཡས་ཡས་འགྲིག་མི་འདུག མས་མས་འགྲིག་མི་འདུག ཅེས་དྭང་བླང་དགེ་བསྐོས་བཏོན་དུས། ངས་ཁྱོད་ཐོག་མར་ཐོས་པ་ཡིན། དེ་ནས་ཁྱེད་ཀྱི་ཕ་བུའི་སྐོར་གྱི་སྒྲུང་དེ་ཐོན་པ་རེད། ད་དངོས་གནས་མི་འདི་ཕོ་རབས་གཅིག་རེད་ཨ་བསམས་པ་རེད། ད་ཅི་ཤེས། འོན་ཀྱང་ཁྱེད་ཀྱིས་བཀླགས་ཤིང་སྦྱངས་ནས་ཐོབ་པའི་རིག་པ་ཞིག་འཁྱེར་ཏེ་འགྲོ་གི་འདུག་པ་དེར་དངོས་གནས་དགའ་བ་ཡིན།
ད་མཁས་པ་དང་ཤེས་ཡོན་ཅན་སོགས་ཡང་བྲིས་ཡོང་གི་འདུག འདིར་ཡང་བསྐྱར་གསལ་བཤད་ཅིག་བྱེད། སྔོན་མ་ཡིན་ན་མདོ་སྔགས་རིག་གནས་དང་བཅས་པ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་ཤེས་པའི་གོ་སྐབས་ཤིག་ཡོད་པ་རེད་ལ། ཤེས་མཁན་ཡང་ཡོད་པ་རེད། ད་ཡིན་ན། སྲོང་བཙན་སྒམ་པོ་ལ་མཁས་པ། ས་སྐྱ་པཎ་ཌི་ཏ་ལ་མཁས་པ་སོགས་ཆེད་ལས་བྱེ་བྲག་པ་ལ་འཇུས་ན་མ་གཏོགས། མི་གཅིག་གིས་ཁྱིམ་བདག་བྱེད་ཞོར། ལས་ཀ་བྱེད་ཞོར། ཐམས་ཅད་མཁྱེན་པ་ཡང་བྱེད་འདོད་པ་ཞིག་ཨེ་ཡོང་དྲན་ཡོད། དེ་བས་ང་ལ་མཁས་པ་དང་ཐམས་ཅད་མཁྱེན་པ་ཞེས་མི་དགོས། ཁྱེད་ཀྱི་ཐུགས་ལ་ཡང་དེ་ལྟར་མ་འཛིན། མི་གཞན་ལའང་རབ་གསལ་གྱིས་ཨིན་ཇི་ཞེས་པའི་ཚིག་འདི་རྙིང་པ་ཡིན་པ་ཤེས་མི་འདུག ཁོ་ལྐུགས་པ་རེད་ཅེས་ཤོད། ཁྱད་པར་མི་འདུག་གོ།
ད་ཁྱོད་ཚོ་ནིའུ་ཡོག་ན་ཡོད་པ་ཚོ། ལ་རྩེ་དཔེ་མཛོད་ཁང་ལ་ཕེབས་དང་། དེ་ནའང་དཔེ་རྙིང་སྐོར་ཞིག་ཡོད་ཐག་ཆོད་རེད། རྡ་རམ་ས་ལའི་དཔེ་མཛོད་ཁང་ནའང་སྔོན་གྱི་དེབ་འདི་ཚོ་ཡོད་ཤག
དེ་ནས་ད་མཚམས་འཇོག་གི་ཡིན། རྩོད་གླེང་མུ་མཐུད་ནས་ཡིན་དཱ།
རབ་གསལ་འདི་ད་མཁས་དབང་ཡིན་མིན་མ་ཤེས་ཀྱང་། སྐད་ཆ་དྲང་མོ་བཤད་མཁན་ཞིག་རེད། ད་དུང་དྲན་པའང་གསལ་པོ་འདུག ངས་བརྗེད་ཟིན་པའི་རང་གི་སྐད་ཆ་འགའ་ཞིག་ཁྱོད་ཀྱིས་ད་དུང་བརྗེད་མི་འདུག
ངས་ནི། ཁྱེད་ཀྱིས་བརྩམས་པའི་དེབ་ཁ་ཤས་མཐོང་ནས་ཡིད་མོས་ཞེ་དྲག་ཡོད། ཉེ་དུས་ཞིབ་དཔྱད་མེད་པའི་སྐད་ཆ་ཁྱད་མཚར་འདྲ་བཤད་ཡོང་དུས་ང་རང་གི་ཡིད་མོས་དེ་ལ་འཁྱོམ་ཐེབས་པ་རེད། དེ་བཤད་པ་ཡིན་ཨ་རོགས། ཡཱ། ང་ལ་ངོམས་སུ་རི་བ་གཞན་མེད། དཔེ་དེབ་ལ་དགའ་བ་ཡིན། ཉིན་རེ་དེབ་ལ་ལག་པ་འཆང་རྒྱུ་མ་བྱུང་ན་དགོང་མོ་གཉིད་མི་ཐུབ་མཁན་ཞིག་ཡིན། དེ་ཙམ་ལགས། ད་བགྲོ་གླེང་ཅི་བྱེད་ཀ།
བར་སྟོང་ཅན་གྱི་སྟོང་ཕྲག་བརྒྱད་པས། །
བར་སྟོང་དགོས་པ་སྒྲུབ་རང་ཐུབ་ན། །
བར་སྟོང་མེད་པའི་སྟོང་ཕྲག་བཾརྒྱ་པས། །
བར་སྟོང་མི་དགོས་ཅི་ལ་མི་སྒྲུབ། །
རིགས་ཀྱི་བུ་ཀ་རྡོ་ལའོ།།
ཨ་རོགས་ཚོ། ངས་བླུན་དཔྱད་ཅིག་བྱས་པ་ལྟར་ན། གོང་གི་རབ་གསལ་ལ་ཐོབ་པའི་དཔེ་རྙིང་དེའི་ནང་གི་ཚིག་ལ་བར་སྟོང་ཡོད་དོན་ནི། དཔེ་ཆ་དེ་ལྕགས་པར་བརྒྱབ་པ་ཞིག་རེད། གནའ་སྔ་མོར་ལྕགས་པར་རྐོ་དུས་ལྕགས་ལེབ་ཆུང་ཆུང་རེ་རེའི་ངོས་སུ་ཡིག་འབྲུ་གཅིག་རེ་དང་ཡང་ན་གཉིས་རེ་བྱས་ནས་བརྐོ་དགོས་པ་རེད། དཔེར་ན་སངས་རྒྱས་ཞེས་པའི་ཚིག་གཉིས་དེ་ལྕགས་ལེབ་ཆུང་ཆུང་ཞིག་གི་སྟེང་དུ་བརྐོས། ཡང་བྱང་ཆུབ་ཅེས་པ་དེ་ལྕགས་ལེབ་གཞན་པ་ཞིག་གི་ངོས་སུ་བརྐོས། དེ་ནས་སེམས་དཔའ་ཡང་དེ་ལྟར་ལྕགས་ལེབ་གཞན་ཞིག་ཏུ་བརྐོས། དེ་ལྟར་ལྕགས་ལེབ་ཆུང་ཆུང་བརྒྱ་ཕྲག་འགའི་ངོས་སུ་སངས་རྒྱས་ དང་ བྱང་ཆུབ་ སེམས་དཔའ་ ལྟ་བུ་མང་པོ་ཞིག་བརྐོས་རྗེས་ལྕགས་ལེབ་ཆུང་ཆུང་དེ་དག་མཉམ་དུ་བསྒྲིགས་ཚེ་ལྕགས་ལེབ་ཆུང་ཆུང་དེ་ཚོའི་བར་དུ་རང་ཤུགས་ཀྱི་བར་སྟོང་ཆུང་ཆུང་རེ་ཡོང་བ་ཆོས་ཉིད་ཡིན་པས། ལྕགས་ལེབ་ཆུང་ཆུང་གིས་པར་བརྒྱབ་པའི་བརྒྱད་སྟོང་པ་དེའི་མིང་ཚིག་ལ་ཀློག་བདེ་བའི་ཕྱིར་རམ་དགོས་པ་གཞན་ཞིག་གི་ཆེད་དུ་བར་སྟོང་བཞག་པ་ལྟ་བུར་མངོན་ན་ཡང་། དོན་ལ་ནི་གོང་དུ་བརྗོད་པ་ལྟར་ལྕགས་པར་རྐོ་དུས་ལྕགས་ལེབ་ཆུང་ཆུང་རེའི་ངོས་སུ་མིང་ཚིག་རེ་མ་བརྐོས་རང་བརྐོས་ཆགས་པ་སྟེ། དེ་ལྟར་བྱས་ན་བརྒྱད་སྟོང་པ་པར་བརྒྱབ་ཚར་དུས་ཡང་སྐྱར་ལྕགས་ལེབ་ཆུང་ཆུང་གི་ངོས་ཀྱི་སངས་རྒྱས་ དང་ བྱང་ཆུབ་ སེམས་དཔའ་ ཞེས་པའི་མིང་ཚིག་འདི་ཚོ་ལྷུ་རྐང་བསྐྱར་བསྒྲིགས་ཀྱིས་རྡོ་རྗེ་གཅོད་པ་དང་ཐར་མདོ་སོགས་ཆོས་དཔེ་གཞན་པ་ཡང་སྐྱར་པར་རྒྱག་ཆོག་གི་རེད། དེ་ལྟར་མིན་པར་ལྕགས་ལེབ་རིང་པོ་ཞིག་གི་ངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བུའི་ཡིག་ཕྲེང་རིང་པོ་ཞིག་དཀྱུས་གཅིག་ཏུ་བརྐོས་པ་ཡིན་ན་ཡིག་ཕྲེང་དེ་དག་གོང་གི་ལྕགས་ལེབ་ཆུང་ངུའི་ངོས་ཀྱི་ཡིག་འབྲུ་རང་རྐྱ་བ་དེ་ཚོ་འདྲ་བར་ཁ་ཕྲལ་ནས་དཔེ་ཆ་གཞན་པར་བེད་སྤྱོད་བྱེད་མི་ཐུབ་པས་སོ།། འདི་ནི་རྗེས་དཔག་གི་རིགས་པ་ཟེར་ན་འདྲ། ཚན་རིག་གི་དཔྱད་ཐབས་ཟེར་ན་འདྲ། དོན་དངོས་ལ་དཔྱོད་ཐབས་ཤིག་མ་རེད་དམ།
རང་ཤུགས་ཀྱིས་་་་་
གོང་དུ་བརྗོད་པ་འདི་དག་བདེན་པ་ཡིན་མིན་ཤེས་འདོད་ཡོད་ན། ལོ་རབས་བརྒྱད་ཅུ་དང་དགུ་ཅུ་བའི་དུས་མགོར་བོད་དུ་ལྕགས་པར་བརྒྱབ་པའི་བོད་ལྗོངས་ཉིན་རེའི་ཚགས་པར་དང་ཀན་ལྷོའི་བོད་ཡིག་ཚགས་པར་ལྟ་བུ་རེར་གཟིགས་ནས་དེ་ནས་ངས་བརྗོད་པ་དེ་དག་བདེན་པ་ཡིན་པའི་ངེས་ཤེས་རྙེད་པར་འགྱུར་རོ། །བོད་ནང་ནས་ཐོན་པའི་ཚགས་པར་རྙིང་བ་དེ་རིགས་སྐོར་ཞིག་ཉིག་ཡོར་གྱི་ལ་རྩེ་དཔེ་མཛོད་ཁང་ལ་ཡོད་རབས་ཐོས་པས་དེར་ཕེབ་ཐུབ་ན་བཟང་།
ཀླུ་སྨྱོན་གྱི་བླུན་བཤད་དེར་ཉན་རྒྱུ་གཅིག་འདུག དེ་ནི་ལྕགས་པར་གྱི་ཡི་གེ་བསྒྲིགས་དགོས་པའི་སྐོར་འདི་རེད། ལྕགས་པར་ལ་ཡི་གེ་བསྒྲིགས་དགོས་པ་བདེན་པ་རེད། མདོ་སྨད་བླ་བྲང་དགོན་པར་ལྕགས་པར་དང་ཤིང་པར་གཉིས་ཡོད་པས་སངས་རྒྱས་ཀྱི་གསུང་རབ་དང་བཀའ་བསྟན་འགྱུར། འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རབ་བསྟན་བཅོས་ཁྲི་སྟོང་དཔར་གྱི་ཡོད། འོན་ཀྱང་ལྕགས་པར་གྱི་ཡི་གེ་ལ་ཀ་ཏའི་པར་མ་འདི་ནང་བཞིན་གྱི་བར་སྟོང་མེད་པ་དངོས་ཡོད་ཡིན། ང་ཚོས་ཁ་སྔོན་བོད་ཡིག་ལ་བར་སྟོང་དགོས་རབས་དང་ཡོད་ན་དགེ་མཚན་ཆེ་ཆུང་བཤད་པའི་སྐབས་དག་དག་ལ་དགེ་རབ་ཀྱི་ལག་ཏུ་འདི་འདྲའི་པར་མ་ཞིག་ཐོན་པ་ནི་དེ་འདྲའི་སྐབས་འཁེལ་རྒྱུ་ལ། གང་ལྟར་ཀ་ཏའི་པར་མ་འདི་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་རེ་བྱ་ཐུབ་ན་ལེགས། འདི་བོད་ཡིག་ལྕགས་པར་སྔ་གྲས་ཤིག་ཡིན་པས་སོ།།
རབ་གསལ་གྱིས་ངོ་སྤྲོད་གནང་བའི་ཀ་ལི་ཀ་ཏའི་དཔེ་ཁང་དེར་འགྲོ་འདོད་ཀྱིས ༢༠༠༢ ལོར་གཅིག་སོང་བ་རེད། ཀ་ལི་ཀ་ཏར་སོང་བ་དང་ག་ས་ག་ལ་གོ་བ་རུལ་བའི་དྲི་མ་རྒྱང་ཡོད་པ་བཤད་མ་དགོས། རྒྱ་མིའི་ཟ་ཁང་ཞིག་ལ་སོང་ནས་ཟ་མ་མིག་ལ་ཡག་པོ་ཞིག་མངགས་ནས་ཟས་ཚར་བ་དང་། དཔེ་ཁང་ལ་འགྲོ་རྒྱུ་ཕར་བཞག རང་གི་རོ་ལ་ཡང་བདག་པོ་རྒྱག་མི་ཐུབ་པའི་ཚད་ལ་ལྷུང་། གྲོད་ཁོག་གཅིག་ན་སོང་ནོ་བཤད་ལེ་མི་ཉན། རོགས་པ་ཚོས་རོགས་རམ་བྱས་པ་རེད་མ་གཏོགས དེ་ནས་བཟུང་སྟེ་ངའི་སེམས་ལ་ཀ་ལི་ཀ་ཏར་མི་ཚེ་འདིར་མི་འགྲོ་བའི་དམ་བཅའ་བརྟན་པོ་བཞག་ཡོད། ཡིན་ན་ཡང་ཁ་སང་དེ་རིང་ཞིག་ལ། ཡང་བསྐྱར་འདི་ན་མགོ་སེར་སྤྲེའུ་ལོ་ལོན་འདྲ་ཟིག་གིས། ཀ་ལི་ཀ་ཏར་འགྲོ་ཟེར་ནས། ང་ལ་ཉིན་འདེད་མཚན་འདེད་བྱེད་ཀྱི་འདུག གཅིག་བྱས་ན་ལོ་རྗེས་མ་འགྲོ་སྲིད། འོན་ཀྱང་ཀ་ལི་ཀ་ཏའི་རྒྱའི་ཟ་ཁང་ནས་ཟ་མ་མི་ཟ་ཁོ་ཐག་ཡིན།
