རྩོམ་པ་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན།
༼ཁ་བརྡ་ཚང་གི་མཆན། རྩོམ་འདི་དྲ་བ་འདི་ན་འདུག སྡིག་པ་མིག་བཙུམ་གྱིས་འདིར་འཁྱེར་ཡོང་བ་ཡིན། མཐོལ་ལོ་བཤགས་སོ།༽
དེཡང་རྒྱལ་བོ་གླང་དར་མར་གྲགས་པ་འདི་ཉིད་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་ རབས་མཐའ་མ་ཞེ་གཅིག་པ་དེ་ཡིན།རྒྱལ་བོ་འདིས་ཆབ་སྲིད་ཐོག་ནས་མངའ་བསྒྱུར་བ་ནས་ བཟུང་དུས་རབས་བཅུ་གཅིག་མ་ཤར་བར་བོད་ཀྱི་རྒྱལ་རབས་སྐོར་དཔྱད་གཞིའི་ཡིག་ཆ་ཧ་ ཅང་ཉུང་བ་དང་།ཕྲན་བུ་ཡོད་ཀྱང་ཤིན་ཏུ་ཟང་ཟིང་ཡིན་པར་བརྟེན་ལོ་རྒྱུས་ཞིབ་ཚགས་ ཅིག་རྩོམ་འབྲི་བྱེད་པ་ཆེས་དཀའ་བར་འདུག དེ་མ་ཟད་རང་རེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་ རྗེས་འཇུག་པ་ཤ་སྟག་ཏུ་སོང་སྟབས་རྩོམ་པ་པོའི་མཐོང་སྣང་གཙོ་ཆེ་བ་ནི་སངས་རྒྱས་ ཆོས་ལུགས་ཀྱི་ཆེ་བ་དང་དེའི་སྦྱིན་བདག་བྱེད་མཁན་གྱི་རྒྱལ་བློན་སོ་སོས་ཆོས་ སྤྱོད་ཚུལ་གྱི་གཟི་བརྗིད་ཙམ་ལས་དེའི་དུས་སྐབས་ཀྱི་རྒྱལ་རབས་ལོ་རྒྱུས་དངོས་ གནས་དང་དུས་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྐོར་ཕལ་ཆེར་རྩ་བ་ནས་བྲིས་ མེད་པ་ལྟ་བུ་རེད།སྤྱིར་བཏང་ལོ་རྒྱུས་ཞེས་པ་འདི་མི་ཞིག་གི་རང་གི་དུས་སྐབས་ སུ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་སྤྱི་ཚོགས་ནང་དུ་མི་དམངས་ཀྱི་འཚོ་བའི་འཕོ་ འགྱུར་དང་ཆབ་སྲིད་ཐོག་འགྱུར་ལྡོག་གང་བྱུང་བ་དང་རང་འདོད་དང་ཕྱོགས་ཞེན་གྱིས་ མ་བསླད་པར་ཇི་མ་ཇི་བཞིན་དུ་བྲིས་པ་ཞིག་ཡིན་ལ་བྱེད།ལོ་རྒྱུས་དེ་འདྲ་བྲིས་པ་ ཡོད་ན་དེ་ཚན་རིག་གི་ཐོག་ནས་ཞིབ་འཇུག་ཆེར་མ་བྱས་ཀྱང་དོན་དངོས་སུ་ཁས་ལེན་པའམ་ ཡིད་ཆེས་བྱེད་ཡུལ་དུ་འཇོག་ཐུབ། དེ་ལྟར་མིན་པར་ལོ་རྒྱུས་དང་རྒྱལ་རབས་ཡིན་ཞེས་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ དུ་བྱུང་བའི་དུས་སྐབས་སུ་འཕོ་འགྱུར་ག་རེ་བྱུང་བ་བྲིས་པ་རྣམས་དཔྱད་གཞིའི་ ཡིག་རིགས་མང་པོ་ཞིག་བསགས་ཏེ་ཞིབ་འཇུག་རྒྱུན་རིང་དུ་བྱས་རྗེས་གཞི་ནས་བདེན་ཆ་ ག་པར་ཡོད་མེད་བརྟགས་རྒྱུ་ལས་གཞན་ཆ་འཇོག་བྱེད་པ་དཀའ། འདི་་ལྟར་བྱས་ཚེ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་རིགས་གཉིས་སུ་འདུས་ཡོད། དང་པོ་ནི། དུས་རབས་བཅུ་བའི་སྔོན་དུ་བཙན་པོ་རྣམས་ཀྱི་སྐུ་རིང་དུ་བཙུགས་པའི་རྡོ་རིང་ཁག་ དང་ཁོང་ཚོས་བཞག་པའི་བཀའ་གཙིགས་ཆེ་ཆུང་དང་དེ་དུས་སུ་བྲིས་བའི་ལོ་རྒྱུས་གནའ་ རབས་ཀྱི་ཡིག་ཆ་དཔེར་ན།རྒྱ་ཤ་ཅུའམ་དེང་སང་ཡོངས་གྲགས་སུ་ཏུན་ཧོང་ཞེས་འབོད་ པའི་ཡུལ་ནས་ཐོན་པའི་བོད་ཀྱི་བརྡ་རྙིང་ཡིག་ཆ་རྣམས་དང་།ཡུལ་དེ་དང་ཉེ་བ་ནས་ བྱུང་བའི་ཤིང་གི་བྱང་བུར་བྲིས་པའི་ཁྲམ་ཤིང་ཞེས་པ་རྣམས་ཡིན། གཉིས་པ་ནི། དུས་རབས་བཅུ་གཅིག་པའམ་ཕལ་ཆེ་བ་དེའི་རྗེས་སུ་བྲིས་པའི་རྒྱལ་རབས་དང་ཆོས་ འབྱུང་ཁག་ཡིན། ཕྱི་མ་འདིའི་གྲས་སུའང་རྒྱལ་རབས་ཚད་ལྡན་འགའ་ཤས་ཡོད་པ་དཔེར་ན། ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས་(1504–1566)སྤྱི་ལོ་1564ལོར་བྲིས་པའི་《ལྷོ་བྲག་ཆོས་འབྱུང་》ངམ《མཁས་པའི་དགའ་སྟོན》ཞེས་ གྲགས་པ་དེ་ནི་དེང་སང་འཛམ་གླིང་ཐོག་བོད་ཀྱི་ལོ་རྒྱུས་མཁན་ཚང་མའི་མགྲིན་གཅིག་ ཏུ་ཚད་གཞིར་འཇོག་པའི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་རྩོམ་པ་པོས་སྔོན་ཡོད་ཆོས་འབྱུང་རྣམས་སུ་བྲིས་པའི་གཏམ་ རྒྱུད་དང་ལོ་རྒྱུས་འདྲེས་མར་ཡོད་པ་རྣམས་ཧ་ཅང་སྐྱར་ཟློས་མ་བྱས་པར་གནའ་རབས་ ལོ་རྒྱུས་སྐོར་རྡོ་རིང་དངོས་སུ་མཇལ་ནས་ཇི་མ་ཇི་བཞིན་བཤུས་པ་དང་།བསམ་ཡས་སུ་ ཕེབས་ནས་དེར་ཡོད་དཔེ་མཛོད་རྙིང་པའི་གྲས་ནས་བྱུང་བའི་བཀའ་གཙིགས་རྣམས་དངོས་ སུ་མཇལ་ནས་དཔྱད་གཞིར་མཛད་ཡོད།དེར་བརྟེན་ད་རེས་འདིར་གནའ་རབས་ཀྱི་ཡིག་རྙིང་ ནང་དུ་རྒྱལ་པོ་དར་མར་གྲགས་པའི་སྐོར་ཅུང་ཟད་ཐ་ཐོར་ཡོད་པ་གཙོར་བྱས་ནས་དེ་དང་ ཆབས་གཅིག་ཏུ་ཕྱིས་སུ་བྱུང་བའི་ཡིག་ཆ་ཁག་ཏུ་ཡོད་པའི་དངོས་དོན་ཁས་ལེན་དུ་རུང་ བ་རྣམས་ཀྱིས་ཟུར་བརྒྱན་ཏེ་ལོ་རྒྱུས་ཉུང་བསྡུས་ཤིག་འབྲི་རྒྱུ་ཡིན།
དེ་ལ་”གླང་དར་མ”ཟེར་ བའི་མིང་འདི་ཉིད་ཕྱིས་བྱུང་གི་ཆོས་འབྱུང་རྣམས་སུ་ཆེས་གྲགས་ཀྱང་དུས་རབས་བཅུ་ གཅིག་པའི་སྔོན་དུ་བྱུང་བའི་ཡིག་ཆ་ད་ཕན་མཐོང་བ་རྣམས་སུ་མི་འདུག་ལ། ཡིག་རྙིང་རྣམས་སུ་བཙན་པོ་འུའི་དུམ་བརྟན་ནམ་དུན་བརྟན་དང་ལྷ་སྲས་དར་མར་འབོད། ཁོང་ནི་ཡབ་འཕྲུལ་གྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནམ་ཕྱིས་སུ་སད་ན་ལེགས་མཇིང་ ཡོན་(ཁྲི་ལོ800–836)དུ་གྲགས་པ་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་གཉིས་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ་ཡིན་ལ།སྤྱི་ལོ་803ལོར་སྐུ་བལྟམས། 《སྦ་བཞེད་》དུ་ ཁོང་གཉིས་ལ་སྐུ་མཆེད་གཙང་མ་ཞེས་པ་ཞིག་རབ་བྱུང་གི་རྟེན་དུ་ཡོད་པར་མ་ཟད་གཞན་ དག་ཀྱང་ཡོད་པའང་བཤད་དོ༎སྐུའི་གཅུང་པོ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་ བཙན་ནམ་ཕྱིས་སུ་རལ་བ་ཅན་དུ་གྲགས་པ་སྤྱི་ལོ836ལོར་ སྐུ་བཀྲོངས་ནས་ལྷ་སྲས་དར་མ་བོད་རྒྱལ་བོའི་གསེར་ཁྲིར་བཀོད།སྐབས་དེར་ཁོང་ དགུང་ལོ་སོ་དྲུག་ལ་ཕེབས་ཡོད།སྣ་ནམ་བཟའ་དང་ཚེ་སྤོང་བཟའ་འཕན་གཉིས་མནའ་མར་ བཞེས་ཞེས་གྲགས་ཀྱང་འདི་གཉིས་རྒྱལ་བོའི་ཁྲི་ལ་འཁོད་ནས་བཞེས་སམ་ཁྲི་ལ་མ་འཁོད་ གོང་ནས་བཞེས་པ་གང་ཡིན་མི་གསལ།
ཆབ་སྲིད་ཀྱི་བློན་ཆེན་གཙོ་བོ་དབའ་རྒྱལ་ཏོ་རེ་སྟག་གཉའ་ ཞེས་པས་བྱས།རྒྱལ་པོ་ཁྲི་དར་མས་བོད་སྤྱི་ཙམ་ལ་མ་ཟད་བོད་ཀྱི་མངའ་འོག་ཏུ་ཡོད་ པའི་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་དར་ལམ་དུ་ཡོད་པའི་རྒྱལ་ཕྲན་ཡུ་གུར་དང་ ལི་བཅས་ལ་སྔར་བཞིན་ཆབ་སྲིད་དང་དམག་ཇུས་ཟུང་འབྲེལ་བྱས་ནས་མངའ་དབང་བསྒྱུར། སྐུའི་གཅུང་པོ་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བོད་རྒྱ་གཉིས་བར་ཞི་བདེའི་ཆིངས་ ཡིག་བཞག་ཡོད་ནའང་བོད་ཀྱི་མཐའ་མཚམས་ཚང་མ་དང་ལྷག་པར་བོད་བྱང་ཤར་དང་ཤར་ལྷོའི་ མཐའ་ཁུལ་དུ་ད་དུང་བོད་ཀྱི་དམག་དཔུང་ཆེས་མང་བ་གནས་ཡོད།་མཚོ་སྔོན་ཤར་རྒྱུད་ དུ་བོད་བཙན་པོའི་མཐོང་ཁྱབ་ཁྲི་སྡེ་གཙོ་བོ་ཙོང་ཁ་བདེ་བློན་གྱི་ལས་ཁུངས་ཡོད། རྒྱལ་བོ་ཁྲི་དར་མའི་དུས་སྐབས་སུ་དེར་ཡོད་པའི་དམག་སྤྱི་ཆེན་པོ་ནི་དབའ་ཁྲོམ་ བཞེར་ཡིན།
སྔོན་བྱོན་བཙན་པོ་བཞིན་བོད་བཙན་པོའི་མངའ་ཐང་ད་དུང་རྒྱ་ བསྐྱེད་བྱས་པའི་ལོ་རྒྱུས་མེད་ན་ཡང་བོད་ཀྱི་མངའ་འོག་ཏུ་ཡོད་བཞིན་པའི་ས་ཁུལ་ རྣམས་ཆབ་སྲིད་ཀྱི་དབང་ཤུགས་དང་དམག་དོན་གྱི་དྲག་ཤུགས་ཐོག་ནས་ཐོགས་ཆག་མེད་པར་ དབང་བསྒྱུར་བྱས་པར་མངོན།རྒྱལ་བོ་འདིའི་རིང་སྐུའི་ཡབ་མེས་རྣམས་ཀྱིས་བཞེངས་ པའི་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་ཡོད་པ་དཔེར་ན་ཁྲ་འབྲུག་དང་བསམ་ཡས་དང་ ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་སྐུའི་གཅུང་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ བཞེངས་བའི་དེ་ག་གཡུ་ཚལ་གྱི་གཙུག་ལག་ཁང་ཞེས་པ་ཨ་མདོ་ཙོང་ཁའི་ཡུལ་དུ་ཡོད་པ་ བཅས་ལྟ་བུ་ཡིན།གཙུག་ལག་ཁང་འདི་རྣམས་མང་ཆེ་བ་ཕྱིས་བྱུང་གི་དགོན་སྡེ་ཁག་གི་ རྣམ་པ་དང་འདྲ་མཚུངས་སུ་ཡོད།འདི་དག་ཚང་མར་གྲྭ་པ་མི་ཉུང་ཞིག་བཙན་པོ་ཁྲི་སྲོང་ ལྡེ་བཙན་གྱི་དུས་ནས་ཡོད།ཁོང་ཚོར་རྒྱལ་པོའི་བླ་མཛོད་ནས་འཚོ་རྐྱེན་སྦྱར་བ་མ་ ཟད་ལྷ་རིས་ཞེས་དུད་གྲངས་མང་པོ་དགེ་འདུན་གྱི་འཚོ་རྟེན་དུ་ཕུལ།ཁྲི་རལ་ཅན་གྱི་ དུས་ནས་གཙུག་ལག་ཁང་རྣམས་ལ་ལྷ་རིས་སམ་བླ་འབངས་ཡོད་བཞིན་པའི་ཐོག་ད་དུང་ས་ཞིང་ དང་སྒོ་ཕྱུགས་རྒྱ་ཆེར་སྤྲད་དེ་བོད་ཀྱི་སྤྱི་ཚོགས་ནང་སངས་རྒྱས་ཆོས་ལུགས་མི་ སྣས་མཆོད་གཞིས་རྒྱ་ཆེར་བཟུང་བ་དང་དེ་རྣམས་སུ་ཡོད་པའི་བླ་འབངས་སམ་མི་སེར་ལ་ རྒྱལ་པོའི་ཕོ་བྲང་དང་སྲིད་གཞུང་ལྟོས་མེད་ཐོག་དབང་བསྒྱུར་བྱས་པའི་འགོ་ཚུགས། བླ་འབངས་རྣམས་ཀྱིས་རྒྱལ་པོར་དཔྱ་ཁྲལ་འཇལ་མི་དགོས་པ་དང་སྲིད་གཞུང་ལ་དམག་ཁྲལ་ རྒྱུགས་མི་དགོས་པའི་དམིགས་བསལ་གྱི་ཁྲིམས་ཡིག་གཏན་འབེབས་བཟོས་ཡོད།དེར་བརྟེན་ གཙུག་ལག་ཁང་རྣམས་སུ་ཡོད་པའི་གྲྭ་པ་ལ་རྒྱལ་པོའི་བླ་མཛོད་ནས་འཚོ་རྟེན་མུ་ མཐུད་ནས་སྦྱར་བ་དང་གཅིག གྲྭ་པ་ཚོར་དབང་བའི་མི་སེར་གྱིས་དཔྱ་ཁྲལ་འཇལ་བ་དང་དམག་ཁྲལ་རྒྱུགས་མི་དགོས་ པའི་རྐྱེན་དང་གཉིས།ཕྱི་རོལ་དུ་བོད་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་དང་བོད་ རྒྱའི་ས་མཚམས་སུ་བོད་ཀྱི་དམག་དཔུང་ཆེན་པོ་ཕྱོགས་ཐ་དད་དུ་མུ་མཐུད་ནས་ཉར་ དགོས་པ་དང་གསུམ་བཅས་མདོར་ན་རྒྱལ་བོ་ཁྲི་དར་མའི་སྲིད་གཞུང་དང་མི་དམངས་ལ་དཔལ་ འབྱོར་ཐོག་ནས་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ་མངོན་དུ་གསལ།སྔོན་བྱོན་བཙན་པོ་ རྣམས་ཀྱི་སྐུ་རིང་ལ་དྲག་ཤུགས་ཀྱི་དམག་དོན་གཙོ་ཆེར་བྱས་ཡོད་ཀྱང་རྒྱལ་པོ་ཁྲི་ དར་མའི་རིང་དུ་སངས་རྒྱས་ཆོས་ལུགས་དར་བས་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་ འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས།
དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་ཆེ་བ་མ་ཟད་མི་འབོར་གྱི་ ཐོག་ནས་ཀྱང་དཀའ་ངལ་བྱུང་ཡོད།བཙན་པོ་རྣམས་ཀྱི་སྐུ་རིང་ལ་བོད་ནི་འཛམ་གླིང་ཤར་ དཀྱིལ་རྒྱལ་ཁབ་གྲལ་ནས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཆབ་སྲིད་ཀྱི་དབང་ཤུགས་ དམག་དོན་གྱི་དྲག་ཤུགས་བཅས་གང་ཅིའི་ཐད་གཟི་བརྗིད་ཆེ་བ་ཡོད་པ་ཞིག་ཡིན། རྒྱལ་ཕྲན་མང་པོ་སྤ་བཀོང་པ་དང་དམག་འཐབས་པ་ལ་ཤུགས་དང་དཔའ་རྩལ་གང་གི་ཐད་ནས་ ཡིན་ནའང་མི་དམན་པར་ཡོད་པ་འཛམ་གླིང་བོད་ཀྱི་ལོ་རྒྱུས་མཁན་ཚང་མར་རླུང་ལྟར་ གྲགས། དྲག་པོ་དམག་གི་སྟོབས་ཤུགས་དེ་ལྟར་སྐྱོང་བ་ལ་དམག་གྲས་སུ་འགྲོ་བའི་མི་མང་པོ་ དགོས་པ་བཤད་མ་དགོས།དེ་དུས་བོད་ཀྱི་མི་འབོར་དང་དུས་རབས་ཉི་ཤུ་པའི་བོད་ཀྱི་ མི་འབོར་གཉིས་ཞིབ་བསྡུར་བྱས་པ་ཡིན་ན་དེ་དུས་ཀྱི་བོད་ཀྱི་མི་འབོར་དུས་རབས་ ཉི་ཤུ་པ་ལས་ཆེ་བར་ཡོད་པ་མངོན་གསལ་ཡིན་ནའང་རྒྱལ་པོ་ཁྲི་དར་མས་བོད་ཀྱི་མི་ འབོར་སྐོར་ལ་ཐུགས་འཚེར་བྱས་པ《སྦ་བཞེད》དུ་བྱུང་བའི་ལོ་རྒྱུས་ཀྱིས་ཤུགས་བསྟན་དུ་གོ་ཐུབ།
སངས་རྒྱས་ཆོས་ལུགས་བརྒྱུད་གྲྭ་བཙུན་མང་པོ་འཕེལ་ན་བོད་ ཀྱི་མི་འབོར་རིམ་པར་འཕྲི་ངེས་པའི་ཆོས་ཉིད་དེ་རྒྱལ་པོ་འདིས་དེ་དུས་ནས་མངོན་ པར་གཟིགས།
བོད་ཀྱི་ལོ་རྒྱུས་ནང་མི་དྲག་གི་རུས་རྒྱུད་ཆེ་བ་དང་ རྙིང་བའི་གྲས་ནས་འབྲོ་དང་དབའ་གཉིས་དུས་རྒྱུན་དུ་ཆབ་སྲིད་ཐོག་གཅིག་གིས་གཅིག་ ལ་འགྲན་ཟླ་བྱས་ཚུལ་མངོན།འབྲོའི་ཁྱིམ་ཚང་གི་ལྟེ་བ་མཚོ་སྔོན་ཤར་ཕྱོགས་ཀྱི་ མཐའ་ཁུལ་དུ་ཡོད་པ་དང་།བཙན་པོ་འདུས་སྲོང་མང་པོ་རྗེ(ཁྲི་ལོ676–704)དང་ ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་བཙུན་མོ་ཁྱིམ་ཚང་འདི་ནས་རིམ་པར་བྱོན་པས་ཕྱིས་སུ་ རུས་རྒྱུད་འདིའི་རྒྱུད་ལ་བློན་ཞང་གི་གོ་གནས་ཤིག་གཏན་འབེབས་བཟོས། ཁྱིམ་ཚང་འདིའི་མི་རབས་ཚང་མས་བོད་རྒྱ་གཉིས་བར་བདེ་འཇགས་ཡོང་རྒྱུར་མོས་མཐུན་ ཡོད་པ་དང་དེ་འོང་བར་འབད་བརྩོན་ཡང་བྱས། རྒྱ་ནག་སངས་རྒྱས་ཆོས་ལུགས་ལ་དད་མོས་ལྷག་པར་ཡོད་ལ།སྐབས་དེར་བཙན་པོ་ཁྲི་སྲོང་ ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་རྒྱལ་མོ་བརྩན་བྱ་བ་ཞིག་ཡོད་པ་ཕྱིས་སུ་དགེ་ ཚུལ་མར་གྱུར་ནས་ཇོ་མོ་བྱང་ཆུབ་ཏུ་་འབོད་པ་དེས་རྒྱ་ནག་ཧྭ་ཤང་མ་ཧ་ཡཱ་ནའི་ཡོན་ བདག་གཙོ་བོ་བྱས་ཏེ་བོད་དུ་རྒྱ་ནག་སངས་རྒྱས་ཆོས་ལུགས་ནས་བྱུང་བའི་ཅིག་ཅར་ བའི་ལུགས་དར་སྤེལ་བྱེད་པ་ལ་འབད་པ་ཆེན་པོ་བྱས།གོང་སྨོས་ཧྭ་ཤང་ཡང་རྒྱ་ཤ་ཅུ་ ནས་བོད་དུ་བཀུག་པ་ཞིག་གོ
དབའི་རུས་རྒྱུད་ནི་དུས་རབས་དྲུག་པ་ཙམ་ནས་བོད་བཙན་པོའི་ རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བོད་གཅིག་གྱུར་བྱེད་མཁན་གྱི་གྲས་སུ་ཡོད།བཙན་ པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རུས་ཁྱིམ་དེ་ལྷག་པར་ཤུགས་ཆེ་བར་བྱུང་།དབའ་ ཁྱིམ་ཀྱིས་བོད་རྒྱ་གཉིས་བར་ཞི་བདེ་ཡོང་བའི་དོན་ལ་དོ་སྣང་དེ་ཙམ་མི་བྱེད་པར་ རྒྱ་གར་ནས་བྱུང་བའི་སངས་རྒྱས་ཆོས་ལུགས་ལ་ལྷག་པར་འདོད་མོས་བྱས། རུས་རྒྱུད་འདིས་མཁན་པོ་ཞི་བ་འཚོ་གདན་འདྲེན་བྱེད་ཞུ་རྒྱུ་དང་བསམ་ཡས་གཙུག་ལག་ ཁང་བཞེངས་རྒྱུ་བཅས་ཀྱི་ཐད་ལ་འབད་བརྩོན་ཆེན་པོ་བྱས་ཡོད།དབའ་གསལ་སྣང་ངམ་ཕྱིས་ སུ་རབ་བྱུང་བསྒྲུབས་ནས་དབའ་ཡེ་ཤེས་དབང་པོར་ཞུ་བ་དེས་བསམ་ཡས་སུ་བོད་ཀྱི་མཁན་ པོ་དང་པོ་དེ་མཛད། མཁན་པོ་གཉིས་པ་ཡང་དབའ་དཔལ་དབྱངས་ཡིན།འདི་གཉིས་ནི་ཅིག་ཅར་བའི་ལུགས་ལ་ངོ་ རྒོལ་བྱས་ཏེ་མཐར་ཧྭ་ཤང་ཕམ་པར་བྱེད་མཁན་གྱི་གྲས་ནས་གཙོ་ཆེ་བ་རྣམས་ཡིན།ཕམ་ ཉེས་སུ་གྱུར་པའི་ཧྭ་ཤང་ཡང་རྒྱ་ཤ་ཅུར་གནས་དབྱུང་དུ་བཏང་ངོ་།
རྒྱལ་ པོ་ཁྲི་དར་མའི་མ་ཡུམ་ནི་འབྲོ་བཟའ་ལྷ་རྒྱལ་ཞུ་བ་དེ་ཡིན་ཡང་རྒྱལ་པོས་རྒྱ་ནག་ སངས་རྒྱས་ཆོས་ལུགས་ལ་ཐུགས་མོས་ཡེ་ནས་མི་གནང་བ་དང་།ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་པ། རྒྱ་མོ་དེ་ས་དཔྱད་ལ་མཁས་པས་བོད་ཀྱི་ཆབ་སྲིད་ཉམས་པ་དང་བོད་རྒྱའི་དབང་འོག་ཏུ་ འགྲོ་བའི་ཆེད་བོད་ཀྱི་ས་མིག་གནད་འགངས་ཆེ་བ་མང་པོའི་དབྱིབས་བཅོས་པ་རེད་ཅེས་ བཀའ་བཀྱོན་མཛད་པར་གྲགས། ཁྲི་རལ་པ་ཅན་ནི་སངས་རྒྱས་ཆོས་ལུགས་ལ་སྙིང་ཐག་པ་ནས་ཡིད་ཆེས་ཡོད་སྟབས་བོད་ རྒྱ་བར་དམག་འཁྲུགས་རྒྱུན་འཇགས་སུ་ཡོད་པ་དེ་བློ་ལ་བཟོད་མ་ཐུབ་པར་བརྟེན་བོད་ རྒྱ་བར་ཞི་བདེའི་ཆིངས་ཡིག་ཉིད་བློན་ཆེན་འབྲོ་གསུམ་རྗེ་སྟག་སྣང་གིས་མཐུན་ གྲོས་བྱས་ཏེ་སྤྱི་ལོ822ལོར་ཆིངས་ཡིག་བཞག
འོན་ཀྱང་རྒྱལ་བོ་ཁྲི་དར་མའི་ཡབ་ཁྲི་ལྡེ་སྲོང་བཙན་གྱི་ དུས་ནས་རྒྱལ་པོའི་སྲིད་གཞུང་དུ་ཆབ་སྲིད་ཀྱི་འགན་ཁུར་བྱེད་མཁན་སངས་རྒྱས་ཆོས་ ལུགས་ཀྱི་མི་སྣ་ཡོད་པ་ནི་བྲན་ཀ་དཔལ་གྱི་ཡོན་ཏན་དང་མྱང་ཏིང་ངེ་འཛིན་བཅས་ཡིན། དེ་ཡང་རྒྱལ་པོ་རེ་རེའི་དུས་སྲིད་གཞུང་གི་གཙོ་འཛིན་”བཀའ་ལ་གཏོགས་པའི་ཕྱི་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ”ཞེས་ བློན་ཆེན་རེ་རེ་ལས་མེད་ཀྱང་ཁྲི་རལ་བ་ཅན་གྱི་དུས་སུ་བྲན་ཀ་དཔལ་ཡོན་དང་འབྲོ་ འཁྲི་གསུམ་རྗེ་སྟག་སྣང་གཉིས་ཀ་ཆབ་སྲིད་ཀྱི་བློན་ཆེན་དུ་བསྐོས་པ་མ་ཟད་བྲན་ཀ་ དཔལ་ཡོན་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བ་ཡིན་སྟབས་ཁོང་ལ་འབྲོ་ཁྲི་གསུམ་རྗེ་ སོགས་མི་སྐྱའི་བློན་པོ་རྣམས་ལས་གཙིགས་སུ་ཆེ་བ་བྱས།འབྲོ་ཁྲི་གསུམ་རྗེ་ལྷ་སར་ མི་བཞུགས་པར་རྟག་ཏུ་མཚོ་སྔོན་ཁུལ་དུ་གནས་བཅའ་དགོས་བྱུང་བ་ཡང་རྒྱུ་མཚན་དེས་ ཡིན་ནམ་སྙམ། འདི་དུས་ནས་བཟུང་སྲིད་གཞུང་དུ་དགེ་འདུན་པས་ཆབ་སྲིད་འགན་ཁུར་བྱེད་མཁན་བྱུང་ བས་མི་སྐྱའི་བློན་པོ་འབྲོ་གསུམ་སྟག་སྣང་དང་དབའ་རྒྱལ་ཏོ་སྟག་གཉའ་བཅས་འབྲོ་ དབས་གཙོར་བྱས་ཏེ་རུས་རྒྱུད་ཆེ་བའི་བློན་པོ་ཚོས་”ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ”ཞེས་ མི་དགའ་བའི་རྣམ་པ་བསྟན།མི་སྐྱའི་བློན་པོའི་ངོར་ཁྲི་རལ་པ་ཅན་གྱིས་སངས་རྒྱས་ ཆོས་ལུགས་ལ་དད་པ་བྱེད་པ་ཡོན་ཏན་ཡིན་ནའང་ཆོས་ལུགས་དེའི་ཆབ་སྲིད་ལ་རྔམ་པའི་ གྲྭ་པ་རྣམས་ཡན་གར་འཇོག་པ་ནི་དགེ་མིན་སྐྱོན་དུ་མཐོང་ནས་”ཆབ་སྲིད་དབང་བཙུན་པ་ལ་གཏད་”ཅེས་རྒྱལ་པོ་ལ་སྐྱོན་བརྗོད་བྱས་ཡོད།
རིང་པོར་མ་ལོན་པར་སྤྱི་ལོ836ལོར་ དབའ་རྒྱལ་ཏོ་རེ་སྟག་གཉས་གཙོ་བྱས་ཏེ་ཁྲི་རལ་པ་ཅན་དམར་གསོད་དུ་གཏང་། དེར་བརྟེན་ལྷ་སྲས་དར་མ་ཁྲི་ལ་འཁོད་དུས་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་དམག་ དོན་གྱི་སྲིད་ཇུས་གཉིས་གཅིག་གིས་གཅིག་གི་མགོ་གནོན་མ་ཐུབ་པར་ཡོད་པའི་གནས་ སྟངས་ཐོག་འབྲོ་དབའི་རུས་རྒྱུད་གཉིས་བར་བོད་ཀྱི་དམག་དོན་དང་ཆབ་སྲིད་ཆེད་ འགྲན་ཟླའི་ནམ་མ་ལངས་པར་ཡོད་འདུག
གླང་དར་མས་བསྟན་པ་བསྣུབས་ཞེས་པར་དཔྱད་དགོས།
རྒྱལ་པོ་ཁྲི་དར་མས་བསྟན་པ་བསྣུབས་ཞེས་བཤད་པའི་རྒྱལ་རབས་དང་ཆོས་འབྱུང་རྣམས་ཀྱི་ཁུངས་རྙིང་ཤོས་ནི་”སྦ་བཞད”ཡིན་ལ།དེ་ཡང《སྦ་བཞེད་ཞབས་བཏགས་མ》ཞེས་པ་ལས་འབྱུང་།
ཞབས་ བཏགས་མ་ཞེས་པ་འདི་དུས་རབས་བཅུ་གཅིག་པའི་མཇུག་ཏུ་བྲིས་པ་ཞིག་ཡིན་པ་ནི་དེའི་ ནང་ལྷ་བླ་མ་ཡེ་ཤེས་འོད་དང་།ལྷ་བཙུན་བྱང་ཆུབ་འོད།ལོ་ཙཱ་བ་རིན་ཆེན་བཟང་བོ་ གསུམ་གྱི་མིང་བྱུང་བ་མ་ཟད་དུས་འཁོར་གྱི་རྩིས་ཞེས་པའི་མིང་ཚིག་འབྱུང་བ་ལས་ ཤེས་ཐུབ།དེར་བརྟེན་ལོ་རྒྱུས་འདི་ཡིག་ཆ་དང་ངག་རྒྱུན་རྙིང་པ་བཅས་ལ་བརྟེན་ནས་ བྲིས་པ་ཡིན་ངེས་ཀྱང་བཙན་པོ་ཁྲི་དར་མ་འདས་ནས་ཕལ་ཆེར་ལོ་གཉིས་བརྒྱ་ལྔ་བཅུ་ཙམ་ གྱི་རྗེས་སུ་བྲིས་པའི་ལོ་རྒྱུས་ཤིག་རེད། ལྷག་པར་དུ་དེ་ནི་དབའམ་སྦའི་རུས་རྒྱུད་ལ་ཞེན་པ་ཆེ་བ་ཞིག་གིས་བྲིས་པར་སྙམ། འདིའི་ནང་ཁྲི་དར་མས་བསྟན་པ་བསྣུབས་ཚུལ་བཤད་པ་ནི་ཕལ་ཆེར་གཏམ་རྒྱུད་ཀྱི་ཟོལ་ ཙམ་དང་དོན་དངོས་ལ་དཔྱད་ཚེ་ཁས་ལེན་དཀའ་བའི་གནད་དོན་མང་པོ་འདུག དེར་བརྟེན་དེའི་ནང་རྒྱལ་པོ་ཁྲི་དར་མའི་སྐོར་གང་ཡོད་པ་དང་གནའ་རབས་ཀྱི་ཡིག་ ཆའི་ནང་གང་ཡོད་པ་གཉིས་ར་འཕྲོད་པ་ཤིན་ཏུ་དཀའ།《ཞབས་བཏགས་མར》བསྟན་ པ་སྣུབ་ཚུལ་རགས་ཙམ་ལས་དེ་སྣུབ་དགོས་པའི་རྒྱུ་མཚན་གསལ་བོ་བཤད་མེད་ལ། དེ་མཚུངས་སུ་བོད་ལུང་པ་སྤྱི་དང་དེའི་སྐབས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ གནས་སྟངས་ནི་ཟུར་ཙམ་ཡར་བྲིས་མི་འདུག ཁྲི་དར་མ་ནི་སྐྱེ་བོ་བླུན་པོ་ཞིག་གི་རྣམ་པར་བསྟན་པ་དང་”ཐུགས་སུ་གདོན་གསོལ”ཟེར་ བ་དང་བློན་ཆེན་ཚོ་ནི་ཇག་རྐུན་སྡེ་བའི་རྣམ་པར་བསྟན་པ་རྣམས་ནི་ཕྱིས་སུ་བྱུང་ བའི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་མཁན་གྱིས་ལོ་རྒྱུས་གསར་པ་བཟོས་པ་ཡིན་ པར་སྙམ༎
བོད་བཙན་པོའི་སྐབས་སུ་དམག་གི་འགྲོ་གྲོན་ཆེ་བ་དང་འབངས་ མི་མང་པོ་དམག་ཁྲལ་རྒྱུགས་དགོས་པར་བརྟེན་བཙན་པོ་ཁྲི་དར་མ་དང་ཁོང་གི་ཆབ་སྲིད་ ཀྱི་བློན་ཆེན་དབའ་རྒྱལ་ཏོ་རེ་སྟག་གཉའ་གཉིས་ཀྱིས་སྤྱི་ལོ831ཙམ་ ལ་གོང་དུ་སྨོས་པའི་གཙུག་ལག་ཁང་རྣམས་དང་དེར་ཡོད་དགེ་འདུན་གྱི་འཚོ་རྟེན་རྒྱལ་ བོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད། མཆོད་གཞིས་རྣམས་ཕྱིར་ཕྲོག་བླ་འབངས་སམ་གཙུག་ལག་ཁང་གི་མི་སེར་རྣམས་གློད་ དཀྲོལ་བྱས།མི་གཞོན་དམག་ཁྲལ་ལ་འགྲོ་དགོས་པའི་རྐྱེན་གྱིས་མི་གཞོན་རབ་ཏུ་བྱུང་ བ་བཀག མི་མང་རབ་ཏུ་བྱུང་ན་བོད་ཀྱི་མི་འབོར་ལ་གནོད་ཚབས་ཆེན་པོ་ཡོད་པའི་རྐྱེན་གྱིས་ སྔོན་ཡོད་གྲྭ་པ་འགའ་ཤས་ཁྱིམ་དུ་ཕབས། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་ལ་བཀག་འགོག་ ཤུགས་ཆེར་བྱས་པ་བཅས་སོ།
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་བསྟན་པ་ཡོད་མེད་སོ་ཐར་གྱི་སྡོམ་རྒྱུན་ལ་ཐུག་ཅེས་ཟེར། རྒྱུ་མཚན་དེས་ཕྱིས་སུ་ལོ་རྒྱུས་མཁན་གྱིས་”བསྟན་པ་བསྣུབས་”ཞེས་ ཟེར་བར་སྙམ།འོན་ཀྱང་རྒྱལ་བོ་ཁྲི་དར་མའི་རིང་ལ་སྔགས་ཀྱི་ཐེག་པ་ཆེས་ཆེར་དར་བ་ དང་།གསང་སྔགས་རྡོ་རྗེ་ཐེག་པ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་ཉིང་ཁུ་ཡིན་ ཞེས་པའི་ཟེར་ལུགས་ལ་བལྟས་ན།རྒྱལ་པོ་ཁྲི་དར་མས་གཙུག་ལག་ཁང་རྣམས་སུ་སངས་རྒྱས་ ཆོས་ལུགས་ཀྱི་རབ་བྱུང་པ་མང་པོ་འཚོ་རྟེན་གཞན་ལ་བཅོལ་ནས་བཞུགས་པ་བཀག་པ་ལས་ སངས་རྒྱས་ཆོས་ལུགས་རང་རྩ་མེད་བཟོས་མེད་པ་ནི་གནའ་རབས་ཀྱི་ཡིག་རྙིང་གིས་ར་ སྤྲོད་བྱེད་ཐུབ་པ་འདི་ལྟར་ཡིན།
“ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ༎
གངས་རི་མཐོ་ཚང(གཙང)ཀུན་གྱི་གཉའ༎”
ཆུ་བོ་ཀླུང་ཡས་ཀུན་གྱི་མགོ།
ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན༎
རྒྱལ་བོ་ཙ་ཞེས་བྱ་བ་དེ༎
ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ(རྒྱུད)༎
ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས༎
དམ་ཆོས་སློབ་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ༎
མུན་ནག་དཀྱིལ་དུ་སྒྲོན་བཏེག་བཞིན༎
རྒྱལ་ཁམས་ཕྱོགས་ཀྱང་སྤྱོད་པར་གནང་༎
བྱང་ཆུབ་མཆོག་གི་ལམ་ལ་བཀོད༎
ལྷ་སྲས་ལྷའི་དྲིན་རེ་ཆེ༎
བཀའ་ལུང་གཞུང་དང་འཐུད(མཐུན)པའི་ཚེ༎
ཕྱི་ནང་གཉིས་ཀྱི་སློབ་དཔོན་དང་༎
ལས་ཀྱི་རྡོ་རྗེ་མཁས་པ་གསུམ༎
མ་འདྲེས་སྤྱོད་ལམ་འདི་ལྟ་བུ༎
མཁས་བཙུན་སྤྱོད་ལ་འཁྲུག་པ་མེད༎
བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད༎
ལྷ་སྲས་དར་མ་མན་ཅད་(ཆད་)དང་།
འོད་སུས་(སྲུང་)དབོན་སྲས་མན(ཡན་)ཆད་དུ༎
སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས་)པས༎
མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད༎”
གནའ་རབས་ཀྱི་ལོ་རྒྱུས་འདི་དུས་རབས་དགུ་པའི་ཕྱེད་གཉིས་པའི་ནང་བྲིས་པར་ངེས།འདི་ཏུན་ཧོང་ཡིག་རྙིང་གི་གྲས་ནས་སྤྱི་ལོ1976ལོར་ བདག་གིས་རྙེད།དེ་སྔོན་མཁས་པ་སུ་གང་གིས་གཟིགསམི་འདུག་པས་བོད་ཀྱི་ལོ་རྒྱུས་ མཁན་ཚོ་ལ་ལེགས་སྐྱེས་སུ་འབུལ། དེར་བརྟེན་ལོ་རྒྱུས་འདི་དུས་སྐབས་དེ་རང་དུ་བྲིས་པས་ད་བར་ཆིག་སྟོང་ཉིས་བརྒྱ་ ལོན་པ་དང་དེ་ནི་ཕྱིས་སུ་བྱུང་བའི་ལོ་རྒྱུས་མཁན་གྱིས་ཕྱོགས་ཞེན་གྱིས་མ་བསླད་ པའི་ཡིག་ཆ་ཁུངས་ལྡན་ཞིག་ཡིན།འདིའི་ནང་རྒྱལ་པོ་ཙ་ཞེས་པ་ནི་རྡོ་རྗེ་ཐེག་པའི་ འབྱུང་ཁུངས་བཤད་པའི་སྐབས་སུ་རི་བོ་དཔལ་ཞེས་བྱ་བའི་རྩེ་མོར་མགོན་པོ་ཕྱག་ན་ རྡོ་རྗེ་ལས་གསང་སྔགས་རྒྱུད་བཅོ་བརྒྱད་ཞུས་པའི་རྒྱལ་པོ་དེ་དང་ཆ་འདྲ་བར་འདུག དེའི་སྐོར་ཞིབ་བཤད་གཞན་དུ་བྱས་ཡོད་པས་དེར་གཟིགས། དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་ རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་སྣུབ་པའི་ལོ་རྒྱུས་མི་འདུག་གོ
ཁྲི་ དར་མས་རྒྱ་ཤ་ཅུ་དང་འཛམ་གླིང་ཤར་དཀྱིལ་གྱི་དར་ལམ་ཁུལ་དུ་ཡོད་པའི་བོད་ཀྱི་ མངའ་རིས་ལ་སྔར་བཞིན་ཆབ་སྲིད་ཀྱི་དབང་བསྒྱུར་བ་དང་དེ་དག་ཏུ་ཡོད་པའི་མི་རིགས་ བོད་ཀྱི་མངའ་འབངས་སུ་གཏོགས་པ་ཚོས་བོད་བཙན་པོའི་རྒྱལ་ཁབ་ལ་བདེ་འཇགས་ཡོང་བ་ དང་རྒྱལ་པོ་ཆེན་པོའི་སྐུ་ཚེ་རིང་བ་དང་མངའ་ཐང་རྒྱས་པའི་ཆེད་དུ་སྨོན་ལམ་ཞུས་ པ་འདི་ལྟར་འདུག
“བཙན་པོ་ལྷ་སྲས་འུའི་དུན་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་དུ་གསོལ་བ། ཆགས(ཆབ)འོག་ གི་འབངས་ལས་མཆོད་པའི་གནས་སུ་གནང་སྟེ།རང་དབང་བསྐུར་ནས་མྱི་མང་པོ་ཐར་པར་བཀྱེ་ ཡང་གྲོལ། ཐར་བའི་སྣོད་དུ་འགྱུར་ཞིང་། འགྲོ་བ་མང་པོ་ལ་ཕན་པ་དང་།བདེ་བའི་དོན་བྱེད་པར་གྱུར་ཅིག བར་ཆད་ཀྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ༎ གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཡང་ལྷ་དང་མྱིའི་མཆོད་ པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་ཏུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་ གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་པ་དང་། ད་ལྟར་བཞུགས་པའི་སྐུ་འདི་ལ་ལྟས་ངན་པ་སྟོན་པ་དང་། འགེགས་དང་ཕས་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་ བཞུགས་པར་སྨོན་ནོ།”
རྒྱལ་བོ་ཁྲི་དར་མ་བཀྲོངས་པ།
རྒྱལ་ བོ་ཁྲི་དར་མའི་སྐུ་རིང་ལ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པའི་ལམ་ལུགས་ལ་གནོད་ འཚེ་ཚབས་ཆེན་པོ་བྱུང་བར་བརྟེན་བསམ་ཡས་དང་གཙུག་ལག་ཁང་གཞན་ལ་བཞུགས་པའི་གྲྭ་པ་ རྣམས་ཀྱི་འཚོ་བར་དཀའ་ངལ་བྱུང་།དེར་བརྟེན་བོད་བཙན་པོའི་རྒྱལ་ཁབ་ནང་ནང་ཆོས་ལ་ མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་དང་དམག་དོན་གྱི་ཆབ་སྲིད་གཉིས་བར་གྱི་འཐབ་ རྩོད་་དེ་རིམ་པར་ཇེ་སྡུག་ཏུ་ཕྱིན། བསམ་ཡས་ཀྱི་དགེ་འདུན་པ་རྣམས་ཀྱིས་རྒྱལ་པོ་ཁྲི་དར་མའི་སྲིད་ཀྱི་ལམ་ལུགས་ཡིད་ ལ་མ་བཟོད། མཐར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་བོ་ཁྲི་དར་མ་སྤྱི་ལོ842ལོ་ སྟེ་དགུང་ལོ་སོ་དགུའི་ཐོག་ལྷ་སར་སྐུ་བཀྲོངས།ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ ཆོས་འབྱུང་སོ་སོ་ནས་བཤད་སྟངས་མི་འདྲ་བ་ཡོད།འགའ་ཤས་ནས་གྲུབ་ཐོབ་ལྟ་བུ་དང་ཡང་ འགའ་ཤས་ནས་སྔགས་བཙུན་ལྟ་བུ་ཞིག་ཡིན་པར་བཤད་མོད། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་ དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས་ རྙེད་བྱུང་། དེ་ཡང་རབ་བྱུང་བའི་རྟེན་དུ་ཡོད་པ་ཞིག་ཡིན་པ་ཁོང་མདོ་ཁམས་སྨད་དུ་བྲོས་པ་དང་ རྒྱལ་པོ་བསད་པའི་རྐྱེན་གྱིས་དགེ་སློང་གི་སྡོམ་པ་ཞུས་པའི་ཁ་སྐོང་དུ་བཞུགས་མ་ ཐུབ་པའི་ལོ་རྒྱུས་ཀྱིས་ཀྱང་ཤེས་སོ། ད་ཕན་རྒྱལ་རབས་དང་ཆོས་འབྱུང་ཁག་མཐོང་བའི་ནང་ན་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་ བཤད་པ་རྩ་་བ་ནས་མི་འདུག་པས་གོང་སྨོས་ཡིག་རྙིང་དེ་གལ་ཧ་ཅང་ཆེན་པོར་མཐོང་། གང་ལྟར་རྒྱལ་བོ་ཁྲི་དར་མས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་བཙུན་པས་འཚོ་བ་ གཞན་ལ་བརྟེན་པ་བཀག་འགོག་བྱས་པ་ལ་བསམ་ཡས་ཀྱི་མཁན་པོའི་སྙིང་ན་ནས་རྒྱལ་བོ་ བཀྲོངས་བ་ལ་ཧ་ལས་དགོས་དོན་མེད་ན་ཡང་རྒྱལ་བོ་ཁྲི་དར་མ་བཀྲོངས་བའི་རྗེས་སུ་ རྒྱལ་ས་འཛིན་མཁན་སྤུ་རྒྱལ་བོད་ཀྱི་རྒྱལ་བོའི་གདུང་འཛིན་མེད་པའི་རྐྱེན་གྱིས་ སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་གདུང་རབས་ཆད། བཙན་པོ་རིམ་བྱོན་གྱི་ནང་ནས་ཁ་ཤས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་བདག་མཛད་ པ་ལ་སངས་རྒྱས་ཆོས་ལུགས་མི་སྣས་རྟག་པར་”ཆོས་རྒྱལ”དང་”བྱང་ཆུབ་སེམས་དཔའ”སོགས་ཀྱི་སྒོ་ ནས་གཟེངས་བསྟོད་ཧ་ཅང་བྱས་ཀྱང་རྒྱལ་པོ་ཁྲི་དར་མ་སངས་རྒྱས་ཆོས་ལུགས་མི་སྣས་ བཀྲོངས་པ་ནི་རང་གིས་ཧ་ཅང་གཅེས་པའི་རྒྱལ་པོའི་སྦྱིན་བདག་གི་གདུང་རབས་བཅད་པར་ མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་མི་སྣས་བྱས་རྗས་ཧ་ཅང་ཆེན་པོ་ ཞིག་བཞག་པ་རེད། གང་ལགས་ཤེ་ན། རྒྱལ་བོ་ཁྲི་དར་མ་བཀྲོངས་པ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བ་ ཕུད། བོད་རང་གི་སྲིད་གཞུང་དང་མི་དམངས་ཁ་བྲལ་ཏེ་བོད་སིལ་བུར་འཐོར་ནས་ལོ་ངོ་ཆིག་ སྟོང་བརྒྱ་ཙམ་རིང་སྔོན་བྱོན་བཙན་པོ་རྣམས་ཀྱི་སྐུ་རིང་ལྟར་བོད་སྤྱི་ལ་དབང་ བསྒྱུར་བའི་སྲིད་གཞུང་ཞིག་རྩ་བ་ནས་འཛུགས་མ་ཐུབ་པ་འདི་བྱུང་བ་རེད།
རྒྱལ་བོ་ཁྲི་དར་མ་སྐུ་བཀྲོངས་པའི་རྗེས་སུ་བཙུན་མོ་སྣ་ནམ་བཟའ་ལ་སྲས་ཡུམ་ བརྟན་དང་ཚེ་སྤོང་བཟའ་འཕན་ལ་གནམ་ལྡེ་འོད་སྲུང་འཁྲུངས་སོ་ཞེས་ཕྱིས་བྱུང་གི་ རྒྱལ་རབས་དང་ཆོས་འབྱུང་ཁག་མང་ཆེ་བར་བཤད་ཀྱང་ཡིག་རྙིང་རྣམས་སུ་འོད་སྲུང་གི་ མིང་གཅིག་བུ་ལས་ཡུམ་བརྟན་ཞེས་པ་རྩ་བ་ནས་མི་འབྱུང་བས་བོད་ཀྱི་ལོ་རྒྱུས་ལ་ མཁས་པ་སྐུ་ཞབས་རི་ཅར་སོན་གྱིས་ཡུམ་བརྟན་ཞེས་པའི་རྒྱལ་སྲས་ཤིག་བྱུང་བར་མི་ འདོད་ལ།གང་ལྟར་བོད་ཀྱི་ལོ་རྒྱུས་མཁན་པོ་ཉང་རལ་ཉི་མ་འོད་ཟེར(1124-1192)ཀྱིས་བརྩམས་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ཅེས་པ་དང་ས་སྐྱའི་བསོད་ནམས་རྩེ་མོས(1142-1182)བྲིས་པའི《ཆོས་ལ་འཇུག་པའི་སྒོ》ཞེས་ པ་གཉིས་ཀར་ཡུམ་བརྟན་གྱི་མིང་འབྱུང་བས་ལྷ་སྲས་འོད་སྲུང་སྐུ་མཆེད་ལ་ཡུམ་བརྟན་ ཞེས་པ་ཞིག་ཡོད་པའི་ལོ་རྒྱུས་ནི་དུས་རབས་བཅུ་གཉིས་པའི་སྐབས་ནས་བྱུང་འདུག་ ཕྱིས་ཀྱི་ལོ་རྒྱུས་དེབ་ཐར་ནང་དུ་འོད་སྲུང་ལ་སྐུ་མཆེད་ཡུམ་བརྟན་ཞེས་པ་བྱུང་ བ་བཤད་པར་མ་ཟད་ཁོང་གི་རྒྱུད་པ་མང་པོ་ཞིག་ཀྱང་ཡོད་ཚུལ་བགྲངས་འདུག་པས་འདིའི་ སྐོར་དཔྱད་པ་ཞིབ་ཆ་ཞིག་བྱ་དགོས་འདུག གང་ལྟར་ཚེ་སྤོང་བཟའ་བཙན་མོ་འཕན་ལ་འོད་སྲུང་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྐུ་ བལྟམས།འདི་ཉིད་རྒྱལ་བོ་ཁྲི་དར་མ་བཀྲོངས་པའི་རྗེས་སུ་སྐྱེས་པ་ངེས་ཀྱང་དུས་ ཡུན་ཅི་ཙམ་ཞིག་གི་རྗེས་ལ་སྐྱེས་པ་མི་གསལ། ཁོང་རྒྱལ་བོ་ཁྲི་དར་མ་བཀྲོངས་པའི་རྗེས་སུ་འཁྲུངས་པའི་རྐྱེན་གྱིས་ཁོང་སྤུ་ རྒྱལ་གྱི་གདུང་ཁུངས་ཡིན་མིན་གྱི་རྩོད་པ་བྱུང་། སྐུ་ནར་མ་སོན་གྱི་བར་དུ་རང་གི་མ་ཡུམ་གྱིས་རྒྱལ་ཚབ་བྱས་པས་མ་ཡུམ་འདི་ཏུན་ ཧོང་ཡིག་རྙིང་རྣམས་སུ་ཇོ་མོ་བཙན་མོ་འཕན་ཞེས་པར་འདོད། ཡིག་རྙིང་རྣམས་སུ་འོད་སྲུང་གི་མིང་ལ་ཕོ་བྲང་འོད་སྲུང་ངམ་ལྷ་སྲས་འོད་སྲུང་ དུ་འབོད། ཕྱིས་སུ་རྒྱལ་སར་བཏོན་ནས་ཁྲི་འོད་སྲུང་ཞེས་འབོད་དོ།རྒྱལ་བོ་འདིའི་བྱས་རྗེས་ འདི་ཡིན་ཞེས་ད་ཕན་རྒྱལ་རབས་མཐོང་བ་རྣམས་སུ་བྲིས་མེད་ལ།གང་ལྟར་རྒྱལ་པོ་འདི་ སྤུ་རྒྱལ་གྱི་གདུང་ཁུངས་ཡིན་མིན་གྱི་འཁྲུགས་རྩོད་དེ་འབྲོ་དང་དབའི་རུས་ རྒྱུད་གཉིས་བར་གྱི་གྱོད་གཞི་ཆེན་པོ་ཞིག་ཏུ་གྱུར་ནས་མཐར་རུས་རྒྱུད་འབྲོ་དང་ དེའི་ཕྱོགས་གཏོགས་ཀྱིས་སྤུ་རྒྱལ་གྱི་གདུང་རྒྱུད་དངོས་གནས་ཡིན་པར་ཆ་འཇོག་ བྱས་ནས་བོད་ཀྱི་རྒྱལ་པོར་ངོས་འཛིན་བྱས་པ་དང་། དབའ་དང་དེའི་ཕྱོགས་གཏོགས་ཀྱིས་ལྷ་སྲས་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་ དངོས་གནས་མིན་པས་ཁོང་ལ་བོད་ཀྱི་རྒྱལ་བོའི་ཁྲི་ལ་འཁོད་པའི་ཐོབ་ཐང་མེད་ཅེས་ རྩོད་པ་བྱས། མཐར་འབྲོ་དང་དབའ་གཉིས་བར་དབུས་སུ་འཁྲུགས་ཟིང་སླང་། གྱོད་གཞི་དེ་རིམ་བཞིན་ཁམས་དང་ཨ་མདོ་བརྒྱུད་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་ བྱང་ཤར་དང་ཤར་ལྷོའི་མཐའ་ཁུལ་དུ་ཡོད་པའི་དམག་དཔུང་ནང་དུ་མཆེད་སྟེ་དམག་དཔུང་ གཅིག་གིས་འབྲོའི་དར་ཆ་ཁྱེར། གཞན་གཅིག་གིས་དབའི་ལ་རྒྱ་ཁྱེར་ཏེ་བོད་ཀྱི་དམག་དཔུང་གིས་ཕྱིའི་དགྲ་ལ་འཐབ་ དགོས་པ་སོ་སོའི་ལས་འགན་ཡིན་པ་བརྗེད་དེ་ནང་འཁྲུགས་ཀྱི་དུས་སུ་འདའ་བར་གྱུར། འདིའི་རྒྱུ་རྐྱེན་ཡང་བོད་དབུས་སུ་ཁྲི་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་ངོ་ མ་ཡིན་མིན་དང་། སྐུ་ན་མ་སོན་པའི་རྐྱེན་གྱིས་རྒྱུན་རིང་བར་སྲིད་གཞུང་གི་ཆབ་སྲིད་གཞི་རྩ་ བརྟན་པོར་ཚུགས་མ་ཐུབ་པ།རྒྱལ་བོ་ཁྲི་དར་མ་དམར་གསོད་བཏང་བའི་རྐྱེན་གྱིས་རྒྱལ་ ཁྲིམས་ཉམས་པ་དང་།ལུང་ཁག་སོ་སོས་འབྲོ་དབའ་གཉིས་ཀྱི་རྗེས་སུ་རྒྱུགས་ཏེ་ འཁྲུགས་ནས་ཡུལ་སོ་སོར་བགོས་པའི་གནས་ཚུལ་རིམ་བཞིན་ཐོན་ནོ།
ཆོས་ ཕྱོགས་ནས་ཀྱང་རྒྱལ་ཁྲིམས་བཤིགས་པའི་རྐྱེན་གྱིས་སངས་རྒྱས་ཆོས་ལུགས་མི་སྣས་ དེ་སྔ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་བཀས་བཅད་ཀྱིས་བཀག་པའི་གསང་སྔགས་ཀྱི་ ཉམས་ལེན་དང་ཁྱད་པར་སྔགས་ཀྱི་རྒྱུད་ནས་འབྱུང་བའི་སྦྱོར་བ་ཞེས་པ་ལག་ལེན་དངོས་ སུ་བསྟར་ཏེ་བུད་མེད་གང་རུང་ལ་འདོད་པ་བྱེད་པ་དང་། སྒྲོལ་བ་ཞེས་སེམས་ཅན་མཆོད་སྦྱིན་གྱི་ཆེད་དུ་བསད་པ་དང་བམ་སྒྲུབ་ཅེས་མི་རོ་ ཡོན་ཏན་ཚང་བ་ཞིག་རྙེད་ན་དེ་ལས་དངོས་གྲུབ་འབྱུང་བར་འདོད་པས་”གསོན་སྒྲོལ”ཞེས་ མི་དངོས་སུ་བསད་ནས་དེའི་རོ་སྒྲུབ་པ་སོགས་བྱུང་བར་བཤད། དུས་སྐབས་འདིའི་བོད་ཀྱི་སྤྱི་ཚོགས་ནང་ཁྲིམས་མེད་ཀྱི་བྱ་སྤྱོད་ཧ་ཅང་འཕེལ་ རྒྱས་བྱུང་། ཕྱིས་བྱུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་ མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར་བཙན་པོ་རིམ་བྱོན་གྱི་དུས་སྐབས་སུ་བོན་ཆོས་བྱེད་ མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤྭ་བ་སྟོང་ཕྲག་ མང་པོ་བསད་ནས་ལྷ་ལ་མཆོད་ཚུལ་བཤད་ཡོད་ཀྱང་། བཙན་པོ་རྣམས་ཀྱི་དུས་སུ་ཤྭ་བ་སོགས་རི་དྭགས་གང་བྱུང་གིས་བསད་མི་ཆོག་པའི་ ཁྲིམས་གཏན་འབེབས་བཟོས་པའི་ཡིག་ཆ་དེང་སང་ཏུན་ཧོང་ཡིག་རྙིང་གྲས་སུ་ཡོད། ཤྭ་བ་སྒོ་ཕྱུགས་བྱས་པ་བོད་ཀྱི་ལོ་རྒྱུས་ཐོག་མེད་ལ།རི་དྭགས་ཡིན་ན་སྟོང་ཕྲག་ མང་པོ་དུས་གཅིག་ཏུ་བསད་པ་ཕུད། ཉུང་ཤས་བསད་ཡང་ཁག་པོ་ཡིན།འོན་ཀྱང་ཁྲི་རལ་བ་ཅན་གྱི་རིང་ལ་བོད་རྒྱ་བར་སྤྱི་ལོ822ལོར་ ཞི་བདེའི་ཆིངས་ཡིག་འཇོག་སྐབས་རྟ་དང་སྤྲེལ་ཁྱི་གསུམ་བསད་དེ་བཙན་པོའི་སྐུ་བླ་ ཡར་ལྷ་ཤམ་པོ་དང་ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ནས་མནའ་བོར་བའི་ལོ་རྒྱུས་འདི་ ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་མ་སླད་པའི་དངོས་སུ་བྱུང་བའི་ལོ་རྒྱུས་ཡིན།དེར་ རྟེན་དུས་སྐབས་འགངས་ཆེ་བའི་སྐབས་སུ་སེམས་ཅན་བསད་ནས་མནའ་བོར་བའི་ལུགས་སྲོལ་ བྱུང་ཡོད།འོན་ཀྱང་འདི་ཡུལ་གྱི་ལུགས་སྲོལ་ཡིན་པ་ལས་ཆོས་ལུགས་མིན།གོང་དུ་བཤད་ པའི་རྒྱལ་ཁྲིམས་བཤིགས་པའི་སྐབས་སུ་བྱུང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་མི་ མཚུངས།འདི་སྐབས་སུ་སངས་རྒྱས་ཆོས་ལུགས་མི་སྣས་གསང་སྔགས་ཀྱི་རྒྱུད་ཀྱི་ཚིག་ དོན་ལག་ལེན་དངོས་སུ་བསྟར་བར་བརྟེན་དེའི་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ནང་འཚོ་ བའི་དཔལ་འབྱོར་ཐོག་དཀའ་ངལ་བྱུང་བ་ཏུན་ཧོང་ཡིག་རྙིང་དུའང་ཟུར་ཙམ་འབྱུང་བ་ གོང་འཕྲོས་སུ་དྲངས་ན་འདི་ལྟར་རོ༎
“གསུམ་ཁྲིམས་འདུལ་ཁྲིམས་མྱི་ཤེས་པར༎
ལས་ཀྱི་རྡོ་རྗེ་བོང་བུས་ཉོ༎
ལས་ཀྱི་དབང་དང་མི་ལྡན་གུར་(པར)༎
འདྲེན་པའི་སློབས་(སློབ)དཔོན་གླང་གིས་ཉོ༎
འདྲེན་པའི་དབང་དང་མི་ལྡན་བར༎
རྡོ་རྗེ་རྒྱལ་འཚབ་(ཚབ)རྟ་ཡི་ཉོ༎
རྒྱལ་འཚབ(ཚབ)དབང་དང་མི་ལྡན་བ༎
རྡོ་རྗེ་རྒྱལ་བོ་བཙོན་གྱིས་ཉོ༎
དྲོད་དང་ཚོད་དང་མ་སྦྱར་བའི༎
ནོར་ཀར་བོར་བའི་སློབ་དཔོན་གྱིས༎
འཇིག་རྟེན་འདས་པའི་དོན་མྱི་རིག།
སློབ་མ་བརྒྱ་ལ་སློབ་དཔོན་སྟོང་༎
ལྷ་ཆོས་ཉན་པའི་མི་མ་མཆིས༎
གྲོང་ཚན་གཅིག་ལ་སློབ་དཔོན་བཅུ༎
ལས་ཀྱི་རྡོ་རྗེ་གྲས(གྲངས)ཀྱང་མེད༎
ཀུན་ཀྱང་ལྷ་རུ་འགྲུབ་སྙམ་སྟེ༎
མཇུག་ཏུ་སྡེ་ཚན་མང་པོ་ཡིས༎
རྡོ་རྗེ་ཕུང་པོ་བཤིག་ག་རེད༎”
ཕྱིས་སུ་སངས་རྒྱས་ཆོས་ལུགས་མི་སྣའི་བྱ་སྤྱོད་འདི་ལ་མངའ་རིས་རྒྱལ་པོ་ལྷ་བླ་ མ་ཡེ་ཤེས་འོད་ཀྱིས་ཀྱང་བཀའ་ཤོག་བཏང་ནས་བཀག་འགོག་བྱས་པ་འོག་ཏུ་འཆད་དོ༎
གོང་ འཕྲོས་བོད་ཀྱི་བྱང་ཤར་ཨ་མདོ་མཚོ་སྔོན་དུ་ཡོད་པའི་དམག་སྤྱི་ཆེན་པོ་དབའ་ཁྲོམ་ བཞེར་གྱིས་རང་དམག་ཁྲིད་དེ་དམག་དཔོན་ཆེན་པོ་འབྲོ་བཙན་བཞེར་གྱི་རུ་དཔུང་ལ་ རྒོལ་ཏེ་ལོ་མང་རིང་ནང་འཁྲུག་བྱས། མཐར་འབྲོ་བཙན་བཞེར་གྱིས་རང་དམག་བསྡུས་ཏེ་ཕྱིར་ལོག་བྱས་ནས་རང་གི་ཁྱིམ་གྱི་ ལྟེ་བ་ཡོད་སར་ཕྱིན་སྐབས་དབའ་ཁྲོམ་བཞེར་གྱིས་ཡང་སྐྱར་ཁྲི་འོད་སྲུང་སྤུ་རྒྱལ་ གྱི་གདུང་ཁུངས་མ་མིན་སྟབས་ཁོང་རང་བོད་ཀྱི་རྒྱལ་པོ་བྱེད་འདོད་ཀྱིས་འབྲོ་བཙན་ བཞེར་དང་དེའི་དམག་དཔུང་ལ་སྐྱར་དུ་རྒོལ་བ་དང་ཆབས་ཅིག་ཏུ་རྒྱ་དམག་ལ་ཡང་རྒོལ་ ཏེ་གཡུལ་སྤྲད་བཞིན་ཡོད་དུས་དེ་སྔོན་བོད་ཀྱི་དགྲ་ཡུ་གུར་གྱི་དམག་དཔུང་ཞིག་ མཚོ་སྔོན་གྱི་བྱང་ངོས་སུ་ཡོད་པ་རྒྱས་རོགས་རམ་དུ་བོས་ཏེ་རྒྱ་དང་ཡུ་གུར་གཉིས་ བསྡོངས་ནས་དབའ་ཁྲོམ་བཞེར་གྱི་རུ་དཔུང་དང་དམག་འཁྲུག་བྱས།དབའ་ཁྲོམ་བཞེར་རང་ སྤྱི་ལོ866ལོར་གཡུལ་དུ་བསད་པས་བོད་དམག་ཕམ། ཕམ་པའི་རྒྱུ་རྐྱེན་ཡང་བོད་དམག་རང་གི་ནང་དུ་ནང་འཁྲུག་ཡོད་པའི་རྐྱེན་གྱིས་ ཡིན།དེ་ནས་བཟུང་བོད་བཙན་པོའི་རྒྱལ་ཁབ་ཀྱི་བྱང་ཤར་དང་ཤར་ལྷོ་ཨ་མདོའི་མཐའ་ མཚམས་སུ་ཡོད་པའི་བོད་ཀྱི་དམག་དཔུང་རྣམས་བྱ་སྒྲོ་གནམ་ལ་གཏོར་བ་ལྟར་འཐོར། རྒྱལ་པོ་ཁྲིད་དར་མ་བཀྲོངས་ནས་ལོ་ལྔ་ཡང་མ་ལོན་པར་སྤྱི་ལོ848ལོར་ རྒྱ་ཤ་ཅུར་ཡོད་པའི་རྒྱའི་མི་དམངས་བོད་ཀྱི་དམག་གཞུང་ལ་ངོ་ལོག་བྱས་ཏེ་བོད་ ཀྱི་ཆབ་སྲིད་དང་དམག་དོན་གྱི་ལས་བྱེད་པས་གཙོས་རྒྱ་ཤ་ཅུར་ཡོད་པའི་བོད་མི་ རྣམས་ཕྱིར་འབུད་བྱས།རྒྱ་ཤ་ཅུ་ཐང་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པའི་གཏན་ཚིགས་དང་ ཐང་རྒྱལ་ཁབ་ཀྱིས་ཁོང་ཚོར་འཚོ་སྐྱོང་བྱེད་དགོས་ཀྱི་ཡིག་འཕྲིན་རྒྱ་ནག་གོང་མར་ བཏང་།རྒྱ་ཤ་ཅུ་འདི་བཙན་པོ་ཁྲི་ལྡེ་བཙན་གྱི་སྐུ་རིང་ལ་སྤྱི་ལོ787ལོ་ནས848ལོར་ བར་མི་ལོ་དྲུག་ཅུ་རེ་གཅིག་རིང་བོད་ཀྱིས་དབང་བསྒྱུར་བྱས།ཡུལ་འདི་དང་པོ་ལེན་ མཁན་བོད་ཤར་ཕྱོགས་ཀྱི་དམག་དཔུང་ཆེན་པོ་འབྲོ་ཁྲི་གསུམ་རྗེ་ཡིན།ཁོང་དེ་དུས་ ཙོང་ཁ་ཁྲི་ཤོས་ཀྱི་ཁྲོམ་གྱི་དམག་སྤྱི་ཡིན།འདིས་རྒྱ་ཤ་ཅུའི་ཉེ་འཁོར་གནས་སུ་ ཞེས་པ་སྤྱི་ལོ774ལོར་བླངས།དེ་ནས་ཧོ་སི་དང་སུམ་ཅུ་གཉིས་སྤྱི་ལོ776ལོར་བླངས།དེ་ནས་ཧ་མི་སྤྱི་ལོ779ལོར་བཅོམ།ཡུལ་འདི་ཚོ་བཅོམ་པའི་རྗེས་སུ་ད་དུང་ལོ་བཅུའི་རིང་དམག་བརྒྱབ་ནས་སྤྱི་ལོ787ལོར་ གཞི་ནས་རྒྱ་ཤ་ཅུ་བླངས།དེར་བརྟེན་རྒྱ་ཤ་ཅུ་བསྡད་པའི་བོད་མོ་རྣམས་ཕལ་ཆེ་བ་ དམག་དོན་གྱི་ལས་བྱེད་པ་ཡིན་པར་མ་ཟད་དེར་བཙུགས་པའི་ས་གནས་ཀྱི་སྲིད་གཞུང་ཡང་ དམག་གཞུང་ཡིན།དམག་གཞུང་འདི་རིགས་ལ་ཁྲོམ་ཞེས་འབོད། དེ་ཡང་བོད་བཙན་པོའི་རྒྱལ་ཁབ་ཀྱིས་བོད་ཀྱི་ས་ཁུལ་མ་ཡིན་པའི་མངའ་རིས་གཞན་ལ་ དབང་བསྒྱུར་པའི་ས་ཁུལ་དུ་བཙུགས་པའི་དམག་གཞུང་གི་མིང་ཡིན།དེ་ལྟའི་སྒྲིག་གཞི་ བོད་དབུས་གཙང་ཁུལ་དུ་བཙུགས་པ་ནི་དེ་ཁུལ་དུ་ཁྲོམ་གྱི་འཛུགས་བསྐྲུན་བྱུང་བའི་ ལོ་རྒྱུས་མེད་པས་ཀྱང་ཤེས་ཐུབ། དེར་བརྟེན་བོད་བཙན་ པོའི་རྒྱལ་ཁབ་འདི་ཉིད་དུས་རབས་བརྒྱ་ཕྲག་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ལ་འཛམ་ གླིང་ཤར་དཀྱིལ་དུ་ཆེས་གཟི་བརྗིད་ཆེ་བ་དང་མཚན་སྙན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་དམག་དཔོན་ཆེན་པོ་དབའ་ཁྲོམ་བཞེར་ནི་ཕལ་ཆེར་བོད་བཙན་པོའི་རྒྱལ་ཁབ་ ཀྱི་དམག་དཔོན་གཡུལ་དུ་བསད་པ་མཐའ་མ་དེ་ཡིན། ཁྱིམ་ཚང་འདི་ཉིད་དང་པོ་བཙན་པོ་གནམ་རི་སྲོང་བཙན་གྱི་དུས་སུ་བོད་ཀྱི་རྒྱལ་ ཕྲན་དུ་མ་གཅིག་གྱུར་བྱེད་པ་དང་བོད་བཙན་པོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ལ་ རླབས་ཆེན་གྱི་བྱས་རྗེས་བཞག་པའི་ཁྱིམ་ཚང་ཞིག་ཡིན་པར་མ་ཟད་བོད་དུ་སངས་རྒྱས་ ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་ཏུ་ཡང་ཧ་ཅང་སྐད་གྲགས་ཡོད་པའི་རུས་རྒྱུད་ཅིག་རེད། འོན་ཀྱང་དབའ་ཁྲོམ་བཞེར་གྱིས་ཁྲི་འོད་སྲུང་སྤུ་རྒྱལ་གྱི་གདུང་རྒྱུད་ངོ་མར་ ཁས་ལེན་མ་བྱས་ཁར་རང་ཉིད་བོད་ཀྱི་རྒྱལ་བོ་བྱེད་རྒྱུའི་ཞེ་འདོད་ཁོང་དུ་བཅུག་ སྟེ་བོད་དམག་ནང་ཁུལ་དུ་འཁྲུགས་ལོང་བྱས་པར་བརྟེན་མཐར་བོད་བོད་བཙན་པོའི་རྒྱལ་ ཁབ་གཏོར་གཤིག་བཏང་བའི་རྒྱུ་རྐྱེན་གྱི་ཆ་གཅིག་ཀྱང་དབའི་རུས་རྒྱུད་ཀྱིས་བྱས་ པ་འདི་ནི་བོད་མི་རྣམས་ཀྱིས་བློ་ཕམ་བྱེད་དགོས་པའི་ལོ་རྒྱུས་ཤིག་མ་རེད་དམ།
ཁྲི་འོད་སྲུང་ཕོ་བྲང་འཕང་ཐང་དུ་དགུང་ལོ་སོ་དགུ་པ་སྤྱི་ལོ881ལོར་འདས་པ་དང་འདས་མཆོད་རང་གི་སྲས་དཔལ་འཁོར་བཙན་གྱིས་གཙང་དུ་ཡོད་པའི་གྲོམ་པ་ལྷ་རྩེ་རྫོང་རྒྱབ་ཏུ་བྱས་པར་བཤད་དོ༎
ལོ་རྒྱུས་འདི་ཀློག་ཚར་སོང་། མིག་རབ་རིབ་ཆགས་སོང་། ངལ་གསོ་རྒྱག་རྒྱུ་ཡིན།
ལོ་ར྄ྒ྄ྱུས་འདི་བཀ྄ླག་པས་བ྄ློ་བས྄ྐ྄ྱེད་གསར་པ་དེ་འད྄ྲ་མང་པོ་ཞིག་བ྄ྱུང༌།
ད་དུང་ཡང་ཡང་བཀ྄ླག་ནས་བསམ་ཚུལ་འད྄ྲ་འབུལ་འདོད་ཡོད།
འདི་ཚོ་ནི་བདེན་དཔང་ཡོད་པའི་ལོ་ར྄ྒ྄ྱུས་རང་རེད།
ང་ཚོའང་འདི་འད྄ྲ་ལ་དོག་དཔ྄ྱོད་ཀ྄ྱིས་ག྄ྲོགས་ག྄ླེང་འད྄ྲ་བ྄ྱུང་ན་ཡག་པོ་རེད།
དེ་མིན་བུ་མོ་མཛེས་དང་མི་མཛེས་ར྄ྨི་ལམ་ས྄ྐ྄ྱིད་དང་མི་ས྄ྐ྄ྱིད།
ར྄ྐ྄ྱང་ར྄ྐ྄ྱང་བཤད་ནས་ར྄ྒ྄ྱུ་མཚན་མ་མཐོང༌།
འདི་མཐོང་ནས་རང་གིས་ལོ་མང་སྔོན་བྲིས་ཏེ་གཉན་ཆེན་ཐང་ལྷའི་སྤེལ་བའི་ལོ་རྒྱུས་ཀྱི་མེ་ལོང་ནང་གི་ལྷ་སྲས་དར་མའི་གཟུགས་རིས་ངོ་མ་ཞེས་པ་དེ་དྲན་སོང་།
རྩོམ་ཡིག་འདི་ངས་བཀླགས་ཟིན་པ་ཡིན། ཀླུ་སྨྱོན་གྱི་རྩོམ་དེ་ཡང་དྲ་ངོས་སུ་འཇོག་རོགས་ཞུ། དྲ་གྲོགས་འདིས་མཆན་བུ་གར་བཏབ་ཀྱི་ཡི་གེ་ཚང་མ་ཐོར་ནས་བསྡད་འདུག་གཱ ཡང་ན་མི་གཞན་ཟིག་ལ་འདིའི་ཐད་ནས་སྐད་ཆ་རེ་དྲིས་ནས་མཆན་ཡིག་མི་ཐོར་བ་བཟོ་རོགས་གནོངས།
ངས་དེར་གླང་དར་མ་དཀར་འདོན་བྱས་ཡོད་པས་ཡང་མཁར་རྨེའུ་བསམ་གཏན་གྱི་སྲན་མ་མ་ཆོད་པར་ཀླུ་སྨྱོན་གྱི་ཡོས་འཆའ་གི་ཡོང་ནི་མང་ནི་རེད་ཡ།
སྲན་མ་མ་ཆོད་པར་ཡས་འཆའ་མཁན་དག་གི་མཆན་བུར་ལྟོས་དང་ཤེས་ནི་རེད། དྲ་ངོས་འདི་ན་ཚིག་ལ་སྙེགས་མཁན་དང་དོན་ལ་སྙེགས་མཁན་གང་མང་མང་ཡོད་ནི་རེད། གང་ལྟར་ཁྱོད་ཀྱི་དཔྱད་ལ་གནད་ལ་ཐོངས་ཡོད་ན་དེ་གས་འགྲིག་གི་རེད། སྲན་མར་དགའ་ནི་ཚོས་སྲན་མ་ཟ་གི་རེད། སྲན་མ་མི་ཆོད་མཁན་ཚོས་ཡས་འཆས་ན་ཡང་འགྲིག་གི་རེད་མོ། གང་ལྟར་དྲ་ངོས་སུ་འཇོག་རོགས། དེ་མིན་ན་རྡོ་འབུམ་ཡིན་ན་རྡོ་བུམ་ཡིན་དེ་ཚང་ནའང་ཁྱོད་ལ་གཞིས་ཆུང་ཡོད་ཀི་མོ། དེ་ནས་བལྟ་ནའང་ཆོག་གི་ཡ།
རྡོ་འབུམ་ཚང་ན་ཅང་མེད། ཡང་འབུ་ལུ་གཏུབ་རྒྱུ་ཞིག་གིས་ངའི་མིང་ཐོག་ནས་ཟིན་བྲིས་གཉེར་གི་ཡོད་ནི་མིན་ནམ། ལྟས་ངན། ཟླ་བ་འདིའི་ནང་དུ་ང་ལ་སློངས་ཡོང་གི་ཡོད་ས་རེད། སློངས་ཟེར་ན་ཤེས་ཀ གཅོད་པ་ཚོས་གཅོད་འདོན་དུས་བར་ཆད་འདྲ་མིན་ཡོང་བ་དེར་སློངས་ཟེར་ནི་རེད། དེ་བར་ཆད་དུ་མ་ཤེས་པར་ཕར་འཛིང་བ་དང་སྐྲག་སྣང་སྐྱེས་པ་སོགས་བྱུང་ན་འགྲིག་གི་མ་རེད། དེ་ལ་ཅི་མི་སྙམ་པར་འཇོག་དགོས་པ་རེད། ངས་ནི་དྲ་ངོས་འདི་ནས་ཅིག་ཅིག་མུག་མུག་ཟེར་མཁན་ཚོ་དྲ་བའི་སློངས་ལ་རྩི་གིན་ཡོད། ཁ་མེད་ཧ་ཧ་ཟེར་བ་དང་། གཟུགས་མེད་ལག་རྙོབ་བྱེད་པ་སོགས།
མཁར་རྨེའུ་ལགས་ཀྱིས་གླང་དར་དཀར་འདོན་བྱེད་ཀྱིན་ཡོད་པ་མ་རེད། བོན་པོ་དཀར་འདོན་བྱེད་ཀྱིན་འདུག ཁྱེད་ཚོས་ཡག་པོ་བྱས་ནས་ཀློག་དང་། གནད་དོན་ངོ་མ་དེ་བན་བོན་གཉིས་ལས་བོན་པོ་དཀར་ཚུལ་ཞིག་གིས་མཇུག་བསྡུས་ཡོང་གིན་འདུག ཁང་དཀར་ཚུལ་ཁྲིམས་འདི་གཉིས་ལ་ན་ཚ་འདི་འདྲ་ཞིག་ག་དུས་ཡིན་ན་ཡང་ཡོད་ཡོད་པ་རེད། གནའ་བོའི་ཡིག་ཆ་ཅིག་ཅིག་མིག་མིག་ཟེར་ནས་རང་གི་འདོད་ཕྱོགས་ལ་རྒྱབ་སྐྱོར་དུ་འོས་པ་རེ་ཡོད་ན་ཁུངས་སུ་དྲངས། རང་གི་འདོད་ཕྱོགས་ལ་རྒྱབ་སྐྱོར་དུ་མི་འགྲོ་བ་རེ་ཡོད་ན་སྦས་སྐུང་ཅི་ཐུབ་བྱེད། མདོར་ན་མི་འདི་ཚོས་སློབ་སྦྱོང་ཅིག་ཅིག་མིག་མིག་རེ་བྱས་ཡོད་ཀྱང་རང་རང་གི་ཀླད་པའི་སྦུགས་ཀྱི་རྨོངས་དད་ཀྱི་ཁུངས་བུ་ནག་ཏིང་ངེ་བ་དེ་ལ་འགྱུར་བ་གཏོང་འདོད་ནམ་ཡང་མི་འདུག མི་འདི་རིགས་ལ་རེ་བ་ཆེན་པོ་ཡོད་པ་མ་རེད། ངས་ཁྱོད་ཚོར་སྙིང་གཏམ་ངོ་མ་བཤད་ཀྱིན་ཡོད།
ཨ་ཁ་མཁར་ར྄ྨེའུ་ནི་མི་མཁས་པ་ཆེན་པོ་ཞིག་རེད།
ད་ཡིན་ན་ཁོང་རང་གི་ཕ་མའི་མཆེད་ཁུང་མ་འག྄ྲིག་པ་ཡིན་ས་རེད།
དེ་མིན་ཁོང་ལ་ར྄ྒ྄ྱལ་ས྄ྤ྄ྱི་བོད་རིག་པའི་ས྄ྡིང་ཆར་གདེང་ཆོག་ཆེན་པོ་ཡོད་མཁན་ཞིག་རེད་འདུག།
མ་ཟད་བོད་མི་ཕ྄ྱི་ར྄ྒ྄ྱལ་ཚན་རིག་གི་ས྄ྡེ་ཚན་ག྄ྱི་ཆེས་མཐོའི་ལག་ཁ྄ྱེར་ལེན་མཁན་དང་པོ་རེད་ཟེར་ན་ཅང་མ་འབ྄ྲིག་པ་ཡོད་ར྄ྒ྄ྱུ་མ་རེད།
མ་གཞི་ནས་ཁོང་ལ་བོན་པོ་ཚོས་བོན་ག྄ྱི་ས྄ྐོར་ལ་ད྄ྲང་བདེན་བ྄ྲིས་མི་འདུག་ཅེས་བཤད་ནས་ངོ་ར྄ྒོལ་བ྄ྱས་པ་ཞིག་གོ་བ྄ྱུང་བདེན་མིན་མི་ཤེས།
ཡང་དུས་བབ་ནས་ད྄ྲིས་པ་ཁག་ལ་ལན་འདེབས་བ྄ྱས་པའི་ས྄ྐོར་ལ་ར྄ྨོངས་ཞེན་ག྄ྱིས་བཟི་བའི་འགའ་ཞིགགིས་མ་འདོད་པའི་ར྄ྣམ་འག྄ྱུར་ས྄ྟོན་པར་གོ་བ྄ྱུང༌། བདེན་མིན་མི་ཤེས།
ག྄ླང་དར་ས྄ྐོར་བཤད་དུས་བོན་པོ་དཀར་འདོན་བ྄ྱས་པ་དེ་འད྄ྲ་རང་མ་མཐོང༌། ཡིན་ནའང་ས྄ྐ྄ྱར་ཞིབ་ཞིག་བ྄ྱ་ར྄ྒ྄ྱུ་ཡིན།
ད་བ྄ྱེད་དུས་བོད་ཀ྄ྱི་གཏམ་དཔེར།
གཞན་ག྄ྱིས་བ྄ྱས་པར་མིག་ཚ།
རང་གིས་བ྄ེུད་དུས་ས྄ྣ་ཉེར།
དེ་འད྄ྲ་ཞིག་ཏུ་མཐོང་གི་འདུག
མ་གཞི་ནས་བོད་ཀ྄ྱི་ལོ་ར྄ྒ྄ྱུས་འབ྄ྲི་བ་པོ་བར྄ྒ྄ྱ་ཆ་དགུ་བཅུ་གོ་དགུ་ཕ྄ྱོགས་ལ྄ྷུང་ཤ་ས྄ྟག་གི་ས྄ྟེང་ནས་བ྄ྲིས་པ་ཞིག་རེད་ཟེར་ན་ཅུང་ཐལ་ཆ་ཆེ་མོད། ཡིན་ནའང་ངས་དེ་ལ྄ྟར་མཐོང༌།
འོན་ཀ྄ྱང་མཁར་ར྄ྨེའུ་ཡིས་ག྄ླང་དར་མགོ་ལ་ཟང་གི་རྭ་ཅོ་མེད་པ་བཟོས་པ་དེ་ནི་ཁོང་གིས་བོད་ར྄ྒ྄ྱལ་འདི་ཉིད་མི་ཞིག་ཡིན་པར་ས྄ྒ྄ྲུབ་པ་རེད།
དེ་མིན་བོད་མི་ཚོའི་བསམ་པར་ག྄ླང་དར་ནི་གཤིན་ར྄ྗེ་ཞིག་དང༌། ་ཡང་ན་བ྄ྱོལ་སོང་ཞིག་ཏུ་སེམས་ནས་ས྄ྡད་ཡོད་པ་རེད།