གོང་གི་སྟོང་ཕྲག་བརྒྱ་བའི་དཔར་འདི་ལ་བལྟས་ལྕགས་དཔར་མིན་པའི་བཟོ་འདུག འདི་གོ་དཔར་ཡིན་པའི་བཟོ་འདུག ངས་གོ་དཔར་གྱི་འཕྲུལ་ཆ་རྙིང་སོང་ཞིག་མཐོང་མྱོང་། མ་གདན་ལྕགས་ཡིན་ན་ཡང་། ཡི་གེ་གོ་བ་རེད། འབུར་དུ་ཐོན་པའི་གོ་བའི་ཡིག་འབྲུ་དེ་ལས་ཡི་གེ་དཔར་བ་རེད། དེ་འེ་རེད། ལྕགས་ཀྱི་ཡིག་འབྲུ་ད་ཟི་ལིང་ན་ཡོད་ནོ་དེ་རེད་མོ། སྒམ་ཆུང་རེ་རེའི་ནང་ན་གསལ་བྱེད་སུ་ཅུ་བོ་དང་། མགོ་ཅན་གསུམ། འདོགས་ཅན་བཞི། དབྱངས་བཞི། བཅས་རེ་རེ་ལ་སྒམ་ཅུང་རེ་རེ་ཡོད། ཀ་གཅིག་བུ་སྒམ་ཆུང་གཅིག་གི་ནང་ན་ཁ་མེད་སྣ་མེད་བཟོས་ཡོད་པ་རེད། འདི་བསྒྲིགས་དུས། རྒྱ་མོ་དེ་ཚོས་བསྒྲིགས་རྗེས། ཚོད་ལྟའི་དཔར་ལ་གྲགས་པ་ནས་བལྟས་ནས་ཞུ་དག་གཏོང་གི་ཡོད་པ་རེད།
རབ་གསལ་ལགས། ཤོག་ལྷེ་ཕར་མ་འགའ་དྲ་རྒྱའི་ཐོག་བསྣན་ན། དེ་ཁྱེར་ནས། བསྟན་འཛིན་བདེ་སྐྱིད་ལ་སྤྲེལ་ལད་ཤོད་པར་འགྲོའོ། ངས་ཁོ་མོར་དེ་ལྟར་སྨྲའོ། “རིགས་ཀྱི་བུ་མོ། འདིར་ཡང་བཀའ་འགྱུར་པར་སྙིང་ཞིག་བར་སྟོང་བཞག་ནས་བྲིས་འདུག”
འེ་ཁྱེད་ཀྱི་དེབ་རིན་པོ་ཆེ་དེ་ང་ལ་ལན་གཅིག་གཡར་རོགས་ཞུ།
འོ་བརྗེད་སོང་ཞིག།
ང་ལ་བརྒྱ་སྟོང་བ་ཡིན་ན་བརྒྱད་སྟོང་བ་ཡིན་ན་ཁྲི་བརྒྱད་སྟོང་བ་ཡིན་ན་
ད་དུང་ཉི་ཁྲི་ཡིན་ཀྱང་ཆོག་ཁྱད་མེད་ལོ།
ཁྲི་བརྒྱད་སྟོང་བ་དང་ཉི་ཁྲི་དོན་གཅིག
ཨ་རོགས་རབ་གསལ། ཁྱེད་ཀྱིས་ང་འདྲ་ཞིག་ཡོད་པ་རྒྱ་གར་ན་བཞུགས་དུས་མ་ཤེས་ཞེས་གསུངས་སོང་། ད་གིན་མེ་འཁོར་ནང་ཡོང་དུས་སྐད་ཆ་དེ་ལ་བསམ་བློ་གཏོང་གིན་ངེད་གཉིས་རྒྱ་གར་ནང་ནས་ངོ་ཐུག་བྱུང་བ་ཞིག་དྲན་སོས་ཀི་འདུག ཁྱེད་རང་གིས་དྲན་མིན་མི་ཤེས། ཕལ་ཆེར་དེ་ ༡༩༩༦།༩༧ འདྲ་ཞིག་ལ་ཡིན་ས་ཡོད། སྐབས་དེར་ང་མཁས་དབང་ཟླ་བ་ནོར་བུ་དང་མཉམ་དུ་ཡོད། ས་གནས་བོད་ཀྱི་དཔེ་མཛོད་ཁང་ལ་རེད། ཁྱེད་རང་ཁོང་གི་སར་ཕེབས་ཏེ་བཅར་འདྲིའི་སྐོར་ཞིག་གསུངས་སོང་། ཟླ་བ་ནོར་བུས། ང་ཁྱེད་ལ་ངོ་སྤྲོད་གནང་སོང་། འདི་རྡོ་རྗེ་རེད། བོད་ནས་སླེབས་པ་རེད། པེ་ཅིང་གི་སོ་ཁོ་ལར་རེད་ད་ཞེས་གསུངས་སོང་། ཁྱེད་ཀྱིས་ང་ལ་ཁམས་འདྲི་འདྲ་ཞིག་གནང་བྱུང་། དེ་ངེད་གཉིས་ཐུག་པ་ཐོག་མ་དེ་རེད། ཐ་མ་དེ་མིན་པར་ཤོག
དྲ་གྲོགས་གཞོན་ནུ་ཟླ་མེད་ལགས་ཉིན་བདེ་ལེགས།
ཁྲི་བརྒྱད་སྟོང་བ་ལ༼ཤུ་ལོག༽ཤོོ་ལོ་ཀ་བརྒྱད་ཁྲི་དང་
ཉི་ཁྲི་ལ་ཤོོ་ལོ་ཀ་ཉིས་ཁྲི་ཡོད་རབས་བཤད་པས་
དེ་གཉིས་ཀྱིས་བརྗོད་བྱ་དོན་ཀྱི་ཆ་ནས་དོན་གཅིག་དུ་
འགྲོ་ཚུལ་ཡོད་ཀྱང་བརྗོད་བྱེད་ཚིག་གིས་ཆ་ནས་དོན་གཅིག་དུ་མི་འགྲོ་པས་
དོན་གཅིག་དུ་བཞག་ན་ཨེ་འགྲིག་སྙམ།།
ཨ་ཁ་ཁ་ཁ། ཡང་ཉ་གེ་ཉོག་གེ་རྐྱང་བྲིས་བཞག་འདུག ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཉི་ཁྲིས་ནང་དུ་བསྡུས་ཡོད་པ་རེད། ཉི་ཁྲི་ཟེར་བ་ནི་འབུམ་དུམ་པ་བཅུ་གཉིས་སམ་ཡུམ་དུམ་པ་བཅུ་གཉིས་ཀྱི་སྟེང་དུ་ཏིང་འཕགས་བསྐལ་གསུམ། ད་དུང་གསུང་འདུས་ཡིན་པ་ཡོད། དེ་ཚོ་འདུས་པ་ལ་ཉི་ཁྲི་ཟེར་གྱི་འདུག དེ་ཙོ་བསྡུས་པ་ཡུམ་དུམ་པ་བཅུ་གཉིས། ཡུམ་དུམ་པ་བཅུ་གཉིས་བསྡུས་པ་བརྒྱད་སྟོང་པ། དེ་བསྡུས་པ་ཤེས་རབ་སྙིང་པོ། དེ་ཡང་བསྡུས་ནས་ཤེར་སྙིང་ནང་གི་སྔགས་དེ་ཚོ་རེད་ཅེས་གོ་མྱོང་། འདི་ཞིག་ཡིན་ནམ།