མཁྱེན་དཔྱོད་ཡངས་བའི་སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ཀྱི་རྩོམ་ཡིག་འདིའི་ནང་དོན་འགྲེལ་བཤད་གནང་བ་ཐུགས་རྗེ་ཆེ། ད་ཐེངས་ཕྲན་ལ་རྩོམ་ཡིག་ཡག་པོ་ཞིག་ཀློག་ཁོམ་མེད་པས་ནང་དོན་གསལ་ཁ་མ་དོད་ཀྱང་ཉིད་ཀྱི་གསུངས་ལ་ཡིད་ཆེས་ཡོད། དེང་སྐབས་བོད་མིའི་ལས་དབང་ལ་ཆགས་འཇིག་གི་དཀའ་ངལ་འཕྲད་སྐབས་བོད་རྒན་མང་པོས་གནས་སྟངས་དེ་གོ་སྐབས་ཤིག་ཏུ་ངོས་འཛིན་གྱིས་རྒྱ་དང་ཧི་མ་ཡ་ཡའི་རི་རྒྱུད། མཐའ་ན་ཐབས་ཤེས་ཡོད་དགུ་རྩ་སྤྲུགས་བྱས་ནས་སངས་རྒྱས་ཆོས་ལུགས་ལ་སྙིང་ནད་རྩོད་ཐབས་བྱེད་ཀྱིན་འདུག དངོས་གནས་མི་རིགས་འདིས་དུས་རྒྱུན་ལྷ་སྲུང་དང་ཆོས་ལུགས་ཤ་སྟག་རྩོད་ནས་བདག་དབང་དང་མངའ་ཁོངས་ཀྱི་འདུ་ཤེས་མེད་པ་འདིས་མཐར་འཇིག་རྒྱུ་ཡིན་པ་དངོས་གནས་རེད། མི་རིགས་འདིའི་ཆེད་དུ་ཤི་ཞིང་གཙོན་ཁང་དུ་མནར་གཅོད་མྱོང་བའི་དཔའ་པོ་ཚོ་སྙིང་མ་རྗེ། ད་ལྟ་ཧི་མ་ལ་ཡི་རི་རྒྱུད་ཀྱི་བོན་ཚོས་བོན་གྱི་འབྱུང་ཁུངས་བོད་མིན་ཤིང་ཧི་ཡ་ལ་ཡིན་པ་སྒྲུབ་བཞིན་ཡོད། དངོས་གནས་བྱས་ན་ཧི་ལ་ཡི་ཟེར་བ་ནི་བཙན་པོ་སྐབས་བོད་ནས་ལོགས་སུ་མེད་ཅིང་བོད་སིལ་བུ་ཐོར་རྗེས། རི་མྱི་ཧི་མ་ལ་ཡའི་རི་སྒང་གི་མི་ཚོས་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་ཉིད་ཀྱི་ཆད་ཁུངས་བརྗེད་པས་རེད།
ཨ་ཙི་ཨ་ནུ་ཐང་དེ་འད྄ྲ་རང་བཤད་ར྄ྒ྄ྱུ་ཡོད་ན་
ཕ྄ྱོགས་རིས་དང་ཕ྄ྲག་དོག་གི་ས྄ྐད་ཆ་དེ་ཚོ་མ་བཤད་པ་བ྄ྱས།
དོན་ག྄ྱི་ག྄ླང་དར་མའི་ས྄ྐོར་ལ་ག྄ླེངས་ས྄ྟེགས་འད྄ྲ་བ྄ྱས་ན་ལེགས།
དེ་མིན་བར྄ྗོད་བ྄ྱས་ས྄ྟོང་པའི་ཁ་བར྄ྡ་ཆགས་ས྄ྲིད་པ་རེད།
མ་གཞི་ནས་མི་སུ་ཞིག་ཡིན་རུང་རང་ལ྄ྟ་ལ་ཆགས།
གཞན་ལ྄ྟ་ལ་ས྄ྡང་བར་བ྄ྱེད་མཁན་ཤ་ས྄ྟག་རེད།
གཅིག་ཏུ་ར྄ྒ྄ྱུག་པ་ལེབ་བར྄ྡུང་བ྄ྱེད་པའི་བ྄ྱེད་ས྄ྟངས་འདི་ཚོ་ཡག་ར྄ྟགས་ཞིག་མ་རེད།
འབྲོང་རྒོད་ཀྱི་ཀློག་ཐུབ་ཀྱིན་མི་འདུག འབྲོང་ཤི་བའི་རུས་འ་འཐོར་བ་བཞིན་དུ་འབྲོང་རྒོད་ཀྱི་ཡིག་གཟུགས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ལ་འཐོར་འདུག
སྤོབས་པ་མཐའ་ཡས་ལགས་ཁྱེད་ཀྱིས་ཀློག་ཐུབ་པ་འདུག་གམ།
སྤོབས་པ་མཐའ་ཡས་ལགས་ང་ཡི་གློད་ཀླད་དུ་ངས་བྲིས་པ་རྣམས་ཀློག་ཐུབ་ཀྱི་འདུག་
ཁྱེད་དེར་གང་བྱས་པ་ཡིན་ནམ། འདི་ནི་ Microsoft himalaya ཟེར་བ་དེ་ཡིན།
འདི་ཡག་པོ་ཀློག་ཐུབ་པ་ཡོད་ན་རྗེས་སུ་འདི་བེད་སྤྱོད་བྱ་རྒྱུ་དང༌།
གལ་ཏེ་འདི་ཡང་འབྲོང་ཤི་བའི་རུས་པ་ནང་བཞིན་ཡོད་ན་ཐབས་ཤེས་གཞན་མ་ཞིག་འཚོལ་གྱི་ཡིན།
ར྄ྩོམ་འདི་ལ་ཀ྄ློག་ས྄ྙིང་འདོད་བ྄ྱུང་ག་ལས་བ྄ྱེད་ནས་ཀ྄ློག་གི་ཡིན་དེ་ནས་བསམ་ཚུལ་འད྄ྲ་ཡོད་ན་ཞུ་ཆོག་པ།
རྩོམ་འདི་ཡི་ཆ་ཤས་ཤིག་སྔར་ཡང་བཀླགས་མྱོང་དང་། མཁར་རྨེའུས་དཔྱད་ཞིབ་བྱེད་སྟངས་དེ་དེང་དུས་ཚན་རིག་དང་མཐུན་མདོག་ཁ་པོ་འདུག་ནའང་། རང་ཉིད་མི་རིགས་འདི་ཡི་ནང་ཆོས་ཉམས་མྱོང་ལ་གཞིགས་ན། ང་ཡང་སྤོབས་པ་མཐའ་ཡས་ཀྱི་མཆན་བུ་༨པ་དང་དཔར་བཀབ་དུ་མཐོང་སོང་ནའང་ད་དུང་དཔྱད་པར་འཚལ།
འབྲོང་རྒོད་ཟེར་བ་ཡིན་པ་འདྲ། ཁྱེད་ཀྱི་མཆན་བུ་རྗེས་མ་གཉིས་འགྲིག་འདུག འོན་ཀྱང་ཁྱེད་ཀྱི་མིང་ཡིག་དེ་ད་དུང་ཡང་ཐོར་འདུག དེ་ཡང་མཆན་བུ་རྗེས་མ་གཉིས་ནང་བཞིན་བྲིས་ན་ཐོར་ས་མ་རེད།
འབྲོང་རྒོད་ཀྱི་མཆན་ཚང་མ་ཀློག་མི་ཐུབ་ཀི་ཟེར་ནས་ཁ་སྔོན་ནས་ཐེངས་ཁ་ཤས་བཤད་པ་ཡིན། དེའི་རྗེས་ནས་བཅོས་ཀྱི་ནི་མི་འདུག སུས་ཀྱང་ཀློག་ཐུབ་ཀི་ནི་མ་རེད། ཡང་ང་སྔོན་འདིས་ང་ལ་རྒྱག་རེ་རྒྱག་སྐབས་ཆ་ཚང་ཀློག་ཐུབ་ཀྱི་འདུག འདི་ང་ཚོ་འཛིན་གྲྭ་ནང་གི་ཨ་རུང་ལྐུག་ཅོའི་ལྡོག་ཟླ་རེད། ཨ་རུང་ལྐུག་ཅོ་ཡིན་ན་རྒྱག་རེ་རྒྱབ་ན་དེ་ནས་ལྐུག་སོང་ནས་སྐད་ཆ་བཤད་པ་གོ་གི་མ་རེད། འབྲོང་རྒོད་ལ་རྒྱག་རེ་རྒྱབ་ན་གོ་ཐུབ་པ། མ་ཐོར་བ་ཞིག་བྲིས་ཡོང་གི་རེད། འོན་ཀྱང་ནམ་རྒྱུན་གྱི་ཁོང་གི་མཆན་རྣམས་ཀློག་ཐུབ་ཀྱི་མ་རེད། ཇ་ཀི་ཆན་གྱིས་ཀོང་ཧྥུ་རྒྱབ་པ་ནང་བཞིན་རེད། དེ་རིང་ཡང་མཆན་ཡིག་ཞབས་མ་གཉིས་ཀློག་ཐུབ་གི་འདུག འོན་ཀྱང་གོང་མ་ཚང་མ་ཀློག་མི་ཐུབ་ཀི ཕལ་ཆེར་གོང་མ་ཚོ་རྩོམ་ཡིག་ལ་དཔྱད་པ་མིན་འགྲོ
ཀརྡོ་རབ་འབྱམས་པ་འདིས་ཁ་ཡར་གྲགས་ལ་ཚན་རིག་དང་མཐུན་མིན། མར་གྲགས་ལ་ཚན་རིག་དང་མཐུན་མིན་ཞིག་བཤད་ཡོང་གི ད་འོ་ན་ཤོད་དང་། མཁར་རྨུའི་བསམ་གཏན་གྱི་དཔྱད་པ་གང་ཞིག་ཚན་རིག་དང་མཐུན་གྱི་འདུག ཚན་རིག་གང་དང་མཐུན་གྱི་འདུག ཚན་རིག་དང་མཐུན་ལུགས་མཐུན་སྟངས་ཞིག་ཤོད་དང་། དེ་མིན་ཁ་གདངས་ཚད་ལ་ཚན་རིག་ཅིག་ཅིག་ཟེར་ན། དེ་ནི་སྦོམ་བཤད་ཚ་དྲག་འདུག
ཅི་རེད། ཡང་ཁྱོས་ད་ར་འཐུང་དང་ནས་འདིར་ཡོང་ནི་མིན་ནམ། ཁ་ཚ་ནོར་ལྟོས་ད། འོན་ཀྱང་སྐད་ཆར་བདེན་ཤད་ཆེ་གི བཟི་ཡོད་ས་མ་རེད།
གཞོན་ནུ་ཟླ་མེད་ལགས་ཁྱེད་རང་དེ་འདྲ་རང་བཤད་དོན་མེད།
སེམས་པ་སྐྱིད་པོ་བྱེད་ཐུབ་ན་འཕྲོད་བསྟེན་ལ་ཕན་པ་དང་སྐུ་ཚེ་ཡང་རིང་རྒྱུ་རེད།
དེ་མིན་སྔར་ཅིག་ཅིག་བྱས་བྱུང་ཟེར་ནས་སྙིང་དཀྱི;ལ་དུ་གཏེར་དུ་སྦས་ཏེ་བཞག་ན་ཉིན་ཅིག་སྙིང་གི་ནད་གཞིས་མནར་ཏེ་འགྲོ་རྒྱུ་རེད་མ་གཏོགས་དེ་དུས་ཐབས་ཤེས་ཡོད་པ་མ་རེད།
ཐུགས་ལྷོད་པོ་བྱས་ཏེ་གྲོགས་གླེང་བྱེད་ཆོག་གི་རེད།
མཁར་རྨེའུ་ཡིས་བྲིས་པའི་གླང་དར་གྱི་སྐོར་དེ་ང་ལ་རྒྱུས་མངའ་དེ་ཙམ་རང་མེད། འོན་ཀྱང་སྔར་ནས་གོ་ཐོས་ཞིག་ལ་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་མ་བྱས་པ་རེད་ཟེར། རྒྱུ་མཚན་ཀླད་རྙིང་ཁྲེགས་བཟུང་བ་འགའ་ཞིག་གིས་བསམ་འཆར་བཤད་པ་ལ་བརྟེན་ནས་བྱུང་བ་རེད་
ཟེར།
གང་ལྟར་ཁོང་གིས་བྲིས་པ་དེ་ལ་ནུབ་ཕྱོགས་པའི་བོད་གནས་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱབ་སྐྱོར་
ཐོབ་ཚུལ་དང༌། ་ ཕྱིས་སུ་བོད་ནང་གི་མཁས་པོ་མང་པོས་ཀྱང་རྒྱབ་སྐྱོར་ཐོབ་ནས་བོད་ནང་ནས་དཔར་སྐྲུན བྱས་པའི་དེབ་ཞིག་ང་ལ་ཐོབ་བྱུང༌།
དེ་འདྲ་ཡིན་དུས་ཁོང་གིས་བྲིས་པ་དེར་ངས་གོ་ཐོས་ཙམ་ལས་ཀྱང་གདེང་འཇོག་བྱེད་འོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
ང་ཚོ་བོད་མི་རིགས་འདི་ལ་ཐོག་མར་ཆོས་ལུགས་དང་ཆོས་རྒྱུད་ཀྱི་སྟེང་ནས་འོང་པའི་དྲི་མ་འཐུག་པོ་
ཞིག་དང༌། དེ་ཡི་སྟེང་དུ་ཆོལ་ཁའི་ཞེན་ཁོག་ཆེན་པོ་གཉིས་རེ་ཡོད་པ་རེད། དེ་གཉིས་ནི་ས་ལམ་བཤད་པའི་སྐབས་ནས་བྱས་ན་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་བཟོ་འདྲ་བོ་ཞིག་རེད།
དེ་ཡིན་དུས་སྒྲིབ་པ་གཉིས་དང་དེ་གང་རུང་མེད་པའི་སེམས་ཅན་ཞིག་ཤིན་ཏུ་ཁག་པོ་རེད།
ཟླ་མེད་ལགས།
འདི་འདྲའི་ཧབ་པ་ཧོབ་བེས་བཀའ་བཀྱོན་མ་གནང་རོགས། ངས་”དེང་དུས་ཚན་རིག་དང་མཐུན་མདོག་ཁ་པོ་འདུག་ནའང་།”དང་། ཡང་། “ང་ཡང་སྤོབས་པ་མཐའ་ཡས་ཀྱི་མཆན་བུ་༨པ་དང་དཔར་བཀབ་དུ་མཐོང་སོང་”ཞེས་པའི་༼མཐུན་མདོག་ཁ་པོ་༽ དང་། འང་སྒྲ་ལ་ཐུགས་བསམ་བཞེས་སྐུ་རླུང་ཞི་ངེས་དང་། སྤོབས་མཐའི་མཆན་བུ་༨པ་བཀླགས་ན་ངེད་གསུམ་བསམ་མཐུན་མི་འདུག་གེ ཐུགས་རྗེས་གཟིགས། ཡང་བསྐྱར་ཆ་ཚང་ཞིག་ཀློག་རོགས་ཞུ།
གོང་གསལ་གྱི་རྩོམ་འདིར་བསམ་ཚུལ་ཁ་ཤས་ཞུ་ན་བསམ་སོང་།
གོང་དུ། ་་དར་མའི་རིང་དུ་སངས་རྒྱས་ཆོས་ལུགས་དར་བས་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་ འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས།་་ ཞེས་བཤད་འདུག་ཀྱང་། འདི་ལ་ཁུངས་དང་གཞི་རྩ་དེ་འདྲ་གང་ཡང་བྲིས་མི་འདུག ཕལ་ཆེར་མགོ་མཉམ་ལྟ་བུ་ཡིན་ན། དེའི་སྐབས་དམག་འབོར་ག་ཚོད་ཡོད་པ་རེད། དེ་ལ་ལོ་རེའི་འགྲོ་སོང་ག་ཚོད་ཅིག་ཡོད་པ་རེད། གྲྭ་བ་ག་ཚོད་དང་། དེའི་ལོ་རེའི་འགྲོ་སོང་ག་ཚོད་ཅིག་ཡོད་པ་རེད། མ་མཐའ་ཡང་འདི་ལ་རོབ་རྩིས་ཙམ་ཡང་བཤད་རྒྱུ་མེད་ན་སྐད་ཆ་འདི་ཁུངས་མེད་རེད།
ང་ཚོས་མཉམ་གཅིག་ཏུ་བསམ་ཞིབ་ཅིག་བྱེད། ཆོས་རྒྱལ་ཚོའི་སྐབས། བོད་ཀྱི་སྲིད་ཀྱི་ལོ་རྒྱུས་ཉུང་ཉུང་རེད། དེ་བདེན་པ་རེད། ཆོས་ཀྱི་སྐོར་ནས། ལྷ་ཁང་གོག་ཏོ་ཞིག་བཞེངས་པ་དང་། ཆོས་པོ་ཏི་གཅིག་བསྒྱུར་བ། མཆོད་རྟེན་ཞིག་བཞེངས་པ་ཚུན་ཆད་ཞིབ་ཚགས་བྱས་ནས་བྲིས་ཡོད་པ་རེད་སྙམ། དེ་ཡིན་ན། སྲོང་བཙན་ནས་ཁྲི་རལ་བར་ལྷ་ཁང་དང་གཙུག་ལག་ཁང་ག་ཚོད་ཅིག་བཞེངས་ཡོད་པ་རེད། ཞེ་དྲག་མང་པོ་ཡོད་པ་མ་རེད་སྙམ། དེ་ལྟར་མེད་པ་ནི། ཆོས་ནམ་དར་མགོ་ཚུགས་པ་ཡིན་ན་དེ་ལ་ནམ་ཡིན་ན་ཡང་བགེགས་རྐྱེན་ཞིག་ཡོད་པ་རེད། དེ་ནི་ ་་ཆོས་ལ་གནག་་ པའི་བློན་པོ་ཟེར་བ་དེ་ཚོ་རེད། ཆོས་དེ་དར་རྒྱས་ཆེན་པོར་འགྲོ་མི་དགོས་པར། དར་རྒྱས་འགྲོ་བའི་མགོ་བཙུགས་པ་དང་བློན་པོ་ཆོས་ལ་གནག་པ་དེ་ཚོ་སྲོང་བཙན་ནས་ཁྲི་རལ་བར་ཡོད་ཡོད་པ་རེད། དེར་བརྟེན། ་་རྒྱ་ལྷ་་ ཡི་མགོར་ཡང་དཀར་ངལ་རིམ་པར་བྱུང་བ་ད་རེས་འདི་གཅིག་པོ་ག་ལ་ཡིན། འདི་ནི་རྒྱ་ཡི་ལྷ་གཅིག་པུར་མ་དགའ་བ་ཞིག་ཀྱང་མིན་པ་ནི། ཡས་ཀྱི་ལྷ་ཡར་ལ་སྐྱེལ། མས་ཀྱི་ལྷ་མར་ལ་སྐྱེལ་ཟེར་བ་དེས་ཀྱང་ཤེས་ནུས།
མེས་ཨག་ཚོམ་སྐབས་ཀྱི་ལི་ཡུལ་གྱི་དགེ་སློང་ཚོར་དཀའ་ངལ་ཅི་ཕྲད། ཀྱིམ་ཤིང་ཀོང་ཇོར་དཀའ་ངལ་ཅི་ཕྲད། མོས་བོད་ཀྱི་ས་ལ་བཅོས་ངན་བྱས་པ་རེད་ཟེར་བ་དེ་ཚོའང་། མདོར་དེད་ན། མཆོད་རྟེན་རེ་བཞེངས་པ་ལྟ་བུས་མཚོན་ནོ། བསམ་ཡས་བཞེངས་་སྐབས་དཀའ་ངལ་ཅི་འཕྲད། ཁྲི་སྲོང་ལྡེའུ་བཙན་ལ་དཀའ་ངལ་ཅི་འཕྲད། སློབ་དཔོན་རིན་པོ་ཆེ་འགྲོ་དགོས་བྱུང་བ། ཁྲི་སྲོང་ལྡེའུ་བཙན་ལ་ལྐོག་མདའ་ཐེབས་ནས་གྲོངས་པའི་སྐད་ཆ་ཡོད་པ་སོགས་སོ། དེ་ནས་ཁྲི་རལ་སྐབས། ཡང་སྐྱར་ཆོས་དར་བའི་མགོ་ཚུགས་པ་རེད། རྒྱལ་པོ་གོང་མ་ཚོ་ལས་ཆོས་ཀྱི་གཞི་རྩ་བརྟན་པོར་བཙུགས་པ་རེད། གཞན་བློན་པོ་ཚོའི་གུང་ན་བཞུགས་པའི་ཆོས་ཀྱི་བློན་པོ་བསྐོས་པ་རེད། ཆོས་ཀྱི་དབུ་འཕངས་མཐོ་བར་བྱས་པ་རེད་དེ་སྔར་བཞིན་ཡང་སྐྱར་དཀའ་ངལ་གཅིག་པ་ཕྲད་པ་རེད་མ་གཏོགས་གསར་པ་ཅང་མ་རེད་འདོད། ཁྲི་སྲོང་ལྡེའི་བཙན་སྐབས་ཀྱི་གྲྭ་པ་བདུན་དེ། འདི་འདྲའི་གནོན་ཤུགས་འོག་ཁྲི་རལ་སྐབས་གྲྭ་པ་ག་ཚོད་ལ་འཕེལ་ཡོད་པ་རེད་འདོད། དགོན་པ་ག་ཚོད་ཅིག་ཡོད་པ་རེད་འདོད། མཛུབ་མོ་བགྲངས། མཛུབ་མོ་བགྲངས།
གོང་འཕྲོས་ནས་མུ་མཐུད་བགྲོ་གླེང་བྱེད་འདོད།
་་རྒྱལ་པོ་ཁྲི་དར་མས་བོད་ཀྱི་མི་ འབོར་སྐོར་ལ་ཐུགས་འཚེར་བྱས་པ《སྦ་བཞེད》དུ་བྱུང་བའི་ལོ་རྒྱུས་ཀྱིས་ཤུགས་བསྟན་དུ་གོ་ཐུབ།་་ ཟེར། སྦ་བཞེད་ཀྱི་དངོས་བསྟན་ཚང་མ་ཁས་མི་ལེན་པར་ཤུགས་བསྟན་ཁས་ལེན་པ་འདིའང་མཚར་སེ་མི་འདུག་གམ།
་་་་གཉིས་ལ་སྲས་གཉིས་འཁྲུངས་པའི་གཅེན་པོ་ཡིན་ལ། ་་་་། ཞེས་པའི་ནང་གི་དྭོགས་གནད་ཆེ་ཤོས་དེ་ནི། གཅེན་པོ་ཡོད་བཞིན་གཅུང་པོ་ཁྲི་རལ་རྒྱལ་སར་བདམས་པ་འདིས། ག་རེ་མཚོན་ནམ་ཞེ་ན། གཅེན་པོ་འུ་དུམ་ལ་སྐྱེས་དུས་མགོ་ལ་རྭ་མེད་ཀྱང་། ཁྲི་བཏོན་ལ་མི་ཕན་པའི་སྤྱོད་ངན་ཞིག་ཡོད་པ་རིགས་པས་བསྒྲུབས་ཐུབ་སྙམ། གཞན་ཡང་འགལ་འདུ་མང་བས་འདི་རིང་ཤོད་ཁོམ་པ་མི་འདུག
འབྲོང་རྒོད་ལགས། སྐུ་ཉིད་ཀྱིས་སློབ་གསོ་གནང་བ་ཐུགས་ཆེ་རྗེ། ང་ནི་བོན་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡང་མེད་ལ་བོད་ཀྱི་ཕ་མེས་ཀྱིས་རིག་གཞུང་ཡིན་པས་ཞེན་ཁོག་ཡོད། འོན་ཀྱང་། དྲང་མོ་བཤད་ན་ཆོས་ལུགས་ཟེར་བ་ང་ལ་མཚོན་ན་མགོ་རྙོགས་བཏང་བྱེད་ཅིག་ཡིན་པས་བོད་མིའི་ལས་དབང་ཆོས་ལུགས་ལས་གལ་ཆེ། ངས་རྩོམ་ཡིག་འདི་ད་དུང་ཡང་ཀློག་ཁོམ་མེད་པས་དེའི་སྐོར་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་བཞིན་མེད། ངས་བཤད་པ་ནི་བན་བོན་བར་གྱི་ཕྱོགས་རིས་བའི་ལྟ་སྟངས་འདིའི་བོད་མིའི་གཅིག་སྒྲིལ་ལ་གནོད་པའི་གནས་ཚུལ་ཡིན་ལ། ཤིམ་ལའི་མོན་པ་ཁུལ་གྱི་བོན་པོ་ཁ་ཤས་ཀྱིས་བོན་གྱི་ཆད་ཁུངས་ཧ་མ་ལ་ཡ་ཡིན་པ་ལས་བོད་མིན་ཚུལ་སྒྲུབ་པ་ངོས་སུ་གོ་བས་དེའི་སྐོར་བཤད་པ་ཡིན། རྒྱུ་མཚན་ནི་ཆོས་ལུགས་ཀྱི་ལག་ཆ་བྱས་ནས་གནས་ལུགས་ལ་ལོག་འགྲེལ་གྱིས་མི་རིགས་འདིས་མཐུན་སྒྲིལ་དང་ཡར་རྒྱས་ལ་གནོད་སྐྱོན་བཟོ་ཚེ་ཁ་གཙུམ་ནས་འདུག་མི་ཐུབ་ཅིང་། ཆོས་ལུགས་ཀྱིས་བོད་ལ་གནོད་པ་སྐྱེས་བ་ཉུང་ཉུང་མིན། དེས་མི་རིགས་འདི་འཆི་སར་འདེབས་བཞིན་ཡོད་པས་ང་ཚོ་སྟེ། བོད་མི་རྣམས་ཀྱིས་རྙིང་ཞེན་མཁྲེགས་འཛིན་དང་རང་ལྟ་མཆོག་འཛིན་བྱས་ན་མི་སྡོད་ཅིང་། མིའི་འདུ་ཤེས་དངོས་དང་གཅར་ནས་འཇིག་རྟེན་སྤྱི་འགྲོས་སུ་གོམ་སྟབས་རྒྱུ་རྒྱུ་དེ་ཡིན། གནས་ཚུལ་དེས་སུ་ལ་ཕོགས་ཐུགས་བཏང་ན་དགོངས་འགལ་མེད་པ་ཞུ།
ཕྱོགས་གཞན་ཞིག་ནས་བཤད་བོན་ནི་བོད་ཀྱི་ཕ་མེས་ཀྱི་རིག་གཞུང་ཡིན་པ་མ་ཟད་བོད་མིའི་བརྒྱ་ཆ་བཅོ་ལྔ་ཙམ་གྱིས་བོན་ཆོས་བྱེད་བཞིན་ཡོད་པས་དེ་ལ་གུས་ཞབས་ལོས་དགོས། ལྷག་པ་ཁོང་རྣམས་བོད་ཀྱི་ཁྲོད་གྲངས་ཉུང་མི་རིགས་ཡིན་པས་གྲངས་ཉུང་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བ་ལུགས་མཐུན་ཡིན་ལ། མི་རིགས་འདི་གསོན་ཤུགས་རྒྱས་བའི་གཞི་མ་རེད། འོན་ཀྱང་། གྲངས་ཉུང་གི་གནས་བབ་བཀོད་སྤྱོད་བཏང་ནས་ཆོས་ལུགས་ཀྱི་ནད་སྙིང་བཟུང་ན་མི་འོས་བ་འདོད།
དགེ་ལུགས་པའི་ནང་ཁུལ་དུ་ལྷ་སྲུང་བསྟན་ཕྱོགས་མི་གཅིག་པས་ད་ལྟ་ཕྱོགས་ཁག་གཉིས་སུ་གྱུར་ཞིང་བོད་མིས་མཐུན་སྒྲིལ་གནོད་པ་དངོས་ཡོད་ཡིན་ཞིང་། ཞིབ་ཏུ་བསམ་ན་འཛམ་གླིང་གི་རྒྱལ་ཁབ་ཀུན་གྱི་བདག་དབང་དང་མངའ་ཁོངས་རྩོད་པའི་སྐབས་བོད་མི་རྣམས་ཀྱིས་ད་དུང་ཡང་དུས་རབས་བཅོ་ལྔ་བཞིན་ཆོས་ལུགས་ཀྱི་ཆེད་དུ་བློས་བཏང་མཛད་དགོས་བ་ཅི་ཡིན་ནམ། ངས་ནམ་ཡང་གནས་ཚུལ་དེ་ལ་འགྲེལ་བྱེད་མི་ཐུབ། ཐུབ་མཁན་ཡོད་ན་ཐུགས་རྗེ་ཆེ།
གསལ་བཤད། ངས་སྐད་ཆ་བཤད་པ་ནི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཅི་ཡང་མེད་པར་བོད་མིའི་མ་འོངས་བའི་ཆེད་དུ་སྐད་ཆ་བཤད་ཁུལ་བ་བྱས་བ་ལས། བོན་དང་སངས་རྒྱས་ཆོས་ལུགས་གཉིས་བ་ནི་ང་མཚོན་ན་དེ་ཙམ་གལ་ཆེན་མིན་ཞིང་ཞེན་ཁོག་གིས་སྐད་ཆ་སྨྲ་དགོས་དོན་མེད།
༡ རྒྱལ་སྲས་ཆེ་བ་ཡོད་བཞིན་ཆུང་བ་བསྐོས་དོན་དོན་གང་རེད།
༢ གཅུང་གི་སྐབས་ལ་དཔལ་འབྱོར་འདངས་ལ་ཆེ་བའི་མི་འདངས་བ་གང་ཡིན་ནམ།
༣ གཅུང་གི་སྐབས་ལ་བང་མཛོད་ནས་གཏོང་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༤ གཅུང་གི་སྐབས་སུ་མཐའ་དམག་གསོ་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༥ གཅུང་གི་སྐབས་སུ་ནང་རྟེན་གསར་རྒྱག་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་
༦ གཅུང་གི་སྐབས་སུའང་ཆོས་ཕྱོགས་དང་དམག་དོན་འགྲོ་སོང་ཆ་མཉམ་ཡིན་པའི་དབང་དུ་བཏང་ནའང་་་་་་་་་
༧ གཅུང་གི་སྐབས་སུ་མི་འབོར་ཉུང་སྐྱོན་གྱིས་དམག་མི་ཉུང་སྐྱོན་མེད་ལ་་་་་་་་་་་་་་་་་་་་་་་་་་་་་
༨ སྦ་བཞེད་དངོས་བསྟན་ལས་ཤུགས་བསྟན་བརྩིགས་ཆེ་བ་བྱེད་དགོས་དོན་གང་ཡིན།
༩ ་་་་ཡིན་ཡང་རྒྱལ་པོས་རྒྱ་ནག་སངས་རྒྱས་ཆོས་ལུགས་ལ་ཐུགས་མོས་ཡེ་ནས་མི་གནང་བ”འི་རྒྱུ་མཚན་གང་ཡིན།༡༠ ་་་ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་”དགོས་ཅི་ཡིན།
༡༡ ”ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ”ཞེས་མི་དགའ་བའི་རྣམ་པ་བསྟན། དགོས་དོན་ཅི།
༡༢ ངས་རྩོམ་ཕྱེད་ཙམ་བསྐྱར་ཀློག་བྱས་ནས་དེང་དུས་བོད་ལ་མི་མཁོ་བའི་རྟེན་འབྲེལ་ཡན་ལག་གི་ཚན་པ་དང་པོ་འདི་ཡི་རྒྱུ་ཐོག་མ་མ་རིག་པ་ནི། བོད་རྒྱལ་༤༡པ་ཆུང་དུས་ནས་སྤྱོད་པ་ངན་པ་དང་། རྐྱེན་ནི། རྩོམ་མཁན་རྨེའུ་ལགས་བོན་ཁྱིམ་ཁྱིམ་རྒྱུད་ཀྱི་དྲི་མ་ཡལ་མ་ཐུབ་པ་གཉིས་ལ་རག་ལས་པར་ངེས་སོ། །
རྩོམ་ཕྱེད་ཀྱི་དྲི་བ་༡༢ལ་ལན་འདེབས་ཡོད་ན་གནོངས་རོགས། དེའི་རྗེས་སུ་རྩོམ་སྨད་ཀྱི་དྲི་ངན་ནག་བསུབ་ལ་དྲི་བ་ད་དུང་༡༢འབུལ་ཆོག་པ་ཞུ། བསྐྱར་ཀློག་ལ་དུས་ཚོད་བཏང་ཐུབ་མ་སོང་བས་ཡིག་ནོར་ལ་དགོངས་སེལ་ཞུ།
རེད། ཀརྡོའི་སྐད་ཆ་དེ་གནད་འགག་ཆེན་པོ་ཞིག་རེད།
༡ གཅེན་པོ་ཡོད་བཞིན་དུ་གཅུང་ཅིའི་ཕྱིར་ཁྲི་ལ་བཀོད་པ་རེད།
འདི་ལ་ལན་ཞིག་བོད་ཀྱི་རྒྱལ་རབས་ཁག་ནང་བཙལ་བ་ཡིན་ན། ལན་གཅིག་མ་གཏོགས་རེག་གི་མ་རེད། དེབ་དམར་དུ། གཙང་མ་ཆོས་ལ་དགའ་ཆེས། དར་མ་སྡིག་ལ་དགའ་ཆེས་པས་རྒྱལ་སར་མ་བསྐོས་པར། བན་ཆེན་པོ་ལ་སོགས་བློན་པོ་རྣམས་ཀྱིས་རལ་བ་ཅན་བསྐོས་ཟེར་བ་དེ་རེད། དེ་ལྟར་མ་ཡིན་པའི་ཁུངས་གཞན་ཞིག་རྙེད་དུ་ཨེ་ཡོད་ན།
༢ དར་མ་དེ་མི་ཅི་ལྟ་བུ་ཞིག་ཡོད་པ་རེད་དམ།
དར་མའི་སྐོར་ཤེས་དགོས་ན་དྲི་བ་འདིའང་གལ་ཆེན་པོ་ཞིག་ཏུ་མཐོང་། བོད་ཀྱི་རྒྱལ་རབས་ཁག་ནང་། ཁ་གཅིག་གྲགས་ཀྱིས་སྡིག་ལ་དགའ་བ་ཞིག་ཡིན་པར་བཤད་ཀྱི་ཡོད་པ་རེད། དེབ་དམར་དུ་རེ་ཞིག་རྒྱལ་པོ་ཚུལ་བཞིན་དུ་བྱས་པར་བཤད། ད་འདི་ཚོ་གཡུགས་ཞོག ནང་ཆོས་ཀྱི་ལྷད་ཞུགས་ནས་ཕྱོགས་ཞེན་བྲིས་ཡོད་པའི་དབང་དུ་ཐོངས།
དེབ་དམར་ནང་གི ཐང་བོད་རྒྱལ་རབས་གནད་བསྡུས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཟེར་བའི་ནང་། མེ་ཕོ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས། ལོ་དེ་ཉིད་ལ་གཅུང་པོ་ཐ་མུ་ཞེས་པ་རྒྱལ་སར་བསྐོས། དེ་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས་བོད་ཀྱི་རྒྱལ་ཁམས་ཐམས་ཅད་འཁྲུགས། སི་ཧ་ཅེའུ་ལ་བོད་ལ་དབང་བའི་རི་བརྩིགས་ཡོད་པ་འགྱེལ། ཀླུ་ཆུ་ཞག་གསུམ་གྱེན་ལ་ལོག ལྟས་ངན་འབྱུང་ཞིང་རྒྱལ་ཁམས་ཞིག་པ་ཡིན་ནོ་ཞེས་བྲིས་ཡོད་པ་རེད།
དགེ་ཆོས་ཀྱི། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར་ཞེས་པའི་ནང་། བཙན་པོ་གཤེགས་ནས་ཁོང་གི་གཅུང་ཐ་མུ་ཁྲི་ལ་ཕེབས་སོ། བཙན་པོ་ཐ་མི་དེ་ཆང་ལ་དད་ཅིང་ཆགས་པ་ཆེ། རང་བཞིན་གྱོང་ཞིང་སྤྱི་བརྟོལ་ཚ། རྔོན་ལ་དགའ་ཞིང་ལེགས་པའི་བྱ་བ་ཐམས་ཅད་ལ་མི་མགུ་བས་རྒྱལ་སྲིད་ལ་སྐྱོན་ཆེར་བྱུང་ཞེས་གསལ། ད་ལྟའི་ལོ་རྒྱུས་པ་ཕལ་ཆེ་བས། ཏུན་ཧོང་དང་ཐང་ཧྲུའུ་གསར་རྙིང་གི་ལོ་རྒྱུས་དེ་ཚོ་གཙུག་ཆེ་བར་མཛད་འདུག དར་མའི་རྗེས་ཙམ་གྱི་ལོ་རྒྱུས་དེ་ཚོའང་རྒྱའི་ལོ་རྒྱུས་ནང་གསལ་པོར་བཀོད་འདུག
ད་རུང་དར་མ་མི་ག་འདྲ་ཞིག་ཡོད་མེད་ལ་སྦ་བཞེད་སོགས་བོད་ཀྱི་རྒྱུས་ཁག་གཞིར་བཟུང་ན། རང་ཉིད་ལ་རང་གི་ཀླད་པ་མེད་ཅིང་གཞན་དབང་དུ་གྱུར་པའི་རྒྱལ་པོ་ནུས་མེད་ཅིག་ཡོད་པ་རེད། བློན་པོ་སྡིག་ལ་དགའ་མཁན་ཚོའི་གཞན་དབང་དུ་གྱུར་མཁན་ཞིག་ཡིན་པ་གསལ། རྣམ་དཔྱོད་ལྡན་པ་དང་ཁོག་རྒྱ་ཡངས་པོ་མིན་ཙང་། རང་གི་རྒྱལ་སྲིད་ལོ་མང་པོར་བསྐྱངས་མ་ཐུབ་པས་མ་ཚད་རྒྱལ་ཁྲིམས་ཐམས་ཅད་ཀྱང་འཇིག་པར་གྱུར་པ་མ་ཡིན་ནམ།
འདིར་བགྲོ་གླེང་བྱེད་རྒྱུ་མང་ཞིག་འདུག་སྟེ་མཁར་རྨེའུ་འདིར་ཡོང་མདོག་ཁ་པོ་མ་རེད། ད་ཀླུ་སྨྱོན་དར་མ་དཀར་དག་བྱེད་མཁན་ཞིག་ཡིན་པས་ཀླུ་སྨྱོན་ཕེབས་རོགས་གནང་། མ་གཞི་མཁར་རྨེའུ་གླང་དར་སྐོར་གྱི་དེབ་ཅིག་སྔོན་མ་རྒྱ་གར་དུ་ཀློག་མྱོང་། ཀླ྄ུསྨྱོན་གྱིས་དགེ་ཆོས་དཀར་དག་བྱས་པའི་སྔོན་མིན་འགྲོ་གསལ་པོ་མི་ཤེས།
ཆོས་བསྣུབས་པ་ཙམ་ལ་བསྟེན་ནས་བཅོས་སྒྱུར་བ་ཞིག་རེད་ཟེར་ན་སུའི་སྣང་བར་འགྲོ། དེ་ལྟར་བཤད་པར་གཞི་རྩ་ཞིག་དགོས་ཀྱི་མ་རེད་དམ། མཁར་རྨེའུ་གཞི་རྩ་དེ་སྦ་བཞེད་ཀྱི་ཤུགས་བསྟན་ལ་འདུག་ཟེར་གི་ཡོད་པ་དེ་ཙམ་རེད། དཔལ་འབྱོར་གྱི་དཀའ་ངལ་ཞིག་བཤད་པ་དེར་གཞི་འཛིན་ས་ཡག་པོ་ཞིག་མི་འདུག་ག ཡིག་རྙིང་པ་ཁུངས་ཐུབ་གསལ་པོ་རེ་ཁྱེར་ཡོང་རྒྱུ་ཡོད་ན་ཁས་ལེན་ད་ལེན།
བཙུན་པ་རྣམས་ལ་མཐོང་བཞག་པས་བློན་པོ་ཚོ་མ་དགའ་ནས་རྒྱལ་པོ་བཀྲོངས་པ་དང་ཆོས་བསྣུབས་པའི་གྲོས་བྱས་པ་སྦ་བཞེད་ནང་གསལ་པོ་མི་འདུག་གམ། མཁར་རྨེའུས་སྦ་བཞེད་ལ་སྐྱོན་འདོན་གི་འདོན་གི་སྦ་བཞེད་ནས་ལུང་དྲངས་ཡོང་གི་འདུག་པ་དེ་ཁྱད་མཚར་རེད། སྦ་བཞེད་དེ་ཁུངས་འཛིན་ས་ཉན་མི་ཉན་དེ་ལའང་བགྲོ་གླེང་ཞིག་གནང་དང་།
འོ་ད་ཡིན་ན་ངོ་ནས་ལོ་རྒྱུས་མཁས་པ་ཚོ་ལ་ལྟད་མོ་འདུག་ཡ། ཡིན་ད། མུ་མཐུད་ཡིན་ད། ང་ལ་མཚོན་ན་ལོ་རྒྱུས་མི་ཤེས། འོན་ཀྱང་ཀློག་རྒྱུར་དགའ། ད་དུང་རྒྱལ་བོ་མཐའ་མ་གསོད་མཁན་དང་བསད་བྱ་གཉིས་ཆ་ལ་སྙིང་ལངས་གི་ཡོད། རྒྱུ་མཚན་གཉིས་ཀའི་ཕྱོགས་ནས་སྲིད་གཞུང་རྒྱུན་མཐུད་བྱེད་པར་བསམ་བློ་མ་བཏང་བ་དང་། འགན་མ་ཁས་པ་དེ་རེད།
གོང་རྩོམ་ནང་། དར་མས་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྣུབས་མེད་པ་དང་དར་མའི་རིང་གསང་སྔགས་ཀྱི་བསྟན་པ་ཆེས་ཆེར་དར་བ་ལྟ་བུ་ཞིག་བཤད་འདུག དེའི་ཁུངས་སྐྱེལ་དུ། གནའ་རབས་ཀྱི་ཡིག་རྙིང་གིས་ར་ སྤྲོད་བྱེད་ཐུབ་པ་འདི་ལྟར་ཡིན། ཟེར་ནས་ལུང་འདྲེན་གནང་འདུག ལུང་ཚིག་འདི་། སྔོན་མ་ཞིག་ལའང་ཁ་བརྡ་དྲྭ་ཁང་ནང་སུ་ཞིག་གིས་ དྭོགས་འདྲི་ཆུང་ཆུང་ཞིག་ ཟེར་བའི་རྩོམ་ཞིག་བྲིས་སྐབས། ཅིག་གིས་ཁྱེར་སླེབས་སྐབས་ཀྱང་། འདིའི་ནང་བཟོ་བཅོས་རྒྱབ་འདུག་པར་ངས་མི་མཐུན་པའི་བསམ་ཚུལ་བཤད་པ་ཡིན།
ཡིག་རྙིང་འདི་ཡང་སྦ་བཞེད་བཞིན་འོད་སྲུང་གི་རྗེས་ལ་བྲིས་པ་ཞིག་ཡིན་པ་གསལ།
འོད་སུས་དབོན་སྲས་མན་ཆད་དུ་ཟེར་བར། སུས་དེ་སྲུང་ལ་བཅོས། མན་ཆད་དེ་ཡན་ཆད་ལ་བཅོས་འདུག་ག དེ་ལྟར་ན། ལྷ་སྲས་དར་མ་མན་ཅད་དང་ཟེར་བའི་ཚིག་འདི་ཡང་བཟོ་བཅོས་བརྒྱབ་ཏེ། ལྷ་སྲས་དར་མ་ཡན་ཅད་དང་། ཟེར་ནས་བཅོས་ཏེ། འོད་སུས་དབོན་སྲས་མན་ཆད་དུ་རང་དགར་འཇོག་ཆོག་པའོ། ལྷ་སྲས་དར་མ་ཡན་ཆད་དང་། འོད་སུས་དབོན་སྲས་ཏེ་ལྷ་བླ་མ་ཁུ་དབོན་མན་ཆད་དུ། སྤྱིར་ན་བསྟན་པ་རྒྱས་ཞེས་བཤད་ན་ཡོངས་གྲགས་ཀྱི་ལོ་རྒྱུས་དང་ཡང་མཐུན་པ་རེད། ཡིན་ནའང་། མ་རྩོམ་ལ་བཅོས་རྒྱག་པ་དེ་ཡག་པོར་མཐོང་དཀའ།
ངས་དྲི་བ་དགུ་བྲིས་ཚར་པ་གཅིག་ལྷ་འདྲེས་གནོད་པ་འདྲ་བསྣུན་ཐལ་གྱིས་ཟུབ་སོང་། ད་ནི་ཞོགས་པ་བུ་དྷ་པེསཊ་ལ་སྔ་དྲོའི་ཆུ་ཚོད་༣དང་སྐར་ཆ་༤༧ ཟིན་ཚར་སོང་ད་ཉལ་ཐུབ་བམ་འབྲི་ཐུབ་མི་ཤེས།
འདིར་དྲྭ་གྲོགས་པ་མང་པོ་ཞིག་གིས་དྲྭ་རྒྱ་འདིར་མེད་པའི་རྩོམ་པ་པོ་མཁར་རྨེའུ་ལ་དྲི་བ་མང་པོ་ཞིག
དྲིས་འདུག་པས་འདི་དག་ལ་ལན་འདེབས་མཁན་སུ་ཞིག་འབྱོན་རྒྱུ་ཡིན་ནམ།
དྲི་བ་འདྲི་མཁན་དང་དྲིས་པར་ལན་འདེབས་པ་པོ་གཉིས་སུ་མེད་ན་ག་འདྲ་ཞིག་ཆགས་རྒྱུ་ཡིན་ནམ།
ཡང་ན་མཚན་ཉིད་རིགས་པ་བ་ལྟར་རང་དོན་སྐབས་ཀྱི་རྟགས་ཡང་དག་ཞིག་བཀོད་ན་མ་གཏོགས་དེ་མིན་མཁར་རྨེའུ་ནི་འདིར་ཕེབས་མདོག་ཁ་པོ་མ་རེད།
ཁོང་གི་ཚབ་བྱེད་ཐུབ་ངེས་འདྲ་ཡོད་ན་མ་གཏོགས་དེ་མིན་བར་སྣང་སྟོང་པའི་བྲག་ཆ་ལྟ་བུ་ཆགས་སྲིད།
ང་ཚོའི་གྲོགས་གླེང་སྐབས་སུ་ཆོས་ལུགས་དང་མི་རིགས་ལ་དམའ་འབེབས་དང༌། ་རྒྱལ་ཁབ་དང་རྒྱལ་ཁབ་དབར་དང༌། ཆོལ་ཁ་དང་ལུང་ཚན་དབར་ལ་དབྱེན་འཁྲུགས་མི་འགྲོ་བ་ཞིག་དགོས་གལ་ཆེ།
དེ་མིན་ཁ་བརྡ་ཚང་ལ་སྐྱོན་འཛུགས་ཡོང་ངེས་རེད།
ང་ལའང་ང་ཡི་གྲོགས་པོ་མང་པོ་ཞིག་གིས་ཐོག་མར་དྲྭ་རྒྱ་འདིར་མཛུལ་སྐབས་སུ། བསླབ་བྱའི་ཚུལ་དུ་གདམས་པ་འདི་ལྟར།
ཁ་བརྡ་ཚང་ལ་མ་འགྲོ་དེ་ཡི་ནང་དུ་མི་ངན་མང་པོ་ཡོད་རེད།
འགན་ཁུར་མེད་པའི་གཏམ་ངན་རྐྱང་རྐྱང་བཤད་ཀྱི་རེད། གཞི་མེད་ཀྱིས་སྐྱོན་འཛུག་བྱེད་ཀྱི་རེད།
ལས་སོགས་གྲོགས་ཀྱིས་མ་ངག་མང་པོ་ཞིག་བཤད་བྱུང༌། འོན་ཀྱང་ངས་དེ་ལྟར་ཡིན་རྒྱུ་མ་རེད་བསམ་ནས་འདིར་ཡོང་པ་ཡིན།
ལྷག་པར་དུ་རྒྱུག་པ་ལེབ་བརྡུང་མི་བྱེད་པར་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད།
ང་ནི་དེ་ཡི་རིགས་ལ་ནམ་ཡང་དགའ་བོ་མེད་པས་དགོངས་པ་མ་ཚོམས།
རྩོམ་པ་པོ་ལགས་སུ
དྲི་བ་ལྷག་མ་༡༢ ལས།
༡ ་་་སྐྱོན་དུ་མཐོང་ནས་”ཆབ་སྲིད་དབང་བཙུན་པ་ལ་གཏད་”ཅེས་རྒྱལ་པོ་ལ་སྐྱོན་བརྗོད་བྱས་ཡོད། ཅེས་པ་འདི་རྒྱལ་པོ་འཚོ་དུས་བྱུང་སྲིད་དམ་སོམས་ཤིག
༢ ་་་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་དམག་ དོན་གྱི་སྲིད་ཇུས་གཉིས་གཅིག་གིས་གཅིག་གི་མགོ་གནོན་་་་ མི་ཐུབ་པ་འདི་གཅེན་གྱི་སྐབས་རང་ལ་ཡོངས་དགོས་དོན་ཅི་ཡིན་ནམ།
༣ ་་་བས་བཏགས་མར》བསྟན་པ་སྣུབ་ཚུལ་རགས་ཙམ་ལས་དེ་སྣུབ་དགོས་པའི་རྒྱུ་མཚན་གསལ་བོ་བཤད་མེད་་་་ ན་སྟངས་མེད་པས་ཁྱབ་བམ།
༤ ཁྲི་དར་མ་ནི་སྐྱེ་བོ་བླུན་པོ་ཞིག་གི་རྣམ་པར་བསྟན་པ་དང་”ཐུགས་སུ་གདོན་གསོལ”ཟེར་བ་་་ མི་བདེན་ན་དེའི་བློ་ངན་གོས་ས་རྩོམ་པ་པོའི་རྩོམ་རུལ་དེ་གང་ནས་འཁྲུངས་སམ།
༥ ་་་སྔོན་ཡོད་རབ་བྱུང་པ་མང་པོ་འཚོ་རྟེན་གཞན་ལ་བཅོལ་ནས་བཞུགས་པ་བཀག་པ་ལས་་་་ ཟེར་སྟངས་བལྟས་ན་སྔར་གྱི་སྔགས་འཆང་རྣམས་འཚོ་བ་ཞིང་འབྲོག་འབའ་ཞིག་བསྟེན་པ་ཤུགས་ལ་གོ་བས་དོན་དངོས་དང་མི་འགལ་ལམ།
༦ སྔགས་འཆང་རྣམས་ཀྱི་མཐུ་ནུས་སྦས་ཞོར་དུ་ལྕེ་ནར་སྲོལ་ལུགས་འབྱུང་ཁུངས་ཀྱང་ནག་བསུབ་ལ་ཤོར། ཁྱེད་ཀྱི་ལུང་རིང་དེ་ནི་གཡག་ཞ་རས་རྩྭ་་ཟ་ལྟར་རམ། གལ་ཏེ་དངོས་བྱུང་གིས་དབང་དུ་བཏང་ནའང་རང་ཕྱོགས་ཁག་ཅིག་གིས་སྐྱག་པའི་རྐུབ་བཀྱག་ལས་མ་འདས།
ད་༦པོ་འདི་མ་ཟུབ་གོང་ལ་དྲྭ་ནང་ལ་ཡར་བཅུགས་ནས་གཉིད་མ་ཁུག་ནའང་ངལ་གསོ་ཅིག་བརྒྱབས་ན་ཡག་ག
རྩོམ་ཡིག་འདི་ལ་དཔྱད་གཞི་ཆེ་ནི་རེད།
དགོངས་དག ཀླུ་སྨྱོན་གྱིས་དགེ་ཆོས་དཀར་དག་ཅེས་པ་དེ་དར་མ་དཀར་དག་ལ་བཅོ་རོགས།
ཀླུ་སྨྱོན་མ་བཞུགས་ཀླུ་སྨྱོན་ཕེབས།། དར་མ་དཀར་དག་བྱེད་གི་ཕེབས།། དྲི་བ་མང་པོ་འདྲི་རྒྱུ་ཡོད།། དཀར་ས་ནག་འདེད་བྱེད་རྒྱུ་ཡོད།།
མདའ་ཚན་པ་པས་ཡག་པོ་བྲིས་གཞག འདི་ལ་དཔྱད་གཞི་མང་པོ་ཞིག་འདུག དོགས་པ་ཡང་མང་པོ་འབྲི་རྒྱུ་ཡོད་རུང་དུས་ཚོད་ཞེ་དྲགས་མི་འདུག
མཁར་རྨིའུ་ཡིས་བྲིས་པ་འདིས་གླང་དར་དཀར་འདོན་གང་ཡང་བྱེད་ཐུབ་ཀྱིན་མི་འདུག ངོ་མ་བཤད་ན་མཁར་རྨེའུ་ལ་གླང་དར་དཀར་འདོན་བྱེད་འདོད་མི་འདུག མཁར་རྨེའུ་ཡིས་འདི་ན་ལྷ་ལུང་དཔལ་རྡོར་གྱི་ནག་ཉེས་ཡིན་ནམ་བྱས་རྗེས་ཡིན་ནམ་དེས་སངས་རྒྱས་པའི་རྗེས་འཇུག་པའི་ནག་ཉེས་ཅིག་མིག་མིག་ཅིག་བཤད་ཀྱིན་འདུག
མ་གཞི་ནས་མཁར་རྨིའུ་འདིས་གླང་དར་དཀར་འདོན་ཞིག་གང་ཡང་བྱེད་ཐུབ་མི་འདུག གླང་དར་གྱིས་ལྷ་ཁང་བཞེངས་ཚུལ་ཞིག་བཤད་འདུག དེ་བདེན་པ་རེད། དེ་ང་ཚོ་ཚང་མས་གོ་ཡོད་རེད། གླང་དར་གྱིས་ཐོག་མར་སངས་རྒྱས་ཀྱི་བསྟན་པ་ལ་སྔོན་གྱི་རྒྱལ་པོ་ཚོ་ནང་བཞིན་ཞབས་ཏོག་བྱས་ཡོད་ཚུལ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཚང་མའི་ནང་དུ་བྲིས་ཡོད་པ་དེ་རེད། རྗེས་སུ་ཐུགས་ལ་གདོན་གསོལ་བ་རེད། གདོན་གསོལ་བ་ཞེས་པའི་དོན་ནི་དེང་དུས་ཀྱི་ཁ་སྐད་ལྟར་བྱས་ན་འདྲེ་ཞུགས་ཤེས་པའི་དོན་རེད། སྔོན་མའི་མི་དེ་ཇེ་སྡུག་ཏུ་སོང་བའི་དོན་རེད། གདོན་གསོལ་བ་ཡིན་མིན་གང་ལྟར་ཡང་བསྟན་པ་བཤོག་པ་དངོས་ཡོད་རེད།
གླང་དར་གྱི་གཤིས་ཀ་ངན་ཚུལ་དེ་བོད་ཀྱི་སངས་རྒྱས་པ་ཚོས་བཤད་པ་ཙམ་ཞིག་མ་རེད། རྒྱ་མིའི་ཐང་ཡིག་ན་ཡང་དར་མ་འདི་ཆང་ལ་དགའ་བ་དང་སྤྱོད་པ་གཏུམ་པས་ཡུལ་གྱི་རྒྱལ་ཁྲིམས་ཞིག་ཚུལ་བྲིས་ཡོད་པ་རེད། མི་རྒན་འདི་རིགས་ལ་རེ་བ་ཆེར་མི་འདུག
དྲང་མོར་བཤད་ན་བཙན་པོའི་དུས་སུ་སངས་རྒྱས་ཀྱི་ཆོས་དེ་ཡོངས་ཁྱབ་དུ་མང་ཚོགས་ཁྲོད་ཁྱབ་སྤེལ་ཆེན་པོ་ཞིག་སོང་མི་འདུག དགོན་པ་མང་པོ་ཡང་མི་འདུག གཙོ་བོ་བཙན་པོའི་ཕོ་བྲང་ནང་ཁུལ་གྱི་ཆོས་ཤིག་ཡིན་ངེས་རེད། ལྷ་ཁང་ཁ་ཤས་ཤིག་བཞེངས་ཡོད་ངེས་རེད་མོད་དེ་ཚོར་གྲྭ་བ་མང་པོ་ཞིག་སྡོད་མཁན་མེད་པ་འདྲ།
འབྲོང་རྒོད། ད་ཡིན་ན་མཁར་རྨེའུ་ཡིན་ནམ་དེ་ལ་ཅིག་བཤད་རྒྱུ་རེ་ཡོད་ན་འདིར་ཡོང་ནས་བཤད་དགོས་པ་རེད། མཁར་རྨེའུ་ཡིས་ང་ཚོའི་དྲི་བ་འདི་ཚོ་མཐོང་གིན་ཡོད་པ་ནི་ངས་མནའ་བསྐྱལ་ཐུབ་ཀྱིན་འདུག World Wide Webཀྱིས་མ་ཁྱབ་པའི་མཐའ་འཁོབས་ཤིག་ཏུ་མཁར་རྨེའུ་འདུག་མི་ཐུབ་པ་ཐག་ཆོད་རེད། ཡིན་ན་ཡང་འདི་ཚོས་ཚོད་ཚོད་ལ་ཅིག་བཤད་འདུག་རྒྱུ་མ་གཏོགས་དགོས་ས་དེ་ལ་ནམ་ཡང་ཡོང་ཐུབ་ཀྱི་མ་རེད།
མཁར་རྨིའུ་ཡིས་སངས་རྒྱས་པའི་རྗེས་འཇུག་པས་བྲིས་པ་ཁས་མི་ལེན་མདོག་མདོག་ཅིག་བཤད་ཀྱིན་ཡོད་པ་རེད། ཡང་ཁོ་རང་ལ་དགོས་ས་རེ་ཡོད་དུས་དང་ལེན་བྱེད་ཀྱིན་འདུག ཁག་ཀྱང་མི་འདུག ཤ་ལ་དགའ་མཁན་གྱིས་ཤ་དང་ཆང་ལ་དགའ་མཁན་གྱིས་ཆང་རྙེད་པ་རེད། དཔེར་ན་གསང་སྔགས་ཀྱིས་བསྟན་པ་བཤིག་མ་བཤིག་གི་སྐོར་དེ་རེད། གནུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཐུ་རྩལ་བསྟན་ནས་བཟུང་གླང་དར་གྱིས་གསང་སྔགས་པ་ལ་མི་བདོ་བའི་དམ་བཅའ་བྱས་ཚུལ་ཞིག་ཆོས་འབྱུང་ནང་དུ་ཡོད་པ་རེད། དེ་ཡང་བོད་ཀྱི་གསང་སྔགས་པ་ཚོས་བྲིས་པ་རེད། འདི་མཁར་རྨེའུ་ཡིས་གླང་དར་དཀར་འདོན་བྱེད་སྤྱད་ཡོད་ན་མེད་ན་གཅིག་རེད་འདུག ཡ་མཚན།
ད་མ་ཉལ་གོང་ལ་ནམ་ལངས་ཚར་སོང་། མདང་གི་ངའི་གཉིད་དེ་ནི། ཆོས་སྐྱོང་གིས་དེད་ཞོར་ལ་ཡལ་བ་ཡིན་དང་། ལྷ་འདྲེས་འཁྱེར་བ་ཡིན་ནམ་ཆ་མ་འཚལ། མུ་མཐུད་ནས་འབྲི་ཐུབ་མིན་ལྟ།
༧ ་་་། དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་སྣུབ་པའི་ལོ་རྒྱུས་མི་འདུག་གོ ་་་་ ཞེས་པ་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བས་འུ་དམ་ལ་གླང་དར་མ་ཞེས་དར་མའི་མིང་གི་འགོ་ལ་གླང་ཞིག་བཏགས་པ་དེ་ལས་ཧམ་པ་ཆེ་དྲགས་མ་ཡིན་ནམ། རང་རྩོམ་ལ་མཆན་བུ་གསར་པ་ཞིག་བཏགས་ན་མི་མཛེས་སམ། སོམས་ཤིག་ཀྱེ།
༨ ་་་ལྷ་སྲས་འུའི་དུན་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་དུ་་་་་ །་་་ གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཡང་་་་་ ཞེས་པའི་ཚིག་གི་མེ་ལོང་ལ་གད་ཕྱིས་ཅིག་བྱས་ནས་ཞིབ་མོར་ལྟོས་དང་བན་བོན་གཉིས་འཁྲུགས་རྩོད་མིག་གིས་མཐོང་རྒྱུ་དང་། ལབ་པའི་རེག་རྒྱུ་ཡོད་པ་ཞིག་འདུག་པས། ཁྱེད་ཀྱིས་བསྐུར་གནང་བའི་ལེགས་སྐྱེས་ཀྱི་ལན་དུ་རང་གི་མེ་ལོང་ལ་གད་ཕྱིས་བྱས་ནས་སླར་ཕར་བསྐུར་ཡོད་པས། མེ་ལོང་འདི་ལ་ཡང་ཡང་ལྟོས་དང་དྲན་ཤེས་གསར་པ་འདྲ་རྙེད་སྲིད།
༩ སྔགས་རྙིང་མ་བས་ང་ཚོའི་རྒྱལ་པོ་སྡིག་ཆེན་ངན་པ་དགུ་འཛོམས་འདི་ལ་རྫུ་འཕྲུལ་བསྟན་ནས་གསང་སྔགས་སྣུབ་མ་ཐུབ་བཟོས་པ་སོགས་ཁྱོད་ཀྱི་བློ་ཡི་བུག་ཁར་མི་ཤོང་བ་གཅིག་གིས་ལོ་གསུམ་འགོར་ཡུན་ཟླ་བ་དང་པོ་ནས་དམག་འཁྲུག་དང་། མུ་གེ་སོགས་གང་ཡང་ཤོད་རྒྱུ་མེད་ལ། བཙན་པོ་གསར་པ་འཁོད་པ་དང་། ང་ཚོའི་དམག་མི་ཚང་མ་་ལྟོག་ནས་ཤི་གྲབ་དང་། ཆོས་བྱེད་དགེ་འདུན་རྣམས་ཕྱི་དྲོའི་ཁ་སྤངས་ཟིན་པའི་སྒང་ལ་ཞལ་ལ་མཆོད་རགྱུ་མེད་པ་བཟོས་པ་དེ་ཡག་རྟགས་ཤིག་མིན་པས་ཁྱེད་ཀྱི་ཆེད་རྩོམ་འདི་རྩོམ་སྒྲུང་ལྟར་དོན་དངོས་འཇའ་ལྟར་ཡལ་མ་སོང་ངམ། བློ་དྲང་པོ་བྱས་ནས་སོམས་རོགས་གནོངས། རྩོམ་འདི་ཕྱིར་བསྡུ་བྱས་ན་བློ་མི་བདེའམ།
༡༠ ་་། ད་ཕན་རྒྱལ་རབས་དང་ཆོས་འབྱུང་ཁག་མཐོང་བའི་ནང་ན་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་ བཤད་པ་རྩ་་བ་ནས་མི་འདུག་པས་་་ ཞེས་པ་འདི་དང་། ་་་ གཤམ་འོག་ཡིག་ཕྲེང་གཅིག་གིས་བར་མ་ཆོད་མཚམས་ལ། ་་་གང་ལྟར་རྒྱལ་བོ་ཁྲི་དར་མས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་བཙུན་པས་འཚོ་བ་ གཞན་ལ་བརྟེན་པ་བཀག་འགོག་བྱས་པ་ལ་བསམ་ཡས་ཀྱི་མཁན་པོའི་སྙིང་ན་ནས་རྒྱལ་བོ་ བཀྲོངས་བ་ལ་ཧ་ལས་དགོས་དོན་མེད་ན་ཡང་་་་་ འགལ་བ་ལྟག་འཕྲོད་དུ་སོང་མི་འདུག་གམ། ཡང་ན་ང་ལ་གསལ་བཤད་བྱོས་དང་། དེ་ནས་ལྟ་ཆོག
༡༡ དེ་ཡི་ནང་ནས་ཁྱེད་རང་གིས་ཁུངས་ཤིག་མ་རྙེད་ན། མེད་པར་འདོད་པའི་ང་རྒྱལ་གྱི་གོང་བུ་འདི་ཡི་ཁོག་ལ་སྐུ་མཆེད་ཡིན་མིན་ལ་མ་ལྟོས་པར། ཡུམ་བརྟན་ཞེས་པ་བྱུང་མེད་མདོ་མདོག་བཤད་པ་འདི་ང་ཧ་ཅང་ཡམ་མཚར་སོང་། འོད་སྲུང་གི་མིང་བྱུང་སྟངས་སོགས་དང་། འོད་སྲུང་དང་ཡུམ་བརྟེན་གཉིས་ནི། རྒྱལ་པོ་བཀྲོང་ཚར་ནས། བཙུན་མོ་ཆེན་མ་དང་ཆུང་མའི་བར་གྱི་རེ་དྭོགས་དང་ཁྲག་དོག་ལས་བྱུང་བ་དང་། དུས་ད་ལྟའི་བར་ལ་དེ་གཉིས་གདུང་རུས་མི་འདྲ་བ་གཉིས་ངོ་སྤྲོད་རྒྱུ་ཡོད་པ་འདི་ལྟ་བུའི་བོད་ཀྱི་ལོ་རྒྱུས་ལ་ངོ་ཚ་ནས་ཤོད་མི་ནུས་ཁྱེད་ལ་ད་ཅི་བྱུང་སོང་ངམ།
༡༢ མཐའ་དོན་ནང་ཆོས་ལྟར་ན། ངེད་ཚོའི་བཙན་པོ་༤༡པ་དེ་སྨོན་ལོག་ཅིག་ཡིན་པ་ལྟ་ཅི་སྨོས། རྒྱལ་པོ་འཁོད་ཕྲལ་རྒྱལ་ཞེན་མེད་པ་མིན་ན་ཡང་། སྔར་སྒོམ་ངན་པ་ལངས་ཤོར་ཆང་དང་མོ་དད་ཆེ་ལ་བླུན་རྨོངས་ཤིག་ཡིན་པ་སྨྲོས་མ་དགོས་ལ། གཡོ་ཅན་བློན་པོ་འཁོར་ཚོགས་དང་འབྲེལ་ནས་མཐར་རང་གི་སྲོག་དང་བྲལ་བ་དེ་ཡང་ང་ཚོའི་སྤྱི་མཐུན་གྱི་ལས་ངན་ལས་གྲུབ་པར་འདོད་པས། མིག་ལྡན་རྣམས་ཀྱིས་གཡང་ཁར་མ་མཆོང་ན་ཕན་མི་ཆེའམ། སོམས་ཤིགས། འགག་ལན་བསྒུག་ནས་བསྡད་ཡོད་དོ། །བཀྲ་ཤིས་པར་གྱུར་ཅིག །
རྩོམ་མཁན་མཁར་རྨེའུ་གང་དུ་ཡོད། །
བསམ་པ་མཐུན་པའི་རྗེས་འབྲངས་ཚོ། །
བསམ་གཏན་ངག་བཅད་ལས་བཞེངས་ནས། །
སྨྲ་བའི་རྒྱལ་མཚན་མི་འཛུགས་སམ། །
གླང་དར་ལ་སྲས་ཡོད་པ་རེད་དམ་མ་རེད། གླང་དར་རྗེས་སུ་ཁྲི་ལ་བཀོད་པ་དེ་སུ་རེད། དགེ་ཆོས་ཀྱི་རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ནང་དེ་སྐོར་གསལ་བོ་དང་ཞིབ་ཚགས་ཤིག་འདུག སུའི་བུ་ཡིན་པ་དང་། རྩོད་ཉོག་ཅི་ལྟར་ལངས་པའི་སྐོར་སོགས། ཏུན་ཧོང་དང་རྒྱའི་ལོ་རྒྱུས་ནང་གི་བོད་སྐོར་བྲིས་པ་དེ་ཚོར་ངས་གནད་འགག་ཆེན་པོར་རྩི་གི་ཡོད། ཁྱེད་ཚོས་ལྟ་འདོད་ན། དེ་རིང་དགོང་མོ་ངས་འདིར་དུམ་ཚན་གཅིག་བཀོད་ཆོག མིང་དེ་ཚོ་རྒྱ་སྐད་ནང་བྲིས་པས་བོད་མིང་འདྲ་བོ་ཞིག་མི་འདུག མིང་གི་ཐད་ཀར་གུག་རྟགས་ནང་བོད་མིང་འདྲ་བོ་བྲིས་འདུག་ཀྱང་དོན་ལ་གནས་མིན་ཆ་མ་འཚལ། མདོ་སྨད་དང་རྒྱའི་ས་མཚམས་ཀྱི་བོད་ཀྱི་དམག་དཔོན་དེ་ཚོས་གཅིག་གཅིག་ལ་དམག་འཁྲུག་ཇི་ལྟར་རྒྱབ་པ་དེ་ཚོའང་ཞིབ་ཚགས་པོས་བཀོད་འདུག
མདའ་ཚན་པ་ལགས།
དགེ་ཆོས་ཀྱི་རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ནང་རྒྱལ་པོ་གླང་དར་སྐུ་གཤེགས་ཚུལ་བྲིས་ཡོད་པ་ལས། ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པའི་སྐོར་སོགས་བྲིས་མེད་པ་དེ་ཡང་ཡ་མཚར་རེད། ཐ་ན་སྲས་ཤིག་ཀྱང་མེད་ཚུལ་བྲིས་འདུག་ག རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ལྟར་ན་ཁྲི་འོད་སྲུང་འདི་ཚེ་སྤོང་བཟའ་ཡི་སྲས་མིན་པར་ཚ་བོ་རེད། ཁྲི་ལ་བཞག་དུས་ལོ་གསུམ་ལས་མ་ལོན། རྒྱལ་སྲིད་བཙུན་མོ་རང་གིས་བཟུང་ཞེས་གསལ་བ་འདི་དང་། ཏུན་ཧོང་ཡིག་རྙིང་ནང་དུ་ཇོ་མོ་བཙན་མོ་འཕན་གྱིས་རྒྱལ་ཚབ་གནང་བ་གཉིས་ཞལ་མཐུན་གྱི་འདུག ད་ག་རེ་བྱེད་དགོས་པ་རེད་དམ།
གོང་གི་ལྷ་སྲས་དར་མ་མན་ཅད་དང་། འོད་སུས་དབོན་སྲས་མན་ཆད་དུ། སྤྱི་ནི་དར་ཅིང་རྒྱས་ཅེས་པས།། འདི་ལ། མཁའ་རྨེའུ་བསམ་གཏན་གྱི་ལྷ་སྲས་དར་མ་མན་ཆད་དང་། འོད་སྲུང་དབོན་སྲས་ཡན་ཆད་དུ། སྤྱི་ནི་དར་ཅིང་རྒྱས་ཆེས་པས།། ཞེས་བཅོས་ཡོད་པ་དེ་ལ་ངས་ཀྱང་བསམ་བློ་བཏང་བ་ཡིན། ངས་བལྟས་ན་ཁོང་གིས་དེ་ལྟར་བཅོས་དོན་ནི། རྒྱལ་པོ་གླང་དར་དང་འོད་སྲུང་དབོན་སྲས་སོགས་ཀྱི་སྐུ་རིང་ལ་གསང་སྔགས་ཀྱི་ཆོས་ཤིན་ཏུ་དར་བ་འདྲ། འདི་ལ་ལྷ་བླ་མ་ཡི་ཤེས་འོད་ཀྱིས་བོད་ཀྱི་སྔགས་པ་རྣམས་ལ་བཀའ་ཤོག་གཅིག་བཀྲམས་པ་རེད། བཀའ་ཤོག་བཀྲམས་དགོས་དོན་ནི་སྔགས་ཀྱི་ཉམས་ལེན་བྱེད་སྟངས་དག་གསལ་སྒྲོལ་ཡོང་ཕྱིར་རེད། ད་དུང་ལྷ་བླ་མ་ཡི་ཤེས་འོད་ཀྱི་ཡང་ཚ་བྱང་ཆུབ་འོད་ཀྱིས་གསང་སྔགས་ཉམས་ལེན་བྱེད་སྟངས་ལས་འཕྲོས་ཏེ་ཇོ་བོ་རྗེ་ཨ་ཏི་ཤ་ལ་དྲི་བ་མི་གཅིག་པ་བདུན་བསྐུལ་གནང་མཛད། མཐའ་མ་ཨ་ཏི་ཤས་དྲི་བ་བདུན་པོར་ཐུགས་སྣང་མཛད་ནས་བྱང་ཆུབ་ལམ་སྒྲོན་མཛད་དགོས་བྱུང་བ་རེད། མཁའ་རྨེའུ་བསམ་གཏན་གྱིས་འདི་དག་ལ་ཐུགས་སྣང་མཛད་པ་རེད་སྙམ། དེས་ན་ཁྱེད་ཀྱིས་ལྷ་སྲས་དར་མ་ཡན་ཆད་དུ་བསྟན་པ་རྒྱས་པ་དང་རྒྱས་སྟངས་ཀྱི་སྐོར་འདྲ་གསུངས་ན་ཅི་འདྲ་རེད། མ་རེད་དམ།
ད་དུང་ཁྱེད་ཀྱི་མཆན་ལས་འཕྲོས་ཏེ་ཞུ་རྒྱུ་འགའ་ཡོད། སང་ཉིན་དགོང་མོར་འབུལ་རྒྱུ་ཡིན།
ད་གཞི་ནས་ཆུ་ཚོད་བྱུུང་བས་རགས་བསྡུས་ཙམ་འགོ་ནས་འཇུག་བར་ཀློག་རྗེས་དཔྱད་པ་གནང་ཧ་ཅང་ལེགས་ཤིང་བརྒྱ་ཆ་དགུ་བཅུ་ཙམ་སེམསལ་འབབ་བས་ཤིང་བདེན་དུ་འདོད། ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ཀྱིས་གསུངས་བ་བཞིན་ཁོང་ལ་བོན་པོའི་ཞེན་ཆགས་ཆེན་པོ་འདུག རྒྱུ་མཚན་ནི་བོན་གྱིས་ཉེས་མེད་ཀྱི་སྲོག་ཆགས་དམར་མཆོད་དེ་ཙམ་བྱེད་པ་ངོས་ལེན་མེད་པའི་སྟེང་། དམར་གསོད་བྱས་ཀྱང་བོད་ཀྱི་གོམས་སྲོལ་ཡིན་པ་ལས་ཆོས་ལུགས་མིན་ཚུལ། སངས་རྒྱས་ཆོས་ལུགས་ཀྱི་ཕྱོགས་རིས་བའི་ལྟ་སྟངས་ཀྱིས་བོན་གྱིས་དམར་མཆོད་བྱེད་པ་བྲིས་ཚུལ། ཤ་བ་བགོ་ཕྱུགས་བྱེད་པའི་ལོ་རྒྱུས་མེད་པས་ལོ་རྒྱུས་དེ་དག་མ་ངེས་ཚུལ་གྱིས་དར་མ་དཀར་འདོན་བྱེད་ཞོར་ཆོས་ལུགས་ཀྱི་ཞེན་ཁོག་གླེང་བ་འདིས་རྩོམ་ཡིག་འདིས་རིན་ཐང་ལ་ཧ་ཅང་གནོད་སྐྱོན་ཐེབས་འདུག བོན་པ་པོ་ཡིན་ན་བོན་གྱི་ཞེན་ཁོག་ལོས་ཡོད་ལ་བྱེད་ཀྱང་འོས་ཏེ། རང་ཉིད་བོན་དུ་སྐྱེས་ཤིང་བོན་རྒྱུད་རྒྱུན་འཛིན་ནི་འཛམ་གླིང་དང་བོད་མིའི་རྒྱན་རེད། འོན་ཀྱང་དངོས་ཡོད་དངོས་སུ་སྨྱོན་ནས་བོན་གྱིས་དམར་མཆོད་མི་བྱེད་པ་དང་བྱས་ཀྱང་བོན་ཆོས་མིན་པར་སྲོལ་རྒྱུན་ཡིན་ཚུལ་བཤད་པ་ནི་ཤིན་ཏུ་གནས་ལུགས་དང་མི་མཐུན། དུས་སྐབས་དེར་ཆོས་ལུགས་ཀྱིས་འཇིག་རྟེན་འཛམ་གླིང་གང་སར་སྐྱོང་བས་ཡོད་ཚད་ཆོས་དང་འབྲེལ་ཕྱིན། ལྷ་ལ་འགངས་ཆེན་གྱི་མཆོད་པ་ཕུལ་བའི་དམར་མཆོད་ལྟ་བུ་ཆོས་ལུགས་མིན་ཟེར་ན། ཆོས་ལུགས་ཞེས་ནས་གཞི་འཛིན་ས་དཀའ་བས་མ་ངེས་ལ། ཤྭ་བ་རི་དྭགས་ཡིན་པ་བདེན་ཡང་ལོ་སུམ་བཅུ་ཙམ་གྱི་སྔོན་ང་ཚོའི་འཚོ་བས་བགོ་ཕྱུགས་བཀོད་ནས་རྭ་ཅོ་ལེན་པ་ཕྲན་ལ་དངོས་ཡོད་ཡིན། བཙན་པོ་དར་མ་ནང་པས་དཀྲོངས་བ་བདེན་ཡང་ཁྲི་རལ་དཀྲོངས་བ་བོན་ལ་འབྲེལ་བ་ཡོད་པ་སྦ་གསང་བྱས་བ་སེམས་ལ། བན་བོན་འཐབ་རྩོད་ཀྱིས་བཙན་པོའི་སྲིད་དབང་ལ་གནོད་སྐྱོན་བཟོས་བ་ཅི་ཡང་མ་གླེང་བ་ནི་ཡ་མཚན་རེད། གང་ལྟར་བདེན་པ་ཡིན་ན་ཀུན་ཡང་མོས་ལ་རྫུན་པ་ཡིན་ན་གཞན་ལ་དོགས་ཕོག་འགྲོ། གལ་སྲིད་ཁྲི་རལ་མ་དཀྲོངས་བ་ཡིན་ན་ནང་ཆོས་ཅི་འདོད་དུ་དར་ནས་འཇུག་འབྲས་ཅི་ཞིག་བྱུང་བ་ཚོད་དཔགས་དཀའ། འོན་ཀྱང་ཁོང་མ་གྲོངས་ན་བོད་ནི་རྒྱ་གར་དང་ཉེ་ཞིང་རྒྱ་གར་གསའ་ཐུབ་བྷ་བྷ་རྣམས་ལ་མགོ་སྐོར་བཏང་བའི་གོ་སྐབས་སྤྲད་པས་བོད་སིལ་བའི་སྐབས་དང་གཅིག་མཚུངས་ལས་རེ་བ་ཆེ་པོ་མེད་ཤས་ཆེ། སུས་ཤེས། དངོས་ཡོད་ཀྱིས་གནས་ཚུལ་ནམ་ཡང་ཚོད་དཔགས་ཀྱི་ཡུལ་ལས་འདས།
ངའི་རེ་བ་ཚད་ལྡན་གྱི་རྩོམ་པ་པོ་དང་ལོ་རྒྱུས་འབྲི་བ་པོ་ཞིག་ཡིན་ན་ཕྱོགས་རིས་མེད་པའི་ལྟ་སྟངས་ཀྱིས་འབྲི་རྒྱུ་གནད་དུ་འཁུམས་ལ། ཀློག་མཁན་གྱིས་གློག་ཚེ་ཆོས་རྒྱུད་གང་དུ་མི་རིགས་སུ་ཞིག་གིས་བྲིས་བ་མི་འཚོར་བའི་སྣང་པ་སྟེར་ཐུབ་ན་ཆེས་ཕུལ་ཏུ་བྱུང་རེད།
རྒྱལ་པོ་གླང་དར་དང་འོད་སྲུང་དབོན་སྲས་སོགས་ཀྱི་སྐུ་རིང་ལ་གསང་སྔགས་ཀྱི་ཆོས་ཤིན་ཏུ་དར་བ་འདྲ། འདི། རྒྱལ་པོ་གླང་དར་གྱི་རྗེས་དང་འོད་སྲུང་དབོན་སྲས་
སོགས་ཀྱི་སྐབས་དང་ཡང་ན་གོང་ཙམ་དུ་གསང་སྔགས་ཀྱི་ཆོས་ཤིན་ཏུ་དར་བ་འདྲ། ཞེས་ནོར་བཅོས་ཡོང་བ་ཞུ།
རྒྱལ་པོ་གླང་དར་གྱི་རྗེས་དང་འོད་སྲུང་དབོན་སྲས་
སོགས་ཀྱི་སྐབས་དང་ཡང་ན་གོང་ཙམ་དུ་གསང་སྔགས་ཀྱི་ཆོས་ཤིན་ཏུ་དར་བ་འདྲ། ཟེར། དེ་ལྟར་ན་དར་ཚུལ་ཅུང་ཟད་མར་ཕྲིས་དང་ཀུན་ལ་ཕན།
དྲྭ་གྲོགས་འགའ་རེས་དོན་མེད་དུ་བན་བོན་གྱི་འགལ་ཟླ་ཞིག་སློང་གིན་འདུག འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ་མཁར་རྨེའུ་བོན་ཁྱིམ་ཞིག་ཏུ་སྐྱེས་པ་བདེན་ཡང་སློབ་སྦྱོང་བྱེད་ས་དགེ་ལུགས་པའི་དགོན་པ་རེད། གཞན་དུ་ཁོང་ལ་ཆོས་ཀྱི་ཕྱོགས་རིས་ཡོད་མེད་ཧ་ཅང་གསལ་བོ་ཡིན་ཏེ། ཁོང་གིས་བྲིས་པའི་༼མདའ་དང་འཕང་།༽ཞེས་པའི་དཔེ་དེབ་དང་། དེའི་གསལ་བཤད་༼བོན་སྒོ༽འདོན་ཐེངས་ཉེར་གཅིག་པའི་ཐོག་ཏུ་བཀོད་པ་སོགས་ལ་གཟིགས་ན་གསལ་པོར་མཐོང་ཐུབ་པར་མ་ཟད་བོན་པོའི་ཕྱོགས་་བྱེད་ཀྱིན་མེད་པ་དེ་བས་ཀྱང་གསལ་པོར་མཐོང་ཐུབ། བོན་པོ་ཚོའང་ཁོང་ལ་དགའ་གི་མི་འདུག་བན་དེ་ཚོའང་ཁོང་ལ་དགའ་གི་མི་འདུག ད་ཡིན་ན་ཁོང་དཀྱིལ་དུ་ལང་ཡོད་པའི་རྟགས་རེདའང་། དྲྭ་གྲོགས་འགའ་ཞིག་གིས་དྲི་བ་དྲིས་འདུག་པ་དེའི་ལན་མཁར་རྨེའུའི་དེབ་དེ་ག་རང་དུ་འཚོལ་རྒྱུ་འདུག་པས་དེ་ལྟར་འཚོལ་རོགས། ལྷག་པར་དུ་བཙུན་པ་ལ་ཕོག་སྤྲོད་པའི་སྐོར་སོགས་རེད།
ཏུན་ཧོང་ཡིག་རྙིང་སོགས་རྩ་ཆེན་བྱེད་དགོས་དོན་ནི་སུས་ཀྱང་ཤེས་ངེས་རེད། འདི་མཁར་རྨེའུ་གཅིག་པུའི་ལྟ་སྟངས་མ་རེད། ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་ཐབས་ལམ་གལ་ཆེན་ཞིག་རེད། བླ་མ་རྩ་ཆེན་དང་མཁས་པ་གྲགས་ཆེན་སོགས་ཀྱི་རྩོམ་ཡིན་རུང་གསར་རྩོམ་ཞིག་ཡིན་ཕྱིན་དཔེ་རྙིང་ལ་བསྡུར་ཐབས་མེད། དད་པ་དང་དུང་བ་ཁོ་ནས་ལོ་རྒྱུས་བསྐྲུན་མི་ཐུབ་པར་སྒྲུང་གཏམ་བསྐྲུན་པ་རེད།
ཨ་རོགས་ཚོ། ད་ལ་འབོད་ལུང་འབོད་བྱས་ནས་ལྐུགས་རྟགས་མ་སྟོན། མཁར་རྨེའུ་ལ་དྲིས་པའི་སྐད་ཆ་ཚང་མར་མཁར་རྨེའུ་ཡིས་ལན་འདེབས་དགོས་ན་ཁོང་མཚན་མོ་གཉིད་རྒྱུ་དང་ཉིན་མོ་ཟ་རྒྱུའི་དུས་ཚོད་ཅིག་གང་ན་ཡོད། བོད་པ་ཚོ་མ་གཞི་ནས་འདི་འདྲ་ཞིག་ཡིན། ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མི་ཆོད། ཁོང་ལྟ་བུའི་རྒྱལ་སྤྱིའི་ཐོག་ལོ་རྒྱུས་ཞིབ་འཇུག་གི་ཤུགས་རྐྱེན་སྤྲོད་ཐུབ་མཁན་བོད་པ་སུ་ཡང་མེད། རྒྱལ་སྤྱིའི་བོད་རིགས་པའི་ཚོགས་ཆེན་གྱི་ཚོགས་གཙོ་གནང་མྱོང་མཁན་ཡང་ཁོང་མ་གཏོགས་བོད་པ་སུ་ཡང་མེད། རང་ཉིད་ཀྱི་བློར་མི་ཤོངས་པ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོ་འདྲེ་དང་བདུད་ལྟ་བུར་ལྟ་བ་འདི་འདོར་དགོས་པར་འདུག
ད་ཡང་མཁར་མེ་བསམ་གཏན་ཟེར་ནོ་ཤ་ལྡད་ལྡད་བྱེད་ཀྱིན་འདུག་གཱ ཨ་ཨ་ཨ། སོ་རྣོན་པོ་རེད་ཡ། རྩོམ་གྱི་ནང་གི་ཚིག་དུམ་རེ་ལ་འཇུས་ནས་ཅིག་བསད་ཀིན་འདུག་པ་ལས། རིང་ལུགས་ཤིག་བཟུང་ནས་དགག་རྩོམ་ཞིག་བྲིས་ཏེ་ཀློག་མཁན་གྱི་མདུན་དུ་བཞག་ན་ཇི་འདྲའི་དགའ་བ་ལ་དང་སྐྱིད་པ་ལ།
མདའ་ཚན་པ་ལགས། ང་ལ་དགེ་ཆོས་ཀྱི་ཕྱག་དེབ་མེད་མོད། ལོ་ངོ་བརྒྱད་ཙམ་གྱི་གོང་ཀློག་པ་ཡིད་ལ་དྲན་གསལ་དགེ་ཆོས་ཀྱི་དེབ་དཀར་དུ་སད་ན་ལེགས་འཇིང་བར་མ་གཏོགས་གླང་དར་གྱི་སྐོར་འབྲི་ཐུབ་མེད་པས་ལོ་རྒྱུས་ཀྱི་གནས་སྟངས་འདི་དགེ་ཆོས་ལ་རེ་བ་བཅོལ་ས་མེད། ཤེས་འདོད་ན་ཚ་དེབ་དང་ཆོས་འབྱུང་སོགས་ལས་རྟོགས་དགོས།
གོང་གི་རྩོམ་ཡིག་འདིས་མ་དཔེ་དམ་མཐུན་ཕྱོགས་ནི་དུང་དཀར་རིན་པོ་ཆེས་ཆོས་སྲིད་ཟུང་འབྲེལ་རེད་ལ་ཕྱག་དེབ་ཡོད་ན་དེར་གཟིགས་ན་ཕན་ཐོགས་ཡོད་པ་སྨོས་མེད་རེད། འོན་ཀྱང་ཕྲན་བོད་ཡིག་མེད་པའི་ཕྱི་རྒྱལ་ལུང་པ་ཞིག་ཏུ་ལྷག་ཁར་བོད་ཡིག་དང་བྲལ་བའི་ལས་ཀའི་ཁྲོད་འཚོ་གཞིས་སུ་གནས་བས་ཤོག་གྲངས་སོགས་ཞུ་ཁག་པོ་རེད།
གླང་དར་ངོས་ཀྱི་སྲས་ཤིག་བཙུན་མོ་ཆུང་བ་ཡོད་ཀྱང་བཙུན་མོ་རྒན་པས་ཕྲག་དོགས་བྱས་བས་ཉིན་ཁར་ཉི་མའི་འོད་དང་མཚན་མོ་སྒྲོན་མེའི་འོད་ཀྱིས་སྲུངས་བས་འོད་སྲུང་། བཙུན་མོ་རྒན་པས་བྱིས་བ་མ་འབྱར་ཞིག་འཁྱེར་ནས་མདངས་དགུང་སྐྱེས་སོང་ཟེར་ཡང་སོ་ཡོད་པས་མ་ངེས་ཀྱང་། ཡུམ་གྱི་བཀའ་བརྟན་དུ་བཅུག་ཟེར་ནས་ཡུམ་བརྟན་ཡུམ་བརྟན་ཞེས་གྲགས།
ཁྱེད་ལ་དགེ་ཆོས་ཀྱིས་བརྩམས་པའི་བོད་སིལ་བའི་སྐབས་ཀྱི་གནས་ཚུལ་གཞན་ཞིག་ཡོད་ན་ཉུང་བསྡུས་ཤིག་བཀོད་ན་ལེགས། དེས་ཕན་ཐོགས་ས་རེད།
་་་་། ཁོང་ལྟ་བུའི་རྒྱལ་སྤྱིའི་ཐོག་ལོ་རྒྱུས་ཞིབ་འཇུག་གི་ཤུགས་རྐྱེན་སྤྲོད་ཐུབ་མཁན་བོད་པ་སུ་ཡང་མེད། ་་་ཧ་ཧ་ཧ་འདིས་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་གཅིག་གི་རྒྱལ་རབ་ཉམས་ཞིབ་ཐུབ་པའི་མཁས་པ་ཡིན་པའི་ཁྱབ་པ་ཡོད་མ་རེད། རྒྱལ་སྤྱིའི་ལོ་རྒྱུས་ཞིབ་འཇུག་གི་ཚོགས་གཚོ་བྱས་མྱོང་མཁན་བོད་སྐད་ཕར་ཞོགས་བོད་ཀྱི་ཀ་ཁ་མི་ཤས་མཁན་བྱུང་མྱོང་ཡོད་པ་ཤེས་བགྱིད་ཡོད་པེ། ད་གླང་དར་དང་མའོ་སུ་ཕན་ཐོགས་དུས་ཚོད་ལ་སླེབས་འཔ་དྲ། ཨ་ཁ་ཁ།
བོད་ཀྱི་ལོ་རྒྱུས་བཀྲ་མི་ཤེས་པའི་སྐོར་ལ་ཤོད་འདོད་ཞེ་དྲགས་མེད་ཀྱང་། རྒྱལ་རབ་༤༡་པ་དེ་ནི་དོན་དངོས་ལྷ་སྲས་དར་མ་མ་ཡིན་ལ། གླང་དར་མ་ཞེས་རྗེས་གྲུབ་མིང་འདི་འཐད་པ་ཡོད་དེ། རང་ཉིད་དུས་ཐོག་ཏུ་ཁྲི་ལ་འཁོད་མ་ཐུབ་དང་། གཅེན་ཅུང་གི་སྲོག་ལ་ལྟོས་མེད་ཀྱིས་ཁྲི་འཛེགས་པ་འདིས་མི་རང་གཤིས་གཞན་གྱི་ཤོད་མ་དགོས་པར་རང་གིས་གསལ་སྟོན་བྱས་ཡོད་པ་གསལ་པོ་མ་རེད་པེ། ཐུགས་སེམས་བཞེས་རོགས་གནོངས།
ཡ་ཡ་ཡ། ཨ་ནུ་ཐང་བསོད་ནམས་ཀྱི་འདོད་པ་ལྟར། དགེ་ཆོས་ཀྱི། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་ཞེས་པ་ནས་གླང་དར་རྗེས་ཀྱི་གནས་ཚུལ་ཐུང་ཐུང་ཞིག་བཀོད་དགོས། རྒྱ་ཡིག་ནས་ཚུར་བསྒྱུར་བ་འདྲ། གུག་རྟགས་ནང་གི་བོད་ཡིག་དེ་ཚོའི་འཁྲིས་ན་རྒྱ་ཡིག་ཀྱང་འདུག རྒྱ་ཡིག་དེ་ཚོ་འདིར་འབྲི་མ་ཐུབ།
བེ་ཆན་གྱི་(ཧོས་ཁྲང)ལོ་གཉིས་པ་(འདས་རྗེས་ཀྱི་ལོ༡༣༨༦)ལ་བཙན་པོ་སྐུ་གཤེགས། བོད་ནས་བློན་ཆེན་བཙན་ཞོ(བློན་བཙན་བཞེར)གནས་ཚུལ་སྐྱེལ་དུ་སླེབས། གོང་ནས་དམག་དཔོན་ལི་ཇིན(ལི་ཅིན)བཙན་པོའི་སྐུ་སྤུར་ལ་མཆོད་པ་འབུལ་དུ་བཏང་། བཙན་པོ་ཐ་མུ་ལ་སྲས་མེད། བློན་ཞང་ཡ་ལི(ཞང་ཡན་ལི)བྱ་བ་གཅམ་བུ་བྱེད་པ་ཞིག་གིས་ཅི་ལུའུ་ཧུའུ་(ཆི་ལི་ཧུའུ)རྒྱལ་པོའི་ཁྲི་ལ་བཞག ཅི་ལི་ཧུའུ་དེ་བཙུན་མོ་ལིན་ཞིའི(མཆིམས་བཟའ)ཚ་བོ་ཡིན། ཁྲི་ལ་བཞག་དུས་ལོ་གསུམ་ལས་མ་ལོན། རྒྱལ་སྲིད་བཙུན་མོ་རང་གིས་བཟུང་། དེ་དུས་བློན་ཆེན་པོ་གེ་དུན་ནོ(བློན་ཆེན་རྗེ་སྟག་སྣ)ཕོ་བྲང་དུ་སླེབས་པར་བཙན་པོ་གསར་པ་མཐོང་ནས་ཕྱག་ཀྱང་མ་འཚལ་བར། ཁོ་ན་རེ། བཙན་པོ་འདས་པའི་རྗེས་ནགཉེན་ཚན་འདི་ཙམ་ལུས་ཀྱང་རྒྱལ་པོའི་ཁྲི་ལ་ལིན་ཞིའི་བུ་བཞག བྱིས་པ་འདི་འདྲ་ལ་བློན་པོའི་ནང་ནས་སུ་ཞིག་གིས་བརྩི་མཐོང་བྱེད། བཙན་པོ་འདི་འདྲ་བས་མཆོད་པ་ཕུལ་བ་ཡང་ལྷ་རྣམས་ཀྱིས་མི་བཞེས་པར་ངེས། ད་ནི་རང་རེ་རྒྱལ་ཁམས་ཉམས་པའི་དུས་ལ་སླེབས། ང་ལ་ནི་སྲིད་འཛིན་པའི་སྟོབས་མེད། རྒྱལ་ཁམས་འཁྲུག་ན་ཞི་བར་བྱེད་མི་ནུས། དེ་ལས་ད་ལྟ་ཤི་ན་དགའ་ཞེས་རང་གི་གྲི་བཏོན་ནས་གདོང་ལ་རྨ་བྱས་ཏེ་ཕྲག་བཏོན་ཅིང་ངུ་བཞིན་དུ་ཕྱིར་ལོག གཅམ་བུ་བྱེད་པའི་བློན་རྣམས་གྲོས་བྱས་ཏེབློན་ཆེན་པོ་དེ་བཟུང་ནས་ཁྲིམས་ཀྱིས་བསད། ཚུལ་དེ་ལ་བློན་པོ་གཞན་རྣམས་མ་དགའ།
ལོ་མིན་ཅོན(ལོ་མིན་ཁྲོན)བྱ་བའི་ཡུལ་ན་སྡོད་པའི་བོད་ཀྱི་དམག་དཔོན་ཞང་གོང་ཇོ(ཞང་ཁོ་བཞེར)དེ་མི་རྒྱུད་གྱོང་ཞིང་གཡོ་ཆེ་བ་ཡིན། ཁོས་མི་སྡེ་ཁག་གསུམ་དང་གྲོས་བསྡུར་བྱས་ཏེརྟ་དམག་ཁྲི་ཙམ་བསྡུས་ནས་ཞན་ཇོ་ན་སྡོད་པའི་བོད་ཀྱི་དམག་དཔོན་ཞང་བྷི་བྷི(ཞང་པི་པི)ས་སྐོར་ལ་འགྲོ་བ་བཅོམ། སོགས་འདི་ནས་མར་མདོ་སྨད་དང་རྒྱའི་ས་མཚམས་སུ་སྡོད་པའི་བོད་ཀྱི་དམག་དཔོན་ཚོས་གཅིག་གིས་གཅིག་ལ་དམག་རྒྱབ་ཏེ་དམག་འཁྲུག་རིང་པོ་ཞིག་གི་མགོ་བརྩམས་འདུག དམག་གང་གིས་གང་ལ་རྒྱབ་པ་དང་སུ་ཞིག་ཕམ་པ་དང་སུ་ཞིག་རྒྱལ་བ་སོགས་ཤོག་གྲངས་བཞི་ལྷག་འདུག བོད་མིང་ཚང་མ་ཡང་རྒྱ་མིང་འདྲ་བོ་ཡིན་པ་འདི་ཚོ་བློན་ཆེན་སུ་ཞིག་ཡིན་མིན་ལ་ཡག་པོར་བརྟག་དགོས་ཀྱི་འདུག དེ་ཙམ་ཡིན།
དྲྭ་གྲོགས་ཨ་ནུ་ཐང་བསོད་ནམས་ལགས། རང་གིས་རང་བསྐྱག སྐྱག་པས་རྐུབ་བསྐྱག་ཅེས་པའི་དཔེ་ལྟར། རང་ལྟ་དང་མཐུན་པ་དེར་བསྟོད་བསྔགས་ཚད་མེད་པ་རེ་བྱས། དེ་དང་མི་མཐུན་པར་ཕྱོགས་ཡོང་ནས་དབྱེན་དཀྲུག་གི་གཞི་འཛུགས་བྱེད་པ་འདི་དངོས་གནས་བྱབ་ཆུང་རང་རེད། དགག་བྱ་མཁར་རྨེའུ་ཡིས་བརྩམས་པའི་གླང་དར་གྱི་སྐོར་ལ་རིག་པའི་དགག་བཞག་རིང་དུ་དོར་ཏེ། ཉེ་བའི་གཟུང་དོན་བོར་ནས། རིང་པའི་ཡུལ་ལ་འཇུག་དོན་མེད་ཅེས་བཤད་པ་དེ་ཁྱོད་ལ་གདམས། ཇུས་མེད་ཇུས་གཏོགས་ཀྱི་ཧི་མ་ལ་ཡ་ཡི་མི་རིགས་དང་དེ་བཞིན་དེར་གནས་པའི་བོན་དང་བོན་པོར་ཉེས་མེད་ཉེས་འཛུགས་བྱེད་པ་ནི། རྩ་བ་བོར་ནས་ཡལ་ག་མ་སྙོབ་ཅིག་ཨང༌། ཞེས་པའི་གདམས་པ་དེ་ཁྱོད་ལ་ལུང་དུ་བསྟན་འདུག དེ་ངོ་ཤེས་པར་གྱིས། ཧི་མ་ལ་ཡ་ཡི་མི་རིགས་ཡོངས་ལ་རྒྱུག་པ་ལེབ་བརྡུང་བྱེད་པ་ནི་མི་རིགས་དབྱེ་འབྱེད་ཀྱི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་དང་གཅིག བོན་དང་བོན་པོར་ཇུས་མེད་ཇུས་གཏོགས་ཀྱིས་དཀྲུགས་ཤིང་རྒྱབ་པའི་བྱ་སྤྱོད་ཐ་ཤལ་དེ་༸༌གོང་ས་མཆོག་
གིས་རྟག་ཏུ་ཆོས་རྒྱུད་ཆོས་ལུགས་ཡོང་ལ་དག་སྣང་སྦྱོང་དགོས་དང༌། ཕན་ཚུན་མཐུན་ལམ་དམ་ཟབ་བྱེད་དགོས་ཀྱིས་བཀའ་སློབ་རབ་དང་རིམ་པར་གནང་བ་ཁག་ལ་རྣ་རྒྱབ་ཀྱི་དྲི་བཞོན་བཞིན་དུ་བརྩིས་མེད་རྡོག་རོལ་བཏང་བ་དང་གཉིས། དེ་དག་གི་འབྱུང་འབྲས་ངན་པ་ཅི་བྱུང་ཁྱོད་དང་ཁྱོད་འདྲ་བའི་རི་བོང་ཅལ་འདྲོག་བྱེད་མི་ཚོས་འགན་ཁུར་
དགོས།་ རྗེས་སུ་ཁྱེད་ཅག་གིས་བཤད་པ་དེ་དག་སྣང་མེད་དུ་མི་འཇོག་པར་རིམ་བཞིན་རྒྱུ་མ་ཕུ་འདེད་བྱེད་ངེས་ཡིན། གླང་དར་གྱི་སྐོར་ལ་ཇི་ལྟར་བཤད་རུང་ཁྱེད་ཚོས་ཤེས། ཇུས་མེད་ཇུས་འཁྲི་དང༌། ནག་མེད་ནག་འདོན་དང་། འགན་ཁུར་མེད་པའི་སྐད་ཆ་ཇི་ལྟར་བཤད་རུང་དེ་དག་ལ་བདེན་པའི་ཁུང་སྐྱེལ་དགོས་པས་དེ་ལུགས་ཡིད་ལ་འཇོག་དགོས། ར་སྤུས་བཟོས་པའི་འུར་རྡོ་དེ། ར་མའི་མགོ་ལ་རྒྱབ་ན་བྱེད་རྒྱུ་ཡོད་པ་མ་རེད།
མདའ་ཚན་པ་ལགས། ཉིད་ཀྱིས་དགེ་ཆོས་ཀྱི་ཐང་ཡིག་ལས་ལོ་རྒྱུས་ཀྱི་བར་མཚམས་དེ་བཀོད་པ་ཐུགས་རྗེ་ཆེ།
རྩོམ་ཡིག་འདིས་བོན་བློན་སྦས་སྟག་སྣས་བྲན་ཁ་དཔལ་ཡོན་དང་བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་གཉིས་ལ་ལུས་འབྲེལ་ཡོད་ཚུལ་གྱི་ཉེས་མདོག་གིས་བྲན་ཁ་དཔལ་ཡོན་སྡུག་གསོད་ཀྱིས་བཀྲོངས་ཤིང་། བཙུན་མོ་ངང་ཚུལ་མས་གནས་ཚུལ་དེ་མ་བཟོད་པར་ཕོ་བྲང་གི་ཡང་སྟེང་ནས་འཆོང་ནས་རང་སྲོག་བཅད་ཚུལ་གྱི་ཟུར་ཙམ་ཡང་མེད་ཁར། བན་དེ་བྲན་དཔལ་བཀྲོངས་བའང་ལུགས་མཐུན་ཡིན་ཚུལ་གྱི་སྒྲུབ་བྱེད་སྣ་ཚོགས་བཀོད་ཅིང་། གླང་དར་གྱིས་གྲྭ་འབོར་འཕེལ་ན་མི་འབོར་ལ་གནོད་སྔ་ས་ནས་རྟོགས་པ་སྦ་བཞད་ཀྱི་ཤུགས་བསྟན་ལས་གསལ་ཚུལ་བརྗོད་པ་ནི་རང་མོས་ཀྱི་རྟོག་བཏགས་ཤིག་སྟེ། གྲྭ་འབོར་མི་འབོར་ལ་གནོད་པའི་སྐད་ཆའི་རྩ་བ་སྐུ་མདུན་དང་མོའོ་དང་མཇལ་འཕྲལ་ལས་བྱུང་ཅིང་། ཉེར་འཆར་སྐུ་མདུན་གྱིས་གྲྭ་འབོར་གྱིས་མི་འབོར་ལ་གནོད་པའི་བཀའ་ཡང་ཡང་ཕེབས་ཤིང་། དེ་དངོས་ཡོད་དུ་སེམས་ནས། ཕྲན་གྱིས་ཉེར་ཆར་དེའི་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ཡོད།
བོན་བློན་སྦི་རྒྱལ་ཏོ་རེ་དང་སྦས་སྟག་སྣ་ཅན། ཉ་ནམ་རྒྱ་ཚ་སོགས་ཀྱིས་དར་མ་ལག་ཆ་བྱས་ཏེ་ཁྲི་རལ་བཀྲོངས་ཤིང་། དར་མ་ཁྲི་ལ་བཀོད་པའི་ལོ་གཉིས་ཀྱི་རྗེས་སུ་སངས་རྒྱས་ཆོས་ལུགས་གཙང་སེལ་གྱི་ལས་འགུལ་སྤེལ་ནས་ཉང་ཏིང་འཛིན་བཟང་པོ་དང་སྨྲ་རིན་ཆེན་གཉིས་བསད་དེ་གཙུག་ལག་ཁང་ལ་ཆང་རིས་བྲིས། དགེ་འདུན་གྱི་སྡེ་བཅད་ཀྱང་། གཅོང་རོང་སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་སྡིག་འཛུབ་ཀྱི་རྩེ་རུ་བདུད་པ་རྭ་ཅན་མགོ་དུག་གཡག་ཤས་ཙམ་ཞིག་བསྟན་པས་བཙན་པོ་རྒྱལ་པོ་དར་མ་སྐྲག་ནས་སྔགས་པ་ལ་གནོད་པ་མ་བྱུང་བའི་གནས་ཚུལ་ཙམ་ཡང་མེད་པ་ནི་རྩོམ་ཡིག་འདིས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བརླགས་པས་ཁོ་བོས་ཁ་གསབ་ཀྱི་ཚུལ་དུ་བཀོད་པ་ལགས། རྒྱུ་མཚན་ནི་དར་མ་རྒྱལ་པོ་བཞུགས་སྐབས་བལ་གྱི་ཉེ་ཆར་རྒྱལ་པོ་བཞིན་རྙོགས་དྲ་བསླངས་ནས་ཁྲི་ལ་ཁོད་པ་ལས་བཀྲ་ཤིས་བདེ་ལེགས་ཀྱིས་མིན་ཏེ། རང་གི་བུ་སྤུན་ཁྲི་རལ་བཀྲོངས་བས་ཁྲི་ལ་འཁོད་པས་རྒྱལ་ལྗོངས་ཀྱི་ལོ་རྒྱུས་ལོས་དགོས།
གསང་བསྔགས་ཀྱི་ཆོས་རྒྱུན་མ་ཆད་པས་དེ་ལུས་ཀྱི་བསྔགས་ལ་བསྔགས་རྙིང་མ་ཟེར་ཞིང་དེ་ནི་སློབ་དཔོན་པདྨ་ནས་རྒྱུད་ཅིང་ལོ་ཆེན་རིན་བཟང་པོ་བར་དུ་རེད། བསྔགས་གསར་རྙིང་གི་དབྱེ་མཚམས་ནི་ལོ་ཆེན་རིན་བཟང་ཡན་ལ་བསྔགས་རྙིང་ཟེར་ཞིང་། བསྔགས་གསར་དར་ལས་ཀྱང་ཕྱི་དར་ཆེ་བའི་རྐྱེན་རྩ་དེབ་སྔོན་གྱིས་བློ་ཆེན་རིན་བཟང་གི་བཀའ་དྲིན་ཡིན་པ་གསུངས་བ་བདེན་དུ་འཁུམས་ཏེ། བཀའ་བསྟན་གྱི་སངས་རྒྱས་ཆོས་གཞུང་གི་ལེའུ་གྲངས་མེད་ཅིག་ལ་ལོ་ཆེན་གྱི་མཚན་ཡོད་པས་ཡིན། བོད་སིལ་བའི་སྐབས་སྐད་གྲགས་ཅན་གྱི་སྔགས་རྙིང་ལ་མཁས་པ་ལེགས་པའི་ཤེས་རབ་དང་སྨྲི་ཏི། པཎྜི་ཏ་དྷ་རྨ་པ་དང་ལོ་ཆེན་རིན་ཆེན་བཟང་པོ་བཅས་ཡིན་ལ། དེ་དག་དར་མ་གྲོངས་ནས་ལོ་བརྒྱ་ཙམ་གྱི་རྗེས་སུ་ཤ་སྟག་ཡིན་པ་ལས་དར་མས་ལོ་གསུམ་རིང་བསྟན་པ་སྣུབ་སྐབས་ཀྱི་བསྔགས་བསྟན་ཉམས་བྱེད་མཁན་མ་རེད།
སིལ་བའི་སྐབས་བསྔགས་བསྟན་ཚོད་མེད་དུ་རྒྱས་བས་བསྔགས་ལ་ཁ་གཡར་ནས་ཉམས་རྟོགས་ཀྱི་རྟོགས་པ་ཅི་ཡང་མེད་ཀྱང་སྤྱོད་པ་ཅི་ཡང་མི་སྙམ་པའི་ཆགས་སྤྱོད་ཀྱི་རྩིང་ཆོས་དར་བས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ༩༤༠ལོར་གདན་དྲངས་བས་ལྟ་སྤྱོད་ཟུང་འབྲེལ་གྱི་བསྟན་པ་དར་བ་གྲགས།
མཐའ་དོན། བཙན་པོ་དར་མ་སངས་རྒྱས་ཆོས་ལུགས་པས་བཤད་པ་བཞིན་དམིགས་ཡུལ་མེད་པའི་ཀླད་སྟོང་ཞིག་གཏན་ནས་མིན་ཏེ། ཁོང་སྐུ་གྲོངས་ཁར་ཡང་ན་ལོ་གསུམ་གྱི་སྔ་དྲག ཡང་ན་ལོ་གསུམ་གྱི་ཕྱིས་དྲག་གསུངས་བའི་དོན་ལ་གོ་རྒྱུ་ཡོད་ཅིང་། རྙོགས་དྲ་ཐམས་ཅད་འགོ་བསླངས་ནས་ལོ་གསུམ་འགོ་ཞིང་འཇུག་སྒྲིལ་མ་ཐུབ་པས་དེ་ལྟར་སྒྲིལ་བ་ད་དུང་ལོ་གསུམ་དགོས་ཤིང་། རྙོགས་དྲའི་དཀྱུལ་ནས་སྐུ་སྲོག་ཆད་པས་རྒྱལ་སྲིད་མི་བརྟན་པ་གསལ་རྟོགས་ཡོད་པས། འཆར་གཞི་མེད་པའི་མི་ཞིག་གཏན་ནས་མ་རེད། ལོ་གསུམ་གྱི་གོང་གྲོངས་པ་ཡིན་ན་རྙོགས་དྲ་གང་ཡང་བསླངས་མེད་ཅིང་བདེ་འཇགས་ཀྱི་སྐུ་འདས་བས་རྒྱལ་སྲིད་ལ་གནོད་པ་མེད། གང་ལྟར་ལྷ་ལུང་དཔལ་རྡོར་གྱིས་ནང་པའི་འཚེ་བ་མེད་པའི་ལྟ་གྲུབ་ལས་འགལ་ཞིང་། བོད་མིས་བདེ་འཇགས་དང་དུས་ཚོད་ལ་མ་ལྟོས་བར་འཁོན་འཛིན་གྱི་གཞན་དབང་དུ་ཕྱིན་ནས་བོད་རྒྱལ་ཁབ་ཆེན་པོ་སྡུག་ལ་སྦྱར་བའི་ཉེས་བ་འདག་ཐབས་དཀའ་སྟེ། བཙན་པོ་བཀྲོངས་བས་མི་འགྲིག་པར་བཀྲོངས་རྗེས་ཆབ་སྲིད་ཀྱི་འགན་དབང་འཐབ་རྩོད་བྱེད་དགོས་ཀྱང་། དེ་ལས་ལྡོག་སྟེ་ལྷ་ལུང་དཔལ་རྡོཁམས་ཁུལ་དུ་བྲོས་བ་ནི་ཆབ་སྲིད་ཀྱི་ཐོག་ནས་ལྟས་ན་འགན་འཁུར་མེད་ཅིང་སེམས་འཚོར་གྱི་མི་གསོད་ཀྱི་ལས་ཀ་ཞིག་རེད། འོན་ཀྱང་། ཆོས་ལུགས་ལས་ཅི་ཡང་མི་མཁོ་བའི་མི་ཞིག་ལ་མཚོན་ན་བྱེད་སྟངས་དེ་ལྟར་རེད།
ཧི་མའི་རི་རྒྱུད་པ་ཁ་ཤས་ཀྱི་བོན་བསྟན་བོད་ཀྱི་མིན་ཞིང་ང་ཚོས་ཡིན་ཟེར་ན་ང་ལ་ཐེ་གཏོགས་ལོས་ཡོད། ཡོད་དེ་ང་ནི་རྒྱུ་མཚན་དང་དྲང་བདེན་གྱི་ལ་མོས་བས་གནས་ལུགས་དང་མི་མཐུན་པའི་སྐད་ཆ་ཀུན། མཐུན་ལམ་གྱི་ཆེད་དུ་བཏང་སྙོམས་སུ་འཇོག་མི་ཐུབ་པ་ནི་ངའི་གཤིས་ཀ་ཡིན་ལ། གཤིས་ཀ་དེས་རྐྱེན་པས་རང་ཡུལ་བཞག་ནས་དཀའ་ངལ་སྣ་ཚོགས་ཀྱིས་གཞན་ཡུལ་དུ་སླེབས། གཞན་ཡུལ་དུ་སླེབས་ནས་དགོས་བ་དང་དགག་བྱ་ལ་ལྟོས་ནས་སྐད་ཆ་བཤད་མཁན་གྱི་ཆབ་སྲིད་པ་ཞིག་མིན་ཏེ། ང་ཉིད་རང་གིས་ཅི་འཇོན་གྱིས་བདེན་པ་དང་འགྲོགས་ནས་སྨྱུ་གུ་འཁུར་མཁན་ཞིག་བྱེད་འདོད་པས་ཡིན་ལགས། འོན་ཀྱང་ངས་གོང་དུ་ཧི་མ་ལ་ཡ་ཡོད་ཚད་ཟེར་ནས་སྨོས་ཟིན་ན་སྐུ་ཉིད་ལ་བདེན་པ་ཡོད་པས་དེ་ལྟར་ལབ་པ་དགོངས་འགལ་མེད་པ་ཞུ། ངས་ཞུ་འདོད་པ་ནི་ཧི་མའི་རི་སྒང་གི་མི་སྣ་ཁ་ཤས་ཀྱིས་ཟེར་འདོད་པ་ལས་ཡོངས་རྫོགས་མིན། ཡོངས་རྫོགས་བོན་ལ་མོས་བས་བོན་ཆོས་ཀྱི་དོ་བདག་བྱེད་འདོད་པ་ཁག་པོ་རེད། གང་ལྟར། ཉིད་ཀྱིས་ང་ལ་སློབ་སྟོན་སྣང་བ་སྙིང་ནས་ཐུགས་རྗེ་ལེགས་འབུལ་ཡོད།
ཐོག་མར་ཞུ་འདོད་པ་ནི། མཁར་རྨེའུ་བསམ་གཏན་གྱིས་རྩོམ་ཡིག་འདི་ལྟ་བུ་ཞིག་འབྲི་དགོས་པར་
དམིགས་ཡུལ་གཉིས་ཡོད་པ་རེད། དང་པོ་ནི་རྡ་སའི་བོད་ཀྱི་དཔེ་མཛོད་ཁང་གིས་བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་སྐོར་གྱི་ངོ་སྤྲོད་ཅིག་འབྲི་དགོས་ཞེས་བསྐུལ་བ་དང་། གཞན་པ་དེ་ནི་མཁས་པ་སུས་ཀྱང་གཟིགས་མྱོང་མེད་པའི་རྒྱལ་པོ་གླང་དར་དང་འབྲེལ་བའི་ཡིག་དུམ་ཞིག་སྤྱི་ལོ་༡༩༧༦ལོར་ཁོང་གིས་ཏུན་ཧོང་ཡིག་རྙིང་གི་གྲས་ནས་རྙེད་པ་རེད། འདི་གཉིས་ལ་རྐྱེན་བྱས་ཏེ་རྩོམ་ཡིག་འདི་འབྲི་དགོས་བྱུང་བ་རེད། ངས་རྩོམ་ཡིག་འདི་ཐེངས་འགར་བྐླགས་པ་ཡིན། རྩོམ་ཡིག་འདིས་རྒྱལ་པོ་གླང་དར་དཀར་འདོན་བྱེད་ཀྱི་མི་འདུག་ལ། བོན་པོའང་དཀའ་འདོན་བྱེད་ཀྱིན་མི་འདུག གླང་དར་དཀར་འདོན་བྱེད་མཁན་ངོ་མ་དེ་ནི་ཁོང་གིས་རྩོམ་ཡིག་འདིར་དྲངས་པའི་ཏུན་ཧོང་གི་ཡིག་རྙིང་དེ་གཉིས་རེད། ཡིན་ནའང་མཁར་རྨེའུ་བསམ་གཏན་གྱིས་ཡིག་རྙིང་འདི་གཉིས་ཕྱག་ཏུ་བཟུང་སྟེ་ཚོགས་གཏམ་གཏོང་ཡུལ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་རེད། སྤྱིར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་ཁོང་གི་གདུང་རབས་ཕྱི་མ་རྣམས་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རབ་བྱུང་བ་རྣམས་ལ་སྐུ་དྲིན་ཆེན་པོ་ཡིན་སྟབས། ལྷ་ལུང་དཔལ་རྡོར་འདི་བསམ་ཡས་ཀྱི་རབ་བྱུང་བ་ཞིག་རེད། མཁན་པོ་ཞིག་རེད། བཙན་པོ་གོང་མ་རྣམས་ལ་ཁོང་ལ་མཚོན་ན་སྐུ་དྲིན་ཆེན་པོ་ཡིན་ནའང་། རྒྱལ་པོ་གླང་དར་གྱིས་རབ་བྱུང་བས་འཚོ་བ་གཞན་ལ་བརྟེན་པ་བཀག་འགོག་བྱས་པ་དང་གཅིག མི་གཞོན་དར་མ་རྣམས་དམག་ལ་འགྲོ་དགོས་པའི་རྐྱེན་གྱིས་མི་གཞོན་རབ་ཏུ་བྱུང་བ་རྣམས་བཀག་པ་དང་གཉིས། མི་གཞོན་དར་མ་རྣམས་རབ་ཏུ་བྱུང་བ་ཡིན་ན་བོད་ཀྱི་མི་འབོར་ལ་གནོད་ཚབས་ཆེན་པོ་ཡོད་སྟབས་སྔར་ཡོད་རབ་བྱུང་བ་འགའ་ཤས་ཁྱིམ་དུ་ཕབས་པ་རེད། རྐྱེན་འདི་གསུམ་པོ་ལྷ་ལུང་དཔལ་རྡོར་གྱི་ཐུགས་མ་བབས་སྟབས། ཁོང་ཐུགས་ཁྲོས་ནས་ཡར་བཞེངས་ཏེ་ལོ་རྒྱུས་ཀྱི་མདའ་མོ་རྣོན་པོ་ཞིག་རྒྱལ་པོ་གླང་དར་གྱི་དབུ་ཐོད་དུ་འཕངས་ཏེ་བཀྲོངས་པ་རེད།
རྒྱལ་པོ་གླང་དར་མ་བཀྲོངས་པ་ནས་བཟུང་བོད་རྒྱལ་ཁབ་སིལ་བུར་འཐོར་ནས་འབངས་གྱེན་ལོག་བྱུང་བ་དང་། ཐ་ན་བཙན་པོ་རྣམས་ཀྱི་བང་སོའང་བྲུས་པའི་གནས་ཚུལ་ཡ་ང་བ་བྱུང་བ་རེད། འདི་ལྷ་ལུང་དཔལ་གྱི་རྡོ་རྗེའི་མཛད་རྗེས་རེད་དམ། མ་རེད། མཁར་རྨེའུ་བསམ་གཏན་གྱིས་འདི་ནི་ལྷ་ལུང་དཔལ་རྡོར་གྱི་མཛད་རྗེས་མ་རེད་ཅེས་དགོངས་ཀྱི་ཡོད་པ་རེད། འདི་རྩོམ་ཡིག་འདིའི་དོན་ཚན་གལ་ཆེན་གཅིག་རེད།
མདའ་ཚན་པས་གླང་དར་མའི་སྐོར་ལ་སྐད་ཆ་ཞིག་བཤད་རྩིས་བྱས་སོང་། ཁོང་ལའང་སྐད་ཆ་གསར་པ་ཡོད་པ་མ་རེད། རྩོམ་ཡིག་འདི་ྐློག་ཞོར་དུ། ངས་ལྷོ་བྲག་ཆོས་འབྱུང་དང་། ལེགས་བཤད་རིན་པོ་ཆེའི་མཛོད། དེབ་ཐེར་དམར་པོ། རྒྱ་བོད་ཡིག་ཚང་ཆེན་མོ། རྒྱལ་རབས་གསལ་བའི་མེ་ལོང་། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། དགེ་ཆོས་ཀྱི་གསུང་རྩོམ། རགས་རམ་གཡུ་ཕྲེང་། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཞང་བོད་ཏི་སེའི་འོད། སྲིད་དོན་རྒྱལ་རབས། དོན་གྲུབ་རྒྱལ་གྱི་བསྒྱུར་རྩོམ་དེབ་སོགས་ནང་བཞུགས་པའི་རྒྱལ་པོ་གླང་དར་སྐབས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན། གླང་དར་སྐོར་གྱི་རྩོམ་ཡིག་དྲག་ཤོས་ནི་མཁར་རྨེའུ་བསམ་གཏན་གྱི་རྩོམ་ཡིག་འདི་རེད། རྩོམ་ཡིག་འདི་ལས་བརྒལ་ཏེ་སྐད་ཆ་གསར་པ་ཞིག་བཤད་ཐུབ་མཁན་ཞིག་ཨེ་ཡོད། དེ་བཞིན་མེས་ཨག་ཚོམ་སྐབས་ཀྱི་ལི་ཡུལ་གྱི་དགེ་སློང་ཚོ་དཀའ་ངལ་ཅི་ཕྲད། ཀྱིམ་ཤིང་ཀོང་ཇོ་དཀའ་ངལ་ཅི་ཕྲད། བསམ་ཡས་བཞེངས་སྐབས་དཀའ་ངལ་ཅི་ཕྲད། ཁྲི་སྲོང་ལྡེའུ་བཙན་ལ་དཀའ་ངལ་ཅི་ཕྲད། སློབ་དཔོན་རིན་པོ་ཆེ་འགྲོ་དགོས་བྱུང་བ། ཁྲི་སྲོང་ལྡེའུ་བཙན་ལྐོག་མདའ་ཐེབས་ནས་བཀྲོངས་པ། དེ་ནས་ཆོས་ལ་གནག་པའི་བློན་པོ་ཚོ་སྲོང་བཙན་ནས་ཁྲི་རལ་བར་ཡོད་པ་ཟེར་བ་སོགས་ལ་བསམ་བློ་གཏོང་རྒྱུ་ལོས་ཡོད། སྐབས་དེའི་བར་བརྒལ་གྱི་ལོ་རྒྱུས་ལ་བན་བོན་སུས་བལྟས་ནའང་ཁྲག་དང་མིག་ཆུ་རེད། སྐབས་དེའི་ལོ་རྒྱུས་ལ་གཤེ་གཤེ་ཞེ་དྲག་གཏོང་རྒྱུ་ཡོད་པ་མ་རེད།
ད་དུང་ཞུ་རྒྱུ་ཞིག་ལ། རྩོམ་ཡིག་འདི་དྲ་རྒྱར་འདྲེན་སྐབས་དོན་ཚན་འགའ་ཆད་འདུག རྩོམ་ཡིག་འདིའི་མཇུག་ཏུ། དཔལ་འཁོར་བཙན་རིང་གི་ལོ་རྒྱུས་དང་། སྟོད་མངའ་རིས་ཀྱི་རྒྱལ་ཕྲན་གྱི་ལོ་རྒྱུས། ཁྲི་རྩེ་ལྡེ་བཙན་གྱི་རིང་གི་ལོ་རྒྱུས། མདོ་ཁམས་སྨད་ཀྱི་ལོ་རྒྱུས་ཤིན་ཏུ་མདོར་བསྡུས་ཤིག་འདུག
ཨོ་རེད། ལྷ་སྲས་དར་མ་དང་འོད་སྲུང་དབོན་སྲས་སོགས་ཀྱི་སྐུ་རིང་ལ་གསང་སྔགས་དར་བའི་ལོ་རྒྱུས་ལ་གཟིགས་འདོད་ན། མཁར་རྨེའུ་བསམ་གཏན་གྱིས་བརྩམས་གནང་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ། ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ། རྫོགས་ཆེན་གཞུང་ལུགས་ཀྱི་འབྱུང་འཕེལ་ལོ་རྒྱུས་འཚོལ་ཞིབ་ཞེས་པའི་དཔྱད་རྩོམ། དུས་རབས་བཅུ་པ་ནས་བཅུ་གསུམ་བར་གྱི་རྫོགས་པ་ཆེན་པོའི་གཞུང་གི་གནས་བབས་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ། རྒྱལ་པོ་ཙ་ཡི་སྐོར་དང་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་གི་འབྱུང་ཁུངས་ལ་དཔྱད་པ་ཞེས་པའི་དཔྱད་རྩོམ། ཏུན་ཧོང་གི་ཡིག་རྙིང་དུ་འཁོད་པའི་གནའ་བོའི་རྫོགས་ཆེན་གྱི་དཔེ་ཆའི་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་སོགས་ལ་གཟིགས་རོགས།
སྙན་བཟང་།
རྩོམ་ཡིག་སྤྱི་ལ་ཅང་བཤད་རྒྱུ་མེད།
༡ རྒྱལ་པོ་གླང་དར་གྱིས་རབ་བྱུང་བས་འཚོ་བ་གཞན་ལ་བརྟེན་པ་བཀག་འགོག་བྱེད་དགོས་དོན་ཅི་རེད། དེ་ལ་ཁུངས་སྐྱེལ་གསལ་པོ་མི་འདུག ངས་དེའི་སྐབས་རབ་བྱུང་བ་མང་པོ་ཡོད་པ་ཡག་པོ་རྙེད་མ་སོང་། དེའི་གྲངས་འབོར་བཤད་དགོས་པ་དེ་གལ་ཆེན་པོ་རེད། དེའི་གྲངས་འབོར་རོབ་ཙམ་ཤེས་པ་ཡིན་ན། དེ་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་མེད་ཤེས་ཀྱི་རེད། དེ་མིན་སྐད་ཆ་འདི་སྟོང་པ་ཞིག་ལས་མི་འདུག། བསམ་ཡས་མ་གཏོགས་གཞན་དྲྭ་པ་ཡོད་སའི་དགོན་པ་གང་གང་ཡོད་པ་རེད།
༢ མི་གཞོན་དར་མ་རྣམས་དམག་ལ་འགྲོ་དགོས་པའི་རྐྱེན་གྱིས་མི་གཞོན་རབ་ཏུ་བྱུང་བ་རྣམས་བཀག་པ་དང་གཉིས། ཟེར་བ་འདི་ལ་ཡང་ཁུངས་སྐྱེལ་མི་འདུག དོན་ཙན་དང་པོ་དེར་ཁུངས་སྐྱེལ་ཡག་པོ་ཞིག་བྱས་ན། དོན་ཚན་འདི་ལ་རྩོད་གཞི་མེད་།
༣ མི་གཞོན་དར་མ་རྣམས་རབ་ཏུ་བྱུང་བ་ཡིན་ན་བོད་ཀྱི་མི་འབོར་ལ་གནོད་ཚབས་ཆེན་པོ་ཡོད་སྟབས་སྔར་ཡོད་རབ་བྱུང་བ་འགའ་ཤས་ཁྱིམ་དུ་ཕབས་པ་རེད། འདི་ཡང་གོང་ལྟར་རེད། དེའི་སྐབས་བོད་ཀྱི་མི་འབོར་ལ་གནོད་པ་འགྲོ་བའི་གྲྭ་པ་དེ་འདྲ་མང་པོ་ཞིག་ཡོད་པ་རེད་དམ།
དོན་ཚན་འདི་གསུམ་པོར་ཁུངས་སྐྱེལ་བྱས་པ་འདང་གི་མི་འདུག བོད་ཀྱི་རྒྱལ་རབས་གང་ལ་བལྟས་ཀྱང་གླང་དར་མས་ཆོས་བསྣུབ་པ་ཞིག་མིན་པར། གླང་དར་མའི་སྔོན་ནས་ཆོས་བསྣུབ་རྒྱུའི་འཆར་གཞི་བློན་པོ་ཆོས་ལ་གནག་པ་ཚོས་བཏང་ཚར་ཡོད་པ་མཐོང་། ཁྲི་རལ་བ་ཅན་བཀྲོངས་པ་དེ་གོམ་པ་དང་པོ་རེད། གླང་དར་མ་
་་བློན་པོ་ཆོས་ལ་གནག་པ་་ ཚོའི་གཞན་དབང་དུ་གྱུར་པ་ཙམ་རེད།
གོང་གི་དོན་ཚན་གསུམ་པོ་དེ། གླང་དར་མ་ཆོས་སྣུབ་མཁན་ཞིག་ལས་ཁ་སྒྱུར་ཏེ་གླང་དར་མ་བཅོས་སྒྱུར་མཁན་པོ་ཞིག་ཡིན་པའི་སྒྲུབ་བྱེད་གཙོ་བོ་དེ་རེད། ཕངས་པ་ཞིག་ལ་སྒྲུབ་བྱེད་གཙོ་བོ་དེར་རྒྱུ་མཚན་འདང་ངེས་ཤིག་མི་འདུག གླང་དར་མས་བསམ་ཡས་གཅིག་པོར་ཕོག་ཐུག་བཏང་བ་ལྟ་བུ་ཞིག་བཤད་ཡོད་བསམས་སོང་། བསམ་ཡས་མ་གཏོགས་གཞན་གྲྭ་མང་འཚོགས་ས་ག་ཚོད་ཅིག་ཡོད་པ་རེད།
བསམ་ཡས་ན་དེའི་སྐབས་གྲྭཔ་ག་ཚོད་ཡོད་པ་རེད། གཞན་དགོན་པ་གང་དང་གང་ཡོད་པ་རེད། གྲྭ་པ་ག་ཚོད་ཡོད་པ་རེད། གཅིག་ཤོད་དང་། གྲྭ་པ་བརྒྱ་གྲངས་ཤིག་ཀྱང་བརྩི་རྒྱུ་མེད་པར། དཔལ་འབྱོར་ལ་དཀའ་ངལ་ཡོད་པ། དམག་དོན་ལ་དཀའ་ངལ་ཡོད་པ། གྲྭ་པའི་འཚོ་བ་དང་དམག་གི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ཡིན་པ་ལྟ་བུ་ཞིག་བཤད་ཡོང་ན་སུའི་སྣང་བར་འགྲོ།
དམག་གྲངས་བཤད་ན། དེའི་སྐབས་མདོ་སྨད་ས་མཚམས་སུ་ཡོད་པའི་ཞང་བྷི་བྷི་མིན་ནམ། དམག་དཔོན་གཅིག་རེས་ཀྱང་དམག་འབུམ་རེ་འཁྲིད་རྒྱུ་ཡོད་ག། གྲྭ་པ་དེ་འདྲ་ཡོད་རེད་པས། གྲངས་ཀ་སོགས་ཞིབ་བཤད་བྱེད་རྒྱུ་ཡོད་ན་ཁས་ལེན་ཆོག་ཆོག་ཡིན། དེ་མིན་སྐད་ཆ་སྟོང་པ་རེད། ཕྱོགས་རིས་ཡིན་མིན་མི་ཤེས། སྐད་ཆ་ཚིག་གཅིག་བཤད་ནའང་དེ་ལ་ཁུངས་སྐྱེལ་གཞན་གྱི་ཡིད་ངོར་འབབ་པ་ཞིག་བྱེད་རྒྱུ་དེ་གལ་ཆེ་སྙམ། དེ་མིན་སྦོམ་བཤད་དང་། རང་གི་ཡིད་ངོར་ཤར་ཚུལ་གཅིག་པོ་བྲིས་སོང་ན། ལོ་རྒྱུས་པ་རྣམས་ཕར་ཞོག ང་འདྲ་བོ་ནུབ་ཕྱོགས་ཀྱི་སྡེར་མ་བཀྲུ་མཁན་ཞིག་ཡིན་ནའང་བློ་ངོར་འགྲོ་གི་མི་འདུག་གོ འདི་ཚོ་དགའ་མི་དགའི་སྐད་ཆ་མ་རེད། བགྲོ་གླེང་རེད། གནས་ཚུལ་གསལ་པོ་མེད་པོ་དེ་ཚོ་གསལ་པོ་ཆགས་པ་དང་། ཞིབ་ཚགས་མེད་པ་དེ་ཚོ་ཞིབ་ཚགས་ཆགས་པ། བདེན་པ་མིན་པ་དེ་ཚོ་བདེན་པ་ཆགས་པའི་ཆེད་རེད།
དྲི་བ་གཅིག་འདྲི། གསང་སྔགས་ཉམས་ལེན་པ་ཚོའི་རྒྱུན་ཆད་མེད་པར་ཡིད་ཆེས་ཡོད། གནས་སྟངས་སྡུག་པོ་དེའི་འོག་ནས་ཧ་ལས་པའི་དར་རྒྱས་ཕྱིན་ཡོད་པ་ལྟ་བུ་ཞིག་བཤད་ན་ཡིད་ཆེས་མེད། དྲང་པོར་བཤད་ན་དར་རྒྱས་འགྲོ་བའི་ཁོར་ཡུག་ཁོ་རང་མེད་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་ག་རེ་བྱས་ནས་གདན་འདྲེན་ཞུ་དགོས་བྱུང་བ་རེད།
འདིར་སྦ་བཞེད་ཞབས་བཏགས་མའི་ཀྱི་སྐོར་ལའང་སྐད་ཆ་ཁ་ཤས་ཤིག་བཤད་འདོད་སྐྱེས་བྱུང་། སྦ་བཞེད་ཞབས་བཏགས་མ་ནི། བོད་ཀྱི་རྒྱལ་རབས་ཚོའི་ནང་རྙིང་ཤོས་ཀྱི་གྲས་ཤིག་རེད་ལ། དེའི་ནང་གི་ལོ་རྒྱུས་ཀྱང་ཕལ་ཆེ་བ་ནི། རྗེས་ཀྱི་རྒྱལ་རབས་གསལ་མེ་དང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་དང་མི་འདྲ་ས་ཞིག་ནི། མི་ལྷ་རུ་བཏང་ནས་བྲིས་མི་འདུག ཕལ་ཆེ་བ་མི་དང་མིའི་ལོ་རྒྱུས། མི་དང་མིའི་འགལ་བ་སོགས་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས། མིའི་བློ་དང་མཐུན་པ་ཞིག་བྲིས་འདུག་སྙམ། ཡང་ཆེས་མཇུག་ཏུ། ཁ་ཅིག་ན་རེ། ཁ་ཅིག་ན་རེ་ཟེར་ནས་བཤད་རྒྱུན་ལྟ་བུའང་གང་འཚམས་འདུག ལྷག་པར་ལྷ་ལུང་དཔལ་རྡོར་གྱི་དར་མ་བཀྲོངས་པའི་གནས་ཚུལ་དང་། བྲོས་པའི་གནས་ཚུལ་དེ་ཚོ་ཕལ་ཆེར་བཤད་རྒྱུན་འདྲ་པོ་ཞིག་འདུག
མཁར་རྨེའུས། སྦ་བཞེད་ཞབས་བཏགས་མ་དེ་དུས་རབས་བཅུ་གཅིག་པའི་མཇུག་ཙམ་ལ་བྲིས་ཞེས་པ་དེ་ལ་ཁུངས་འདུག ཡང་ཁོ་རང་གིས་དྲངས་པའི་ཡིག་རྙིང་ཟེར་བ་དེའང་། དེའི་ནང་། ་་འོད་སུས་དབོན་སྲས་མན་ཆད་དུ་་ ཞེས་པའི་ཚིག་དེས་དེ་ཡང་ཧ་ལས་པའི་རྙིང་པ་ཞིག་མིན་པ་གསལ་པོ་རེད། སྦ་བཞེད་དང་དེ་གཉིས་ལས་གང་སྔ་དང་གང་རྗེས་ཡིན་པ་བཤད་ཚོད་མི་ཐུག་པ་ཞིག་རེད།
ཁྲི་རལ་དཀྲོངས་པ་དང་། གླང་དར་ཁྲི་ལ་འཁོད་པ་ནི་ནེ་པ་ལའི་རྒྱལ་བོ་སྔོན་མ་བསད་པ་དང་མཐའ་མ་རྒྱལ་བོར་འཁོད་པ་དང་དཔེ་དོན་སྦྱར་བ་འདི། ངོ་ནས་དཔེ་དོན་འབྱོར་མོ་ཞིག་སྦྱར་འདུག དེའི་རྒྱབ་ལོག་ན་ཆོས་མེད་ཕྱོགས་ཁག་ཡོད་པ་རེད་དམ། ཡང་ན་བོན་པོའི་ཕྱོགས་ཁག་ཡོད་པ་རེད། མཁར་སྨི་བསམ་གཏན་གྱིས་བཤད་ན་ཁྲི་རལ་དཀྲོངས་པ་དེ་བོན་པོའི་ཕྱོགས་ཁག་གི་བྱས་རྗེས་ཡིན་ཟེར་གི་ཡོད་པ་འེ་རེད། དེ་མིན་ན་དར་མ་དཀྲོངས་པ་དེ་སངས་རྒྱས་ཆོས་ལུགས་པའི་བྱས་རྗེས་ལ་རྩིས་བའི་ཤུགས་ཀྱིས་ཁྲི་རལ་དཀྲོངས་པ་དེ་བོན་པོའི་ཕྱོགས་ཁག་གིས་བསད་པར་གོ་དགོས་པ་ལྟ་བུ་འདུག་ཀ
མགོ་ནས་མཇུག་བར་ཞིབ་ཚགས་པོ་ཞིག་བཀླག་ཀྱང་མ་ནུས། ༡༩༩༥ ལོར་ཕྲན་གྱིས་ ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་གནའ་རབས་སྨོན་ལམ་དང་དེའི་མཆན་འགྲེལ་ ཞེས་པའི་དེབ་ཆུང་ཞིག་བྲིས་པ་ཡིན། འདིར་འཁོད་པའི་སྨོན་ལམ་རྣམས་ མདོ་སྨད་དུ་ དབྱར་མོ་ཐང་དུ་དེ་ག་གཡུ་ཚལ་གྱི་གཙུག་ལག་ཁང་བཞེངས་པ་དང་དེའི་གཡས་གཡོན་གྱི་ལོ་ངོ་འགའ་ཡི་རིང་ལ་བཏབ་པའི་སྨོན་ལམ་ཡི་གེ་བྲིས་པ་ཁག་ཅིག་རེད། བཙན་པོ་ཁྲི་གཙུག་ལྡེ་བཙན་རེད། བློན་པོ་ཆེན་པོ་ཞང་ཁྲི་སུམ་རྗེ་རེད། ཆེན་པོ་ཞང་ལྷ་བཟང་རེད། བཙན་པོ་སྐུ་མཆེད་རེད། དེ་དག་གི་མཚན་ཐོན་འདུག
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱིས་རང་གིས་བརྗོད་ཟིན་ཁག་ཅིག་ལ་གསལ་བཤད་ཡིན་ཚུལ་རེ་བཀོད་འདུག
་མོད། དེ་དག་བདེན་པ་མིན།
དང་པོ། ཁྱེད་ཀྱིས། ༼རི་མྱི་ཧི་མ་ལ་ཡའི་རི་སྒང་གི་མི་ཚོས་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་ཉིད་ཀྱི་ཆད་ཁུངས་བརྗེད་པ་རེད༽ཅེས་བཤད་མེད་དམ། འདི་ཧི་མ་ལ་ཡའི་མི་ཁ་ཤས་ཤིག་ལ་སྨྲས་འདུག་གམ། དེ་ནི་ཁྱོད་ཀྱིས་མི་རིགས་ཤིག་ལ་དམའ་འབེབས་བྱས་པ་རེད་མི་འདུག་གམ། ཁྱོད་དྲང་བདེན་ལ་དགའ་བ་དང༌། གནས་ལུགས་དང་མཐུན་པར་བཤད་རྒྱུ་ལ་དགའ་བོ་ཡོད་མཁན་ཞིག་ཡིན་ན་དེ་ལ་ལན་ཞིག་འདེབས་དགོས། རང་གིས་ལག་པས་བཟོས་པ་དེ་རང་གིས་རྐང་པས་བཤིག་པ་རང་རེད།
ངོ་མ་བྱས་ན་བོད་མི་རིགས་འདི་སྤྲེལ་རྒྱུད་ཡིན་པར་བོད་མིས་བཤད་ཡོད་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ནི། གནའ་སྔ མོ་ཆགས་པའི་གངས་དཀར་རེད་མ་གཏོགས། མདང་དེང་སང་ཆགས་པའི་བ་མོ་མ་ཡིན་པར་ཤེས་དགོས།
གཉིས་པ། ༼ད་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོན་ཚོས་བོན་གྱི་འབྱུང་ཁུངས་བོད་མིན་ཤིང་ཧི་ཡ་ལ་ཡིན་པར་སྒྲུབ་བཞིན་ཡོད།༽་ ཅེས་བཤད་པས་བོན་པོ་ཁ་ཤས་ཤིག་གིས་དེ་ལྟར་བཤད་ན་ཁྱེད་ཀྱིས་བོན་པོ་ཡོང་ལ་རྒྱུག་པ་ལེབ་བརྡུང་བྱས་མི་འདུག་གམ། ་ གལ་སྲིད་བོན་གྱི་འབྱུང་ཁུངས་བོན་ཡིན་ཟེར་ན་ཁྱོད་ལ་གནོད་དོན་གང་གིས་བྱུང༌། ཁྱེད་རང་བོན་ལ་མི་དགའ་བ་ཟུར་ལྟས་ལེབ་མཐོང་རེད་འདུག
མ་གཞི་ནས་བོན་གྱི་འབྱུང་ཁུངས་བོད་མིན་ཧི་ལ་ཡ་ཡིན་ཟེར་བ་འདི་དང༌།
བོད་ཀྱི་ཆོས་རིག་གི་འབྱུང་ཁུངས་རྒྱ་གར་ཡིན་ཟེར་བ་འདི་གཉིས་ལ་ཁྱད་པར་ཅི་འདུག་ བསམ་བློ་གཏོང༌། ཕྱུག་པོས་འཁྲབ་ཚད་ཞབས་བྲོ་དང༌། སྤྲང་པོས་འཁྲབ་ཚད་ཐལ་སློང་། ཟེར་བའི་དཔེ་ལྟར་བྱུང་མི་འདུག་གམ།
བོན་གྱི་འབྱུང་ཁུངས་ཧི་མ་ལ་ཡ་ཡིན་ཞེས་བཤད་ན་མི་འཐད་པ་མེད་པར་ཐལ། བོན་གྱི་འབྱུང་ཁུངས་ཞང་ཞུང་ཡིན་པའི་ཕྱིར།
ཞང་ཞུང་ནི་ཧི་མ་ལ་ཡའི་ཁོངས་སུ་གཏོགས་པ་ཡིན་པའི་ཕྱིར་རོ།
གསུམ་པ།
༼ཧི་མའི་རི་རྒྱུད་པ་ཁ་ཤས་ཀྱིས་བོན་བསྟན་བོད་ཀྱི་མིན་ཞིང་ང་ཚོས་ཟེར་ཡིན་ཟེར་ན་ང་ལ་ཇུས་གཏོགས་ལོས་ཡོད།༽ཅེས་བཤད་པར། ཁྱེད་ཀྱིས་སྔོན་དུ་ཐལ་ཟིན་པའི་སྐད་ཆའི་ནང་ང་ནི་བོད་མི་རིགས་འདི་ཉིད་འཆི་གསོན་ལ་ཐུག་པར་སེམས་ཕྲལ་ཆེ་ཚུལ་ལས་བོན་དང་ཆོས་གཉིས་ལ་དོ་སྣང་མེད་ཅེས་བཤད་འདུག
འོ་རེད། ད། གཏམ་དྲིས་ནས་མི་ཤོད་སྒུགས་ནས་བཤད་ཅེས་པའི་དཔེ་དེ་བྱུང་མི་འདུག་གམ།
བཞི་པ།
༼འོན་ཀྱང་དངོས་ཡོད་དངོས་སུ་སྨྱོན་ནས་བོན་གྱིས་དམར་མཆོད་མི་བྱེད་པ་དང༌།
བྱས་ཀྱང་བོན་ཆོས་མིན་པར་སྲོལ་རྒྱུན་ཡིན་ཚུལ་བཤད་པ་ནི་ཤིན་ཏུ་གནས་ལུགས་དང་མི་མཐུན།༽་ ཞེས་བཤད་པར། དངོས་གནས་རེད། ཁྱེད་ཚོས་བཤད་པར་མཁར་རྨེའུ་ཡིས་གླང་དར་དཀར་འདོན་མ་རེད། བོན་པོ་དཀར་འདོན་རེད་ཅེས་བཤད་པ་ནང་བཞིན། ཁྱོད་ཀྱིས་ཀྱང་གླང་དར་བཤད་འདོད་མ་རེད། བོན་པོས་དམར་མཆོད་འབུལ་ཚུལ་སོགས་བོན་ལ་དམའ་འབེབས་བྱེད་དེ་འཛམ་གླིང་མི་མང་གི་མདུན་དུ་ཆོས་ལུགས་འདི་ལ་ཞེན་པ་ལོག་དགོས་རྒྱུ་ཞིག་བཟོ་འདོད་པ་རེད།
དེ་ཁྱོད་ཚོའི་རྨི་ལམ་ནང་གི་རྨི་ལམ་རང་རེད།
བོན་གྱི་དམར་མཆོད་འབུལ་ཚུལ་དང་ཕུལ་བའི་ལོ་རྒྱུས་བོན་རང་གི་ལོ་རྒྱུས་རྒྱལ་རབས་རྣམ་ཐར་ཆོ་ག་སོགས་ནས་བཤད་ཕོད་དམ།
དེ་མིན་ངས་ཨ་ཕ྄ས་བཤད་སོང་ངས་ཨ་མས་བཤད་བྱུང་ཟེར་ན།
དེ་ནི་ཨ་མའི་དགེ་ཕྲུག་གི་རྟགས་མཚན་ཡིན་པར་ཤེས་དགོས།
ད་དུང་རིམ་བཞིན་འབྲི་རྒྱུ་ཡིན།
བགྲོ་གླེང་ལྷུག་པོ་གནང་གིན་འདུག མདའ་ཚན་པ་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བ་དང་། དཔྱད་པ་བྱེད་སྟངས་ཡག་གི
བོན་པོ་དམར་མཆོད་བྱེད་མཁན་བོན་ནག་དང་དེ་ལྟར་མི་བྱེད་མཁན་གྱི་བོན་དཀར་ཟེར་བ་གཉིས་ཡོད་རེད། དྲང་མོ་བཤད་ན་དེང་སང་གི་བོན་པོ་འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསྣུབས་ཏེ་མེད་པ་བཟོས་་པའི་བོན་པོ་དེ་མ་རེད། དེང་སང་གི་བོན་པོ་འདི་ཡིན་པ་ནང་པ་རང་རེད། ཆོས་ལ་བོན་ཞེས་པའི་ཐ་སྙད་བཏགས་པ་རེད། བོན་གྱི་འབུམ་ལ་གཟིགས་དང་ཆོས་ཐམས་ཆད་སྟོང་པ་ཉིད་ལ་བོན་ཐམས་ཅད་སྟོང་པ་ཉིད་ཅེས་བྲིས་འདུག། དོན་ལ་ལོ་ཆེན་བཻ་རོས་ཆོས་བསྒྱུར་པའི་སྐབས་སུ་ཐ་སྙད་དེ་ལྟར་བཏགས་པ་ཞིག་རེད། པདྨ་བཀའ་ཐང་དུ། བོན་ལུགས་སྡུག་དང་འདྲེས་པ་ཐམས་ཅད་བསྣུབས༔ ཞེས་བོད་ལ་སྡུག་དང་འདྲེས་མ་འདྲེས་གཉིས་ཡོད་པ་གསལ་བོ་བཤད་ཡོད།
སྦ་བཞེད་ཞབས་བཏགས་དེ་དུས་རབས་བཅུ་གཅིག་པའི་མཇུག་ལ་བྲིས་པ་ཞིག་ཡིན་དུ་ཆུག་ཀྱང་། དེའི་གཞི་འཛིན་སའི་ཡིག་ཆ་དང་ངག་རྒྱུན་དག་དུས་རབས་བཅུ་གཅིག་པའི་ཡན་གྱི་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད། རྙིང་པ་ཡིན་ན་མིན་ན་ཁོང་གིས་སྦ་བཞེད་དེ་ཕྱོགས་ཞེན་གྱིས་བྲིས་པ་ལྟ་བུ་ཞིག་དང་། ་་དེའི་ནང་རྒྱལ་པོ་ཁྲི་དར་མའི་སྐོར་གང་ཡོད་པ་དང་གནའ་རབས་ཀྱི་ཡིག་ ཆའི་ནང་གང་ཡོད་པ་གཉིས་ར་འཕྲོད་པ་ཤིན་ཏུ་དཀའ།་་ ཞེས་བྲིས་འདུག ཡིན་ནའང་། གནའ་རབས་ཀྱི་ཡིག་ཆ་གང་དག་དང་མི་མཐུན་པ་རེ་རེ་བྱས་ནས་ལུང་འདྲེན་གསལ་བོ་བྱེད་དགོས་ཀྱང་དེ་ལྟར་བྱས་མི་འདུག
གང་ལྟར་སྦ་བཞེད་ཁུངས་མེད་ལྟ་བུར་རྩིས་པ་ཡིན་ན་ང་ཚོར་རྩོད་གཞི་བྱེད་སའང་མི་འདུག མི་འདུག་ཟེར་ནའང་མེད་པ་རང་མིན་ཏེ་ཁོང་གིས་དར་མ་ཆབ་སྲིད་བཅོས་སྒྱུར་མཁན་ཞིག་ཡིན་པའི་སྒྲུབ་བྱེད་ཚང་མའི་ཁུངས་སྦ་བཞེད་ཀྱི་ཤུགས་སུ་བསྟན་ཚུལ་བཀོད་འདུག་སྟེ། ཚིག་གང་གིས་ཤུགས་སུ་བསྟན་ཡོད་པ་བཀོད་མི་འདུག ཤུགས་བསྟན་ཅིག་ལ་འཇུས་ནས་སྐད་ཆ་མང་པོ་ཞིག་བཤད་ཆོག་ན། དངོས་བསྟན་དག་ལ་བསྟེན་ནས་བཤད་ཅི་ལ་མི་ཆོག
ད་རུང་དོན་དག་གཞན་ཞིག་ནི། ཁོང་གིས ་་《ཞབས་བཏགས་མར》བསྟན་ པ་སྣུབ་ཚུལ་རགས་ཙམ་ལས་དེ་སྣུབ་དགོས་པའི་རྒྱུ་མཚན་གསལ་བོ་བཤད་མེད་་ ཅེས་བཀོད་འདུག ངས་བལྟས་ན། སྦ་བཞེད་ནང་། བསྟན་པ་བསྣུབ་དགོས་པའི་རྒྱུ་མཚན་གསལ་བོར་བཀོད་འདུག་སྙམ།
ཁྲི་རལ་གྱིས་རབ་བྱུང་བའི་མངའ་ཐང་བསྟོད། ཆོས་བློན་བསྐོས། རྗེའི་ལ་ཐོད་ཕུད་ཅིང་རབ་ཏུ་བྱུང་བའི་གདན་དུ་བཏིང་བ་སོགས་དང་། དེ་དང་མཉམ་དུ། ་་ཞང་བློན་གང་གིས་རྟེན་ཕུལ་ནས། སྔུན་ཕྱག་ཉི་ཤུ་རྩ་གཅིག་ཕུལ་ཀྱང་ཕྱག་ལན་མི་གནང་བ།་་ སོགས་དང་། ་་འབངས་ནག་པོ་ལ་དགའ་བ་ཀུན་གྱིས། ངེད་འདི་ཙམ་གྱི་སྤྱོད་པ་དོག་པ་ཅིས་ལེན་ཅེས་གླེང་བས། བློན་པོ་སྦས་ཀྱི་སྙིང་དུ་གདོན་གསོལ་ནས། འདི་བཙན་པོས་ཆབ་སྲིད་ཀྱི་དབང་བཙུན་པ་ལ་གཏད་པས་ནོང་ཟེར་་་་ དེ་ཕ་གི་ཀུན་གྱི་ལན་ཟེར་བཙུན་པ་ལ་མཛུ་གུ་བཙུགས་་སོགས་དང་། བཙུན་པ་ལ་མཛུ་གུ་བཙུགས་ན་མཛུབ་མོ་གཅོད་པའི་ཁྲིམས་བཅས། དེ་ནས་ ་་སྤྱོད་པ་དོག་པོ་ཕ་གི་ཀུན་གྱི་ལན་ཅེས་མཆུ་ཡོ་་་ བྱས་པས་མཆུ་བཅད། དེ་བས། ་་ཞང་བློན་ནག་པོ་ལ་དགའ་བ་རྣམས་ཀྱིས་ཆོས་བཤིག་པའི་ལྐོག་གྲོས་བྱས། བཙན་པོ་མ་བཀྲོངས་ན་ཆོས་ཁྲིམས་མི་གཤིག་ཟེར།་་་་་་་་་་་ཅུང་ལྷ་སྲས་གཙང་མ་ཆོས་ལ་དགའ་བས་ཆོས་ཁྲིམས་མི་གཤིག་ཟེར། གཙང་མ་བཤུགས་པའི་ཆོག་མཆི་་་་་་་་བན་ཆེན་པོ་ཆོས་ལ་དཀར་ལ་དབང་ཆེ་བས་ཆོས་ཁྲིམས་མི་གཤིག་ཟེར། གྲོས་བྱས་ནས་ཆོས་ཁྲིམས་བཤིག་པའི་སྙན་ཕྲ་བཅུག་ཏེ། ་་་་་་་་་་སྙན་ཕྲ་བཙན་པར་བྱས་ཏེ་བཀུམ་་་་གཙང་མ་རབ་ཏུ་བྱུང་ནས། རྫོངས་ཆེན་པོ་དང་བཅས་ནས་སྤ་གྲོ་མོན་དུ་བཤུགས་་་་བཙན་པོ་རྒྱའི་འབྲས་ཆང་གསོལ་བའི། ལྟག་པ་བཅུས་ནས་ཞལ་ལྟག་པར་བསྟན་་ སོགས་ཤོག་ངོས་བདུན་ཙམ་ཞིག་ཡོད་པ་འདི་དག་རྒྱུ་མཚན་གསལ་བོ་མེད་པ་རེད་དམ། འདི་ཚོའི་ནང་རྒྱུ་མཚན་ཁ་ཤས་ཤིག་རྙེད་གི་མི་འདུག་གམ།
༡ རབ་བྱུང་གི་མངའ་ཐང་བསྟོད་པ། ༢ ཞང་བློན་དག་ལ་མཐོང་ཆེན་མ་བྱས་པ། ༣ རབ་བྱུང་ལ་མ་གུས་ན་ཆད་པ་དྲག་པོ་བཅད་པ། ༤ ལྷག་པར་དུའང་། ཆབ་སྲིད་ཀྱི་དབང་བཙུན་པ་ལ་གཏད་ཟེར་ནས་མ་དགའ་བ་དེས། རྒྱལ་ཁབ་ཀྱི་འབྱུང་འགྱུར་གྱི་ཆེད་དུ་བྱུང་བའི་འགལ་བ་ཞིག་མིན་པར། དབང་ཆ་འཐབ་རྩོད་དང་སླར་གསོའི་ཆེད་དུ་བྱུང་བའི་འགལ་བ་ཞིག་ཡིན་པ་གསལ་པོ་མ་རེད་དམ། དངོས་བསྟན་གྱི་རྒྱུ་མཚན་གསོན་པོ་འདི་ཚོ་ཁུངས་མེད་རེད་ཟེར་ན་ཅང་བཤད་རྒྱུ་མེད། ཁྱེད་རང་གིས་བཤད་པའི་སྦ་བཞེད་ཀྱི་ཤུགས་བསྟན་དེ་ཁུངས་ལྡན་དུ་རྩིས། དེ་རིང་དེ་ཙམ་ཡིན། གཟིམས་འཇགས་གནང་།
འཇམ་དཔལ་རྣོན་པོ་ལགས།
དང་པོ་བོན་གྱི་སྐོར་ལ་བཤད་འདོད་དང་རྒྱུས་མངའ་ཡོད་མདོག་བྱས་ཏེ་བཤད་ཁུལ་ཞིག་བྱས་འདུག་ཀྱང༌།
གང་ཟག་དང་དེ་ཡིས་སྤྱོད་བྱའི་བོན་གཉིས་ལ་དབྱེ་བའི་རྣམ་བཞག་མ་ཤེས་པར་ནོང༌།
ཕ་རོལ་འདོད་པའི་ནམ་མ་ལངས་པར།
དགག་པའི་ཉི་མ་ཅི་ལ་འཆར།
ཞེས་པའི་གདམས་པ་དེ་ཁྱོད་ལ་ལུང་དུ་བསྟན་པ་ཤེས་པར་གྱིས།
༼དེང་སང་གི་བོན་པོ་འདི་ཁྲི་སྲོང་ལྡེའུ་བཙན་གྱིས་བསྣུབས་ཏེ་མེད་པ་བཟོས་པའི་བོན་པོ་དེ་མ་རེད།༽་ཅེས་པར་དེ་སུས་རེད་ཅེས་བཤད་འདུག
བོན་པོ་ཟེར་བ་ནི་བོན་ལ་སྤྱོད་པའི་གང་ཟག་ཞིག་ལ་གོ་ཡི་རེད་མ་གཏོགས་བོན་ལ་ནམ་ཡང་གོ་རྒྱུ་མེད།་ དེ་ལྟར་འདོད་མཁན་ཡོད་ན་མི་ལོ་གཅིག་སྟོང་ཉིས་བརྒྱ་ཉི་ཤུ་ལོན་པའི་རྒད་པོ་རྒད་མོ་སྤྲེལ་རྒན་ཞིག་དགོས། དེ་ལྟར་ཡོད་པ་ཁྱོད་ཀྱིས་མཐོང་ཡོད་ཚོད་འདུག། དེ་ནི་ལྟས་ངན་བརྒྱད་ཅུ་རྩ་གཅིག་གི་ནང་ཚན་དུ་མ་གཏོགས་པའི་ལྟས་ངན་ཞིག་ཁྱོད་ལ་ཤར་བ་ཡིན་པར་ཤེས་པར་གྱིས།
དེ་ལྟར་ན་བོན་ལ་ཤིན་ཏུ་བརྣག་པའི་གདུག་སེམས་འཆང་མཁན་འཇམ་དཔལ་རྣོན་པོ་བོན་ཅན། ཁྱོད་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གཉིས་ཀྱི་བུ་རུ་སྐྱེས་མ་ཐག་པའི་སྤྲེལ་པྲུག་སྤུ་སུད་རྔ་མ་འཇུག་རིང་དེ་ཡིན་པར་ཐལ། སྔ་མའི་བོན་པོ་ད་ལྟ་བར་གནས་ཚུལ་དང་ད་བར་གནས་དང་མ་གནས་ཁྱོད་ཀྱིས་ཞེ་འདོད་དེ་ཡིས་ཕྱིར། ཁྱབ་པ་མཚུངས་སོ།
ཤེས་བྱ་བོན་ཅན།
བོན་ལ་བོན་དཀར་དང་བོན་ནག་གཉིས་སུ་དབྱེ་བ་མེད་པར་ཐལ།
དེ་ལྟར་ཡོད་པའི་ལུང་དང་རིགས་པ་རྣམ་དག་ཅིག་ཁྱོད་ལ་འཇོག་རྒྱུ་མེད་པའི་ཕྱིར།
དཔེར་ན་རི་བོང་རྭ་བཞིིན་ནོ།
ཚུལ་གསུམ་རིགས་པའི་དྲི་རྟགས་བཀོད་པ་ལ།
ཁས་ལེན་མི་བྱེད་བཤད་པའི་གནས་མེད་པས།
འཇམ་དཔལ་རྣོན་པོའི་རྟགས་ལ་ལན་མེད་ན།
གདོན་གྱིས་བརླབ་བརྡོལ་ཡིན་པར་ཤེས་པར་གྱིས།
༼བོན་གྱི་འབུམ་ལ་གཟིགས་དང༌ཆོས་ཐམས་ཅད་སྟོང་པ་ཉིད་ལ་བོན་ཏམས་ཅད་སྟོང་པ་ཉིད་ཅེས་བྲིས་འདུག༽་ཅེས་བཤད་པར། དེ་ཆོས་ལས་དཔེ་བླངས་པ་གང་གིས་ཤེས། ཚུལ་ཇི་ལྟར་ཤེས། ཁུངས་དང་ལུང་རིགས་པ་རྒྱུ་མཚན་བཀོད་དགོས།
ཁྱོད་ཀྱི་བླ་མ་དང་དགེ་རྒན་དེ་འབྲེང་གིས་བཤད་ཚེ་ངས་ངོས་ལེན་མེད།
ཚན་རིག་དང་མཐུན་པའི་ལམ་ནས་ཁུངས་སྐྱེལ་དགོས།
དེ་མིན་ངས་ཀྱང་ཆོས་ཀྱི་དཔེ་ཁུངས་བོན་ལས་དཔེ་བླངས་འདུག་ཅེས་བཤད་ཀྱི་ཡིན།
དེ་དུས་ཁྱོད་ཀྱིས་ང་ཡི་དགེ་རྒན་དང་བླ་མ་ཕ་མས་དེ་ལྟར་བཤད་བྱུང་ཟེར་ན། ངས་ཀྱང་དེ་ལྟར་བཤད་ཀྱི་ཡིན།
མ་གཞི་ནས་ཆོས་ཞེས་པའི་ཚིག་དང་བོན་ཞེས་པའི་ཚིག་འདི་བོད་སྐད་དུ་གང་སྔ་བ་ཡིན་པར་ཤེས་ཀྱི་ཡོད་དམ། ཤེས་ཀྱི་མེད་ན་དགེ་འདུན་ཆོས་འཕེལ་གྱི་གསུང་དེ་དག་ལ་དོ་སྣང་རེ་བྱོས་དང༌། ངེས་པ་རེ་བརྙེད་སྲིད།
ཁྲོམ་པའི་ནང་གི་སྦལ་པས་ང་ལས་ཆེ་བ་མེད། ང་ལས་སྟོབས་ཆེ་བ་མེད། ང་ནི་འཇིག་རྟེན་འདི་ཡི་སྟེང་གི་བདེན་པ་གཅིག་པོ་དེ་ཡིན་པར་སེམས་པ་མི་ཚོས་བཤད་སྲོལ་འདུག
དེ་དང་ཁྱོིད་གཉིས་བསམ་བློའི་གཏོང་འདངས་འདྲ་བོ་ཞིག་འདུག
ལ་སྟོད་ཀྱི་བུ་ལགས། ངས་ཧི་མ་ལའི་རི་རྒྱུད་ཀྱ་མི་ནི་ནགས་གསེབ་ཀྱི་སྤྲེའུ་ལྟར་ཆད་ཁུངས་བརྗེད་པ་རེད་ཅེས་བ་རྒྱུ་མཚན་ལོས་ཡོད། ཕྲན་ཧི་མིའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན། ཧི་མི་རང་གི་ཆད་ཁུངས་བརྗེད་པའི་རྐྱེན་རྩའང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་ཀྱིས་བོད་མིའི་སེམས་ནང་གི་མངའ་ཁོངས་དང་རིགས་རིས་ཀྱིས་ཉམས་དམས་སུ་བཏང་པས་ཡིན།
གཉིས་པ། ཁྱེད་ཀྱིས་བོན་ཁུངས་ཧི་མ་ཡིན་ཏེ་ཞང་ཞུང་ཡིན་པ་སྒྲུབ་བྱེད་བཏང་པ་ནི་དོན་གྱིས་ཁོ་བོའི་ཞེན་འདོད་དུ་རྒྱབ་སྐྱོར་དུ་འགྱུར་ཏེ། ཞང་ཞུང་ནི་ལོ་རྒྱུས་ཐོག་བོད་རིགས་ཡིན་པ་མ་ཟད་བོད་མངའ་རིས་ཀྱི་ཁྱབ་ཁོངས་གུ་གེ་ཡིན། བོད་མངའ་རིས་ལ་སྔོན་དུས་བ་ལ་ཏི་ཌི་ཤ་གསུམ་ཡོད་ཅིང་དེ་ནི་དེང་གི་ཧི་མའི་ཡང་སྟེང་མི་རིགས་ཀུན་ཡིན། ཕྱིས་སུ་ཁྱབ་ཁོངས་ཆུང་དུ་ཕྱིན་ནས་སྤུ་ཧྲེང་། གུ་གེ བཟང་དཀར་གསུམ་ཡིན་ཞིང་ད་ལྟ་ཟངས་དཀར་ཡང་ལ་དྭགས་ཀྱི་ཁོངས་སུ་གཏོགས་ཡིན། བོད་སིལ་བུ་ཐོར་རྗེས་སུ་བཙན་པོའི་གདུང་རྒྱུད་ཉི་མ་མགོན་གྱིས་མངའ་རིས་བཟུང་ཞིང་ཁོང་གི་སྲས་གསུམ་ལ་མངའ་རིས་སྐོར་གསུམ་དུ་བགོས་ནས་ཁྲི་ལ་བསྐོས། སྲས་རིག་པ་མགོན་གྱིས་ཟངས་དཀར་དང་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་། ལྡེ་གཙུག་མགོན་གྱིས་ཞང་ཞུང་སྟེ་གུ་གེ་མངའ་དབང་བསྒྱུར་ལ། ད་ལྟའང་བོད་བཙན་པོ་གདུང་རྒྱུད་དྭ་དགས་ཀྱི་རྒྱལ་པོ་འཚོ་གཞིས་སུ་ཡོད། ཁྱེད་ཀྱིས་ཧི་མའི་རི་སྟེང་གི་མི་མང་ཞང་ཞུང་དུ་ཁས་ལེན་ན་ཞང་ཞུང་ནི་བོད་རིགས་ཡིན་པས། བོན་གྱི་འབྱུང་ཁུངས་བོད་ཡིན་པ་སྨོས་མེད་རེད། མ་ཟད་ཞང་ཞུང་གི་རིགས་རྒྱུད་གནས་བའི་ཧི་མི་བོད་རིགས་ཡིན་པ་ལོ་རྒྱུས་ལས་རྩོད་མེད་ཡིན་ཡང་། ཧི་མིས་མང་ཤོས་ཀྱིས་དེ་ལྟར་མི་འདོད་པས་ནགས་གསེབ་གྱི་སྤྲེའུ་བཞིན་ཆད་ཁུངས་བརྗེད་པ་རེད་ནས་སྨྲ་པ་ཕོད། ཞ་ཞུང་ནི་བོད་ས་ཡིན་པས་བོན་ཆོས་དེ་ནས་བྱུང་བ་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཁུངས་དང་ག་ལ་འདྲ། དེ་ནི་ཞྭ་དཔེ་ལྷམ་བཀབ་པ་ལྟ་བུ་ཡིན་པས་མ་ངེས། ངས་བཤད་པའི་བོད་ནི་ལྷོ་ཁར་གནས་བའི་བཙན་པའི་རྒྱལ་ཕྲན་ལ་བཤད་ཀྱིན་མེད་པར་སྲོང་བཙན་གྱིས་བོད་ས་ཀུན་ལ་མངའ་དབང་སྒྱུར་རྗེས་ཀྱི་མིང་ལ་བཤད་ཀྱི་ཡོད། དེ་ལྟར་མིན་ན་ཁམས་དང་ཨ་མདོ་སོགས་ཞང་ཞུང་ལྟར་སིམ་ཡུལ་དང་འཇང་ཡུལ་སོགས་འབོད་པའི་རང་ཚན་གྱི་རྒྱལ་ཕྲན་ཡོད་པས་བོད་པ་མིན་འགྱུར་བས་མ་ངེས། ཡང་སྙིང་ཧི་མའི་རི་རྒྱུད་ཀྱི་མི་རྣམས་བོད་རིགས་ཡིན་པ་མ་ཟད་སྐད་རིགས་དང་ཆས་གོས། གོམས་སྲོལ་དང་བསམ་བློ་འདུ་ཤེས་དང་ཆད་ཁུངས་ཀྱི་ལོ་རྒྱུས་བཅས་ལས་རྟོགས་ཐུབ་ལ། བོན་པོ་རྣམས་ཀྱིས་བོད་ཀྱི་མིང་ནི་བོན་ནས་བྱུང་ཚུལ་བཤད། བོད་ཀྱི་རིགས་རྒྱུད་སྤྲེའུ་ལས་འཕེལ་བ་ནི་སྤྲེའུ་ཡིན་ཟེར་བས་རྒྱུན་སྲོལ་ཆེ་བའི་བཤད་རྒྱུན་ལས་ལོ་རྒྱུས་ཁྲོད་བོད་རིགས་ཀྱི་ཆེད་ཁུངས་མི་མཐུན་དུ་མ་ཡོད་པ་ཉིད་ཀྱི་དེབ་ཐེར་ཀློག་གལ་ཆེ་བས་ངལ་བ་མི་བྱ།
གསུམ་པ། ང་ལ་མཚོན་ན་བོད་མིའི་ལས་དབང་ཆོས་ལུགས་ལས་གལ་ཆེ་ཚུལ་དེ་དངོས་གནས་ཡིན་ཞིང། དེའི་ཆེད་དུ་དཀའ་ལས་བྱེད་རྒྱུ་རང་ཉིད་བོད་རིགས་ཤིག་ཏུ་སྐྱེས་བའི་ལས་འགན་ཡིན་པས། དེས་ཕྲན་དྲང་བདེན་ལ་དུང་བ་གནོད་སྐྱོན་ག་ལ་འགྲོ། ངས་རང་ཉིད་ཀྱི་བོད་རིགས་ཡིན་པའི་རྒྱུ་མཚན་དུ་བྱས་ནས་དྲང་བདེན་དམའ་འབེབ་བྱེད་ཀྱིན་མེད་ལ། ཡོད་པ་ནི་དྲང་བདེན་ལ་བརྟེན་ནས་བོད་ཀྱི་མ་འོངས་བ་དང་འཇིག་རྟེན་གྱི་ཁ་ཕྱོགས་འཆོལ་རྒྱུ་དེ་ཡིན། དེས་རྐྱེན་བོན་ཆོས་ཀྱི་ཆད་ཁུངས་བོད་ནས་མིན་པའི་ལོག་འགྲེལ་ལ་གསལ་བཤད་བྱས་བ་ཡིན། བོན་གྱིས་དམར་མཆོད་བྱེད་མིན་ནི་བོད་པ་ཚོས་མདུན་དུ་གླེང་བའི་དགོས་མ་མཆིས་ཤིང་བོན་གྱིས་ཅི་ཞིག་བྱེད་མིན་ཀུན་གྱིས་ཤེས་གསལ་རེད།
དེ་ཡང་དགེ་ཆོས་ཀྱིས།
རང་གི་རིགས་ལ་ཞེན་པ་དཀར་པོ་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་བ་འདིས།།
རང་རིགས་ཁ་བ་ཅན་གྱི་རྗེ་འབང་ལ།།
རང་གིས་འོས་བའི་སྲིད་ཞུ་ཟུང་ཟད་སྒྲུབ།། བློ་ནས་ཡོད་པ་ཐད་ཀར་བྲིས་བས་ཚིག་ཡོད་ཚད་ཇི་བཞིན་ཡིན་མིན་མི་ཤེས་ཀྱང་ནང་དོན་དེ་ལྟར་ཡིན།
བོན་ལ་མི་དགའ་དགོས་དོན་ཅི་ཡང་མེད་ཅིང་བོན་བསྟན་འཛམ་གླིང་དུ་དར་ན་དགའ་བ་ཡོད། ཆོས་ལུགས་ཀྱིས་བོད་མིའི་ཡར་རྒྱས་དང་དངོས་གནས་ཚུལ་ལས་བརྒལ་ནས་ཐད་སྤྱོད་བྱས་ན་ང་རྒོལ་ཡོད། རྒྱུ་མཚན་ནི་ཆོས་ལུགས་ཀྱི་རྟགས་མཐའ་རིང་ལུགས་ཀྱིས་ཡར་རྒྱས་ལ་ཚོད་འཛིན་དང་སྤྱི་ཚོགས་ཀྱི་བདེ་དོན་དཀྲུགས་པས་ཡིན། དེ་ནི་བོན་ཆོས་མིན། ཆོས་ལུགས་ཡོད་ཚད་ཡིན།
ལ་སྟོད་ཀྱི་བུ་ལགས། ཁྱེད་ཀྱིས་འདོད་པའི་བོན་དང་ང་ཚོའི་ལུང་པར་ཡོད་པའི་བོན་གཉིས་འདྲ་གི་ཡོད་ས་མ་རེད། ང་ཚོའི་ལུང་པར་ཡོད་པའི་བོན་པོས་ནི་དམར་མཆོད་བྱེད་ཀྱི་ཡོད་རེད། ད་ལྟའི་བར་དུ་ཡང་དམར་མཆོད་བྱེད་ཀྱི་ཡོད་རེད། ཁྱེད་རང་བདེན་པར་མི་འཛིན་ན་ལྟ་རུ་ཤོག་དང་། ངས་ཁྱེད་ལ་སྟོན་ཆོག
ང་ཚོའི་ལུང་པར་བོན་ལྷ་གསོལ་མཁན་གྱི་མིང་ལ་ཕ་ཇོ་ཟེར། ཕ་ཇོ་དེས་གཏོར་མ་མང་པོ་ཞིག་བཅའ། ཚོགས་མང་པོ་ཞིག་བཀྲམ། དེ་ནས་བྱ་འགག་གམ་ཕག་པ་གླང་ལུག་སོགས་གང་རུང་ཞིག་གི་མགོ་བཅད་ནས་ཚོགས་དང་གཏོར་མའི་དཀྱིལ་སོགས་སུ་བཞག དེ་ནས་ཚིག་མང་པོ་ཞིག་འདོན་བཞིན་དུ་བོན་ལྷ་གསོལ་གྱི་ཡོད། དེ་ལ་ང་ཚོས་བོན་ཟེར་གྱི་ཡོད་ཅིང་ཁོང་གིས་ཀྱང་བོན་ཡིན་པར་ཁས་ལེན་གྱི་ཡོད།
ཡང་དེ་བཞིན་དུ་བོན་དཀར་དང་བོན་ནག་གཉིས་སུ་ཡོད་པར་བཤད་ཅིང་། བོན་དཀར་བ་དེ་ཚོས་དམར་མཆོད་བྱེད་ཀྱི་མེད། བོན་ནག་གི་ལྷ་དང་སྲུང་མ་བླ་མ་སོགས་ཀྱི་མཚན་ངས་མི་ཤེས་ཀྱང་། བོན་དཀར་བའི་བླ་མ་ཞབས་དྲུང་མཚན་ལྡན་དེ་ཝ་ཟེར་བ་ཞིག་ང་ཚོའི་ལུང་པར་ཕེབས་ཡོད་པའི་ལོ་རྒྱུས་ཡོད། དེའི་སྲུང་མ་ནི་སྲིད་པའི་རྒྱལ་མོ་ཟེར་ཞུ་གི་ཡོད་ཅིང་དེའི་གསོལ་ཁ་དཔེ་ཆ་ཞིག་ཀྱང་ངའི་རྩར་ཡོད་ཀྱང་དེ་རིང་དཔེ་སྒྲོམ་གང་དུ་བསྔོགས་ཀྱང་རྙེད་ཐུབ་མ་སོང་། ཞབས་དྲུང་མཚན་ལྡན་དེ་ཝའི་དགོན་གནས་ཤིག་ཡོད་པ་དེའི་འགྲམ་དུ་ཞབས་རྗེས་སོགས་ཀྱང་མཇལ་རྒྱུ་ཡོད།
ལོ་གཉིས་གསུམ་ཙམ་གྱི་སྔོན་ལ་དགོན་གནས་དེར་བོན་གྱི་བཤད་གྲྭ་ཞིག་འཛུགས་ཆེད་བོན་གྱི་མཁན་པོ་ཞིག་ཕེབས་འདུག། དགོན་གནས་དེའི་འགྲམ་ལ་རྙིང་མའི་དགོན་པ་ཞིག་ཡོད་པ་དེའི་གྲྭ་པ་འགའ་ཡང་བོན་གྱི་མཁན་པོ་དེས་ཁྲིད་ཕྱིན་པ་དེའི་གྲལ་ནས་གཅིག་ང་དང་མཉམ་དུ་དངོས་སུ་ཐུག་བྱུང་། ངས་ཁོང་ལ་སྔ་འགྱུར་རྙིང་མའི་ལྟ་བ་ཡང་དག་དོར་ནས་བོན་གྱི་ལྟ་བ་ལ་མ་འཛུལ་རོགས་ཞེས་ནན་གྱིས་འགོག་ཀྱང་འགོག་ཐུབ་མ་སོང་། གྲྭ་པ་དེ་དེང་སང་བོན་གྱི་གྲྭ་ས་ཞིག་ཏུ་ཡོད་ཐག་ཆོད་རེད།
བོན་གྱི་མཁན་པོ་དེར་གནས་ཚུལ་ལས་ཁང་ཚོས་དྲི་བ་དྲིས་པར་ཁོང་གིས་ཀྱང་བོན་ལ་བོན་དཀར་དང་བོན་ནག་ཅེས་གཉིས་སུ་ཡོད་ཅིང་། ཁོང་གིས་གསར་འཛུགས་བྱེད་རྒྱུ་ཡིན་པའི་བོན་གྱི་བཤད་གྲྭ་འདི་ནི་བོན་དཀར་ཡིན་ཞེས་འགྲེལ་བརྗོད་གནང་འདུག
ང་ཚོའི་ལུང་པའི་དཔེ་མཛོད་ཁང་ཞིག་ཏུ་བོན་གྱི་བཀའ་བསྟན་མང་པོ་ཞིག་ཡོད། དེའི་ནང་གི་བོན་གྱི་བཀའ་འགྱུར་ཤེར་ཕྱིན་པོད་ཅིག་མཇལ་དུས། ནང་པ་སངས་རྒྱས་པའི་ཤེར་ཕྱིན་གྱི་བརྗོད་བྱ་མངོན་རྟོགས་བརྒྱད་གང་ཡིན་པ་རེད་འདུག དེར་མི་འདྲ་ས་ཞིག་ནི་རྣམ་མཁྱེན་ལ་གཤེན་རབ་ཅེས་པ་འདི་རེད་འདུག
ཚིག་གི་གོ་རིམ་དང་བཤད་སྟངས་རྣམས་ནི་ཕལ་ཆེར་བསོད་ནམས་གྲགས་པའི་ཤེར་ཕྱིན་གྱི་འགྲེལ་པ་དང་ཆ་འདྲ་པོ་མཐོང་སོང་། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཀྱང་བོན་གྱི་ཤེར་ཕྱིན་དེ་ནི་ནང་པ་སངས་རྒྱས་པ་ལས་བཤུས་པ་ཡིན་པ་ཐག་གིས་ཆོད་བསམ་སོང་།
ཡང་ཁྱོད་ཀྱིས་ནང་པའི་བཀའ་འགྱུར་དང་བོན་གྱི་བཀའ་འགྱུར་གཉིས་བོད་ལ་སྔོན་དུ་གང་ཞིག་བྱུང་བའི་རྒྱུ་མཚན་གང་ཡོད་ཟེར་དྲི་རྒྱུ་ཡིན་པར་མོ་འདེབས་གོང་ནས་གདོན་མཐོང་བ་ལྟར་རེད། བོན་གྱི་བཀའ་འགྱུར་ལས་ནང་པ་སངས་རྒྱས་པའི་བཀའ་འགྱུར་སྔོན་དུ་བྱུང་བའི་རྒྱུ་མཚན་བཤད་རྒྱུ་མེད་ཀྱང་། སངས་རྒྱས་པའི་བཀའ་འགྱུར་དེ་དག་རྒྱ་གར་གྱི་སཾསྐྲི་ཏའི་སྐད་དང་པ་ལིའི་སྐད་དུ་ཡང་ཡོད་པར་ཐོས་པས་སངས་རྒྱས་པའི་བཀའ་འགྱུར་ནི་བོན་ལས་བཤུས་པ་མིན་པར་ཐག་ཆོད། འོན་ཀྱང་བསོད་གྲགས་ཀྱི་ཤེར་ཕྱིན་སྐོར་ངས་མི་ཤེས་པས་དེའི་སྐོར་དོགས་དྲི་ཡོད་ན་དགེ་ལུགས་ཚང་ལ་དྲི་རོགས་ཞུ།
ལ་སྟོད་བུ་ལགས། ད་རུང་མདའ་ཚན་པ་གཙོས་པའི་མཁས་པ་ཚོས་གླང་དར་མའི་ལོ་རྒྱུས་ཀྱི་བགྲོ་གླེང་ཡག་པོ་ཞིག་གནང་གིན་འདུག་པས་དེ་ལ་ཉན་རྒྱུ་ཡིན། བོན་པོའི་སྐོར་གླེང་སྟེ་སྐབས་དོན་སྣང་མེད་བྱེད་ཀྱི་མིན། དེ་རྗེས་རིམ་པས་བལྟ་ཆོག་གི་རེད།
རྗེ་དཔོན་རིགས་མཐོ་གྲས་ཀྱི་བུ་ཕྲུག་སོགས་མི་སུམ་བརྒྱ་ལྷག་ཅིག་རབ་ཏུ་བྱུང་ཚུལ་ཞིག་ཆོས་འབྱུང་རྙིང་པ་ཞིག་ན་བྲིས་ཡོད་པ་མཐོང་སོང་། དེ་མིན་དེ་འདྲའི་དགོན་པ་ཆེན་པོ་དང་གྲྭ་བ་མང་པོ་ཞིག་ཡོད་ཚོད་མི་འདུག
གོང་གི་མཆན༧༠ནང་ཆད་ལྷག་ཤོར་བས་དག་བཅོས།
ལ་སྟོད་ཀྱི་བུ་ལགས། ངས་ཧི་མའི་ཡང་སྟེང་གི་མི་ནི་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་བརྗེད་པ་རེད་ཅེས་བ་རྒྱུ་མཚན་ལོས་ཡོད། ཕྲན་ཧི་མའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན་ཞིང་། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན། ཧི་མི་རང་གི་ཆད་ཁུངས་བརྗེད་པའི་རྐྱེན་རྩའང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་ཀྱིས་བོད་མིའི་སེམས་ནང་གི་མངའ་ཁོངས་དང་རིགས་རིས་ཀྱི་འདུ་ཤེས་ཉམས་དམས་སུ་བཏང་པས་ཡིན།