ཁང་གསར་ལགས།
དེ་ལྟར་གསུངས་ན་རོབ་ཙམ་དྲན་པ་འདྲ་བོ་ཞིག་འདུག ཁྱོད་མཁས་དབང་དམ་པ་ཁོང་གི་སྐུ་མཆེད་འདྲ་མ་རེད་དམ། མཁས་དབང་ཁོང་གིས་ང་ལ་ཐུགས་མཉེས་པོ་ཞེ་དྲག་གནང་བྱུང་། དུས་བབ་ཀྱི་ཆེད་དུ་གསུང་བཤད་ཀྱང་ལན་འགའ་གནང་བ་རེད། བོད་ཡིག་ཐོག་རྩོམ་བྲིས་མཛད་པ་འགའ་ཡང་དུས་བབ་ཏུ་སྤེལ་མྱོང་།
ཡ་ཡ། དྲན་གསོ་གནང་བར་ཐུགས་རྗེ་ཆེ། ཉིན་གཅིག་ལྷོད་མཇལ་ཡིན་དཱ།
ད་ངའི་ “སྟོང་པ་ཆེན་པོ་”ཞེས་པའི་སྐོར་མ་གསུངས་པར་བརྒྱད་སྟོང་པའི་སྐོར་ལ་ཧེབ་ལངས་མཁན་མང་པོ་འདུག དཔར་རྒྱག་གི་མིན། གཡོར་གི་མིན། བཙོང་གི་མིན། དེ་ཚོ་སེམས་ལ་ཉར་རོགས། ཀུ་རེ་ཡིན་ཏོ།།
བཟོད་རྒྱམ། ཁྱོད་དང་རྨ་ཆུ་གཉིས་ཀ་ད་ར་འཐུང་ནས་ར་བཟི་སོང་ནི་མ་རེད་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་དེ་ཤོ་ལོ་ཀའི་ཆ་ནས་ཕྱེས་པ་མ་རེད། དེ་ནི་འདོད་ཆགས་སྤྱོད་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། གཏི་མིག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་བཅས་ཀྱི་གཉེན་པོར་གསུངས་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཟེར་བ་རེད། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོད་པ་མ་རེད། གཞུང་ལུགས་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག། གང་ན་ཐུབ་པའི་གསུངས་དེ་དག། ཅེས་གསུངས་སོ།
གཞན་ཉི་ཁྲི་དང། ཤེས་རབ་ཁྲི་བ། སོགས་ཤོ་ལོ་ཀ་མང་ཉུང་གི་སྒོ་ནས་ཕྱེས་པ་སྟེ། ཤོ་ལོ་ཀ་ཉི་ཁྲི་དང་ཉེ་པའི་ཁྲི་གཅིག་དང་བརྒྱད་སྟོང་ཡོད་པས་ཉི་ཁྲི་འམ་ཁྲི་བརྒྱད་སྟོང་བ་ཅེས་ཟེར། ཡང་ན་ཤེས་རབ་ཁྲི་བ་བཅས་ཟེར། འདི་ལ་བོད་ཡིག་ན་དུམ་པ་གཉིས་དང་ཕྱེད་ཡོད། རྨ་ཆུའི་རླབས་སྒྲ། ཁྲི་བརྒྱད་སྟོང་བའི་ཡི་གེ་མགོ་སྟིང་ཐུར་དུ་ཀློག་ནས་༼བརྒྱད་ཁྲི༽ཟེར་ན་ག་རེ་རེད། ཡུམ་ཕྱོགས་ན་ཉི་ཁྲི་ལ་ཡུམ་འབྲིང་བོ་ལོས་ཟེར། རྒྱས་པ་ཡུམ་འབུམ་པ་སྟེ། ཤོ་ལོ་ཀ་འབུམ་གཅིག་ཡོད་པ་རེད། འབུམ་དུམ་པ་བཅུ་གཉིས་ཀྱང་ཟེར། བསྡུས་པ་ལ་བརྒྱད་སྟོང་པ་ཟེར། རྒྱས་པའི་རྒྱས་པ་དང་། འབྲིང་གི་རྒྱས་པ། བསྡུས་པའི་རྒྱས་པ་སོགས་ནི་བོད་ཡིག་ཏུ་བསྒྱུར་མེད་སྐད།
དེས་ན་གྲུབ་དོན་ནི་གོང་གི་རབ་གསལ་གྱི་དཔེ་ཆ་དེ་ནི་ངེས་པར་དུ་ཤེས་རབ་ཁྲི་བ་སྟེ་༼ཁྲི་བརྒྱད་སྟོང་བ་༽ཡིན་དགོས། བརྒྱད་སྟོང་བ་ལས་རྒྱས་པ་རེད་འདུག འབུམ་དུམ་པ་ལས་བསྡུས་པ་རེད། ད་དུང་དཔར་དང་པོའི་ནང་དུ་དུམ་པ་གསུམ་ཅེས་བྲིས་པ་དེ་ལས་ཤེས་རབ་ཁྲི་བ་ཡིན་པ་ཤེས་ནུས། དུམ་པ་གཉིས་དང་ཕྱེད་སྟེ་ཕལ་ཆེར་དུམ་པ་གསུམ་ཡོད་པ་རེད།
ལྡོག་ལྡོག་བཤད་ན། རབ་གསལ་གྱི་དཔེ་ཆ་དེའི་འགྲམ་ངོས་ན (Velume 1-2-3) བྲིས་ཡོད་པ་དེས་ཁྲི་བརྒྱད་སྟོང་བ་སྟེ། ཤེས་རབ་ཁྲི་བ་ཡིན་པ་ཤེས་ནུས། ལྷ་ས་ཞོལ་དཔར་ཁང་གི་བཀའ་འགྱུར་ན། འབུམ་པ་ལ་དུམ་པ་བཅུ་གཉིས། ཁྲི་བརྒྱད་སྟོང་བའམ་ཉི་ཁྲི་ལ་དུམ་པ་གཉིས་དང་ཕྱེད། བརྒྱད་སྟོང་བ་ལ་དུམ་པ་གཅིག་བཅས་སོ།
གཞོན་ནུ་ཟླ་མེད་ལགས། གྲ་སར་དཔེ་ཆར་བལྟས་ནས་བཞུགས་རོགས་། རབ་བྱུང་ན་དྲ་རྒྱ་ནང་མ་འཛུལ། དགེ་ལུགས་རྒྱུགས་སྤྲོད་ཕེབས་མ་ཐུབ་ནའང་ཁྱད་ཡོད་པ་མ་རེད། དྲང་པ་བཤད་ན་དྲ་རྒྱ་ན་ང་འཛུལ་ནས་རང་ལ་ཐུགས་ཕན་སོས་པའི་སྐད་ཆ་ག་རེ་བཤད་རྒྱུ་འདུག་གཟིགས་དང་། ངས་ལྷག་བསམ་རྣམ་དག་ཡིན། ཇོ་བོ་རིན་པོ་ཆེ་ཡིན། ཁྱོད་ཐུགས་འཁྲུགས་ན་དགོངས་དག་མེད།
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
སྐད་ཡིག་གི་འཕེལ་རིམ་ཡང་བསྡུས་ཤིག དང་པོ་ཁ་བརྡ་དང་ལག་བརྡ། མིག་བརྡ་སོགས་གཟུགས་པོའི་རྣམ་འགྱུར་གྱི་མི་དང་མིའི་བར་བརྡ་སྤྲོད་པའི་ཐབས་བྱུང་། དེ་ནས་རི་མོའི་བརྡ་བྱུང་། དེ་ནས་དངོས་པོ་སོ་སོར་མིང་འདོགས་པ་དང་མིང་རྐྱང་བ་ལ་བརྟེན་ནས་བརྡ་སྤྲོད་པའི་ཐབས་བྱུང་། དཔེར་ན། ཝེ། ང་། ཁྱོད། ཟ། ལྟ་བུ་ཕྲད་ཀྱི་མ་འབྲེལ་བར་མིང་རྐྱང་ཐར་རེ་ཐོར་རེའི་བརྡ་སྤྲོད་པའི་ཐབས་བྱུང་། དེ་མིའི་ཤེས་རྒྱ་ཆེ་རུ་སོང་བ་དང་མིང་མང་པོ་ཚིག་ཕྲད་སོགས་ཀྱིས་ཕྲེང་གཅིག་ཏུ་སྦྲེལ་ནས་བརྡ་སྤྲོད་པའི་ཚད་མཐོའི་བརྡ་སྤྲོད་ཀྱི་རིམ་པ་འདིར་སླེབས་པ་རེད། དཔེར་ན ང་དང་ཁྱོད་གཉིས་མཉམ་དུ་ཟ་མ་ཟ་ལྟ་བུ་བྱུང་། དེ་ལས་ཡར་རྒྱས་སོང་སྟེ། ངེད་གཉིས་མཉམ་དུ་ཟ་མ་ཟ་ལྟ་བུ། འབྲེལ་ཞིང་བསྡུས་པའི་ཐབས་བདེ་བོ་འདི་དག་བྱུང་རེད། སྐབས་འདིར་ཁ་བརྡ་དང་ལག་བརྡ། མིག་བརྡ་སོགས་གཟུགས་པོའི་རྣམ་འགྱུར་གྱི་བརྡ་སྤྲོད་དེ་མེད་ནའང་འགྲིག་པ་ཆགས་པ་རེད། མ་ཟད་མིང་རེ་རེ་བཞིན་མ་འདྲེས་པར་མིང་ཐར་རེ་ཐོར་རེ་བཤད་ནས་བརྡ་སྤྲོད་ཐབས་དེ་ཡང་མི་དགོས་པ་ཆགས་པ་རེད། དེའི་ཕྱིར་མིང་རེ་རེའི་བར་མཚམས་རེ་མེད་ན་བརྡ་མི་འཕྲོད་དུས་ཚོད་དེ་སྔོན་ལ་བྱུང་ནས་ཕྱིས་སུ་ཡལ་ཟིན་པ་ཞིག་རེད། དེའི་ཕྱིར་བར་སྟོང་ཅན་རྙིང་བ་ཞིག་མཐོང་ནས་ཧ་ལས་དོན་ཅི་ཡོད། ད་ལྟ་མིང་རེའི་བར་ལ་བར་སྟོང་རེ་དགོས་ཟེར་མཁན་ཚོས་ད་ལྟའི་མི་སྤྱི་ཚོགས་སླར་ཡང་དུད་འགྲོའི་གནས་སྟངས་སུ་ལུགས་ལྡོག་ཏུ་འགྱུར་བ་འགྲོ་རྒྱུར་རེ་བརྒྱག་གི་ཡོད་པ་རེད།
བར་སྟོང་ཅན་གཅིག་མཐོང་བ་དང་བར་སྟོང་མེད་པ་སྟོང་ཕྲག་མང་པོར་འགྱུར་བ་གཏོང་འདོད་པའང་ལྐུགས་པ་རེད། སྲིད་པ་ཙམ་གྱི་དཔེ་མཚན་ཞིག་ལ་ཡོངས་རྫོགས་བསྟུན་དགོས་ན་ཁག་པོ་རེད།
མིང་རྐྱང་གིས་བརྡ་སྤྲོད་པ་དང་ཚིག་ཕྲེང་རིང་པོས་བརྡ་སྤྲོད་ཐབས་གཉིས་ལས་ཕྱི་མ་
བེ་རི། རང་གིས་གྲྭ་སར་དཔེ་ཆ་བལྟས་ནས་མ་བཞུགས་པར་ང་གྲྭ་སར་སྡོད་ཟེར་ན་དེ་དྲང་མོར་མ་རེད་ལ། ཡང་རང་དྲ་རྒྱ་ནང་དུ་འཛུལ་ནས་ང་དྲ་རྒྱ་ནང་དུ་མ་འཛུལ་ཟེར་ན་དེ་ཡང་དྲང་མོར་མ་རེད། རྗེས་མ་དགེ་བསྐོས་ལ་བསྡད་ན། གཞན་དྲ་རྒྱ་ནང་དུ་འཛུལ་བ་མ་འགོག་རོགས། གང་ཡིན་ཟེར་ན་རང་དྲ་རྒྱ་ནང་དུ་འཛུལ་གྱི་ཡོད་པ་རེད་པ།
རབ་གསལ་ལགས། ང་མཁས་དབང་ཟླ་བ་ནོར་བུའི་སྤུན་ཉེ་དེ་འདྲ་མིན། སྐབས་དེ་དུས་ཁོང་གིས་སློབ་སྟོན་གནང་བའི་འོག་ཞིབ་འཇུག་གི་སློབ་སྦྱོང་བྱེད་མཁན་ཞིག་ཡིན། དེ་རིང་གི་ངའི་ལས་ཀ་དང་ཁ་སྟབས་དེ་ཚོ། ཁོང་གི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་ཡིན།
བརྒྱད་སྟོང་པ་དེ་རྒྱུ་མཚན་དུ་བྱས་ནས་བོད་ཡིག་ལ་བར་སྟོང་འཇོག་དགོས་གསུང་མཁན་དེ་འདྲ་ཡོད་ན།
བརྒྱད་སྟོང་པ་དེ་གནས་དུས་གང་འདྲ་ཞིག་དང་། གང་འདྲ་སུ་འདྲ་ཞིག་གི་སྐུལ་སློང་དང་ལམ་སྟོན་འོག་དགོས་པ་གང་ཞིག་གི་ཆེད་པར་སྐྲུན་བྱས་ཡོད་མེད་ཀྱང་མཁྱེན་དགོས་པ་ཞིག་རེད།
བོད་ཡིག་ལ་བར་སྟོང་འཇོག་དགོས་ཟེར་ན་ཀློག་བདེ་པོ་ཡོད་པ་བདེན་ན་ཡང་། དུས་ནམ་ཞིག་གི་བར་གཅོད་མཚམས་ཀྱི་དཀའ་ངལ་དེ་སེལ་ཐུབ་བམ།