གཉིས་པ། ཁྱེད་ཀྱིས་བོན་ཁུངས་ཧི་མ་ལ་ཡ་ཡིན་ཏེ་ཞང་ཞུང་ཡིན་པའི་སྒྲུབ་བྱེད་བཏང་པ་ནི་དོན་གྱིས་ཁོ་བོའི་ཞེན་འདོད་དུ་རྒྱབ་སྐྱོར་བྱེད་པ་འགྱུར་ཏེ། ཞང་ཞུང་ནི་ལོ་རྒྱུས་ཐོག་བོད་རིགས་ཡིན་པ་མ་ཟད་བོད་མངའ་རིས་ཀྱི་ཁྱབ་ཁོངས་གུ་གེ་ཡིན། བོད་མངའ་རིས་ལ་སྔོན་དུས་བ་ལ་ཏི་ཌི་ཤ་གསུམ་འབོད་ཅིང་དེ་ནི་དེང་གི་ཧི་མའི་ཡང་སྟེང་གི་མི་རིགས་འབྲས་ལྗོངས་དང་འབྲུག་པ་མ་གཏོགས་ཀུན་བསྡུ་ཐུབ། ཕྱིས་སུ་ཁྱབ་ཁོངས་ཆུང་དུ་ཕྱིན་ནས་སྤུ་ཧྲེང་། གུ་གེ བཟང་དཀར་གསུམ་དུ་གྱུར་ཞིང་ད་ལྟ་ཟངས་དཀར་ཡང་ལ་དྭགས་ཀྱི་ཁོངས་གཏོགས་ཡིན། བོད་སིལ་བུ་ཐོར་རྗེས་སུ་བཙན་པོའི་གདུང་རྒྱུད་ཉི་མ་མགོན་གྱིས་མངའ་རིས་བཟུང་ཞིང་ཁོང་གི་སྲས་གསུམ་ལ་མངའ་རིས་སྐོར་གསུམ་དུ་བགོས་ནས་ཁྲི་ལ་བསྐོས། སྲས་རིག་པ་མགོན་གྱིས་ཟངས་དཀར་དང་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་། ལྡེ་གཙུག་མགོན་གྱིས་ཞང་ཞུང་སྟེ་གུ་གེ་མངའ་དབང་བསྒྱུར་ལ། ད་ལྟའང་བོད་བཙན་པོ་གདུང་རྒྱུད་དྭ་དགས་ཀྱི་རྒྱལ་པོ་འཚོ་གཞིས་སུ་ཡོད། ཁྱེད་ཀྱིས་ཧི་མའི་རི་སྟེང་གི་མི་མང་ཞང་ཞུང་དུ་ཁས་ལེན་ན་ཞང་ཞུང་ནི་བོད་རིགས་ཡིན་པས། བོན་གྱི་འབྱུང་ཁུངས་བོད་ནས་ཡིན་པ་སྨོས་མེད་རེད། མ་ཟད་ཞང་ཞུང་དང་མངའ་རིས་ཀྱི་རིགས་རྒྱུད་གནས་བའི་ཧི་མི་བོད་རིགས་ཡིན་པ་ལོ་རྒྱུས་ལས་རྩོད་མེད་ཡིན་ཡང་། ཧི་མིས་མང་ཤོས་ཀྱིས་དེ་ལྟར་མི་འདོད་པས་ནགས་གསེབ་གྱི་སྤྲེའུ་བཞིན་ཆད་ཁུངས་བརྗེད་པ་རེད་ཅེས་ནས་སྨྲ་པ་ཕོད་ལ། དོན་ལ་ལྡན་པའི་གནས་སུ་འཁུམས། ཞ་ཞུང་ནི་བོད་ས་ཡིན་པས་བོན་ཆོས་དེ་ནས་བྱུང་བ་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཁུངས་རྒྱ་གར་དང་ག་ལ་འདྲ། དེ་ནི་ཞྭ་དཔེ་ལྷམ་བཀབ་པ་ལྟ་བུ་ཡིན་པས་མ་ངེས། ངས་བཤད་པའི་བོད་ནི་ལྷོ་ཁར་གནས་བའི་བཙན་པའི་རྒྱལ་ཕྲན་ལ་བཤད་ཀྱིན་མེད་པར་སྲོང་བཙན་གྱིས་བོད་ས་ཀུན་ལ་མངའ་དབང་སྒྱུར་རྗེས་ཀྱི་མིང་ལ་བཤད་ཀྱི་ཡོད། དེ་ལྟར་མིན་ན་ཁམས་དང་ཨ་མདོ་སོགས་ཞང་ཞུང་ལྟར་སིམ་ཡུལ་དང་འཇང་ཡུལ་སོགས་འབོད་པའི་རང་ཚན་གྱི་རྒྱལ་ཕྲན་ཡོད་པས་བོད་པ་མིན་འགྱུར་བས་བོད་ཅེས་བའི་མིང་ཡང་བདག་མེད་དུ་འགྱུར་བས་མ་ངེས་ལ། ཧི་མའི་རི་རྒྱུད་ཀྱི་མི་རྣམས་བོད་རིགས་ཡིན་པ་མ་ཟད་སྐད་རིགས་དང་ཆས་གོས། གོམས་སྲོལ་དང་བསམ་བློ་འདུ་ཤེས་དང་ཆད་ཁུངས་ཀྱི་ལོ་རྒྱུས་བཅས་ལས་རྟོགས་ཐུབ་ཅིང་། བོན་པོ་རྣམས་ཀྱིས་བོད་ཀྱི་མིང་ཡང་བོན་ནས་བྱུང་ཚུལ་བཤད། བོད་ཀྱི་རིགས་རྒྱུད་སྤྲེའུ་ལས་འཕེལ་བ་ནི་རྒྱུན་སྲོལ་ཆེ་བའི་བཤད་རྒྱུན་ལས་ལོ་རྒྱུས་ཁྲོད་བོད་རིགས་ཀྱི་ཆེད་ཁུངས་མི་མཐུན་དུ་མ་ཡོད་པ་ཉིད་ཀྱིས་དེབ་ཐེར་ཀློག་གལ་ཆེ་བས་ངལ་བ་མི་བྱ།
གསུམ་པ། ང་ལ་མཚོན་ན་བོད་མིའི་ལས་དབང་ཆོས་ལུགས་ལས་གལ་ཆེ་ཚུལ་དེ་དངོས་གནས་ཡིན་ཞིང། དེའི་ཆེད་དུ་དཀའ་ལས་བྱེད་རྒྱུ་ནི་རང་ཉིད་བོད་རིགས་ཤིག་ཏུ་སྐྱེས་བའི་ལས་འགན་ཡིན་པས། དེས་ཕྲན་དྲང་བདེན་ལ་དུང་བ་གནོད་སྐྱོན་ག་ལ་འགྲོ། ངས་རང་ཉིད་བོད་རིགས་ཡིན་པའི་རྒྱུ་མཚན་དུ་བྱས་ནས་དྲང་བདེན་ལ་དམའ་འབེབ་བྱེད་ཀྱིས་ཕྱོགས་རིས་བའི་ལྟ་སྟངས་འཛིན་གྱིན་མེད་ལ། ཡོད་པ་ནི་དྲང་བདེན་ལ་བརྟེན་ནས་བོད་ཀྱི་མ་འོངས་བ་དང་འཇིག་རྟེན་གྱི་ཁ་ཕྱོགས་འཆོལ་རྒྱུ་དེ་ཡིན། དེས་རྐྱེན་བོན་ཆོས་ཀྱི་ཆད་ཁུངས་བོད་ནས་མིན་པའི་ལོག་འགྲེལ་ལ་གསལ་བཤད་བྱས་བ་ཡིན། ཕྱོགས་གཞན་ནས་བསམ་ན། ང་བོད་པ་ཡིན་ཞིང་བོད་ཟས་ཟོས་ནས་བོད་པས་སྐྱོང་བའི་རྒྱུ་མཚན་གྱིས་བོད་ལ་ཕན་ཐོགས་ཀྱི་བསམ་བློ་ཡོད་ན་འཇིག་རྟེན་གྱི་ལུགས་དང་མཐུན་ཞིང་། བཀའ་དྲིན་བསམ་ཤེས་ཀྱི་ཀུན་སྤྱོད་དེ་དྲང་བདེན་ཡིན། བོན་གྱིས་དམར་མཆོད་བྱེད་མིན་ནི་བོད་པ་ཚོས་མདུན་དུ་གླེང་བའི་དགོས་མ་མཆིས་ཤིང་བོན་གྱིས་ཅི་ཞིག་བྱེད་མིན་ཀུན་གྱིས་ཤེས་གསལ་རེད།
དེ་ཡང་དགེ་ཆོས་ཀྱིས།
རང་གི་རིགས་ལ་ཞེན་པ་དཀར་པོ་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་བ་འདིས།།
རང་རིགས་ཁ་བ་ཅན་གྱི་རྗེ་འབང་ལ།།
རང་གིས་འོས་བའི་སྲིད་ཞུ་ཟུང་ཟད་སྒྲུབ།། བློ་ནས་ཡོད་པ་ཐད་ཀར་བྲིས་བས་ཚིག་དོན་དེ་ལྟར་ཡིན་མིན་མི་ཤེས་ཀྱང་ནང་དོན་དེ་ལྟར་ཡིན།
ང་བོན་ལ་མི་དགའ་དགོས་དོན་ཅི་ཡང་མེད་ཅིང་བོན་བསྟན་འཛམ་གླིང་དུ་དར་ན་དགའ་བ་ཡོད། འོན་ཀྱང་ཆོས་ལུགས་ཁ་ལ་འཁྱེར་ནས་བདེན་དོན་གུས་བརྩི་མེད་མཁན་དང་། ཆོས་ལུགས་ཀྱིས་བོད་མིའི་ཡར་རྒྱས་དང་དངོས་གནས་ཚུལ་ལས་བརྒལ་ནས་ཐད་སྤྱོད་བྱས་ན་ང་རྒོལ་ཡོད། རྒྱུ་མཚན་ནི་ཆོས་ལུགས་ཀྱི་རྟགས་མཐའ་རིང་ལུགས་ཀྱིས་ཡར་རྒྱས་ལ་ཚོད་འཛིན་དང་སྤྱི་ཚོགས་ཀྱི་བདེ་དོན་དཀྲུགས་པས་ཡིན། དེ་ནི་བོན་ཆོས་མིན། ཆོས་ལུགས་ཡོད་ཚད་ཡིན།
ཁྲི་དར་མ་ལ་དཀར་འདོན་བྱས་པ་དེས་བོན་པོ་ལ་དཀའ་འདོན་བྱེད་མི་ཐུབ། ཁྲི་དར་མ་བོན་པོའི་ཚབ་མཚོན་གྱི་མི་སྣ་དང་མ་མཐའ་ཡང་བོན་པོའི་མི་སྣ་ཞིག་མིན་པས་ཁོང་ལ་དཀར་འདོན་བྱས་པ་དེས་བོན་པོ་ལ་དཀར་འདོན་བྱས་པ་མཚོན་ཐབས་མེད། འགའ་རེས་གླང་དར་མས་བོན་པོའི་ཕྱོགས་བྱས་པ་དང་བོན་པོས་གླང་དར་མ་ལྷ་ལྟ་བུར་བརྩི་བཞིན་ཡོད་ཚུལ་ཡང་བཤད་མྱོང་། ཕྱོགས་ཞེན་དང་རྨོངས་དད་ཀྱིས་རྒྱུད་འཁྲུགས་ཤིང་གཏམ་འཆལ་དང་འོར་ཚོད་ལ་ཡིད་མོས་པ་ཚོ་ནམ་ཡང་འདི་འདྲ་ཞིག་རེད། མི་འདིའི་རིགས་ལ་བཙིར་རྒྱུ་གང་ཡང་མེད་དེ་བཙིར་བཙིར་ན་ཆུ་སེར་དང་རྣག་འཛག་པ་ལས་སྣུམ་ཁུ་ཞིག་འཐོན་རྒྱུ་མེད།
གཡུ་འབྲུག་དཀར་པོས་སྐྱག་རྫུན་བཤད་ཤེས་ཀྱི་མི་འདུག བོན་གྱི་དཔེ་ཆའི་ནང་དུ་རྣམ་མཁྱེན་ལ་རྣམ་མཁྱེན་ཟེར་བ་ལས་གཤེན་རབ་ནམ་ཡང་མི་ཟེར། གཤེན་རབ་ཟེར་བ་གང་ཟག་ཅིག་ལ་གོ་དང་རྣམ་མཁྱེན་ཟེར་བ་སངས་རྒྱས་ཀྱི་རྒྱུད་ཀྱི་མཁྱེན་པ་ལ་གོ་བའང་བོན་པོའི་ཡོངས་གྲགས་ཀྱི་འདོད་སྟངས་ཤིག་རེད། ཁྱོད་ཚོའི་ལུང་པའི་དཔེ་མཛོད་ནང་གི་བོན་པོའི་བཀའ་འགྱུར་དེ་ཁྱོད་ཀྱིས་བྲིས་པ་མིན་ནམ། ཧ་ཧ་ཧ་ཧ༌༌༌༌༌༌༌༌༌༌།
ཨ་ནུ་ཐང་བསོད་ནམས་ལགས།
༼ལ་སྟོད་ཀྱི་བུ་ལགས། ངས་ཧི་མའི་ཡང་སྟེང་གི་མི་ནི་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་བརྗེད་པ་རེད་ཅེས་བ་རྒྱུ་མཚན་ལོས་ཡོད། ཕྲན་ཧི་མའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན་ཞིང་། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན། ཧི་མི་རང་གི་ཆད་ཁུངས་བརྗེད་པའི་རྐྱེན་རྩའང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་ཀྱིས་བོད་མིའི་སེམས་ནང་གི་མངའ་ཁོངས་དང་རིགས་རིས་ཀྱི་འདུ་ཤེས་ཉམས་དམས་སུ་བཏང་པས་ཡིན།༽
ཁྱེད་རང་ཧམ་སེམས་ཆེ་དྲག་པའི་སྐྱོན་རེད། ཕྲན་ཧི་མ་ལ་ཡའི་མི་བརྒྱ་ཆ་གྱར་ལྔ་ཁྱེད་ཀྱིས་ཐུག་མྱོང་ཟེར་བ་ནི་ཧམ་པ་རི་ལས་ཆེ་བ་ཞིག་བཤད་པ་རེད། ཧི་མ་ལ་ཡའི་རི་མིའི་གྲངས་འབོར་ག་ཚོད་ཡོད་རེད། དེ་ནས་ཁྱེད་ཀྱིས་བརྒྱ་ཆ་གྱར་ལྔ་ཐུག་དང་མ་ཐུག་ཤེས་ཀྱི་རེད།
ངས་ཀྱང་བོད་མི་བརྒྱ་ཆ་གྱར་ལྔ་ཐུག་མྱོང༌། ཁྱོད་རང་ལྟ་བུ་མ་ཡིན་པར་ཁོང་ཚོ་ཚང་མ་ཧི་མ་ལ་ཡའི་མི་རིགས་ལ་མཐོང་ཆུང་བརྩི་ཡི་རེད།་ བོད་རིགས་བརྒྱ་ཆ་གྱར་ལྔ་ལ་འགྲོ་བ་མི་ཡི་རིགས་ཀྱི་བརྩེ་སེམས་ཀྱི་འདུ་ཤེས་མེད་པས་
རེད་ ཁོང་ཚོ་ཚང་མ་ཁྱོད་ལྟ་བུ་མ་ཡིན་པར་བོད་ས་ཤོར་དུས་བོད་མི་དེ་ཚོས་ཧི་མ་ལ་ཡ་ཡི་མི་རིགས་དེ་ཚོར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་བཏང་ཡོད། ཁྱབ་པ་འགྲིག
མ་གཞི་ནས་ཧི་མ་ལ་ཡའི་མི་རིགས་རྣམས་བོད་རིགས་ཡིན་པར་ཁྱེད་ལ་སྒྲུབ་བྱེད་གང་ཡོད་དམ། རང་རང་སོ་སོར་དབང་པའི་མཁར་དབང་ལ་བདག་པོ་མ་ཐོན་ནས་ད་དུང་རྒྱལ་ཁབ་གཞན་གྱི་བདག་དབང་ལ་དབང་བསྒྱུར་བྱེད་འདོད་པ་འདི་རྒྱ་ནག་གིས་སྐད་དུ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེས་ཇུས་བྱས་པ་རེད།
མོན་ཏ་དབང་ཡང་རྒྱ་གར་གྱི་ཡིན་པར་༸གོང་ས་མཆོག་དང་བཀའ་བློན་ཁྲི་པས་སྔོན་ལོར་གསུངས་པར་མ་གོ་མ་ཐོས་ན། རི་མཐོན་པོའི་མགོ་ནས་ཀི་རྒྱབ་པར་མ་གོ་མ་ཐོས་ཟེར་མཁན་དེ་འོན་པ་རེད།
སྔོན་ལོར་ཡང་ཁ་བརྡའི་ནང་དུ་འབྲུག་པར་དམའ་འབེབས་ག་ཚོད་བྱས་མེད་དམ།
འབྲུག་པའི་སྐད་དེ་ཡང་བོད་སྐད་དུ་བཤད་རྒྱུ་ཡིན་ནམ། འབྲུག་གཞུང་ལ་དེ་འདྲ་བ་ཞིག་ཤོད་དང་བཤད་ས་ཡོད་མེད་དེ་ནས་ཤེས།
འབྲུག་ཡུལ་དུ་ང་ཚོས་སྤྱོད་པའི་ཡི་གེ་འདི་ལ་བོད་ཡིག་ཟེར་གྱི་འདུག་གམ།
དེ་ལ་རྩོད་རྒྱུ་ཡོད་ན་རྩོད། དེ་མིན་ངས་ཁྱེད་ཀྱིས་བྲིས་པ་ཁག་འབྲུག་གཞུང་གི་གསར་ཤོག་ཐོག་བཏོན་ན་གང་འདྲ་ཡོང་ས་རེད།
ང་ཚོ་ཧི་མ་ལ་ཡའི་མི་རིགས་ནང་པ་བ་ཚོས་རྟག་ཏུ་༸གོང་ས་མཆོག་ལ་རྩ་བའི་བླ་མའི་འདུ་ཤེས་སུ་བཟུང་ནས་དུས་གསུམ་དུས་བཞི་རྟག་ཏུ་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་པར་མ་ཟད། བོད་དོན་སྐོར་ལ་རྟག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་འདི་དག་ལ། དད་ལོག་ལས་སོགས་བློ་ལོག་པའི་གཞིར་གྱུར་ཚེ་གཤམ་གསལ་གྱི་མི་ངན་ཁྱེད་ཚོས་འགན་ཁུར་དགོས།
མི་ངན་ཁ་བརྡའི་དྲྭ་རྒྱར་ཐོག་མར་ལྷ་སྲས་དར་མའི་སྐོར་ལ་རྩོམས་འགོད་མཁན་ཏེ། མི་ངན་ནང་ལ་བསྡད་ནས་ཇུས་ངན་ཕྱི་ལ་འདེང་མཁན་གྱི་དུག་རྩ་དང་གཅིག ཨ་ནུ་ཐང་བསོད་ནམས་དང་གཉིས། འཇམ་དཔལ་རྣོན་པོ་དང་གསུམ།་ སྤོབས་པ་མཐའ་ཡས་དང་བཞི། གཞོན་ནུ་ཟླ་མེད་དང་ལྔ། གཡུ་འབ྄ྲུག་དཀར་པོ་དང་ད྄ྲུག ད་དུང་དེ་རྗེས་ཁྱི་ཐོང་ནམ་མཁའི་བྱ་ལ་མཆོང་རྒྱབ་མཁན་གྱི་རིགས་དེ་རིགས།
ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། དབུ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང༌།
ཁ་བརྡ་ཚང་ནས་ཀྱང་འདི་རིགས་ལ་སྟངས་འཛིན་གང་ཡང་མི་བྱེད་པར་ལྟད་མོ་བལྟས་ཏེ་སྡོད་ཚུལ་འདི་ལ་ཡ་མཚན་ཆེ།
ཁྱེད་ཚོས་མི་རིགས་ལ་དམའ་འབེབས་དང༌།ཆོས་ལུགས་ལ་སྐྱོན་འཛུགས་བྱེད་པ་དེ་རིགས་བོད་གཞུང་དང་དེ་འབྲེལ་གྱི་ཧི་མ་ལ་ཡའི་བསྒྲིགས་འཛུགས་ཁག་ལ་གཏོང་ངེས་ཡིན།
ཞང་ཞུང་བོད་ཀྱི་མངའ་ཁོང་ཡིན་པར་རིགས་པ་གང་ཡོད།
སྔར་ཅིག་ཅིག་མིག་མིག་རེད་ཟེར་ན། སྔར་ཧི་མ་ལ་ཡའི་རི་རྒྱུད་མངའ་ཁོང་ཡོང་རྫོགས་ཞང་ཞུང་གི་མངའ་ཞབས་སུ་ཡོད་པ་རྒྱལ་རབས་ལོ་རྒྱུས་ལས་བཤད་ཡོད།
གཡོག་པོ་བདག་པོར་ཁས་འཆེས་པ་འདི་ནི་ཤིན་ཏུ་ཧམ་པ་ཚ་དྲག་པ་རེད།
དེ་ལྟར་ན། ཁྱེད་རང་ཡང་བོན་པོ་ཡིན་དགོས། སྔ་དུས་སུ་བོད་མི་ཡོང་རྫོགས་བོན་པོ་ཡིན་པའི་ཕྱིར།
ཁྱོད་དགེ་འདུན་ཆོས་འཕེལ་གྱི་གསུང་བློར་ཡོད་ན། བོད་ཅེས་བོནད་ཅེས་པའི་བརྡ་ཆད་ལས་བྱུང་བ་གསུངས་པ་དེ་ཡོད་དགོས། གཅིག་བྱས་ན་དེ་ཁྱོད་ཀྱིས་བློར་འཛིན་ཡོད་མདོག་ཁ་པོ་མ་རེད།
ཁྱོད་ནི་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་ཀྱིས་སྨྱོ་ནད་ཀྱིས་བཟི་བས་སོ།
མཐའ་དོན་དུ་ཁ་བརྡ་ཚང་གིས་འདི་དང་འདི་ལྟ་བུརྲ།
ཆུ་མ་ཡོང་སྔོན་ཆུ་རགས་དང༌། ་ དགྲ་མ་ཡོང་སྔོན་དུ་དགྲ་རགས།
མ་བྱས་ན་འདི་དག་བསྐྱེལ་ས་ཞིག་ལ་བསྐྱལ་རྒྱུ་ཡིན་པས་དེ་ལུགས་དགོངས་འཇགས་དང༌།
སྔོན་ལོར་ཡང༌། སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུ་རིན་པོ་ཆེ་སྐུ་ཞིང་ལ་གཤེགས་མ་ཐག་མི་ངན་འདི་རིགས་ཀྱིས་ཅི་བཤད་ཡོད་དམ།
དད་ལྡན་པ་འབུམ་ཚོ་མང་པོའི་སེམས་ཁམས་བརླག་ཏུ་བཅུག་ཡོད།
ལ་སྟོད་ལགས།
གནས་ལུགས་བགྲང་རྒྱུ་ལས་ཁོང་ཁྲོས་ཕན་ཐོག་གི་མ་རེད། ད་ལྟ་མོན་རྟ་དབང་ངས་རྒྱ་གར་གྱི་མ་རེད་ཟེར་ནས་བཤད་ཀྱིན་མེད་ལ་ཡོད་པ་ནི་བོད་བཙན་པོའི་སྐབས་ས་གནས་དེ་རྣམས་བོད་ས་ཡིན་ཞིང་མི་རྣམས་བོད་རིགས་ཡིན་ལོ་རྒྱུས་རེད། ལོ་རྒྱུས་ལ་དུས་དབང་གིས་སྒྱུར་བཅོས་བཏང་མི་ཐུབ་ལ། ཉིད་ཀྱིས་ང་ཚོར་འཇིགས་སྐུལ་བཏང་དེ་བས་མི་ཐུབ། ཁྱེད་ཀྱིས་སྐད་ཆ་དེ་དག་གོ་འདོད་མེད་ཅིང་ཀློག་པའི་སྤོབས་པ་མེད་ན་མ་ཀློག་ན་ཆོག མོན་རྟ་དབང་བོད་ནས་ལོགས་སུ་ཤིམ་ལའི་འཆིང་ཡིག༡༩༡༤ལོར་སྐབས་བྲལ་བ་མ་ཟད། ཁམས་དང་ཨ་མདོའི་ཆ་ས་ཕལ་ཆེ་སྐབས་དེ་དུས་རྒྱ་ལག་ཤོར།
ཁྱེད་ལ་རྒྱུ་མཚན་ཡོད་ན་ཁོང་ཁྲོ་ལངས་དགོས་དོན་མེད་ལ། ཁོང་ཁྲོ་ལངས་ནི་རྒྱུ་མཚན་མེད་པའི་དཔང་རྟགས། ཁྱེད་ཀྱིས་སྐད་སངས་མཐོ་པོས་ང་ཚོ་མི་ངན་ཟེར་ནས་སྡུག་ཀྱང་ང་ལ་ཁྱད་པར་ཅི་ཡང་མེད། དེ་ནི་རང་ཚང་སྟོན་པ་ཙམ་རེད།
མོན་རྟ་དབང་གི་ལོ་རྒྱུས་ཤེས་ན་ག་འདྲ་བྱས་ནས་མོན་རྟ་དབང་རྒྱ་གར་དུ་ཆགས་པ་རེད། སྐད་ཡིག་དང་ཆས་གོས། གོམས་གཤིས་སོགས་ཡོད་ཚད་རྒྱ་གར་ལས་བོད་དུ་ཉེ་བས་རྒྱ་གར་དུ་འགྱུར་བ་ཡ་མཚན་རེད། ངས་བཤད་པ་ནི་བདག་དབང་གི་སྐད་ཆ་མིན་ལ་ཆད་ཁུངས་ཀྱི་སྐད་ཆ་ཡིན། ཆད་གཅིག་པ་ཐམས་ཅད་རྒྱལ་ཁབ་གཅིག་ཏུ་སྡོད་དགོས་མེད་དེ། འཇར་མན་དང་ཨི་སི་ཌི་རི་ཡ། ཆེ་ཁི་དང་སི་ལོ་ཝ་ཁི། རྒྱ་དང་སི་ཀ་ཕོར། ཕའ་ཀི་སི་ཐན་དང་རྒྱ་གར། གོ་རི་ཡ་ལྷོ་བྱང་གཉིས་ལྟ་བུ་རེད། ངས་བཤད་པ་ནི་ཆད་ཁུངས་ཀྱི་སྐད་ཆ་ཡིན་པ་ལས། ཧི་མ་རྣམས་མ་འོངས་བར་བོད་དང་ལྷན་དུ་གནས་རྒྱུའི་སྐོར་ཅི་ཡང་གླེང་གི་མེད་ལ། ཧི་མི་རྣམས་ཅི་ཞིག་བྱེད་འདོད་པ་ནི་ཧི་མིའི་མི་མང་གི་འདོད་མོས་ལ་བརྟེན་ནས་ཐག་གཅོད་པ་ལས་ཅི་ཡང་མིན། ང་ལ་ཧི་མི་བོད་པ་ཆགས་རྒྱུ་འདོད་པ་མེད། འོན་ཀྱང་། ཧི་མིའི་ཆད་ཁུངས་བོད་ནས་ཡིན་པ་ལོ་རྒྱུས་ཡིན་ཞིང་། ལོ་རྒྱུས་ལ་སུས་ཀྱང་སྐྱར་བཅོས་བཏང་མི་ཐུབ་པས་ཁོང་ཁྲོ་ལངས་ན་དགོངས་འདག་ཡོད། སྐུ་ཉིད་མི་བཟང་ཡིན་པས་ཁོང་ཁྲོ་མེད་ཤས་ཆེ།
བོད་པ་ཕམ་ན་ཧི་མའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་གནས་ཐབས་མེད་ལ། མེད་པ་ཤེས་ན་མཁས་པ་རེད། ཁྱེད་ལ་བོད་ཀྱི་ཆོས་དང་རིག་གཞུང་མ་དགོས་ན་ང་ཚོར་དགོས་མཁོ་མེད་དེ། དེ་ནི་ང་ཚོ་ཐུན་མོང་བའི་ཕ་མེས་ཀྱི་རིག་གཞུང་རེད།
ངས་བཤད་པ་ནི་ལོ་རྒྱུས་དངོས་ཀྱི་བྱུང་ཆད་ཁུངས་གླེང་རྒྱུ་ལས་ཧི་མི་བོད་ཁོངས་སུ་བསྡུ་རྒྱུའི་འདོད་པ་མེད་ལ། ཧི་མི་ཅི་ཞིག་བྱེད་མིན་ཧི་མི་མི་མང་གི་འདོད་པ་རེད། ཆད་ཁུངས་གཅིག་པས་རྒྱལ་ཁབ་གཅིག་ཏུ་གྱུར་དགོས་དོན་མེད་དེ་རྒྱ་གར་དང་ཕའ་ཁི་སི་ཐན། འཇར་མན་དང་ཨོ་སི་ཌི་རི་ཡ། རྒྱ་དང་སན་ཁ་ཕོ། ཆེ་ཁི་དང་སི་ལོ་ཝ་ཁི་ལྟ་བུ་ཡིན་ཞིང་། རིགས་རིས་གཅིག་པས་རྒྱལ་ཁབ་གཅིག་ཏུ་གྱུར་བའི་ཁྱབ་བ་མེད། འོན་ཀྱང་ཧི་མིའི་ཆད་ཁུངས་བོད་ནས་ཡིན་པ་ལོ་རྒྱུས་ཡིན་ཞིང་ལོ་རྒྱུས་ལ་དུས་དབང་གིས་སྐྱར་བཅོས་བཏང་མི་ཐུབ། སྐུ་ཉིད་མི་བཟང་ཡིན་པས་གནས་ཚུལ་དེ་གསལ་རྟོགས་ཡོད་པའི་རེ་བ་ཡོད་ལ། མི་བཟང་ལ་ཁོང་ཁྲོ་ཉུང་ཞིང་ངང་རྒྱུད་འཇམ་པས་གནས་ལུགས་མེད་པ་གཞན་ལ་ཚིག་ངན་མི་བཤད། འོན་ཀྱང་ཁོང་ཁྲོ་ལངས་བ་ནི་རང་ཉིད་ལ་རྒྱུད་མཚན་སྟོང་བའི་རྟགས་ཡིན་ལ་རྒྱུ་མཚན་ཡོད་ན་ཨུ་ཐུག་ནས་ཁོང་ཁྲོ་ཟ་དགོས་དོན་མེད།
སྐུ་ཉིད་ཀྱི་མོན་གྱི་ཆད་ཁུངས་ཤེས་ན་མོན་རྟ་དབང་ག་དུས་རྒྱ་གར་དུ་ཆགས་པ་རེད། རྫུན་མ་མི་བྱེད་རྒྱུའི་རེ་བ་ཡོད་ལ་རྫུན་མས་རང་སྐོར་བ་ལས་གཞན་མགོ་སྐོར་མི་ཐུབ། མོན་ནི་ཆོས་དང་རིག་གཞུང་། མི་རིགས་བཅས་བོད་དང་ཉེ་བ་ལས་རྒྱ་གར་ལ་ཆེས་རིང་བ་མཐོང་ཆོས་སུ་ཡིན་པས་འགྲེལ་བྱེད་གནང་བའི་རེ་བ་ཡོད།
མཐའ་དོན་བོད་པ་ཕམ་ན་ཧི་མའི་རི་རྒྱུད་ཀྱི་རིག་གཞུང་ཡང་དེ་བཞིན་གནས་ཐབས་མེད་ཅིང་མེད་པ་ཤེས་ན་མཁས་པ་རེད། ཁྱེད་ཚོར་བོད་ཀྱི་རིག་གཞུང་མ་དགོས་ན་ང་ཚོར་དེ་ལྟར་ཡིན་ཏེ། ང་ཚོའི་ཀུན་གྱི་ཕ་མེས་ཀྱི་རིག་གཞུང་ཡིན་པ་གཅིག་པ་ཡིན།
རྒྱལ་པོ་གླང་དར་གྱི་སྐབས་སུ་རབ་བྱུང་བ་མང་པོ་ཡོད་མེད་ནི་བསམ་བློ་ཞིག་བཏང་ན་ཤེས་ཐུབ་པ་འདུག
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཉམས་སད་པའི་སློབ་མ་བདུན་སད་ཀྱིས་ལོངས་ཡིན་སྟབས་རབ་བྱུང་བདུན་བྱུང་བ་དང་། སྐབས་དེར་རབ་བྱུང་བའི་འཚོ་བ་བླ་ནས་སྦྱོར་བའི་ཆ་རྐྱེན་ལེགས་པོ་ཡོད་པས། སྐུ་དྲག་མི་དྲག་ཚོའི་བུ་བུ་མོ་རྣམས་རབ་ཏུ་བྱུང་བའི་འདུན་པ་ཤིན་ཏུ་ཆེ་བ་དང་ཆབས་ཅིག སད་མི་མི་བདུན་ནས་རབ་བྱུང་བ་སུམ་བརྒྱ་ལྷག་ལ་བྱུང་བ་ཡོངས་གྲགས་རེད། འདི་ལྷོ་བྲག་ཆོས་འབྱུང་གི་ནང་དུའང་གསལ་པོར་འདུག འདིའི་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་འབངས་ཕལ་བ་ལས་ཀྱང་རབ་ཏུ་བྱུང་ཆོག་པའི་བཀས་བཅད་པ་ཡིན་སྟབས། རབ་བྱུང་བའི་མི་གྲངས་དེ་ལྡབ་འགྱུར་གྱིས་ཡར་འཕེལ་གྱིན་ཡོད་པ་ནི་ཆོས་ཉིད་རེད། ལྷག་པར་དུ་ཁྲི་གཙུག་ལྡེ་བཙན་འདི་ནི་སངས་རྒྱས་ཆོས་ལ་དད་པ་ཆེན་པོ་ཡོད་པ་དང་། བཙན་པོ་འདིས་ཆོས་ཁྲིམས་དམ་པོར་སྤེལ་ནས་ཆོས་སྡེ་དང་རབ་བྱུང་བ་གཙུག་ཏུ་བཀུར་བར་མ་ཟད་དམིགས་བསལ་གྱི་ཁེ་དབང་གནང་བ་དེས། རབ་བྱུང་བ་ཇེ་མང་དུ་འཕེལ་བར་གཞོགས་འདེགས་མཛད་ཡོད་པ་དང་། ཕྱིས་སུ་འབངས་གྱེན་ལོག་བྱུང་བ་ལའང་རྨང་བཏིངས་པ་སོགས་ནི་བལྟས་པ་ཙམ་གྱིས་ཤེས་ཐུབ། གང་ལྟར་ཁྲི་སྲོང་ལྡེའུ་བཙན་ནས་རྒྱལ་པོ་གླང་དར་རིང་དུ་དགོན་པའང་མང་པོ་བཞེངས་ཡོད་པ་ནི། སེམས་ངོར་དྲན་པའི་དགོན་པ་འགའ་ནི་དང་པོ་བསམ་ཡས་དགོན་པ་རེད། བསམ་ཡས་དེ་ཡང་རྒྱ་ཆེན་པོ་རེད། དེ་ནས་ཞྭ་ལྷ་ཁང་རེད། རྒྱལ་སྡེ་དཀར་ཆུང་ལྷ་ཁང་། སྟོད་ལུང་མཚུར་ཕུ་དགོན་པ། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། བསམ་ཡས་དགེ་རྒྱས་གཙུག་ལག་ཁང་། བྲག་ཡེར་པ་དགོན་པ། ཁྲ་འབྲུག་དགོན་པ། གླང་དར་སྐབས་སུ་བཞེངས་པར་གྲགས་པའི་འབྲི་ཡི་གཙུག་ལག་ཁང་། སྤ་བྲོ་སྟག་ཁུང་གི་གཙུག་ལག་ཁང་སོགས་ཧ་ལམ་གླང་དར་སྐབས་སུ་དགོན་པ་བཞི་བརྒྱ་ལྷག་ཡོད་པ་ཞིག་མཐོང་བྱུང་། དགོན་པ་བཞི་བརྒྱའི་གྲངས་ཀ་འདི་ནི་ངས་ཆོས་འབྱུང་ངམ་དེབ་ཐེར་ཞིག་གི་ནང་དུ་ཡོད་པ་མཐོང་། དོ་དགོང་བཙལ་བ་ཡིན་ཏེ་རྙེད་མ་སོང་། རྗེས་སུ་བལྟ་ཆོག འདི་ལྟར་བལྟས་ན་གླང་དར་སྐབས་སུ་དགོན་པ་དང་རབ་བྱུང་བ་མང་པོ་ཡོད་པ་ཞོར་གྱིས་ཤེས་ཐུབ་པ་འདུག སྦ་བཞེད་ནང་དུ་སྐབས་དེའི་དགོན་པ་དང་རབ་བྱུང་བའི་གྲངས་འབོར་བྲིས་མེད་པ་དེའང་རྒྱུ་མཚན་མེད་པ་མ་རེད། གལ་སྲིད་གྲངས་འབོར་དེ་བྲིས་ཡོད་ན་གླང་དར་མ་དེ་འདྲའི་ནག་པོར་བསྒྱུར་ཐུབ་ཀྱི་མ་རེད།
དེ་ནས་ཁྱེད་ཀྱིས་‘‘གླང་དར་མའི་སྔོན་ནས་ཆོས་བསྣུབ་རྒྱུའི་འཆར་གཞི་བློན་པོ་ཆོས་ལ་གནག་པ་ཚོས་བཏང་ཚར་ཡོད་པ་མཐོང་། ཁྲི་རལ་བ་ཅན་བཀྲོངས་པ་དེ་གོམ་པ་དང་པོ་རེད་’’ཅེས་བཤད་སོང་། ཁྲི་རལ་གྱིས་ཆང་བཞེས་ཏེ་བཟི་ནས་གཟིམས་ཡོད་སྐབས་བོན་བློན་ཚོས་བཀྲོངས་པ་ནི་ལོ་རྒྱུས་ཡོངས་གྲགས་རེད། ཡིན་ནའང་ཁྲི་རལ་འདི་བློན་པོ་ཚོས་བཀྲོངས་མིན་ནི་གསལ་པོ་ཞིག་ཤེས་དཀའ་ཙམ་གདའ། རྒྱའི་ཐང་ཡིག་གསར་མ་ལས་‘‘བཙན་པོ་རྒྱལ་སར་འཁོད་ནས་ལོ་ངོ་སུམ་ཅུ་ཙམ་འདས་པ་ན། སྙུན་གྱིས་གོས་ཏེ་སྲིད་སྐྱོང་མ་ཐུབ་པར། སྲིད་ཀྱི་བྱ་བ་རྣམས་བློན་ཆེན་ལ་བཅོལ་བས་རྒྱ་དང་དམག་བྱེད་མ་ཐུབ། ས་མཚམས་ཞི་བདེར་གྱུར། བཙན་པོ་དགུང་དུ་གཤེགས་རྗེས། དེའི་གཅུང་དར་མ་རྒྱལ་སར་འཁོད་’’ཅེས་པ་ཞིག་ཀྱང་ཡོད་པ་རེད། གང་ལྟར། བོད་ཀྱི་ལོ་རྒྱུས་འགར་གླང་དར་མ་ནི་ཆུང་དུས་ནས་‘‘སྡིག་ལ་དགའ་’’བའི་ཚིག་འདི་དང་། རྦ་བཞེད་ཀྱི་ནང་དུ། ‘‘ཅུང་ལྷ་སྲས་དར་མ་ཆོས་དགའ་བས་ཆོས་ཁྲིམས་མི་བཤིག་ཟེར’’་བ་འདི་གཉིས་རྒྱབ་འགལ་རེད། ད་དུང་གོང་གི་ཏུན་ཧོང་གི་ཡིག་རྙིང་དེ་གཉིས་རེད། ལྷ་ལུང་དཔལ་རྡོར་གྱིས་གླང་དར་བཀྲོངས་སྐབས་གླང་དར་གྱིས་བསམ་ཡས་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ལ་གཟིགས་བཞིན་ཡོད་པ་དེ་ཡང་ཡ་མཚན་རེད། དོ་དགོང་། འདི་ཙམ་ཡིན། ད་ང་ཉལ་གི་ཡིན། སང་གནངས་མཇལ་ཆོག
འབྲུག་ཡུལ་དང་ཁྱེད་ཚོས་སྤྱོད་པའི་ཡི་གེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་ཐོན་མིས་བརྩམས་པའི་ཡི་གེ་མིན་ན་སུས་བརྩམས་པ་རེད། མངོན་སུམ་དུ་མ་སྨྱོ། མངོན་སུམ་དུ་སྨྱོ་ནས་སྐད་ཆ་བཤད་ན་དབྱེན་དཀྲུགས་ཡིན་ལ་ཕུང་འདྲེ་ཡང་ཡིན། གསོའི་སི་དང་ལོ་ཚེ་བྷོ་རྒུ ཨོ་སི་ཌོ་རིའི་ཡ་སོགས་ཀྱིས་འཇན་མན་ནས་ལོགས་སུ་སྟོབས་ཆེན་གྱི་རྒྱལ་ཁབ་ཡོད་ཀྱང་། བདེན་དོན་གུས་བཀུར་གྱིས་འཇན་མན་གྱི་སྐད་ཡིག་བེད་སྤྱོད་བཏང་བཞིན་ཡོད་པ་ངོས་ལེན་ཡོད། ཨ་རི་དང་སོ་སི་ཌོ་ལ་ཡ། ཁ་ན་དྲ་སོགས་དབྱིན་ཇིས་ལས་ལོགས་སུ་འབྱོར་ལྡན་གྱི་ལུང་པ་ཡོད་ཀྱང་དབྱིན་ཡིག་བེད་སྤྱོད་བྱེད་པའི་བདེན་དོན་ལ་གུས་བཀུར་གྱིས་དབྱིན་ཡིག་ཡིན་པ་ངོས་ལེན་ཡོད། ངས་རི་མྱི་ཟེར་བའི་རྒྱུ་མཚན་ཡང་མཐའ་བཏུགས་ན་བདེན་དོན་ལ་སྨྱོན་ཞིང་དཔྱོད་ཤེས་མ་དགོས་ཉན་ཤེས་ཀྱང་མེད་པས་ཡིན།
ང་ལ་ཧི་རྒྱུད་བོད་དང་གནས་རྒྱུའི་འདོད་པ་ཡོད་མེད་ཉིད་ཀྱིས་ཕྲན་གྱིས་བཀོད་པའི་མཆན་ལ་གཟིགས་དང་ཤེས་ངེས་རེད།
http://www.khabdha.org/?p=10335
ཨ་ནུ་ཐང་བསོད་ནམས་ལགས།
ངས་རིམ་པས་རྟགས་དང་རིགས་པ་རྒྱུ་མཚན་བཀོད་དེ་དྲི་བ་དྲིས་ཡོད་ཀྱང་དེ་དག་ལ་ལན་འདེབས་གཅི་ཀྱང་མེད་ཁར། ་ཚིག་འཁྲི་རྐྱང་རྐྱང་བཤད་ནས་བྲིས་ཡོང་གི་འདུག
ཧི་མ་ལ་ཡ་ཡའི་མི་རིགས་ཀྱི་མཆེད་ཁུངས་བོད་པ་ཡིན་པ་རྟགས་ལོ་དགུ་ལ་མ་གྲུབ།
ཧི་མ་ལ་ཡའི་རིགས་གཞུང་བོན་ཅན།
བོད་ཀྱི་རིགས་གཞུང་མ་ཡིན་ཏེ།
བོད་ཀྱི་རིགས་གཞུང་ཧི་མ་ལ་ཡའི་ཡིན་པའི་ཕྱིར།
༼འབྲུག་ཡུལ་དང་ཁྱེད་ཚོས་སྤྱོད་པའི་ཡི་གེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་ཐོན་མིས་བརྩམས་པའི་ཡི་གེ་མིན་ན་སུས་བརྩམས་པ་རེད། མངོན་སུམ་དུ་མ་སྨྱོ།༽
ད་ལྟ་གྲགས་པའི་བོད་ཡིག་ཅེས་པ་ནི་ཐོན་མིས་བརྩམས་པ་ཡིན་པ་རྟགས་ལོ་དགུ་ལ་མ་གྲུབ། དེ་ལྟར་བརྩམས་པ་ཁས་ལེན་མེད་པར་གནོད་པ་མ་འགེལ།
ཞ་མ་བརྙེད་ནས་འུ་ཐུག་པའི་སྐབས་ཞང་ཞུང་ནས་མི་གཅིག་དང་ཐུག་ནས་གང་ནས་ཡོང་དྲིས་པར་ཁོས་ཞང་ཞུང་ནས་ཡོང་ཡིན་ཟེར་དེ་ནས་ཞ་བརྙེད་ཚུལ་དེ་བཞིན། ཟ་ལས་སོགས་ཀྱང་དེ་བཞིན་དུ་བརྙེད་པར་གྲགས་པ་ནི་བླུན་པོའི་བླུན་རྟགས་རེད།
དེ་ཡི་སྔོན་དུ་ཞང་ཞུང་གོ་མ་མྱོང་པའི་བོད་བློན་ཡིན་ནམ། ཁྱིམས་མཚེས་རྒྱལ་ཁབ་ཀྱི་མིང་གོ་མ་མྱོང་བའི་བོད་མི་མཁས་ཤོས་དེ་འདྲ་ཡིད་སྐྱོ་བ་ལ།
བོད་ཀྱི་བློན་པོར་གྲགས་ཤིང་མཁས་པ་ཡིན་ཟེར་མཁན་ཅིག་གིས་སྟོབས་ཆེན་རྒྱལ་ཁབ་ཞང་ཞུང་ཞེས་མིང་ཙམ་ཀྱང་མ་གོ་མཁན་བོད་བློན་ལྐུགས་པ་དེ་འདྲས་བོད་ཡིག་བརྩམས་པར་ནམ་ཡང་མི་འདོད་དོ། བོད་ཡིག་སུས་བཟོས་མིན་བོན་གྱི་ལོ་རྒྱུས་ནང་དུ་ལྟོས། ངས་ཁྱོད་ལ་འདིར་དཔེ་ཁྲིད་བྱེད་དགོས་མེད།་ ལྟ་འདོད་མེད་ན་སྡིག་པ་མིག་བཙུམས་བྱེད་དེ་བསྡོད།
བོད་ཀྱི་ས་ཁོང་ནས་ལོ་ངོ་སྟོང་ཕྲག་ལྔ་ལྷག་ཙམ་གྱི་གོང་རོལ་དུ་བརྐོས་པའི་རྡོ་རྐོས་ཀྱི་ཡི་གེ་བརྙེད་པ་གོ་མ་བྱུང་ངམ།་ ཐོན་མིས་བོད་ཡིག་བརྩམས་ཚུལ་གྱི་གཏམ་བརྗོད་ཡ་མཚན་དེ་རིགས་ལོ་ངོ་བཅུ་ཕྲག་འགའ་ཞིག་གོང་དུ་བོད་ཀྱི་སློབ་གྲྭ་སོགས་ཀྱི་ནང་དུ་འཁྲབ་སྟོན་བྱས་མོད། ད་ལྟ་དེ་དག་ཐམས་ཅད་མིག་གི་རིག་རྒྱུ་མི་འདུག
མ་ནི་བཀའ་འབུམ་ནང་གི་བརྗོད་བྱ་དེ་ཚོར་བསམ་བློ་གཏོང༌།
སྟོན་པ་ཤཱཀྱ་ཐུབ་པ་སྐུ་བཞུགས་པའི་དུས་སུ་བོད་ཡུལ་མཚོ་ཡིས་གང་རབས་དང༌། དེ་ནས་རིམབཞིན་མཚོ་འཕྲི་ནས་བོད་ཡུལ་ཆགས་རབས། དེ་ནས་སྤྲེལ་བྲག་ལས་བོད་མིའི་འགྲོ་བ་སྲིད་རབས།
དེ་ནས་བོད་ཡིག་བཟོས་རབས་དེ་དག་ཐམས་ཅད་ལ་ཡིད་ཆེས་བྱེད་རྒྱུ་ཡིན་ནམ། བོད་ས་ནས་མི་ལོ་སྟོང་ཕྲག་བཅུ་ལྷག་གི་གོང་རོལ་དུ་བྱུང་བའི་ཁང་པ་རྐོང་པོ་ཉིང་ཁྲིའི་ཁུལ་ནས་བརྙེད་པ་མ་གོ་བའམ། གཡག་ཞར་གྱི་རྩ་བཟའ་བ་བཞིན་ཕྱོགས་རིས་ཀྱིས་དུག་གིས་བཟི་བའི་མིག་དང་རྣ་བར་རང་ཕྱོགས་ཀྱི་ལྟ་བ་དང་མཐུན་པ་མ་གཏོགས་གཞན་གོ་ཚོར་མེད་པ་ཤིན་ཏུ་ནོང༌།
ཧི་མ་ལ་ཡའི་རིགས་གཞུང་བོད་ཀྱི་ཡིན་པར་བཤད་པ་ནི་ཧམ་པ་ཆེ་དྲག་པ་རེད།
ལོ་ཤས་གོང་དུ་བོད་ཀྱི་དུས་བབས་ཀྱི་གསར་ཤོག་གི་ནང་དུ་སྲོང་བཙན་བུ་ཟེར་བ་ཞིག་གིས་ཀྱང་ཧི་མ་ལ་ཡའི་མི་རིགས་ཚོར་ཁྱད་གསོད་ཚད་མེད་བྱས་ཡོད། དེ་དག་ཀྱང་འདི་མཉམ་འབུལ་རྩིས་ཡོད།
བོད་ཀྱིས་མཁས་དབང་བདག་གིས་ཧི་མ་ལ་ཡའི་མི་རིགས་ཚོར་ཤེས་ཡོན་གྱི་སྟེང་ནས་ཕན་ཐོགས་ཆེན་པོ་གནང་ཡོད། དེ་འདྲ་ལ་བརྟེན་ནས་༸གོང་ས་མཆོག་ནི་ང་ཚོའི་རྩ་བའི་བླ་མ་དང༌། དེ་བཞིན་བླ་ཆེན་མང་པོ་ཞིག་ལ་འབྲེལ་བ་དམ་ཟབ་ཡོད་པ་ཁྱོད་ཀྱི་གཏོར་འདོད་ཀྱང་
གཏོར་མི་ཐུབ།་ ད་དུང་ཁོང་ཁྲོ་བཟའ་གི་འདུག་ཅེས་ཟེར། ཁོང་ཁྲོ་ལོས་བཟའ་ཁྱོད་ཚོས་ཉེས་མེད་ཉེས་འཛུགས་དང༌། མི་རིགས་དབར་ལ་དབྱེན་དཀྲུགས། རྩོད་གཞི་མེད་པར་རྩོད་པ་བཟོས་པ།
ད་དུང་ཧི་མ་ལ་ཡའི་མི་རིགས་དེ་ཚོར་བོད་ཞེན་མི་འདུག་ཟེར།
ག་རེ་བྱས་ནས་བོད་ཞེན་དགོས་ཀྱི་རེད།
བོད་པ་མིན་ལ་བོད་ཞེན་ཅི་ཡིས་ཕྱིར་དགོས།
ཧི་མ་ལ་ཡའི་ཕྲུག་གུ་མང་པོ་ཞིག་བོད་པའི་ཚོང་རྫས་རེད་མི་འདུག་གམ།
དང་པོར་ཁོང་ཚོར་སོ་སོའི་ཡུལ་དུ་སློབ་སྦྱོང་བྱེད་ས་ཡག་པོ་ཞིག་མེད།
གཉིས་པར་བོད་ཀྱི་དགོན་སྡེར་གྲྭ་རྒྱུན་སྟོང་གཞི་ཞིག་ཆགས།
གསུམ་པར་དགོན་སྡེ་ནང་ཕན་ཚུན་གྲྭ་འབོར་གྱི་འགྲན་སྡུར་བཟོ་འདྲ་ཞིག་བྱུང༌།
དོན་དུ་ཕར་ཕན་ཚུར་ཕན་ཡིན་པ་ལས་གཅིག་གིས་གཅིག་ལ་ཡུས་བཤད་དོན་མེད་དོ།
བོད་དང་ཞང་ཞུང་ལོགས་སུ་ཡོད་པའི་དུས་སྐབས་ཤིག་ཀྱང་ཡོད་པ་རེད། རྒྱལ་པོ་སྲོང་བཙན་གྱི་དུས་ནས་བོད་བཙན་པོའི་ཆབ་འབངས་སུ་གྱུར་པ་རེད། དེ་བོད་མིན་ན་འཕན་པོ་ཡང་བོད་མ་རེད། རྗེ་གནམ་རི་ཡན་ཆོད་ལ་འཕན་པོ་ཡང་བཙན་པོའི་ཆབ་འོག་ཏུ་འདུས་མེད་པ་རེད། སློབ་དཔོན་ཐོན་མི་ཡན་ཆོད་དུ་བོད་ལ་ཡི་གེ་མེད་པ་རེད། ཞང་ཞུང་ལ་ཡི་གེ་ཡོད་མེད་བརྟག་བྱ་རེད། གལ་སྲིད་ཡོད་ཀྱང་ཞང་ཞུང་བོད་མ་ཡིན་པར་འདོད་མཁན་ཚོར་མཚོན་ན་དེ་བོད་ཡིག་ཡིན་པར་འདོད་མི་ནུས། ཧ་ཧ་ཧ།
བསྟན་པ་སྔ་དར་གྱི་དུས་སུ་རབ་ཏུ་བྱུང་བ་མང་པོ་ཡོད་པའི་དཔང་རྟགས་གང་ཡང་མི་འདུག སྤྱིར་ན་ཆོས་ལུགས་གསར་པ་ཞིག་དང་ལེན་བྱེད་ཟེར་བ་དེ་ཧ་ཅང་ཡུན་རིང་པོའི་གནད་དོན་ཅན་ཞིག་རེད། དེའི་ནང་ནས་ཀྱང་གྲྭ་བ་བྱེད་ཟེར་བ་དེ་དེ་འདྲའི་དང་ལེན་བྱེད་ཆོག་ཆོག་ཅིག་མ་རེད། སྦ་བཞེད་ང་ལ་འདིར་མེད་མོད་སྦ་བཞེད་ལས་བོད་ལ་དམག་ས་ཡ་ཡོད་ཚུལ་ཞིག་མ་གཏོགས་གྲྭ་བའི་གྲངས་འབོར་ཆེ་ཚུལ་ཞིག་གང་དུ་ཡང་བཤད་མེད་སྙམ། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་ལས་རྒྱལ་པོ་ཁྲི་སྲོང་གི་དུས་སུ་བོད་མི་བརྒྱ་དང་བཞི་བཅུ་རབ་ཏུ་བྱུང་ཞེས་བྲིས་འདུག
བསྟན་པ་སྔ་དར་གྱི་དུས་སུ་བོད་ཀྱི་དགོན་སྡེ་ཆེ་ཤོས་བསམ་ཡས་རེད། གླང་དར་གྱིས་དགོན་པ་བཤིག་པའི་ལོ་རྒྱུས་མི་འདུག བསམ་ཡས་ཀྱི་ལོ་རྒྱུས་གང་ལ་བལྟས་ཀྱང་བསམ་ཡས་ན་ལྷ་སྐུ་མང་པོ་ཡོད་ཚུལ་དང་ཆོས་སྒྱུར་སའི་ལས་ཁུངས་ལྟ་བུ་མང་པོ་ཡོད་ཚུལ་སོགས་ལས་གྲྭ་བ་གྲངས་འབོར་ཆེན་པོ་ཞིག་བཞུགས་ཚུལ་མི་འདུག གླང་དར་གྱིས་ལྷ་ཁང་རྣམས་ཀྱི་སྒོ་བརྒྱབས་པ་ཙམ་ལས་བཤིག་རང་མི་འདུག བསམ་བློ་འདི་ལྟར་གཏོང་དུས་དེའི་སྐབས་ལ་བོད་མི་གྲྭ་བ་མང་པོ་མེད་པ་ཤེས་ནུས་པ་ཞིག་རེད།
མ་ཎི་བཀའ་འབུམ་སོགས་ལས་གསུངས་པའི་བོད་ཡུལ་ཆགས་ཚུལ་དང་བོད་མི་བྱུང་ཚུལ་དེ་ཡང་དུས་ཚོད་སྔ་ཕྱིའི་སྟེང་ནས་བསམ་ན་འགྲིགས་ཐབས་མེད་པ་མང་ཡང་སྤྱིར་ལོ་རྒྱུས་ཀྱི་གོ་རིམས་དེ་དེ་ལྟ་བུའི་བརྙས་ཆོག་ཆོག་ཅིག་མ་རེད། དེང་དུས་ཀྱི་ས་ཁམས་རིག་པའི་མཁས་དབང་ཚོས་ཀྱང་འཁྱགས་པའི་དུས་རབས་སམ་འཁྱགས་བསྐལ་གྱི་རྗེས་སུ་བོད་སོགས་ཡུལ་ལུང་མང་པོ་ཆུས་གང་ཡོད་ཚུལ་དང་རིམ་གྱིས་ཆུ་རྣམས་མར་བཞུར་ཤུལ་དུ་ནགས་ཚལ་སྐྱེས་ཤིང་མི་རྣམས་གཞིས་ཆགས་ཚུལ་སོགས་བཤད་པའི་གོ་རིམས་དང་ཧ་ཅང་མཐུན་གྱིན་འདུག མི་བྱུང་སྟངས་དེ་ཡང་དབྱིན་ཇིའི་སྐྱེ་དངོས་ལོ་རྒྱུས་རིག་པའི་མཁས་པ་ཆེན་པོ་ཅལ་སི་སྒྲ་ཝིན་གྱིས་བཤད་པའི་རང་བྱུང་གདམས་གསེས་ཀྱི་རིང་ལུགས་ལྟར་ན་མི་རུ་གྱུར་པའི་རིམ་པ་དང་ཆེས་ཉེ་བའི་སྲོག་ཆགས་ནི་ཧྥེ་གླིང་གི་སྤྲ་སྤྲེའུ་རིགས་ཨེ་པི་ཟེར་བ་ཡིན་ཚུལ་སོགས་གསུངས་པ་ལ་བལྟས་ཚེ་སྤྱིར་མིའི་རིགས་བྲག་སྲིན་དང་སྤྲེའུ་ལས་བྱུང་ཞེས་བཤད་པ་དེ་ནི་རིམ་འགྱུར་བའི་ལུགས་evolutionismདང་ཧ་ཅང་མཐུན་གྱིན་འདུག
སྤོབས་པ་མཐའ་ཡས་ལགས།
དྲི་བར་ལན་ཐོབ།
སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བདེ་བར་གཤེགས་པའི་རྗེས་སུ་བོད་ལ་ཡུལ་ལུང་དང་འགྲོ་བ་མི་ཆགས་ཚུལ་བཤད་པ་དེ་དང་ཚན་རིག་པས་མི་ལོ་འབུམ་ཕྲག་གོང་ནས་བྱུང་བའི་གནས་ཚུལ་གཉིས་རྡོ་ཆག་བཙན་སྒྲིག་མ་བྱེད།
མཁས་པའི་གཙུག་རྒྱན་ནམ་མཁའི་ནོར་བུས།
དཀར་ནག་རྒྱ་དང་ཞང་ཞུང་ཤེས་རིག་དར་ཞིང་རྒྱས་པའི་དུས།
བོད་ཀྱི་སྤྲེལ་རྒན་རྔ་མ་ཆད་རྗེས་སུ་ལུས་པ་ཅི་ཡིས་ནོང༌།
ཚིག་ཇི་ལྟ་བ་བཞིན་དུ་དེ་ལྟར་ཡིན་མིན་མ་ཤེས་ང་ཡི་བློར་ཡོད་པ་དེ་ལྟར་ཡིན།
ངས་གང་དྲིས་པར་ལན་མི་འདུག།
ཁྱི་ཐོང་ཟུག་ཚུལ་རང་རེད།
མི་མང་ན་རོ་མང་ཞེས་པ་ལྟར་རེད་འདུག
ཞང་ཞུང་ཟེར་བ་ནི་ལོ་རྒྱུས་ཐོག་ཧི་མ་ལ་ཡི་རི་རྒྱུད་ཀུན་གྱི་མིན་ཏེ་མངའ་རིས་སྐོར་གསུམ་གྱི་གུ་གེའི་ས་ཆ་ཡིན་པ་ངས་ཁྱེད་ཟིན་ཞིང་དེ་ནི་ད་ལྟའང་བོད་ཁོངས་རྩོད་མེད་རེད། ཡིད་མི་ཆེས་ན་དེབ་སྔོན་སོགས་གནའ་པོ་ལོ་རྒྱུས་ཁྲི་ཕྲག་མང་པོ་དེ་ལྟར་འདོད་ཅིང་ཧི་མའི་རི་རྒྱུད་ཡིན་ཟེར་བ་ནི། བོན་པོ་ཚོས་དགོས་དབང་གི་ཞང་ཞུང་གི་མངའ་ཁོངས་རྒྱ་སྐྱེད་བཏང་ནས་ལོ་རྒྱུས་ལ་ཆོག་བཤད་བྱས་བ་ལས་ཁོངས་བཙན་གྱི་ཡིག་རྙིང་གང་མེད། བོད་བཙན་པོ་སྲོང་བཙན་མ་བྱོན་གོང་པ་བོད་རྣམས་སིལ་བུ་གནས་ཤིང་གཅིག་གྱུར་གྱི་རྒྱལ་ཁབ་མེད། སྲོང་བཙན་གྱིས་བོད་པ་རྣམས་གཅིག་གྱུར་བཟོས་ཤིང་ཞང་ཞུང་ཡང་དེའི་ཁོངས་ཀྱི་གཅིག་ཡིན། ངས་ཁྱེད་ལ་བྱེད་པ་བཞིན་ཞང་ཞུང་བོད་པ་མིན་ན་ཁམས་དང་མ་མདོ་ཡང་བོད་པ་མིན་པ་འགྱུར་ཏེ། ཁོང་ཚོ་ཞང་ཞུང་བོད་ཀྱི་ཆབ་ཁོངས་སུ་བསྡུས་ནས་ལོ་བཅུ་དང་ཉི་ཤུའི་རྗེས་སུ་བསྡུས་པ་ཡིན་ལ། ཁམས་དང་ཨ་མདོ་ལ་དྲག་ཤུགས་ཆེ་བའི་རྒྱལ་ཕྲན་སུམ་པ་དང་མི་ཉག འཇང་སོགས་ཡོད་ཅིང་ཁམས་མི་ཉག་བོད་བཙན་པོ་མངའ་ཁོངས་སུ་ཐེངས་མང་བསྡུ་ཐབས་དཀའ་བའི་ལོ་རྒྱུས་ཡོད། ངས་གནས་ཚུལ་ཁྱེད་གོང་དུ་བཤད་ཟིན་ཡང་ཉིད་ཀྱིས་དེའི་སྐོར་ལ་ཡ་ལེན་ཅི་ཡང་མེད་པས་ཡང་སྐྱར་བཀོད་པ་ཡིན། ཞང་ཞུང་ནི་རྒྱལ་ཕྲན་ཞིག་ཡིན་པ་ལས་རྒྱལ་ཁབ་ཅིག་མ་ཡིན། སྟོབས་ཆེན་རྒྱལ་ཁབ་ཅིག་དེ་བ་མ་ཡིན། བོད་ཀྱི་ཆབ་ཁོངས་སུ་གྱུར་འབི་ཞང་ཞུང་ནི་བོད་གྱི་རྒྱལ་ཕྲན་ཆུང་ཆུང་ཡིན་ལ་དེ་གནས་ཀྱི་མི་ལ་ཡི་གེ་ཡོད་པ་བདེན་ཡང་དེ་ནི་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཡི་གེ་མིན་པ་ཡིག་རྙིང་ལས་རྟོགས། མ་ཟད་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་ནི་ཐོན་མའི་གསར་བཟོ་བྱེད་པར་དཀའ་ངལ་གྱི་རྒྱུད་རིམ་སྣ་ཚོགས་འཕྲད་ཀྱང་ལེགས་སྦྱར་གྱི་ཡི་གེ་དཔེ་ལྟོས་ནས་བཟོས་བ་ནི་སྨོས་མེད་ཡིན་ཏེ། བོད་ཀྱི་གསལ་བྱེད་ཀྱི་སྒྲ་ཡང་རྒྱ་གར་དང་གཅིག་མཚུངས་ཀྱིས་ཀློག་བཞིན་ཡོད་པས་ཤེས་པས་ཞང་ཞུང་ནས་ཡོང་བ་རེད་ཟེར་ན་བོན་པོས་རང་བཟོ་རེད། བདེན་ཏེ་ལེགས་སྦྱར་དུ་མེད་ཅིང་བོད་དུ་མཁོ་བའི་ཡི་གེ་ཁ་ཤས་གསར་གཏོད་མཛད་པ་དངོས་ཡོད་ཡིན། ཁྱེད་ཀྱིས་ད་ཆ་བྲིས་ཤིང་ཀློག་ཀླད་དུ་འཇུག་བཞིན་པ་གློག་འཕྲིན་ཡི་གེ་འདིའང་བོད་མིས་གསར་བཏོད་བྱས་བ་བཀོད་བཞིན་མིན་ན་ཧི་མི་སུ་ཞིག་གི་བྱས་བ་རེད།
ཁྱེད་ཀྱིས་ང་ཚོ་ལུང་མེད་ཅིང་གཞན་གྱར་བ་ངན་ཚང་འདྲི་ཡང་ཧི་རྒྱུད་ལ་ཡོད་པའི་ལུང་པ་ལྟ་བུ་བོད་ཡོད་ཅིང་། བཟང་ངན་ལ་མ་ལྟོས་བར་རང་སྐྱོང་ལྗོངས་དང་ཁུལ་གྱི་འོག་ནས་འཚོ་གཞིས་སུ་གནས་ཡོད། འོན་ཀྱང་འབྲས་ལྗོངས་ཕུད་པའི་ཧི་མི་རྣམས་ལ་རང་སྐྱོང་ལྗོངས་དང་ཁུལ་མ་དགོས་རྒྱ་བལ་ནང་མངའ་སྡེ་ལོགས་སུ་བཀར་བའི་ཐོབ་ཐང་མེད་པ་ཤེས་གསལ་རེད། འོན་ཀྱང་དེ་ལྟར་རྒྱུན་མཐུད་ནས་ངན་ཚང་དྲིས་ན་གྲོས་བསྡུར་ལས་འཐབ་འཛིང་གི་སྐད་ཆ་འགྱུར་བས། གྲོང་གསེབ་ཀྱི་རྒན་རྒོན་ལྟ་བུ་སྐད་ཆ་བཤད་འདོད་མེད།
ཧི་རྒྱུད་དང་བོད་གཉིས་ཁ་ལག་པའི་དྲིན་ཆེན་དང་ལག་པ་ཁའི་དྲིན་ཆེན་ཡིན་པ་ལས་ཁྱེད་ཉིད་ལྟར་ཕན་ཚུན་ལ་ཁ་དྲི་བརྩི་དོན་ཅི་ཡང་མེད། ང་ཚོས་ནང་འཛིང་བྱས་ན་ཕྱི་མིའི་འདོད་ཐོག་ཏུ་རྟ་རྒྱུགས་པ་བཞིན་དགའ་པ་ཡོད་པ་སྨོས་མེད་ཡིན་པས་སྐད་དེ་ལྟར་བྱོས། དེ་སྔོན་རྒྱ་གར་གསང་བའོ་ལས་ཁུངས་ཀྱི་བོད་དང་འབྲུག་པའི་བར་དུ་དཀྲུགས་ཤིང་རྒྱབ་པའི་སླབ་བྱ་ལེན་གལ་ཆེ།
བོད་དང་བོད་པར་གཅིག་པའི་གཞུང་ཀུན་འཇར་ལྟར་ཡལ་རྒྱུ་རྒྱ་བལ་དཀར་གསུམ་གྱི་སྲིད་དོན་ཚོགས་པ་མང་པོས་གཅིག་མཚུངས་ཀྱི་རེ་བ་ཡིན་པས། ང་ཚོས་ཕན་ཚུན་ངན་ཚང་འདྲི་རིས་ལས་གཅིག་སྒྲིལ་བཟོས་ན་དགའ། དེ་སྔོན་ར་ཤི་ཡའིགནམ་ཐང་ནས་རྒྱ་གར་པ་ཞིག་དང་འཕྲད་ཅིང་ཁོང་གིས་ང་ལ་བོད་ཀྱི་གནད་དོན་སེལ་རྒྱུའི་འདོད་འདུན་རྒྱ་དཀར་ནག་སུ་ཡང་མེད་དེ། བོད་ས་རྒྱ་གར་ནག་གཅིག་མཚུངས་ཀྱི་བགོ་ཤ་རྒྱབ་ཚུལ་བཤད་བྱུང་། བོད་མིས་ཧི་རྒྱུད་ཚོང་རྫས་སུ་བཏང་མིན་མི་ཤེས་ཀྱང་བོད་དང་ཧི་རྒྱུད་མི་མང་རྒྱ་བལ་དཀར་གསུམ་གྱི་ཚོང་རྫས་རེད། ཐུགས་བསམ་གུ་དོག་མ་བཞེས། སྐུ་ཁམས་བདེ་མོ། ལ་སྟོད་རིན་པོ་ཆེ་ལགས།
བཀའ་ཆེན་ཀ་འཁོལ་མ་དང་མ་ཎི་བཀའ་འབུམ་གྱི་འབྲི་དོན་ནི་བོད་ཀྱི་ལོ་རྒྱུས་ལ་བོན་ཆོས་ཀྱི་རྟགས་མཐའི་སླད་ཞུགས་པ་བཞིན། སངས་རྒྱས་ཆོས་ལུགས་ཀྱི་ཐད་སྤྱོད་ཀྱི་སླད་ཞུགས་ཤིང་ཡོད་ཚད་རྒྱ་གར་དང་ཆད་ཁོངས་བཏུགས་ཤིང་། བོད་ལ་འགྲོ་བ་བྱུང་རིམས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་མིན་མཐུན་པས་མ་ངེས་ལ། བོད་དུ་འགྲོ་བ་མི་ཡོད་པ་ངོ་འབུམ་ཙམ་གྱི་སྔོན་ཡོད་པ་ཚན་རིག་གིས་གནའ་དངོས་རྟགས་དཔྱད་ཀྱིས་དཔང་པོ་ཡོད་པ་མ་ཟད། ནུབ་ཕྱོགས་ཀྱི་ལོ་རྒྱུས་ཁ་ཤས་ལས་ཤར་གླིང་དང་ནུབ་གླིང་གཉིས་སུ་མ་གྱེར་བའི་ཡང་སྔོན་དུ་བོད་ལ་འགྲོ་བ་མི་ཡོད་ཅིང་། ཨ་རིའི་གདོད་མིའི་མི་རིགས Hopi. Navaho གཉིས་བོད་རིགས་ནས་ཆད་པའི་ལོ་རྒྱུས་ཡོད། མི་རིགས་དེ་གཉིས་ཀྱི་ལོ་རྒྱུས་ལ་གཟིགས་དང་གསལ་ཆ་ཡོང་ངེས།
འོ་་་་ངས་ཉིད་ལ་མོན་རྟ་དབང་གི་ལོ་རྒྱུས་སྐོར་སྐད་ཆ་དྲིས་ཀྱང་ད་དུང་ཡང་གོ་རྒྱུ་མེད་པས་ཡང་སྐྱར་དྲན་གསོ་ཞིག་བྱེད། ད་ལས་ཀ་འགྲོ་རན་པས་དེ་ཙམ་བྱོས།
ཉིད་ཀྱི་བྱ་བ་ལམ་འགྲོ་དང་སྐུ་གཟུགས་གསལ་ཐང་། རྣམ་དཔྱོད་མཚོ་ལྟར་རྒྱས་བའི་སྨོན་ལམ་ཡོད། དངོས་ནས་ཡིན། སེམས་གཏིང་ནས་ཡིན།
ནོར་བཅོས།
ལ་སྟོད་བུ་ལགས།
ཞང་ཞུང་ཟེར་བ་ནི་ལོ་རྒྱུས་ཐོག་ཧི་མ་ལ་ཡི་རི་རྒྱུད་ཀུན་མིན་ཏེ་མངའ་རིས་སྐོར་གསུམ་གྱི་གུ་གེའི་ས་ཆ་ཡིན་པ་ངས་ཁྱེད་ལ་བྲིས་ཟིན་ཞིང་། དེ་ནི་ད་ལྟའང་བོད་ཁོངས་རྩོད་མེད་རེད། ཡིད་མི་ཆེས་ན་དེབ་སྔོན་སོགས་གནའ་པོ་ལོ་རྒྱུས་ཁྲི་ཕྲག་མང་པོ་གཟིགས་དང་ངེས་ཤེས་རྙེད་སྲིད། ཞང་ཞུང་ཧི་མའི་རི་རྒྱུད་ཀུན་ལ་གོ་ཟེར་བ་ནི་བོན་པོ་ཚོས་དགོས་དབང་གིས་ཞང་ཞུང་གི་མངའ་ཁོངས་རྒྱ་སྐྱེད་བཏང་ནས་ལོ་རྒྱུས་ལ་ཆོག་བཤད་བྱས་བ་ལས་ཁོངས་བཙན་གྱི་ཡིག་རྙིང་གང་མེད། བོད་བཙན་པོ་སྲོང་བཙན་མ་བྱོན་པའི་གོང་བོད་པ་རྣམས་སིལ་བུ་གནས་ཤིང་གཅིག་གྱུར་གྱི་རྒྱལ་ཁབ་མེད། སྲོང་བཙན་གྱིས་བོད་པའི་རྒྱལ་ཕྲན་རྣམས་གཅིག་ཏུ་བཟོས་ཤིང་ཞང་ཞུང་ཡང་དེའི་ཁོངས་ཀྱི་གཅིག་ཡིན། ངས་ཁྱེད་ལ་བྱེད་པ་བཞིན་ཞང་ཞུང་བོད་པ་མིན་ན་ཁམས་དང་མ་མདོ་དེ་བས་བོད་པ་མིན་ཏེ། ཁོང་ཚོ་ཞང་ཞུང་བོད་ཀྱི་ཆབ་ཁོངས་སུ་བསྡུས་ནས་ལོ་བཅུ་དང་ཉི་ཤུའི་རྗེས་སུ་བསྡུས་པ་ཡིན་ལ། ཁམས་དང་ཨ་མདོ་ལ་དྲག་ཤུགས་ཆེ་བའི་རྒྱལ་ཕྲན་སུམ་པ་དང་མི་ཉག འཇང་སོགས་ཡོད་ཅིང་ཁམས་མི་ཉག་བོད་བཙན་པོ་མངའ་ཁོངས་སུ་ཐེངས་མང་འདུ་ཐབས་དཀའ་བའི་ལོ་རྒྱུས་ཡོད། ངས་གནས་ཚུལ་འདི་གོང་དུ་བཀོད་ཟིན་ཡང་། ཉིད་ཀྱིས་དེའི་སྐོར་ལ་ཡ་ལེན་ཅི་ཡང་མེད་པས་ཡང་སྐྱར་བཀོད་པ་ཡིན། ཞང་ཞུང་ནི་རྒྱལ་ཕྲན་ཞིག་ཡིན་པ་ལས་རྒྱལ་ཁབ་ཅིག་མ་ཡིན། སྟོབས་ཆེན་རྒྱལ་ཁབ་ཅིག་དེ་བས་མ་ཡིན། བོད་ཀྱི་ཆབ་ཁོངས་སུ་གྱུར་འབི་ཞང་ཞུང་ནི་བོད་གྱི་རྒྱལ་ཕྲན་ཆུང་ཆུང་ཡིན་ལ་དེ་གནས་ཀྱི་མི་ལ་ཡི་གེ་ཡོད་པ་བདེན་ཡང་དེ་ནི་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཡི་གེ་འདི་མིན་པ་ཡིག་རྙིང་ལས་རྟོགས། མ་ཟད་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་ནི་ཐོན་མའི་གསར་བཟོ་བྱེད་པར་དཀའ་ངལ་གྱི་རྒྱུད་རིམ་སྣ་ཚོགས་འཕྲད་ཀྱང་ལེགས་སྦྱར་གྱི་ཡི་གེ་དཔེ་ལྟོས་ནས་བཟོས་བ་ནི་སྨོས་མེད་ཡིན་ཏེ། བོད་ཀྱི་གསལ་བྱེད་ཀྱི་སྒྲ་ཡང་རྒྱ་གར་དང་གཅིག་མཚུངས་ཀྱིས་ཀློག་བཞིན་ཡོད་པས། ཞང་ཞུང་ནས་ཡོང་བ་རེད་ཟེར་ན་བོན་པོས་རང་བཟོ་རེད། བདེན་ཏེ་ལེགས་སྦྱར་དུ་མེད་ཅིང་བོད་དུ་མཁོ་བའི་ཡི་གེ་ཁ་ཤས་གསར་གཏོད་མཛད་པ་དངོས་ཡོད་ཡིན། ཁྱེད་ཀྱིས་ད་ཆ་བྲིས་ཤིང་ཀློག་ཀླད་དུ་འཇུག་བཞིན་པ་གློག་འཕྲིན་ཡི་གེ་འདིའང་བོད་མིས་གསར་བཏོད་བྱས་བ་མིན་ན་ཧི་མི་སུ་ཞིག་གི་བྱས་བ་རེད།
ཁྱེད་ཀྱིས་ང་ཚོ་ལུང་མེད་ཅིང་གཞན་གྱར་དུ་འཁྱམ་པའི་ངན་ཚང་འདྲི་ཡང་ཧི་རྒྱུད་ལ་ཡོད་པའི་ལུང་པ་ལྟ་བུ་བོད་ལ་ཡོད་ཅིང་། བཟང་ངན་ལ་མ་ལྟོས་བར་རང་སྐྱོང་ལྗོངས་དང་ཁུལ་གྱི་འོག་ནས་འཚོ་གཞིས་སུ་གནས་ཡོད། འོན་ཀྱང་འབྲས་ལྗོངས་ཕུད་པའི་ཧི་མི་རྣམས་ལ་རང་སྐྱོང་ལྗོངས་དང་ཁུལ་མ་དགོས་རྒྱ་བལ་ནང་མངའ་སྡེ་ལོགས་སུ་བཀར་བའི་ཐོབ་ཐང་ཙམ་ཡང་མེད་པ་ཤེས་གསལ་རེད། འོན་ཀྱང་དེ་ལྟར་རྒྱུན་མཐུད་ནས་ངན་ཚང་དྲིས་ན་གྲོས་བསྡུར་ལས་འཐབ་འཛིང་གི་སྐད་ཆ་འགྱུར་བས། གྲོང་གསེབ་ཀྱི་རྒན་རྒོན་ལྟ་བུ་སྐད་ཆ་བཤད་འདོད་མེད།
ཧི་རྒྱུད་དང་བོད་གཉིས་ཁ་ལག་པའི་དྲིན་ཆེན་དང་ལག་པ་ཁའི་དྲིན་ཆེན་ཡིན་པ་ལས་ཁྱེད་ཉིད་ལྟར་ཕན་ཚུན་ལ་ཁ་དྲི་བརྩི་དོན་ཅི་ཡང་མེད། ང་ཚོས་ནང་འཛིང་བྱས་ན་ཕྱི་མིའི་འདོད་ཐོག་ཏུ་རྟ་རྒྱུགས་པ་བཞིན་དགའ་པ་ཡོད་པ་སྨོས་མེད་ཡིན་པས་དེ་ལྟར་བྱོས། དེ་སྔོན་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་བོད་དང་འབྲུག་པའི་བར་དུ་དཀྲུགས་ཤིང་རྒྱབ་པའི་སླབ་བྱ་ལེན་གལ་ཆེ།
བོད་དང་བོད་པར་གཅིག་པའི་གཞུང་ཀུན་འཇའ་ལྟར་ཡལ་རྒྱུ་རྒྱ་བལ་དཀར་གསུམ་གྱི་སྲིད་དོན་ཚོགས་པ་མང་པོས་གཅིག་མཚུངས་ཀྱི་རེ་བ་ཡིན་པས། ང་ཚོས་ཕན་ཚུན་ངན་ཚང་འདྲི་རིས་ལས་གཅིག་སྒྲིལ་བཟོས་ན་དགའ། དེ་སྔོན་ར་ཤི་ཡའི་གནམ་ཐང་ནས་རྒྱ་གར་པ་ཞིག་དང་འཕྲད་ཅིང་ཁོང་གིས་ང་ལ་བོད་ཀྱི་གནད་དོན་སེལ་རྒྱུའི་འདོད་འདུན་རྒྱ་དཀར་ནག་སུ་ཡང་མེད་དེ། བོད་ས་རྒྱ་གར་ནག་གཉིས་གཅིག་མཚུངས་ཀྱིས་བགོ་ཤ་རྒྱབ་ཚུལ་བཤད་བྱུང་། བོད་མིས་ཧི་རྒྱུད་ཚོང་རྫས་སུ་བཏང་མིན་མི་ཤེས་ཀྱང་བོད་དང་ཧི་རྒྱུད་མི་མང་རྒྱ་བལ་དཀར་གསུམ་གྱི་ཚོང་རྫས་རེད། ཐུགས་བསམ་གུ་དོག་མ་བཞེས། སྐུ་ཁམས་བདེ་མོ། ལ་སྟོད་རིན་པོ་ཆེ་ལགས།
བཀའ་ཆེན་ཀ་འཁོལ་མ་དང་མ་ཎི་བཀའ་འབུམ་གྱི་འབྲི་དོན་ནི་བོད་ཀྱི་ལོ་རྒྱུས་ལ་བོན་ཆོས་ཀྱི་རྟགས་མཐའི་སླད་ཞུགས་པ་བཞིན། སངས་རྒྱས་ཆོས་ལུགས་ཀྱི་ཐད་སྤྱོད་ཀྱི་སླད་ཞུགས་ཤིང་ཡོད་ཚད་རྒྱ་གར་དང་ཆད་ཁོངས་བཏུགས་པས། བོད་ལ་འགྲོ་བ་བྱུང་རིམས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་མིན་མཐུན་པས་མ་ངེས་ལ། བོད་དུ་འགྲོ་བ་མི་ཡོད་པ་ངོ་འབུམ་ཙམ་གྱི་སྔོན་ཡོད་པ་ཚན་རིག་གིས་གནའ་དངོས་རྟགས་དཔྱད་ཀྱིས་དཔང་པོ་ཡོད་པ་མ་ཟད། ནུབ་ཕྱོགས་ཀྱི་ལོ་རྒྱུས་ཁ་ཤས་ལས་ཤར་གླིང་དང་ནུབ་གླིང་གཉིས་སུ་མ་གྱེར་བའི་ཡང་སྔོན་དུ་བོད་ལ་འགྲོ་བ་མི་ཡོད་ཅིང་། ཨ་རིའི་གདོད་མིའི་མི་རིགས Hopi. Navaho གཉིས་བོད་རིགས་ནས་ཆད་པའི་ལོ་རྒྱུས་ཡོད། ཡིད་མི་ཆེས་ན་མི་རིགས་དེ་གཉིས་ཀྱི་ལོ་རྒྱུས་ལ་གཟིགས་དང་གསལ་ཆ་ཡོང་ངེས།
འོ་་་་ངས་ཉིད་ལ་མོན་རྟ་དབང་གི་ལོ་རྒྱུས་སྐོར་སྐད་ཆ་དྲིས་ཀྱང་ད་དུང་ཡང་གོ་རྒྱུ་མེད་པས་ཡང་སྐྱར་དྲན་གསོ་ཞིག་བྱེད། ད་ལས་ཀ་འགྲོ་རན་པས་དེ་ཙམ་བྱོས།
ཉིད་ཀྱི་བྱ་བ་ལམ་འགྲོ་དང་སྐུ་གཟུགས་གསལ་ཐང་། རྣམ་དཔྱོད་མཚོ་ལྟར་རྒྱས་བའི་སྨོན་ལམ་ཡོད། དངོས་ནས་ཡིན། སེམས་གཏིང་ནས་ཡིན།
ལ་སྟོད་བུ་ལགས།
ནམ་མཁའ་ནོར་བས་བོད་རིགས་སྤྲེའུ་ལས་ཆད་པའི་ལོ་རྒྱུས་ཀྱི་ལོ་དུས་ཁས་མི་ལེན་ཞིང་། མི་ལེན་པའི་ཚིག་དུམ་ཞིག་ཡིན་པས་རང་གི་འདོད་མོས་ཆེད་ནམ་མཁའི་ནོར་བུའི་གསུངས་དོན་ལོག་འགྲེལ་མི་བྱེད་རྒྱུའི་རེ་བ་ཡོད།
ཤཱཀྱ་ཐུབ་པ་འདས་པའི་རྗེས་སུ་བཤད་པ་དེ་མ་འགྲིགས་པ་ཡིན་པར་ངས་ཀྱང་ཁས་ལེན་བཞིན་ཡོད། ཡིན་ན་ཡང་ལེན་རྐྱང་བྱེད་ཆོག་པ་ཞིག་དང་འདོར་རྐྱང་བྱེད་ཆོག་པའི་རིག་གནས་ཤིག་འཛམ་གླིང་འདི་ན་གཅིག་ཀྱང་མེད་པ་རེད། བོད་ཀྱིས་མི་ཁུངས་སྤྲེའུ་ལས་བྱུང་བར་བཤད་པ་དེ་བོད་དུ་སངས་རྒྱས་ཀྱི་ཆོས་མ་བྱུང་གོང་ནས་བཤད་ཚུལ་ཡོད་པ་ཞིག་རེད། ངས་རྒྱ་ཡིག་མི་ཤེས། ད་ལྟའི་བོད་གཞུང་གི་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ངེད་གཉིས་བཀའ་མོལ་བྱུང་སྐབས་ཤིག་ལ་ཁོང་གིས་འདི་འདྲ་ཞིག་བཤད་མྱོང་། ལོ་ཉིས་སྟོང་སྔོན་དུ་བྲིས་པའི་རྒྱའི་ཡིག་ཆར་ཡང་བོད་ཀྱི་མི་ཚོས་རང་ཉིད་ཀྱི་མཆེད་ཁུངས་སྤྲེའུ་ལས་བྱུང་བར་འདོད་ཀྱིན་ཡོད་རེད་ཅེས་བྲིས་འདུག་གསུངས། བོད་རང་ལ་ཡོད་པའི་བཤད་ཚུལ་དེ་ཚོ་ཕྱིས་སུ་སངས་རྒྱས་པའི་ལོ་རྒྱུས་འབྲི་མཁན་ཁ་ཤསརེས་ཆོས་ཀྱི་ཆེ་བ་རྗོད་པའི་ཟོལ་གྱིས་སངས་རྒྱས་ཀྱི་ལུང་བསྟན་སོགས་དང་སྦྱར་བ་ཞིག་རེད། འདི་ལྟ་བུའི་སྐྱེ་དངོས་འཕེལ་འགྱུར་སྨྲ་བའི་ལུགས་དང་མཐུན་ཚབ་ཆེ་བ་ཞིག་ཆོས་ལུགས་དང་སྲོལ་རྒྱུན་ཡིད་ཆེས་གང་ལ་མི་འདུག རྒྱུ་མཚན་དེས་ངས་བོད་རང་གི་བཤད་སྟངས་དེ་ཚན་རིག་དང་མཐུན་གྱིན་འདུག་ཅེས་བརྗོད་ཀྱིན་ཡོད།
ཨ་ནུ་ཐང་བསོད་ནམས་ལགས།
༼ཞང་ཞུང་ཟེར་བ་ནི་ལོ་རྒྱུས་ཐོག་ཧི་མ་ལ་ཡི་རི་རྒྱུད་ཀུན་མིན་ཏེ་མངའ་རིས་སྐོར་གསུམ་གྱི་གུ་གེའི་ས་ཆ་ཡིན་པ་ངས་ཁྱེད་ལ་བྲིས་ཟིན་ཞིང་། ༽
ཞང་ཞུང་ཟེར་བ་ནི་མངའ་རིས་སྐོར་གསུམ་ཙམ་དུ་འདོད་པ་ནི། ཁྲོམས་པའི་ནང་གི་སྦལ་པའི་སྐད་ཅ་རེད།
ད་ལྟ་ཁུ་ནུ་བ་དང་ལ་དྭགས་པི་ཏི་དེ་བཞིན་འབྲས་ལྗོང༌།
བལ་ཡུལ་གྱི་བྱང་ཕྱོགས་ཀྱི་རི་བརྒྱུད་དུ་ཞང་ཞུང་གི་སྐད་རྒྱབ་དང་རྒྱབ་བཞིན་པ་འདི་གང་ལས་བྱུང༌། ཚན་རིག་དང་མཐུན་པའི་ཞང་བོད་ཀྱི་ལོ་རྒྱུས་འབྲི་བ་པོ་དེ་དག་གིས་འདོད་པ་གཅིག་མཐུན་རེད། ཕྱོགས་རིས་ཀྱིས་བཟི་བར་མ་གཏོགས།
༼ངས་ཁྱེད་ལ་བྱེད་པ་བཞིན་ཞང་ཞུང་བོད་པ་མིན་ན་ཁམས་དང་མ་མདོ་ཡང་བོད་པ་མིན་པ་འགྱུར་ཏེ།༽
ཁམས་དང་མ་མདོ་ཞེས་གོ་རྒྱུ་མི་འདུག ཁམས་དང་ཨ་མདོ་ཞེས་བརྗོད་ཀྱི་ཡོད་ན། ཁམས་དང་ཨ་མདོ་གཉིསལ་བོད་པ་ཡིན་དང་མིན་གཉིསཀྱི་ཆ་ཡོད་པ་རེད།
སྔར་བོད་ལ་དུས་འགྱུར་མ་བྱུང་བའི་གོང་དུའང་ཨ་མདོ་བ་ཚོས་བོད་ལ་འགྲོ་གི་ཡིན་ཟེར། དེ་ནི་དབུས་གཙང་ཁུལ་ལ་འགྲོ་གི་ཡིན་ཟེར་བའི་དོན་རེད། གོ་མ་མྱོང་ན་བོད་ཀྱི་རྒན་པོ་དེ་ཚོར་དྲིས། དེ་བཞིན་ཁམས་ལའང་འབྲི་ཆུ་ཡན་མན་ཞེས་བཤད་རྒྱུ་ཡོད་པ་དེ་ད་ལྟ་མི་བཤད།
རྒྱ་གར་གྱི་མི་ཟེར་ཡིན་ན་རྒྱ་གར་བ་ཞེས་བརྗོད་དགོས། དེ་བཞིན་བལ་པོའི་མི་ཟེར་ཡིན་ན་བལ་པོ་ཞེས་བརྗོད་དགོས། རྒྱ་ནག་གི་མི་ཟེར་ཡིན་ན་རྒྱ་ནག་པ་ཞེས་བརྗོད་དགོས་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་རེད།
༼མ་ཟད་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་ནི་ཐོན་མའི་གསར་བཟོ་བྱེད་པར་དཀའ་ངལ་གྱི་རྒྱུད་རིམ་སྣ་ཚོགས་འཕྲད་ཀྱང་ལེགས་སྦྱར་གྱི་ཡི་གེ་དཔེ་ལྟོས་ནས་བཟོས་བ་ནི་སྨོས་མེད་ཡིན་ཏེ། བོད་ཀྱི་གསལ་བྱེད་ཀྱི་སྒྲ་ཡང་རྒྱ་གར་དང་གཅིག་མཚུངས་ཀྱིས་ཀློག་བཞིན་ཡོད་པས་ཤེས་པས་ཞང་ཞུང་ནས་ཡོང་བ་རེད་ཟེར་ན་བོན་པོས་རང་བཟོ་རེད།༽
ད་ལྟ་ང་ཚོས་བེད་སྤྱོད་བཞིན་པ་དེ་ཞང་ཞུང་གི་ཡི་གེ་ཞིག་གི་འགྱུར་བ་ལ་བརྟེན་ནས་བྱུང་བ་རེད། གསལ་བྱེད་ཀྱི་སྒྲ་ཡང་ཞང་ཞུང་དང་གཅིག་མཚུངས་རེད། རྒྱ་གར་ནས་ཡོང་བ་རེད་ཟེར་ན་ཁྱོད་ཚོས་རང་བཟོ་རེད།
༼བཟང་ངན་ལ་མ་ལྟོས་བར་རང་སྐྱོང་ལྗོངས་དང་ཁུལ་གྱི་འོག་ནས་འཚོ་གཞིས་སུ་གནས་ཡོད། འོན་ཀྱང་འབྲས་ལྗོངས་ཕུད་པའི་ཧི་མི་རྣམས་ལ་རང་སྐྱོང་ལྗོངས་དང་ཁུལ་མ་དགོས་རྒྱ་བལ་ནང་མངའ་སྡེ་ལོགས་སུ་བཀར་བའི་ཐོབ་ཐང་མེད་པ་ཤེས་གསལ་རེད།༽
འདི་ནི་ཆབ་སྲིད་དང་འབྲེལ་བས་རྒྱ་བལ་འབྲུག་སོགས་ཀྱི་གཞུང་ལ་འབུལ་རྒྱུ་ཡིན་པས་འདིར་ལན་འབྲི་བའི་ངལ་བ་མི་བྱེད།
༄༎ སྤོབས་པ་མཐའ་ཡས་ལགས།
་ ངས་དཔེ་ཞིག་འདྲེན། མིས་ཅི་ཟེར་ལ་མ་ཉན། མིས་ཅི་བགྱིད་ལ་ལྟོས།
དེ་ཁྱོད་ཀྱིས་ཤེས་དགོས།
སྤོབས་པ་མཐའ་ཡས་ཀྱིས། ༼ད་ལྟའི་བོད་གཞུང་གི་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་ངེད་གཉིས་བཀའ་མོལ་བྱུང་སྐབས་ཤིག་ལ་ཁོང་གིས་འདི་འདྲ་ཞིག་བཤད་མྱོང་། ལོ་ཉིས་སྟོང་སྔོན་དུ་བྲིས་པའི་རྒྱའི་ཡིག་ཆར་ཡང་བོད་ཀྱི་མི་ཚོས་རང་ཉིད་ཀྱི་མཆེད་ཁུངས་སྤྲེའུ་ལས་བྱུང་བར་འདོད་ཀྱིན་ཡོད་རེད་ཅེས་བྲིས་འདུག་གསུངས། ༽
རྒྱ་ཡི་ལོ་རྒྱུས་དེ་ཁྱོད་བོད་རིགས་གཅིག་གིས་འདིར་བདེན་པའི་རྒྱབ་རྟེན་དུ་
འཁྱེར་ཡོང་བ་འདི་བོད་ཀྱི་ཞབས་འདྲེན་རེད། ངས་སྔོན་ནས་བཤད་ཡོད། འུ་ཐུག་ཐབས་ཟད་པའི་རྟགས་རེད། དེ་ལས་ཁ་བཙུམས་ན་བསྟན་པ་ལ་ཕན་ཐོགས་ཤེས་པའི་གདམས་པ་དེ་ཁྱོད་ཀྱི་སེམས་ལ་བཟུང༌། ངས་ཨ་ཕས་བཤད་བྱུང་ཨ་མས་བཤད་བྱུང་ང་ཡི་དགེ་རྒན་དང་བླ་མས་བཤད་བྱུང་ག྄ྲོགས་་པོས་བཤད་བ྄ྱུང་ཟེར་ནས་རྒྱབ་རྟེན་ཁྱེར་ཡོང་ན་ངོས་ལེན་མེད་དོ་སླར་ཡང་ཞུས་ཡོད།
མང་ཁ་རུབ་ན་འབྲོང་ཁྱི་ཡིས་བསད། ཅེས་པ་བདེན་པ་ཡིན་རྒྱུ་རེད་དྲན་ནས་ཡོང་བ་ཡིན་རྒྱུ་རེད། མི་མང་ན་རོ་མང་ཟེར་བར་ཡིད་ཆེས་དེ་བསྡོད།
ལ་སྟོད་བུ། ད་ཁྱོད་ངའི་སྟེང་དུ་ཚིག་པ་ཟོས་སོང་བ་འདྲ། མ་གཞི་ལོ་རྒྱུས་ནི་ལོ་རྒྱུས་རེད། དེ་ལ་རྒྱ་བོད་གང་གི་ལོ་རྒྱུས་ལ་ཡོད་ཀྱང་ལོ་རྒྱུས་རེད། ལོ་རྒྱུས་དེ་དུས་ནམ་ཞིག་ལ་བྲིས་མ་བྲིས་དེས་གནད་འགག་ཆེན་པོ་ཞིག་སྟོན་གྱིན་ཡོད་རེད། རྒྱ་ནག་ནི་ལོ་རྒྱུས་ཡིག་ཐོག་འགོད་སྔ་ཤོས་གྲས་ཤིག་རེད། དོན་དངོས་ཁས་ལེན་མི་ཕོད་པ་གང་ཡང་མེད། ཞབས་སུས་འདྲེན་མི་འདྲེན་དེ་ལོ་རྒྱུས་རྫུན་བཟོ་སུས་བྱས་མ་བྱས་ཀྱི་སྟེང་ནས་འཇོག་འདོད་ཡོད། ཁ་བཙུམ་དགོས་ཟེར་ན་འཇིགས་སྐུལ་རིང་ལུགས་པ་དང་སྒེར་གཅོད་རིང་ལུགས་པའི་བྱེད་སྟངས་ཤིག་ལས་ཤེས་ཡོན་ཅན་གྱི་སྐད་ཆ་ཤིག་མ་རེད།
དམུ་ཐག་གི་བུ་རྒྱུད་ལགས།
ངའི་ལུང་པར་ཡོད་པའི་དཔེ་མཛོད་ནང་གི་བོན་གྱི་བཀའ་འགྱུར་དེ་ངས་བྲིས་པ་མིན་ཞིང་འབྲི་མཁན་སུ་ཡིན་ཡང་མི་ཤེས། བཀའ་འགྱུར་དེ་ལོ་འགའི་སྔོན་དུ་བཀླགས་པ་ཡིན་པས་གསལ་པོར་དྲན་གྱི་མིན་འདུག ཡིན་ན་ཡང་བཀའ་འགྱུར་དེའི་ནང་ལ་གཤེན་རབ་ཅེས་པ་ཞིག་ཡང་ནས་ཡང་དུ་ཐོན་གྱི་ཡོད་པ་དང་། བཀའ་འགྱུར་དེའི་ནང་གི་བརྗོད་བྱེད་ཀྱི་ཚིག་རྣམས་དགེ་ལུགས་ཀྱི་ཤེས་ཕྱིན་གཞུང་ཞིག་དང་འདྲ་བར་ཡོད་པ་ནི་ཡིད་ལ་གསལ་ལེར་འདུག
གང་ལྟར་དྲ་གྲོགས་མང་པོ་ཞིག་གིས་མ་རྩོམ་དེའི་ཐོག་ལ་བགྲོ་གླེང་གནང་བར་མཐོང་བས་ང་ཡང་རྩོམ་ཡིག་དེ་བཀླག་འདོད་ཆེན་པོ་བྱུང་། དེའི་ཕྱིར་རྩོམ་ཡིག་དེ་ཐེངས་གཅིག་བཀླགས་པ་ཡིན། དེ་སྔར་ཁོ་བོས་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་རབ་རིབ་ཙམ་མཐོང་བ་ལས་ཞིག་ཚགས་བཀླགས་མ་མྱོང་བས་རྩོམ་ཡིག་དེའི་ནང་དོན་ཐམས་ཅད་ང་ལ་ཤེས་བྱ་གསར་པ་འབའ་ཞིག་ཏུ་མཐོང་། ཡིན་ན་ཡང་རྩོམ་ཡིག་དེའི་རྩོམ་པ་པོ་ནི་ནང་བསྟན་ལ་སྙིང་ནས་སྡང་བའི་སྐྱེ་བོ་ཡིན་ཐག་ཆོད་སྙམ་པའི་བློ་ཞིག་ངང་གིས་སྐྱེས་བྱུང་།
དེ་འདྲའི་བློ་སྐྱེ་དགོས་དོན་མང་དུ་ཡོད་ཀྱང་མང་ཆེ་བ་ཞིག་དྲ་གྲོགས་གཞན་གྱིས་བཀོད་ཟིན་པས་སྐྱར་ཟློས་མི་བྱ། རྒྱུ་མཚན་གཅིག་ནི་སངས་རྒྱས་པ་ལ་དམིགས་སུ་བཀར་ནས་ནག་འདོན་བྱས་པ་དེ་ཡིན། དྲ་གྲོགས་འགའ་ཞིག་གིས་རྩོམ་པ་པོ་དེ་ཕྱོགས་སུ་ལྷུང་བའི་གང་ཟག་མིན་ཚུལ་བརྗོད་ཅིང་དེའི་སྒྲུབ་བྱེད་དུ་རྩོམ་ཡིག་གཞན་རྣམས་ཀློགས་ཟེར། དུས་རྟག་པར་རྒྱུན་དུ་རྩོམ་པ་པོ་དེ་སངས་རྒྱས་པ་ལ་སྙིང་ནས་སྡང་མཁན་ཡིན་མིན་ངས་མི་ཤེས། རྩོམ་ཡིག་དེ་འབྲི་བའི་སྐབས་སུ་རྩོམ་པ་པོ་དེའི་ཁོག་པར་སངས་རྒྱས་པ་ལ་སྡང་སེམས་ཚབས་ཆེན་ཞིག་ཡོད་ངེས་ཡིན་པ་ནི་བསྙོན་དུ་མ་མཆིས། གལ་ཏེ་དེ་ལྟར་མིན་ན་སངས་རྒྱས་པ་ལ་ནག་འདོན་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད།
ལྷག་པར་དར་མ་བཀྲོངས་པ་དེས་རྒྱལ་ཁབ་སིལ་བུར་འཐོར་ཞིང་ནང་འཁྲུགས་སློང་བའི་རྒྱུ་བྱས་ཟེར། དར་མ་བཀྲོང་དགོས་པའི་རྒྱུ་སུས་བྱས། ལྷ་ལུང་དཔལ་རྡོར་གྱིས་དར་མ་བཀྲོངས་པས་བོད་སིལ་བུར་འཐོར་བའི་ཉེས་པ་ཁོ་ལ་འགེལ་དགོས་ན་དར་མ་བཀྲོང་དགོས་པའི་རྒྱུ་རྐྱེན་བྱེད་མཁན་ཚོ་ལ་ཉེས་པ་འདི་ཅི་ལ་མི་འགེལ།
ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་གྱི་གདུང་རིགས་བཅད་དེ་ཞབས་འདྲེན་ཆེན་པོ་བཞག་སོང་ཟེར། ནང་པའི་བསྟན་པ་དེ་བོད་རྒྱལ་མེས་པོ་རྣམས་ཀྱིས་དཀའ་སྤྱད་སྡུག་ཁུར་མཛད་པའི་མཛད་རྗེས་ཡིན་པས་མཛད་རྗེས་དེ་ལ་གཏོར་བཤིག་གཏོང་མཁན་ཚོར་ཞབས་འདྲེན་གྱི་ཉེས་ཁ་མ་འགེལ་བར་སྲུང་སྐྱོབས་བྱེད་པ་པོར་ཞབས་འདྲེན་གྱི་ཁ་ཉེས་གཡོགས་པ་ནི་ཤིན་ཏུ་ནས་ཡ་རེ་མཚར།
དམུ་ཐག་བུ་བརྒྱུད་དང་སྙན་གཟང་སོགས་ཀྱིས་གོང་གི་རྩོམ་ཡིག་དེའི་རྒྱབ་སྐྱོར་བྱེད་རྩིས་ཀྱིས། ཀ་རྡོ་སོགས་ཀྱིས་བཀོད་པའི་དྲི་བའི་ལན་རྩོམ་པ་པོ་དེས་སྔར་ནས་བཏབ་ཟིན་ཚུལ་བརྗོད་ཀྱི་འདུག གལ་ཏེ་དེ་ལྟར་ཡིན་ན་ལན་དེ་ཚོ་འདིར་ཁྱེར་ཤོག་དང་། གཞི་ནས་ལྟ་དགོས།
ལ་སྟོད་བུ།
སྤོབས་པ་མཐའ་ཡས་ལགས།
ལོ་རྒྱུས་ནི་ལོ་རྒྱུས་རེད་ཟེར་བ་དེ་ཚད་གང་ཞིག་ལ་འཇོག་གམ།
ཁྱོད་རང་གི་ལྟ་བ་དང་མཐུན་པའི་ལོ་རྒྱུས་དེ་ལོ་རྒྱུས་དང༌། དེ་དང་མི་མཐུན་པའི་ལོ་རྒྱུས་དེ་ལོ་རྒྱུས་སུ་ཁས་མི་ལན་རྒྱུ་ཡིན་ནམ།
དེ་ནི་བྱ་རོག་འཇིགས་བྱེད་ཅན་གྱིས་ཉི་མ་འདི་ནི་མུན་པར་སྣང་བ་དང༌།
བྱ་རོག་གིས་ཉི་མ་འདི་ནི་སྣང་བར་མཐོང་བ་འདི་གཉིས་ཀྱི་དབར་ལ་སུ་བདེན་སུ་མི་
བདེན་ཁྱོད་ཀྱིས་ཐག་གཅོད་བྱེད་ཐུབ་བམ།
སླར་ཡང་གལ་ཏེ་ལོ་རྒྱུས་ནི་ལོ་རྒྱུས་རེད་ཅེས་ཟེར་ན།
ཏ་ལི་བླ་མ་རིམ་བྱོན་གྱི་ཡང་སྲིད་རྣམས་རྒྱ་ནག་གིས་ཆོག་ཆེན་སྣང་བའི་འོག་ནས་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱེད་པ་འདིར་ཁྱོད་ཀྱིས་ཅི་ཟེར།
དེ་བཞིན་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་བརྒྱ་ཕྲག་
མང་པོར་གསལ་བས་དེ་ལ་ཁྱོད་ཀྱིས་ཅི་ཟེར་ཤོད་དང༌།
དེ་ཚོ་ལོ་རྒྱུས་མ་རེད་དམ། ངས་སྔོན་ནས་ཁྱོད་ལ་བཤད་ཚར་ཡོད། ཁ་བཙུམ་ན་བསྟན་པ་ལ་ཕན་ཐོགས་ཤེས་བཤད་ཡོད་པས།
དེ་རྟག་རྟག་བདེན་མི་འདུག་གམ།
ད་ཁྱོད་རང་བོད་མིའི་དཔའ་བོ་ཕོ་མོ་བརྒྱ་ཕྲག་གིས་བོད་དོན་དུ་ལུས་སྲོག་བློས་བཏངས་བྱས་པའི་ལེའུ་དེ་དག་ཁྱོད་ཀྱིས་རྒྱ་ནག་གི་ལོ་རྒྱུས་རྒྱབ་རྟེན་བདེན་དཔང་དུ་ཁྱེར་ཏེ་ནག་བསུབ་ཏུ་བཏང་བ་འདི་བོད་མིའི་ཞབས་འདྲེན་མིན་ན་གང་རེད།
དེ་ལས་ཞབས་འདྲེན་ཆེ་བ་མེད་པར་ཤེས་པར་གྱིས།
ད་དུང་ཧི་མ་ལ་ཡ་བོད་ཀྱི་ཡིན་ཟེར་བའི་སྨྱོ་ལབ་མ་རྒྱབ།
ལོ་རྒྱུས་རྫུན་བཟོ་སུས་བྱས་འདུག རེ་རེ་བཞིན་དུ་གསལ་ཁ་བཏོན་དང་།
སུས་རྫུན་བཟོ་བྱས་མིན་དེ་ནས་ཤེས་ཀྱི་རེད།
ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བའི་དཔེ་ལྟར།
ཁྱོད་རང་ལོ་རྒྱུས་ཤེས་མདོག་བྱས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་རྟེན་རྒྱ་ནག་ལ་བཅོལ་བ་འདི་ལས་ཉེས་ཚབ་ཆེ་བ་གང་ཡོད། ས྄ྤོབས་པ་མཐའ་ཡས་ལགས་ཁ྄ྱོད་རང་གི། སྤོབས་པ་ཆེ་དྲག་པའི་སྐྱོན་རེད།
ཁྱེད་རང་གི་མིང་བསྒྱུར་བྱེད་དགོས་པ་འདུག
དྲྭ་གྲོགས་འགའ་ཞིག་ལ་གསལ་འདེབས་ཤིག་བྱེད་རྒྱུར། བོན་གྱི་ལོ་རྒྱུས་ཁྲོད་དུ་ཞང་ཞུང་མངའ་འོག་ཏུ་བསྡུ་མཁན་སྲོང་བཙན་མ་ཡིན་པར་ཁྲི་སྲུང་ཡིན་པ་གསལ་པོར་བཀོད་ཡོད། བཤད་སྟངས་འདི་བོན་གྱི་ལོ་རྒྱུས་རྙིང་པ་ཁག་གཅིག་མཚུངས་ཡིན། འོན་ཀྱང་ཏུན་ཧོང་ཡིག་རྙིང་དུ་སྲོང་བཙན་གྱི་སྐབས་དང་སྦྱར་ཡོད་པ་རེད། འདི་ལ་ཞིབ་འཇུག་མཁན་འགའ་རེས་ནན་ཏན་གྱིས་དབྱེ་ཞིབ་བྱས་པར་ཏུན་ཧོང་ཡིག་རྙིང་གི་མདུན་ངོས་སུ་བོད་ཡིག་དང་རྒྱབ་ངོས་སུ་རྒྱ་ཡིག་ཡོད་པ་དེ་སྲོང་བཙན་གྱི་ལེའུ་ཚན་དང་མཐུད་སྐབས་མདུན་ངོས་ཀྱི་བོད་ཡིག་ལས་དོགས་གཞི་གང་ཡང་མི་རྙེད་ནའང་རྒྱབ་ངོས་ཀྱི་རྒྱ་ཡིག་གི་ཚིགས་འགྲོས་མཐུད་ཐུབ་མེད་པ་རེད། དེར་བརྟེན་ཁྲི་སྲོང་གི་ལེའུ་ཚན་དང་སྦྱར་སྐབས་རྒྱབ་མདུན་གཉིས་ཀའི་ཚིགས་འགྲོས་མཐུད་ཐུབ་པ་བྱུང་འདུག ད་ལྟ་དེབ་གཟུགས་ས་པར་བསྐྲུན་བྱས་པའི་ཏུན་ཧོང་ཡིག་རྙིང་འདི་དེའི་སྔོན་ནས་བཀྲམས་ཟིན་པ་རེད། གཞན་ཡང་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཞིག་གིས་ཞང་ཞུང་གི་སྐོར་འདི་མཐུད་ནོར་ཤོར་བའི་ཏུན་ཧོང་ཡིག་རྙིང་ལ་གཞི་འདུག་པ་མངོན་གསལ་རེད། འདི་གསལ་བཤད་ཙམ་དུ་ཕུལ་བ་ལགས།
དྲ་གྲོགས་ཚོས་མ་གཞི་བགྲོ་གླེང་ལྷུག་པོར་གནང་འདུག ཞིབ་ཏུ་ཀློག་གི་ཡིན་དའ
ལྷ་སྲས་དར་མ།
རིགས་རྒྱུད་གཙང་མའི་གདུང་ལས་བལྟམས་པའི་ལྷ་སྲས་གཞོན་ནུ་འུ་དུམ་བཙན། །
དྲུག་ལྷག་སུམ་ཅུའི་དགུང་གྲངས་སོན་ཐོག་མངའ་བདག་རྒྱལ་པོའི་ཁྲི་ལ་གསོལ། །
བོད་ཙམ་མ་ཟད་ཡུ་གུར་ལི་སོགས་མངའ་དབང་བསྒྱུར་བའི་མཛད་རྗེས་ཅན། །
གདོང་དམར་བོད་པ་སྤྱི་ལ་དབང་བའི་བཙན་པོ་རྒྱལ་རབས་ཞེ་གཉིས་པ། །
ཟོལ་གྱིས་སྨྲས་པའི་ལོ་རྒྱུས་ནག་པོས་མཛད་རྗེས་དཀར་པོའི་རི་མོ་བསུབས། །
རྒྱལ་ཁྲི་དར་མས་བསྟན་པ་བསྣུབས་ཞེས་སྒྲོ་འདོགས་ཚིག་གིས་གཏམ་ངན་སྤྲོས། །
འཛམ་གླིང་གྲགས་ཅན་ཚན་ཚན་རིག་པས་དཔྱད་ཚེ་དངོས་དོན་ཁེགས་རབས་སྨྲ། །
གནའ་རབས་ཡིག་རྙིང་ཁུངས་བཙུན་གསེང་ནས་བསྣུབས་པའི་ལོ་རྒྱུས་སུ་ཡིས་རྙེད། །
ཆོས་པའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་དོག་པོ་ཤུགས་ཀྱིས་བཀག །
གཙུག་ལག་ཁང་གི་གཡོག་འབངས་མི་སེར་གློད་བཀྲོལ་བདེ་བའི་སྐལ་བཟང་བྱིན། །
བོད་མི་འབོར་ལ་གནོད་ཚབས་ཆེ་བའི་རྒྱུ་རྐྱེན་འགའ་ཞིག་མེ་ལ་བསྲེགས། །
རྒྱལ་ཁམས་འབངས་མིའི་བདེ་དོན་ཆེད་དུ་ངལ་གསོ་བྲལ་བ་ལྷ་ཡི་སྲས། །
ཆབ་སྲིད་དམག་ཇུས་ཟུང་འབྲེལ་བྱས་ཏེ་ཉམས་ཞན་མ་ལུས་སླར་གསོ་མཛད། །
སེར་མོས་དབང་བསྒྱུར་སྤྱི་ཚོགས་ཁྲོད་ལ་བཅོས་བསྒྱུར་ལས་འགུལ་གསར་དུ་སྤེལ། །
བསམ་ཡས་མཁན་པོའི་ཐུགས་ཀྱིས་མ་བཟོད་མ་རུང་སྦྱོར་ངན་ལག་ཏུ་བསྟར། །
ཉག་ཕྲན་ཞིག་གིས་ལྷ་སྲས་མཆོག་ཁྱོད་ལྔ་བའི་ལམ་དུ་བཙན་གྱིས་སྤྱུགས། །
ཀྱེ་མ་སྤྱི་མཐུན་ལས་དབང་ཞིག་གིས་བཙན་པོའི་སྐུ་ཚེ་ནུབ་རིར་བསྐྱལ། །
བཙད་པོ་ལྷ་ཡི་རིགས་རྒྱུད་གསེར་ཐག་དུག་མདའ་ནག་པོས་རྩད་ནས་བཅད། །
སྐུ་ཡི་སྲོག་ལ་བར་ཆོད་སྐྱེན་པས་བྷོ་ཊའི་རྒྱལ་ཁབ་སིལ་བུར་འཐོར། །
དེའི་ཕྱིར་ཆོལ་གསུམ་གངས་རིའི་ཞིང་དུ་སྤྱི་ལ་དབང་བའི་རྒྱལ་བོས་སྟོང། །
བསམ་ཡས་མཁན་པོའི་བྱས་རྗེས་དེ་ནི་ལོ་རྒྱུས་རྨ་ཁ་ཚབས་ཆེན་ཞིག །
གངས་ཅན་བོད་ཀྱི་སྤྱི་ཚོགས་ཁྲོད་ལ་གློ་བུར་གྱོང་གུད་ཚད་མེད་ཅིག །
མགོ་ནག་རྩམ་གཟན་རྐང་གཉིས་ཚོགས་ལ་སྡུག་སྐད་སྟོང་གི་གླེང་གཞི་ཞིག །
ཕྱིར་དྲན་སེམས་པ་སྐྱོ་བས་མ་བཟོད་ཁོ་བོས་ཁྱེད་ལ་རྗེས་དྲན་ཞིག །
སྙན་བཟང་།
སྲོང་བཙན་ནས་གླང་དར་བར་གྱི་ལྷ་ཁང་རྙེད་ཚད་ཀྱི་ཐོ།
ཆོས་འབྱུང་དང་རྒྱལ་རབས་བདུན་གྱི་ནང་ནས་བཏུས་ཏེ། སྲོང་བཙན་ནས་གླང་དར་བར་གྱི་ལྷ་ཁང་དང་གཙུག་ལག་ཁང་གི་མིང་དེབ་ཐོག་ཡོང་ཡོང་ཚང་མའི་མིང་ཐོ་ཞིག་བརྒྱབས་པ་ཡིན། འདིའི་ནང་རྒྱལ་པོ་དང་བཙུན་མོ། བློན་པོ་སུ་དང་སུས་ལྷ་ཁང་དང་གཙུག་ལག་ཁང་གང་བཞེངས་མིན་ལ་བཞེད་པ་མི་མཐུན་པར་བྲིས་པ་དེ་ཚོའང་གྲངས་ཀ་བརྒྱབས་ཡོད། ང་ལ་གྲངས་ཀ་ལྔ་བཅུ་ལྔ་དྲུག་༥༦ མ་གཏོགས་རྙེད་མ་སོང་། དགོན་པའི་མིང་ཅན་གཅིག་ཀྱང་རྙེད་མ་སོང་། ཁྱེད་ཀྱི་༤༠༠ དེ་གྲྭ་གྲངས་མ་རེད་པ། ཨ་ལ་ཀུ་རེ་ཡིན།
དེ་ནས་མིང་བརྗོད་རྒྱུ་མེད་པར་གྲངས་འབོར་བརྗོད་པ་ཙམ་ཡང་རྩིས་རྒྱབ་ན། སྲོང་བཙན་སྐབས་ལྷ་ཁང་བརྒྱ་རྩ་བརྒྱད་ཟེར་བ་ཞིག་དང་། ཁྲི་རལ་སྐབས་སྟོང་རྩ་བརྒྱད་ཟེར་བ་ཞིག་འདུག འདི་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་མ་རེད། སྟོང་རྩ་བརྒྱད་ཡོད་པའི་དབང་དུ་བཏང་ནའང་།
༡ འདི་ཚོ་ལས་མང་པོ་ཞིག སྐུ་གསུང་ཐུགས་རྟེན་བཞུགས་ས་དང་སྨོན་ལམ་གསུང་ས། མཆོད་པ་ཕུལ་ས་ཙམ་ཡིན་པ་འདྲ། གྲྭ་བ་བཞུགས་གནས་གང་གང་ཡིན་ཧ་གོ་གི་མི་འདུག
༢ ད་རུང་ཤེས་དགོས་པ་ཤིག་ལ། ལྷ་ཁང་འདི་ཚོ་འཇིག་པའི་ཆོས་ཅན་ཡིན་པ་དང་། སྔོན་མ་སྔོན་མ་འཇིག་ནས་རྗེས་སུ་སྐྱར་གསོ་བྱེད་དགོས་བྱུང་བ་དེ་འདྲའང་འདུག
༣། དེ་མིན། མང་སྲོང་སྐབས། ཁྲི་སྲོང་ལྡེའུ་བཙན་སྐུ་ནར་མ་སོན་སྐབས་སོགས་ལ་ཆོས་ལ་རྐེད་ཉག་རབས་དང་རིམ་པར་བྱུང་ཞིང་། ལྷ་སའི་ཇོ་སྐུའང་གདུང་རབས་གསུམ་ལ་མུན་ནག་ནང་བཞུགས་དགོས་བྱུང་བ་དེ་རེད། དེ་ལྟར་ན། སྔོན་བཞེངས་པའི་ལྷ་ཁང་གང་དག་གི་མགོར་ཆག་འཇིག་ག་རེ་བྱུང་མིན་ཤེས་ཐབས་བྲལ། ལྷག་པར་དུ་མཐའ་ཁུལ་དུ་བཞེངས་པ་དེ་ཚོ།
༤ ཆོས་རྒྱལ་ཚོའི་སྐབས། ནང་ཆོས་འདི། རྒྱལ་པོ་དང་རྒྱལ་པོའི་ཕྱོགས་གཏོགས་ཀྱི་ཆོས་ཙམ་ཡིན་པར་སྨྲ་མཁན་འདུག་པ་དང་། མི་མང་ནང་དེ་ལ་དད་མོས་ཡོད་མཁན་ཤུགས་ཆེན་པོ་ཡིན་མིན་ལའང་དཔྱད་རྒྱུ་འདུག་སྙམ།
ད་གྲྭ་པའི་གྲངས་འབོར་ལ་ང་ཚོས་རྩིས་ཤིག་རྒྱག ཁྲི་སྲོང་ལྡེའུ་བཙན་སྐབས་སད་མི་མི་བདུན་རབ་ཏུ་བྱུང་བ་རེད། དེར་རྗེས་མཐུད་ནས་གྲྭ་པ་སུམ་བརྒྱ་རབ་ཏུ་བྱུང་ཚུལ་ཞིག་འདུག དེའི་རྗེས་ཙམ་ནས་ཆོས་ལ་གོད་ཆག་དང་བར་ཆད་གཅིག་མིན་དུ་བྱུང་འདུག བར་སྐབས་ཤིག་རབ་ཏུ་བྱུང་བའི་རྒྱུན་ཆད་ཡོད་དང་མེད་ཤེས་ཐབས་བྲལ།
གོང་དུ་བཞེངས་པ་དེ་དག་ཕལ་ཆེ་བ་ལྷ་ཁང་དང་བསམ་ཡས་ལྟ་བུ་ལ་གཙུག་ལག་ཁང་ཟེར་ནས་བྲིས་འདུག་དགེ་འདུན་པ་དང་འབྲེལ་བ་ཡོད་པའི་མིང་ཞིག་རྙེད་ཁག་པོ་འདུག དགེ་འདུན་གྱི་སྡེ་ཟེར་བའི་མིང་འདི། རྒྱལ་རབས་གསལ་མེའི་ནང་རྙེད་རྒྱུ་འདུག། དེ་ལྟར་ན། སད་ན་ལེགས་འཇིང་ཡོན་གྱི་སྐབས་དགེ་འདུན་གྱི་སྡེ་བཙུགས་ཟེར་བ་ཞིག་གསལ། ཁྲི་རལ་སྐབས། ཆོས་སྡེ་སུམ་ཅུ་ཐམ་པར་དགེ་འདུན་གྱི་སྡེ་བཙུགས་ཟེར། གཞན་ཞིག་ཏུ། ཆོས་སྡེ་སུམ་ཅུ་སོ་དྲུག་ཏུ་དགེ་འདུན་གྱི་སྡེ་བཙུགས་ཟེར།
ད་ག་རེ་བཤད་ན་མ་བཤད་ན། ཁྲི་རལ་སྐབས། ཆོས་སྡེ་སུམ་ཅུ་སོ་དྲུག་ཟེར་བ་ལྟར་རྩིས་རྒྱག ཆོས་སྡེ་རེར་གྲྭ་པ་ག་ཚོད་བྱེད་གི་ཡིན།
གསལ་བཤད་ཅིག་ལ། གོང་དུ་ཁྱེད་རང་གིས། དར་མ་ཆོས་ལ་དགའ་དྲགས་པས་ཟེར་བ་ནོར་བ་རེད། སྦ་བཞེད་ནང་། གཙང་མ་ཆོས་ལ་དགའ་དྲགས་པས་བྲིས་ཡོད་པ་རེད། གཞན་རྗེས་འབྲང་ནས་ཕྱོགས་འཐེན་བྱས་ཆོ་ཡོད་པ་མ་རེད། རང་གིས་དཔྱད་པ་རྣལ་མ་ཞིག་ཐོངས་དང་། ཆོས་དང་དམག་དོན་གྱི་འགྲོ་གྲོན་མགོ་མཉམ་ལྟ་བུར་བཤད་པ་དེར་ངས་བལྟས་ན་ཁུངས་མི་འདུག
སྙན་བཟང་གཡུང་དྲུང་ཟེར་བ་ཞིག་དང་ཁྲི་གཡུང་དྲུང་ཟེར་མཁན་གཡུང་དྲུང་གི་མཚན་ཅན་གཉིས་མ་གཏོགས་མཁར་རྨེའུ་ལ་རྒྱབ་སྐྱོར་བྱེད་མཁན་མེད་པ་འདི་བཟང་རྟགས་ཤིག་མ་རེད། ཡང་མིན་ན་དགག་པ་རྒྱག་མཁན་ཚོས་ཕྱོགས་ཞེན་བྱེད་ཀྱི་ཡོད་པ་རེད། ཡང་མིན་ན། རྒྱབ་རྩ་བྱེད་མཁན་ཚོས་ཕྱོགས་ཞེན་བྱེད་གི་ཡོད་པ་རེད།
ལ་སྟོད་ལགས།
ཧི་མའི་རི་རྒྱུད་ཀུན་ཞང་ཞུང་ཡིན་ཟེར་ན་ཧི་མ་ལ་ཡའི་མདུན་ངོས་སུ་གོམ་པ་སྤོ་མ་ནུས་ཤིང་ལོ་རྒྱུས་ལ་སྦྱང་པ་ཅི་ཡང་མེད་པའི་རྟགས་མཚན་ལས་ཅི་ཡང་མིན་ཏེ། ཧི་མ་ལ་ཡ་ནི་འཛམ་གླིང་སྟེང་རི་པོ་ཆེ་ཤོས་དེ་ཡིན་ཞིང་དེའི་མདུན་ངོས་སུ་གེ་ལོ་མི་ཌི་གྲུབ་བཞི་ས་ཡ་གསུམ་དང་ཕྱད་ཙམ་ཡོད་ལ། རྒྱབ་ཕྱོགས་སུ་གེ་ལོ་མི་ཌི་ས་ཡ་གཅིག་ཙམ་ཡོད་ལ། ཧི་མ་ལ་ཡའི་ནང་ངོས་སུ་བོད་ས་ཡོངས་དང་ཡུ་གུར་གྱི་ནུབ་བྱང་ས་ཁུལ་ཀུན་འདུས་ཡོད། རྒྱབ་ངོས་སུ་ད་ལྟ་རྒྱ་གར་གྱི་འབོད་པའི་ཨ་ན་ཅའ་དང་འབྲུག འབྲས་ལྗོངས་དང་བལ་ཡུལ། ཨོ་ཏར་ར་ཅའ་མངའ་སྡེ་དང་ཧི་མ་ཅའ་མངའ་སྡེ། ལ་དྭགས་དང་ཀ་སྨིར་མིར། ཕའ་ཁི་སི་ཐན་གྱི་ཤར་ཕྱོགས་དང་ཀ་ར་གོ་རམ་བཅས་ཧི་མ་ལ་ཡའི་རི་རྒྱུད་ཡིན་ལ། ཡུལ་ལུང་དེ་ཀུན་དངོས་སུ་དབང་སྒྱུར་བྱས་མྱོང་མཁན་བོད་ཀྱི་བཙན་པོ་སྲོང་བཙན་དང་དེའི་བུ་རབས་ཚ་རྒྱུད་ཡིན་ལ། ཕྱིས་ཀྱི་དུས་རབས༡༣ནང་གྲིབ་ཙམ་གྱི་དབང་སྒྱུར་བྱེད་མཁན་སོག་པོ་ཅན་གུར་རྒྱལ་པོ་གདུང་རྒྱུད་ཡིན། དེ་གཉིས་ལས་དབང་སྒྱུར་བྱེད་མཁན་གཞན་ཞིག་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མེད། ཞང་ཞུང་ཀྱིས་ཧི་མ་ལ་ཡའི་སྟོད་ཀྱི་ནུབ་བྱང་ས་ཁུལ་གྱི་ཆ་ཤས་བཟུང་ཞིང་བོད་བཙན་པོས་ཕ་རྒྱུད་ཀྱིས་ཧི་མ་ལ་ཡའི་སྟོད་རྒྱུད་ཀྱི་ལྷོ་ནུབ་བཟུང་བས་འཐབ་ཅིང་མཐར། ཞང་ཞུང་ཕམ་ཞིང་ཧི་མ་ལ་ཡའི་སྟོད་རྒྱུད་ཀུན་རིམས་ཀྱིས་དབང་སྒྱུར། ཕྱིས་ཧི་མ་ལ་ཡའི་སྨད་རྒྱུད་ཀྱི་ད་ལྟའི་ཁམས་དང་ཨ་མདོ་འདུལ་བས་བོད་ཁམས་ཡོངས་ལ་མངའ་དབང་སྒྱུར་ཅིང་། བོད་ཡིག་གསར་གཏོད་མཛད་ནས་ད་ལྟ་བོད་ཁམས་ཡོངས་ཀྱིས་ཐུན་མོང་གིས་སྤྱོད་བཞིན་ཡོད་པ་འདི་ཡིན། གལ་སྲིད་སྲོང་བཙན་གྱིས་བོད་ས་ཀུན་དབང་སྒྱུར་མ་བྱས་ཚེ་ད་ལྟ་བོད་མི་ཡོངས་ཀྱི་སྤྱོད་པའི་ཡི་གེ་འདི་འབྱུང་མི་སྲིད་ལ། བོད་མི་རྣམས་ཁ་ཐོར་དུ་གནས་ཤིང་ལུང་ཚན་རེ་ལ་ཡི་གེ་བྱུང་ནས་ད་ལྟ་ང་ཚོ་སྤྱི་ལ་དབང་བའི་ཡི་གེ་འདི་དེ་བས་བྱུང་མི་སྲིད་དོ། ཞང་ཞུང་ལ་བོད་མི་སྤྱི་ལ་དབང་བའི་ཡི་གེ་མཁོ་སྤྲོད་བྱེད་པའི་ནུས་བ་མེད་དེ། ཞ་ཞུང་གི་ཧི་མ་ལ་ཡའི་བཅུ་ཆ་གཅིག་ཀྱང་དབང་སྒྱུར་བྱེད་མྱོང་མེད་པས་སོ། མོན་རྟ་དབང་དང་འབྲས་འབྲུག་བཅས་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ས་ཆ་གཏོགས་པས་སྲོང་བཙན་གྱི་ཕ་མེས་ཀྱིས་དབང་སྒྱུར་གྱི་ས་ཁོངས་སུ་གཏོགས་པ་ལས་ཞང་ཞུང་མིན། ཞང་ཞུང་ནི་ད་ལྟའི་མངའ་རིས་ཀྱི་ཁོངས་གཏོགས་གུ་གེ རི་ཐོག་གི་ས་ཆ་ཡིན་ཞིང་དེ་ནི་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྟོད་རྒྱུད་བཟུང་བ་ཨ་རབ་དང་འབྲེལ་ལམ་ཉེ་ཞིང་། ཨ་རབ་ལས་ཞང་ཞུང་ལ་ཤེས་རིག་དར་བས་སྟོན་པ་གཤེན་རབ་མཐའ་བཏུགས་ན་སྟག་གཟིག་གི་མ་ཎི་ཡིན་པ་དོགས་གཞི་ཡོད་ཀྱང་དེའི་སྐོར་རྒྱས་པ་མི་འབྲི། ཞང་ཞུང་ནི་ཧི་མི་ལ་ཡའི་སྟོད་བྱང་རྒྱུད་བདག་བཟུང་བྱས་མྱོང་མེད་ལ་དེ་བདག་ཟུང་བྱེད་མཁན་ནི་སྲུང་བཙན་གྱིས་ཕ་མེས་ཡིན་ཏེ། སྲོང་བཙན་འཁྲུངས་སུ་འཕྱོངས་རྒྱས་ནི་འབྲུག་ཡུལ་རྒྱབ་ཀྱི་ཧི་མ་ལ་ཡའི་མདུན་ངོས་ཡིན་ལ། དེ་འདུས་ཀྱི་ལྷོ་ནུབ་ཕྱོགས་ཀུན་བོད་བཙན་པོའི་ཕ་ཁྱིམ་གྱི་སྲིད་དབང་དར་ས་ཡིན་པས་གལ་ཆེན་གྱིས་སྐྱར་བཤད་བྱས་པ་ཡིན།
ཁམས་དང་ཨ་མདོ་བོད་མ་རེད་ཟེར་ན་བོད་ཅེས་བ་གཞི་འཛིན་ས་མེད་པ་ཆགས་ཞིང་དབུས་གཙང་གཉིས་ཀྱང་དབུས་དང་གཙང་ལས་བོད་པ་མིན་པས་ཤེས་བ་བདེ་ཐང་ཡོད་མཁན་གྱི་སྐད་ཆ་མ་རེད། ད་ལྟ་རྒྱ་ནག་ལ་བོད་དོན་གྱི་རྣོ་ངར་འཐབ་རྩོད་ཆེ་ཤོས་ཁམས་དང་ཨ་མོད་ནས་འབྱུང་དང་འབྱུང་བཞིན་ཡོད་པ་དེས་རྟོགས་ཐུབ་ལ། ཁམས་དང་ཨ་མདོ་ཧི་རྒྱབ་ཀྱི་མི་ལྟར་ཆད་ཁུངས་བརྗེད་པའི་སྤྲེའུ་མ་རེད། ཨ་མདོ་དང་ཁམས་དང་ལྷ་སར་འགྲོ་ན་པོད་ལ་འགྲོ་ཟེར་བ་ལས་བོད་ལ་འགྲོ་མི་ཟེར་ལ། ཨ་མདོ་དང་ཁམས་ཀྱི་ས་ཁུལ་ཁ་ཤས་ཀྱི་ལྷ་ས་པ་ལ་པོད་པ་ཟེར་ནས་འབོད་སྲོལ་ཡོད་པ་ལས་བོད་ཟེར་ནས་འབོད་སྲོལ་མེད། མི་ཤེས་ན་ཤེས་ཁུལ་མ་བྱེད།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཟེར་ཚེ་དོ་བདག་ཡིན་མདོག་གིས་རྒྱུགས་པ་ནི་ང་ཚ་རེད་དེ། ཧི་མ་ལ་ཡའི་རི་རྒྱབ་ས་ཁུལ་ཡོད་ཚད་ལྟ་ཅི། བཅུ་ཆ་གཅིག་ཙམ་མི་ཟིན་གྱིན་མེད་པས་དོ་བདག་གི་འདུ་ཤེས་འཛིན་པ་ནི་སྦལ་བ་ཆུ་ཁུང་ནང་ནས། བསམ་པ་གླིང་དཀར་སྟོད་རེད། མི་མ་ཤེས་བས་ཕུང་ཞིང་མ་རིག་པས་བདག་འཛིན་སྐྱེས་བ་ཅི་མ་བདེན། གལ་སྲིད་ཧི་མ་ཡ་དོ་བདག་ཅིག་ཡོད་ན་ཧི་མ་ལ་ཡའི་སུམ་ཆ་གཉིས་དབང་པའི་བོད་མི་ཚོ་མིན་ན། བཅུ་ཆའི་གཅིག་གི་ཕྱད་ཙམ་དབང་མཁན་ལ་ཧི་མ་ལ་ཡའི་དོ་བདག་འོས་བབ་མེད། བོད་མི་ཚོས་ཧི་རྒྱབ་ཏུ་ཁ་ཐོར་དུ་གནས་བའི་སྤུན་ཟླ་རིག་གཞུང་གཅིག་པ་ཀུན་ལ་གདུང་སེམས་མཉམ་སྐྱེད་ཀྱིས་གཅིག་མཐུན་གྱི་མིང་གཅིག་མེད་པས་གཅིག་སྒྲིལ་ཡོང་ཆེད་ཧི་མ་ལ་ཡའི་མི་མང་ཟེར་ནས་འབོད་པ། ཉིད་ཀྱིས་དངོས་ཡོད་དུ་འཁྲུལ་ནས་ཧི་མ་ཡ་ལའི་དོ་བདག་གི་བསམ་བློ་བཏང་པ་མཁས་རྟགས་རེད་དམ།
ཁྱེད་ལ་ལན་འདེབས་མེད་ན་རྒྱ་གར་དང་འབྲུག་ཡུལ་ལ་སྐྱེལ་རྒྱུ་ཟེར་ནས་འཇིགས་སྐུལ་བཏང་ཡང་ང་ནི་དགའ་བ་ཡོད་པས་ཁྱེད་ཀྱིས་ངའི་ཚབ་བྱས་ནས་དེ་ལྟར་སྒྲུབ་པའི་རེ་བ་ཡོད། ཁ་སྣོན་དུ་སྐད་ཅིག་སྐུར་རྒྱུ། བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་དམངས་ཤོག་སྒོར་ལྔ་བཅུའི་སྟེང་མཐོང་རྒྱུ་ཡོད་ལ་བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་ཀྱང་། མོན་རྟ་དབང་གི་ཡི་གེ འོ་་་མ་རེད་་མ་རེད་ཧི་རྒྱབ་མི་མང་གི་ཡི་གེ་རྒྱ་བལ་སྒོར་མོའི་སྟེང་མཐོང་དུ་མེད་ལ་མ་འོངས་མཐོང་རྒྱུ་དཀའ་སྟེ། ར་ལ་གུག་གུག་སྦྱར་ཞིང་མ་ལ་ཡ་བཏགས་བཞག་སྟེ། སྒང་དུ་གུག་རྟགས་བསྣན་པས་རེད།
ལ་སྟོད་བུ་ལགས།
ཞང་ཞུང་གི་སྐོར་ཤེས་མདོག་གིས་ཁུང་ལུང་མེད་པའི་སྐད་ཆ་སྣ་ཚོགས་བཤད་ཀྱང་ཞང་ཞུང་གི་རྒྱལ་ས་ཙམ་ཡང་སྟོན་དུ་བཤད་དུ་མེད་པས་འཁྱོག་བཤད་མ་བཤད། ད་ལྟ་བོད་རྒྱ་ཁོངས་ཡིན་ཟེར་བ་ལས་བོད་རྒྱ་ཡིན་ཟེར་བ་མ་རེད། གོ་དོན་ཡག་པོ་ཡང་ལོན་མི་ཤེས་བས་ཁ་སྟོང་གི་ཚིག་སྟོང་མ་བཤད། རྒྱ་རིགས་ཚོའོ་སྲོ་ཆིན་གྱིས་རང་བཙན་ནི་བོད་མི་ཐོབ་ཐང་རེད་ལྟོས་དང་བསམ་ཤེས་ཐུབ་ངེས་ཡིན།
“ད་ཁྱོད་རང་བོད་མིའི་དཔའ་བོ་ཕོ་མོ་བརྒྱ་ཕྲག་གིས་བོད་དོན་དུ་ལུས་སྲོག་བློས་བཏངས་བྱས་པའི་ལེའུ་དེ་དག་ཁྱོད་ཀྱིས་རྒྱ་ནག་གི་ལོ་རྒྱུས་རྒྱབ་རྟེན་བདེན་དཔང་དུ་ཁྱེར་ཏེ་ནག་བསུབ་ཏུ་བཏང་བ་འདི་བོད་མིའི་ཞབས་འདྲེན་མིན་ན་གང་རེད།”ཅེས་བ་ནི་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ལུག་ལྟར་གོ་ཐོས་མེད་པའི་དན་རྟགས་རེད་དེ། དེའི་རྐྱེན་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་མ་ཤེས་བ་རེད།
བོད་རང་བཙན་རྩོད་དང་མི་རྩོད་ཅེས་བ་ནི་ལོ་རྒྱུས་བྱེ་བྲག་པ་ཞིག་ལ་གཞི་བཅོལ་རྒྱུ་མིན་པར་གཙོ་བོ་མི་རིགས་ཤིག་གིས་རང་ཉིད་རང་རྐང་སྒང་ལངས་རྒྱུའི་འདོད་འདུན་ཡོད་མེད་དང་ལངས་བའི་འཇོན་ཐང་ཡོད་མིན་ལ་རེག་ལས་ཤིང་། ཡོད་པ་རྒྱལ་སྤྱིའི་ཁྲོད་སྟོན་ཐུབ་ཚེ་རང་བཙན་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལུགས་རེད།
ངས་ལ་ཧི་རྒྱབ་མི་སྣ་༥༥༥ལ་སྐད་ཆ་དྲིས་ཚེ། དེ་དག་ལས་བལ་ཡུལ་ནས་ཡིན་ཞིང་ས་སྐྱ་དགོན་དུ་གནས་བའི་གྲྭ་གསུམ། འབྲས་ལྗོངས་ནས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་དང་དགེ་འདུན། གཡོར་མོ་གཅིག་གིས་ཆད་ཁུངས་བོད་ཡིན་པ་ཤེས་བ་གཞན་རྣམས་ཁྱེད་ལྟར་ཡོང་ཁུངས་རྨོངས་བས་རི་མྱི་བཏགས་པ་ཡིན། བརྙན་འཕྲིན་ལས་མཐོང་བ་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་འགན་འཛིན་གཞོན་གནང་མཁན་ལ་དྭགས་པ་ཆོས་འཕེལ་བཟོད་པ་དང་། རླུང་འཕྲིན་ལས་གོ་བ་ལ་དྭགས་པ་བསྟན་རྣམ་གཉིས་ཀྱིས་ལ་དྭགས་ནི་བོད་རིགས་ཡིན་ངོས་ལེན་ཡོད་ཅིང་ལོ་རྒྱུས་ཆད་ཁུངས་རྟོགས་མཁན་གྱི་རྣམ་དཔྱོད་ཅན་ལ་ཉིད་ཀྱི་འགྲེལ་བཤད་ཅི་སྣང་། ཁོང་ཚོ་ཞང་ཞུང་ཡིན་གསུངས་ཀྱི་མི་འདུག་པས་ཡིད་མི་ཆེས་ན་འདི་ལ་ལྟོས། http://www1.voanews.com/tibetan/video-audio/
འོན་ཀྱང་ཕྱོགས་རིས་ཀྱིས་ཀྱང་ངེས་ཤེས་མེད་པས་ཆུ་ཚོད་ཆུ་ཟོས་སུ་བཏང་བས་བཤད་མཚམས་འཇོག ཁྱེད་ཀྱིས་སྐད་ཆ་བཤད་སྟངས་ལྟོས་ན་རྒྱ་གར་གསང་བ་ཡིན་ཤས་ཆེ་ལ། རྒྱུ་མཚན་མེད་པའི་སྨྱོན་པ་བཞིན་སྐད་ཆ་བཤད་པས་ཡིན།
ལ་སྟོད་བུ་ལགས།
ཞང་ཞུང་གི་སྐོར་ཤེས་མདོག་གིས་ཁུང་ལུང་མེད་པའི་སྐད་ཆ་སྣ་ཚོགས་བཤད་ཀྱང་ཞང་ཞུང་གི་རྒྱལ་ས་ཙམ་ཡང་སྟོན་དུ་བཤད་དུ་མེད་པས་འཁྱོག་བཤད་མ་བཤད། ད་ལྟ་བོད་རྒྱ་ཁོངས་ཡིན་ཟེར་བ་ལས་བོད་རྒྱ་ཡིན་ཟེར་བ་མ་རེད། གོ་དོན་ཡག་པོ་ཡང་ལོན་མི་ཤེས་བས་ཁ་སྟོང་གི་ཚིག་སྟོང་མ་བཤད། རྒྱ་རིགས་ཚོའོ་སྲོ་ཆིན་གྱིས་རང་བཙན་ནི་བོད་མི་ཐོབ་ཐང་རེད་ལྟོས་དང་བསམ་ཤེས་ཐུབ་ངེས་ཡིན།
“ད་ཁྱོད་རང་བོད་མིའི་དཔའ་བོ་ཕོ་མོ་བརྒྱ་ཕྲག་གིས་བོད་དོན་དུ་ལུས་སྲོག་བློས་བཏངས་བྱས་པའི་ལེའུ་དེ་དག་ཁྱོད་ཀྱིས་རྒྱ་ནག་གི་ལོ་རྒྱུས་རྒྱབ་རྟེན་བདེན་དཔང་དུ་ཁྱེར་ཏེ་ནག་བསུབ་ཏུ་བཏང་བ་འདི་བོད་མིའི་ཞབས་འདྲེན་མིན་ན་གང་རེད།”ཅེས་བ་ནི་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ལུག་ལྟར་གོ་ཐོས་མེད་པའི་དན་རྟགས་རེད་དེ། དེའི་རྐྱེན་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་མ་ཤེས་བ་རེད།
བོད་རང་བཙན་རྩོད་དང་མི་རྩོད་ཅེས་བ་ནི་ལོ་རྒྱུས་བྱེ་བྲག་པ་ཞིག་ལ་གཞི་བཅོལ་རྒྱུ་མིན་པར་གཙོ་བོ་མི་རིགས་ཤིག་གིས་རང་ཉིད་རང་རྐང་སྒང་ལངས་རྒྱུའི་འདོད་འདུན་ཡོད་མེད་དང་ལངས་བའི་འཇོན་ཐང་ཡོད་མིན་ལ་རེག་ལས་ཤིང་། ཡོད་པ་རྒྱལ་སྤྱིའི་ཁྲོད་སྟོན་ཐུབ་ཚེ་རང་བཙན་བྱེད་རྒྱུའི་ཐོབ་ཐང་ཡོད་པ་རྒྱལ་སྤྱིའི་ཁྲིམས་ལུགས་རེད།
ངས་ལ་ཧི་རྒྱབ་མི་སྣ་༥༥༥ལ་སྐད་ཆ་དྲིས་ཚེ། དེ་དག་ལས་བལ་ཡུལ་ནས་ཡིན་ཞིང་ས་སྐྱ་དགོན་དུ་གནས་བའི་གྲྭ་གསུམ། འབྲས་ལྗོངས་ནས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་དང་དགེ་འདུན། གཡོར་མོ་གཅིག་གིས་ཆད་ཁུངས་བོད་ཡིན་པ་ཤེས་བ་གཞན་རྣམས་ཁྱེད་ལྟར་ཡོང་ཁུངས་རྨོངས་བས་རི་མྱི་བཏགས་པ་ཡིན། བརྙན་འཕྲིན་ལས་མཐོང་བ་རྒྱ་གར་གྲངས་ཉུང་མི་རིགས་ཀྱི་འགན་འཛིན་གཞོན་གནང་མཁན་ལ་དྭགས་པ་ཆོས་འཕེལ་བཟོད་པ་དང་། རླུང་འཕྲིན་ལས་གོ་བ་ལ་དྭགས་པ་བསྟན་རྣམ་གཉིས་ཀྱིས་ལ་དྭགས་ནི་བོད་རིགས་ཡིན་ངོས་ལེན་ཡོད་ཅིང་ལོ་རྒྱུས་ཆད་ཁུངས་རྟོགས་མཁན་གྱི་རྣམ་དཔྱོད་ཅན་ལ་ཉིད་ཀྱི་འགྲེལ་བཤད་ཅི་སྣང་། ཁོང་ཚོ་ཞང་ཞུང་ཡིན་གསུངས་ཀྱི་མི་འདུག་པས་ཡིད་མི་ཆེས་ན་འདི་ལ་ལྟོས། http://www1.voanews.com/tibetan/video-audio/
འོན་ཀྱང་ཕྱོགས་རིས་ཀྱིས་ཀྱང་ངེས་ཤེས་མེད་པས་ཆུ་ཚོད་ཆུ་ཟོས་སུ་བཏང་བས་བཤད་མཚམས་འཇོག ཁྱེད་ཀྱིས་སྐད་ཆ་བཤད་སྟངས་ལྟོས་ན་རྒྱ་གར་གསང་བ་ཡིན་ཤས་ཆེ་ལ། རྒྱུ་མཚན་མེད་པའི་སྨྱོན་པ་བཞིན་སྐད་ཆ་བཤད་པས་ཡིན།
ཞང་ཞུང་ཟེར་ན་མངའ་རིས་གངས་རིན་པོ་ཆེའི་ཉེ་འཁོར་གྱི་འབྲོག་པ་ཚོ་གཅིག་རེད། དེ་ནགྲོང་ཁྱེར་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་ཡོད་ཟེར་བ་དེ་ལ་ཡང་ཁུངས་སྐྱེལ་ཤིག་མི་འདུག དཔེར་ན་འཕན་པོ་ན་ཟིངས་པོ་རྗེའི་ཕོ་བྲང་གི་ཤུལ་ད་དུང་ཡོད་པ་རེད་ཟེར། དེ་ཞང་ཞུང་ལ་བལྟས་ན་རྒྱལ་ཕྲན་ཅུང་ཆེ་བ་ཞིག་ཡིནཔའི་རྟགས་རེད། དེ་ནི་རྗེ་གནམ་རི་ཡབ་སྲས་ཀྱི་དུས་སུ་བོད་ཀྱི་མངའ་ཁོངས་སུ་འདུས་པ་ཞིག་རེད། ཞང་ཞུང་ནི་དེའི་ཕྱིས་སུ་བཅན་པོ་སྲོང་བཙན་གྱི་དུས་སུ་བོད་ཀྱི་མངའ་ཁོངས་སུ་འདུས་པ་ཡིན་སྟབས་ཕོ་བྲང་སོགས་ཀྱི་ཤུལ་རེ་བསྟན་རྒྱུ་ཡོད་འོས་སུ་ཆེ་མོད་དེ་མི་འདུག་པས་ཚོ་དཔོན་ལྟ་བུ་ཆུང་ཆུང་ཞིག་ཡིན་པ་ལས་ཕོ་བྲང་དང་གྲོང་ཁྱེར་སོགས་རྒྱ་ཆེན་པོ་གང་ཡང་ཡོད་མཁན་ཞིག་མིན་པར་མངོན།
ནོར་བཅོས། རྒྱ་ནག་གི་གསང་བ་ཡིན་ཤས་ཆེ། མིན་ན་དགོངས་དག
ལྷ་སྲས་རེད་དམ་གླང་ཕྲུག་རེད།
གླང་དར་རྒྱལ་པོའི་མགོ་ལ་རྭ་མེད་ཀྱང་། །
སྤྱོད་ངན་རྭ་ལྟར་གྱོང་བ་སྨོས་ཅི་དགོས། །
གླང་དར་རྒྱལ་པོའི་ཕ་དེ་གླང་མིན་ཀྱང་། །
གླང་དར་ཁོ་རང་གླང་ལྟར་ལྐུགས་ཚོད་འདུག །
སྡིག་ཆེན་གླང་དར་སྐབས་ཀྱི་བོན་བློན་ཚོར། །
དཀར་འདོན་བྱེད་མཁན་སྙན་བཟང་གཡུང་དྲུང་དང་། །
ཁྲི་གཡུང་དྲུང་མིང་ཅན་གཉིས་ཁག་མེད་དེ། །
གཡུང་དྲུང་མིང་དོན་མཚུངས་ཕྱིར་བྱ་དགོས་ཕྱིར། །
ཁ་ཅིག་གིས།
ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པ་ཞེས་བརྗོད་པ་ཡིན་པར་བཤད། སྤྱིར་ཞང་ཞུང་དང་བོད་གཉིས་དང་པོ་ས་བགོས་ལ། གཙང་ཁ་རག་ཡན་མན་ཡིན་ལགས། ཟེར།
ཡང་བོད་ཡིག་མིན་པའི་ཞང་ཡོད་པའི་ཁུངས་ཅིག་ལ།
ཁ་ཅིག་གིས། ་་་་བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དགར་དངོས་ལ་བྲིས། མ་དཔེ་ལ་ཞང་ལུང་དྲག་ཡིག་འདི་འདྲ་དང་། བོད་འདྲེས་མར་སྣང་ངོ་། ཞེས་དང་།
ཡང་༼ཞང་ཞུང་ལ་གསུམ་ལས་༽ ་་་ འདི་ལ་སྒོ་བར་མ་འབོད་ན། ཕུག་གང་ཞེ་ན། རྟག་གཟིགས་འོལ་མོའི་གླིང་ལ་སྒོ་ཕུག་དང་། རྟག་གཟིགས་ཡུལ་ལ། བར་མ་དང་ ་་་་་་་ ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ་༼ནི༽། སྟོད་ན་ཁ་ཆེའིཡུལ་མཚམས་སེང་པའི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་ཚུན་དང་སྨད། སུམ་པ་གླང་གི་གྱི་མ་ཤོད་མན་ཆད་དང་། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། ་་་་
ཨ་ནུ་ཐང་བསོད་ནམས་ནས།
༼ཧི་མའི་རི་རྒྱུད་ཀུན་ཞང་ཞུང་ཡིན་ཟེར་ན་ཧི་མ་ལ་ཡའི་མདུན་ངོས་སུ་གོམ་པ་སྤོ་མ་ནུས་ཤིང་ལོ་རྒྱུས་ལ་སྦྱང་པ་ཅི་ཡང་མེད་པའི་རྟགས་མཚན་ལས་ཅི་ཡང་མིན་ཏེ། ཧི་མ་ལ་ཡ་ནི་འཛམ་གླིང་སྟེང་རི་པོ་ཆེ་ཤོས་དེ་ཡིན་ཞིང་དེའི་མདུན་ངོས་སུ་གེ་ལོ་མི་ཌི་གྲུབ་བཞི་ས་ཡ་གསུམ་དང་ཕྱད་ཙམ་ཡོད་ལ། རྒྱབ་ཕྱོགས་སུ་གེ་ལོ་མི་ཌི་ས་ཡ་གཅིག་ཙམ་ཡོད་ལ། ཧི་མ་ལ་ཡའི་ནང་ངོས་སུ་བོད་ས་ཡོངས་དང་ཡུ་གུར་གྱི་ནུབ་བྱང་ས་ཁུལ་ཀུན་འདུས་ཡོད། རྒྱབ་ངོས་སུ་ད་ལྟ་རྒྱ་གར་གྱི་འབོད་པའི་ཨ་ན་ཅའ་དང་འབྲུག འབྲས་ལྗོངས་དང་བལ་ཡུལ། ཨོ་ཏར་ར་ཅའ་མངའ་སྡེ་དང་ཧི་མ་ཅའ་མངའ་སྡེ། ལ་དྭགས་དང་ཀ་སྨིར་མིར། ཕའ་ཁི་སི་ཐན་གྱི་ཤར་ཕྱོགས་དང་ཀ་ར་གོ་རམ་བཅས་ཧི་མ་ལ་ཡའི་རི་རྒྱུད་ཡིན་ལ།༽
ད་སྨྱོ་ལབ་བཤད་ཡོང་གི་འདུག ཁྱོད་ཀྱིས་དང་པོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཆེ་བ་ངས་ཐུག་མྱོང་ཁོང་ཚོར་བོད་རིགས་ཀྱི་འདུ་ཤེས་མི་འདུག་ཅེས་བཤད་མྱོང་ངམ་མ་མྱོང༌། དེ་ལ་ལན་རྒྱོབ། སྐད་ཆ་སྔ་ཕྱིའི་གུང་ཀྱང་འབྲེལ་མི་ཐུབ་པར་ལོ་རྒྱུས་བཤད་མདོག་མ་བྱས་ན་ལེགས།་ ཡང་ད་ལྟ་བཤད་དུས་མི་ལྔ་བརྒྱ་ཐུག་མྱོང་ཟེར། ཧི་མ་ལ་ཡའི་མི་ཡི་གྲངས་འབོར་དེ་དྲུག་བརྒྱ་ཡས་མས་ཞིག་ལས་མེད་པར་བསྟན་པ་རེད། གང་ཡིན་ཟེར་ན་མི་མང་ཆེ་བ་ཁྱོད་ཀྱིས་ཐུག་མྱོང་བ་གང་ཞིག་དེ་ཡི་གྲངས་འབོར་ནི་ཁྱོད་ཀྱི་ལྔ་བརྒྱ་རུ་བཤད་པའི་ཕྱིར།
རི་རྒྱུད་དེ་དག་གི་མི་མང་ཆེ་བ་ཁྱོད་ཀྱི་ཐུག་མྱོང་ན། དེ་ནི་རྒྱ་ནག་གི་ཉུལ་མ་ཡིན་པའི་རྟགས་མཚན་རེད། གང་ཡིན་ཟེར་ན་ཁྱོད་ནི་ཧི་མ་ལ་ཡར་རང་བཙན་རྩོད་དགོས་ཀྱིས་དཀྲུགས་ཤིང་རྒྱབ་མཁན་ཡིན་པའི་ཕྱིར། རྒྱུ་མཚན་གཞན་ཡང་ཡོད་དེ། ཁྱོད་ཀྱིས་རྒྱ་གར་དང་བལ་ཡུལ་འབྲུག་སོགས་སུ་ཡོད་པའི་ཧི་མ་ལ་ཡའི་མི་རིགསདེ་ཚོར་ལོགས་སུ་རང་བཙན་མེད་པ་མ་ཟད། རང་སྐྱོངས་ལྗོངས་ཙམ་ཅིག་ཀྱང་མེད་ཚུལ་གྱིས་དཀྲུགས་ཤིང་རྒྱབ་སྟངས་ལ་ལྟོས་དང་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་ཁབ་དེ་དག་དུམ་བུར་གཏོང་འདོད་པ་རྒྱ་ནག་མ་གཏོགས་མེད་པས་རེད་དེ་རྒྱུ་མཚན་ཡིན། ཡང་རང་གི་ལག་རྗེས་རང་གི་རྐང་པས་བསུབ་ཡོང་སྟངས་ལ་ལྟོས་དང༌། ཁྱོད་ཀྱི་སྔར་ཧི་མ་ལ་ཡའི་མི་རིགས་དེ་ཚོ་བོད་རིགས་ཀྱི་ལ་རྒྱ་མེད་ཚུལ་བཤད་ཡོད། ད་བྱས་ན་ཁྱོད་ཀྱིས་ཧི་མ་ལ་ཡའི་ས་ཁྱོན་བཤད་དུས་བལ་ཡུལ་དང་ཀ་ཤི་མིར་ཧི་མ་ཅལ་ཧི་མ་ལ་ཡར་བཤད་ཡོང་གི་འདུག། ད་ཁྱོད་ཟེར་དུས་བལ་པོ་ས་ཡ་ཉི་ཤུ་རྩ་བརྒྱད་དང༌། དེ་བཞིན་ཧི་མ་ཅལ་གྱི་མི་དང་ཀ་ཤི་མིར་ཁ་ཆེའི་མི་རིགས་ས་ཡ་མང་པོ་དེ་དག་ལ་བོདརིགས་ཀྱི་ཤ་ཞེན་མི་འདུག་ཅེས་ཟེར་གྱི་ཡོད་དམ། ཧམ་པའི་ནང་ནས་ངོ་ཚ་དང་བྲལ་ཅིང་འགན་ཁུར་མེད་པའི་ཧམ་པ་རེད།
དེ་ཁྱོད་ཀྱི་རྨི་ལམ་གྱི་འཁྲུལ་སྣང་རེད།
ཐོན་མིས་ཡི་གེ་བཟོས་མིན་སྔར་བཤད་ཟིན་ངས་སླར་ཡང་སྐྱར་བཟློས་མི་བྱེད། ཁྱོད་རང་ཨ་ལོང་བསྐོར་གྱིན་བསྡོད།
ཞང་ཞུང་གི་སྐོར་སྐྱར་བཤད་མི་བྱེད། དྲྭ་གྲོགས་ཁ་ཤས་ཀྱིས་དེ་ཡི་སྐོར་ལ་བཤད་པ་རྒྱབ་ཡོང་གི་འདུག་དེ་ཚོར་ལྟོས།
༼ཁམས་དང་ཨ་མདོ་བོད་མ་རེད་ཟེར་ན་བོད་ཅེས་བ་གཞི་འཛིན་ས་མེད་པ་ཆགས་ཞིང་དབུས་གཙང་གཉིས་ཀྱང་དབུས་དང་གཙང་ལས་བོད་པ་མིན་པས་ཤེས་བ་བདེ་ཐང་ཡོད་མཁན་གྱི་སྐད་ཆ་མ་རེད། ད་ལྟ་རྒྱ་ནག་ལ་བོད་དོན་གྱི་རྣོ་ངར་འཐབ་རྩོད་ཆེ་ཤོས་ཁམས་དང་ཨ་མོད་ནས་འབྱུང་དང་འབྱུང་བཞིན་ཡོད་པ་དེས་རྟོགས་ཐུབ་ལ། ཁམས་དང་ཨ་མདོ་ཧི་རྒྱབ་ཀྱི་མི་ལྟར་ཆད་ཁུངས་བརྗེད་པའི་སྤྲེའུ་མ་རེད། ཨ་མདོ་དང་ཁམས་དང་ལྷ་སར་འགྲོ་ན་པོད་ལ་འགྲོ་ཟེར་བ་ལས་བོད་ལ་འགྲོ་མི་ཟེར་ལ།༽
ལྟོས་དང་ཁྱོད་ཀྱིས་བྲིས་པར། བོད་ཅེས་བ། ཤེས་བ་བདེ་ཐང༌། བོད་ཀྱི་མི་རུ་ཁས་འཆེ་བས་བོད་ཡིག་འབྲི་མི་ཤེས།
བོད་སྐད་རྒྱབ་མི་ཤེས།
བོད་བརྡ་མི་ཤེས། ཞབས་འདྲེན་རེད། ཧི་མི་ཡིས་བོད་མི་ལ་བོད་ཡིག་སློབ་ཀྱི་ཡིན་པས་གསན་རོགས། བོད་ཅེས་པ་འབྲི་དགོས། ཤེས་པ་ཞེས་འབྲི་དགོས། དང་པོ་ཁྱོད་རང་རང་མི་རིགས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་གྱིས། དེ་ནས་ང་དང་མཉམ་དུ་དགག་བཞག་བྱེད་ཆོག
ཨ་མདོ་བས་བོད་ལ་པོད་ཟེར་བ་ཞིག་ནམ་ཡང་གོ་མ་མྱོང་དེ་ཁྱོད་ལ་འདྲེ་སྐད་རྒྱབ་པ་ཡིན་རྒྱུ་རེད། ཁ་བརྡའི་ནང་ཉེ་སྔོན་རང་དུ་ཨ་མདོ་བས་བ་ལ་ཝ་ཡི་སྒྲ་འཇུག་པའི་སྐོར་ལ་དགག་བཞག་མང་པོར་བྱས་སོང་བལྟ་འདོད་ན་དེ་ཚོར་ལྟོས། རྒྱུས་ཡོད་མདོག་བྱས་ཀྱང་ཤི་མ་མྱོང་བའི་ལོ་རྒྱུས་བཤད་ཀྱི་འདུག མི་ཤེས་ན་ཤེས་ཁུལ་མ་བྱེད། བོད་ཀྱི་སྐོར་ཁྱོད་ལས་ང་ལ་ཤེས་རྟོགས་མང་པ་འདུག
ད་ལྟ་ཨ་མདོ་དང་ཁམས་ཀྱི་ཁུལ་ནས་བོད་དོན་ལ་རྣོ་ངར་ཆེ་ཤོས་ཡོད་ཟེར། དེ་ཡིས་སྔར་དུས་འགྱུར་མ་བྱུང་བའི་གོང་དུ་ཨ་མདོ་དང་ཁམས་ཀྱི་མི་བོད་པ་ཡིན་པར་བསྒྲུབ་མི་ནུས། དྲིས་པར་ལན་མི་འདུག
༼ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་ཟེར་ཚེ་དོ་བདག་ཡིན་མདོག་གིས་རྒྱུགས་པ་ནི་ང་ཚ་རེད་དེ། ཧི་མ་ལ་ཡའི་རི་རྒྱབ་ས་ཁུལ་ཡོད་ཚད་ལྟ་ཅི། བཅུ་ཆ་གཅིག་ཙམ་མི་ཟིན་གྱིན་མེད་པས་དོ་བདག་གི་འདུ་ཤེས་འཛིན་པ་ནི་སྦལ་བ་ཆུ་ཁུང་ནང་ནས། བསམ་པ་གླིང་དཀར་སྟོད་རེད། ༽
གོ་རྒྱུ་མི་འདུག དྲྭ་གྲོགས་ཚོས་ལྟོས་དང་ཨ་ནུ་ཐང་བསོད་ནམས་ཀྱིས་བྲིས་པར་གོ་རྒྱུ་འདུག་གམ་
ཧི་མ་ལ་ཡའི་སྐོར་ལ་ཡར་རྒྱུག་མར་རྒྱུག་ཡར་བཤད་མར་བཤད། སྐྱར་བཤད་ཡང་བཤད་རྐྱང་བྱས་ཏེ་སྡོད་སྟངས་འདི་ལ་ལྟས་ན་ཁོ་ཡིས་ཁས་ལན་ཐམས་ཅད་ཙི་ཙིའི་རྔ་མ་བཞིན་དུ་ཇེ་ཕྲ་ནས་ཇེ་ཕྲ་རུ་སླེབས་ཡོང་གི་འདུག
༼མི་མ་ཤེས་བས་ཕུང་ཞིང་མ་རིག་པས་བདག་འཛིན་སྐྱེས་བ་ཅི་མ་བདེན། གལ་སྲིད་ཧི་མ་ཡ་དོ་བདག་ཅིག་ཡོད་ན་ཧི་མ་ལ་ཡའི་སུམ་ཆ་གཉིས་དབང་པའི་བོད་མི་ཚོ་མིན་ན། བཅུ་ཆའི་གཅིག་གི་ཕྱད་ཙམ་དབང་མཁན་ལ་ཧི་མ་ལ་ཡའི་དོ་བདག་འོས་བབ་མེད། བོད་མི་ཚོས་ཧི་རྒྱབ་ཏུ་ཁ་ཐོར་དུ་གནས་བའི་སྤུན་ཟླ་རིག་གཞུང་གཅིག་པ་ཀུན་ལ་གདུང་སེམས་མཉམ་སྐྱེད་ཀྱིས་གཅིག་མཐུན་གྱི་མིང་གཅིག་མེད་པས་གཅིག་སྒྲིལ་ཡོང་ཆེད་ཧི་མ་ལ་ཡའི་མི་མང་ཟེར་ནས་འབོད་པ། ཉིད་ཀྱིས་དངོས་ཡོད་དུ་འཁྲུལ་ནས་ཧི་མ་ཡ་ལའི་དོ་བདག་གི་བསམ་བློ་བཏང་པ་མཁས་རྟགས་རེད་དམ།༽་ ལྟོས་དང་ཡང་ཁོས་སྐྱར་བཤད་བྱེད་ཀྱི་འདུག དང་པོར་ཁྱོད་ཀྱིས་ཧི་མ་ལ་ཡའི་མི་རྒྱུད་ལ་བོད་རིགས་ཀྱི་ལར་ཞེན་མེད་པ་དང་སྤྲེའུ་བཞིན་དུ་ཆེད་ཁུངས་བརྗེད་འདུག་ཟེར། དེ་ཁོས་ཧི་མ་ལ་ཡའི་ཧི་མི་མང་ཆེ་བར་དེ་འདྲ་མེད་ཚུལ་གཅིག་བཤད། ཡང་ཁོས་བོད་རིགས་ཡོངས་རྫོགས་ཧི་མི་ཡིན་པར་བསྒྲུབ་བཞིན་འདུག ད་ཁོ་ཡི་བརྗོད་བབས་ལ་འཇུ་ས་དང་བརྟེན་ས་ཞིག་འདུག་གམ། དྲང་བདེན་སྨྲ་བ་པོ་ཁ་བརྡ་འདི་ཡི་ནང་དུ་མི་ཞིག་ཡོད་ཚེ་སྨྲ་རན་འདུག
དེ་མིན་གཉིད་དང་གདོན་གྱིས་འཆོལ་ལབ་བཤད་པར་དོ་སྣང་བྱེད་ཁོམ་མི་འདུག དུས་ཚོད་ཁྲོག་རླག་རང་རེད། ཕམ་པ་ལ་ཕམ་པའི་ངོས་ལན་བྱས་ཏེ་བསྡད་ན་དགའ།
༼ཁྱེད་ལ་ལན་འདེབས་མེད་ན་རྒྱ་གར་དང་འབྲུག་ཡུལ་ལ་སྐྱེལ་རྒྱུ་ཟེར་ནས་འཇིགས་སྐུལ་བཏང་ཡང་ང་ནི་དགའ་བ་ཡོད་པས་ཁྱེད་ཀྱིས་ངའི་ཚབ་བྱས་ནས་དེ་ལྟར་སྒྲུབ་པའི་རེ་བ་ཡོད། ཁ་སྣོན་དུ་སྐད་ཅིག་སྐུར་རྒྱུ།༽
དེ་ཁྱེད་ལ་སེམས་ཕྲལ་མི་དགོས་སྐྱེལ་ངེས་ཡིན།
༼བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་དམངས་ཤོག་སྒོར་ལྔ་བཅུའི་སྟེང་མཐོང་རྒྱུ་ཡོད་ལ་བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་ཀྱང་། མོན་རྟ་དབང་གི་ཡི་གེ འོ་་་མ་རེད་་མ་རེད་ཧི་རྒྱབ་མི་མང་གི་ཡི་གེ་རྒྱ་བལ་སྒོར་མོའི་སྟེང་མཐོང་དུ་མེད་ལ་མ་འོངས་མཐོང་རྒྱུ་དཀའ་སྟེ། ར་ལ་གུག་གུག་སྦྱར་ཞིང་མ་ལ་ཡ་བཏགས་བཞག་སྟེ། སྒང་དུ་གུག་རྟགས་བསྣན་པས་རེད།༽
ཨ་ནུ་ཐང་བསོད་ནམས་བོན་ཅན། དེར་ཐལ། རི་མྱི་ཡིན་པའི་ཕྱིར། རྟགས་ཁས་བླང༌། ཁྱབ་པའང་ཁྱོད་ཀྱིས་ཁས་བླངས་སོ།
ད་བྱེད་དུས་ཁྱོད་ནི་རྒྱ་ནག་གིས་བོད་དོན་སྐོར་གྱི་བྱེད་བབས་དེ་དག་ལ་ཡིད་གཏིང་ནས་ཚིམས་ཤིང་ཡང་ནས་ཡང་དུ་ར྄ྒ྄ྱ་ནག་ལ་བསྔགས་པར་བརྗོད་ཅིང་རྒྱ་བལ་གྱི་མི་རིགས་དེ་ཚོར་རང་བཙན་དང་རང་སྐྱོངས་སོགས་ཀྱིས་དཀྲུགས་ཤིང་གིས་རྒྱུད་བསྐུལ་བྱེད་སྟངས་འདི་ཡིས།
ཁྱོད་ནི་རྒྱ་ནག་གི་སོ་པ། ཁྱོད་ནི་རྒྱ་དགའ། ཁྱོད་ནི་རྒྱ་མིའི་རྒྱུག་ཁྱི་ངོ་མ་དེ་ཡིན་པར་ཁྱོདརང་གིས་བྱེད་བབས་འདི་ཡིས་བོང་བུའི་ནང་ཆ་ཕྱི་ལ་སྟོན་འདུག་གོ།
ཞང་ཞུང་ན་འཕན་པོའི་ཆེ་ཆུང་མ་གཏོགས་མི་འདུག་ཟེར་ན་བརྙས་ཆེ་དྲགས་པ་འདྲ། ད་ལྟ་ནག་ཆུ་ས་ཁུལ་ཉི་མ་རྫོང་གི་ཁོངས་ན། ཁྱུང་རྫོང་གི་མཁར་ཤུལ་དེ། དང་ར་གཡུ་མཚོའི་ལྷོ་ངོས་ཀྱི་རི་ཞིག་གི་ཐོག་ད་རུང་ཡོད་པ་འདྲ། མཐོ་ཚད་ལ་མི་ཊར་གཅིག་དང་ཞེང་ལ་མི་ཊར་ཕྱེད་ཀ་ཡོད་པའི་གྱང་རོ་རེ་ད་རུང་ལྷག་འདུག་ཟེར། ཕོ་བྲང་གི་ས་ཁོངས་ཡོངས་སུ་རྫོགས་པར་དཔྱད་ན་ད་ལྟའི་པོ་ཏ་ལ་ལས་མི་ཆུང་བ་ཞིག་འདུག་ཟེར་ནས། རྒྱ་མི་ཨ་ཞན་གྱིས་བྲིས་པའི་བོད་དུ་འཁྱམ་པ་ཟེར་བའི་ནང་འདུག
ད་དུང་ཁོང་གིས། ཞང་ཞུང་ནི། མངའ་རིས་ནས་ཆབ་མདོ་བར་དང་། ཁྱུང་རྫོང་ནི་ཞང་ཞུང་བར་མའི་རྒྱལ་ས་ཡིན་པར་གྲག་ཅེས་གསལ།
ད་རུང་རུ་བཞི་རེ་རེའི་དམག་གི་གྲངས་ཀ་དང་ཞང་ཞུང་གི་དམག་གྲངས་ལ་ལྟོས་དང་རུ་གཅིག་གི་དམག་གྲངས་ཡོད་པ་རེད་བསམས་སོང་།
བསྟན་པ་སྔ་དར་གྱི་ལོ་རྒྱུས་འབྲི་མཁན་མང་པོས་དེའི་དུས་སུ་བསྟན་པ་ཧ་ཅང་དར་བའི་ཆེ་བསྟོད་མང་པོ་བྱས་ནས་བྲིས་འདུག་ཀྱང་གྲྭ་བའི་གྲངས་འབོར་ཆེ་ཚུལ་གང་ཡང་མི་འདུག དེབ་ཐེར་ཁུངས་དག་ཏུ་བརྩི་བའི་དེབ་སྔོན་ལས་ཆོས་གྲྭ་བཅུ་གཉིས་བཙུགས་ཤེས་བྲིས་འདུག དེ་ཡང་བོད་ཁམས་ཡོངས་རྫོགས་རེད། དེའི་སྐབས་ཀྱི་བོད་དེ་དེང་སང་གི་བོད་ལྟ་བུའི་ཆུང་ཆུང་ཞིག་མ་རེད། ཆོས་གྲྭ་བཅུ་གཉིས་ཟེར་བ་དེ་ཚོ་ཡང་གྲྭ་བ་མང་པོ་ཡོད་ས་དེ་འདྲ་མིན་ངེས་རེད། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ཟེར་བ་དེ་ཚོ་ཁམས་མཐའི་མི་ཉག་ནས་ལྷོ་མཐའི་འབྲུག་ཡུལ་ཚུན་ཆད་ལ་བཞེངས་ཡོད་པ་རེད། ས་རྒྱ་ཆེན་པོི་དེ་འདྲ་ཞིག་མཚོན་ན་བརྒྱ་མི་དགོས་སྟོང་ཡོད་ཀྱང་མང་པོ་དེ་འདྲ་མ་རེད། དེ་ཚོར་གྲྭ་བ་མང་པོ་བཞུགས་ཚུལ་གྱི་ལོ་རྒྱུས་གང་ཡང་མེད་པ་རེད། གལ་སྲིད་དེའི་སྐབས་སུ་དགོན་པ་ཆེན་པོ་དེ་འདྲ་ཡོད་ན་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་སུ་ཡང་ཡོད་དགོས་པ་ལ་བསམ་ཡས་ཙམ་ལས་དགོན་པ་ཆེ་བར་བགྲངས་བ་གང་ཡང་མི་འདུག མ་གཞི་ནས་གླང་དར་གྱིས་ལྷ་ཁང་ཆེ་གྲས་དེ་ཚོ་བཤིག་མེད་ཅེས་པ་ནི་བསྟན་པ་སྔ་དར་གྱི་ཆོས་འབྱུང་ཚང་མ་ཁ་གཅིག་མཚུངས་རེད།
གླང་དར་གྱི་དུས་སུ་གྲྭ་བའི་གྲངས་འབོར་འཕེལ་ཆེ་ནས་དཔལ་འབྱོར་དང་མི་འབོར་ལ་གནོད་སྐྱོན་ཐེབས་ཟེར་བ་དེ་ཡང་རིག་གནས་གསར་བརྗེའི་སྐབས་སུ་རྙིང་པ་ལ་རྒོལ་སྐབས་ཀྱི་རིག་པ་གསར་པ་ཞིག་ཁ་བསྒྱུར་བྱས་པ་ཙམ་ཡིན་པ་འདྲ། བཙན་པོ་ཁྲི་རལ་གྱི་དུས་སུ་ཡང་སངས་རྒྱས་ཆོས་ལུགས་དེ་དེ་ཙམ་གྱི་ཁྱབ་སྤེལ་གཏིང་ཟབ་པོ་ཞིག་མི་འདུག དཔེར་ན། རྒྱ་བོད་མཐུན་འབྲེལ་གྱི་རྡོ་རིང་ལས་ཀྱང་སྲོག་ཆགས་བསད། ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ནས་མནའ་བསྐྱལ་ཚུལ་སོགས་གསལ་པོར་ཡོད་པ་ལས་ཤེས་ནུས་པ་ཞིག་ནི་མང་ཚོགས་ཁྲོད་ཙམ་དུ་མ་ཟད་བཙན་པོ་ཁྲི་རལ་གྱི་སྲིད་གཞུང་གི་ངོས་ནས་ད་དུང་ཡང་བོན་ལུགས་ཡིན་ནམ་གང་ལྟར་ཡང་སྲོག་ཆགས་གསོད་པའི་དམར་མཆོད་དང་ཉི་ཟླ་ལ་ཕྱག་མཆོད་སོགས་བྱེད་པའི་སྲོལ་རྒྱུན་དད་མོས་ཀྱི་རྗེས་སུ་འབྲངས་བཞིན་ཡོད་པ་གསལ་པོ་རེད། སྲོག་ཆགས་བསད་ནས་དམར་མཆོད་བྱེད་སྲོལ་དེ་བོད་ཀྱི་ཆོས་འབྱུང་ཚོ་ལས་བོན་གྱི་ལུགས་ཡིན་པར་བྲིས་ཡོད་པ་རེད། དེང་སྐབས་ཀྱི་བོན་གྱི་ལོ་རྒྱུས་འབྲི་མཁན་ཚོས་དེ་གཡུང་དྲུང་བོན་ཞེས་པ་དེ་མིན་པར་བོན་གཞན་ཞིག་རེད་ཅེས་རྩོད་པ་བྱེད་བཞིན་ཡོད་པ་རེད། བོན་ག་རེ་ཡིན་མིན་གང་ལྟར་ཡང་བོད་ཀྱི་སྲོལ་རྒྱུན་ཡིད་ཆེས་དད་མོས་ངོ་མ་དེ་བཙན་པོ་ཁྲི་རལ་སྐབསཀྱི་རྡོ་རིང་ལས་འབྱུང་བ་ལྟར་སྲོག་ཆགས་བསད་ནས་མནའ་སྐྱེལ་དང་། ཉི་ཟླ་གཟའ་སྐར་ལ་ཕྱག་མཆོད་སོགས་བྱེད་བཞིན་ཡོད་པ་ཁུངས་སྐྱེལ་གསལ་ཐག་ཆོད་འདུག སྐུ་ཞབས་མཁར་རྨིའུ་ལགས་ཀྱིས་སངས་རྒྱས་ཆོས་ལུགས་མི་སྣས་ དེ་སྔ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་བཀས་བཅད་ཀྱིས་བཀག་པའི་གསང་སྔགས་ཀྱི་ ཉམས་ལེན་དང་ཁྱད་པར་སྔགས་ཀྱི་རྒྱུད་ནས་འབྱུང་བའི་སྦྱོར་བ་ཞེས་པ་ལག་ལེན་དངོས་ སུ་བསྟར་ཏེ་བུད་མེད་གང་རུང་ལ་འདོད་པ་བྱེད་པ་དང་། སྒྲོལ་བ་ཞེས་སེམས་ཅན་མཆོད་སྦྱིན་གྱི་ཆེད་དུ་བསད་པ་དང་བམ་སྒྲུབ་ཅེས་མི་རོ་ ཡོན་ཏན་ཚང་བ་ཞིག་རྙེད་ན་དེ་ལས་དངོས་གྲུབ་འབྱུང་བར་འདོད་པས་”གསོན་སྒྲོལ”ཞེས་ མི་དངོས་སུ་བསད་ནས་དེའི་རོ་སྒྲུབ་པ་སོགས་བྱུང་བར་བཤད། དུས་སྐབས་འདིའི་བོད་ཀྱི་སྤྱི་ཚོགས་ནང་ཁྲིམས་མེད་ཀྱི་བྱ་སྤྱོད་ཧ་ཅང་འཕེལ་ རྒྱས་བྱུང་། ཟེར་བ་དེ་ཚོ་ཡང་ཁུངས་མེད་མ་ཡིན་པར་བོད་རང་ལ་སྔར་ནས་ཡོད་པའི་དམར་མཆོད་ལམ་ལུགས་ལ་འགྲེལ་བཤད་གཏིང་ཟབ་ཙམ་བརྒྱབ་ནས་དེའི་རྗེས་སུ་འབྲངས་གྲབས་བྱེད་པ་ཡིན་མི་སྲིད་པ་ཞིག་མ་རེད། དེ་མིན་ན་སངས་རྒྱས་ཆོས་ལུགས་དར་བའི་ཡུལ་ལུང་གང་ན་ཡང་མི་བསད་ནས་ཆོས་སྒྲུབ་མཁན་མེད་ན་བོད་ལ་དེ་འདྲ་དར་དགོས་པའི་རྒྱུ་མཚན་མི་འདུག
སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་ མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར་བཙན་པོ་རིམ་བྱོན་གྱི་དུས་སྐབས་སུ་བོན་ཆོས་བྱེད་ མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤྭ་བ་སྟོང་ཕྲག་ མང་པོ་བསད་ནས་ལྷ་ལ་མཆོད་ཚུལ་བཤད་ཡོད་ཀྱང་། བཙན་པོ་རྣམས་ཀྱི་དུས་སུ་ཤྭ་བ་སོགས་རི་དྭགས་གང་བྱུང་གིས་བསད་མི་ཆོག་པའི་ ཁྲིམས་གཏན་འབེབས་བཟོས་པའི་ཡིག་ཆ་དེང་སང་ཏུན་ཧོང་ཡིག་རྙིང་གྲས་སུ་ཡོད། ཤྭ་བ་སྒོ་ཕྱུགས་བྱས་པ་བོད་ཀྱི་ལོ་རྒྱུས་ཐོག་མེད་ལ།རི་དྭགས་ཡིན་ན་སྟོང་ཕྲག་ མང་པོ་དུས་གཅིག་ཏུ་བསད་པ་ཕུད། ཉུང་ཤས་བསད་ཡང་ཁག་པོ་ཡིན།འོན་ཀྱང་ཁྲི་རལ་བ་ཅན་གྱི་རིང་ལ་བོད་རྒྱ་བར་སྤྱི་ལོ822ལོར་ ཞི་བདེའི་ཆིངས་ཡིག་འཇོག་སྐབས་རྟ་དང་སྤྲེལ་ཁྱི་གསུམ་བསད་དེ་བཙན་པོའི་སྐུ་བླ་ ཡར་ལྷ་ཤམ་པོ་དང་ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ནས་མནའ་བོར་བའི་ལོ་རྒྱུས་འདི་ ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་མ་སླད་པའི་དངོས་སུ་བྱུང་བའི་ལོ་རྒྱུས་ཡིན།དེར་ རྟེན་དུས་སྐབས་འགངས་ཆེ་བའི་སྐབས་སུ་སེམས་ཅན་བསད་ནས་མནའ་བོར་བའི་ལུགས་སྲོལ་ བྱུང་ཡོད།འོན་ཀྱང་འདི་ཡུལ་གྱི་ལུགས་སྲོལ་ཡིན་པ་ལས་ཆོས་ལུགས་མིན། ཞེས་པ་འདི་སྐབས་མ་བབ་པའི་སྐད་ཆ་ཞིག་རེད་ལ་ནང་འགལ་ཡང་རེད། ཆོས་ཀྱི་ཤུགས་རྐྱེན་ཆེ་སོང་བའི་ཁྲི་རལ་གྱིས་འདི་འདྲ་བྱེད་བཞིན་ཡོད་ན་མང་ཚོགས་ཁྲོད་དང་རྒྱལ་པོ་གཞན་གྱི་རིང་ལ་སྲོག་ཆགས་སྟོང་བསད་ཟེར་བ་དེ་ཡིད་ཆེས་མི་ཐུབ་པ་ཞིག་གང་ཡང་མ་རེད། སྲོག་ཆགས་བསད་ནས་དམར་མཆོད་བྱེད་པ་འདི་ཡིད་ཆེས་དད་མོས་དང་འབྲེལ་བའི་སྲོལ་རྒྱུན་ཞིག་ཡིན་སྟབས་ཆོས་ལུགས་མ་རེད་ཟེར་ནས་མཐའ་གཅིག་ཏུ་ཤུགས་ཆེན་པོས་བཤད་པ་འདི་དེ་ཙམ་དགོས་ནུས་མི་འདུག ཅུང་ཙམ་རིང་སོང་། དགོངས་དག
བོད་མི་ཚོས་གཟིགས་དང་གསན་དང༌།
ཨ་ནུ་ཐང་བསོད་ནམས་ཟེར་བ་འདི་ཡིས་བོད་རྒྱ་ཁོངས་སུ་བསྒྲུབ་ཀྱིན་འདུག
ངོམ་དགོས་པ་ལ་ངོམ་ཚུལ་མ་ཤེས་པ་འདི་འདྲའི་ཞབས་འདྲེན་ལུང་པ་གང་ཞུས་འདུག
ཁོས་བྲིས་པ་འདི་ལྟར།
༼བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་དམངས་ཤོག་སྒོར་ལྔ་བཅུའི་སྟེང་མཐོང་རྒྱུ་ཡོད་ལ་བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་ཀྱང་། མོན་རྟ་དབང་གི་ཡི་གེ འོ་་་མ་རེད་་མ་རེད་ཧི་རྒྱབ་མི་མང་གི་ཡི་གེ་རྒྱ་བལ་སྒོར་མོའི་སྟེང་མཐོང་དུ་མེད་ལ་མ་འོངས་མཐོང་རྒྱུ་དཀའ་སྟེ།༽
བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་མང་ཤོག་སྒོར་སྟེང་དུ་བཀོད་པ་འདི་ཧ་གོ་ན་ཁྱོད་ཀྱིས་ངོམ་རྒྱུའི་རྟགས་མཚན་མ་རེད། དེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་རྟགས་མཚན་རེད། ད་དུང་ཝ་རྔ་དེ་ཡིས་ངོམ་གྱི་འདུག
བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་པ་དེ་ཁྱོད་ཀྱིས་དར་ཕྱར་དུང་འབུད་ནས་ངོམ་རྒྱུ་ཞིག་མ་རེད
དེ་བོད་ཡིག་དེ་རྒྱ་ནག་གི་སྐད་ཡིག་གི་སྡེ་ཚན་དུ་གཏོགས་ཚུལ་གྱིས་དོན་དུ་བོད་དང་བོད་ཀྱི་རིགས་གཞུང་ཐམས་ཅད་རྒྱ་ནག་གི་ཡིན་པར་གྲུབ་པ་རེད།
ད་ཞབས་འདྲེན་ཞུས་འདུག
ཕྱི་རྒྱལ་དུ་རྒྱ་ནག་གིས་བོད་ཀྱི་ཤེས་རིག་འགྲེམས་སྟོན་བྱེད་པར་བཙན་བྱོལ་བོད་མི་ཁྱོད་མ་གཏོགས་པ་རྣམས་ཀྱིས་ངོ་རྒོལ་དྲག་པོ་བྱེད་པ་རྒྱུ་མཚན་གང་རེད། རྒྱ་མིའི་རྒྱུག་ཁྱི་ཁྱོད་ཀྱིས་དུང་འབུད་དར་འཕྱར་ནས་དགའ་བསུ་ཞུས་སྟངས་འདི་ཡིས་ངས་ཁྱོད་ལ་རྒྱ་ནག་གི་རྒྱུག་ཁྱི་དང་རྒྱ་ནག་གི་སོ་པ་རེད་ཅེས་བཤད་དགོས་པའི་རྒྱུ་མཚན་དེ་རེད།
ད་ཁ་བརྡ་འདིར་རང་མི་རིགས་བོད་ཀྱི་རྒྱལ་ཞེན་ཡོད་མཁན་ཡོད་ན་ཁོ་ལ་དགག་དགོས་ཀྱི་དུས་ཤར་འདུག
རང་མི་རིགས་ཀྱི་རྒྱལ་ཞེན་རིང་དུ་དོར་ཏེ་ཆོས་ལུགས་ཀྱི་རུ་ཏྲས་སྨྱོས་ཤིང་བཞུགས་འདོད་ན་ཨ་ནུ་ཐང་བསོད་ནམས་ཀྱི་རྗེས་སུ་ཤ་ཁྱི་བཞིན་ར྄ྔ་མ་གཡུག་སྟེ་ཕེབས་རོགས་གནང༌།
མདའ་ཚན་པས་གསུངས་པའི་རྒྱ་མི་ཞིག་གིས་ཞང་ཞུང་རྒྱལ་པོའི་ཕོ་བྲང་ནག་ཆུ་རུ་རྙེད་ཟེར་བ་དེ་ཁུངས་འཁྱོལ་བ་ཞིག་ཡིན་ན་ཉེ་ཆར་གྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གི་རྐུབ་ཕུད་པ་རེད། ཉེ་རབས་ལོ་རྒྱུས་འབྲི་མདོག་བྱེད་མཁན་མང་པོ་ཞིག་གིས་ཞང་ཞུང་གི་རྒྱལ་ས་མཚོ་མ་ཕམ་གྱི་ཉེ་འཁོར་ཞིག་ཡིན་པར་བཤད་གི་ཡོད་པ་རེད། ནག་ཆུ་དང་ཆབ་མདོ་ས་ཁུལ་དེ་ཚོ་སུམ་པ་ཡིན་པ་ལས་ཞང་ཞུང་རེད་ཟེར་བ་དེ་ལ་རྒྱུ་མཚན་ཆེན་པོ་ཞིག་མི་འདུག བཙན་པོ་སྲོང་བཙན་གྱི་དུས་སུ་དམག་གི་སྟོང་སྡེ་གླེང་སྐབས་ཞང་ཞུང་སྟོང་སྡེ་ཟེར་བ་ཞིག་འདུག ཡིན་ན་སྲིད་འཛིན་ས་ཁུལ་དབྱེ་སྐབས་སུ་སུམ་པའི་རུ་ཟེར་བ་ལས་ཞང་ཞུང་གི་རུ་ཟེར་བ་ཞིག་མི་འདུག སྐབས་དེར་བོད་ཀྱི་རུས་ཆེན་བཞིའི་རུས་རྒྱུད་རྐྱང་པའི་ས་ཁུལ་དུ་བགྲངས་བའི་ཞང་ཞུང་འ་ཞ་སུམ་པ་མེ་ཉག་བཞིའི་ནང་ནས་ས་རྒྱ་ཆེ་ཤོས་དེ་སུམ་པ་དང་འ་ཞ་མིན་ནམ་སྙམ་པ་ཞིག་འདུག ཤེས་རིག་གི་ཆ་ནས་ཞང་ཞུང་ལ་བོན་དར་རྒྱས་ཆེ་བ་ལས་གཞན་གསུམ་ལ་འབུར་དུ་ཐོན་པའི་ཤེས་རིག་དེ་འདྲ་ཡོད་པ་ཤེས་མ་བྱུང་།