བོད་ཡིག་གཅོད་མཚམས་མི་ཤེས་པའི་བོད་མི་ཚོས། བོད་ཡིག་མང་ཙམ་ཀློག མང་ཙམ་བྲིས་ན། དཀའ་ངལ་དེ་རང་བཞིན་གྱིས་མེད་པར་འགྱུར་ངེས་མ་རེད།
ད་སྒྲུང་རིང་པོ་ཞེ་དྲགས་བཤད་མ་ཡོང་རོགས། པར་སྐྲུན་བྱས་པའི་དཔེ་ཆ་འདི་རིགས་དེང་སྐབས་ཀྱི་གློག་འཕྲུལ་དྲ་བའི་དཔེ་མཛོད་དེ་ཚོའི་ནང་དུའང་བཅུག་ཡོད་སྲིད་པ་རེད། ཁ་སྔོན་ཁང་གསར་ལགས་ཀྱིས་ཁ་བྱང་ཞིག་གནང་བ་དེའི་ནང་མགོ་བོ་འཁོར་ནས་ཆུ་ཚོད་ཁ་ཤས་ལྟ་སྐབས། དངོས་གནས་དཔེ་མཛོད་དེ་ཚོའི་ནང་ནས་ཡིག་ཆ་རྙིང་པ་མང་པོ་ཞིག་བཀླགས་འདོད་སྐྱེས་བྱུང་། དཔེར་ན། གསར་འགྱུར་མེ་ལོང་། ལྟ་བུ་རེད།
ཀ་ལི་ཀ་ཏ་ནས་པར་ཡིན་དུས་འབྲས་ལྗོངས་ལ་ལད་ཟློས་བྱས་ཡོད་སྲིད། འབྲས་ལྗོངས་སུ་ཆབ་སྲིད་ཀྱི་དགོས་དབང་གིས་བོད་ཡིག་གཙང་མ་དེ་བེད་སྤྱོད་གཏོང་དུ་མ་བཅུག་པར། ལྷོ་ཡིག་ཟེར་བ་ཞིག་བསླབ་ཡོད་པ་རེད། དེ་ཡང་བོད་ཡིག་རྨང་གཞི་ཡིན་པ་ལ་འགྲོ་ལུགས་མི་འདྲ་མང་པོ་བསྣན་པ་རེད། དེ་ནི་སྡོམ་པ་སྡོམ་པ་ཤོར། རི་བོང་རིང་བོང་ཤོར་ཟེར་བའི་དཔེ་ལྟར། འབྲས་ལྗོངས་སུ་བོད་ཡིག་བེད་སྤྱོད་མེད་པའི་ཁར་ལྷོ་ཡིག་ཟེར་བའི་གསར་བཅོས་བྱས་པའི་ཡི་གེ་དེ་ཡང་དར་མ་ཐུབ་པ་རེད། གོང་གི་བརྒྱད་སྟོང་བ་ཟེར་བ་དེ་ཡང་ཆབ་སྲིད་ཀྱི་དགོས་དབང་གིས་བཟོ་ཁུལ་བྱས་པའི་འབྲས་ལྗོངས་ཀྱི་ཡི་གེ་ལམ་ལྷོང་མ་བྱུང་བ་དེའི་ཤུགས་རྐྱེན་ཐེབས་མེད་འགྲོ། རབ་གསལ་ལགས། ལྷོ་ཡིག་ཟེར་བ་དེར་རྒྱུས་ལོན་གནང་རྗེས་གོང་གི་བར་སྟོང་ཅན་གྱི་བརྒྱད་སྟོང་དེའི་སྐོར་ལ་བསམ་ཞིབ་གནང་རོགས།
ལྷོ་ཡིག་ཟེར་བ་དེའི་འགྲོ་སྟངས་ཡིན་ན་དཔེ་ཟགས་རེད། ཡི་གེ་དེས་རང་འགོ་ཐོན་ཡོད་པ་མ་རེད། ཐོག་མར་ཀུན་སློང་ལྟར་ལྷོ་ཡི་བཟོ་དགོས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་དེའང་འགྲུབ་ཡོད་པ་མ་རེད། ཡི་གེ་དེར་ལམ་འགྲོ་བྱུང་ཡོད་པ་མ་རེད། ཡི་གེ་དེ་འདྲ་ལ་དཔེ་ལྟ་ཉན་གི་མ་རེད་གདའ།
སྟག་སྨྱོན་ལགས། འབྲས་ལྗོངས་པའི་ལྷོ་ཡིག་འདི་འཇིག་རྟེན་འདིར་སྐྱེས་ནས་མི་ལོ་ ༣༥ ལྷག་གཏན་ནས་སོང་མེད།
ངས་ཕལ་ཆེར་ཤེས་གསལ་ལྟར་ན་ ༡༩༧༥ སྟེ་འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེར་གྱུར་ཟིན་རྗེས་སུ་ལྷོ་ཡིག་འདི་གཏན་ལ་ཕབས་པ་རེད།
འདིར་ཡང་འཇུག་ཐོལ་པ་གཉིས་དང་། ཚ་གཏགས་ཐོབ་ཡུལ་ཡི་གེ་མང་ཙམ་གཏན་འབེབས་བྱས་པ་ལས་བར་སྟོང་དགོས་རབས་གཏན་ནས་མེད།
ལོ་ཤས་སྔོན་དུ་འབྲས་ལྗོངས་པའི་ལས་བྱེད་ཁག་གཅིག་གིས་བར་སྟོང་བཞག་ནས་བྲིས་པའི་རྩོམ་ཁ་ཤས་འདུག་སྟེ། རྒྱུ་མཚན་ནི་བོད་ཡིག་ལ་རྒྱུས་མངའ་ཆུང་བས་སོ། །
མེ་ཏོག་དཀར་པོར་དེ་འདྲ་གསལ་བོ་བཤད་རྒྱུ་ཡོད་ན་འགྲིག་འདུག གཞན་ང་ལ་ནི་བོད་ཡིག་འབྲུ་གཅིག་གི་གྲིབ་ནག་བཙལ་ནའང་མི་རྙེད་ས་ཞིག་ཏུ་ཡོད་པས་ཁྱེད་རང་ནང་བཞིན་གསལ་ཐག་ཆོད་བཤད་ཁག་པོ་འདུག
ཕ་ལ་ཙ་རྟགས་བཏགས་ཡོད་པ་དེ་ཚོ་ཀློག་ཙམ་བྱས་མྱོང་དེ་གསལ་བོ་དྲན་གྱི་མི་འདུག ཕ་ལ་ཙ་རྟགས་བཏགས་པ་ཞིག་ཏན་ཏན་ཡོད་དྲན། དེ་འདྲ་རེད་དམ། བར་སྟོང་ཡོད་མེད་ཡང་དྲན་གི་མི་འདུག
ཕྱག་ འདི་ལ་ཙ་བཏགས་ཅན་ཕྱག་དང་དོན་གཅིག
བྱག་ འདི་ལ་ཙ་བཏགས་ཅན་འདི་བྲག་དང་དོན་གཅིག
ཉིནམ། མ་ཡང་འཇུག་ཅན་འདི་ཉི་མ་དང་དོན་གཅིག
ཞེས་པ་ཙམ་ལས་མི་དྲན།
སྟག་སྨྱོན་ང་ཡང་བོད་ཡིག་འབྲུ་ནག་པོ་མེད་ས་ཞིག་ན་ཡོད།
མེ་ཏོག་དཀར་པོ་ལ་འདམས་ཀྱིས་ཅུང་ཟད་གོས་འདུག འབྲས་ལྗོངས་ལྷོ་ཡིག་འདིར་ལོ་༣༠༠་ཙམ་གྱི་ལོ་རྒྱུས་བཞུགས། དང་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་གཏེར་ནས་བཞེས་པའི་མཁའ་འགྲོའི་བརྡ་ཡིག་ཟེར་བ་ཕལ་ཆེར་བོད་ཡིག་དབྱངས་གསལ་སོ་བཞི་ཡིན་པ་ལ་གཟུགས་ཅུང་ཟད་མི་འདྲ་བ་ཞིག་བྱུང་། གཙོ་བོ་དར་ཁྱབ་བྱུང་བའི་དུས་སོག་པོ་ཇུན་གར་བས་རྙིང་མ་བཅོམ་སྐབས་སྨིན་གླིང་རྗེ་བཙུན་འཕྲིན་ལས་དཔལ་སྒྲོན་འབྲས་ལྗོངས་སུ་བཙན་བྱོལ་བར་ཕེབས། སྐབས་དེར་བོད་ནང་ཁུལ་གཞིས་ལུས་པ་རྣམས་དང་གསང་རྒྱ་ཅན་གྱི་གྲོས་མོལ་གྱི་ཆེད་དུ་བེད་སྤྱོད་བཏང་། རིམ་བཞིན་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་རྒྱ་ལ་ཤོར་བའི་སྐབས་སུ་ཚ་ཚ་འུར་འུར་གྱིས་ཁྱབ་སྤེལ་བྱེད་བཞིན་པའི་རྒང་རེད། བོད་ཡིག་དུ་མཛུབ་གནོན་ལྕགས་པར་དར་རྗེས་སྔ་མའི་བརྡ་ཡིག་གི་གཟུགས་དེ་སླར་ཡང་བོད་ཡིག་བསྒྱུར་ཏེ་བརྡ་སྤྲོད་སོགས་ལྷོ་བའི་ཁ་སྐད་དང་མཐུན་པའི་འབྲི་སྲོལ་ཞིག་དར་སོང་བ་ལགས། ཞིབ་པར་ཤེས་འདོད་ན་འབྲས་ལྗོངས་དཔེ་མཛོད་ཁང་ན་ལོ་རྒྱུས་ཀྱི་འཕེལ་རིམ་བཤད་པ་ཞིག་བཞུགས་པས་དེར་རྩད་གཅོད་མཛད་པར་ཞུ། །
དབང་ཆེན་ལགས། ད་རེས་ང་འབྲས་མོ་ལྗོངས་ནས་དཔག་ཚད་སྟོང་གིས་ཆོས་པའི་ས་ན་ཡོད་ཅིང་ཁུངས་ལྡན་གྱི་ཡིག་ཆ་ལྟ་ཅི་བོད་ཡིག་གི་དེབ་ཅིག་ཀྱང་ལྷན་དུ་མེད། དེས་ན་ཁུངས་འདི་དང་ལུང་འདི་ཞེས་རེ་རེ་ནས་ཞུ་དཀའ།
ད་ལྟའི་ཡང་འཇུག་བཞི་དང་། ཡ་བཏགས་ཅན་གྱི་ཡི་གེ་ལ་ཙ་རྟགས་བཏགས་པའི་ཡི་གེ་བོད་ཡིག་གཞིར་བཞག་གི་སྟེང་དུ་གསར་བསྣན་བྱས་ཏེ་ལྷོ་ཡིག་ཅེས་པ་འདི་མི་ལོ་ ༣༥ ལྷག་གཏན་ནས་སོང་མེད་པ་ངས་མནའ་ཆུ་འཐུང་ཐུབ།
ལྷ་བཙུན་ནམ་མཁའ་འཇིགས་མེད་དང་སྨིན་གླིང་སྲས་མོ་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་རྣམས་འབྲས་མོ་ལྗོངས་ཀྱི་ལོ་རྒྱུས་ནང་གོ་གནས་གལ་ཆེན་བཟུང་བས་མ་ཚད། རྒྱལ་བ་ལྷ་བཙུན་ཆེན་པོ་ནི་འབྲས་ལྗོངས་ཀྱི་ལོ་རྒྱུས་ནང་གསལ་བའི་རྣལ་འབྱོར་མཆེད་བཞི་ཞེས་གྲགས་པའི་ཡ་གྱལ་ཡིན། འོན་ཀྱང་ཁོང་རྣམས་བོད་ཡིག་དང་ལྷོ་ཡིག་ལ་འབྲེལ་བ་གང་ཡང་མེད། ལྷ་བཙུན་གྱིས་བཏོན་པའི་གཏེར་ཆོས་ལ་རིག་འཛིན་སྲོག་སྒྲུབ་ཏུ་གྲགས་ཤིང་། གཏེར་མའི་ཡི་གེ་ཕལ་ཆེན་མཁའ་འགྲོའི་བརྡ་ཡིག་ཡིན་སྟབས་འདིར་དམིགས་ཀྱིས་བསལ་བའང་ངལ་བའི་རྒྱུ་ཁོ་ནར་ཟད།
ལྷོ་ཡིག་ལ་ལོ ༣༠༠ ཙམ་གྱི་ལོ་རྒྱུས་བཞགས་ཞེས་པ་ནི་འབྲས་ལྗོངས་ཆོས་རྒྱལ་དང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་འབྲས་མོ་ལྗོངས་ཀྱིས་དབང་བསྒྱུར་བའི་དུས་དང་ནོར་བ་ཙམ་དུ་ཟད། དེ་ཡང་༧གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་ཡིན་ཞིང་འབྲས་ལྗོངས་རྒྱལ་ལྡན་དུས་རབས་དང་བོད་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་གཉིས་དུས་ཡུལ་ཧ་ལམ་གཅིག་པ་ཡིན།
ཆོས་རྒྱལ་དགུ་པ་བཀྲ་ཤིས་རྣམ་རྒྱལ་སྐབས་འབྲས་མོ་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་དགོན་སྡེ་ཁག་ལ་བཅའ་ཁྲིམས་གཏན་འབེབས་མཛད་པའི་ལྕགས་པར་ཞིག་ངས་མཐོང་སོང་བར་དེ་ནང་ལྷོ་ཡིག་ཕར་བཞག ལྷོ་སྐད་ཀྱང་ཉེ་ས་ན་མིན་འདུག གསུང་རབས་ལ་གྲགས་པའི་བརྡ་ཆད་གཙང་སེང་ངེ་བ་ཞིག་བྲིས་འདུག
འདིའི་སྐོར་ཉིད་ཀྱིས་བཤད་པ་ལྟར་འབྲས་ལྗོངས་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ངའི་ངོ་ཤེས་གྲོགས་པོ། ཨ་ཙརྱ་ཚུལ་ཁྲིམས་ཞུ་བ་ཞིག་ཡོད་པ་དེར་འབྲེལ་བ་གནང་ནས་འདི་སྐོར་གསལ་པོར་ཁོང་གིས་ཤེས་པས་མ་ཚད་ཡིག་ཆ་ཁག་ཀྱང་གང་འདོད་རོགས་ཕན་གནང་ངེས་རེད།