ལ་སྟོད་བུ།
ཡང་སྤོབས་པ་མཐའ་ཡས་ཟེར་བ་འདི་ཡིས་མ་ཤེས་ཤེས་མདོག་གིས་གཅིག་བཤད་ཡོང་གི་འདུག ཁྱོད་དང་ཁྱོད་འདྲ་བས་རྟག་ཏུ་བོད་ཀྱི་ཆོས་དང་རིགས་གཞུང་ལམ་ལུགས་སྲོལ་བཤད་དུས། ལེགས་པའི་ཆ་ཐམས་ཆད་རྒྱ་གར་ནས་བྱུང་ཚུལ་དང་དེ་དག་ཐམས་ཅད་ཀྱང་རྒྱ་གར་ནས་བྱུང་བའི་ནང་བསྟན་གྱིས་ཤུགས་རྐྱེན་ཐེབས་ཚུལ་དུ་བཤད་ཅིང༌། མ་ལེགས་པའི་ཆ་ཐམས་ཅད་སྔར་བོན་གྱི་ཤུལ་ཡིན་རབས་དང་བོན་པོའི་ཡིན་ཚུལ་ཤོད་པ་ནི་ཁྱོད་ཚོས་མ་ནི་བགྲངས་བ་ལས་ཀྱང་མང་བར་བཤད་ཟིན།
ཁྱོད་ལ་སྤོབས་པ་ཡོད་ན་བོན་པོས་དམར་མཆོད་འབུལ་ཚུལ་དང་སྲོག་གཅོད་ཀྱི་མནའ་སྐྱེལ་དེ་དག་བོན་པོའི་ལུགས་སྲོལ་ཡིན་པར་བོན་གྱི་ལོ་རྒྱུས་དང་ཆོས་འབྱུང་ནས་ལུང་ཁྱེར་ཤོག དེ་མིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཟེར་བ་དང་ཐུའུ་ཀན་དེ་བཞིན་བདུད་འཇོམས་ལས་སོགས་ཀྱིས་བཤད་པ་ནས་ལུང་དྲངས་ན་ངོས་ལན་མེད་པ་སྔར་ངས་ཁྱོད་ལ་བཤད་ཟིན། ཁྱོད་རང་གིས་བཤད་ཚོད་མ་བྱས་ན། ཁྱོད་བན་དེའི་ལུང་འདྲེན་བྱས་ཏེ་སླར་ཡང་ཡོང་འདོད་ན། ངས་བོན་པོའི་ལུང་འདྲེན་བྱས་ཏེ་རྒྱ་གར་ནས་མཆེད་པའི་ནང་བསྟན་དེ་ལོག་ཆོས་ཡིན་པར་སྒྲུབ་རྒྱུ་ཡིན། དེ་དུས་ཁྱོད་ཀྱིས་ཁས་མི་ལན་ཟེར་ན་ངས་ཐལ་ངག་རྣམ་དག་གི་ཐལ་འགྱུར་དང༌། ཚུལ་གསུམ་རིགས་པའི་སྒོ་ནས་ཁྱབ་འགྲིག་གིས་རྟགས་བསལ་གཏོང་རྒྱུ་ཡིན་པས་དེ་དུས་ཁྱོད་ཀྱིས་ཅིག་ཅིག་མིག་མིག་ཟེར་ནས་ཁ་བཙུམ་ན་མི་འགྲིག
དེ་དུས་ཆོས་ལུགས་ཀྱི་སྙོག་གཞི་སློང་གི་འདུག་ཟེར་མཁན་བྱུང་ན་ཁྱོད་རང་རྩིས་འཕྲོད་བྱེད་ངེས་ཡིན་པས་དེ་ཁྱོད་ཀྱིས་ཤེས་དགོས།
ད་དུང་དེ་ཡིས་ག་ལ་ཚད་རྙིང་མས་དགེ་ལུགས་ལ་དམའ་འབེབས་དང༌། དགེ་ལུགས་ཀྱིས་རྙིང་མར་དམའ་འབེབས་དང༌། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་ལ་སྐྱོན་བརྗོད་བྱས་པ་ཐམས་ཅད་བོང་བུའི་ནང་ཆ་ཁྲོམ་དུ་སྟོན་ངེས་ཡིན་པས་དང་པོ་ནས་ཤེས་དགོས།
ང་ལ་དེ་ལྟར་བཤད་འདོད་རྩ་བ་ནས་མེད། མནའ་བསྐྱལ་ཆོག འོན་ཀྱང་། ཝ་མི་རྒྱལ་ཁག་མེད་འདྲེ་ཡིས་འགྲམ་ལྕག
ནམ་མི་ལང་ཁག་མེད་ཉི་མས་ཕུལ་རྒྱག
ཅེས་པའི་དཔེ་ལྟར་ཁྱེད་ཚོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལས་སོགས་ཀྱི་སྨྱོ་གཏམ་དེ་ཚོ་ཁྲོམ་དུ་སྤུངས་འདོད་ཡོད་ན་ངས་ཀྱང་དེ་བཞིན་ཚོང་རྫས་ཁྲོམ་གསེབ་ཏུ་སྤུངས་ངེས་ཡིན་ནོ།
ད་དུང་གཅིག་བཤད།
ཕྱི་ལོ་ཉིས་སྟོང་ཡས་མས་ཞིག་ལ་རྒྱ་ནག་གིས་དཔོན་རིགས་ཤིག་ཨ་རིར་འབྱོར་སྐབས
ཨ་རི་ཡིས་དཔོན་རིགས་དེ་ལ་བོད་ཀྱི་ཆོས་དང་རིགས་ཞུང་དེ་དག་རྩ་གཏོར་མ་གཏོང་རོགས་ཞེས་བཤད་པར། རྒྱ་ནག་གི་དཔོན་རིགས་དེ་ཡིས་བོད་ཀྱི་ཆོས་དང་རིགས་གཞུང་ཟེར་བ་གང་རེད་ཅེས་དྲིས་པར། ཨ་རི་ཡིས་ནང་པའི་ཆོས་དང་རིགས་གཞུང་དེ། ཟེར་དུས་ར྄ྱ་ནག་གི་དཔོན་རིགས་དེ་ཡིས་དེ་ནི་ཕྱི་རྒྱལ་གྱི་རིགས་གཞུང་ཞིག་རེད་ཅེས་བཤད་ཡོད། དེ་ལ་བོད་གཞུང་གིས་ཤེས་བྱའི་གསར་ཤོག་གི་སྟེང་དུ་ང་ཚོར་བློ་ཕམ་ཆེན་པོ་བྱུང་གསུང་ཡོད། བསམ་གཞིག་ཞིག་བྱོས་དང༌། ངོམ་རྒྱུ་མང་དྲག་ན་གནས་ཚུལ་དེ་རིགས་བྱུང་བ་རེད། ད་དུང་ཡོང་རྒྱུ་རེད། ཕ་མྱེས་ཡང་མྱེས་ཆོས་རིགས་རིང་དུ་དོར།
མི་རིགས་གཞན་གྱི་ཆོས་རིགས་མདུན་དུ་བླང༌།
ཡར་མེད་མར་མེད་བར་དོ་དྭ་ཕྲུག་བཞིན།
སྤྲེལ་ཕྲུག་མི་ཡུལ་གྱར་བ་སྔོན་གྱི་ལས།
བོན་ཟེར་བ་འདི་ཡང་སྟག་གཟིག་གི་ཡུལ་ནས་སྟོན་པ་གཤེན་རབ་ཟེར་བ་ཞིག་གིས་བསྟན་ནས་བོད་སྐད་དུ་བསྒྱུར་ནས་དར་བ་རེད་ཟེར་སྲོལ་ཞིག་བོན་པོ་ཚོར་འདུག དེ་ཡང་བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཅང་ཡིན་མདོག་མི་འདུག ངས་སངས་རྒྱས་ཀྱི་ཆོས་ཀྱི་ལུང་ཅང་འདྲེན་གྱིན་མེད། འདི་ན་མཁར་རྨེའུ་ཁོ་རང་གིས་བཤད་བཞིན་ཡོད་པའི་ཁྲི་རལ་པ་ཅན་གྱིས་སྲོག་ཆགས་བསད་ནས་མནའ་བོར་ཚུལ་གྱི་རྡོ་རིང་གི་ཡི་གེ་དེའི་སྐོར་ནས་བཤད་གི་ཡོད། སངས་རྒྱས་ཆོས་ལུགས་དར་ཁྱབ་མ་བྱུང་གོང་ལ་བོད་ཀྱི་སྲོལ་རྒྱུན་ཡིད་ཆེས་དེ་སྲོག་ཆགས་བསད་ནས་དམར་མཆོད་ཀྱི་ཆོས་ལུགས་ཤིག་ཡིན་ཐག་ཆོད་རེད། ཁྱེད་ཚོས་ཆོས་ལ་དད་པ་ཆེ་དྲགས་སོང་ཟེར་ནས་གཤེ་བཞིན་པའི་བཙན་པོ་ཁྲི་རལ་གྱིས་སྲོག་ཆགས་བསད་ནས་ཉི་ཟླ་གཟའ་སྐར་ལ་ཕྱག་མཆོད་བྱེད་ཀྱིན་ཡོད་ན་གཞན་པ་ཚོ་ཡིན་དང་ཡིན། དེ་བོན་ཡིན་མིན་དང་བོན་ཡིན་ན་བོན་དཀར་ནག་སོགས་གང་ཡིན་ངས་མི་ཤེས། ངས་ཆོས་ལུགས་ཅང་བཤད་ཀྱིན་མེད། མདོར་ན་བོད་ཀྱི་སྔོན་དུས་ཀྱི་ཆོས་ལུགས་གཙོ་བོ་དེ་དེ་ལྟ་བུ་ཞིག་རེད།
མདའ་ཚན་པ་དང་ཀརྡོ་རབ་འབྱམས་པ་ཟུང་ལ་ཆེད་དུ་སྤྲིངས་པ།
ཕྱོགས་ཞེན་མེད་པའི་ཁ་ཚ་དགོས་གཏུག་གི།།
བགྲོ་གླེང་ལྷུག་པོར་གནང་བའི་གཟུར་གནས་གཉིས།།
མདའ་ཚན་པ་དང་ཀརྡོ་རབ་འབྱམས་པ།།
རྣམ་པ་གཉིས་ལས་མ་དམིགས་ཡི་རངས་ཞུ།།
མཁར་རྨེའུ་མཁས་པའི་གསུངས་ལ་ཡི་རངས་ཀྱིས།།
བསྟོད་བསྔགས་ཕུལ་ན་རྣམ་གཉིས་མི་འཐད་པའི།།
རྣམ་འགྱུར་སྣ་ཚོགས་སྟོན་པའི་ངང་ཚུལ་ལ།།
རྒྱ་ཆེ་གཟུར་གནས་གང་ཞིག་དགོད་རེ་བྲོ།།
ཕྱོགས་ཞེན་མེད་པའི་གྲུབ་མཐའ་འཛིན་པ་ཞིག།
ཡོད་ན་གྲུབ་པའི་མཐའ་ལ་ཇི་ལྟར་གནས།།
ཕྱོགས་ཞེན་བྲལ་བའི་དྲར་འཁྱམས་སོ་སྐྱེས་ཤིག།
མཇལ་དུ་ཡོད་ན་རྩ་བའི་བླ་མར་འདུད།།
སྤྱིར་སྤོབས་པ་ཟེར་བ་འདིས་ག་དུས་ཡིན་ན་སྤོབས་པ་ཆེ་འདོག་དང་མ་ཤེས་འདོག་གིས་སྐད་ཆ་རྐྱང་བཤད་བཞིན་འདུག སྲོག་ཆགས་བསད་ནས་མནའ་བོར་ཚུལ་གྱི་ལུགས་སྲོལ་དེ་ཁྱོད་ཀྱི་ཕ་ཡུལ་གཅན་ཚ་ན་ཡོད་པ་བརྗེད་སོང་ངམ། ཟླ་གྲངས་ཚེས་གྲངས་ལ་སོགས་བྲིས་ནས་ངོ་སྤྲོད་ཞུ་མི་དགོས་པར་གྱིས།
ལུགས་སྲོལ་དེ་བོན་པོ་ཚང་གི་ལུགས་སྲོལ་ཅི་ཡང་མ་རེད། བོད་ས་ཁུལ་དུ་གཞི་བདག་ལ་གསུར་གཏོང་ལུགས་ཤིག་ཡོད། ཡིན་ན་ཡང་ཡེ་ཤེས་པའི་ལྷ་ལ་འགྲིག་གི་མ་རེད། དེའི་ཁྱད་པར་ཤེས་པར་གྱིས། དོན་མེད་ཉོག་གཏམ་ནུབ་ཕྱོགས་འགྲིམ་པའི་ཉོག་གཏམ་འདྲ་བོ་མ་བཤད་རོགས་ཞུ།
སྤོབས་པ་མཐའ་ལགས།
སྤོབས་པ་མཐའ་ཡས་ཀྱིས།
༼སྲོག་ཆགས་བསད་ནས་དམར་མཆོད་བྱེད་སྲོལ་དེ་བོད་ཀྱི་ཆོས་འབྱུང་ཚོ་ལས་བོན་གྱི་ལུགས་ཡིན་པར་བྲིས་ཡོད་པ་རེད།༽
ཁྱོད་ཀྱིས་ལུང་དྲངས་པ་མེད་ན་དེ་གང་རེད། དེ་ཁྱོད་ཀྱིས་བོན་ལུགས་ལ་དམར་མཆོད་བྱེད་པའི་སྲོལ་ཡོད་པ་རྒྱབ་རྟེན་གྱི་ལུང་དྲངས་པ་མ་རེད་དམ།
ངས་དེ་ལ་བཤད་ཀྱིན་ཡོད།
བོད་ཀྱི་གཏམ་དཔེར།
གཏམ་གཅིག་བབས་ན་ཚིག་ཟུར་ནས་ཡོང༌།
སྤྱང་གཅིག་བབས་ན་རི་ཟུར་ནས་བབས།
ཟེར་བའི་དཔེ་ལྟར། ཁྱོད་ཀྱིས་དེ་རྒྱབ་རྟེན་དུ་ཁྱེར་ཡོང་བ་མ་རེད་དམ།
མིན་ན་འདིར་གླེང་དགོས་མེད།
མཁར་རྨེའུ་ཡིས། རྒྱལ་པོ་དད་ལྡན་དང་། གཅེན་པོ་རྒྱལ་སྲས་དད་མེད་སྤྱོད་ངན་གཉིས་ཀྱི་དངོས་བྱུང་ལོ་རྒྱུས་སྦས་པའི་སྲོམ་ཧྲུལ་འདིས། ། དེའི་སྐབས་ཀྱི་ནང་བློན་དང་བོན་བློན་བར་གྱི་འཁོན་འཛིན་སྐབས་འཚོལ་བར་དཀར་འདོན་བྱས་དོན་ལ་རྒྱུ་མཚན་ཁུངས་བསྐྱེལ་མེད་སྟངས་ནི།
་་་། འདི་དག་ཚང་མར་གྲྭ་པ་མི་ཉུང་ཞིག་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་ཡོད། ་་་། མི་ཉུང་བ་ཞེས་པ་འདི་ལ་ཁུངས་ཡོད་ན་འཁྱེར་ཤོག
་་་་རྒྱལ་བོ་ཁྲི་དར་མའི་སྲིད་གཞུང་དང་མི་དམངས་ལ་དཔལ་འབྱོར་ཐོག་ནས་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ་མངོན་དུ་གསལ། ་་་ དཔལ་འབྱོར་དཀའ་ངལ་བྱུང་སྟངས་གསུངས་རོགས།
་་་ཆོས་ཀྱི་མཐུན་རྐྱེན་དང་དམག་དོན་གྱི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས་་ ་་་ །འགྲོ་གྲོན་གཉིས་ཕལ་ཆེར་མཉམ་པོར་ཆགས་སྟངས་མི་འདུག
་་་མི་འབོར་གྱི་ཐོག་ནས་ཀྱང་དཀའ་ངལ་བྱུང་ཡོད།། ་་་ །རྒྱལ་སྲས་སྡིག་ཅན་ཁྲིར་འཁོད་པ་དང་ལམ་སེང་མི་འབོར་ཉུང་སྟངས་འཁྱེར་ཤོག
་་་གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཡང་་ །ནང་རྟེན་རྙིང་བཅོམས་བོན་རྟེན་གསར་བརྩིགས་མིན་ནམ།
་་་་ཐམས་ཅད་ཀྱིས་མི་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ།” ་་་། ཞེས་པའི་”གཡུང་དྲུང་”ཚིག་གི་སྨོན་ཚིག་འདི་བོན་པོའི་སྨོན་ཚིག་ཅིག་མ་རེད་པེ།
་་་སྙིང་ན་ནས་རྒྱལ་བོ་བཀྲོངས་བ་ལ་ཧ་ལས་དགོས་དོན་མེད་ན་ཡང་་་་ །ཚིག་དྲང་པོ་འདི་ཡིས་རྒྱབ་ལོག་ལ་ལོ་རྒྱུས་དྲང་པོ་ཞིག་མེད་པར་བསྙོན་ཐུབ་བམ།
མདོར་བསྡུས་ནས་བཤད་ན། འཛམ་གླིང་གང་སར་རྒྱལ་ཁམས་གཅིག་གི་རྒྱལ་བློན་འདོད་རྔམས་དང་མི་དམངས་ལ་དུག་རྩུབ་ཅན་གྱིས་འགོ་ཆོས་བྱེད་ནས་དད་ལྡན་མི་མང་ལ་དཀའ་ངལ་ཕྲད་བགྱིད་ཡོད་པ་༥༩འི་ལོ་རབས་འདིས་ཀྱང་ཤེས་མི་ཐུབ་བམ།
འདི་ཚོ་ལ་འགག་ལན་དང་དྲི་ལན་མཁར་རྨེའུ་གཡུང་དྲུང་ངམ། འདི་གཡུང་དྲུང་དང་དེ་གཡུ་དྲུང་རྗེས་འབྲངས་སུ་རུང་ཞིག་གིས་གནོངས་རོགས་ཞུ། གྲི་གུམ་དང་གླང་དར། མྰའོ་གསུམ་གྱིས་སྒྲིབ་ནག་དེའི་རིགས་བོད་རྒྱ་གང་དུ་ཡང་མི་ཕོག་པའི་སྨོན་འདུན་དང་བཅས།
བོན་པོ་དང་བནྡྷེའི་ལུགས། ནང་ཆོས་དང་བོན་པོའི་སྐོར་ལ་བགྲོ་གླེང་དུ་མ་བྱས་འདུག ཕྲན་ལ་ནི་བོན་པོ་ངན་པ་ཡིན་དང་བནྡྷེ་བཟང་པོ་ཡིན་པའི་གོ་རྟོགས་ཆེན་པོ་གང་ཡང་མེད། གཉིས་ཀ་བཟང་པོ་ཞིག་ལོས་ཡིན་བསམ་གྱིས་ཡོད། ཤེར་ཕྱིན་འབུམ་ནི་བོན་གྱི་འབུམ་དང་ཚིག་དོན་གཅིག་རེད། གཞི་འཛིན་ས་དེ་བོན་ཡིན་ན་སྔ་མོ་རྒྱ་གར་དུ་བོན་དར་ནས་བོན་དཔེ་རྒྱ་གར་ཏུ་འགྱུར་བ་ཡིན་དགོས། དེ་མིན་ན་རྒྱ་གར་ཡི་གེ་ལས་རྒྱ་ནག་དང་། བལ་ཡུལ་དུ་ཅི་ལྟར་འགྱུར། རྫོགས་ཆེན་ཡང་བོན་ལ་བཞུགས། དེ་ཡང་རྒྱ་གར་དུ་འགྱུར་དེ་ནས་གཞན་དུ་དར་བ་ཡིན་དགོས། ཡང་ན་ས་ཕྱོགས་སོ་སོར་སངས་རྒྱས་ཀྱི་འཕྲིན་ལས་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྟན་པ་ཡིན་ཡང་སྲིད། དཔེར་ན་ཞང་ཞུང་སྙན་བརྒྱུད་དུ་གྲགས་པ་ཡང་རྫོགས་ཆེན་སྙན་བརྒྱུད་འདྲ་ས་མང་། མ་ཟད་རྙིང་ན་རིག་འཛིན་འཇིགས་མེད་གླིང་པའི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། ཤར་རྫ་བའི་ཀུན་བཟང་སྙིང་ཏིག་ཚིག་དོན་དགོངས་པ་གཅིག་ཏུ་བབ་འདུག དཔེར་ན། ཡེ་ཤེས་བླ་མར། རྫོགས་པ་ཆེན་པོ་ཀློང ཆེན་སྙིང་ཏིག་གི་གདོད་མིའི་མགོན་པོའི་ལམ་ཀྱི་ཁྲིད་ཡིག་ཡེ་ཤེས་བླ་མ་ཞེས་བ། བཅོམ་ལྡན་འདས་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །བོན་ཀུན་བཟང་སྙིང་ཏིག་ཏུ། འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་ཁྲིག་ཡིག་ཀུན་ཏུ་བཟང་པོའི་སྙིང་ཏིག་ཅེས་བྱ་བ། རིག་པ་རང་བྱུང་གི་སྟོན་པ་གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་ལོ། ། ཡེ་ཤེས་བླ་མར། གང་གི་རང་བཞིན་ནམ་མཁའི་དབྱིངས་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པས། །སྲིད་དང་ཞི་བར་ཡང་ཡེ་མི་མངའ་རྣམ་པ་ཐམས་ཅད་མཆོག་ལྡན་ཉིད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་སྣང་ཆ་ཙམ་དུ་མཚོན་པའི་དཔལ། །གདོད་མའི་མགོན་པོ་བཙུན་མོར་བཅས་པ་བདག་བློའི་པད་མཚོར་རྒྱལ་གྱུར་ཅིག ། བོན་ཀུན་བཟང་སྙིང་ཏིག་ཏུ། བོན་སྐུའི་གནས་ལུགས་ནམ་མཁའི་དབྱིངས་ལྟར་བསམ་མི་ཁྱབ་པའི་རང་བཞིན་ནི། །དངོས་དང་མཚན་འཛིན་སྤྲོས་པ་སྤངས་མིན་ཡེ་ནས་མི་མངའ་ཟང་ཀའི་ངང་། །སྐུ་དང་ཡེ་ཤེས་རྣམ་ཀུན་འབད་མེད་ལྷུན་གྱིས་གྲུབ་པའི་མཆོག་ལྡན་པ། །ཀུན་ཀྱིས་སྔོན་རོལ་མངོན་པར་བྱང་ཆུབ་པ་དེ་བདག་བློའི་པད་མཚོར་རོལ། ། ཟེར་བ་སོགས་མགོ་ནས་མཇུག་བར་ཚིག་དོན་རེ་རེ་བཞིན་བསྡུར་ཆོག་ཡོད་པ་ལས་བོན་རྙིང་འདྲ་བ་ཤེས་ནུས་སོ། །
ཡང་སྤོབས་པ་མཐའ་ཡས་ཟེར་བ་འདི་ཡིས་མ་ཤེས་ཤེས་མདོག་གིས་གཅིག་བཤད་ཡོང་གི་འདུག ཁྱོད་དང་ཁྱོད་འདྲ་བས་རྟག་ཏུ་བོད་ཀྱི་ཆོས་དང་རིགས་གཞུང་ལམ་ལུགས་སྲོལ་བཤད་དུས། ལེགས་པའི་ཆ་ཐམས་ཆད་རྒྱ་གར་ནས་བྱུང་ཚུལ་དང་དེ་དག་ཐམས་ཅད་ཀྱང་རྒྱ་གར་ནས་བྱུང་བའི་ནང་བསྟན་གྱིས་ཤུགས་རྐྱེན་ཐེབས་ཚུལ་དུ་བཤད་ཅིང༌། མ་ལེགས་པའི་ཆ་ཐམས་ཅད་སྔར་བོན་གྱི་ཤུལ་ཡིན་རབས་དང་བོན་པོའི་ཡིན་ཚུལ་ཤོད་པ་ནི་ཁྱོད་ཚོས་མ་ནི་བགྲངས་བ་ལས་ཀྱང་མང་བར་བཤད་ཟིན།
ཁྱོད་ལ་སྤོབས་པ་ཡོད་ན་བོན་པོས་དམར་མཆོད་འབུལ་ཚུལ་དང་སྲོག་གཅོད་ཀྱི་མནའ་སྐྱེལ་དེ་དག་བོན་པོའི་ལུགས་སྲོལ་ཡིན་པར་བོན་གྱི་ལོ་རྒྱུས་དང་ཆོས་འབྱུང་ནས་ལུང་ཁྱེར་ཤོག དེ་མིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཟེར་བ་དང་ཐུའུ་ཀན་དེ་བཞིན་བདུད་འཇོམས་ལས་སོགས་ཀྱིས་བཤད་པ་ནས་ལུང་དྲངས་ན་ངོས་ལན་མེད་པ་སྔར་ངས་ཁྱོད་ལ་བཤད་ཟིན། ཁྱོད་རང་གིས་བཤད་ཚོད་མ་བྱས་ན། ཁྱོད་བན་དེའི་ལུང་འདྲེན་བྱས་ཏེ་སླར་ཡང་ཡོང་འདོད་ན། ངས་བོན་པོའི་ལུང་འདྲེན་བྱས་ཏེ་རྒྱ་གར་ནས་མཆེད་པའི་ནང་བསྟན་དེ་ལོག་ཆོས་ཡིན་པར་སྒྲུབ་རྒྱུ་ཡིན། དེ་དུས་ཁྱོད་ཀྱིས་ཁས་མི་ལན་ཟེར་ན་ངས་ཐལ་ངག་རྣམ་དག་གི་ཐལ་འགྱུར་དང༌། ཚུལ་གསུམ་རིགས་པའི་སྒོ་ནས་ཁྱབ་འགྲིག་གིས་རྟགས་བསལ་གཏོང་རྒྱུ་ཡིན་པས་དེ་དུས་ཁྱོད་ཀྱིས་ཅག་ཅིག་མིག་མིག་ཟེར་ནས་ཁ་བཙུམ་ན་མི་འགྲིག
དེ་དུས་ཆོས་ལུགས་ཀྱི་སྙོག་གཞི་སློང་གི་འདུག་ཟེར་མཁན་བྱུང་ན་ཁྱོད་རང་རྩིས་འཕྲོད་བྱེད་ངེས་ཡིན་པས་དེ་ཁྱོད་ཀྱིས་ཤེས་དགོས།
ད་དུང་དེ་ཡིས་ག་ལ་ཚད་རྙིང་མས་དགེ་ལུགས་ལ་དམའ་འབེབས་དང༌། དགེ་ལུགས་ཀྱིས་རྙིང་མར་དམའ་འབེབས་དང༌། དེ་བཞིན་ཆོས་ལུགས་ནང་ཕན་ཚུན་ལ་སྐྱོན་བརྗོད་བྱས་པ་ཐམས་ཅད་བོང་བུའི་ནང་ཆ་ཁྲོམ་དུ་སྟོན་ངེས་ཡིན་པས་དང་པོ་ནས་ཤེས་དགོས།
ང་ལ་དེ་ལྟར་བཤད་འདོད་རྩ་བ་ནས་མེད། མནའ་བསྐྱལ་ཆོག འོན་ཀྱང་། ཝ་མི་རྒྱལ་ཁག་མེད་འདྲེ་ཡིས་འགྲམ་ལྕག
ནམ་མི་ལང་ཁག་མེད་ཉི་མས་ཕུལ་རྒྱག
ཅེས་པའི་དཔེ་ལྟར་ཁྱེད་ཚོས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལས་སོགས་ཀྱི་སྨྱོ་གཏམ་དེ་ཚོ་ཁྲོམ་དུ་སྤུངས་འདོད་ཡོད་ན་ངས་ཀྱང་དེ་བཞིན་ཚོང་རྫས་ཁྲོམ་གསེབ་ཏུ་སྤུངས་ངེས་ཡིན་ནོ།
༼བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་དམངས་ཤོག་སྒོར་ལྔ་བཅུའི་སྟེང་མཐོང་རྒྱུ་ཡོད་ལ་བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་ཀྱང་། མོན་རྟ་དབང་གི་ཡི་གེ འོ་་་མ་རེད་་མ་རེད་ཧི་རྒྱབ་མི་མང་གི་ཡི་གེ་རྒྱ་བལ་སྒོར་མོའི་སྟེང་མཐོང་དུ་མེད་ལ་མ་འོངས་མཐོང་རྒྱུ་དཀའ་སྟེ།༽
བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་ཤོག་སྒོར་སྟེང་དུ་བཀོད་པ་འདི་ཧ་གོ་ན་ཁྱོད་ཀྱིས་ངོམ་རྒྱུའི་རྟགས་མཚན་མ་རེད། དེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་རྟགས་མཚན་རེད། ད་དུང་ཝ་རྔ་དེ་ཡིས་ངོམ་གྱི་འདུག
བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་པ་དེ་ཁྱོད་ཀྱིས་དར་ཕྱར་དུང་འབུད་ནས་ངོམ་རྒྱུ་ཞིག་མ་རེད
དེ་བོད་ཡིག་རྒྱ་ནག་གི་སྐད་ཡིག་གི་སྡེ་ཚན་དུ་གཏོགས་ཚུལ་གྱིས་དོན་དུ་བོད་དང་བོད་ཀྱི་རགས་གཞུང་ཐམས་ཅད་རྒྱ་ནག་གི་ཡིན་ར་གྲུབ་པ་རེ
ཕྱི་རྒྱལ་དུ་རྒྱ་ནག་གིས་བོད་ཀྱི་ཤེས་རིག་འགྲེམས་སྟོན་བྱེད་པར་བཙན་བྱོལ་བོད་མི་ཁྱོད་མ་གཏོགས་པ་རྣམས་ཀྱིས་ངོ་རྒོལ་དྲག་པོ་བྱེད་པ་རྒྱུ་མཚན་གང་རེད། རྒྱ་མིའི་རྒྱུག་ཁྱི་ཁྱོད་ཀྱིས་དུང་འབུད་དར་འཕྱར་ནས་དགའ་བསུ་ཞུས་སྟངས་འདི་ཡིས་ངས་ཁྱོད་ལ་རྒྱ་ནག་གི་རྒྱུག་ཁྱི་དང་རྒྱ་ནག་ག་སོ་པ་བཤད་དགོས་པའི་རྒྱུ་མཚན་དེ་རེད།
ད་ཁ་བརྡ་འདིར་རང་མི་རིགས་ཀྱི་རྒྱལ་ཞེན་ཡོད་མཁན་ཡོད་ན་ཁོ་ལ་དགག་དགོས་ཀྱི་དུས་ཤར་འདུག
རང་མི་རིགས་ཀྱི་རྒྱལ་ཞེན་རིང་དུ་དོར་ཏེ་ཆོས་ལུགས་ཀྱི་རུ་ཏྲས་སྨྱོས་ཤིང་བཞུགས་འདོད་ན་ཨ་ནུ་ཐང་བསོད་ནམས་ཀྱི་རྗེས་སུ་ཤ་ཁྱི་བཞིན་རྔ་མ་གཡུག་སྟེ་ཕེབས་རོགས་གནང༌།
རྫོགས་ཆེན་བཤད་ན་རྫོགས་ཆེན་གྱི་དོན་གོ་དགོས། གཞུང་ལས། སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་བཤད་པ་དེ་དང་། རྙིང་མ་ཐེག་པ་རིམ་པ་དགུ་དང་བོན་གྱི་ཐེག་པ་རིམ་པ་དགུ་གྲངས་ཙམ་འདྲ་ནའང་དོན་ལ་ལོགས་སུ་ཡོད་པ་ཡིན་ཏེ། བན་དྟེའི་རྫོགས་ཆེན་གྱི་ལྟ་བ་དང་རྒྱུད་སྡེ་བཞིའི་ལྟ་བ་དབུ་མའི་ལྟ་བ་ལས་ལོགས་སུ་མི་འདོད་པ་༸གོང་ས་མཆོག་གིས་གསུང་ཆོས་ཀྱི་སྐབས་སུ་ཡང་ཡང་གསུངས་ཤིང་། གོང་གི་ལུང་དེས་ཀྱང་གྲུབ་པ་ཡིན། འོན་ཀྱང་བོན་པོའི་དབུ་མའི་ལྟ་བ་འདི་ལྟ་བ་ཀུན་གྱི་ཡང་རྩེ་ཡིན་པར་མི་འདོད་པར་མ་ཟད་རྫོགས་ཆེན་དང་རྒྱུད་སྡེ་ཆེན་པོ་བཞིའི་ལུགས་ལ་དབུ་མའི་ལྟ་བ་ལ་་ཟད་ཤོར་ཕྱར་ཆད་ཀྱི་སྐྱོན་བཞི་དང་ལྡན་པར་འདོད། རྫོགས་ཆེན་ལ་རང་གི་ཐུན་མིན་གྱི་ལྟ་བ་ཡོད་ལ་དེ་ལྟ་བ་ཀུན་གྱི་ཡང་རྩེ་ཡིན་པར་བརྟེན་འདི་ལ་བླ་མེད་ཀྱི་ཐེག་པའང་ཟེར། ད་དུང་བན་དྷེ་ནང་ཁུལ་དུ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཆོས་གསུངས་ཡོད་མེད་ཀྱང་རྩོད་བཞིན་འདུག་པས་གཞན་ལ་རྐུ་འཛུགས་རྒྱུ་མ་སྔ་ན་ལེགས། ཡོངས་གྲགས་སུ་བོད་བརྒྱུད་ནང་བསྟན་ཞེས་བཤད་ཀྱིན་འདུག་པའང་གནད་འགག་ཅིག་ལ་ཐུག་པ་རེད། རིག་གཞུང་རྩ་ཆེན་གང་ཞིག་ཡིན་རུང་མགོ་ཁུངས་བོད་ལ་གཏུགས་མི་ཆོག་པ་ལྟ་བུའི་འདུ་ཤེས་དེ་ད་ལྟའང་མ་འགག་པར་གནས་པ་ཡིད་སྐྱོ་བའི་གནས་རེད། རྒྱ་གར་བ་རྣམས་ཀྱིས་ཁོ་རང་ཚོའི་ལྷའི་བཞུགས་གནས་གངས་ཏི་སེར་འདོད་པ་དང་བྱས་བྱས་ཐམས་ཅད་ལྷས་བྱས་པར་འདོད། དེས་ན་རང་བཞིན་གྱིས་རྒྱ་གར་བའི་ཕུག་གཏུགས་ས་བོད་དང་ཡང་ན་ཞང་ཞུང་དུ་གྱུར་འདུག་མོད། མང་པོ་ཞིག་གིས་འདི་ལ་སྡང་ཟུག་བྱེད་ངེས་རེད།
འོན་ཀྱང་བོན་པོའི་ཞེས་པ་བོན་པོས་ཞེས་བཤད་སྒྲར་བཅོས་རོགས་གནོངས།
ཨ་ཙི་དགོངས་དག་ཡང་ནོར་འདུག བཤད་སྒྲ་ ཞེས་པ་ བྱེད་སྒྲར་ བཅོས་རོགས། འདིའི་ནང་ནོར་བ་ཡོད་ན་བཅོས་ཐུབ་ས་མ་རེད། ཐང་ཆད་ནས་རིལ་གྲབས་བྱེད་ཀྱིན་འདུག
ཀརྡོ་རབ་འབྱམས་པ་ལགས།
དམུ་ཐག་གི་བུ་ལོ། ཡིག་ནོར་གཙོ་བོ་མ་རེད་་་་་གང་ལྟར་ད་ཁྱོད་ཀྱི་ཡིག་ནོར་ལ་གླགས་ཁེལ་ས་མ་རེད།
ལ་སྟོད་བུ་ལགས།
ཁྱེད་ཀྱི་ང་ལ་མཚན་གང་ཞིག་བཏགས་ཀྱང་ཆོག་ཅིང་དེས་ཉིད་ཀྱི་སེམས་ཁ་གསོ་བ་ཕན་ཚེ་མུ་མཐུད་དུ་བཏགས་པའི་རེ་བ་ཡོད་ལ། སྤྲོ་སེམས་མཁོ་བའི་ངང་གུས་བསུས་བྱེད་ངེས་ཡིན།
ད་ནི་ཁྱེད་ལ་མཆན་ལན་མེད་པས་འུ་མ་ཐུག་འདུག འུ་མ་ཐུག་ན་རྫུན་བཤད་དགོས་དོན་མི་འདུག རྫུན་བཤད་ན་བོན་ཆོས་སུ་ཉེས་བ་འགྲོ་འམ། ཁྱེད་ཀྱིས”ད་སྨྱོ་ལབ་བཤད་ཡོང་གི་འདུག ཁྱོད་ཀྱིས་དང་པོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཆེ་བ་ངས་ཐུག་མྱོང་ཁོང་ཚོར་བོད་རིགས་ཀྱི་འདུ་ཤེས་མི་འདུག་ཅེས་བཤད་མྱོང་ངམ་མ་མྱོང༌། དེ་ལ་ལན་རྒྱོབ། སྐད་ཆ་སྔ་ཕྱིའི་གུང་ཀྱང་འབྲེལ་མི་ཐུབ་པར་ལོ་རྒྱུས་བཤད་མདོག་མ་བྱས་ན་ལེགས།” ངས་གོང་གི་མཆན་༧༠་༧༥ནང་དུ་ཧི་མའི་རི་སྟེང་གི་མི་མང་དང་འཕྲད་ཚུལ་ལས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཤོས་དང་འཕྲད་ཚུལ་གླེང་མེད་ལ་ཧི་མ་ལ་ཡའི་རི་འདབས་ཀྱི་མི་མང་དང་ཐུག་ཚུལ་དེ་བས་སྨོས་མེད། ངས་བཤད་པ” ཕྲན་ཧི་མའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན་ཞིང་། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན། ཧི་མི་རང་གི་ཆད་ཁུངས་བརྗེད་པའི་རྐྱེན་རྩའང་སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་ཀྱིས་བོད་མིའི་སེམས་ནང་གི་མངའ་ཁོངས་དང་རིགས་རིས་ཀྱི་འདུ་ཤེས་ཉམས་དམས་སུ་བཏང་པས་ཡིན།” རྫུན་གྱིས་ས་གོ་མི་ཆོད་ཅིང་རྫུན་གྱིས་ཁྱེད་ཉིད་ཀྱི་རིན་ཐང་བརླགས་པས་ཞེན་འདོད་ཀྱི་རྫུན་མ་བཤད།
བདེན་ཏེ། ངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་སྨོས་བ་བདེན་ལ་དེ་ནི་དེང་སྐབས་བཙན་བྱོལ་མི་མང་གིས་ཧི་རྒྱབ་ཀྱི་རིག་གཞུང་གཅིག་པའི་སྤུན་ཟླ་དག་ལ་འབོད་པའི་སྐད་སྒྲ་ཞིག་ཡིན་པས་གྲགས་དབང་གིས་བེད་སྤྱོད་བྱེད་པ་ལས། དོན་དངོས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་བ་མིན། རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་ཧི་རྒྱབ་ཡང་སྟེང་གི་མི་མང་ལ་ཧི་རྒྱུད་ཀྱི་མི་མང་གི་མཚན་འོས་བབ་མིན་ཚུལ་གླེང་ཕྱིན། ཁོ་བོས་བཤད་པའི་སྐད་ཆ་ནང་འགལ་ཅི་ཡང་མེད།
ཨ་མདོ་བ་ལྷ་སར་འགྲོ་ན་པོད་ལ་འགྲོ་ཟེར་ནས་འབོད་སྲོལ་ཡོད་པ་ལས་བོད་ལ་འགྲོ་ཞེས་འབོད་སྲོལ་མེད་ལ་འབོད་ཀྱང་མི་སྲིད་དེ། ཨ་མདོ་བོད་ཡིན་པས་སོ། “བོད་བརྡ་མི་ཤེས། ཞབས་འདྲེན་རེད། ཧི་མི་ཡིས་བོད་མི་ལ་བོད་ཡིག་སློབ་ཀྱི་ཡིན་པས་གསན་རོགས། བོད་ཅེས་པ་འབྲི་དགོས། ཤེས་པ་ཞེས་འབྲི་དགོས། དང་པོ་ཁྱོད་རང་རང་མི་རིགས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་གྱིས། དེ་ནས་ང་དང་མཉམ་དུ་དགག་བཞག་བྱེད་ཆོག ཨ་མདོ་བས་བོད་ལ་པོད་ཟེར་བ་ཞིག་ནམ་ཡང་གོ་མ་མྱོང་དེ་ཁྱོད་ལ་འདྲེ་སྐད་རྒྱབ་པ་ཡིན་རྒྱུ་རེད། “ཧི་མ་ཡ་ལ་ཡའི་རི་མདུན་དུ་གོམ་གང་སྤོ་མྱོང་མེད་ཅིང་ཨ་མདོ་མཐོང་མྱོང་མེད་མཁན་ཞིག་གིས་ཧི་མདུན་དུ་འཚར་ལོངས་བྱུང་མཁན་ཞིག་ལ་སྐད་ཆ་འདི་ལྟར་སྨོས་ན་མཁས་སུ་ཞིག་ཡིད་ཆེས། ཟེར་རྒྱུ་ཕུང་བའི་རང་ཚང་སྟོན་པ་ལས་ཅི་ཡང་མིན།
ཁྱེད་ཀྱིས་བོད་མི་རང་ཡུལ་ལ་དོ་བདག་མ་ཚུལ་གླེང་བ་ནི་ཁྭ་ཏ་ཕག་ལ་ནག་པོ་ཟེར་བ་ལས་མ་འདས་ཤིང་། མ་འདས་བའི་སྒྲུབ་བྱེད་དུཁོ་བོས”ཁྱེད་ཀྱིས་ང་ཚོ་ལུང་མེད་ཅིང་གཞན་གྱར་དུ་འཁྱམ་པའི་ངན་ཚང་འདྲི་ཡང་ཧི་རྒྱུད་ལ་ཡོད་པའི་ལུང་པ་ལྟ་བུ་བོད་ལ་ཡོད་ཅིང་། བཟང་ངན་ལ་མ་ལྟོས་བར་རང་སྐྱོང་ལྗོངས་དང་ཁུལ་གྱི་འོག་ནས་འཚོ་གཞིས་སུ་གནས་ཡོད། འོན་ཀྱང་འབྲས་ལྗོངས་ཕུད་པའི་ཧི་མི་རྣམས་ལ་རང་སྐྱོང་ལྗོངས་དང་ཁུལ་མ་དགོས་རྒྱ་བལ་ནང་མངའ་སྡེ་ལོགས་སུ་བཀར་བའི་ཐོབ་ཐང་ཙམ་ཡང་མེད་པ་ཤེས་གསལ་རེད།” ཅེས་དང”བོད་ཀྱི་བླ་མཁར་ཕོ་བྲང་པོ་ཏ་ལའི་པར་རིས་རྒྱ་ནག་མི་དམངས་ཤོག་སྒོར་ལྔ་བཅུའི་སྟེང་མཐོང་རྒྱུ་ཡོད་ལ་བོད་ཡིག་རྒྱ་ནག་མི་མང་དངུལ་ལོའི་སྒང་མཇལ་རྒྱུ་ཡོད་ཀྱང་། མོན་རྟ་དབང་གི་ཡི་གེ འོ་་་མ་རེད་་མ་རེད་ཧི་རྒྱབ་མི་མང་གི་ཡི་གེ་རྒྱ་བལ་སྒོར་མོའི་སྟེང་མཐོང་དུ་མེད་ལ་མ་འོངས་མཐོང་རྒྱུ་དཀའ་སྟེ། ར་ལ་གུག་གུག་སྦྱར་ཞིང་མ་ལ་ཡ་བཏགས་བཞག་སྟེ། སྒང་དུ་གུག་རྟགས་བསྣན་པས་རེད།” ངས་ཁྱེད་ཀྱི་མིག་མདུན་དུ་བོད་དང་ཧི་རྒྱབ་ཡང་སྟེང་གི་མི་མང་གཉིས་ཀྱི་གནས་སྟངས་གསལ་བཤད་དང་ཞིབ་བསྡུར་བྱས་བ་ལས་ཅི་ཡང་མིན། ཁྱེད་ཚོས་གང་ཞིག་རྩོད་མིན་ང་ལ་འགན་བབ་མེད།
ལུག་གིས་མི་ཡི་འོག་ནས་རང་རྩོད་པ་མི་འགྱུར་ཞིང་དེ་ལྟར་ཡོང་ག་ལ་སྲིད། མི་སྲིད་དེ། ལུག་ནི་དུས་ནམ་ཡང་མི་ཡི་བྲན་གཡོག་ཡིན་ཞིང་མི་ལ་རྒོལ་བའི་རྣམ་དཔྱོད་དང་འཇོན་ཐང་ནམ་མཁའི་མེ་ཏོག་རེད། རང་བཙན་རྩོད་རྒྱུའི་སྐུལ་མ་ཨེ་་་་་། ལུག་ལ་རང་བཙན་རྩོད་པའི་སྐུལ་མ་བཏང་མཁན་སུ་ཞིག་ཡོད་ལ་ཡོད་ན་ན་ཚ་རེད།
འོ་མ་རེད་་་མ་རེད། ལྷ་རེད། ལྷ་ནི་དུས་ནམ་ཡང་མི་ཡི་མཆོད་གནས་ཡིན་ཞིང་རང་དབང་ཐོབ་ཟིན་པས། རང་དབང་རྩོད་ཅེས་ནས་སྐུལ་མ་བཏང་མཁན་ག་ལ་ཡོད། བཏང་མཁན་མེད་དེ། རང་དབང་ནི་ལྷ་ཡི་ངོ་བོ་ཡིན་པས་སོ།
ཧ་བོ། དེ་རིང་ཡིན་ན་དམུ་ཐག་གི་བུ་རྒྱུད་ཁྱོད་ཀྱིས་ང་ལ་གནས་ཚུལ་གསར་པ་ཞིག་བསྐྱལ་བྱུང་། འཇིགས་མེད་གླིང་པ་ཟེར་བ་འདི་འདས་ནས་ལོ་དྲུག་ཅུ་ཡིན་ནམ་ཞིག་རྗེས་ལ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་འཁྲུངས་པ་རེད་སྙམ། དེ་ཡིན་དུས་ཤར་རྫ་བའི་རྫོགས་ཆེན་ཁྲིད་ཡིག་དེའི་ཚིག་རེ་རེ་ནས་འཇིགས་གླིང་གི་ཁྲིད་ཡིག་ཡེ་ཤེས་བླ་མ་དང་སྦྱར་ནུས་པ་ཁྱད་མཚར་རེད། སུ་ཞིག་གིས་སུའི་དེ་ལས་འདྲ་བཤུས་བྱས་པ་ཡིན་ནམ། དེ་ཡག་རྟགས་ཤིག་ཅང་མ་རེད། ཧ་ཧ་ཧ་ཧ་ཧ། ད་འདི་འདྲ་དེ་ཚོ་བཤད་མ་འདུག དེ་ལས་མཁརརྨིའུ་དང་མཉམ་དུ་གླང་དར་དཀར་འདོན་བྱེད་དུ་ཤོག་དང་འཁྲུག་པོ་འདུག
འོ་ཡ། སྔར་ཆུང་ཆུང་སྐབས་སུ་གླང་དར་དཀར་འདོན་བྱེད་དགོས་པའི་སྐོར་གྱི་རྩོམ་ཡིག་ཞིག་ཀློག་མྱོང་། དེ་ནི་དོན་འགྲུབ་རྒྱ་ནས་བྲིས་པ་རེད། དེའི་ནང་ན་སྐབས་དེར་དགེ་འདུན་པའི་ཁ་གྲངས་ཤིན་ཏུ་མང་བའི་རྒྱུ་མཚན་གཅིག་དེ། དུད་ཁྱིམ་བདུན་རེའི་བར་དུ་བསྙེན་བཀུར་བྱེད་སའི་དགེ་འདུན་པ་རེ་ཆ་བགོས་བྱས་པའི་ཁྲིམས་ལུགས་བཟོས་པ་དེས་ཤེས་ཟེར་བ་ཞིག་དྲན། འོན་ཀྱང་དེ་འདྲའི་ཁྲིམས་ལུགས་དེ་གང་ན་ཡོད་མེད་ངས་ནི་ད་བར་ཤེས་མ་བྱུང་། དེའི་སྐབས་སུ་ངོ་ནས་ཆབ་ཆ་ཨ་ཁུ་བཤད་སྒྲུབ་ཟེར་བ་ཞིག་གིས་དེ་ནི་གླེན་བཤད་རེད་ཟེར་ནས་དགག་པ་རྒྱབ་པའི་སྐད་ཆ་ཞིག་ཀྱང་འདུག་མོད། འོན་ཀྱང་དེའི་སྐབས་སུ་ང་ལ་ནི་དོན་འགྲུབ་རྒྱ་ཡི་རྩོམ་ཡིག་མ་གཏོགས། ཨ་ཁུ་བཤད་སྒྲུབ་ཀྱི་རྩོམ་ཡིག་ཀློག་རྒྱུའི་དོ་སྣང་རྩ་ནས་བྱུང་མ་སོང་། གོང་གི་མཁར་དམེ་བསམ་གཏན་གྱི་རྩོམ་ཡིག་འདི་ཡང་དེ་དང་ཆ་འདྲ་བ་ཞིག་ལོས་ཡིན་སྙམ།
འོན་ཀྱང་གོང་གི་མདའ་ཚན་པས་དེའི་སྐབས་སུ་དགེ་འདུན་པ་མང་པོ་ཡོད་པའི་ཁུངས་བསྐྱེལ་ཁས་ཤོག་ཟེར་དུས། དཀར་འདོན་བྱེད་མཁན་སུ་གང་གིས་ཀྱང་། ཁུངས་སྣེ་ཡིག་འབྲི་གཅིག་ཀྱང་བཀོད་ཐུབ་མི་འདུག ཁོང་གིས་དྲི་བ་འདི་ཆོས་ལུགས་དང་མ་འབྲེལ་ན་དྲི་བ་བཀོད་ཀྱི་འདུག་ཀ བན་བོན་ཆོས་མེད་གསུམ་ཀ་གང་གི་ཕྱོགས་ན་ཁུངས་སྣེ་ཡོད་ན་བཀོད་ན་འགྲིག་མོད། ཕྱོགས་གང་གི་ཡིག་ཆ་སྣ་གཅིག་ཀྱང་བཀོད་ཀྱི་མི་འདུག དེས་ན་དེའི་སྐབས་སུ་དམག་འབོར་དང་གྲྭ་འབོར་ཆ་མཉམ་དུ་འདོད་པ་འདིར་ངོ་ནས་ཚོད་བཤད་ཡིན་པ་གོར་མ་ཆགས།
ངས་བལྟས་ན་བན་བོན་གྱི་རྩོད་པ་མ་བྱེད། བན་ལ་དད་པ་རྣམས་བན་དེ་ལ་དད་བཅུགས། བོན་ལ་དད་པ་རྣམས་བོན་ལ་དད་བཅུགས། ངས་བསམ་ན་ཆོས་ལུགས་དད་མོས་རང་དབང་འདི་ཁྲིམས་ལུགས་ཡག་པོ་ཞིག་རེད་བསམ།
དེ་ནས་བན་ཕྱོགས་ཀྱི་ཆོས་འབྱུང་ཁ་ཤས་སུ་བོད་ཀྱི་ཡུལ་ལུང་རྣམས་སུ། དམར་མཆོད་འབུལ་བ་ཆོ་ག་བོན་ལུགས་སུ་བྲིས་པ་མང་པོ་ཡོད་པ་དེ་དག་དང་དེ་དག་ཉམས་ལེན་བྱེད་མཁན་ཡོད་པ་རྣམས་གཞི་ལ་བཞག་ནས་བོན་ནག་ཅེས་དང་། ཡང་གཞི་ལམ་འབྲས་གསུམ་གྱི་རྣམས་བཞག་རྒྱས་པར་བཤད་ནས་གང་ཟག་གཅིག་གི་ཉམས་ལེན་གྱིས་རིམ་པས་མཐར་བོན་སྐུའི་ངོ་བོར་སངས་རྒྱས་པ་ཡོད་པར་གསུངས་པའི་རྣམས་བཞག་བཤད་ཡོད་པ་གཞི་ལ་བཞག་ནས་བོན་དཀར་ཅེས་ཐ་སྙད་བཤད་ན་ཡང་། དེང་སང་བོན་ཕྱི་མའི་ཕྱོགས་ཀྱི་མཁས་པ་ཁ་ཤས་ཀྱི་བོན་ལ་བོན་དཀར་དང་བོན་ནག་གཉིས་ཕྱེ་རྒྱུ་མེད་པ་འདྲ་ལ། ད་དུང་དང་པོ་དེ་ནི་ཡུལ་སྲོལ་ཙམ་ཡིན་པར་མཁར་དམེ་ནས་ཀྱང་བརྗོད་འདུག་ཀ
འོན་ཀྱང་སྟག་ལྷ་མེ་འབར་གྱི་ཆོ་ཀ་དང་། ཁྲོས་མ་ནག་མོའི་ཆོ་ག་དེ་ཚོ་ལ་བལྟས་ན་་་ འོ་ད་མང་པོ་མི་འབྲི།
དྲྭ་གྲོགས་དམུ་ཐག་བུ་རྒྱུད་ལགས། ཁ་བརྡ་འདི་ཡི་ནང་དུ་མཆན་འགོད་པ་པོ་འབྲོང་ཟེར་མཁན་གཅིག་འདུག་དེ་དང་ང་འབྲོང་རྒོད་ཅེས་པ་མ་
ནོར་བར་གནང་རོགས་མི་སོ་སོ་རེད། ཡང་ན་ཁོས་ང་ཡི་མིང་དུ་རྫུས་པ་ཡིན་རྒྱུ་རེད།
དགོངས་འཇགས་ཞུ།
མཁར་རྨེའུས ་་འབྲོའི་ཁྱིམ་ཚང་གི་ལྟེ་བ་མཚོ་སྔོན་ཤར་ཕྱོགས་ཀྱི་མཐའ་ཁུལ་དུ་ཡོད་་ གསུངས་པ་ཡང་མ་བརྟག་པ་ཡིན། དམག་དཔོན་ཆེན་པོ་འབྲོ་དང་དེའི་འཁོར་འགའ་རེ་དེར་ཡོད་སྲིད་ཀྱང་འབྲོའི་ཁྱིམ་ཚང་གི་ལྟེ་བ་དེར་ཡོད་པ་མི་འཐད་དོ། འབྲོ་ཡི་ཡུལ་ལྟེ་བ་ནི། ད་ལྟའི་ས་སྐྱ་དང་ཁད་ཉེ་བ་ཞིག་ན་ཡོད་པ་འདྲ་སྟེ། རྒྱལ་རབས་ཁག་ནང་། རུ་བཞིའི་དམག་དཔོན་བཤད་སྐབས། རུ་ལག་སྟོད་ཀྱི་དམག་དཔོན་ནི། འབྲོ་རྒྱལ་མཚན་སེང་གི་ཡིན་པར་བཤད། དམག་དཔོན་གྱི་ས་ཁོངས་བཤད་སྐབས་ཀྱང་། ་་གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་གི་ཡུལ་་ གསུངས་མི་འདུག་གམ།
ས་སྐྱ་དང་ཁད་མི་རིང་བ་ཞིག་ཡིན་པའི་རྒྱུ་མཚན་ནི། རུ་ལག་གི་ས་མཚམས། ཤར་འཇམ་ན་བཀྲ། ལྷོ་བལ་བོ་གླང་སྣ། བྱང་བྱེ་མ་ལ་སྔོན། དབུས་སྲད་ཀྱི་དུར་པ་སྣ་གསུངས་ཡོད་པ་ལྟར། ལྷོ་བལ་བོ་གླང་སྣ་ནི་བལ་བོད་ས་མཚམས་དང་། རུ་ལག་གི་དབུས་ཡིན་པ་སྲད་ཀྱི་དུར་པ་སྣ་ནི། ད་ལྟའི་ས་སྐྱའི་ཁོངས་ཀྱི་སྲད་ལ་ངོས་འཛིན།
ད་རུང་ས་སྐྱ་དང་ཁད་མི་རིང་བ་ཞིག་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི། མཁས་བཙུན་རིན་པོ་ཆེས་བྲིས་པའི་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་ལས། འཁོན་གྱི་གདུང་རྒྱུད་བཤད་སྐབས། སད་མི་བདུན་གྱི་ཁོངས་ཡིན་སྐད་པ། འཁོན་ཀླུའི་དབང་བོ་བསྲུངས་པའི་གཅུང་རྡོ་རྗེ་རིན་པོ་ཆེས། ་་འདིས་ཡབ་ཡུལ་དུ་འབྲོ་དགྲ་འདུལ་གྱི་བུ་མོའབྲོ་བཟའ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལས་སྲས་བདུན་བྱུང་། ཞང་རིགས་དེ་བོད་ཀྱི་གྱད་པའི་རྒྱུད་ཡིན་པས་ཞང་རིགས་ཀྱི་སྐུ་རྩལ་ཤིན་ཏུ་ཆེ་བར་བྱུང་། དུས་དེར་འབྲོ་གཉན་རྩེར་ལྟད་མོ་ཉི་མ་གསུམ་བྱུང་བ་ལ་སྐུ་མཆེད་བདུན་པོས་རྟ་དང་ལས་ཆས་ཉིན་རེ་བཞིན་འདྲ་འདྲ་སྤོས་ནས་རྟ་བརྒྱུགས་ཚབ་འགྲན་པས་ཁྲོམ་ཐག་ཆོད་པ་བྱུང་བ་ན། ཞང་པོ་ལ་འདྲས་འཛུགས་པར་གོ་ནས་ཞང་པོས་དམག་བསགས། འཐབ་མོ་བྱེད་ཟེར་བྱུང་བ་ལ། གཅིག་པར་ཞང་པོ་ཡིན། གཉིས་པར་ཁྱིམ་མཚེས་ཡུན་རིང་འགྲོགས་ནས། རྒྱལ་ཁམས་ཡངས་པོ་ལ་དོགས་འཚེར་བྱེད་དོན་མེད་ཟེར་ནས་ཆེ་བ་མངའ་རིས་མང་ཡུལ། དེ་འོག་མངའ་རིས་གུང་ཐང་། དེ་འོག་སྲད། དེ་འོག་ཉང་ཤབ་ཏུ་བྱོན་ཏེ་ཡུལ་སོ་སོར་བཟུང་བས་དེ་རྣམས་ལས་གྱེས་པའི་འཁོན་ཚོ་མང་དུ་འཕེལ་ཏེ་གྲགས་ཅན་མ་བྱུང་། ཆུང་བས་ཕ་ཡུལ་རང་དུ་བཞུགས། འབྲོ་དང་འཁྲུག་པ་ཡང་སྤྲད། དེ་ལས་གྱེས་པ་གཉེན་རྩེ་རང་ན་མ་ཁྲིགས་སྡེ་གསུམ་དུ་གྲགས་པ་བྱུང་ངོ་་ ཞེས་སོགས་གསལ་བ་ལས་ཤེས་ཐུབ། གོང་ཚིག་གཉིས་པར་ཁྱིམ་མཚེས་ཟེར་བ་དང་འབྲོ་དང་འཁྲུག་པ་ཡང་སྤྲད་ཟེར་བ་དེ་ལས་ས་སྐྱ་དང་ཁད་ཉེ་བ་ཤེས་ཐུབ་པ་ལྟར་རོ།
གོང་གི་མཆན༧༠ནང་ཆད་ལྷག་ཤོར་བས་དག་བཅོས།
ཨ་ནུ་ཐང་བསོད་ནམས་ལགས།
སྐད་ཆ་སྔ་ཕྱི་ནང་འགལ་འགྲོ་བ་དང་སྐྱག་རྫུན་བཤད་པ་མིན་ན་གང་རེད། ཁྱོད་རང་གི་མཆན་
གོང་གི་མཆན་བདུན་བཅུའི་ནང་ཆད་ལྷ་ཤོར་བས་དག་བཅོས་ཞེས་པར་མཆན་བདུན་ཅུ་དོན་ལྔར་ཡང་སྐྱར་གཟིགས་དང།
ངས་འདིར་སླར་ཡང་འདྲ་བཤུས་སྦྱར་ཏེ་འདི་མཉམ་སྦྱར་ཡོད།
༼ལ་སྟོད་ཀྱི་བུ་ལགས། ངས་ཧི་མའི་ཡང་སྟེང་གི་མི་ནི་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་བརྗེད་པ་རེད་ཅེས་བ་རྒྱུ་མཚན་ལོས་ཡོད། ཕྲན་ཧི་མའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན་ཞིང་། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན། ༽
ངས་ཁྱོད་རང་སྨྱོ་ལབ་མ་རྒྱབ་རྫུན་མ་བཤད་རང་གིས་བཤད་པའི་སྐད་ཆ་སྔ་ཕྱི་ནང་འགལ་དུ་སོང་འདུག་ཟེར་བ་དེ་དེ་ལ་བཤད་ཀྱི་ཡོད། ད་དུང་མཐོང་གི་མེད་ན་སྡིག་པ་མིག་བཙུམ་བྱས་ནས་བསྡོད།
ད་དུང་ཁས་མི་ལན་ཅིང་གོ་བརྡ་འཕྲོད་ཀྱི་མེད་ན་ཨ་ལོང་བསྐོར་གྱིན་བསྡོད། ངས་ཀྱང་ཁྱོད་ཀྱིས་རྗེས་འདེད་བྱས་ཏེ་ཨ་ལོང་བསྐོར་གྱིན་དགག་པ་རྒྱབ་ཀྱི་ཡིན།
དེ་ལ་རྒྱུ་མ་ཕུ་འདེད་ཅེས་བཤད།
དྲྭ་གྲོགས་གཞོན་ནུ་ཟླ་མེད་ལགས།
ཁྱེད་རང་ལོས་བདེན་ངས་རྗེས་སུ་ཡི་རངས་ཞུ་གི་ཡོད། བན་བོན་གྱི་སྐོར་ལ་རྩོད་པ་བྱེད་འདོད་མེད།
འོན་ཀྱང་ངས་བཤད་ཟིན་པའི་དཔེ་ཞིག་དྲངས་ཡོད།
ཝ་མི་རྒྱལ་ཁག་མེད་འདྲེ་ཡིས་འགྲམ་ལྕག
ནམ་མི་ལང་ཁག་མེད་ཉི་མས་ཕུལ་རྒྱག
ཅེས་བཤད་པ་ནང་བཞིན་རེད།
ཨ་ནུ་ཐང་བསོད་ནམས་ཟེར་བ་དང་སྤོབས་པ་མཐའ་ཡས་ཟེར་མཁན་ལས་སོགས་དབྱེན་སྦྱོར་གྱི་བྱེད་གཏེ་ཁ་ཤས་ཞིག་གིས་གང་བཤད་འདུག་གཟིགས་དང༌། སུ་བདེན་སུ་མི་བདེན་ལེགས་ཉེས་འབྱེད་རོགས་་ ཆོས་ལུགས་དང་མི་རིགས་དབར་ལ་དབྱེན་ག་འདྲ་སྦྱོར་གྱི་འདུག
ངོ་མ་ཡིན། ངན་བྱེད་མཁན་ལ་ངན་ལན་མ་བྱས་ན་ངན་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ཟེར་བའི་དཔེ་ལྟརརེད།
ཁོང་ཚོས་བན་བོན་གྱི་ར྄ྩོད་པ་མཚམས་བཞག་ན་ངས་ཀྱང་མཚམས་འཇོག་བྱེད་རྒྱུར་དཀའ་ངལ་གང་ཡང་མེད།་ དངོས་གནས་རེད། མང་ཉུང་ཞིག་མ་གཏོགས་བོན་ཕྱོགས་ཀྱི་ལོ་རྒྱུས་ནས་བན་དེར་དམའ་འབེབས་ཇི་ལྟར་བཤད་ཡོད། བན་དེའི་ཕྱོགས་ནས་བོན་པོར་དམའ་འབེབས་ག་ཚད་ཅིག་བྱས་ཡོད། དེ་ཚོ་ང་ཚོས་ཤེས་གསལ་རེད། ༸གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ཁོ་ན་རེད་མ་གཏོགས་མི་འདི་རིགས་ཀྱིས་མི་རིགས་ཀྱི་དབྱེ་འབྱེད། ཆོས་ལུགས་ཕན་ཚུན་དབར་ལ་དཀྲུགས་ཤིང་རྒྱབ་སྟེ་མི་དེ་རིགས་ཁ་ཆེའི་དྲག་གཅོད་པ་ནང་བཞིན་ཚར་གྱི་རེད།
འོན་ཀྱང་ཁོང་ཚོས་ཨ་ལོང་བསྐོར་གྱིན་ཡོང་ན་ངས་ཀྱང་རྒྱུ་མ་ཕུ་འདེད་ཀྱིས་ནམ་ཡང་ཐར་པར་གཏོང་རྒྱུ་མིན།
ཆོས་དང་ཆབ་སྲིད་གང་ལ་ཡང་བྱས་རྗེས་མེད་པའི་གླང་དར་ལ་བསྟོད་པ་ནི་འབྲས་མེད་རང་རེད།
སྤོབས་པ་མཐའ་ཡས་ལགས། བོན་པོའི་རྫོགས་ཆེན་གྱི་ཁུངས་ཤར་རྫ་བ་མ་རེད། ཤར་རྫ་བ་བོན་གསར་མ་ཡིན་པས་རྙིང་མའི་ལུགས་ཀྱང་སྤྱོད་ཀྱིན་ཡོད། འཇིགས་མེད་གླིང་པས་ཀྱང་རྙིང་མའི་རྫོགས་ཆེན་གསར་བཏོད་བྱས་པ་མ་རེད། འོ་ན་ཁོའི་ཁུངས་གང་ལ་གཏུགས་སམ། བཅོམ་ལྡན་འདས་ཀྱིས་མ་གསུངས་པ་ཞིག་བོད་དུ་བྱུང་བ་དེར་ཁུངས་མེད་པར་བརྩི་དགོས་སམ་ཡང་ན་འཇམ་དཔལ་རྩ་རྒྱུད་ལ་བོད་མིས་བཟོ་བཅོས་བྱས་པ་བཞིན་བཅོམ་ལྡན་འདས་ཀྱི་བཀའ་ལའང་བཟོ་བཅོས་བྱས་ཏེ་རྫོགས་ཆེན་གྱི་ཁུངས་རྒྱ་གར་ལ་གཏུགས་དགོས། འདི་འདྲའི་བྱ་བ་ལ་ཁྱོད་ཅག་དགའ་ཞིང་མཁས་པས་ཅིག་གནང་རོགས།
ཆོས་ལུགས་རྩོད་མཁན་ཚོར་བཤད་ཟིན། དར་མའི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་དྲྭ་གྲོགས་ཚོར་བཤད་རྒྱུར། དར་མ་འདས་ཁར། ང་འཆི་བ་འདི་ཡང་ན་ལོ་གསུམ་གྱི་སྔ། ཡང་ན་ལོ་གསུམ་གྱིས་འཕྱིས། ཞེས་བཤད་པར་གྲགས་པ་འདི་ལ་གོ་བ་ཞིག་མི་འདུག་གམ།
ཨ་ནུ་ཐང་བསོད་ནམས་ལགས
།་ཁྱོད་ཀྱིས་ཧི་མ་ལ་ཡའི་མི་རིགས་རྣམས་ནི་གླེན་པ་ལུག་ལྟ་བུ་ཞིག་ཡིན་པར་སྒྲུབ་བཞིན་པར་མ་ཟད།་ ཧི་མ་ལ་ཡའི་མི་རིགས་རྣམས་ལ་ཤེས་འཇོན་གང་ཡང་མེད་པར་བསྒྲུབ་བཞིན་པ་འདི་ཐལ་དྲག་པའི་ཧམ་པ་ཞིག་མ་རེད་དམ། ད་དུང་ཁོང་ཚོར་ཚད་ལས་འདས་པའི་དམའ་འབེབས་བྱས་པ་འདིར་མནོ་བསམ་བཏང་ནས་སྐད་ཆ་བཤད་དགོས། དེ་ཡི་རྒྱུ་མཚན་གྱིས་ངས་རྒྱུགས་པ་ལེབ་བརྡུང་མ་བྱེད་ཅེས་བཤད་ཡོད།
ཞྭ་སེར་བསྟན་པའི་མདའ་བདག་རི་བོ་དགེ་ལྡན་པའི་དབུ་ཁྲིད་དགའ་ལྡན་ཁྲི་པ་ལ་དྭགས་པ་རི་རྫོང་རིན་པོ་ཆེ་བོན་ཅན།
༎གླེན་པ་ལུག་ལྟ་བུའི་ཧི་མི་ཡིན་པར་ཐལ།
ཧི་མི་ཡིན་པའི་ཕྱིར། ཁྱབ་པ་ཁས། ད་ཤོད།
།ཇོ་ནང་པའི་མཁས་གྲུབ་གཉིས་ལྡན་ཆེན་པོ་དོལ་པོ་བ་ཤེས་རབ་རྒྱལ་མཚན་བོན་ཅན།
གླེན་པ་ལུག་ལྟ་བུ་ཡིན་པར་ཐལ།
ཧི་མི་ཡིན་པའི་ཕྱིར། ཁྱབ་པ་ཁས། ལན་ཐོབ།་
རྫོགས་ཆེན་བསྟན་པའི་མངའ་བདག་ཆེན་པོ་དོལ་པོ་བ་ཡང་སྟོན་ཤེས་རབ་རྒྱལ་མཚན་བོན་ཅན།
།གླེན་པ་ལུག་ལྟ་བུ་ཡིན་པར་ཐལ། ཧི་མི་ཡིན་པའི་ཕྱིར། ཁྱབ་པ་ཁས།
དེ་བཞིན་ཁུ་ནུའི་བླ་མ་བསོད་ནམས་རྒྱལ་མཚན་བོན་ཅན། དེར་ཐལ། དེ་ཡི་ཕྱིར།
དེ་བཞིན་བ྄ླ་བཟོད་པ་རིན་པོ་ཆེ་བོན་ཅན། དེར་ཐལ། དེ་ཡི་ཕ྄ྱིར། ལན་ཐོབ།
ངས་ད་དུང་གཞན་ཞིག་དྲན་བྱུང་། རྩོམ་ཡིག་འདི་སྔོན་མ་༼ཀྲུང་གོ་བོད་ཀྱི་ཤེས་རིག༽ གི་ཐོག་ཏུ་བཀོད་འདུག་ཅིང་། རྩོམ་འདིའི་མཇུག་ཏུ་ ༼མཐར་་༡༩༥༩་ལོར་བོད་རང་བཙན་མ་ཤོར་གྱི་བར་དུ༽་ཞེས་པ་ཞིག་ཡོད་པ་དེ་དེ་ལྟར་བཀོད་ཡོད། དུས་དེབ་དེ་ངས་ཉར་ཚགས་བྱས་ཡོད་ཀྱང་ད་ལྟ་གང་དུ་བཞག་ཡོད་མེད་ཤེས་ཀྱི་མི་འདུག ལག་སོན་བྱུང་ན་རྣམ་པ་ཚོར་འབུལ་ངས་ཡིན།
ལ་སྟོད་ལགས།
༡ ངས་མི་རྒྱབ་ཡང་སྟེང་གི་སྤུན་ཟླ་མི་མང་ལུག་ཏུ་མི་ལྟ་མ་ཟད་ལྷ་རུ་ལྟ་བཞིན་ཡོད་དེ།
“འོ་མ་རེད་་་མ་རེད། ལྷ་རེད། ལྷ་ནི་དུས་ནམ་ཡང་མི་ཡི་མཆོད་གནས་ཡིན་ཞིང་རང་དབང་ཐོབ་ཟིན་པས། རང་དབང་རྩོད་ཅེས་ནས་སྐུལ་མ་བཏང་མཁན་ག་ལ་ཡོད། བཏང་མཁན་མེད་དེ། རང་དབང་ནི་ལྷ་ཡི་ངོ་བོ་ཡིན་པས་རེད།”འོན་ཀྱང་ཚིག་དོན་གོང་མ་ལས་འོག་མ་མི་གསུངས་བ་ནི་ཡ་མཚན་རེད། ཉིད་ཞེན་འདོད་དང་མ་མཐུན་པས་རེད་དམ། ཡང་ན་་་་་
༢ སྐྱར་བཤད་ང་ཧི་མིའི་ཡང་སྟེང་གི་མི་མང་དང་འཕྲད་ཚུལ་ལས་མི་མང་ཤོས་ལབ་མེད་པ་༧༠་༧༥ལས་རྟོགས་པ་དེ་རེད། རྫུན་མ་གསུངས། དགེ་འདུན་པས་རྫུན་གསུངས་ན་་་་་་
༣ ང་ནི་ཧི་རྒྱབ་ཡང་སྟེང་གི་སྤུན་ཟླ་མི་མང་ལ་སེམས་གཏིང་ནས་དགའ་པོ་ཡོད་ལ། ཧི་རྒྱབ་ཡང་སྟེང་མི་མང་ནི་ནམ་ཡང་ངའི་སེམས་ཁུང་གི་ཡལ་ཏུ་མེད་པའི་ནོར་བུ་ཡིན། ལོ་ལྔའི་སྔོན་་་་ཐེངས་དང་པོར་ངའི་འདྲེན་བྱེད་ཟུང་དུ་འཚེར་བའི་ལ་དྭགས་ནི་ཟླ་བ་བཞིན་འོད་སྣང་ལྡན་ལ། ཀུ་མུ་བཞིན་གཙང་ཞིང་དྭངས་ལ་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་འང་། མཛེས་སྡུག་དང་འོད་སྣང་གིས་བསྣན་པའི་ང་རང་སྟེ། སུས་ཀྱང་དཀག་ཏུ་མེད་ཅིང་འགོག་ཏུ་བྲལ་སེམས་འཚོར་རྣོ་པོ་ཞིག་གིས་རབ་ཏུ་བཟི་ནས་རང་དབང་མེད་པར་མིག་ཆུ་ཤོར་བ་ཉུང་ཉུང་ག་ལ་ཡིན། མིན་ཏེ། ལམ་གྲོགས་ཚོའི་མདུན་དུ་ངོ་ཚ་བྲལ་ཞིང་བྱིས་བ་ཆུང་ཆུང་བཞིན་ངུ་དགོས་བྱུང་། དེ་ནི་དྭགས་ཀྱིས་ང་ལ་སྤྲད་པའི་སྨྲ་བསམ་བརྗོད་མེད་ཀྱི་མྱོང་འཚོར་ཡིན་ལ། འཚར་ལོངས་བྱུང་རྗེས་ངུ་མོད་ཤོར་བའི་མཐོ་མའང་ཡིན། ངས་སེམས་འཚོར་དེ་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་ཀྱང་སྲིད་ཀྱི་མ་རེད།
དགོངས་དག ནོར་བཅོས།
ལ་སྟོད་བུ་ལགས།
༡ ངས་ཧི་མི་རྒྱབ་ཡང་སྟེང་གི་སྤུན་ཟླ་མི་མང་ལུག་ཏུ་མི་ལྟ་མ་ཟད་ལྷ་རུ་ལྟ་བཞིན་ཡོད་དེ།
“འོ་མ་རེད་་་མ་རེད། ལྷ་རེད། ལྷ་ནི་དུས་ནམ་ཡང་མི་ཡི་མཆོད་གནས་ཡིན་ཞིང་རང་དབང་ཐོབ་ཟིན་པས། རང་དབང་རྩོད་ཅེས་ནས་སྐུལ་མ་བཏང་མཁན་ག་ལ་ཡོད། བཏང་མཁན་མེད་དེ། རང་དབང་ནི་ལྷ་ཡི་ངོ་བོ་ཡིན་པས་རེད།”འོན་ཀྱང་ཚིག་དོན་གོང་མ་ལས་འོག་མ་མི་གསུངས་བ་ནི་ཡ་མཚན་རེད། ཉིད་ཞེན་འདོད་དང་མ་མཐུན་པས་རེད་དམ། ཡང་ན་་་་་
༢ སྐྱར་བཤད་་་ང་ཧི་མའི་ཡང་སྟེང་གི་མི་མང་དང་འཕྲད་ཚུལ་ལས་མི་མང་ཤོས་ལབ་མེད་པ་༧༠་༧༥ལས་རྟོགས་པ་དེ་རེད། རྫུན་མ་གསུངས། དགེ་འདུན་པས་རྫུན་གསུངས་ན་་་་་་
༣ ང་ནི་ཧི་རྒྱབ་ཡང་སྟེང་གི་སྤུན་ཟླ་མི་མང་ལ་སེམས་གཏིང་ནས་དགའ་པོ་ཡོད་ལ། ཧི་རྒྱབ་ཡང་སྟེང་མི་མང་ནི་ནམ་ཡང་ངའི་སེམས་ཁུང་གི་ཡལ་ཏུ་མེད་པའི་ནོར་བུ་ཡིན། ལོ་ལྔའི་སྔོན་་་་ཐེངས་དང་པོར་ངའི་འདྲེན་བྱེད་ཟུང་དུ་འཚེར་བའི་ལ་དྭགས་ནི་ཟླ་བ་བཞིན་འོད་སྣང་ལྡན་ལ། ཀུ་མུ་བཞིན་གཙང་ཞིང་དྭངས་ལ་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་འང་། མཛེས་སྡུག་དང་འོད་སྣང་གིས་བསྣན་པའི་ང་རང་སྟེ། སུས་ཀྱང་དཀག་ཏུ་མེད་ཅིང་འགོག་ཏུ་བྲལ་སེམས་འཚོར་རྣོ་པོ་ཞིག་གིས་རབ་ཏུ་བཟི་ནས་རང་དབང་མེད་པར་མིག་ཆུ་ཤོར་བ་ཉུང་ཉུང་ག་ལ་ཡིན། མིན་ཏེ། ལམ་གྲོགས་ཚོའི་མདུན་དུ་ངོ་ཚ་བྲལ་ཞིང་བྱིས་བ་ཆུང་ཆུང་བཞིན་ངུ་དགོས་བྱུང་། དེ་ནི་དྭགས་ཀྱིས་ང་ལ་སྤྲད་པའི་སྨྲ་བསམ་བརྗོད་མེད་ཀྱི་མྱོང་འཚོར་ཡིན་ལ། འཚར་ལོངས་བྱུང་རྗེས་ངུ་མོད་ཤོར་བའི་མཐོ་མའང་ཡིན། ངས་སེམས་འཚོར་དེ་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་ཀྱང་སྲིད་ཀྱི་མ་རེད།
བསྟན་འཛིན་རྣམ་དག་གི་འབེལ་གཏམ་ལུང་གི་སྙིང་པོ་ཤོག་གྲངས་༡༤༡ལས། ་་་ དེའི་སྲས་གཙང་མ་ཆོས་ལ་དགའ་སྟེ་རབ་ཏུ་བྱུང་། དར་མ་སྡིག་ལ་དགའ་སྟེ་རྗེའི་འོས་མེད། བར་པ་རལ་པ་ཅན་ལ་ལ་རྒྱལ་སྲིད་གཏད་དོ། ་་་་
ཅེས་པ་འདིས་བོད་ཀྱི་རྒྱལ་བརྒྱུད་ཆད་རྟགས་འདི་ནས་སྟན་མི་འདུག་གམ། རྒྱལ་པོ་རལ་དར་གང་རུང་ལ་ཕྱོགས་ཞེན་དང་། བན་བོན་ལ་དབྱེ་འབྱེད། ཆོས་བློན་བོན་བློན་གང་རུང་ཅིག་ལ་རྒྱབ་སྐྱོར་སྤངས་ནས་དཔྱད་ན་མཁར་རྨེའུའི་རྩོལ་ཧྲུལ་འདི་ཆུ་ཚག་ལྟར་རྩབ་རལ་དུ་ཕྱིན་མ་སོང་ངམ། སོམས་ཤིག
ཀརྨ་རྡོ་ལགས། ཁྱོད་ཀྱིས་ཡིག་ཆ་གསར་པ་ལས་རྙིང་པ་ལ་ཡིད་རྟོན་མི་བྱེད་འདི་ཡ་མཚན་རེད། མཁར་རྨེའུ་ཡིས་ལུང་དྲངས་པ་དག་རྙིང་པ་གཙོ་བོར་བཟུང་བ་དང་དེར་གསར་པ་ཕྱོགས་མཐུན་རྣམས་རྒྱབ་རྟེན་དུ་དྲངས་པ་འདི་ནོར་བ་འདྲ།
གཅན་ཚ་བ་སྤོབས་པ་མཐའ་ཡས་སམ་གངས་སེང་དཀར་མོའི་ངར་སྐད།Pema Gyalpo ལགས།
མིང་རྫུན་གྱི་འོག་ནས་གཡུང་དྲུང་བོན་ལ་ཁུངས་མེད་ཀྱི་སྨད་པ་རྐྱང་གཏོང་གནང་བར་བློ་ཕམ་དང་ཞེན་པ་ལོག་གི་འདུག དངོས་གནས་སྨད་པ་གཏོང་འདོད་དང་དགག་འདོད་བྱུང་ན། བོན་ལུགས་ཀྱི་གཞུང་ཆེན་ཁག་ལ་ཞིབ་ཀློག་ཅིག་བྱས་དང་། བོན་ཐེག་པ་རིམ་དགུ་བོན་སྒོ་མཛོད་ལྔ། བོན་མདོ་སྔགས་རྫོགས་གསུམ་མཐའ་ཡས་པ་ཡོད་རེད། ཕ་རོལ་འདོད་པ་མ་ཤེས་ན་དགག་པའི་ཉི་མ་མི་ཤར་ཟེར་བ་གོ་ཨེ་མྱོང། ཨ་ཉུང་རང་རེད་འདུག
གཞུང་ཆེན་མོའི་གུང་བསྒྲིག་ནས་ཚུལ་གསུམ་རིག་པའི་ལམ་ནས་དགག་ན་དགག་པ་རེད། ཨ་མའི་བུ་རེད། དེ་མིན་ཁྱི་ཐུང་ཟུག་པ་ནང་བཞིན་གྱི་ཚིག་སྐམ་དེ་དག་གིས་ཅི་བྱ།
ཨ་ལེ་་་་་་་་་་་་་་་་སྤོབས་པ་མཐའ་ཡས་ཟེར་བ་དེ་པད་མ་རྒྱལ་པོ་རེད་དམ། ཤེས་རབ་དར་རྒྱས་མིན་ནམ། འོ་དགོངས་དག་་་་ཁྱབ་པ་ཡོད་རྒྱུ་མ་རེད། གང་ལྟར་ཁྱད་པར་མི་འདུག
ཤེས་རབ་དར་རྒྱས་ལགས། གཡུང་དྲུང་བོན་དེར་ཧ་ཅང་སྡང་དོན་མེད། བོད་མི་རིགས་ཀྱི་ཕ་ཆོས་རེད།
འུ་དུམ་བཙན་པོ་ལ་གླང་དར་ཞེས་སྨད་དོན་མེད། བོད་རང་གི་རྒྱལ་པོ་མཛད་རྗེས་ཅན་རེད། ཁྱོད་ཀྱིས་དཀར་འདོན་མ་བྱས་ཀྱང་། མཁས་དབང་མཁར་རྨེའུ་ཚང་གིས་བྱས་འདུག ཁྱོད་མཁར་རྨེའུ་ཚང་གི་རླུག་སྤུ་རྐང་གཅིག་གི་རིན་ཐང་ཡོད་པ་མ་རེད་ལོ།
དམུ་ཐག་གི་བུ་རྒྱུད་ཟེར་བས། དར་མ་འདས་ཁར། ང་འཆི་བ་འདི་ཡང་ན་ལོ་གསུམ་གྱི་སྔ། ཡང་ན་ལོ་གསུམ་གྱིས་འཕྱིས། ཞེས་བཤད་པར་གྲགས་པ་འདི་ལ་གོ་བ་ཞིག་མི་འདུག་གམ། ཞེས་པའི་དོན་དེ་ཙམ་ཡང་ཁྱོད་ཀྱིས་རྟོགས་ཡོད་རྒྱུ་མ་རེད། སྙིང་རྗེ། ནུབ་ཕྱོགས་འགྲིམས་དང་དེས་དགའ་ཡོང། ཆགས་སྤྱོད་ཀྱི་སྐོར་བྲིས་ན་མཁས་པོ་འདུག ཧ་ཧ་ཧ་་་་་་་་་་་་་་་་་་་་
ཨ་ནུ་ཐང་བསོད་ནམས་ལགས།
ངས་རྫུན་བཤད་མ་བཤད་ད་དུང་འདིར་ཁྱེད་ཀྱིས་སྨྲས་ཟིན་པ་ནས་བཤུས་ཏེ་འདིར་སྦྱར་ཡོད་གཟིགས་དང༌། ༼ངས་ཧི་མའི་ཡང་སྟེང་གི་མི་ནི་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆད་ཁུངས་བརྗེད་པ་རེད་ཅེས་བ་རྒྱུ་མཚན་ལོས་ཡོད། ཕྲན་ཧི་མའི་རི་སྒང་གི་རི་མི་མང་དུ་འཕྲད་ཅིང་ཁོང་ཚོར་ཁྱེད་ཉིད་ལྟར་བོད་མིའི་འདུ་ཤེས་ཡོད་མཁན་ཆེས་ཉུང་པས་ཡིན་ཞིང་། དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན།༽
དེ་ནི་བརྒྱ་ཆའི་གྲངས་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་བསྡུར་ནས་བཤད་པ་མིན་ཞེས་པའི་དོན་གང་རེད།
ཧི་མི་བརྒྱ་ཆ་གྱར་ལྔ་ཡན་བོད་རིགས་ཡིན་པའི་འདུ་ཤེས་མེད་པས་ཡིན་ཞེས་པའི་དོན་གང་རེད།
ངས་རྫུན་བཤད་དང་མ་བཤད་མིག་བརྒྱ་བསྒྲད་ནས་ལྟས་ཀྱང་མཐོང་རྒྱུ་མེད་དོ།
ཡིན་ནའང་ཁྱེད་རང་གིས་མཐའ་དོན་དུ་ཧི་མི་རྣམས་ལྷ་ཡི་འདུ་ཤེས་འཛིན་གྱི་ཡོད་གསུང་པ་དེ་བདེན་པ་ཡིན་ན་ངས་ཀྱང་ཧི་མི་ཡོངས་རྫོགས་ཀྱི་ཚབ་བྱས་ཏེ་བཤད་ཕོད་པ་མེད་ཀྱང༌།
བོད་རིགས་ཀྱི་འདུ་ཤེས་ཡོད་ཀྱང་མེད་ཀྱང་རུང༌། བོད་མི་དང་ཧི་མི་གཉིས་གཅིག་ལ་གཅིག་བསྟེན་དང་གཅིག་ལ་གཅིག་བཀུར་གྱི་འདུ་ཤེས་བཟུང་རྒྱུ་ནི་ཤིན་ཏུ་གལ་ཆེ། འོན་ཀྱང་མི་རིགས་དང་མི་རིགས་ཀྱི་དབར་ལ་མཛའ་མཐུན་གྱི་རྣམ་འགྱུར་སྟོན་དགོས་པ་མ་ཟད། མི་རིགས་དང་མི་རིགས་ཀྱི་དབར་ལ་དབྱེན་དཀྲུགས་ཀྱིས་རིགས་སུ་འགྲོ་གཞིའི་ཚིག་རིས་དེ་
དག་ནམ་ཡང་ང་ཚོས་བེད་སྤྱོད་མི་བྱེད་རྒྱུ་ང་ཚོ་ཚང་མས་སེམས་ལ་འཇོག་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པར་བསམ།
ལ་སྟོད་བུ་ལགས། ཐུགས་རྗེ་ཆེ། ཉིད་དང་གླེང་མོལ་བཤད་པའི་གོ་སྐབས་མྱོང་བ་ནི་ང་ལ་མཚོན་ན་ཆེས་དོན་སྙིང་ལྡན་ཞིང་དགའ་འོས་བའི་བྱ་བཞག་རླབས་ཆེན་ཞིག་ཏུ་གྱུར་བས་ཡང་སྐྱར་ཐུགས་རྗེ་ལགས་འབུལ་བྱེད་ཀྱིན་ཡོད། ཉིད་ཀྱི་བྱ་བཞག་ཐམས་ཅད་སྒོ་ཀུན་ནས་ལམ་ལྷོང་ཡོང་ཏེ་མ་འོངས་བར་རང་རིས་རིག་གཞུང་ལ་ཞབས་འདེབས་ཞུ་བའི་རེ་བ་ཡོད་ལ་སྐུ་ཉིད་ཀྱིས་དེ་ལྟར་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། ཉིད་ལ་བོན་དང་རིག་གཞུང་གི་ཤ་ཞེན་ཡོད་པ་ནི་བདེན་པ་དང་བཀྲ་ཤིས་བའི་དོན་བཟང་ཞིག་ཡིན་པས་ངས་ནམ་ཡང་སེམས་ནས་ཡི་རང་བྱེད་ཀྱིན་ཡོད། ད་བདེ་མོ།
འོ་་་ད་དུང་ཉིད་ཀྱི་དྲི་ལན་ཞིག་ལྷག་འདུག
དེ་ནི་བརྒྱ་ཆའི་མང་ཤོས་ཀྱི་གྲངས་དང་བསྡུར་ནས་སྐད་ཆ་བཤད་པ་ལས་མི་རེ་གཉིས་དང་སྟུན་ནས་བཤད་པ་མིན། ཞེས་བའི་དོན་ནི་ངས་ཧི་རྒྱབ་ཡང་སྟེང་གི་མི༥༥༥ལ་ཞིབ་འཇུག་བྱས་བའི་འབྲས་བུ་ལས་བྱུང་བ་ཞིག་ལས། ང་ཧི་མི་མང་ཤོས་དང་ཐུག་ནས་སྐད་ཆ་བཤད་པའི་དོན་མ་ཡིན། དེ་ནི་ཚན་རིག་དང་ལྡན་པའི་ཞིབ་འཇུག་བྱེད་སྟངས་ཤིག་རེད་ལ། གནས་ལུགས་དེ་ནས་ཡོད་ཚད་ཚོད་དཔགས་ཀྱིས་རྟོགས་ཐབས་བྱེད་དགོས། དཔེར་ན། བུམ་པའི་སྟེང་ནས་སྟོང་ཉིད་སྒོམ་པ་ལྟ་བུ་རེད། སྟོང་ཉིད་འཚོལ་ཆེད་འཇིག་རྟེན་གྱི་དངོས་ཀུན་སྦྱང་རྒྱུ་མ་ཡིན་ཞིང་སྦྱང་ཡང་མི་ནུས་པས་གཅིག་ཤེས་ཀུན་གྲོལ་གྱི་ལམ་ལ་བརྟེན་དགོས་བས་ཡིན། ཐུགས་ལ་མི་འགྲོ་ན་དགོངས་དག མི་སུམ་བཅུ་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུ་རྭ་ཁ་དྲུག་བཅུ་ཡོད་པས་མོས་མཐུན་མེད་ན་རྩོད་ཀྱང་དགོས་བ་མེད་དེ། མཐུན་དུ་མེད་པས་ངལ་བའི་རྒྱུ་ལས་མ་འདས་བས་ཡིན།
ཁྱེད་ཀྱིས་གསུངས་བའི་སྐད་ཆ་རྗེས་མ་དེ་ནི་ཧ་ཅང་བདེན་དུ་འཁུམས་པས་ཡང་སྐྱར་ཐུགས་རྗེ་ཆེ་ཞུ་ཡོད།
ངས་གོང་གི་རྩོམ་ཡིག་འདི་ལས་འཕྲོས་ཏེ་མཆན་བུ་འགའ་བྲིས་པ་ཡིན། དེ་ལའང་རྒྱུ་མཚན་གཅིག་ཡོད། ང་ཚོས་རྒྱལ་པོ་གླང་དར་གྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་སྐབས། རྦ་བཞེད་འདི་གླང་དར་གྱི་ལོ་རྒྱུས་ཀྱི་གཞི་འཛིན་ས་རེད། ཡིན་ནའང་རྦ་བཞེད་ནི་སངས་རྒྱས་ཆོས་ལུགས་པ་ཞིག་གིས་བྲིས་པ་ཡིན་སྟབས། རྦ་བཞེད་ཀྱི་ནང་དུ་གླང་དར་གྱི་སྐོར་ལས་གང་གསལ་བ་ཐམས་ཅད་ཚད་མར་འཛིན་ཐབས་ཡོད་པ་མ་རེད།
རྒྱུ་མཚན་ནི་ཏུན་ཧོང་གི་ཡིག་རྙིང་ནང་དུ་རྒྱལ་པོ་གླང་དར་གྱིས་ཆོས་མེད་པར་བཅོས་པའི་གནས་ཚུལ་མི་གསལ་བའི་ཕྱིར་རོ། རྒྱུ་རྐྱེན་འདི་འདྲར་བསམས་ནས་རྩོམ་ཡིག་འདིར་མཆན་བུ་འགའ་བྲིས་པ་ལས། མཁར་རྨེའུ་བསམ་གཏན་ལ་རྒྱབ་སྐྱོར་བྱས་པ་རྩ་ནས་མིན།
དེ་ནས་བཙན་པོའི་སྐབས་ཀྱི་དགོན་པ་དང་རབ་བྱུང་བའི་གྲངས་ཀ་དེ་ཚོ་ངས་རྗེས་དཔག་ཚད་མའི་ལྟ་བ་སྤྱད་ནས་གོང་དུ་ཟུར་ཙམ་བྲིས་ཡོད། ད་དུང་སློབ་སྦྱོང་བྱེད་ཀྱིན་ཡོད། སྤོབས་པ་མཐའ་ཡས་མིང་ཅན་གྱིས་དེབ་སྔོན་ལས་ཆོས་གྲ་བཅུ་གཉིས་བཙུགས་ཞེས་པའི་གྲངས་ཀ་འདི་བེད་སྤྱད་དེ་དགོན་གྲ་མང་པོ་མེད་པའི་སྒྲུབ་བྱེད་གཏོང་གི་འདུག འོ་ན་དེབ་སྔོན་ལས་ཆོས་གྲ་བཅུ་གཉིས་བཙུགས་ཞེས་པ་འདི་ལའང་ཁུངས་མེད་པ་རེད། དགོན་པའི་མིང་དང་བཙུན་པའི་གྲངས་འབོར། དགོན་པའི་མིང་སོགས་བཀོད་མི་འདུག
མདའ་ཚན་པས་བྲིས་པའི་དགོན་པའི་ཐོ་ཡིག་དེ་ལའང་སྐྱར་ཞིབ་ཅིག་བྱ་ངེས་ཡིན། སྐབས་སྐབས་སུ་སྐབས་དེའི་ལོ་རྒྱུས་ཀྱི་དཔེ་ཆ་མེད་བཞིན་དུ་གང་དྲན་བྱེད་པ་འདི། དགེ་ཆོས་ཀྱིས་གསུངས་པའི་སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི་ཞེས་པའི་ཚིག་དུམ་འདི་ཅི་མ་བདེན་སྙམ།
གང་ལྟར། གླང་དར་དཀར་པོ་ཡིན་ན་ཆོག གླང་དར་ནག་པོ་ཡིན་ནའང་ཆོག བཙན་པོའི་སྐབས་ཀྱི་དམག་དཔུང་འབུམ་ཕྲག་གིས་ཡུལ་ལུང་ག་གེ་མོ་ཆབ་འོག་ཏུ་བསྡུས་པ་རེད། ཡུལ་ལུང་ག་གེ་མོའི་རྒྱལ་ས་ཕབ་པའི་ལོ་རྒྱུས་སོགས་མཐོང་སྐབས། ངོ་མ་ཡིད་མགུ་བ་ཞིག་རེད། བོད་ཀྱི་དམག་དཔུང་ཚོས་ཀྭི་སྒྲ་སིང་སིང་གྱེར་ནས་དགྲའི་སྟེང་ལ་ཤོར་སྟངས་སོགས་ཀྱང་མིག་ལམ་ནས་གཡོ་འགུལ་བྱེད་ཐུབ་པ་འདུག
དེ་ནས་འདིར་མི་ཤས་ཀྱིས་ཞང་ཞུང་གི་སྐོར་གླེང་གི་འདུག ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་ཞེས་པའི་དེབ་ཀྱི་ནང་དུ། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་ཟེར་གྱི་འདུག
དམག་གི་གྲངས་འབོར་འདིར་བལྟས་ན་སྟོད་མངའ་རིས་ཀྱི་གངས་རིན་པོ་ཆེའི་འབྲོག་པ་ཚོ་ཁག་གཅིག་ཀྱང་མིན་པ་འདྲ། འོ་ན། ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་པའི་སྒོ་དང་ཕུག་པ་དང་བར་དེ་གསུམ་ས་ཆ་གང་དང་གང་ཞིག་ལ་ངོས་འཛིན་དགོས་པ་རེད། གསུངས་དང་།
སྙན་བཟང་གཡུང་དྲུང་ལགས་སོགས་ཤེས་རབ་ཅན་ཚོའི་ལེགས་བཤད་རེ་ཐོས་པས་དགའ་སྤྲོ་འཕེལ། ཞང་ཞུང་གི་སྐོར་དེ་ནམ་མཁའི་ནོར་བུའི་མགོ་འདྲ་ཞིག་བཙུགས་ནས་ང་ཚོས་ཀྱང་ངོ་མ་ཞང་ཞུང་ཟེར་བའི་རྒྱལ་ཁམས་ཆེན་པོ་ཞིག་ཆགས་མྱོང་ཡོད་པར་རློམ་ནས་ཡར་མར་མང་པོ་ཞིག་བཤད་པ་རེད། ཡིན་ན་ཡང་ང་ཚོར་དཀའ་ངལ་ཞིག་འཕྲད་པ་དེ་ནི་དཔང་རྟགས་ཁུངས་སྐྱེལ་ད་དུང་མ་རྙེད་པ་དེ་རེད། དེང་སང་ནམ་མཁའི་ནོར་བུས་ཀྱང་ཆོས་ཚོགས་འཛིན་སྐྱོང་ཁོ་ནས་ཐུགས་བྲེལ་བ་མ་གཏོགས་དེའི་སྐོར་ལ་གསུང་འབྱོན་ཐུབ་ཀྱིན་མི་འདུག ངས་ཀྱང་ཞང་ཞུང་ཟེར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་མྱོང་མེད་ཅེས་ཐག་གཅོད་ཀྱིན་མེད། གང་ལྟར་ང་ཚོས་ཡིད་ཆེས་བྱེད་ཐུབ་མིན་ལ་མ་ལྟོས་པར་སྒྲུང་གཏམ་གྱི་ས་བོན་འདྲ་ཞིག་འདུག ལོ་རྒྱུས་སྒྲུང་གཏམ་དུ་གྱུར་པ་དང་སྒྲུང་གཏམ་ལོ་རྒྱུས་སུ་གྱུར་པ་འདི་དཀའ་ངལ་ཞིག་ཡིན་སྟབས་ཁ་ཚོན་གཅོད་ཐུབ་གི་མ་རེད། ཡིན་ན་ཡང་དཔང་རྟགས་ཁུངས་སྐྱེལ་ཇི་སྲིད་མ་རྙེད་པ་དེ་སྲིད་དུ་སྒྲུང་གཏམ་སྒྲུང་གཏམ་གྱི་ས་རུ་འཇོག་དགོས་པ་ལས་དེ་ལོ་རྒྱུས་སུ་བགྲང་ན་འགྲིགས་གི་མི་འདུག དེ་བཞིན་དུ་ཞང་ཞུང་ལ་ཡི་གེ་ཡོད་ཟེར་བ་ལ་སོགས་ཀྱང་དེ་བཞིན་རེད། ཁྱེད་ཀྱིས་ཞང་ཞུང་རྒྱལ་པོའི་དམག་གྲངས་ཤིག་འདིར་བཀོད་པ་དེའི་སྐོར་རེད། སྦ་བཞེད་ལས་བོད་ཀྱི་རྒྱལ་པོས་རྟ་དམག་བྱེ་བ་གཅིག་རྒྱ་གར་དུ་དྲངས་ཞེསས་བྲིས་འདུག གྲངས་ཀ་དེར་ང་ཚོས་ཡིད་ཆེས་བྱེད་ཀྱིན་མེད། དེ་ལས་ཁྱེད་ཀྱིས་འདིར་བཀོད་པའི་ཞང་ཞུང་རྒྱལ་པོའི་དམག་གི་གྲངས་དེ་ལྷག་པར་ཡང་སྒྲོ་བཏགས་ངོ་མ་ཞིག་རེད། དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཟེར་དུས་བློ་ལ་མི་ཤོང་བ་ཞིག་མ་རེད་དམ།
བཤད་སྟངས་དེ་ཚོས་རྫུན་རྐུབ་ཕུད་ཀྱིན་འདུག
ཁྲི་རལ་གྱི་དུས་སུ་དབང་བཙུན་པ་ལ་གཏད་ཡོད་མེད་དེ་རྒྱ་བོད་འདུམས་འགྲིག་རྡོ་རིང་རང་གིས་ཁ་གྲག་འདུག རྡོ་རིང་གི་ཡི་གེ་ལས་དུས་དེར་དམར་མཆོད་བྱེད་ཀྱིན་ཡོད་པ་བསྟན་འདུག རྒྱ་བོད་ཞི་འགྲིགས་གི་འགན་འཁུར་མཁན་ངོ་མ་དེ་བན་ཆེན་པོ་རེད། ཁོང་བཙུན་པ་རེད། གལ་སྲིད་དབང་བཙུན་པ་ལ་ཡོད་ན་རྒྱ་བོད་གཉིས་ཀ་འདུས་ས་ནས་སྲོག་ཆགས་བསད་ནས་ཉི་ཟླ་གཟའ་སྐར་དཔང་དུ་བཙུགས་ནས་མནའ་བོར་གི་མ་རེད། དེ་སངས་རྒྱས་ཆོས་ལུགས་པས་བྱེད་སྟངས་ཤིག་མ་རེད། ལྷག་པར་གྲྭ་བས་དེ་འདྲ་མི་བྱེད་པ་ང་ཚོས་ཤེས་བཞིན་པ་རེད། སྐབས་དེར་ད་དུང་ཡང་བཙན་པོའི་སྲིད་གཞུང་གི་བྱེད་སྒོ་ཁག་སྲོལ་རྒྱུན་ཆོས་ལུགས་རང་གི་འགྲོ་སྟངས་བཞིན་སྒྲུབ་པ་ལས་བཙུན་པ་ཚོར་དབང་ཆ་མེད་པ་ཡོད་པ་གསལ་པོ་རེད། འདི་ལས་དཔག་ཐུབ་པ་ཞིག་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཟེར་བ་སོགས་ལས་དེའི་སྐབས་སུ་སྲོལ་རྒྱུན་ཆོས་ལུགས་པ་ཚོས་བཙན་པོའི་སྐུ་རིམ་ལ་སྲོག་ཆགས་སྟོང་ཕྲག་མང་པོ་གསོད་བཞིན་ཡོད་ཟེར་བ་དེ་ཚོ་ཡང་རྫུན་རང་རེད་ཟེར་མི་ཐུབ་པ་ཞིག་རེད། དེ་བཞིན་གྲྭ་བཙུན་གྱི་གྲངས་འབོར་ཐད་ལ་བཤད་རྒྱུ་མང་ཡང་རྗེས་སུ་གླེང་ཆོག
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱིས་གཏམ་འགོ་འཛུམས་ཀྱིས་བསུས་པ་མེད་ཀྱང་གཏམ་གཞུག་འཛུམས་ཀྱིས་བསྡུས་པར་ངས་ནས་ཀྱང་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌།
ཆོས་དང་རིགས་གཞུང་དེ་བཞིན་ལོ་རྒྱུས་གླེང་སྐབས་ང་ཚོས་ཇི་ཙམ་གྱིས་མཐུན་པའི་ཕྱོགས་གླེང་ཅིང་རྩལ་དུ་བཏོན་ནས་བཤད་ན་དེ་ཡིས་མི་སྨོན་རང་སྐྱིད་ཅེས་པ་དེ་ཡོང་གི་རེད།
དེ་མིན་ལོ་རྒྱུས་བཤད་ཁུལ་འདྲ་བྱས་དེ་ཡིས་བསྒྲུབ་བྱ་གཙོ་བོ་དེ་ལོ་རྒྱུ་དངོས་ཀྱི་གཞུང་ལ་མི་འཇུག་པར་ཚིག་སྣེ་ལ་འཇུས་ཏེ་མི་རིགས་དང་ཆོས་ལུགས་སོགས་ཀྱིས་སྐྱོན་ཆ་གང་ཡོད་པ་ཐེར་འདོན་ནམ་རྩལ་དུ་བཏོན་ནས་བཤད་པ་ཡིན་ན་དེ་ཡིས་རང་གཞན་གཉིས་ཀ་ལ་མི་བདེ་བའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། དེས་ན་ང་ཚོ་རྩོམས་པ་པོ་རྣམས་ལ་མི་ཡི་སྤྱི་ཚོགས་འདི་ཞོ་ལྟར་དཀྲུགས་པའི་ནུས་པའང་ཡོད་ལ། དར་ལྟར་འཇམ་པར་བཟོ་བའི་ནུས་པའང་ཡོད། ༸གོང་ས་མཆོག་གིས་ཀྱང་གསར་འགོད་པའི་རིགས་ལ་བཀའ་སློབ་གནང་སྐབས་སུ་འཇིག་རྟེན་སྤྱི་ཚོགས་ཆམ་མཐུན་ཡོང་པར་ཁྱེད་ཚོས་གསར་ལམ་གྱི་ཐོག་ནས་ནུས་པ་འདོན་ཐུབ་ཀྱི་ཡོད་པས་འགན་ཁུར་བཞེས་དགོས་གསུངས་ཡོད།
དངོས་གནས་ཅིས་མི་བདེན་བསམ་པ་ཞིག་ང་ཚོར་ངེས་ཤེས་བརྙེད་ཀྱི་འདུག།
ད་བདེ་མོ་བྱོས།
སྤོབས་པ་མཐའ་ཡས་ལགས། ལོ་རྒྱུས་ཀྱི་བར་སྐབས་རེར་ཡིད་ཆེས་དཀའ་བའི་བརྗོད་དོན་རེ་བྱུང་ན་ལོ་རྒྱུས་ཧྲིལ་བོ་རྩིས་མེད་དུ་གཏོང་བ་ནི་སྤོབས་པ་ཁོ་ནས་བྱེད་རྒྱུ་ཞིག་ལས་རྣམ་དཔྱོད་ཀྱིས་བྱེད་རྒྱུ་ཞིག་ཨེ་ཡིན། ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པ་དེར་ཡིད་ཆེས་དཀའ་བའི་རྒྱུ་མཚན་གྱིས་ཞང་ཞུང་གི་ལོ་རྒྱུས་འདི་རྫུན་དུ་བསྒྲུབ་ཐུབ་ན་ཁྱོད་རང་གི་འདོད་པ་ལྟར་བོད་ཀྱི་རྒྱལ་པོས་རྟ་དམག་བྱེ་བ་གཅིག་རྒྱ་གར་དུ་དྲངས་པར་ཡིད་ཆེས་དཀའ་བའི་རྒྱུ་མཚན་གྱིས་སྦ་བཞེད་ཀྱང་རྫུན་གཏམ་ཡིན་པ་བསྒྲུབ་ཅི་ལ་མི་ཐུབ། དེར་མ་ཟད་སྲོང་བཙན་གྱི་ལོ་རྒྱུས་དང་ཁྲི་སྲོང་གི་ལོ་རྒྱུས་སོགས་ལ་ལྟོས་དང་ངོ་མཚར་བ་དང་ཡིད་ཆེས་དཀའ་བ་ཅི་ཙམ་འདུག དེ་དག་ལ་་བལྟས་ན་དམག་གི་གྲངས་ཀ་དེ་ཙམ་གང་ཡང་མ་རེད། རྒྱུ་མཚན་དེའི་ཕྱིར་ལོ་རྒྱུས་དེ་དག་ཀྱང་རྫུན་དུ་བསྒྲུབ་རྒྱུ་ཡིན་ནམ། དབང་བཙུན་པ་ལ་གཏད་ཡོད་མེད་ཅིག་བཤད་སྐབས་ཁྱོད་ཀྱིས་རང་རྐུབ་རང་གིས་ཕུད་འདུག་སྟེ། ༼རྒྱ་བོད་འདུམ་འགྲིག་གི་སྐབས་སུ་འགན་འཁུར་མཁན་ངོ་མ་དེ་བན་ཆེན་པོ་རེད།༽ཟེར། འགན་འཁུར་མཁན་དེ་ལ་དབང་ཡོད་དམ་མེད། མེད་ན་འགན་ཇི་ལྟར་ཁུར་བ་རེད་དམ། གཅིག་དེ་ཡིན། གཉིས་ནས་ཁྱོད་ཀྱིས་བན་ཆེན་པོ་འདི་དགེ་སློང་ཡང་དག་ཅིག་རེད་ཅེས་ཁ་ཚོན་ཇི་ལྟར་གཅོད་ཐུབ། ཁོང་གིས་བྱས་བྱས་ཐམས་ཅད་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་མཐུན་པ་རེད་ཅེས་ཀྱང་ཇི་ལྟར་ཁུངས་སྐྱེལ་ཐུབ། ཁུངས་སྐྱེལ་མི་ཐུབ་ན་ཨུ་ཚུགས་བྱེད་དོན་ཅི་ཡོད། བན་ཆེན་པོ་སྐྱོན་ཅན་དུ་གྱུར་ན་སངས་རྒྱས་ཀྱི་ཆོས་སྐྱོན་ཅན་དུ་འགྱུར་བ་མ་རེད། སྤྱིར་ཁྱོད་ལ་སྐྱེ་བུ་བྱེ་བྲག་པ་ཞིག་གི་སྐྱོན་ཁྱེར་ཏེ་སྤྱིའི་གདོང་ལ་ནག་ཐིག་འཕབ་ཨེ་ཐུབ་བལྟ་རྒྱུར་དགའ་བའི་ན་ཚ་ཞིག་འདུག ཐོག་ཏུ་ཁྱོད་རང་གིས་གང་བྲིས་པ་དག་ལ་གཟིགས་དང་ཤེས་ངེས།
ལ་སྟོད་ཀྱི་བུ། བན་ཆེན་པོ་ལ་མཚོན་ན་རྒྱ་བོད་འདུམས་འགྲིགས་བྱེད་པའི་འགན་འཁུར་བའི་དབང་ཆ་ཁོ་ལ་འདུག ཡིན་ན་ཡང་འདུམས་འགྲིགས་ཀྱི་མཛད་སྒོའི་སྐབས་སུ་དམར་མཆོད་ཀྱི་ཆོ་ག་འགོག་པའི་དབང་ཆ་ཁོ་ལ་མི་འདུག ཁ་གསལ་པོ་བཤད་ན་དེ་འདྲ་ཞིག་རེད། མདོར་ན་སངས་རྒྱས་ཆོས་ལུགས་པས་ཆབ་སྲིད་བསྒྲུབ་པའི་དབང་ཆ་ཡོད་ན་ཡང་སངས་རྒྱས་ཆོས་ལུགས་དེ་ཆབ་སྲིད་ཀྱི་བྱེད་སྒོའི་ནང་དུ་བསྲེ་ཆོག་གིན་མི་འདུག སྔར་ཡོད་སྲོལ་རྒྱུན་ཆོས་ལུགས་ཀྱི་དམར་མཆོད་དེ་ག་རང་བྱེད་དགོས་ཀྱིན་འདུག འདུམས་འགྲིགས་སྐབས་སུ་བན་ཆེན་པོ་འདི་ཆབ་སྲིད་ཀྱི་ལག་ཆ་ཙམ་ལས་དོན་དུ་སངས་རྒྱས་ཆོས་ལུགས་ཆབ་སྲིད་ནང་དུ་ཚུར་བསྲེ་ཆོག་པའི་དབང་ཆ་མི་འདུག
བཙན་པོའི་ལོ་རྒྱུས་དང་ཞང་ཞུང་གི་ལོ་རྒྱུས་བསྡུར་རྒྱུ་ཞིག་ག་ལ་ཡོད། བཙན་པོ་བཞེངས་པའི་ཕོ་བྲང་། བཙུགས་པའི་རྡོ་རིང་། བྲིས་པའི་བཀའ་གཙིགས་ལ་སོགས་པ་མཐོང་དུ་ཡོད་པ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ལོ་རྒྱུས་ན་ཡང་དེ་ག་རང་ཐོན་ཡོད་པ་ཞིག་རེད། དེ་བཞིན་དུ་ཏུན་ཐོང་གི་ཡི་གེ་ལ་གཅིག་ལྟོས་དང་། བཙན་པོ་ཁ་ཤས་རེའི་ལོ་རེ་རེའི་ད་པ་འཕྲིན་ལས་ཉིན་ཐོ་བཞིན་འཁོད་འདུག ཞང་ཞུང་གི་རྒྱལ་རབས་ཟེར་དུས་སྒྲུང་གི་བཟོ་འདྲ་བ་དུམ་བུ་གཅིག སྒྲུང་དེ་ཡང་སྒྲུང་གི་བཟོ་ལྟ་མེད་པ། མི་སྨྱོ་ཚུབ་ཚུབ་ཅིག་གཉིད་ནས་ཡར་སད་པའི་རྨི་ལམ་བཤད་ཀྱིན་ཡོད་པ་ལྟ་བུ་ཞིག་རེད། དཔང་རྟགས་སྟོན་རྒྱུ་མེད་ཐོག་ཡིག་ཐོག་གི་སྒྲུང་དེ་ཡང་ཡག་པོ་ཞིག་མི་འདུག ངག་ཐོག་གི་བཤད་རྒྱུན་ལྟ་བུ་ཡང་མི་འདུག
སྤོབས་པ་མཐའ་ཡས་ལགས།
ང་དང་དྲྭ་གྲོགས་ཨ་ནུ་ཐང་བསོད་ནམས་ངེད་གཉིས་ཡུན་རིང་ཞིག་བཤད་པའི་མཐར་ངེད་གཉིས་ཀྱིས་གཅིག་གིས་གཅིག་ལ་མི་མཐུན་པའི་ཕྱོགས་རྣམས་ཟུར་དུ་བཞག་ནས་མཐུན་པའི་ཕྱོགས་རྣམས་མདུན་དུ་བླངས་ནས་མཐར་གཏམ་མགོ་འཛུམ་གྱིས་བསུས་ཏེ་ཁ་དགེ་བཀ྄ྲ་ཤིས་པའི་འཇུག་བཞག་མ་ཐག
ཡང་ཁྱོད་ཀྱིས་ང་ལ་ཅི་ཞིག་བྱེད་འདོད་པ་ཡིན་ནམ།
དྲང་པོ་ཤོད། ལོ་རྒྱུས་ཀྱི་སྐོར་ལས་འཕ྄ྲོས་ཏེ་སྒྲོགས་གླེང་ཞིག་བྱེད་འདོད་པ་ཡིན་ནམ། ཡང་ན་ཆགས་ས྄ྡང་གི་རྙོག་གཞི་ཞིག་སློང་འདོད་པ་ཡིན།
དྲིས་པ་དེ་གཉིས་ལ་ལན་ཞིག་གནང་རོགས།
དེ་ནས་ངས་འདི་བྱ་འདི་བྱེད་ཀྱིས་བསམ་བློ་ཞིག་གཏོང་གི་ཡིན།
http://www.khabdha.org/?p=10314
བཙན་པོ་གླེང་ན་འདི་ལ་ཡང་གཟིགས་ཙམ་གནང་རོགས།
སྤོབས་པ་མཐའ་ཡས་འདི་སྨྱོས་པ་འདྲ། ཞང་ཞུང་གི་ལོ་རྒྱུས་མི་འདུག་ཟེར་བ་ལ་བལྟས་ན་ཁྱོད་དངོས་གནས་སྤོབས་པ་མཐའ་ཡས་པའི་མི་ཞིག་རེད། འོན་ཀྱང་མི་ཤེས་བཞིན་དུ་སྤོབས་པ་བྱེད་ཚུལ་འདིས་ཁྱོད་མདོ་མེད་སྣང་བསོར་ཞིག་ཡིན་པའང་གསལ་པོར་གྱུར་འདུག ཞང་ཞུང་གི་རྒྱལ་ཁབ་ཡོད་མེད་ལ་གཟུར་གནས་ཞིབ་འཇུག་པ་སུས་ཀྱང་དོགས་པ་ཟ་མི་དགོས་པར་གྱུར་བར་མ་ཟད་སྐབས་ཤིག་ལ་ཞང་ཞུང་གི་རྒྱལ་ཁབ་འདི་དར་རྒྱས་ཧ་ཅང་ཆེན་པོར་གྱུར་ཏེ་བོད་ཀྱི་བཙན་པོས་དམག་ཐབས་ཀྱིས་འདུལ་མ་ཐུབ་པར་རང་གི་སྲིང་མོ་ཞང་ཞུང་གི་རྒྱལ་པོར་བཙུན་མོར་ཕུལ་ཏེ་ཆས་ཐ་ཤལ་པའི་གཡོ་ཐབས་ཀྱིས་བཏུལ་བའང་ལོ་རྒྱུས་གང་མང་ན་གསལ་པོར་མངོན། ལོ་རྒྱུས་ཁྲོད་བྱུང་མྱོང་བའི་སྟོབས་ཆེན་གྱི་རྒྱལ་ཁབ་དང་སྟོབས་ཆེན་གྱི་མི་རིགས་སོགས་ནམ་ཡང་ཆག་འཇིགས་ཡོང་མི་སྲིད་པར་འཛིན་པའང་ཁྱོད་ཀྱི་སྨྱོ་གཏམ་ཁོ་ན་རེད། འཇིག་རྟེན་གྱི་ཁམས་འདིར་སྔ་མོ་བྱུང་ཟིན་པའི་སྟོབས་ཆེན་གྱི་རྒྱལ་ཁབ་མང་པོ་ཞིག་ད་ལྟ་མིང་ཙམ་ལས་མེད་པར་གྱུར་བའང་བགྲང་གིས་མི་ལང་། བོད་ཀྱི་བཙན་པོས་བཞེངས་པའི་ཕོ་བྲང་དེ་འདྲའི་ངོ་མཚར་ཅན་ཞིག་སྟོན་རྒྱུ་ཡོད་དམ། བསམ་ཡང་དང་གཙུག་ལག་ཁང་སོགས་ལ་ཕྱིས་སུ་བཟོ་བཅོས་ཅི་ཙམ་བརྒྱབ་ཀྱང་ད་དུང་ངོ་མཚར་བའི་ཚད་དུ་སླེབས་མེད། པོ་ཏ་ལ་ནི་སྲོང་བཙན་གྱི་སྒྲུབ་ཕུག་ལ་ཕྱིས་སུ་ཕོ་བྲང་དམར་པོ་བསྐྲུན། མི་དམངས་ལ་སྡུག་ལས་སྣ་ཚོགས་བསྐུལ་ཏེ་གཡས་མཐུད་གཡོན་མཐུད་བྱས། ད་དུང་འདི་ལ་ངོམས་སོ་བྱེད་པ་ནི་འཇིག་རྟེན་པ་ཁོ་ནས་ལུགས་སྲོལ་ལས་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་མ་བཏང་བ་རང་རེད། དཔེར་ན་རྒྱ་ནག་གི་ལྕགས་རི་རིང་མོ་དང་རྒྱ་གར་གྱི་ཏཱ་ཅི་པུར་ཁང་སོགས་ལྟ་བུ་རེད། འདིའི་ཆེད་དུ་མི་ཇི་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་མི་ཇི་ཙམ་སྡུག་ལ་སྦྱར་ཡོད་པ་བཤད་མི་དགོས་ལ། ངལ་རྩོལ་གྱི་འབྲས་བུ་ལ་དགའ་སྐྱིད་ཀྱི་ངང་ནས་ལོངས་སུ་སྤྱོད་མཁན་ནི་ཁྱོད་ཀྱིས་འདོད་པའི་ཆོས་རྒྱལ་དང་དགེ་སློང་དག་རེད། ཁྱོད་ཀྱི་ཕྱོགས་རེ་བའི་ལྟ་ཚུལ་ལ་ལེགས་པ་ཐམས་ཅད་བན་ཏིང་ངེ་འཛིན་གྱིས་བྱས་པ་དང་སྡུག་པ་ཐམས་ཅད་བོན་པོས་བྱས་མ་རེད་དམ། ཁྱོད་ཀྱིས་བསམ་ཚུལ་ལ་བན་ཏིང་ངེ་འཛིན་གྱིས་ཆབ་སྲིད་ཀྱི་འགན་བཞེས་པ་དེའང་བཅོམ་ལྡན་འདས་ཀྱི་བཅས་ཁྲིམས་དང་མཐུན་པ་རེད་དམ། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་སྒྲུང་གི་རྣམ་པ་མེད་པ་ཞིག་གང་ན་འདུག ལོ་རྒྱུས་དེ་དག་ཀྱང་གཅིག་ལ་རྒྱབ་འགལ་དུ་གྱུར་བའི་ཆ་ཤིན་ཏུ་མང་བ་དེ་དག་ཁྱོད་ཀྱིས་མ་མཐོང་བ་ཡིན་རྒྱུ་མ་རེད། ཕྱོགས་རེ་བའི་མིག་གིས་བལྟས་ན་མི་མཐོང་ནའང་ཐང་། ཞང་ཞུང་གི་ལོ་རྒྱུས་ཚོར་སྒྲུང་གི་རྣམ་པ་མེད་པ་གང་དང་གང་རེད་དམ། ཁྱོད་ཀྱི་ལུགས་ལྟར་བྱེ་བྲག་གི་ངོ་བོ་ཁྱེར་ནས་སྤྱིའི་ངོ་བོར་འཇོག་རྒྱུ་ཡིན་ན་དེ་ག་རང་མཛོད་ཅིག བོན་གྱིས་བཤད་ཚད་རྫུན་དང་བན་དྷེས་བཤད་ཚད་བདེན་པར་རློམས་པ་འདི་ལ་རྒྱུ་མཚན་ཡོད་ན་གཅིག་རང་ཡོད་སྲིད་དེ། དེ་ནི་ཁྱོད་ལ་རྒྱུ་མཚན་འགྲོ་ས་མེད་པ་དེ་རེད། གཞན་ཡང་ཁྱོད་ཀྱིས་གཏམ་ལ་ལན་མ་ཐེབས་ན་གཡས་གཟུར་གཡོན་གཟུར་མང་དུ་བྱེད་པ་འདིས་དོན་དངོས་ཐོག་བགྲོ་གླེང་བྱེད་འདོད་མ་ཡིན་པར་ཕུང་དཀྲུགས་བྱེད་འདོད་ཡིན་པ་གསལ་པོར་གྱུར་འདུག
བོན་པོ་ཚོས་དམར་མཆོད་བྱེད་མ་མྱོང་རབས་དང་བོན་ནག་ཅེས་པ་མེད་རབས། ཞང་ཞུང་ཞེས་པ་ཞིག་ཀྱང་ཡོད་རབས། དེ་ལ་ཡི་གེ་ཞིག་ཀྱང་ཡོད་རབས་སོགས་ཧམ་བྱེད་རྐྱང་བ་བྱས་པ་ལས་དོན་ལ་མངོན་བཞག་པ་ཅི་ཡང་ཡོད་པ་མ་རེད། འདིར་ཕེབས་པའི་བོན་ཕྲུག་ཚོས་བཀའ་ལན་ཞིག་གནོང་དང་།
བོན་པོ་ཚོས་དམར་མཆོད་ བྱེད་མ་མྱོང་རབས་དང་བོན་ནག་ཅེས་པ་མེད་རབས། ཞང་ཞུང་ཞེས་པ་ཞིག་ཀྱང་ཡོད་རབས། དེ་ལ་ཡི་གེ་ཞིག་ཀྱང་ཡོད་རབས་སོགས་ཧམ་བྱེད་རྐྱང་བ་བྱས་པ་ལས་དོན་ལ་མངོན་བཞག་ པ་ཅི་ཡང་ཡོད་པ་མ་རེད། འདིར་ཕེབས་པའི་བོན་ཕྲུག་ཚོས་བཀའ་ལན་ཞིག་གནོང་དང་།
ལ་སྟོད་ཀྱི་བུ་ཟེར་བ་དང་དམུ་ཐག་གི་བུ་རྒྱུད་ཟེར་བའི་བོན་ཕྲུག་ཚོ་ད་བཤད་རྒྱུ་ཡོད་ན་ཤོད་དང་། བོན་ནག་ཚོའི་རྫུན་ཁོངས་ཚང་མ་ངས་ཤེས་ནི་རེད་
སྤོབས་པ་མཐའ་ཡས་ཀྱི་མིང་ཅན་ཤེས་རབ་དར་རྒྱས་ཁོ་རེ། ཏུན་ཧོང་ཡིག་རྙིང་དུ་ཞང་ཞུང་གི་ལོ་རྒྱུས་མི་འདུག་གམ། ཡོད་ན་དེ་གཅིག་པུ་སྒྲུང་གཏམ་ཡིན་དོན་མེད། སྐད་ཆ་སོམས་ལ་ཤོད།
xxxxxx
ཨ་ལ་ལ་ལ། ད་ཡིན་ན་སྤོབས་པ་མཐའ་ཡས་ཚང་ལ་འབུད་རྡུང་དཀྲོལ་གསུམ་གྱིས་བསུ་མ་བྱེད་ཀྱིན་འདའ། དད་ལྡན་གཡུང་དྲུང་བོན་གྱི་མ་དགོན་འདི་ཚོ་ངོ་ནས་ཆོས་ལུགས་རིས་མེད་ཟེར་ནོ་རེད་ཡ། ད་སྤོབས་པ་ནས་གང་ལ་གང་འདུལ་ཞིག་མ་བྱས་དུས།
ཡིག་རྙིང་ཚིག་འགྲོས་ལས། ཆོས་ལུགས་ནི་རིས་མེད། རིས་མེད་ནི་ཕན་ཆེ། ཕན་ཞོར་དུ་སྤྱི་བདེ།
ངས་འདི་ནས་གླང་དར་ཟེར་བ་དེ་མི་ཡག་པོ་ཞིག་མ་རེད་ཟེར་གྱིན་ཡོད། གླང་དར་དང་བོན་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། ཁྱོད་ཚོས་བན་དེ་ཚང་ལ་རོ་ཐོག་བྲོ་རྡུང་གིས་ཀྱག་ཀྱག་བྱས་ནས་གླང་དར་ལ་བསྟོད་གླུ་བླངས། གླང་དར་ལ་རྗེས་དྲན་ཞུས། གླང་དར་དཀར་འདོན་དགོས་པའི་རེ་བ་བཏོན་པ་རེད། གླང་དར་ཟེར་བ་འདིས་བན་དེ་ཚང་གི་མགོ་ལ་སྟ་རེ་གཞུས་ཡོད་པ་རེད། ཧ་གོ་སོང་ངམ། བོན་པོ་དང་བན་དེ་ཟེར་བ་འདི་གཉིས་བུ་སྤུན་གཉིས་རེད། དར་སྔ་ཕྱིའི་ཆ་ནས་བོན་ཟེར་བ་དེ་ཕུ་བོ་རེད། གླང་དར་གྱིས་ནུ་བོའི་མགོ་ལ་སྟ་རེ་གཞུས་པ་རེད། རྩ་མེད་ཤུལ་མེད་བཟོས་པ་རེད། བན་དེ་ཚང་གི་ཁང་ཤུལ་ལ་རྟ་རྒྱུགས་ས་འདྲ་བོ་ཞིག་བཟོས་པ་རེད། དངོས་གནས་བྱས་ན་ཕུ་བོ་བོན་པོ་ཚང་གིས་ཐལ་བ་སྤར་མོ་གང་ལས་འདེབས་མ་ཐུབ་ན་ཡང་གླང་དར་གྱི་ཕྱོགས་ལ་འདེབས་དགོས་ཀྱིན་ཡོད་པ་རེད། དེ་མ་བྱུང་ན་ཡང་ནུ་བོ་ཚང་ལ་ད་མ་ངུ་དང་ང་ཚོ་འགྲིགས་འགྲོ་གི་རེད། ཕུ་བོ་འདི་ན་ཡོད་ཟེར་ནས་སེམས་གསོ་ཞིག་གཏོང་དགོས་ཀྱིན་ཡོད་པ་རེད། ད་ག་བ་ག་བ། བན་དེ་ཚང་གི་མགོའི་ཁྲག་མ་སྐམ་གོང་ནས་ཕུ་བོ་བོན་པོ་ཚང་གླང་དར་གྱི་ཕྱོགས་སུ་ལངས་ནས་སྙིང་ཚིམ་འདྲ་བསྡར། ཀྱག་ཀྱག་འདྲ་བྱས། འདི་འདྲ་བྱས་ན་སེམས་པ་ཡ་ཡུས་ཕམ་གི་འདུག ང་ཚོས་ཕུ་བོ་བོན་ཚང་གིས་སེམས་གསོ་ཞིག་ད་ཡོང་གི་རེད་བསམ་ནས་ལོ་སྟོང་ཕྲག་ལ་བསྒུགས་ཀྱང་དུས་རབས་ཉེར་གཅིག་པ་ཤར་དུས་ད་དུང་ཡང་ང་ཚོའི་དགྲ་དེ་ལ་བསྟོད་གླུ་བླངས། ང་ཚོའི་དགྲ་གཅིག་པོ་དེ་ལ་རྗེས་དྲན་ཞུས། ང་ཚོའི་མགོ་ལ་སྟ་རེ་བཞུ་མཁན་དེ་དཀར་འདོན་དགོས་པའི་བསམ་འཆར་འདྲ་བཏོན་ནས་ཀྱག་ཀྱག་བྱེད་ཀྱིན་འདུག སེམས་པ་ཡ་ཡུས་སྐྱོ་གི་འདུག བོད་འདྲ་བོ་ཡིན་ན་ཁྱིམ་མཚེས་ཡ་རབས་ཤིག་ཡིན་ན་ཡང་འདི་འདྲ་བྱེད་ཀྱི་མ་རེད། གྲོང་སྡེའི་ནང་གི་མི་ཚང་ཞིག་གི་མི་ཞིག་གྲོངས་ཡོད་ན་ཁྱིམ་མཚེས་ཚང་མས་ལོ་གསར་སྐབས་གླུ་བྲོ་རྟ་རྒྱུགས་སོགས་བྱེད་གི་མ་རེད། དེ་འདྲ་བྱས་ན་རོ་ཐོག་བྲོ་རྡུང་ཟེར་ནས་ཧ་ཅང་སྡུག་པོ་ཞིག་བརྩིས་ནས་སེམས་ཕམ་གི་རེད། ཕྲུ་གུ་ཚོས་འུར་འུར་ཟིང་ཟིང་བྱེད་དུས་ཕ་མ་ཚོས་བཀའ་བཀྱོན་གཏོང་གི་རེད། གླང་དར་གྱིས་བན་དེའི་མགོ་ལ་སྟ་རེ་གཞུས་ན་ཡང་བོན་ཚང་ལ་ཡག་པོ་རེ་བྱས་ཡོད་ན་ང་ཚོས་ཏག་ཏག་ཧ་གོ་གི་འདུག བོན་ཚང་གིས་བསྟོད་གླུ་ལོས་ལེན། རྗེས་དྲན་ལོས་ཞུ། ཡིན་ན་ཡང་གླང་དར་དང་བོན་ལ་འབྲེལ་བ་གང་ཡང་མེད་ས་ནས་འདི་འདྲ་བྱེད་པ་དེ་ག་རེ་རེད། འདི་མ་གཞི་ནས་རླབས་ཆེན་གྱི་ཆོས་ལུགས་བར་གྱི་དམ་ཚིག་མཐུན་འབྲེལ་ཚོ་ཕར་ཞོག་མི་ཡ་རབས་ཤིག་གི་ལས་ཀ་ཡང་མ་རེད། ཡ་ག་རེ་རེད། གླང་དར་བོན་ཚང་གི་དོན་ལ་ཤི་སོང་ན་ཁྱོད་ཚོ་ལ་ཁག་མེད། ཡིན་ན་གླང་དར་ཁོ་རང་རྒྱལ་སའི་དོན་དག་ལ་ཕུ་བོ་བསད་པའི་ལས་འབྲས་འཁོར་ནས་ཤི་བ་རེད། དེ་ལ་ཁྱེད་ཚོས་རྗེས་དྲན་ག་རེ་བྱས་ནས་ཞུ་དགོས་པ་རེད། སེམས་པ་ཡ་ཡུས་ཕམ་གི་འདུག
རྒྱལ་རོང་རྒྱལ་མོ་དམུ་རྡོའི་གཡས་གཡོན་གྱི་ཡུལ་མི་ཚོར་ངག་རྒྱུན་སྙིང་རྗེ་པོ་ཞིག་འདུག བོན་པོ་ཚོ་ལ་བོད་ཀྱི་རྒྱལ་པོའི་བཀའ་ཆད་ཕོག་སྐབས་བེ་རོ་ཙྰ་ནས་སེམས་གྱིས་མ་བཟོད་ནས་རྒྱལ་རོང་ཁོགས་སུ་བྲོས་ཡོང་ནས་བོན་སྤེལ་བསྡད་པ་རེད་ཟེར་སྲོལ་འདུག རྒྱལ་རོང་བས་རང་རང་གི་སྟོན་པ་ལས་ཀྱང་བེ་རོ་ལ་དད་པ་ཆེ་བ་རེད། དེ་འདྲ་རེད། བོན་དང་བན་ཟེར་བ་དེ་གཉིས་བུ་སྤུན་ཡིན་ཡང་མཚམས་ལ་འཁྲུག་པ་ཤོར་མྱོང་བ་རེད། ཡིན་ན་ཡང་གནད་ལ་ཐུག་དུས་ཕན་ཚུན་ལ་རོགས་པ་བྱེད་ཀྱིན་ཡོད་པ་རེད། ད་ཁྱོད་ཚོས་ག་རེ་བྱེད་ཀྱིན་ཡོད། གླང་དར་གྱི་ཕྱོགས་སུ་ལངས། ཡ་ད་ཅིག་ཤོད་དང་།
གནའ་བོའི་ཞང་ཞུང་དང་དམར་མཆོད་ཀྱི་སྐོར་ལ་བཤད་རྒྱུ་མང་པོ་ཞིག་འདུག་སྟེ། གཅིག་ན་ང་ཚོ་ལོ་རྒྱུས་ཉམས་ཞིབ་པ་མ་རེད། གཉིས་ན་ཆེད་ལས་པའང་མ་རེད། ལྷག་པར་དུ་བདག་ལྟ་བུ་ཞིག་གིས་གནའ་བོའི་ལོ་རྒྱུས་དང་ཤེས་རིག་གླེང་བ་ཡིན་ན། མི་ཆུང་ཆུང་གིས་གཏམ་ཆེན་པོ་བཤད་ཀྱི་ཡོད་པའི་བཟོ་འདྲ་པོ་འདུག གནས་སྐབས་རིང་བརྗོད་གཞི་འདིའི་ཕྱོགས་ནས་དེ་ཙམ་ཡིན། སྤོབས་པ་མཐའ་ཡས་མིང་ཅན་འདི་ལའང་ཕྱོགས་ཞེན་མེད་པའི་རེ་བ་ཡོད། སྔོན་ཆད་ཅིག་ལ་སྤོབས་པས་སངས་རྒྱས་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་གལ་ཆེ་ཚུལ་གྱི་རྩོམ་ཞིག་བྲིས་པ་ད་ལྟའང་དྲན་གྱི་འདུག བན་བོན་ཕར་འདྲེས་ཚུར་འདྲེས་རེད། ཐ་ན་དགེ་ལེགས་པའི་བླ་མ་ཆེན་པོ་དེ་འདྲ་བོན་ཁྱིམ་དུ་འཁྲུངས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་ཡི་ཤེས་དང་པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་རྣམ་པ་གཉིས་ཀྱང་བོན་ཁྱིམ་དུ་འཁྲུངས་ཡོད། གནས་སྐབས་རིང་བདེ་མོ་བྱོས།
རྒྱལ་མོ་རྒྱལ་རོང་རྒྱ་ཡི་རོང་གི་སྐོར་གླེང་ན་ངས་འདི་འདྲ་ཞིག་བྱུང་། གོང་མ་ཆན་ལུང་གིས་རྒྱལ་རོང་དབང་བསྒྱུར་བྱ་རྩིས་ཀྱིས་དམག་འདྲེན་སྐབས། རྒྱལ་རོང་བ་ཚོས་ལོ་དུ་མའི་རིང་འགོག་རྒོལ་བྱས་ཡོད། སྐབས་དེར་ཆན་ལུང་གི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེས་རྫུ་འཕྲུལ་གྱི་ཐབས་ལ་བརྟེན་ནས་རྒྱལ་རོང་གི་འགོག་རྒོལ་ཅན་རྣམས་ཚར་གཅོད་མཛད་ཐབས་བྱས་ཀྱང་བསམ་དོན་མ་འགྲུབ་ནའང་། མཐར་བོན་དགོན་གཡུང་དྲུང་ལྷ་སྟེང་སོགས་རྨེག་མེད་དུ་བཤིགས་ཤིང་། གཡུང་དྲུང་ལྷ་སྟེང་དུ་ཤུལ་དུ་དགེ་ལུགས་པའི་དགོན་པ་བྱང་ཆུབ་དགེ་འཕེལ་གླིང་བཏབ་པ་དང་། གོང་མ་ཆན་ལུང་གིས་རྒྱལ་རོང་བ་རྣམས་ཀྱིས་བོན་ཆོས་བྱས་མི་ཆོག་པའི་བཀའ་རྒྱ་ཕབ་སོགས་ལ་བལྟས་ན། བོན་པོའི་མགོ་ལའང་སྡུག་བསྔལ་བྱུང་འདུག་གཱ
སྙན་བཟང་ལགས། ངས་བགྲོ་གླེང་ངོ་མ་ཞིག་བྱེད་འདོད་ཡོད་མོད་མི་ཁ་ཤས་ཤིག་གིས་ཕར་ཁྲིད་ཚུར་ཁྲིད་བྱས་ནས་བཤད་འཇུག་གིན་མི་འདུག དེ་ནས་དོན་མེད་འདི་འདྲ་རེ་མི་གླེང་ཐབས་མེད་བྱུང་སོང་། ཡིན་དང་ཡིན། ཆུ་ཆེན་རབ་བརྟན་རྒྱལ་པོའི་ཁྱིམ་ན་བོན་གྱི་བཀའ་བསྟན་གསེར་བྲིས་ཤིག་ཡོད་པ་རེད་ཟེར་སྲོལ་འདུག ཐབས་སྐྱོ་འོས་པ་ཞིག་རེད། ངས་ལྕང་སྐྱས་བྱེད་སྟངས་དེ་ལ་ངོ་རྒོལ་གྱི་རྩོམ་ཞིག་སྔོན་མ་ནས་འདིར་སྤེལ་མྱོང་། ལྕང་སྐྱས་ད་དུང་མན་ཇུའི་ཆུ་ཆེན་དབང་དུ་བསྡུ་ཐུབ་པ་བྱུང་བ་དེ་ལྕང་སྐྱས་མཐུ་བཏང་བའི་ནུས་པ་ཡིན་ཚུལ་སོགས་ངོ་ཚ་དགོས་པ་མང་པོ་བཤད་འདུག འདི་ཚོས་རང་མགོ་ཆུ་འདྲེན་ག་ཚོད་དགོས་དགོས་བྱས་འདུག ཁོ་ཚོས་བོན་གཅིག་པོ་ལ་སྡང་པོ་བྱས་པ་མ་རེད། རྙིང་མ་སོགས་ལ་ཡང་གཅིག་མཚུངས་རེད།
ད་ང་ཚོས་རྒྱལ་རོང་གླེང་དུས་ང་རྒྱལ་མོ་དམུ་རྡོའི་རྒྱབ་ཕྱོགས་ཀྱི་བོན་པོའི་དགོན་པ་ཞིག་ཏུ་ཞག་གཅིག་ཉལ་བ་དེ་དྲན་ཡོང་གིན་འདུག
རྒྱལ་རོང་ཕྱོགས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་སྨན་རི་དགོན་པ་ཞེས་པ་དང་། སྣང་སྟོང་ཟླ་བ་རྒྱལ་མཚན་མཆོག་གིས་ཀྱང་ར་ལག་གཡུང་དྲུང་གླིང་བཏབ་པའི་ལོ་རྒྱུས་འདུག
ལགས་སོ། ང་རྒྱལ་མོའི་དམུ་རྡོའི་གཡས་གཡོན་ཚོར་སླེབས་མྱོང་། བན་བོན་གཉིས་ལས་བོན་མང་ས་རེད། ཡིན་ན་ཡང་དགོན་པ་ཆེན་པོ་དེ་འདྲ་ནི་མཐོང་མ་སོང་། དགེ་ལྡན་པའི་དགོན་པ་ཆེན་པོ་འདུག བོན་དང་རྙིང་མའི་དགོན་པ་ཕལ་ཆེར་ཆུང་ཆུང་ཤ་སྟག་རེད། རྒྱལ་མོ་དམུ་རྡོའི་ཁ་གཏད་ཀྱི་ཆུའི་ཕར་ཁར་ལ་སྟེང་ཟེར་བའི་གྲོང་ཚོ་ཆེན་པོ་ཞིག་ཡོད། དགོན་པ་དེ་དགེ་ལྡན་པ་རེད། མིང་ལ་ལ་སྟེང་དགོན་པ་ཟེར། རྒྱ་གར་ནས་མར་ཕེབས་པའི་དགེ་བཤེས་རྒན་པ་ཞིག་ཀྱང་བཞུགས་འདུག
སྤོབས་པ་མཐའ་ཡས་ལགས།
ཁྱེད་རང་གིས་བོན་གྱི་ཐོག་ལ་དེ་འདྲའི་སྡང་ཟུག་བྱེད་དགོས་པའི་རྒྱུ་མཚན་ཤོད་དང༌། ཕྱོགས་གཅིག་ནས་བན་བོན་གཉིས་ཕུ་བོའི་འབྲེལ་བ་ཞིག་བཤད། ཕྱོགས་གཅིག་ནས་ཆོས་ལུགས་ཀྱི་དྲི་མ་གང་ཡང་མེད་པའི་ཞིབ་འཇུག་པ་བསམ་གཏན་མཁར་རྨེའུ་ཡིས་བྲིས་པའི་གླང་དར་གྱི་སྐོར་ལ་བཤད་དུས་དང་པོ་མཁར་རྨེའུ་ལ་བོན་གྱི་རུ་ཏྲ་ཡོད་ལུགས་དང༌། དེ་ནས་དགོས་པའི་མཐུན་ཕྱོགས་མི་བཤད་པར་བོན་པོས་དམར་མཆོད་འབུལ་རབས་དང༌།
དེ་ནས་ཕུ་དཀྲུགས་མདའ་དཀྲུགས་བྱེད་ལུགས་དེ་ལ་ལྟས་ན་ཁྱེད་ཀྱིས་ཕུ་བོའི་མགོ་ལ་སྟ་རེ་རྒྱབ་འདོད་རང་བྱེད་ཀྱིན་འདུག ད་ཁྱོད་ཀྱིས་དམེ་ཞིག་སྦྱོར་འདོད་ཡིན་ནམ། ངས་དྲིས་པ་གཉིས་དེ་ལ་ཁྱོད་ཀྱིས་ལན་མེད་པ་གང་རེད།
དང་པོ་ཁྱོད་ཀྱིས་ང་ལ་བསྙོན་བཙུགས་དེ་ནས་ངས་དྲིས་པར་ལན་མི་འདེབས་པར་
གཡོལ་ཐབས་བྱེད་པ་འདི་གཡོ་རྒྱུ་ཁྲམ་ཆེན་གྱི་མི་ཞིག་ཡིན་པར་ཁོ་ཐག་རེད།
ཁྱོད་ཀྱིས་གླང་དར་གྱིས་ཆོས་མེད་པར་བཟོས་པ་དེ་ལ་ཁྱོད་ཀྱི་ཁོག་པར་མེ་འབར་ཡོང་དུས། གླང་དར་གྱིས་ཆོས་ལུགས་བཤིག་པའི་བྱེད་ལས་དེ་དང༌། ཆོས་རྒྱལ་མེ་དབོན་རྣམ་གསུམ་གྱིས་ཕུ་བོའི་ཆོས་ལུགས་མེད་པར་བྱེད་ལུགས་དེ་ལ་
བཟང་ངན་གྱི་ཁྱད་པར་གང་འདུག
བོན་གྱིས་གླང་དར་ལ་བསྟོད་གླུ་བླངས་པ་མེད་ལ། རྗེས་དྲན་ཞུས་པ་ཡང་མ་མཐོང༌།
བོན་གྱི་ལོ་རྒྱུས་ནང་དུ་གླང་དར་མའང་ཆོས་ལུགས་མེད་པ་བྱེད་མཁན་གྱི་རྒྱལ་པོའི་གྲལ་དུ་བཞག་ཡོད།
གལ་ཏེ་དེ་ལྟར་ཡོད་པའི་དབང་དུ་བཏང་ནའང༌། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་ཁྱོད་ཀྱི་ཨ་མྱེས་དང་ཡང་མྱེས། ཕུ་བོའི་བསྟན་པ་བཤིག་ཅིང་། ཕུ་བོ་དང་ཕུ་མོ། ནུ་བོ་དང་ནུ་མོ་རྣམས་ལ་ལ་མེར་སྲེག། ལ་ལ་ཆུ་ལ་བསྐྱུར། ལ་ལ་མཐའ་རུ་བཅུགས་ཏེ་འཇིག་རྟེན་མི་ཡུལ་དུ་དམྱལ་སྡུག་དངོས་སུ་མྱོང་དགོས་བྱུང་བ་དེ་ལ་ཁྱོད་ཀྱིས་བསྟོད་གླུ་འཐེན། རྗེས་དྲན་ཞུས། དུང་འབུད་དར་འཕྱར་བ་དེ་ལ་ཅི་ཞིག་བསམ་གྱི་ཡོད།
དེ་ལ་ཁྱོད་ཀྱིས་བཤད་པ་ནང་བཞིན་ཁྱོད་ཚོས་བོན་པོ་ཚང་ལ་རོ་ཐོག་བྲོ་བརྡུང་གིས་ཀྱག་ཀྱག་བྱས་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་བསྟོད་གླུ་བླངས། རྗེས་དྲན་ཞུས་པ་འདི་ལ།་ ངས་ཁྱབ་འགྲིག་འཕེན་ན་ལན་ཞིག་འདུག་གམ།
ད་དུང་ཁྱེད་ཀྱིས་བཤད་པ་ནང་བཞིན། ཆོས་རྒྱལ་མེས་དབོན་རྣམ་གསུམ་དཀར་འདོན་དགོས་པའི་རེ་བ་བཏོན་པ་རེད།
ཧ་ གོ་སོང་ངམ། བོན་པོ་དང་བན་དེ་ཟེར་བ་འདི་གཉིས་བུ་སྤུན་གཉིས་རེད།
དར་སྔ་ཕྱིའི་ཆ་ནས་བོན་ཟེར་བ་དེ་ཕུ་བོ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕུ་བོའི་མགོ་ལ་སྟ་རེ་གཞུས་པ་རེད།
བོན་པོ་ཚང་གི་ཁང་ཤུལ་ལ་རྟ་རྒྱུགས་ས་འདྲ་བོ་ཞིག་བཟོས་པ་རེད།
དེ་མ་བྱུང་ནའང་ཕུ་བོ་ཚང་ལ་མ་ད་མ་ངུ་དང་ང་ཚོ་འགྲིག་འགྲོ་གི་རེད།
ནུ་བོ་འདི་ན་ཡོད་ཟེར་ནས་སེམས་གསོ་ཞིག་གཏོང་དགོས་ཀྱིན་ཡོད་པ་རེད།
བོན་པོ་ཚང་མགོ་ཡི་ཁྲག་མ་སྐམས་གོང་ནས་ནུ་བོ་བན་དེ་ཚང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཕྱོགས་སུ་ལང་ནས་སྙིང་ཚིམས་འདྲ་བསྡར། ཀྱག་ཀྱག་འདྲ་བྱས།
འདི་འདྲ་བྱས་ན་སེམས་པ་ཡ་ཡུས་ཕམ་གི་འདུག
ང་ཚོས་ནུ་བོ་བན་དེ་ཚང་གིས་སེམས་གསོ་ཞིག་ད་ཡོང་གི་རེད་བསམ་ནས་ལོ་སྟོང་ཕྲག་ལ་བསྒུགས་ཀྱང་དུས་རབས་ཉེར་གཅིག་པ་ཤར་དུས་ད་དུང་ཡང་ང་ཚོའི་དགྲ་དེ་ལ་བསྟོད་གླུ་བླངས། ང་ཚོའི་དགྲ་གསུམ་པོ་དེ་ལ་རྗེས་དྲན་ཞུས། ང་ཚོའི་མགོ་ལ་སྟ་རེ་བཞུ་མཁན་དེ་དཀར་འདོན་དགོས་པའི་བསམ་འཆར་འདྲ་བཏོན་ནས་ཀྱག་ཀྱག་བྱེད་ཀྱིན་འདུག་སེམས་པ་ཡ་ཡུས་སྐྱོ་གི་འདུག
ད་དུང་ཡུས་བཤད་ཀྱི་ཚིག་ཚོགས་མང་དུ་ཡོད་པ་དེར་འབྲི་ཁོམས་མི་འདུག
དགོངས་པ་བཞེས་དང་དེ་གཉིས་ཀ྄ྱི་དབར་ལ་ཁྱད་པར་འདུག་གམ།
ལ་སྟོད་བུ་ཟེར་བས་ཆོས་རྒྱལ་མེ་དབོན་རྣམ་གསུམ་གྱིས་བོན་ཆོས་བྱེད་མཁན་ལ་ལ་མེར་སྲེག ལ་ལ་ཆུར་བསྐྱུར་བ་རེད་ཅེས་བྲིས་འདུག འདི་འདྲའི་ལོ་རྒྱུས་ཤིག་གང་དུ་འདུག
རྒྱལ་པོ་དབུར་བཞུགས་ཐོག་བན་བོན་གྱི་མཁས་པ་རྣམས་སོ་སོའི་གྲུབ་མཐའ་བཟུང་ནས་རྩོད་པ་མཛད་མཐར་བན་དྷེ་རྒྱལ་ནས་བོན་པོ་མཐའ་རུ་བཅུག་པའི་ལོ་རྒྱུས་ནི་གསལ་པོ་མཐོང་།
གཞི་བཅོལ་ས་གང་ཡང་མེད་བཞིན་ཚོད་དཔག་གིས་བྲིས་པ་ཡིན་ན། ངའི་བསམ་ཚོད་ལ་ཟེར་བྲིས་ན་ཡག་པོ་མཐོང་གིན་འདུག གཞན་དུ་གནས་ཚུལ་དུ་ཡིན་ངེས་ལྟ་བུས་ལོག་བཤད་བྱས་ན་ལྕེ་དེ་ཆད་སྲིད།
ལ་སྟོད་བུ་འདི་མཐོང་རྒྱ་ཅན་ཞིག་ཡིན་ཚོད་འདུག ད་ངེས་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོན་པོ་རྣམས་ལ་མེ་རྒྱབ། ཆུ་བསྐྱུར་གྱི་ལོ་རྒྱུས་དེ་གང་ན་ཡོད་གསལ་ཁ་བཟོ་རོགས། དེ་མིན་ཤར་མོ་ཁ་ཡི་ནང་དུ་ནར་མོ་མཇེ་རྒྱུས་རྒྱུ་ཡིན།
རྒྱལ་བོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ་ཟེར་བའི་ཡི་གེ་མང་པོ་ཞིག་མཐོང་མྱོང་། དེ་ནི་ཆོས་རྩོད་བྱས་པ་ལས་རེད། དེ་མིན་མེ་རྒྱབ་ཆུ་བསྐྱུར་གྱི་ལོ་རྒྱུས་དེ་ག་བ་ཡོད་རེད་དམ། ཁུངས་མེད་ལུང་མེད་འདི་འདྲ་བྲིས་པ་ཡ་མཚན་མ་རེད་དམ།
རྒྱལ་རོང་གི་ལོ་རྒྱུས་དང་ཆོས་ལུགས་བཙན་བསྒྱུར་གྱི་ལོ་རྒྱུས་སོགས་ང་ལ་མང་པོ་ཞིག་བཤད་རྒྱུ་ཡོད། རྒྱུ་མཚན་ནི་ང་རྒྱལ་རོང་གི་མི་ཡིན་པས་རྒྱུ་མཚན་མ་ཡིན་པར། ང་རྒན་པོ་ཚོའི་ཁ་བརྡ་ལ་དགའ་བའི་རྐྱེན་གྱིས་རེད། འདིར་དྲྭ་གྲོགས་དམུ་ཐག་གི་བུ་རྒྱུད་ཀྱང་ལན་མང་མཐོང་གི་འདུག་པས་ཁོང་ལའང་ཏན་ཏན་མང་པོ་བཤད་རྒྱུ་ཡོད་ངེས། ད་ལྟ་ང་ལ་དུས་ཚོད་མི་འདུག ཕྱི་དྲོ་གྲོགས་པོ་ཚོར་གླེང་མོར་བྱེད། ཕྱི་དྲོ་མཇལ་ཡོང་།
གཞོན་ནུ་ཟླ་མེད་ལགས་དང་འཇམ་དཔལ་རྣོན་པོ་ལོགས།
ང་ནི་བོན་རྒྱུད་དུ་སྐྱེས་ཤིང་བོན་ལ་དད་མོས་བྱེད་མཁན་ཞིག་ཡིན།
མ་ཟད་ངོས་ལ་ཆ་བཞག་ན༸གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་གིས་མི་རིགས་དང་ཆོས་ལུགས་ནང་ཕན་ཚུན་དབར་ལ་མཛའ་མཐུན་གྱིས་གཅིག་གིས་གཅིག་ལ་གུས་བཀུར་ཞུ་མཁན་ཞིག་ཡིན། བླ་ཆེན་དྲན་པ་ནམ་མཁས་ཀྱང༌། དག་སྣང་ཕྱོགས་མེད་དུ་སྦྱོང༌། ཉམས་ལེན་ཕྱོགས་གཅིག་ཏུ་ལོང༌། ཞེས་པར་ཡིད་ཆེས་ཡོད་མཁན་ཞིག་ཡིན།
འོན་ཀྱང་ཁྱེད་ཚོས་གཟིགས་དང༌། ངས་སྔར་དཔེ་ཞིག་དྲངས་ཡོད། ཝ་མི་རྒྱལ་ཁག་མེད་འདྲེ་ཡིས་འགྲམ་ལྕག ནམ་མི་ལང་ཁག་མེད་ཉི་མས་ཕུལ་རྒྱག ཅེས་པའི་དཔེ་ལྟར་ཞིག་བྱུང༌།
དཔེར་ན། ངས་འབྲུག་ཆུ་རྫོང་དུ་རི་ལུད་ཀྱིས་མི་ཤི་གོད་ཆག་བྱུང་བ་དེར་མ་ཏྲི་ཚིག་ཁ་ཤས་ཞིག་དྲྭ་རྒྱར་བཅུག་དུས་ལམ་གསེང་བོན་པོར་དམའ་འབེབས་པའི་ཚིག་བཏོན་ཡོང་གི་འདུག
བོན་ཞེས་བོད་མི་ཕལ་མོ་ཆེའི་རྣ་བར་སྒྲོགས་མི་ཉེན་པའི་བཟོ་ཞིག་བྱེད་ཀྱི་འདུག
ངས་འུ་ཐུག་ནས་བཤད་ན། བོད་མི་ཚོས་བོད་དོན་ལས་ཆོས་དོན་ལ་གཙིགས་ཆེ་བ་གནང་གི་འདུག བོད་ཀྱི་ནང་ཆོས་དེ་དར་བ་ཡིན་ན་བོད་དོན་གཡུག་དང་མི་གཡུག་གི་ཐེ་ཚོམ་མི་འདུག
དེ་ནི་རང་ལྟ་ལ་ཆགས་ཞེན་ཆེ་བའི་སྐྱོན་རེད།
ངས་ཆོས་ལུགས་དང་མི་རིགས་དབར་ལ་དབྱེན་དཀྲུགས་ཀྱི་རྩོད་གཞི་ཐོག་མར་བླངས་པ་མེད་ལ། ད་དུང་ཡང་སློང་འདོད་མེད། མི་རིགས་དང་ཆོས་ལུགས་ཀྱི་དབར་ལ་དཀྲུགས་ཤིང་རྒྱབ་མཁན་ཡོད་ན་ངས་ཀྱང་དེ་ལ་དགག་པ་རྒྱབ་རྐྱང་ཡིན།
གཞོན་ནུ་ཟླ་མེད་ཀྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོན་དང་བོན་ཆོས་མེར་སྲེག་དང་ཆུ་བསྐྱུར་གྱི་སྐོར་གྱི་ལོ་རྒྱུས་གང་དུ་ཡོད། དྲི་པ་ཞིག་བྲིས་འདུག
ང་ལ་དེ་ལྟ་བུའི་མི་ལེགས་པའི་ཆ་ཐམས་ཅད་ཕྱིར་འདོན་འདོད་མི་འདུག་འོན་ཀྱང་ངས་གོང་གི་དཔེ་ལྟར་མ་བྲིས་རང་བྲིས་རང་རེད།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས།
བློན་པོ་ཆོས་ལ་དགའ་བ།
བོན་ལ་གནག་པ་རྣམས་ཀྱིས།
བློ་གྲོས་ངན་པ་བྱུང་ནས་འདི་སྐད་སྨྲས།
རྒྱལ་པོ་ལགས། བླ་མཆོད་བོན་པོ་རྣམས་བསོག་ལ།
ལིང་གྷ་གནན་ཟིན་ནི་བསྟན་པ་དང༌།
རྗེ་ཡི་ཁྲིམ་འོག་ཏུ་འཇུག་པ་དང༌།
ཆང་དཀར་གྱི་ཆབ་གསོལ་བ་དང༌།
ས་མཐར་སྤྱུགས་པ་གསུམ་བདམ་དགོས་གསུང་དང༌།
ཞེས་པར་གཟིགས་དང༌། འདི་ཡི་རྒྱལ་པོ་ཞེས་པ་ནི་ཁྲི་སྲོང་ངོ།
ཁྲིམ་འོག་ཏུ་འཇུག་པ་ཞེས་པ་ནི་བན་དེར་བསྒྱུར་བ་དང༌།
ཆང་དཀར་གྱི་ཆབ་གསོལ་བ་ཞེས་པ་ནི་ཆུ་ལ་བསྐྱུར་ཏེ་གསོད་པའི་དོན་རེད།
ས་མཐར་སྤྱུགས་ཞེས་པ་ནི་བོད་རུ་བཞི་ལས་ཕྱིར་འབུད་བྱེད་པའི་དོན།
དེ་དང་མཚུངས་པར།
རྒྱལ་པོས། བོན་འདི་བསྣུབ་ལ་ཆོས་འདི་སྤྱོད་འཚལ་ཟེར། ཁྱེད་བོན་པོ་རྣམས་ང་ཡི་ཁྲིམས་འོག་ཏུ་འཇུག་པ་དང༌། ཆང་དཀར་ཆབས་གསོལ་བ་དང༌། བོད་རུ་བཞི་ལས་འདས་པར་ས་མཐར་སྤྱུགས་འགྲོ་བ་གསུམ་བདམ་དགོས་ཟེར།
ད་དུང་མང་པོ་ཡོད། འོན་ཀྱང་ང་ཚོས་འདི་ལྟར་ཕྱིར་འདོན་མི་དགོས་པའི་རེ་བ་ཡོད།
དེར་དྲན་པ་ནམ་མཁའི་ཞལ་ནས། སྤྱིར་མི་ལུས་ཐོབ་པ་ཤིན་ཏུ་དཀའ
གཙང་མའི་མི་ལུས་ཐོབ་དུས་འདིར།
སྐྱེས་ནས་ཆབ་གསོལ་རྔོས་མི་ཐོབས།
ཞེས་གསུང་ནས་ཁོང་ནན་བན་ནམ་བཙན་དབང་གིས་བན་དེར་བསྒྱུར་ནས་གསང་སྔགས་རྙིང་མའི་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཏུ་གྱུར་ཏེ། དྲན་པ་ནམ་མཁས་བྱང་ནས་གཡོག་རྒོད་འགུག ཅེས་ཀྱང་གསུངས་པར་བློ་ལས་ཞུས། ཚིག་དོན་དེ་ལྟར་རྟག་རྟག་ཡིན་མིན་མ་ཤེས།
ད་ང་ཚོས་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གླེང་མོལ་བྱེད་འདོད་ན་དགའ་བསུ་ཡོད།
ཆོས་ལུགས་དང་མི་རིགས་དབར་ལ་བཤད་རེས་བྱས་པ་ཡིན་ན་དགའ་བསུ་མེད་པའི་ཐོག་ནས་དགག་པ་ཡང་རྒྱབ་ཀྱི་ཡིན།
ལུང་རྙིང་པའི་ནང་ལ་གླང་དར་དཀར་འདོན་བྱེད་ཐུབ་པ་གཅིག་ཀྱང་མི་འདུག འོན་ཀྱང་གྲི་གུམ་གྱིས་བོན་བསྣུབས་པ་དང་། གླང་དར་གྱིས་ཆོས་བསྣུབས། མྰ་འོས་བན་བོན་སྲིད་གསུམ་བསྣུབས་པ་ལ་ང་མི་དགའ། གཞན་ང་ལ་ཅང་ཤོད་འདོད་མེད། མདོར་ན་རྟ་རྗི་དང་། དཔལ་རྡོར། ༥༩འི་སྔོན་གྱི་བོད་གཞུང་ལ་ཐུག་ཁག་འདུག་གམ། ཆོས་བརྒྱུད་དང་མི་རྒྱུད། བཟང་བརྒྱུད་སུས་བཅད་འདུག དམུ་ཐག་བུ་རྒྱུད་ཀྱི་དམུ་ཐག་རིང་དུ་མི་འགྲོ་བའི་ཆེད་དུ་བྲིས།
་་་་་གསུམ་ལ་ཐུགས་ཁག་འདུག་གམ། ཆོས་བརྒྱུད་དང་མི་རྒྱུད། བཟང་བརྒྱུད་སུས་བཅད་འདུག དམུ་ཐག་བུ་རྒྱུད་ཀྱི་རྨུག་ཐག་རིང་དུ་མི་འགྲོ་བའི་ཆེད་དུ་བྲིས།
ཀརྡོ་རབ་འབྱམས་པ་ཀྱེ། ཐུགས་ཁག་མེད་ན་མེད་ཚུལ་ཞིག་ཀྱང་དགོས་པ་རེད། ཕྱོགས་རིས་ཁོ་ནས་ཕུང་ལ་སྦྱར་བའི་འུ་ཚང་གི་ལོ་རྒྱུས་འདིར་ ༼ཁག་མེད་༽ཅེས་པའི་ཚིགས་འདི་རན་པར་མི་འདུག ལོ་ངམ་གྱི་གནས་སྟངས་དང་ལྷ་ལུང་དཔལ་རྡོར་གྱི་གནས་སྟངས་གཅིག་ཏུ་སྦྱོར་མི་རུང་བའང་ལོ་རྒྱུས་རྣམས་ཀྱིས་ཁ་གཅིག་གྲགས་རེད། ༥༩་ལོའི་སྔོན་གྱི་ས་སྐྱ་བ་ནས་དགའ་ལྡན་ཕོ་བྲང་བའི་བར་གྱི་འཐབ་རྩོད་དང་རྣམས་བླ་མས་འཐབ་རྩོད་འབའ་ཞིག་རེད། བླ་མས་རྒྱལ་པོ་བྱས། རྒྱལ་པོས་རྒྱ་དམག་དྲངས། རྒྱ་ཡིས་བོད་ཁམས་བཅོམས། དེ་ལ་ཐུག་ཁག་མི་འདུག་ཟེར་རྒྱུ་ཡིན་ནམ། ད་ཁྱོད་ཀྱིས་དམུ་ཐག་འཐེན་ནས་ཇེ་རིང་ནས་ཇེ་རིང་དུ་གཏོང་བཞིན་འདུག
རྒྱ་ནག་གི་ཚགས་ཤོག་ News from China ཟེར་བའི་ནང་བོན་པོ་ནི་བོད་ནང་གི་མི་འབོར་ཨང་གཉིས་པ་དེ་ཡིན་རབས་བཤད་འདུག བཙན་བྱོལ་ནང་དུ་བོན་པོའི་བརྒྱ་ཆ་ཤིན་ཏུ་ནས་ཉུང་ཉུང་རེད། འོན་ཀྱང་གཞིས་བྱེས་གང་དུ་ཡོད་པའི་བོན་པོ་ཡོད་ཚད་ནི་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་གིས་མཛུབ་མོ་གང་སྟོན་ལ་བསྐྱོད་ཅིག་ཡིན་ཞིང་། ཁྲི་འཛིན་ཁོང་ནི་ཏ་ལའི་བླ་མས་ཅི་གསུངས་དང་དུ་ལེན་མཁན་ཞིག་ཀྱང་རེད། འོ་ན་བོན་པོ་དེ་བོད་ནང་དུ་མི་འབར་མང་ཤོས་ཨང་གཉིས་པའི་གྲས་སུ་ཡོད་ཀྱང་། བཙན་བྱོལ་ལ་ཤིན་ཏུ་ཉུང་ཉུང་ཞིག་ཡོང་དོན་གང་ཡིན་ཞེ་ན། ༡༩༥༩ཡས་མས་སུ་བོད་དུ་བོན་གྱི་བླ་མ་ཚོས་རང་གི་མི་དམངས་ལ་བཀའ་སློབ་གནང་བ་བོད་ནང་དུ་ད་ལྟ་དཔེ་དེབ་མང་པོ་དཔར་དུ་བསྐྲུན་འདུག་པ་དེ་ཚོ་ལྟར་ན། ང་ཚོ་བོན་པོ་ལ་རྒྱ་དམར་སླེབས་ནའང་རེད་བན་དེ་སླེབས་ནའང་རེད། སྡུག་པོ་ཡོང་ཡོང་བ་རེད། དེ་ལས་རྒྱ་དམར་གྱིས་ཁྱེད་ཚོ་བོན་པོ་རེད་ཅེས་དམིགས་སུ་བཀར་ནས་སྡུག་པོ་མི་གཏང་བས་འདིར་བསྡད་ན་ལེགས་ཚུལ་རང་གི་ལྷ་འབངས་ལ་བཤད་ཡོད་པ་ཡིག་ཐོག་ཏུ་འདུག ད་ལྟ་བལྟ་དུས་བདེན་པ་འདྲ་ཞིག་རེད། བོན་པོ་རྣམས་བྱེས་སུ་འབྱོར་དུས་གཞིས་ཆགས་དང་པོ་ཌོར་ཐང་ནོར་འཛིན་གླིང་དུ་བསྡད་སྐབས་བོན་གྱི་བླ་མ་ཚུལ་ཁྲིམས་ཉི་མ་འཇོན་དྲགས་ནས་ཐ་ནའང་བུ་མོ་ཀུན་ལ་སྨན་དང་རྩིས་ཀྱི་སློབ་གཉེར་བསླབ་ཅིང་རོགས་རམ་རྒྱ་ཆེར་འབྱོར་བ་ལ་སྡང་ཟུག་གིས་ཕྱིས་བླ་མ་ཁོང་སྐུ་ངོ་ཞིག་གིས་བཀྲོངས་པའི་ཁ་མཆུ་ད་ལྟའང་ལྷག་ཡོད་པ་མ་ཤེས་སམ། སྐུ་ངོ་དེའི་རྒྱབ་རྩར་སྙེག་ན་སུ་ལ་ཐུག་གི་རེད་ཧ་ཧ། དེ་ནས་སྨན་རིའི་ཁྲི་འཛིན་གྱི་སྲོག་ལ་ཉེན་ཁ་བྱུང་ནས་ཕྱི་རྒྱལ་བས་སྲོག་བསྐྱབས་རབས་དེ་ང་ཚོས་བན་བོན་དབར་ལ་ཕུ་ནུའི་འདུ་ཤེས་ཤིག་བཙན་གྱིས་བཟུང་ནས་གསང་ཡོད། དེ་དག་གླེང་ན་རྒྱ་མིས་དགོད་ངེས་རེད། དེ་ཚོ་གླེང་མི་དགོས་པའི་རེ་བ་བྱེད་ཀྱིན་ཡོད། ད་དུང་ཡོངས་འཛིན་རིན་པོ་ཆེ་བལ་ཡུལ་དུ་བོན་གྱི་དགོན་པ་རྒྱག་དུས་དཀའ་ངལ་བཟོ་མཁན་དེ་ཚོའི་སྐོར་ཡང་གླེང་མི་དགོས་པ་བྱོས། ཡོངས་འཛིན་རིན་པོ་ཆེས་ཁོང་ཚོ་ལ་ང་ཚོ་སོ་སོར་ས་ཆ་སྦར་མཐིལ་ཙམ་ཡང་མེད་པར་མི་གཞན་གྱི་ས་ཐོག་ལ་མ་རྩོད་ན་དགའ་ཞེས་པའི་ལན་ཡང་བསྐྱོན་དགོས་བྱུང་ཡོད། གང་ལྟར་རྒྱ་མིས་ད་ལྟ་བོད་ན་ཆོས་ལུགས་ཀྱི་དབྱེ་འབྱེད་སྐོར་གླེང་མེད་ཀྱང་། ཆོས་བརྒྱུད་པ་ཕན་ཚུན་མི་འབོར་མང་ཉུང་བསྡུར་ནས་གླེང་འགོ་བཙུགས་ཟིན་པས། དེ་ལས་དཔག་པའི་ས་བགོས་ཉེན་ཡང་ཡོད་ལ། ནུ་བོས་བརྙས་ཚོད་མ་བཟུང་ན་ང་ཚོས་ཀྱང་ས་བགོས་དགོས་པའི་འདུན་པ་འདོན་འདོད་ཡོད། དེ་ལ་ཤ་ཁྲག་གི་ར་བ་རྒྱག་དགོས་བྱུང་ཡང་སྣང་དག་མེད། དེ་འདྲ་ནི་འབྱུང་མི་སྲིད་པ་མ་རེད། དབྱིན་ཇིས་པ་ཀི་སི་ཏན་དང་རྒྱ་གར་གཉིས་དེ་འདྲར་བཅོས་པ་རེད། བོད་ནང་དུ་གཟི་ཚ་སྡེ་དགུ་དང་སྦ་ཆེན་སོགས་གཙོས་པའི་བོན་པོ་ཁོ་ན་ཡོད་པའི་ས་རྒྱ་ཆེན་ཡང་ཡོད། ད་དུང་ཀོང་པོ་བོན་རི་སོགས་ནི་ལེན་ཐག་ཆོད་ལེན་གི་ཡིན། ཧ་ཧ་ཧ། བྱབ་ཆུང་ཁྱོད་ཚོས་ཤོད་དང་།
དྲ་གྲོགས་རྣམ་པ།
ད་ནི་ཆོས་ལུགས་ཀྱི་དུས་རབས་ཕལ་ཆེར་འཇུག་སྒྲིལ་ལ་ཉེ་ཞིང་ཆོས་ལུགས་ཀྱི་ཆེད་དུ་ཕན་ཚུན་ཚིག་བཙོག་མི་བྱེད་རྒྱུའི་རེ་བ་ཡོད། ཆོས་ལུགས་ཀྱི་མི་རིགས་འདི་ཁ་ཐོར་དུ་བཏང་ཞིང་ད་ལྟ་སྐྱབས་མེད་མགོན་མེད་ཀྱི་གནས་སྟངས་འདི་བྱུང་བ་རེད།
ཆོས་ལུགས་ཀྱི་ཆེད་དུ་ས་ཁྱོན་བགོ་དབང་མ་དགོས་རང་ཡིག་རང་ཡུལ་གྱི་སྦྲགས་ཁང་ནང་དུ་བེད་སྤྱོད་བྱེད་དབང་མེད་པ་ཤེས་གསལ་རེད། བགྲོང་གླེང་བྱོས། གྲོས་བསྡུར་གནང་། གནས་ལུགས་འཚོལ། འོན་ཀྱང་། མི་རིགས་འདིས་མ་འོངས་བའི་ཁེ་ཕན་དང་རང་རིགས་ཀྱི་ངོ་བོ་རྒྱུན་གནས་ཡོང་ཆེད་ཁོང་ཁྲོ་དང་རིགས་ཞེན་གྱི་དབང་དུ་མི་འགྲོ་བའི་རེ་བ་ཡོད་ལ། ཁོང་ཁྲོ་ཐོག་ནས་བྱ་དངོས་གང་ཞིག་ཁ་མཚོན་མི་གཅོད་རྒྱུའི་སྨོན་ལམ་ཡོད། རྒྱུ་མཚན་ནི་ཁོང་ཁྲོ་ལངས་སྐབས་ཤེས་རྒྱུན་འཁྲིགས་པས་དངོས་ཡོད་དང་མ་འོངས་བའི་ཁེ་ཕན་མི་མཐོང་པས་ཡིན། ད་ལྟ་གཞི་རྒྱ་ཆེ་བའི་རྒྱ་ནག་གི་སྟོབས་ཤུགས་ལ་བོད་མི་རྣམས་གཅིག་སྒྲིལ་མ་བྱས་བར་བོད་མིའི་དངོས་བ་གནས་ཐབས་མེད་པས། བོད་མི་མ་གནས་ན་སྐད་དང་རིག་གཞུང་ཟེར་ཡོང་དཀའ་ཞིང་། སྐད་དང་རིགས་གཞུང་མ་གནས་ན་བན་བོན་གྱི་ཆོས་ལུགས་ནི་དེ་བས་ཀྱང་གནས་ཐབས་མེད་པའི་དེ་ཉིད་རྟོགས་ན་མཁས་བ་རེད།
སྐད་ཆ་ཉུང་ངུ་ཞིག་ཡིན་རུང་བོན་མི་མང་པོས་སྒེར་དོན་དུ་འཁྱེར་ཞིང་ཐོན་ཆུང་དུ་འདོད་ནས་ན་ཟུག་ལངས་བ་ལེན་ཁག་མེད་དེ། བོན་ནི་བོད་ཀྱི་ཁྲོད་གྲང་ཉུང་མི་རིགས་ཡིན་ཞིང་གྲངས་ཉུང་ལ་གྲངས་མང་ཕྱོགས་གཏོགས་ཀྱིས་སྐྱོན་བརྗོད་ལྟ་ཅི་ཟུར་ཙམ་ཡང་བཤད་སྐབས་རང་བཞིན་ཐོན་ཆུང་དུ་འཁྱེར་བ་མིའི་གཤིས་ལུགས་ཡིན། རྒྱུ་མཚན་ནི་མི་ནི་རྣམ་རྟོགས་ཀྱི་རང་བཞིན་ཡིན་ཞིང་རྣམ་རྟོགས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཀུན་ལ་རང་ཉིད་ཀྱི་མཐུན་ཕྱོགས་ཀྱིས་འགྲེལ་བཤད་གནང་བས་ཡིན། ཕྱོགས་ཁག་གཉིས་ཀྱིས་གླེང་གཞི་གང་ཞིག་རྩོད་ཀྱང་སྒེར་དོན་དུ་མི་འཁྱེར་རྒྱུའི་སྨོན་ལམ་དང་རེ་བ་ཞུ་ཞུ།
ཆོས་ལུགས་དེ་སྒེར་དོན་ཞིག་རེད་དམ། བོད་དོན་དེ་སྤྱི་དོན་ཞིག་ཡིན་ན། བོན་གྱི་བདེན་དོན་ཡང་སྤྱི་དོན་ཡིན། བོད་ཡུལ་འདིར་སྒོར་མོའི་ཆེད་དུ་བོད་དོན་སྐྱུར་མཁན་མང་བ་ལ་བལྟས་ན། ང་ཚོ་ནི་ཆོས་ལུགས་ཀྱི་དོན་དུ་བོད་དོན་སྐྱུར་ངེས་ཡིན། བན་བོན་གྱི་འཐབ་རྩོད་ཅན་གྱི་བོད་དོན་དེ་ང་ཚོར་མི་དགོས། ནམ་ཡང་མི་དགོས། དེ་ལས་རྒྱ་མི་དགའ། དབུས་མའི་ལམ་བེད་སྤྱོད་མི་དགོས་པའི་ངང་ནས་རྒྱ་ལ་མགོ་སྒུར་ན་དགའ།
བོན་པོ་དེ་དགེ་ལུགས་ལས་བལྟས་ན་བོད་ནང་དུ་གྲངས་ཉུང་རེད་འདུག འོན་་ཀྱང་བོན་པོ་དང་རྙིང་མ། ས་སྐྱ་དང་བཀའ་བརྒྱུད་བཞི་ཀ་མཉམ་དུ་བསྡོམས་ན་དགེ་ལུགས་རང་ཉིད་གྲངས་ཉུང་ཡིན་པ་ཤེས་པར་བགྱིས། ད་ལྟའི་དྲ་ཐོག་འདིར་བོན་ལ་བརྙས་མཁན་ཕལ་ཆེ་བ་དགེ་ལུགས་པ་ཤ་སྟག་ཡིན་པ། དེ་བས་ཕལ་ཆེ་བ་ཨ་མདོ་བ་ཡིན་པ། དེ་བས་ཀྱང་ཕལ་ཆེ་བ་་་་་་ ད་བཞག་ཞོག མ་གཞི་ཨ་མདོ་ནས་རིས་མེད་ཀྱི་སྐྱེས་ཆེན་ཞེ་དྲགས་བྱུང་མྱོང་མེད་པའང་རིགས་རུས་ཀྱི་སྐྱོན་ཞིག་ཡིན་ས་རེད། ཕྱོགས་ཞེན་གྱིས་ཁེངས་བསྡད་པའི་སྐྱོན་ཞིག་ཡིན་ས་རེད། ཆོས་ཀྱི་དོན་དུ་རྒྱ་དམག་དང་སོག་དམག་དྲངས་ནས་ནང་གསོད་ག་ཚོད་བྱས་པ་གོང་དུ་ལྕང་སྐྱ་སོགས་གླེང་བ་བཞིན་ད་དུང་ཡང་གུང་ཐང་སོགས་ཀྱང་གླེང་རྒྱུ་ཡོད། དེ་བས་གསང་བའི་རྣམ་ཐར་ཟེར་བ་དེ་ཚོ་ག་རེ་རེད། ད་དུང་བོད་དོན་ཆེད་དུ་མཐུན་སྒྲིལ་ཡིན་ན་གཅིག ཁྱོད་ཚོའི་བོད་དོན་གྱི་ཕྱི་ཐུམ་དེ་བཤུས་ན་དགེ་ལུགས་ལས་གཞན་ཞིག་མངོན་རྒྱུ་ཞིག་ཡོད་དམ། ག་རེའི་བོད་དོན།
ལྷག་བསམ། ལྷག་བསམ། ལྷག་བསམ། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡོད་མ་མྱིད། རང་ཁ་གསེར་གྱི་སྒོ་མོ་དེ། རང་སྲོག་གཅོད་ཀི་སྟ་རེ་མ་བྱེད། འབྲུག་ཆུའི་གོད་ཆག་གིས་མིའི་ཤི་ཚད་འཕར་འགྲོ་གིན་འདུག ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཡ་ད་དེ་ཚོ་མི་གླེང་། རྣམ་པ་ཚོའི་ཐུགས་སེམས་ལྷོད་ལ་ཕོབས་དང་ང་ཚོའི་སྐབས་བབས་ཀྱི་བརྗོད་བྱ་འདིའི་ཐད་བགྲོ་གླེང་བྱེད། གོང་དུ་ཕུར་པ་སྐྱབས་ཀྱིས་ང་ལ་རྒྱལ་རོང་གི་སྐོར་ཅིག་ཤོད་གསུང་གིན་འདུག་ཀྱང་། ད་དེ་ཚོ་མི་གླེང་། ཨ་རོགས་ཕུར་པ་སྐྱབས། ད་བར་དུ་ཁྱོད་གང་ཞིག་ཏུ་འཛུལ་བསྡད་པ་ཡིན་ནམ། ཡུན་རིང་མ་མཇལ་བས་ད་ཁྱོད་ཀྱི་གདོང་པའང་ཡིད་ལ་གསལ་བོ་ཞིག་མི་ཤར་གི།
ཁ་བརྡ་ཚང་གི་ཁྱིམ་ཚང་ཆེན་པོ་འདི་ཡི་དྲྭ་གྲོག་ཡོངས་ལ་ཞུ་རྒྱུར།
མི་ངན་ནང་ལ་བསྡད་ནས། ཇུས་ངན་ཕྱི་ལ་བཏོན་པའི། གླང་དར་གྱི་སྐོར་ཁ་བརྡ་འདིར་གདན་འདྲེན་ཞུ་མཁན་འདི་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཕྱིར་ང་ཚོ་ཚང་མས་དེ་རིང་ནས་བཟུང་འདི་ཡི་སྐོར་ལ་རྩོམ་མི་འབྲི་བར་ཁ་ཁུ་སིམ་མེར་བཞུགས་ན་ག་འདྲ་འདུག་གམ།
འདི་ལ་བརྟེན་ནས་ང་ཚོས་ཆོས་ལུགས་དང་ཆོས་ལུགས་ཀྱི་དབར། མི་རིགས་དང་མི་རིགས་ཀྱི་དབར་ལ་དཀྲུགས་ཤིང་འགྲོ་གཞིར་མང་པོ་ཞིག་ཆགས་ཡོང་གི་འདུག
གླང་དར་སྐོར་གྱི་རྩོམས་འདིར་བཀོད་མཁན་དེ་ཡིས་འདོད་དོན་ནི་ང་ཚོ་དང་ང་ཚོའི་དབར་ལ་ཁྲག་ལྟར་དཀྲུག་འདོད་ཀྱི་ཀུན་སློང་དུག་རྩ་བོང་ནག་དང་འདྲ་བ་དེ་ཡིན་པས། དེ་ཡི་བསམ་དོན་མི་འགྲུབ་པའི་ཐབས་ལམ་གཙོ་བོ་ནི་ང་ཚོས་འདི་ནས་མཚམས་འཇོག་བྱེད་ན་ཡག་ཤོས་རེད་དྲན། འདི་ཡིས་རྐྱེན་ལ་བརྟེན་ནས་ས྄ྤ྄ྱིར་ཆོས་ས྄ྤོང་གི་ལས་ངན་པ་གསོག་པ་དང༌། བ྄ྱེ་བ྄ྲག་ཏུ། ༸གོང་ས་མཆོག་གི་དགོངས་གཞི་དང་བསླབ་བྱ་ཐམས་ཅད་དང་འགལ་འཛོལ་འགྲོ་བཞིན་འདུག་ན། ང་ཚོས་ངེས་པར་དུ་འདི་ཡི་སྐོར་ལ་རྩོམས་མ་བྲིས་ན་ལེགས།