བོད་ཡིག་ལ སྟོང་ཆ་ བཞག་ནས་ བོད་ཡིག་ ཞེན་ཆ་ ཡོད་མཁན་ ཚོས་ཀྱང་ ཀློག་ཐུབ་ན་ ང་ཚོར་ དགོས་དོན་ དེ་མ་རེད་ པེ།
བོད་ཀྱི་རྩ་དོན་དུས་ནས་དུས་སུ་དངོས་ཡོད་གནས་ཚུལ་བསྟུན་ནས་ཞེས།།
རང་བཙན་གཙང་མའི་རྩོད་གཞི་ཆེན་པོ་དབུ་མ་དང་ནི་རང་སྐྱོང་སོགས།།
སྐས་འཛེག་མགོ་ནས་མར་རིམ་བབས་ཏེ་མཐའ་མ་རྒྱ་ཁྲིམས་དམར་པོ་འདམས།།
ད་ནི་རྩ་བའི་རྩོད་དོན་ཡལ་བས་བོད་དོན་བདེན་མཐའ་སེལ་བ་མིན་འགྲོ།།
བོད་ཀྱི་སྐད་ལ་རྒྱ་ལུགས་དབྱིན་ལུགས་མཁས་བླུན་ཚང་མས་བསྲེས་བསྲེས་ནས།།
ད་ནི་བོད་ཡིག་ཨ་མ་རྒན་མོས་ལོག་ཡིག་མང་པོ་པང་ནས་འདུག།
ཚིག་གྲུབ་གཅིག་གི་ནང་མི་རྣམས་ཀྱང་འཁྲུག་པ་ཤོར་ནས་བར་སྟོང་བཞག།
ད་ནི་དུས་ཀྱི་དགོས་མཁོར་གམིགས་པའི་སྐད་ཡིག་ལེགས་བཅོས་ཟིན་པ་མིན་འགྲོ།
ཤྰཀྱའི་སྲས་པོའི་བསྟན་པ་དག་ཀྱང་མཐའ་མ་སྟོང་བ་ཉིད་ནས་རྫོགས།།
ཐུ་བྷོད་བོད་ཀྱི་ལོ་རྒྱུས་རིང་མོ་རྒྱཁྲིམས་དམར་པོའི་འོག་ཏུ་རྫོགས།།
ཟམ་གདོང་བཀའ་ཁྲིའི་ལྷན་པས་རྒྱན་པའི་དབུ་མའི་ལམ་ཞེས་གྲགས་ཆེན་དེ།།
མཐའ་མ་རྒྱ་ཁྲིམས་དམར་པོའི་འོག་གི་ཆ་ཤས་ཆུང་ཆུང་ཞིག་ཏུ་བསྒྱུར།།
རང་གཞན་གཉིས་གས་རྫོགས་བཀོད་པའི་བོད་དོན་ད་ནས་གླེང་འདོད་མེད།།
མཁས་བླུན་ཚང་མའི་སྐྱག་ལག་འཆང་བའི་བོད་ཡིག་འདི་ཡང་རྩོད་འདོད་མེད།།
ནང་དམེ་བྱེད་རྒྱུར་དཔའ་རྩལ་རྫོགས་གྲོས་ཚོགས་དེ་ཡང་རེ་བ་མེད།།
བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུའི་བོད་རིགས་མང་ཚོགས་དྲན་ན་སྐྱོ།།
རང་གཞན་གཉིས་གས་རྫོགས་བཀོད་པའི་བོད་དོན་ད་ནས་གླེང་འདོད་མེད།།
མཁས་བླུན་ཚང་མའི་སྐྱག་ལག་འཆང་བའི་བོད་ཡིག་འདི་ཡང་རྩོད་འདོད་མེད།།
ནང་དམེ་བྱེད་རྒྱུར་དཔའ་རྩལ་རྫོགས་པའི་གྲོས་ཚོགས་དེ་ཡང་མཐོང་འདོད་མེད།
བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུའི་བོད་རིགས་རྣམས་ལ་རེ་བ་མེད།།
ནོར་བཅོས།
རང་གཞན་གཉིས་གས་རྫོགས་ཚིག་བཀོད་པའི་བོད་དོན་ད་ནས་གླེང་འདོད་མེད།།
འདི་དཔེ་རྙིང་གི་ཁུངས་སུ་བརྩི་ཆོག་པ་ཞིག་རེད། རྩོད་པ་མི་འདུག དེང་ལོ་བརྒྱ་ལོན་པའི་དངོས་པོ་ཚང་མ་རྙིང་བའི་ཁུངས་སུ་བརྩི་གི་ཡོད་པ་རེད། འདི་ཡང་ལོ་བརྒྱ་ནི་ལོན་ཚར་འདུག འོན་ཀྱང་རྒྱ་གར་ཀ་ལི་ཀ་ཏ་ནས་ཕྱི་ལོའི་དུས་བཅུ་དགུའི་ནང་ལྕགས་པར་བཏབས་འདུག་ཅེས་ཧང་སང་སང་བྱེད་པ་འདི་ཅུང་ཐལ་དྲག་པ་རེད། དེ་ལ་ཧང་སང་དགོས་པ་གང་ཡང་ཡོད་པ་མ་རེད། ཕྱི་ལོའི་དུས་རབས་བཅུ་དགུ་ལབ་དུས་ཧ་ལས་པའི་ཡར་རྒྱས་མེད་པ་དང་ཐ་ན་དུས་སྐབས་དེར་ལྕགས་པར་ཀྱང་ཡོད་མི་འོས་པའི་དུས་ཚོད་དེ་འདྲ་ནི་དེ་བས་ཀྱང་མ་རེད། དགེན་རབས་ལགས་ཀྱིས་རྒྱ་གར་གྱི་ཀ་ལི་ཀ་ཏའི་དུས་རབས་བཅུ་དགུ་པ་འདི་ལ་བསྐྱར་དུ་ཞིབ་འཇུག་ཅིག་བྱེད་རོགས།
ཨོ། དེབ་འདིས་་་ བོད་པའི་བོད་ཡིག་ལ་བར་སྟོང་འཇོག་མི་དགོས་པའི་ཁུངས་སྐྱེལ་གསལ་ཐག་ཆོད་བྱས་འདུག་སྙམ། ༡༨༨༨ ལོར་ཀ་ལི་ཀ་ཏ་ནས་པར་བ་རེད་ཟེར་དུས། ཁོ་ཐག་ལ་བོད་སྐད་བོད་ཡིག་ལ་བྱང་ཆ་མེད་པའི་རྒྱལ་ཁབ་གཞན་ཞིག་གི་མིས་པར་བ་ཐག་གིས་ཆོད་སོང་། བར་སྟོང་དེ་ཡོད་ན་་་་ བོད་ཡིག་འཁྱར་འཁྱོར་ཞིག་ལས་མི་ཤེས་མཁན་ཚོར་ཕན་པ་ཡོད་པ་ངོ་མ་རེད། ད་ཚང་མ་ཤེས་མ་ཐལ་ན་སྡིག་པ་ཁེར།