དེ་ང་ཡི་བསམ་འཆར་ཡིན།
དགོངས་པ་བཞེས་རོགས།
ལ་སྟོད་བུ་ལགས། འདི་ལྟར་བྱེད་དགོས་དོན་མེད། ང་ཚོས་མངར་མོ་སྤྲོད་སར་མངར་མོ་དང་སྐྱུར་མོ་སྤྲོད་སར་སྐྱུར་མོ་སྤྲོད་བཞིན་ཡོད། དྲྭ་ཚིགས་འདིར་ཞུགས་པའི་སྐྱེ་བུ་སུ་ཡང་རང་ཉིད་གང་དུ་གཏོགས་པའི་ཆོས་ལུགས་ལ་ཤ་ཞེན་ཇི་ཙམ་ཡོད་ཀྱང་ཆོས་ལུགས་དེའི་ཚབ་མཚོན་གྱི་མི་སྣ་མིན། དེར་བརྟེན་བསམ་བློ་གཏོང་ཤེས་མཁན་ཚོས་འདིའི་རྐྱེན་པས་ཆོས་ལུགས་བར་དུ་འགལ་ཟླ་བསྒྲུབ་མི་སྲིད། ཁ་བརྡ་ཚང་ལའང་དེ་ལྟར་སྨྲ་མི་རུང་། རྩོམ་ཡིག་གང་ཞིག་བཀོད་ཀྱང་རུང་དེར་བགྲོ་གླེང་བྱེད་མི་དང་མི་བྱེད་སྒེར་སོ་སོ་ལ་ཡོད་ཅིང་ལམ་གང་ཞིག་ཏུ་འཁྲིད་མིན་ཡང་གང་ཟག་རེ་རེ་ལ་ཡོད། ལར་ནས་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་སྨྱོས་པའི་མི་ཏོ་བ་འདི་དག་ཡན་པོར་གཏོང་མི་ཉན་པའང་གལ་ཆེན་རེད་ལ་འུ་ཅག་བོན་པོ་ཚང་ལ་མཚོན་ན་དེ་བས་ཀྱང་གལ་ཆེ། ཁྲི་དར་མའི་སྐོར་ལ་རྣལ་མའི་བགྲོ་གླེང་བྱེད་འདོད་ཡོད་མཁན་ཡང་འདིར་རེ་ཟུང་འདུག་པས་མུ་མཐུད་དུ་བསམ་ཚུལ་བརྗེ་རེས་བྱས་ན་བཟང་། ཉིད་ཀྱང་འདིར་ཞུགས་རོགས་གནོངས།
དྲྭ་གྲོགས་དམུ་ཐག་བུ་རྒྱུད་ལགས།
ངོས་ཀྱང་བོན་རྒྱུད་དུ་གཏོགས་རང་མི་རིགས་ཀྱི་ཆོས་ལུགས་ལ་ཤ་ཞེན་ཡོད་དང་ཡོད།
འདི་ནའང་མི་ངན་རེ་ཟུང་ཡོད་ཁོ་ཐག་རེད།
ཡིན་ནའང་ང་ཚོས་འདི་ལྟར་རྐྱང་བཤད་བསྡད་ན་རྫོགས་ཐབས་མེད་ཅིང༌། སྔར་བཤད་ལྟར་སྐྱོན་ཆ་མང་པོ་ཞིག་ལྷག་ཡོང་གི་འདུག
རྒྱུ་མཚན་འདི་ལ་བརྟེན་ནས་ངས་མཚམས་འཇོག་ཞུ་རོགས་བཤད་ཡོད།
མ་གཞི་ནས། རྔ་ལ་དཔགས་པའི་འཆམ་ཟེར་བ་ལྟ་བུ་རེད།
བྱུང་ན་ཀུན་གྱིས་མཚམས་འཇོག་གནང་རོགས།
འོན་ཀྱང་མི་སྒེར་གྱི་སྨྲ་བརྗོད་རང་དབང་ནི་ཡོད་ཡོད་པ་རེད།
ངོས་ཀྱང་ཁོང་ཚོས་མཚམས་འཇོག་བྱེད་ཚེ་ངོས་ནས་ཀྱང་གྲ་སྒྲིག་ཡིན།
༸རྒྱལ་བའི་དགོངས་བཞེད་དང་མ་འགལ་བ་གྱིས། བོད་པ་ཚང་མ་མཐུན་ལམ་ཡག་པོ་གྱིས། འདི་ན་སུས་ཀྱང་བོན་པོ་ལ་སྡུག་པོ་ཟེར་གི་མི་འདུག བོན་པོ་བོན་མོ་རྣམས་ཀྱང་འཕག་འཚགས་མ་རྒྱག་རོགས།
བོན་ཕྲུག་ལ་སྟོད་ཀྱི་བུ་ལགས་ད་ལ་སྨད་ལ་བྲོས་འགྲོ་རྒྱུ་ཡིན་ནམ། དེས་ན་ངས་ཁྱོད་ལ་ལ་སྨད་ཀྱི་བུ་ཞེས་གསོལ་རྒྱུ་ཡིན། སྐད་ཆ་སྦོམ་ཐག་ཆོད་རེ་བཤད་ནས་འཇུག་ཙི་ཙིའི་རྔ་མ་ནང་བཞིན་འཇོག་རྒྱུ་ཡིན་ནམ། ད་བོན་སྐོར་ལ་དངོས་གནས་ལ་རྒྱ་དང་ཤ་ཞེན་ཆ་རྒྱུས་ཡོད་ན་གོང་གི་ངས་ཆེད་དུ་བཀོད་པའི་དྲི་བ་དེར་ལན་གནོང་དང་། ཞེས་སྐད་ཤུགས་ཆེན་པོས་འབོད་བཞིན་ཡོད། བགྲོ་གླེང་ཚ་བོ་འགྲོ་དུས་མཚམས་འཇོག་དོན་ག་རེ་ཡིན།
ཡ་ལ་སྟོད་བུ། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ན།
བློན་པོ་ཆོས་ལ་དགའ་བ།
བོན་ལ་གནག་པ་རྣམས་ཀྱིས།
བློ་གྲོས་ངན་པ་བྱུང་ནས་འདི་སྐད་སྨྲས།
རྒྱལ་པོ་ལགས། བླ་མཆོད་བོན་པོ་རྣམས་བསོག་ལ།
ལིང་གྷ་གནན་ཟིན་ནི་བསྟན་པ་དང༌།
རྗེ་ཡི་ཁྲིམ་འོག་ཏུ་འཇུག་པ་དང༌།
ཆང་དཀར་གྱི་ཆབ་གསོལ་བ་དང༌།
ས་མཐར་སྤྱུགས་པ་གསུམ་བདམ་དགོས་གསུང་དང༌།
གོང་གི་ཚིག་འདི་འདྲ་ཡོད་པ་འེ་རེད། འོ་དེ་ཁག་མི་འདུག་ཀ ཡིན་ན་ཡང་དྲི་བ་གཅིག་ཡོད་པ་ནི། འདི་བློན་པོ་ཆོས་ལ་དགའ་བ་ཚོས་གྲོས་འགོ་བཏོན་པ་རེད་དམ། ཡང་ན་ལག་ལེན་ཏུ་བསྟར་ནས། བོན་པོ་རྣམས་ལ་མེ་རྒྱབ། ཆུ་ལ་བསྐྱུར་བ་དངོས་ནས་རེད། གོང་གི་ཚིག་དང་། ཁྱོད་ཀྱི་འགྲེལ་གཉིས་ལ་བལྟས་ན་གྲོས་འགོ་བཏོན་པ་མ་གཏོགས། ལག་ལེན་དངོས་ཀྱི་སྟེང་དུ་མེ་རྒྱབ་པ་དང་། ཆུ་ལ་བསྐྱུར་བའི་སྒྲུབ་བྱེད་དུ་མི་འགྲོ ད་ཁྱོད་ཀྱིས། ཆོས་རྒྱལ་མེ་དབོན་རྣམ་གསུམ་བོན་ཅན། བོན་ལ་བདུད་བདུད་ནག་ཡིན་པར་ཐལ། བོན་རྣམས་ལ་མེ་བརྒྱབ་པ་དང་ཆུ་ལ་བསྐྱུར་བའི་ཕྱིར་ཏེ། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས། བློན་པོ་ཆོས་ལ་དགའ་བ། བོན་ལ་གནག་པ་རྣམས་ཀྱིས། བློ་གྲོས་ངན་པ་བྱུང་ནས་འདི་སྐད་སྨྲས། རྒྱལ་པོ་ལགས། བླ་མཆོད་བོན་པོ་རྣམས་བསོག་ལ། ལིང་གྷ་གནན་ཟིན་ནི་བསྟན་པ་དང༌། རྗེ་ཡི་ཁྲིམ་འོག་ཏུ་འཇུག་པ་དང༌། ཆང་དཀར་གྱི་ཆབ་གསོལ་བ་དང༌། ས་མཐར་སྤྱུགས་པ་གསུམ་བདམ་དགོས་གསུང་དང༌། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ནི་གྲོས་ཙམ་ལས། མེ་མ་རྒྱབ་པ་དང་ཆུ་ལ་མ་གཡུག་པའི་སྒྲུབ་བྱེད་གཞན་གྱིས་བཀོད་མ་དགོས་པར། རང་གིས་བཀོད་འདུག་པའི་ཕྱིར་དེ། དེ་ཡང་༼དེར་དྲན་པ་ནམ་མཁའི་ཞལ་ནས། སྤྱིར་མི་ལུས་ཐོབ་པ་ཤིན་ཏུ་དཀའ། གཙང་མའི་མི་ལུས་ཐོབ་དུས་འདིར། སྐྱེས་ནས་ཆབ་གསོལ་རྔོས་མི་ཐོབས། ཞེས་གསུང་ནས་ཁོང་ནན་བན་ནམ་བཙན་དབང་གིས་བན་དེར་བསྒྱུར་ནས་གསང་སྔགས་རྙིང་མའི་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཏུ་གྱུར་ཏེ། དྲན་པ་ནམ་མཁས་བྱང་ནས་གཡོག་རྒོད་འགུག ཅེས་ཀྱང་གསུངས་པར་བློ་ལས་ཞུས།༽ ཅེས་མེ་མ་བརྒྱབ་པ་དང་ཆུ་ལ་མ་བསྐྱུར་བའི་བྱས་རྗེས་དེ་དྲན་པ་ནམ་མཁའ་ལ་ཁྱོད་ཀྱིས་བྱིན་པའི་ཕྱིར། དེ་ན་ཆོས་རྒྱལ་མེ་དབོན་རྣམ་གསུམ་ནས་མེ་བརྒྱབ་པ་དང་ཆུ་ལ་བསྐྱུར་བའི་སྒྲུབ་བྱེད་ཁྱོད་ལ་ཡོད་ཁོ་ཐག་ཡིན་པས་འགོད་རོགས་གནོང་།
དེ་མིན་གོང་གི་ཁྱོད་ཀྱི་དྲང་པའི་ལུང་དེར་ང་ལ་འགྲེལ་བཤད་ཅིག་རྒྱག་རྒྱུ་ཡོད། ཚིག་ཕྱི་མ་རྣམས་ཕལ་ཆེར་ཁྱོད་ཀྱི་བཤད་པ་ལྟར་ཡིན་རྒྱུ་རེད། འོན་ཀྱང་ཚིག་རྐང་དང་པོ་དེ་དོན་རྐྱེན་ཚང་མའི་འབྱུང་རྐྱེན་རེད་འདུག ཁྱོད་ཀྱིས་དེ་ལ་འགྲེལ་བཤད་མ་རྒྱབ་འདུག ད་ངས་འགྲེལ་བཤད་རྒྱག ཉོན་འ། ༼བློན་པོ་ཆོས་ལ་དགའ་བ། བོན་ལ་གནག་པ་རྣམས་ཀྱིས། བློ་གྲོས་ངན་པ་བྱུང་ནས་འདི་སྐད་སྨྲས། རྒྱལ་པོ་ལགས། བླ་མཆོད་བོན་པོ་རྣམས་བསོག་ལ། (ཁོང་ཚོས་རྒྱལ་བོ་ལ་མཐུ་ངན་རྒྱབ་ནས་)ལིང་གྷ་གནན་ཟིན་ནི་(ཁོང་ཚོའི་མིག་ལ་དཔང་བོར)བསྟན་པ་དང༌། རྗེ་ཡི་ཁྲིམ་འོག་ཏུ་འཇུག་པ་དང༌། ཆང་དཀར་གྱི་ཆབ་གསོལ་བ་དང༌། ས་མཐར་སྤྱུགས་པ་གསུམ་བདམ་དགོས་གསུང་དང༽ འདི་ལྟར་ལོས་ཡིན་སྙམ། འོན་ཀྱང་ཚིག་རྐང་དང་པོའི་འགྲེལ་ནོར་ཡོད་ན་གསལ་བཤད་གནང་རོགས། གལ་ཏེ་ནོར་མེད་ན་དེ་ལྟར་བཀའ་བགྲོས་མཛད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ག་རང་རེད་འདུག་ཀ
གོང་དུ་ཞུས་པ་ལྟར་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོན་འབངས་རྣམས་ལ་མེ་བསྲེགས། ཆུ་བསྐྱུར་བྱས་པའི་ཁུངས་གསལ་བོ་འགོད་རོགས་ཞུ།
འདི་ཆོས་ལུགས་ཀྱི་ཕྱོགས་ཞེན་གང་ཡང་མེད། ལོ་རྒྱུས་ཤེས་འདོད་ཙམ་རེད།
དམུ་ཐེག་གི་བུ་ཟེར་བ་ བོན་པོ་ཚོས་གཅིག་རྒྱབ་གཅིག་གིས་མནན་ནས་མཁར་རྨའུ་དང་གླང་རྒན་བཙན་པོ་གཉིས་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་སྤྲེལ་ལད་ཅི་ཐུབ་གནང་དོན་གང་ཡིན། མཁར་རྨའུ་ཟེར་བས་བོན་པོ་ཚོར་ཡག་པོ་ཞིག་བཤད་མི་འདུག མ་གཞི་དེ་ངས་གསལ་བཤད་དགོས་རྒྱུ་མ་རེད། ཁྱོད་ཚོའི་བོན་སྒོ་ཟེར་བའི་དེབ་དེར་གཟིགས་དང་སྨན་རིའི་བོན་ཕྲུག་ཚོར་ཚོགས་གཏམ་ནག་ཏག་ཆོད་བཏང་འདུག བོན་སྒོ་དེ་ཡང་སྨན་རི་ནས་བཏོན་པ་འདྲ།
གླང་རྒན་བཙན་པོས་བོན་ལ་ཕན་ཐོགས་ཤིག་མེད་པ་གོང་དུ་བགྲངས་འདུག ད་རྒྱུ་མཚན་ཅི་ཡོད།
འོ་ད་དུང་གཅིག་ལྷག་འདུག ཁ་བོད་ཀྱི་ནང་པའི་ཆོས་ལུགས་པ་དང་། བོན་ཆོས་རིང་ལུགས་པ་གཉིས་བོན་ཅན། རིགས་སོ་སོ་ཡིན་པར་ཐལ། ཆོས་སོ་སོ་ཡིན་པའི་ཕྱིར་ན་མ་ཁྱབ། དེ་གཉིས་ཀ་ཡང་ཤ་རིས་གདུང་བརྒྱུད་གཅིག་པ་ཟེར་བ་དེ་རེད། ཡང་བོན་པོ་རྣམས་བོན་ཅན། བོད་ལས་གྲངས་ཉུང་མི་རིགས་ཡིན་པར་ཐལ། རྒྱ་ནག་གིས་དུས་བབ་ན་བོན་རྣམས་བོད་ཀྱི་གྲངས་ཉུང་མི་རིགས་ཨང་གཉིས་པར་བཤད་པའི་ཕྱིར་ན། མ་ཁྱབ། དེ་ནི་རྒྱ་ནག་གིས་སྲིད་དོན་དབང་བསྒྱུར་ཆེད་དུ་ནང་ཁུལ་འགལ་བ་བཟོས་ཙམ་རེད་དོ། ཡང་ཁ་ཅིག་གིས་ཤེས་བྱ་བོན་ཅན།༼ད་ལྟའི་དྲ་ཐོག་འདིར་བོན་ལ་བརྙས་མཁན་ཕལ་ཆེ་བ་དགེ་ལུགས་པ་ཤ་སྟག་ཡིན་པ༽ ཐལ། དགེ་ལུགས་པ་ཁ་ཤས་ནས་གང་བཤད་ལ་མི་ཉན་པར་དེ་ལ་བརྟག་དཔྱད་གཏོང་པའི་ཕྱིར་ན། མ་ཁྱབ། དགེ་ལུགས་པས་བོན་ལ་རྩ་ནས་མི་བརྙེས་པར་མ་ཟད། ད་ལྟའི་དུས་སུ་གདན་ས་སེ་འབྲས་དགའ་གསུམ་གྱི་འཇང་དགུན་ཆོས་ཟེར་བའི་ཆོས་ཐོག་སྐད་གྲགས་ཆེན་པོ་དེར་བོན་རྣམས་གདན་འདྲེན་ཞུས་ནས་བགྲོ་གླེང་མཉམ་དུ་མཛད་བཞིན་པའི་ཕྱིར། ཡང་དགེ་ལུགས་པས་རྩ་ནས་བོན་ལ་མི་བརྙེས་པར་ཐལ། ད་ལྟའི་བར་དུ་རི་བོ་དགེ་ལྡན་པ་དང་བོན་པོའི་བར་དུ་གནའ་འཁོན་ད་དགྲས་མེད་པའི་ཕྱིར། ཕྱིན་ཆད་ཀྱང་འབྱུང་མི་སྲིད་པའི་ཕྱིར། ཨོཾ་མ་ཏྲི་མུ་ཡེ་ས་ལེ་འདུ།
xxxxxxx
འདིར་མཆན་འགོད་མཁན་དག་བློ་རྒྱ་ཆུང་ཆུང་ཀྱང་ཀྱང་ཡིན་ཐག་ཆོད་རེད། དོན་ཡོད་པའི་ལོ་རྒྱུས་ལ་འགྲོ་གླེང་མི་བྱེད་པར་ཕྱོགས་གཞན་གྱི་སྐད་ཆ་ཀྱང་ཀྱང་བཤད་ནས་མཆན་ཨང་ཉིས་བརྒྱ་བར་སླེབ་འདུག་ད་ངོ་མ་ཆོ་མི་འདུག
དངོས་གནས་རི་བོ་དགེ་ལྡན་པ་དང་བོན་པོའི་དབར་ལ་གནའ་འཁོན་ད་འགྲས་མེད་དམ། ཧ་ཧ། རྒྱལ་དབང་ལྔ་པ་ནས་བེ་རི་རྒྱལ་པོ་སོགས་རིམ་བཞིན་གླེང་ན་གཉིད་སད་ཡོང་། ལྕང་སྐྱའི་སྐོར་དེ་འདིར་གླེང་ཟིན་སོང་བ་མ་མཐོང་ངམ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོན་རྣམས་ཆུར་བསྐྱུར་མེར་བསྲེགས་བྱས་པའི་ལོ་རྒྱུས་ཁུངས་ལྡན་ཡོད་པས་དེ་ཚོ་གླེང་དགོས་མ་བྱུང་ན་ལེགས།
གླག་དང༌།
གཞོན་ནུ་ཟླ་མེད། འཇམ་དཔལ་རྣོན་པོ་ཟེར་བ་ཁྱེད་ཚོས་ང་ལ་ཤོད་རྒྱུ་མེད་པར་བསྡད་པ་རེད་དྲན་གྱི་འདུག་གམ། བསམ་ཤེས་བྱས་ནས་བསམ་འཆར་ཕུལ་ཡོད། ད་བྱེད་ན་རྟོ་ཕོ་ལ་རྒྱུགས་རྒྱུ་ཡོད་ན། བྱང་ཐང་ལ་ཟད་པ་མེད། ངས་སྔོན་དུ་གསལ་བཤད་བྱས་ཡོད། དེར་ཁྱེད་ཚོས་བསྡོད་དུ་མི་འཇུག་ཚུལ་འདི་ལ་ལྟས་ན། རྔ་ལ་དཔགས་པའི་འཆམ་ཞིག་འཁྲབ་ཀྱི་ཡིན། གཞི་ནས་ཙི་ཙི་རྔ་མ་ནང་བཞིན་སུ་ཡོང་གི་བལྟ་ཆོག
བྱིས་པ་དང་པོ་གད་ཤོར། མཐའ་མར་ངུ་ཤོར་ཟེར་བའི་དཔེ་ལྟར་མི་ཡོང་བ་ཞིག་བྱེད་དགོས།
གཞོན་ནུ་ཟླ་མེད་ཁྱོད་རང་སྦ་བཞེད་ཡག་པོར་ཀློགས་དང་། དེ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོན་དཔེ་ཆུར་བསྐྱུར་མེར་བསྲེགས་ཀྱི་ཁུངས་བརྙེད་ངེས་རེད། བལྟ་ལོང་མེད་ན་ལུང་ཟུར་ཞིག་ངས་འདྲེན་ཆོག ༼བོན་གྱི་དཔེ་ཀུན་ཆུ་ལ་བསྐུར། ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན།༽ ཞེས་པ་འདི་འདྲ་ཤིན་ཏུ་མང་བས་ལ་སྟོད་ཀྱི་བུས་ཁུངས་མེད་ཀྱི་གཏམ་གླེང་གི་འདུག་མ་སོམས་ཤིག
ལ་སྟོད་ཀྱི་བུ་ཟེར་བའི་བོན་ཕྲུག་ལགས། ཁྱོད་ཀྱིས་འདི་ལྟར་བཤད་པ་མིན་ནམ་”ཉེ་བའི་གཟུང་དོན་བོར་ནས། རིང་པའི་ཡུལ་ལ་འཇུག་དོན་མེད་”ཅེས་དང་། གཞན་ཡང་ “རྩ་བ་བོར་ནས་ཡལ་ག་མ་སྙོབ་ཅིག་ཨང༌།” ཞེས་ཚིག་འདི་དག་ཁྱོད་ཀྱི་སྐྱག་ཁ་ནས་ཐོན་པ་མིན་ནམ། དོན་པོ་དྲི་བར་ལན་མི་འདེབས་པར་དྲི་འདོན་གང་ཟག་སྒེར་ལ་སྐྱོན་འཛུགས་དང་རྫིག་རྫིག་གཏོང་དོན་ཅི་ཡིན། སེང་གེ་གྲོང་ལ་འཁྱམས་ན་གྲོང་པས་ཅི་བྱེད་ཤེས་པར་གྱིས།
བན་བོན་གཉིས་ཀྱི་བསམ་ཤེས་གནང་རོགས་ཞུ། ད་འདི་ལྟར་ད་རུང་མུ་མཐུད་དུ་རྩོད་པ་དང་ཚིག་ངན་རྐྱང་བས་ཁ་བརྡ་ཚང་ནས་བསྡད་ན་རང་གཞན་ཚང་མར་འཇུག་འབྲས་ཡག་པོ་ཞིག་མེད་ཐག་ཆོད་ཡིན།
ཚང་མས་བསམ་ཤེས་གནང་རོགས་ཞུ།
xxxxxx
འོ་ལ་སྟོད་ཀྱི་བུ་དང་། ལྷག་བསམ་གཉིས་ལ་བཤད་རྒྱུ་མེད་པ་ག་ལ་ཡིན། བཤད་རྒྱུ་ཡོད་པས་མ་ཟད་ལུང་པ་གང་ཡོད་པ་རེད། ཁ་བཙུམ་ནས་ག་ཚོད་བསྡད་ཀྱང་མུ་མཐུད་དུ་རྩོམ་ཡིག་འདིའི་འོག་གཅིག་བུ་ལ་སངས་རྒྱས་ཆོས་ལུགས་པས་བོན་ལ་བརྙེས་རབས་བཤད་པ་རེད། ང་ནི་ད་ལྟའི་བར་དུ་ཁྱོད་ཚོས་རྩོམ་ཡིག་རྣམས་ཀློག་ནས་བསྡད་པ་མ་གཏོགས། དེ་འདྲ་གང་ཡང་མ་བཤད་པར་བསྡད་པ་རེད། མི་བདེན་བསམ་ན་གོང་གི་མཆན་ལ་གཟིགས་དང་། གོང་གི་ལ་སྟོད་བུ་ཡིས་མཆན་ཨང་ ༧༨ པ་ན་༼མི་ངན་ནང་ལ་བསྡད་ནས་ཇུས་ངན་ཕྱི་ལ་འདེང་མཁན་གྱི་དུག་རྩ་དང་གཅིག ཨ་ནུ་ཐང་བསོད་ནམས་དང་གཉིས། འཇམ་དཔལ་རྣོན་པོ་དང་གསུམ།་ སྤོབས་པ་མཐའ་ཡས་དང་བཞི། གཞོན་ནུ་ཟླ་མེད་དང་ལྔ། གཡུ་འབ྄ྲུག་དཀར་པོ་དང་ད྄ྲུག ད་དུང་དེ་རྗེས་ཁྱི་ཐོང་ནམ་མཁའི་བྱ་ལ་མཆོང་རྒྱབ་མཁན་གྱི་རིགས་དེ་རིགས།༽ ཅེས་ངའི་མིང་གི་བཏོན་ནས་མི་ངན་རིགས་ངན་གྲས་སུ་བགྲང་འདུག་ན་ཡང་། ངས་ནི་ལན་གང་ཡང་བྲིས་མེད། རྒྱུ་རྐྱེན་ནི་རྒྱབ་ས་ཁ་ལ་མ་ཕོག་པར། མ་རྒྱབ་སྣ་ལ་ཕོག་འགྲོ་གི་རེད་བསམ་པ་ཡིན།
ད་ནི་ཁྱོད་ཚོས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་ཤ་རུས་གཅིག་པའི་བོན་པོ་རྣམས་མེས་བསྲེགས། ཆུ་ལ་བསྐྱུར་བ་བཤད་ཀྱི་ཡོད་པས། ངས་ནི་དེ་འདྲ་ཡི་གེ་གང་ནས་ཀྱང་མ་མཐོང་བས། གཅིག་བྱས་ནས་བོན་པོའི་ཕྱོགས་ཀྱི་ལོ་རྒྱུས་ན་ཡོད་སྲིད་བསམ་ནས་དྲི་བ་བཏང་བ་ཙམ་རེད། འོན་ཀྱང་རེ་བ་བཅོལ་ས་ནས་ལུང་ལྡིབ་ཟེར་བ་ལྟར། ལ་སྟོད་བུ་ནས་དྲང་པའི་བོན་པོ་ཕྱོགས་ཀྱི་ལོ་རྒྱུས་ཀྱི་སྒྲུབ་བྱེད་དུ་མི་འགྲོ་བ་གོང་དུ་བཤད་པ་བཞིན་རེད། ད་ལྷག་བསམ་ནས་ཁ་མཆུ་འབུངས་མ་བླངས་ནས་དཔེ་ཆ་མེ་ལ་བསྲེགས་པ་དང་། ཆུ་ལ་བསྐྱུར་བའི་རྦ་བཞེད་ཀྱི་ལུང་དྲང་ཡོང་གི་འདུག དཔེ་ཆ་དེ་ཚོ་ལ་འཕངས་པོ་བྱུང་ངམ། དཔེ་ཆ་དེ་ཚོ་ཡ་མཚན་པ་དེ་འདྲ་ཡོད་པ་རེད་ད། དཔེ་ན་སྟག་ལྷ་མེ་འབར་གྱི་ཆོ་ཀ་ན། (པད་འབྱུང་ཤྰཀ་ཐུབ་བསྣོལ་བའི་གདན་སྟེང་ན།།)ཟེར་བ་ལྟ་བུ་དང་། ཡང་ཁྲོས་མ་ནག་མོའི་ཆོ་ག་ན (མ་ཅིག་ཁྲོས་མ་ནག་མོས་གྲུ་གུག་གིས།། བན་དེའི་སྲོག་རྩ་ཆོད་ལ་བོན་དུ་བསྒྱུར།།) ཟེར་བ་ལྟ་བུ་ཡོད་པ་རེད་ཡ། མདོར་ན་དཔེ་ཆ་ཁ་ཤས་མེ་སྲེག་བཏང་ཡོད་ན། དེས་བོན་པོ་རྣམས་མེ་བསྲེགས་པ་དང་། ཆུ་ལ་བསྐྱུར་བའི་སྒྲུབ་བྱེད་དུ་མི་འགྲོ
ད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོན་པོ་མེས་བསྲེགས་བཏང་བ་དང་། ཆུ་ལ་བསྐྱུར་བའི་སྒྲུབ་བྱེད་མེད་སོང་པ་འེ་རེད། ནམ་རྒྱུན་མེད་ན་ཡོད་མདོག་སྟོན་རྒྱུ་ཡོད་པ་མ་རེད། མིས་ཁས་ཤོག་ཟེར་གི་རེད། གཅིག་བྱས་ན་ཁྱོད་ངེད་ཚོ་འཇང་དགུན་ཆོས་ནས་ཕྲད་མྱོང་ཡོད་སྲིད། འཇང་དགུན་ཆོས་ནས་ཡང་དེ་འདྲ་ཡིན་ན། ཅིག་རེད་ཟེར་ན། ཡིན་ཏེ་ཟེར་ནས་སྒྲུབ་བྱེད་ཁས་ཤོག་ཟེར་གི་ཡོད་པ། སྒྲུབ་བྱེད་ཁས་ཡོང་མི་དགོས་པར་རང་འདོད་བྱེད་བསྡད་ན་ཆོག་བསམ་ན་དེ་ནོར་བ་རེད།
སྐུ་མཁྱེན། ་གུས་པས་ཞུ་རྒྱུར། བན་བོན་གྱི་རྗེས་འཇུག་ཚང་མས་བསམ་ཤེས་རེ་གནང་སྟེ། ཉོག་གཏམ་འཇུག་སསྒྲིལ་རྒྱུའི་རེ་བ་ཞུ།
བོན་པོའི་དཔེ་ཆ་ནང་ལ། པད་འབྱུང་ཤྰཀ་ཐུབ་བསྣོལ་བའི་གདན་སྟེང་ན།། ཟེར་བའི་ཞིག་ཡོད་རབས་བཤད་པ་ནི་བན་དེ་རྣམས་ཀྱིས་བོན་དཔེ་རྩ་མེད་གཏོང་ཕྱིར་ཇུས་ངན་གཏིང་ནས་རྫུན་བསྒྲིགས་བྱས་པ་ཞིག་ཡིན་པས། བོན་དཔེར་མཐོང་རྒྱུ་མེད། རྫུན་དེ་ཉིད་དཔྱད་སྟོབས་མེད་པའི་གཞོན་ནུ་ཟླ་མེད་སོགས་ཀྱིས་ཡོད་ཤག་གིས་གཡམ་རྒྱུགས་བྱེད་ཀྱིན་འདུག དེ་མིན་ན་བོན་དཔེ་སྟག་ལའི་གཞུང་ག་གེ་མོའི་དཔར་མའི་ཤོག་ངོས་འདིར་འདུག་ཅེས་སྟོན་དང་དེ་ནས་བགྲོ་གླེང་ལྷུག་པོར་བྱེད། ད་དུང་ཁྲོས་མ་ཡིན་ན་གཅིག་གི་ནང་། མ་ཅིག་ཁྲོས་མ་ནག་མོས་གྲི་གུག་གིས།། བན་དེའི་སྲོག་རྩ་ཆོད་ལ་བོན་དུ་བསྒྱུར།། ཞེས་པ་དེ་ཡང་བོན་དཔེར་ཡོད་མི་སྲིད་ལ་ངས་མཇལ་བའི་ཁྲོས་མའི་གཞུང་ཀུན་ནའང་མི་འདུག་པས། དེ་ཡང་དེ་མཚུངས་ཀྱི་རྫུན་སྒྲིག་ཅིག་ཡིན་ནོ། །བོན་པོ་རྣམས་ཀྱིས་མཐོང་མྱོང་མེད་པའི་བོན་དཔེ་ཁྱོད་ཚོར་ཡོད་པ་འདྲ་ཡིན་ན་ནི་སྟོན་ཅིག འདིར་དངོས་ཡོད་ཀྱི་ཁུངས་ལུང་འདྲེན་དུས་ཁུངས་མེད་ཀྱི་འཆལ་གཏམ་མ་གླེང་ཞིག ད་དུང་དམར་མཆོད་ཡིན་ན་གཅིག བོན་པོས་དམར་མཆོད་འབུལ་གྱི་ཡོད་རབས་དེ་བན་དེས་རྫུན་སྒྲིག་ཅིག་མིན་ན། བོན་དཔེ་དངོས་ན་དེ་ལྟར་ཡོད་པའི་ཁུངས་ཤིག་དྲོངས་དང་། དེ་ནས་ཁུངས་ལྡན་རེད། དེ་མིན་ཁྱོད་ཚོས་བརྙས་འདོགས་མིན་ན་ཅི་་་་་་་་་
ཁ་ཆེ་དང་ཧིན་དུ་མཐུན་ཐབས་ཡོད་མ་རེད།
མཐུན་ཤེས་ན་ཁམས་ཕྱོགས་སུ་རིས་མེད་ཀྱི་སྐྱེས་ཆེན་མང་པོ་བྱོན་པ་རེད། མཐུན་མ་ཤེས་ན་ཨ་མདོ་ནས་བན་བོན་གྱི་དམག་མང་པོ་བརྒྱབ་པ་རེད།
རེད། རེད། ད་ཡིན་ན་ངེད་ཚོ་ཡང་མཐུན་ཤེས་ནི་ཡེད་ཡ། མ་གཞི་ཁྱོད་འདི་ཁམས་ཕྱོགས་ཀི་བོན་པོ་ཞིག་རེད་ལོ།།
ན། ན། ན།
གལ་སྲིད་ང་ལ་གཤོག་པ་ཡོད་ན། ཁྱེད་རང་ལེན་ག་ད་ལྟ་ཡོངས་ས་རེད།
གླང་དར་དེས་ལྷག་བདུད་དར་རེད། །
ལྷ་སྲས་མ་རེད་བ་སྲས་རེད། །
འུ་དུམ་མ་རེད་འུ་ཐུག་རེད། །
མིང་དངོས་མ་རེད་མིང་འདོགས་རེད། །
འདྲེ་མོས་མ་བཞུས་གོང་ལ།།
འདྲེ་འབོད་ཡང་ཡང་བྱེད་ཀྱི།།
འདྲེ་མོ་རྩ་ལ་སླེབས་ན།།
འདྲེས་བཞིན་མཐོང་སར་མི་འདུག།
ཝ་མོ་བརྒྱལ་རྒྱུ་ཡོད་ན།།
ཝ་མོའི་ས་ནས་བརྒྱལ་ཞོག།
ཝ་མོའི་འགྲམ་རྩ་ནང་ལ།།
ཝ་འདྲེས་འགྲམ་ལྕག་བཞུས་ཡོད།།
ལྷོ་མཐའ་ཙི་ཙི་ངར་ནས།།
བྱང་གི་འབྲོང་རྒོད་ཡིན་ཟེར།།
དགོས་པའི་དྲི་ལན་མེད་པར།།
མ་དྲིས་ལབ་རྡོལ་བཤད་ཀྱི།།
གླུ་ལ་གླུ་ལན་ཡོད་ན།།
གླུ་ལན་མགྱོགས་པོར་ཁས་ཤོག།
གླུ་ལ་གླུ་ལན་མེད་ན།།
ཁ་ལྐོག་བཙུམ་ནས་སྡོད་ཞོག
ཡ་ད་སང་ཞོག་ནས་ཅིག་ལ་འགྲོ་དགོས་བྱུང་སོང་། ཉིན་གཅིག་རིང་ཡོང་ཐུབ་ཀྱི་མ་རེད། སྒོར་མོ་རེག་སོང་ན་ཡང་བསྐྱར་འདིར་སླེབས་ཡོང་གི་རེད། དེ་དུས་ཡང་བསྐྱར་སྟོང་བཤད་རྒྱག་འེ་གོ་ཐལ།
འོ་ལྷག་བསམ་ལ་བཤད་རྒྱུ། ཁྱོད་རང་གིས་སྐད་ཆ་ཚང་མ་ངས་མི་ཤེས་པ་རྐྱང་རྐྱང་རེད་འདུག ང་ཚོ་ས་ཆ་ན་ཡང་བོན་པོ་མང་པོ་ཡོད་པ་རེད། བན་བོན་མི་འགྲིག་པའི་སྐད་ཆ་གང་ཡང་མེད། ཐ་ན་མི་ཞིག་ཤི་ན་ཡང་། ཤི་བོ་ཡར་འདྲེན་ལ་བན་བོན་གཉིས་ཀྱི་ཕྱོགས་ནས་ཨ་མཆོད་གདན་འདྲེན་ཞུ་དགོས་པ་རེད། འདི་ང་གསལ་བོ་ཡོད། ཁྱོད་ཀྱིས་ཨ་མདོ་ཕྱོགས་ནས་བན་བོན་མི་འགྲིག་ཚུལ་བཤད་ཀྱི་འདུག དེ་ནི་ངོ་མ་མི་ཤེས། ངས་གསལ་བོར་ཤེས་པ་ནི་གཅན་ཚ་སྣང་ར་ཕྱོགས་ཀྱི་བོན་པོ་དེ་ཚོ་ཤེས། དེ་ནས་ཁྲི་ཀའི་ཕྱོགས་ན་བོན་པོ་ཤིན་ཏུ་མང་པོ་ཡོད་པ་རེད། དེ་ཚོ་ཚང་མ་གསལ་བོར་ཤེས་ཀྱི་ཡོད། ད་དུང་རྒྱ་གར་ནས་བོན་པོ་མཉམ་དུ་ཚད་མ་རྩོད་པ་མང་བོ་བྱས་མྱོང་། སྟོད་འགག་དམར་སྔོ་ཁྱད་པར་ཙམ་ལས། གཞན་གང་ཡང་མི་འདུག ཁྱོད་ཀྱིས་མ་ཤེས་པ་མང་པོ་ཤེས་ཀྱི་འདུག བསམ་བཞིན་དོན་རྐྱེན་སློང་གི་མེད་ན། གང་ནས་མ་འགྲིག་པ་དང་། རྒྱུ་རྐྱེན་ཅིའི་ཕྱིར་མ་འགྲིག་པ་སོགས་བཤད་ན། ང་ཚོས་བོད་ནང་དུ་ཡང་དེ་ཕྱོགས་ནས་འགྲིག་གི་མི་འདུག་སོགས་བསམ་ཚུལ་བཏོན་ནས་རང་རང་གི་ས་གནས་ལ། རིན་པོ་ཆེ་བས་དཀོན་པའི་ ༧གོང་ས་མཆོག་གི་ཆོས་ལུགས་རིས་མེད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ན་འགྲིག་གི་རེད་པ། དེ་འེ་རེད་མ་རེད་བསམ་བློ་ཐོངས།
ལ་སྟོད་བུ།
རང་དབང་རང་མོས་ཀྱི་བགྲོ་གླེང།
གླག་ལགས། ཁྱོད་རངགི་ང་ལ་དྲི་གང་དྲིས་ཡོད་དམ།
ཁྱོད་རང་སྐད་ཆེན་པོ་རྒྱབ་དགོས་དོན་མེད།
ང་ཁྱོད་རང་གི་རྩ་ལ་ཡོད།
།དྲི་བ་ཁྱེར་ཤོག་དྲི་བ་རེར་ལན་འདེབས་ངེས་ཡིན།
།ལ་སྟོད་ལ་ཡི་སྟེང་ནས།
འུར་རྡོ་བསྐོར་ནས་བསྡད་ཡོད།
སྡིག་ཆེན་གླག་ཕོ་གླག་མོ།
ཐང་ཆེན་རྒྱ་རུ་འབེབས་རན།
སྲིད་པ་རྒྱུ་ཀྱི་ཁ་བྱང་ལས།
༼སྤེ་ནེ་གུ་དང༌། འབེ་ཤོད་གྲམ་དང༌། ལྟ་རུ་བསེ་ཡག་དང༌། བུ་སྔུན་ཁྲ་འཛིན་དང་བཞི་ཡིས། རྗེ་ལ་བཟློག་པའི་རྐོ་ལོང་ལང༌། བསེ་ཡི་འདན་དཀར་དང༌། རྔ་གཤང་ཕྲུག་ཅིག་བརྫང་སྟེ། གྲུ་ནང་དུ་བཅུག་ནས་ཡར་ཆབ་གཞུང་ལ་བསྐྱོན་ཏེ་བཏང༌།
འབེན་གང་ཙམ་དུ་སླེབས་པ་དང༌། སྤེ་ནེ་གུའི་བསེའ་ཡི་འདན་དཀར་བཙུག་སྟེ་ལྷ་ལ་བོས། བཙད་པོ་རྗེ་ལ་དབུ་ཡོག་དེད་པས། ཡར་ཆབ་ཙང་པོ་གྱེན་དུ་ལོག
རྒྱལ་ཁམས་ཆུའི་གང་བར་བྱས། ༽
གཟིགས་དང་བོན་གཤེན་དེ་དག་བཙན་པོས་ཆུ་ལ་བསྐུར་པ་རེད།
ད་གང་དགོས།
ངས་ལུང་འདི་ཁྱོད་ལ་སྒྲུབ་བྱེད་དུ་བཀོད་པ་མེད་ལ། ཁྱོད་ཀྱིས་ཀྱང་ཁས་ལེན་གྱི་མ་རེད།
ཁྱོད་ཀྱིས་ང་ལ་དེ་འདྲའི་ལོ་རྒྱུས་གང་ན་ཡོད་ཅེས་དྲི་བ་དྲིས་པ་རེད། དེ་ལ་ངས་ལན་བཏབས་པ་རེད།
རང་གིས་དྲིས་པ་གཤང་ལམ་ནས་གཤལ་བ་རེད་དམ། ཐོག་མར་རང་གིས་དྲིས། རྗེས་སུ་དེ་ཚོ་སྒྲུབ་བྱེད་ཡོང་གི་མ་རེད་ཟེར་ད་སྨྱོ་ལབ་རྒྱབ་མ་ཡོང༌།་རྒྱལ་འགོང་འདྲེ་དེ་ཡི་དྲི་མ་ཁྱོད་ལ་འཁོར་འདུག་འཁོར་ཀྱང་ལོས་དགོས། ཁ་ལག་འདྲེས་པས་སོ།
སྤྲང་ནག་ཁྱོད་ལ་དྲྭ་རྒྱ་སྤྱོད་སྤྱད་ཀྱི་དངུལ་གཅིག་ཀྱང་ཡོད་ས་མ་རེད།
དེ་ཁྱོད་ལ་རྒྱལ་འགོང་ཐེའུ་རང་འཁོར་བའི་རྟགས་རེད།
ཁྱོད་ཀྱིས་ཆོས་ལུགས་རིས་མེད་བརྒྱུད་བསྒྲགས་བྱེད་ཀྱི་ཡིན་ཨེ།
ཧཧཧཧཧཧཧ། མི་ཁྱོད་ཀྱིས་ཆོས་ལུགས་རིས་མེད་རྒྱུད་བསྒྲགས་བྱེད་ཀྱི་ཡིན་། སྣང་བར་མི་འགྲོ་བ། ཆོས་ལུགས་ཀྱི་རུ་དྲས་བཟི་བའི་ཁྱོད་ཀྱིས་ཆོས་ལུགས་རིས་མེད་བརྒྱུད་བསྒྲག་བྱེད་ཀྱི་ཡིན་ཟེར་བ་དེ་ནི་ལྟས་ངན་ཝ་མོའི་འདྲེ་སྐད་རང་རེད།
དེ་ལྟས་ངན་བརྒྱད་ཅུ་གྱ་གཅིག་གི་ནང་ཚན་ཞིག་རེད།
གཞོན་ནུ་ཟླ་མེད་ཀྱིས།
༼དཔེ་ན་སྟག་ལྷ་མེ་འབར་གྱི་ཆོ་ཀ་ན།
པད་འབྱུང་ཤྰཀ་ཐུབ་བསྣོལ་བའི་གདན་སྟེང་ན༽ཟེར་བ་ལྟ་བུ་དང་། ཡང་ཁྲོས་མ་ནག་མོའི་ཆོ་ག་ན། ༼མ་ཅིག་ཁྲོས་མ་ནག་མོས་གྲུ་གུག་གིས།། བན་དེའི་སྲོག་རྩ་ཆོད་ལ་བོན་དུ་བསྒྱུར།༽
དེ་ཁྱོད་ཚོར་རྒྱལ་འགོང་དེ་ཡིས་ལུང་བསྟན་ཆོ་འཕྲུལ་བསྟན་པ་ཡིན་རྒྱུ་རེད།
ལྷག་བསམ་པས་བཤད་པ་ནང་བཞིན་བོན་གྱི་གཞུང་ནས་ཡོད་ན་ཁྱེར་ཤོག
གླུ་ལ་གླུ་ལན་ཡོད་ན།།
གླུ་ལན་མགྱོགས་པོར་ཁས་ཤོག།
གླུ་ལ་གླུ་ལན་མེད་ན།།
ཁ་ལྐོག་བཙུམ་ནས་སྡོད་ཞོག
དེ་ཁྱོད་རང་རང་ལ་ཕྱིར་སློག་བྱས་ཡོད་རྩིས་བཞེས་ཞུ།
ཤཱ་ཐུབ་པད་འབྱུང་བསྣོལ་བའི་གདན་ལ་སུ་བཞུགས་དང་མ་བཞུགས་འདོན་རེས་བྱེད་རྒྱུ་ཡིན་ནམ། ད་ཚོད་བྱས་ཏེ་བཤད་ཀྱི་ཡོད། དེ་མིན་བོན་གྱི་གསུང་རབ་གླེགས་བམ་གྱི་སྟེང་དུ་བན་དེའི་བླ་མའི་ཨོང་རྡོ་བཞག་པའི་ལོ་རྒྱུས་ཁྱེར་ཡོང་བ་ཡིན་ན་གང་བཤད་རྒྱུ་ཡིན་ནམ།
ད་དུང་ཆོས་ལུགས་རིས་མེད། ཁ་ཁོག་མི་མཐུན་པ་དེ་རེད།
ཁྲོས་མ་ནག་མོའི་ཆོ་ག་ཟེར་བ་ནི་གསང་སྔགས་རྙིང་མའི་གཞུང་ཞིག་རེད།
བོན་པོར་དེ་འདྲ་ཡོད་པ་མ་རེད། གལ་ཏེ་ཡོད་དུ་ཆུག་ཀྱང་དེ་འདྲ་ཡོད་པ་མ་རེད།
ལུང་དེ་གཉིས་མགྱོགས་པོར་ཁྱེར་ཤོག
མེད་ན་ཁྱེད་རང་ཕམ་པའི་གྲལ་དང་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཅེས་པ་དེ་ཁྱོད་ལ་རྟག་རྟག་ཚང་ཡོད།
གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར།
ལུང་དེ་གཉིས་ཁྱེར་ཤོག
ཁྱོད་ཀྱིས་ང་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོན་པོ་མེར་བསྲེགས་ཆུ་བསྐྱུར་ལུང་ཁྱེར་ཤོག་ཅེས་པར་ལན་བཏབ་ཟིན།
གོང་གི་ལུང་དེ་གཉིས་ཁྱེར་ཤོག མེད་ན་ཁྱོད་ལ་ར྄ྒ྄ྱལ་འགོང་གིས་ལུང་བསྟན་བྱུང་བར་བརྩི་རྒྱུ་ཡིན། ཁྱེད་ཚོས་དེ་འདྲ་རྐྱང་རྐྱང་བྱས་ནས་བོན་པོར་མ་ཉེས་ཁ་གཡོག་བྱས་ཡོད།
ཁྱེད་ཀྱིས་དངུལ་ཐོབ་ན་དྲྭ་རྒྱ་འདིར་ཡོང་གི་ཡིན་ཟེར་ནས་བྲོས་ཐལ་སོང༌།་ གཅིག་བྱེད་ན་ལུང་དེ་གཉིས་འཚོལ་བར་ཕྱིན་པ་ཡིན་རྒྱུ་རེད། མིག་སྟོང་བསྒྲད་ནས་ལྟས་ཀྱང་ཁྱོད་ལ་མི་རྙེད་ཁོ་ཐག་རེད།
རྒྱལ་རོང་གི་ཡུལ་དུ་གོང་མ་ཆན་ལུང་དང་ཐུབ་བཀཱན་ཆོས་ཀྱི་ཉི་མ། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱིས་དམག་དྲངས་པའི་ལོ་རྒྱུས་རྣམས་ད་དུང་ཡུལ་མིའི་ངག་རྒྱུན་དུ་ཡོད་ལ། ཐུབ་བཀཱན་གྱིས་མཛད་པའི་ལྕང་སྐྱའི་རྣམ་ཐར་དུའང་ངོམས་སོའི་ཚུལ་དུ་བྲིས་ཡོད་པ་དེ་རེད། མཐའ་མཇུག་ཏུ་རྒྱལ་རོང་གི་དམག་མི་དང་མི་སེར་ལ་དབྱེ་བ་མེད་སྡིག་གསོད་བྱས་པའི་ལོ་རྒྱུས་སྐྱི་གཡའ་བ་རྣམས་དང་། བོན་པོའི་དགོན་པ་རྣམས་གཏོར་བཤིགས་བྱས་པ་དང་ཤུལ་ཏུ་དགེ་ལུགས་པའི་དགོན་པ་བརྒྱབ་པའི་གནས་ཚུལ་ཡ་ང་བ་རྣམས་རེ་ཞིག་མི་བཤད། ཕྱིས་སུ་དགའ་ལྡན་ཕོ་བྲང་བ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་བོད་སྡེ་བ་གཞུང་ནས་སེ་རའི་དགེ་བཤེས་ཤིག་དང་དེར་རོགས་པ་བོད་དམག་མང་པོ་བཏང་སྟེ་བོན་པོའི་དགོན་པ་ལྷག་མ་རྣམས་ཀྱང་དགེ་ལུགས་པར་བསྒྱུར། བོན་པོའི་བླ་རྒན་ཁ་ཤས་དགོན་པའི་འཆམ་ར་ནས་བསྡད་དེ་ངོ་རྒོལ་བྱས་པར་དགེ་བཤེས་དེས་བཀོད་མངགས་ཀྱིས་དེ་ག་རང་དུ་སྐེ་བཅད་པའི་གནས་ཚུལ་མིག་གིས་མཐོང་མྱོང་བའི་རྒན་འཁོག་འགའ་ཞིག་ཁོ་བོ་བྱིས་པ་ཡིན་པའི་སྐབས་སུའང་ཡོད་ཅིང་དེ་དག་གིས་ལོ་རྒྱུས་འདི་ཚོ་བཤད་སྐབས་མིག་ཆུ་གཏོང་བཞིན་གཏོང་བཞིན་བཤད་ཀྱི་ཡོད་པ་ད་ལྟའང་མིག་ལ་ཤར་ཡོང་གིན་འདུག གཡུང་དྲུང་ལྷ་སྟེང་དགོན་པ་འདི་སྔོན་མ་ཆན་ཐུབ་ལྕང་གསུམ་གྱིས་རྒྱལ་རོང་བཅོམ་སྐབས་དགེ་ལུགས་པར་བསྒྱུར་བ་རེད། རིག་གསར་གྱི་རྗེས་སུ་བོན་པོར་སླར་གསོ་བྱུང་ཡོད། དེ་ཡང་དགོན་པ་འདིའི་མཐའ་འཁོར་གྱི་ཞིང་ཁའི་ནང་ནས་མི་སེར་ཚོས་རྡོ་རིང་ཞིག་རྙེད་པ་དང་། རྡོ་རིང་དེའི་ཐོག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ཏུ་་དགོན་པ་འདི་ཐོག་མར་བོན་པོའི་དགོན་པ་ཡིན་ཚུལ་ད་ནས་བཟུང་དགེ་ལུགས་པའི་དགོན་པར་བསྒྱུར་བ་ཡིན་པའི་ཚིག་དོན་འཁོད་ཡོད་འདུག དེར་བརྟེན་མི་སེར་ཚོ་དང་གྲྭ་འགས་ས་གནས་རྒྱ་ནག་གཞུང་ལ་རྒྱུ་མཚན་བཤད་དེ་དཀའ་ལས་མང་པོ་བརྒྱབ་པའི་མཐར་རྒྱ་གཞུང་གིས་ཆོག་མཆན་འོག་བོན་པོའི་དགོན་པར་གྱུར་བ་དང་ད་ལྟ་དེར་ཨ་མདོ་རྔ་བའི་རྟོགས་ལྡན་དགོན་པའི་བླ་མ་ཞིག་གིས་གཟིགས་སྐྱོང་ཡག་པོ་གནང་བཞིན་ཡོད།
གྲོགས་དམུ་ཐག་གི་བུ་རྒྱུད་ལགས། ཟླ་བ་འདི་ཚོར་ལས་བྲེལ་ཤིན་ཏུ་ཆེ་བས་རྐྱེན་གྱིས་འབྲེལ་བ་བྱེད་ཐུབ་མ་སོང་། འོན་ཀྱང་ངས་གདོང་རིས་ལ་འགྱུར་བ་དེ་ཙམ་མེད། ཅིག་བྱས་ན་ཤ་དོག་ཙམ་རྒྱག་པ་ཆགས་ཡོད་ངེས། ཟླ་བ་གཅིག་གིས་རྗེས་སུ་ལས་ཀ་ཚར་འགྲོ་བས་དེ་དུས་ཁྱོད་ལ་ཐུག་པར་ཡོང་འདོད་ཡོད། ཁྱོད་ཀྱི་ཕུ་བ་བོད་དུ་ཕྱིན་པ་རེད་ཟེར་བ་བདེན་ནམ།
རྒྱ་གར་ན་ཕྱི་པ་དང་ནང་པ། བོད་ན་བན་དེ་བོན་པོ། རྒྱ་ནག་ན་ཧྭ་ཤང་དང་ཧོ་ཤང་། འདི་རྟེན་འབྲེལ་ཞིག་གིས་ཡིན་པར་གསུངས་འདུག ང་ལ་དོགས་པ་གཅིག་ཡོད་པ་ནི་སྟོན་པ་གཤེན་རབ་ག་དུས་ཚོད་ག་དུས་བྱུང་མིན་དང་། གང་དུ་འཁྲུངས་བའི་ས་ཆ་རེད། སྟག་གཟིག་འོལ་མོ་ལུང་རིང་ག་པ་ཡོད་རེད་ཟེར་བ་དེ་ཡིན། གོང་དུ་གཅིག་གིབོན་པོའི་ཤེར་ཕྱིན་ལྟ་བུ་བོན་ཆོས་རྣམས་ནང་ཆོས་ལ་དཔེ་བཤུས་པ་ནང་བཞིན་རེད་ཟེར་མཁན་འདུག ཞིག་ཏུ་ཀློག་མ་མྱོང་། གོང་དུ་གཅིག་གིས་ཚན་རིག་དང་མཐུན་པའི་ལན་ཁུར་ཤོག་ཟེར་གི་འདུག སྟོན་པ་གཤེན་རབ་འདི་ལ་ཚན་རིག་གིས་བརྟག་དཔྱད་བྱ་རྒྱུ་འདུག
སྟོན་པ་གཤེན་རབ་འཁྲུངས་ནས་མི་ལོ་གཅིག་ཁྲི་བརྒྱད་སྟོང་ཕྱིན་ཡོད་པ་རེད་ཅེས་བོན་པོའི་ཡིག་ཆ་ཁག་ཁ་གཅིག་གྲགས་ལྟ་བུ་རེད། འོན་ཀྱང་ཚན་རིག་པ་ཚོས་མ་མཐའ་སུམ་སྟོང་ཕྱིན་ཡོད་པ་ཁས་ལེན་བྱེད་ཀྱིན་འདུག་ཀྱང་ཡ་མཐའ་འདི་རེད་ཅེས་བཤད་ཀྱི་མི་འདུག བོན་པོ་རང་གི་འབྲི་སྟངས་བྱས་ན་སྟག་གཟིག་མ་རེད་རྟག་གཟིགས་རེད། དེ་ཡང་སྟོན་པའི་ཐུགས་རྗེའི་རྟག་ཏུ་གཟིགས་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་རེད། ད་ལྟ་གངས་ཏི་སེར་འབོད་པའི་ས་ཆ་དེར་ངོས་འཛིན་དགོས་པ་ཡིན་མོད། བོན་པོ་མང་པོ་ཞིག་གིས་འདི་ལ་ཁས་ལེན་མི་བྱེད། འོན་ཀྱང་སྟོན་པ་གཤེན་རབ་གྱི་མཛད་རྣམས་ཚང་མར་ གངས་དཀར་ཏི་སེའི་འགྲམ་དང་ཆུ་བོ་བཞི་འདུས་འགོ། ཞེས་གསལ་པོར་བཤད་ཡོད། བོན་པོའི་གཞུང་མང་པོ་ཞིག་ཏུ་ཡོན་ཏན་གྱི་ཡུལ་དབུས་དང་ས་ཚིགས་ཀྱི་ཡུལ་དབུས་གཉིས་སུ་བཤད་པ་དེ་འདིའི་འཁྲུག་རྐྱེན་དུ་གྱུར་འདུག་སྙམ། ཡོན་ཏན་གྱི་ཡུལ་དབུས་ཞེས་པ་དག་ཞིང་ཞིག་ལ་གོ་བ་སྟེ་བན་དེ་རྣམས་ཀྱི་བྱང་ཤམ་བྷ་ལ་ལྟ་བུ་རེད། ཤེར་ཕྱིན་སོགས་ཀྱི་སྐོར་འདི་ཧ་ཅང་མགོ་རྙོག་ཅིག་རེད། བོན་པོས་བཤད་ན་བོན་པོ་ལས་བཤུས་པ་རེད་ཟེར། བན་དེ་ཚོས་བཤད་ན་ཁོང་ཚོ་ལས་བཤུས་པ་རེད་ཟེར། འདི་སྔོན་མ་ནས་ཡོད་པའི་སྐད་ཆ་ཞིག་ཡིན་པ་ལས་དྲྭ་ངོས་འདི་ནས་གསར་དུ་བྱུང་བ་གང་ཡང་མ་རེད། ད་གང་ཡིན་རུང་ང་ཚོས་ཤེར་ཕྱིན་བཅུ་ལས་བཟོད་པའི་ཤེར་ཕྱིན་འདི་ཉམས་སུ་ལེན་དགོས་པ་གལ་ཆེན་རེད་འདུག་གཱ། ཧ་ཧ་ཧ།
གཞོན་ནུ་ཟླ་མེད་ལགས། ཁྱོད་ཀྱིས་བཤད་པའི ༼པད་འབྱུང་ཤྰཀ་ཐུབ་བསྣོལ་བའི་གདན་སྟེང་ན།༽ཟེར་བའི་དཔེ་ཆ་ཞིག་བྱུང་མྱོང་བ་རེད། དེ་རེབ་ཀོང་ནས་བྱུང་བ་རེད། བོན་པོའི་གྲྭ་བ་འགའ་ཞིག་ཁྱིམ་ཚང་ཞིག་ལ་ཞབས་བརྟན་དུ་ཕེབས་སྐབས་སྟག་ལའི་དཔེ་ཆའི་ནང་དུ་འདི་འདྲ་ཞིག་མཐོང་བ་རེད། དེར་ཁྱིམ་བདག་ལ་དཔེ་ཆ་འདིའི་འབྱུང་ཁུངས་དྲིས་པས་བྲིས་པ་ག་གེ་མོར་འབྲི་རུ་བཅུག་པ་ཡིན་ཚུལ་བཤད། མ་དཔེ་གང་དུ་ཡོད་པ་དྲིས་པས་ཁྱིམ་བདག་གིས་མ་དཔེ་བསྟན་པ་ན་ཚིག་འདི་མ་རྙེད་པ་རེད། དེར་ཁོང་ཚོས་བྲིས་པ་ལ་དོགས་པ་ཟོས། བྲིས་པ་ལ་སྐད་ཆ་དྲིས་དུས་མཐར་ཐུག་ས་དགེ་ལུགས་པའི་བླ་མ་ཞིག་ལ་ཐུག་པ་རེད། ཚིག་ཕྱི་མ་(མ་ཅིག་ཁྲོས་མ་ནག་མོས་གྲུ་གུག་གིས།། བན་དེའི་སྲོག་རྩ་ཆོད་ལ་བོན་དུ་བསྒྱུར།།)འདི་དེ་རིང་མ་གཏོགས་གོ་མ་མྱོང་ལ་བོན་པོའི་ལྷའི་ཁྲོད་དུ་ཁྲོས་མ་ནག་མོ་ཟེར་བ་ཞིག་ཡོད་པའང་དེ་རིང་མ་གཏོགས་གོ་མ་མྱོང་། ཅིག་བྱས་ན་བོན་གསར་མའི་ལྷའི་ཁྲོད་དུ་དེ་འདྲ་ཡོད་སྲིད། ཚིག་འདིའང་གོང་གི་ལོ་རྒྱུས་མཚུངས་བ་གོར་མ་ཆག སྤྱིར་ཚིགས་འདི་ལ་ཞིབ་ཏུ་བརྟགས་ན་ལྐུགས་པའི་སྐད་ཆ་ལྟ་བུ་ཞིག་ཀྱང་རེད། བན་དེའི་སྲོག་རྩ་བཅད་ཚར་ན་ཁོའི་རོ་བོན་དུ་བསྒྱུར་རྒྱུ་ཞིག་ཡོད་ན་མ་གཏོགས་ཅི་ཞིག ་བསྒྱུར། འོན་ཀྱང་མི་བན་དེ་ཡིན་ན་རོ་བོན་པོ་ལ་འགྱུར་རྒྱུ་ཞིག་ཨེ་ཡོད། འདི་ཡང་བན་དེ་འགའ་ཞིག་གི་གསར་བཏོད་བྱེད་འདོད་ཡིན་རྒྱུ་རེད།
བོན་པོས་དམར་མཆོད་གཏོང་གི་རེད་ཟེར་ནས་ངས་བཤད་མྱོང་མེད། ངས་གང་ཞིག་ཟེར་གྱིན་ཡོད་ཟེར་ན་བཙན་པོའི་གཞུང་འབྲེལ་གྱི་སྲོལ་རྒྱུན་དད་མོས་དེ་དམར་མཆོད་གཏོང་ཞིང་ཉི་ཟླ་གཟའ་སྐར་ལ་ཕྱག་མཆོད་བྱེད་པའི་སྲོལ་ཞིག་རེད་འདུག་ཟེར་གྱིན་ཡོད། དེ་ཡིན་པ་ང་ཚོ་ཚང་མས་ཡིད་ཆེས་བྱེད་བཞིན་པའི་དབོན་ཞང་རྡོ་རིང་ལས་ཤེས་ཀྱིན་འདུག དེ་བོན་ལུགས་ཡིན་མིན་ངས་གང་ཡང་ཤེས་ཀྱིན་མེད།
དེ་བཞིན་དུ་ཞང་ཞུང་ལ་རྒྱལ་རབས་སྟོབས་ཆེན་ཞིག་བྱུང་བར་དཔང་རྟགས་མི་འདུག་ཟེར་བཞིན་ཡོད། དཔང་རྟགས་ཡོད་ན་སྟོན་དང་། གལ་སྲིད་ང་མི་སྡུག་དྲགས་ནས་ཁས་མ་བླངས་ན་ཡང་གཟུ་བོ་ཚོས་ཁས་ལེན་གི་རེད། དེ་ལ་ཁྱོད་ཚིག་པ་ཟ་དགོས་དོན་མི་འདུག
བན་དེས་ཁྲི་སྲོང་སོགས་ལ་བསྟོད་གླུ་བླངས་པ་དང་བོན་པོས་གླང་དར་ལ་བསྟོད་གླུ་བླངས་པ་འདྲ་གི་མི་འདུག ཁྲི་སྲོང་སོགས་ཀྱིས་བན་དེ་ཚོ་ལ་གསེར་ཕྱེ་ཁུག་མ་ཁུག་མ་བྱས་ནས་སྤྲད་ཡོད་པ་རེད། མི་སུ་ཡིན་ན་ཡང་རྒྱུ་ལ་དགའ་གི་རེད། བོན་ལ་ཀྱག་ཀྱག་བྱས་པ་ཅང་མ་རེད། གལ་སྲིད་དར་མས་བོན་པོ་ཚོ་ལ་རྒྱུ་སྤྲད་ཡོད་ན་ད་ང་ཚོས་བསམ་ཤེས་བྱེད་ཐུབ་ཀྱིན་འདུག ཡིན་ན་ཡང་དར་མས་བོན་ལ་སྒོར་མོ་རྐང་གཅིག་སྤྲད་པའི་ལོ་རྒྱུས་ཁྱོད་ཚོར་བཤད་རྒྱུ་མེད་བཞིན་དུ་དུས་རབས་ཉེར་གཅིག་པ་ཟེར་བའི་འཆམས་མཐུན་དང་ཞི་བདེའི་དུས་རབས་འདིར་ད་དུང་ནུ་བོ་ཚང་ལ་ཀྱག་ཀྱག་བྱས་ནས་དར་མ་ལ་བསྟོད་གླུ་བླངས་བསྡད་ན་ང་ཚོའི་སེམས་པ་ཡ་ཡུས་སྐྱོ་གི་འདུག ང་ཚོས་སྙིང་ནད་འཛིན་གྱི་ཡིན་ཟེར་གྱིན་མེད། འཁོན་ལན་སློག་གི་ཡིན་ཟེར་གྱིན་མེད། ཡིན་ན་ཡང་སེམས་པ་ཕམ་གི་འདུག ཕུ་བོ་བོན་ཚང་ལ་བོད་ཀྱི་རྒྱལ་པོའི་བཀའ་ཆད་ཕོག་སྐབས་ནུ་བོ་བན་དེ་ཚང་གིས་སེམས་གསོ་ཙམ་དུ་མ་ཟད་རོགས་པ་བྱས་འདུག དཔེར་ན་བེ་རོ་ཙྰ་ན་རྒྱལ་རོང་དུ་ཡོང་ནས་བོན་སྤེལ་བའི་ངག་རྒྱུན་ལོ་རྒྱུས་ཤིག་ངས་གོང་དུ་བཤད་ཡོད། བེ་རོ་ཙྰ་ནས་བན་བོན་གཉིས་ཆར་སྤེལ་བ་དེ་བན་དེ་རང་གི་ལོ་རྒྱུས་ན་ཡང་ཡོད་པ་ཞིག་རེད། དགོངས་པ་མ་འཚོམ། དེའི་སྐབས་ན་བེ་རོ་ལས་ལྷག་ཅིག་ནུ་བོ་ཚང་ལ་ཐོན་མཁན་མེད་སོང་བ་རེད། བེ་རོ་ཙཱ་ན་ཨོ་རྒྱན་དངོས་དང་མཉམ༎ ཟེར་ནས་བན་དེ་ཚང་གིས་བསྟོད་གླུ་ལེན་ས་ཞིག་རེད། དྲ་ཐོག་འདི་ན་ཡང་རྒྱལ་རོང་བ་ཡིན་ཟེར་མཁན་འདུག་ག རྒྱལ་རོང་བ་བན་བོན་གཉིས་ཀ་བེ་རོ་ལ་ག་ཚོད་དད་དང་མི་དད་དེ་ཁྱོད་རྒྱལ་རོང་བ་ཚོས་ཤེས་བཞིན་པ་རེད།
ཆོས་ལུགས་བསྒྱུར་མ་བསྒྱུར་ཞིག་བཤད་ཀྱིན་འདུག དེ་གནད་འགག་ཆེན་པོི་གང་ཡང་མ་རེད། ཕུ་བོའི་དངུལ་ཁུག་ནང་གི་སྒོར་རྡོག་ཁ་ཤས་ཤིག་ནུ་བོའི་དངུལ་ཁུག་ནང་དུ་སོང་ན་འདྲ། ནུ་བོའི་དངུལ་ཁུག་ནང་གི་སྒོར་རྡོག་ཁ་ཤས་ཤིག་ཕུ་བོའི་དངུལ་ཁུག་ནང་དུ་སོང་ན་འདྲ། དོན་དུ་དངུལ་དེ་ཁྱིམ་ཚང་དེའི་ནང་དུ་འཁོར་བསྡད་ཡོད་པའི་དཔེ་ལྟ་བུ་ཞིག་རེད། བོན་པོ་བན་དེ་ལ་འགྱུར་སོང་བ་ཡང་ཡོད་རེད། བན་དེ་བོན་ལ་འགྱུར་སོང་བ་ཡང་ཡོད་རེད། ད་ལྟའི་དུས་འདིར་ཡང་བན་དེའི་སྤྲུལ་སྐུ་མཁས་པ་ཆེན་པོ་བོན་ལ་འགྱུར་སོང་བ་ཡང་མང་པོ་ཡོད་རེད། དཔེར་ན་ཆོས་རྒྱལ་སྤྲུལ་སྐུ་ནམ་མཁའི་ནོར་བུ་ལྟ་བུ་རེད། ཁོང་གི་ཁྱིམ་རྒྱུད་དང་བླ་རྒྱུད་སྐྱེ་ཕྲེང་ཚང་མ་བན་དེ་རེད། ཡིན་ན་ཡང་ད་ལྟ་ཁོང་བོན་སྐོར་ལ་དད་མོས་ག་ཚོད་ཆེ་བ་ང་ཚོས་ཤེས་བཞིན་པ་རེད། དེ་ཡིན་དང་ཡིན། ཡག་པོ་རེད། རྗེས་སུ་ཡི་རངས་ཞུ་དགོས་པ་རེད། ཁོ་རང་ཚོའི་འདོད་མོས་ལ་མཐུན་འགྱུར་ཞུ་དགོས་པ་རེད།
མན་ཇུས་རྒྱལ་རོང་དབང་དུ་བསྡུས་ནས་བོན་བསྣུབས་པ་དེ་བན་དེ་ཚང་མའི་མགོར་སྦྱར་རྒྱུ་མི་འདུག རྒྱལ་རོང་ཁོགས་སུ་རྙིང་མ་སོགས་མདོར་ན་སྔར་ཡོད་ཚང་མ་བསྣུབས་འདུག གཅིག་བྱས་ན་བོན་པོ་ཁ་ཤས་རེས་མན་ཇུ་ལ་ངོ་རྒོལ་འདྲ་བྱས་པའི་རྐྱེན་འདྲ་བྱས་ཡོད་མེད་ཀྱང་སུས་ཤེས། མན་ཇུ་གོང་མ་ཟེར་བ་དེ་ཆབ་སྲིད་པ་གདུབ་རྩུབ་ཅན་ཞིག་རེད་མ་གཏོགས་བན་དེ་ཞིག་ཅང་མ་རེད། བན་དེའི་ཁྲོད་ན་མན་ཇུ་གོང་མ་ལ་འཇམ་དབྱངས་གོང་མ་ཟེར་ནས་བསྟོད་གླུ་ལེན་མཁན་རེ་ཟུང་བྱུང་མྱོང་བ་རེད། ཁོ་ཚོ་ལ་ཁག་མི་འདུག ཁོ་ཚོ་ལ་མན་ཇུའི་གོང་མས་དངུལ་སྤྲད་པ་རེད། དངུལ་རག་མཁན་ཚོས་བསྟོད་གླུ་བླངས་ན་དངུལ་ལ་དགའ་ནས་བསྟོད་གླུ་བླངས་པ་མ་གཏོགས་བོན་ལ་མ་དགའ་ནས་བསྟོད་གླུ་བླངས་པ་ཅང་མ་རེད། ལྷག་པར་ཡང་༡༩༠༠ཚུན་ཆོད་ནས་བན་དེ་ཚང་གི་མིག་ངོ་ན་མན་ཇུ་གོང་མ་ཟེར་དུས་མིག་ནང་གི་གྲ་མ་དང་རྐང་འོག་གི་ཚེར་མ་རེད། བསྟོད་གླུ་ལེན་མཁན་སུ་གཅིག་མི་འདུག དགའ་ལྡན་ཕོ་བྲང་པས་ཆོས་ལུགས་བསྒྱུར་མ་བསྒྱུར་ཟེར་བ་དེ་བན་བོན་བར་གྱི་འགལ་བ་ཞིག་ལ་བརྩིས་ན་ནོར་འཁྲུལ་རེད། དགའ་ལྡན་ཕོ་བྲང་གིས་སེ་ར་དགོན་པའི་སྟེང་ལ་ཡང་མེ་སྒྱོགས་ག་ཚོད་དགོས་དགོས་འཕངས་པ་རེད། བོན་པོའི་སྟེང་ལ་མེ་སྒྱོགས་འཕངས་པ་ཁྱོད་ཚོར་བཤད་རྒྱུ་ཡོད་དམ། ༼ཀུ་རེ་ཞིག་བཤད་ན་འདི་འདྲ་རེད། བན་བོན་གཉིས་ཀས་མཚམས་མཚམས་ལ་གཏོར་མ་རེ་འཕེན་རེས་བྱས་ཡོད་འགྲོ། གཏོར་མ་ནི་རྩམ་པ་རེད། ན་གི་མ་རེད་ལ་ཚ་གི་མ་རེད། མདོར་ན་བན་བོན་གཉིས་ཀའི་འགྲན་བསྡུར་དེ་གཏོར་མ་འཕེན་རེས་ཙམ་ཞིག་རེད། གཏོར་མ་འཕེན་རེས་ཞེས་པ་དེ་སྐབས་དེའི་ཆོས་ལུགས་པ་ཁ་ཤས་རེའི་རྩེད་མོ་རྩེད་སྟངས་ཤིག་རེད། གཏོར་མ་འཕངས་ནས་བསད་པའི་ལོ་རྒྱུས་མེད་པ་མ་ཟད་རྨས་པའི་ལོ་རྒྱུུས་ཡང་མེད། དེ་དུས་རབས་ཉེར་གཅིག་པའི་ནང་ལ་དྲུད་ཡོང་འོས་པ་ཞིག་ཅང་མ་རེད། ༽ དགའ་ལྡན་པོ་བྲང་པ་མཚམས་མཚམས་ལ་སོག་པོའི་དབང་འོག་ཏུ་ཤོར་ནས་རྡོར་སྨིན་དཔལ་གསུམ་སོགས་ཀྱང་ཤུལ་མེད་བཟོས་ནས་སློབ་དཔོན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཚང་མའི་སྒོ་འདགས་ཞལ་བྱས་པ་རེད། ཀརྨ་བཀའ་རྒྱུད་པའི་ཕྱོགས་གཏོགས་ཀོང་པོ་ཀར་སྲིད་པའི་ཁྲི་དམག་སྦུབ་པ་རེད དེ་ཚོ་གནས་སྐབས་གནས་སྐབས་ཀྱི་དབང་འཛིན་པ་ཚོས་ཆོས་ལུགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་སྟངས་ལས་ཆོས་ལུགས་ཕན་ཚུན་བར་གྱི་འགལ་བ་ཞིག་ཅང་མ་རེད། ཡ་ད་ཅིག་ཤོད་ཤོག་ད།
པད་འབྱུང་ཤཱག་ཐུབ་ཀྱི་སྟེང་དུ་སྟག་ལྷ་བུད་ན་ཡང་འདྲ། སྟག་ལྷའི་སྟེང་ལ་པད་འབྱུང་ཤཀཱ་ཐུབ་བུད་ན་ཡང་འདྲ། དེ་གནད་འགག་ཆེན་པོ་གང་ཡང་མ་རེད། བཟའ་ཚང་ཞིག་ཡིན་ན་ཡང་མཚམས་མཚམས་ལ་སྐྱེས་དམན་གྱི་སྟེང་ལ་ཁྱོ་ག་འཛེགས་གི་རེད། མཚམས་མཚམས་ལ་ཁྱོ་གའི་སྟེང་ལ་སྐྱེས་དམན་འཛེགས་གི་རེད། དེ་ལ་ང་ཚོས་སེམས་ཁྲལ་བྱེད་ག་ལ་དགོས། མ་གཞི་དེ་ཚོ་ལ་བཤད་རིན་ཞིག་མི་འདུག
ལྡོག་ཕྱོགས་ཀྱི་དྲི་ལན་བསྐྱོན་གནང་མཁན་ཚོ་ལ།
སྤྱིར་ཕ་ནོར་གཡུང་དྲུང་བོན་ལ་ཉམ་ཉེས་བསབ་ཏུ་མེད་པ་ཞིག་སྔར་ནས་ཕོག་མྱོང་དེ་ཡང་བན་དེ་ཚོའི་རྐྱེན་རེད་ཅེས་གསལ་ཐང་གིས་ཞུ་ཕོད། དེ་དག་གི་རྒྱུད་དང་རྒྱུན་ད་དུང་ཡང་ཆད་མེད་དུ་ཡོད་པ་དྲ་ཐོག་འདིར་ཞིབ་དང་གསལ་རྐྱང་རེད། དེ་མིན་བོན་སྒོ་འདོན་ཐེངས་བཅོ་བརྒྱད་པའི་སྟེང་དུ་བཀོད་ཡོད་པ་ལྟར་ན། ཆོས་འབྱུང་ཁག་ཏུ་གསལ་བ་རྣམས་ཞལ་གསལ་དུ་དྲངས་ཡོད་པ་ནི། སྲོང་བཙན་སྒམ་པོས་བོན་རྣམས་དྲག་ཐབས་ཀྱིས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་དང་སྟོད་ལུང་ལྷ་ས་སོགས་སུ་མགོ་ཡི་ར་བ་དང༌། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་ནས་སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མིག་འབྲུ་དུག་སྟེར་གྱི་ཆོས་ཁྲིམས་བཅས། ཆོས་རྒྱལ་མེས་དབོན་རྣམ་གསུམ་བོད་ལ་སྐུ་དྲིན་ཆེ་རབས་འདི་འདྲ་ཡིན།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྐོར་གསུམ་གྱི་བོན་པོ་ཐམས་ཅད་བསྡུས་ཏེ་གསོན་པོར་བསྲེགས། ཐུབ་བསྟན་ཕྱི་དར་གྱི་དབུ་འཁྱུད་ཀྱང་དམར་པོར་བསྐྲུན། ཆོས་རྒྱལ་འཕགས་པས་སེ་ཆེན་དང་སྦྲེལ་ནས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་རྣམས་བཙན་བསྒྱུར་བྱས། ཉང་དཔོན་དང་ཏཱ་དབོན་གཉིས་ལ་རྨ་ཆེན་རི་རྒྱུད་ཀྱི་བོན་རྣམས་བསྒྱུར་བར་བསྐུལ།
ཙོང་ཁ་པས་ཝང་གྲགས་རྒྱན་གྱི་རྒྱབ་དཔུང་ལ་བརྟེན་ནས་དབང་པོ་རིའི་བོན་དགོན་གཏོར་ཏེ་དགེ་ལུགས་པའི་དགོན་གནས་ཐོག་མ་དགའ་ལྡན་བཏབ། དགེ་བོན་དབར་གྱི་རྟེན་འབྲེལ་འཆུག དངོས་སློབ་ཚ་ཁོ་ངག་གྲགས་ཀྱིས་རྒྱལ་རོང་བོན་གནས་ཁག་ཏུ་གཏོར་བསྒྱུར་དང་གསར་བཞེངས་ཅི་རིགས་ཀྱིས་དགེ་དགོན་བརྒྱ་དང་རྩ་བརྒྱད་བཏབ་སྟེ་བོན་འབངས་སྡུག་ལ་སྦྱར། རྒྱལ་དབང་ལྔ་པས་གུ་ཤྲི་ཁང་དང་མཆོད་ཡོན་སྦྲེལ་ནས་བོན་སྐྱོང་བེ་རི་རྒྱལ་པོ་སྲོག་ཐོག་བཏང་ཞིང་ཁམས་བོན་ཕལ་ཆེར་བསྒྱུར། སོག་དམག་གིས་འབྲོ་རྫོང་གཙོས་པའི་སེར་ཚའི་བོན་དགོན་བཞི་དང༌། ཆབ་མདོ་བོན་དགོན། སོག་སྡེ་གཡུང་དྲུང་གླིང་སོགས་གཏོར་ཤུལ་དགའ་ལྡན་མིང་ཅན་གྱི་དགེ་དགོན་རེ་བཞེངས། གཙང་གི་བྲུ་སྲས་པཎ་ཆེན་བློ་ཆོས་ཀྱི་ཡང་སྲིད་ཡིན་པར་བཙན་བཀའ་དབབ་སྟེ་བོན་རྣམས་བསྒྱུར་ཐབས་བཀོད། ཕྱིས་དགེ་གཞུང་གིས་པཎ་ཆེན་བསྟན་དབང་ཡང་དེ་ནས་ངོས་འཛིན་གྱིས་བྲུ་རྒྱུད་བཅད་སྟེ་འཁྲུངས་གཞིས་ཉེ་འཁོར་དང་བཅས་པ་བཀྲ་ཤིས་ལྷུན་པོར་ཕུལ། རྒྱལ་དབང་བརྒྱད་པ་ཐོབ་རྒྱལ་ནས་ངོས་འཛིན་སོགས་སྤྲུལ་སྐུའི་ཆབ་སྲིད་ལ་བརྟེན་ནས་བོན་གྱི་གཞིས་ཀ་བསྒྱུར་རབས་མང༌། ལྕང་སྐྱའི་ཇུས་བཀོད་འོག་མན་ཇུས་རབ་བརྟན་རྒྱལ་པོ་སྐུ་འཁོར་བཀུམ་སྟེ་གཡུང་དྲུང་ལྷ་སྟེང་བསྒྱུར། ཅོག་ཙེའི་རྒྱལ་སྲས་དགའ་ལྡན་ཁྲི་ཐོག་དོན་བཞི་པའི་སྤྲུལ་སྐུར་ངོས་འཛིན་བྱས་པ་དེས་ཀྱང་ཅོག་ཙེའི་བོན་དགོན་མཐའ་དག་བསྒྱུར། དེ་རྗེས་སྡེ་གཞུང་དམག་དཔོན་རྟ་ནག་གིས་ཀ་ལེགས་བོན་དགོན་མེ་རུ་བསྲེགས། བསྒྱུར་དུ་མི་ཉན་པའི་བོན་པོ་སྟོང་ཕྲག་དམར་གསོད་བཏང༌། ད་དུང་སྡེ་གཞུང་གི་རྒྱབ་དཔུང་ཅན་ཕ་བོང་ཁ་པས་ཁམས་ཕྱོགས་དང༌། གྲོ་མོ་དགེ་བཤེས་ཀྱིས་གྲོ་མོའི་བོན་སྡེ་རྣམས་ལ་སྡང་རབས་གྲངས་ལས་འདས།
མདོར་ན་ཆོས་རྒྱལ་དང་བླ་མར་གྲགས་པའི་རང་མི་དག་གིས་ཐ་ན་སོག་པོ་དང་རྒྱ་ནག་ལའང་ལག་སྦྲེལ་གྱིས་ང་ཚོ་བོན་པོ་རྣམས་རང་ཁྱིམ་ལས་ཕྱི་རུ་འཕུད་འགོ་བཙུགས་ནས་ད་བར་མི་ལོ་སྟོང་ཕྲག་འདས་པའི་རིང་ལུས་སེམས་མནར་མེད་དུ་མྱང་བའི་སྡུག་བསྔལ་ཡོད་ཚད་ང་ཚོས་བྱང་ཁོག་ཏུ་སྦས་ཏེ་གསང་རྒྱར་བཏབ་ཀྱང༌། ད་རུང་གཞན་ཡུལ་ནས་ཀྱང་ཁོ་ཚོས་ངེད་རྣམས་ཕྱི་མིར་བསྙད་དེ་སླར་ཡང་འཕུད་འགོ་འཛུགས་པར་བརྟེན་བཟོད་པའི་མཐའ་ལ་ལྷུང་བའི་བོན་འབངས་དག་གིས་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཉིད་དེ་རིང་འདི་ནས་མི་འགྲོལ་ཐབས་མེད་དུ་གྱུར་རབས་སོགས་ནན་ཏིག་ཏིག་གིས་བཤད་ཡོད་པ་རྣམས་ལ་གཟིགས་དང་། མ་འདོད་པ་དང་ཁས་ལེན་མེད་ན་བལྟ་རྒྱ་དང་ཐོས་རྒྱ་མེད་པའི་རྟགས་རེད། དེ་དག་འདྲེན་སའི་ཆོས་འབྱུང་ཀུན་ཀ་བན་དེའི་རེད། ཡིད་མ་ཆེས་ན་ཚུལ་གསུམ་རིགས་པའི་ལམ་ནས་དཔེ་ཁུངས་དང་གསལ་བཤད་རེ་རེ་བཞིན་ངོ་སྤྲོད་ཞུས་རྒྱུ་ཡིན་པས། དེ་དུས་ཚཱ་དང་འཁོར་གསུམ་འབྲུག་སྐད་བཞིན་ལྡིར་རྒྱུ་ཡིན་པས། གདོང་པ་མཚལ་རྐོང་ཁ་ཕྱེ་པ་ནང་བཞིན་ཆགས་ན་སྡུག་གྱོང་ཡིན་དཱ
xxxxxx
འདས་ཟིན་པའི་ལོ་རྒྱུས་དེ་དག་དྲངས་ནས་ང་ཚོས་འཁོན་འཛིན་དང་རུ་འཛིང་བྱེད་མི་ཉན། འོན་ཀྱང་འདས་ཟིན་པའི་ལོ་རྒྱུས་དག་ཀླགས་ནས་དེའི་སྐབས་རྙོག་འཛིང་དག་ལས་ང་ཚོས་ཉམས་མྱོང་གི་སླབ་བྱ་ལེན་ཐུབ་པ་བྱས་ཏེ་མ་འོངས་དང་ད་ལྟར་མཐུན་འབྲེལ་གྱི་ལམ་བུར་བསྐྱོད་དགོས་པ་དེ་གལ་ཆེ་བར་བསམ། གཞན་སྐྱག་པ་མངོགས་ན་དྲི་མ་ཆེ་རོགས་ལས་ཕན་ཐོགས་མེད། བོད་ཀྱི་བོན་བན་གཉིས་ནི་ཕར་ཤུས་ཚུར་ཤུས་བྱས་པ་ཀྱང་ཀྱང་རེད། དེ་ཡང་ད་ཡོད་བོན་ཕྱོགས་ཀྱི་གཞུང་དང་བྱེད་ཕྱོགས་གང་ས་ཅི་ཐད་ནས་བན་དེའི་ཤུགས་རྐྱེན་ཐེབས་ཡོད་ལ། དེ་བཞིན་བོད་ཀྱི་ནང་ཆོས་བསམ་བན་དེ་ལའང་བོན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འཛམ་བུ་གླིང་པས་ཤེས་བཞིན་པ་རེད། ཕལ་ཆེར་བན་ཕྱོགས་ཀྱི་ཆོས་གཞུང་དང་བྱེད་སྒོ་སོགས་བརྒྱ་ཆ་ལྔ་བཅུ་ཙམ་བོན་ནས་སླེབ་པ་ཤ་སྟག་རེད། རྒྱུ་ཚན་དེ་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་སྟོན་པ་ཤཱཀྱའི་རྗེས་འཛིན་པ་ཚོས་བོད་ཀྱི་ནང་བསྟན་ལ་ནང་བསྟན་ཡང་དག་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ཁོ་ཚོས་བོད་ཀྱི་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་བཤད་ཀྱི་ཡོད། དེ་ཡིན་དུས་ནང་བསྟན་བོད་དུ་དར་བ་དེ་བོད་རང་ལ་ཆོས་ལུགས་དང་རིག་གཞུང་ལེགས་པོ་ཞིག་མེད་པའི་རྒྱུ་མཚན་ལས་ནང་བསྟན་བོད་དུ་དར་བ་མ་རེད། ནང་བསྟན་བོད་དུ་དར་བ་ནི་ཆབ་སྲིད་ཀྱི་བསླུ་འཁྲིད་དང་ཐབས་ཇུས་ཞིག་རེད།
སྤོབས་བ྄ྲལ་ས྄ྤོབས་པ་མཐའ་ཡས་ལགས།
1༼བོན་པོས་དམར་མཆོད་གཏོང་གི་རེད་ཟེར་ནས་ངས་བཤད་མྱོང་མེད། ༽
ད་ཁྱོད་ཀྱིས་སྨྱོ་ལབ་རྒྱབ་ཀྱིན་ཡོད་དམ། རྐུན་མ་ཧམ་ཆེན་གྱིས་མི་གསོད། ཅེས་ངས་སྔར་དཔེ་དེ་དྲངས་ཟིན་ཡིན། ལྟོས་དང་ཁྱོད་ཀྱིས་བོན་པོས་དམར་མཆོད་གཏོང་གི་རེད་ཟེར་ནས་བཤད་མྱོང་མེད་ཟེར། ཁྱོད་ཀྱིས་ལག་གིས་བྲིས་པའི་མཆན་154་ལས་བཤུས་པ་འདིར་ལྟོས།
༼སྔར་ཡོད་སྲོལ་རྒྱུན་ཆོས་ལུགས་ཀྱི་དམར་མཆོད་དེ་ག་རང་བྱེད་དགོས་ཀྱིན་འདུག༽
དེ་ཁྱོད་ཀྱིས་བྲིས་པ་མིན་ནམ། ཡང་ན་སྔར་ཡོད་སྲོལ་རྒྱུན་ཆོས་ལུགས་དེ་བོན་ལ་བཤད་པ་མིན་ན་གང་ལ་བཤད་ཀྱི་ཡོད། ལན་ཐོབ།
ལ་སྟོད་གངས་སེང་དཀར་མོ།
རྒྱ་ཐང་ཡུལ་དུ་བབས་ནས།
སྤུ་མེད་གཅེར་བུ་མ་ཧེ།
འདུལ་བའི་དུས་ལ་བབས་སོང༌།
ངལ་གསོའི་གཏམ་མོ།
2༼བན་དེས་ཁྲི་སྲོང་སོགས་ལ་བསྟོད་གླུ་བླངས་པ་དང་བོན་པོས་གླང་དར་ལ་བསྟོད་གླུ་བླངས་པ་འདྲ་གི་མི་འདུག༽
ངས་སྔར་དཔེ་ཞིག་དྲངས་ཡོད། ཕྱུག་པོས་ཁྲབ་ཚད་ཞབས་བྲོ་དང༌། སྤྲང་པོས་ཁྲབ་ཚད་ཐལ་སློང༌། བཤད་ཚར་ཡིན། ད་རྟག་རྟག་གནས་མི་འདུག་གམ། མ་གཞི་ནས་བོན་པོས་གླང་དར་ལ་སྟོད་གླུ་བླངས་པ་མེད། གལ་ཏེ་ཁྱོད་ཀྱིས་མཐོང་པའི་བོན་པོས་གླང་དར་ལ་བསྟོད་གླུ་བླངས་པ་ཡོད་ཚེ་གོང་གི་དཔེ་དེ་ཁྱེད་ལ་མཆོད་པ་ཕུལ་བ་ཡིན།
3༼ཁྲི་སྲོང་སོགས་ཀྱིས་བན་དེ་ཚོ་ལ་གསེར་ཕྱེ་ཁུག་མ་ཁུག་མ་བྱས་ནས་སྤྲད་ཡོད་པ་རེད། མི་སུ་ཡིན་ན་ཡང་རྒྱུ་ལ་དགའ་གི་རེད།༽
ཁྲི་སྲོང་སོགས་ཀྱིས་བན་དེ་ཚོ་ལ་གསེར་ཕྱེ་ཁུག་མ་ཁུག་མ་བྱས་ནས་སྤྲད་ཡོད་པ་རེད། དེ་ཁྱོད་ལོས་བདེན་སྤྲད་བདེན་རེད། དེ་དག་ཁྱོད་ཀྱི་ངོམས་རྒྱུ་ཞིག་མ་རེད།
རྒྱུ་མཚན་དེ་ལ་བརྟེན་ནས་གླང་དར་གྱིས་འདུལ་བསྟན་བསྣུབས་པ་རེད། གཞུང་གི་གསེར་དང་དངུལ་གཞུང་ནོར་བརྒྱ་ཆ་དགུ་བཅུ་བན་དེར་འགྲོ་སོང་བཏངས་ནས་གཞུང་འབངས་སྤྲང་པོ་སྤྲང་ནག་ཆགས་ཏེ་ད་ལྟའི་གནས་ཚུལ་ཁ་ཆག་སྣ་རལ་ཐབས་སྡུག་དེ་བྱུང་བ་རེད། གཞུང་ནོར་སྒེར་ཆོས་ལ་བཏངས་པ་འདི་ཁྲི་སྲོང་ད་ལྟའི་དུས་སུ་ཡོད་ན་ལྕགས་ཚན་སྟོང་ཕྲག་བརྒྱབ་སྟེ་ཚེ་བཙོན་དུ་འཇུག་རྒྱུའི་ནག་ཉེས་ཅན་གྱི་མི་ཞིག་རེད།
ད་དུང་ངོམས་རྒྱུ་འདྲ་འདུག་གམ། ་དེ་ཁྱོད་ཀྱིས་གཞན་ག྄ྱི་མིག་མངར་ངོམས་ཚུལ་ཞིག་མ་རེད་མངོན་བློའི་རྒྱལ་མཚན་འཕྱར་བ་རེད། གསང་བ་བྱེད་དགོས། བོད་རིགས་གཞོན་ནུ་ཚོས་དེ་ལྟར་གོ་ཚེ་ཁྱོད་ཀྱི་ཁ་ལ་ཐལ་པ་འདེབས་ངེས་མ་ཟད། སྔར་གྱི་བོད་རྒྱལ་དེ་དག་ལ་སྙིང་ཚིམས་ཀྱང་སྡིག་ངེས་རེད། རྒྱ་ནག་གིས་1959་ཡས་མས་སུ་བོད་ལ་དངུལ་ཀྲམ་ཁུག་མ་དང་ཁུག་མ་བྱས་ཏེ་སྤྲད་ཡོད་པས་ད་ཁྱོད་ལྟར་ན་བཟའ་རྒྱུར་དགའ་བའི་སྤྲེལ་ཕྲུག་ཁྱོད་རྒྱ་ནག་ལ་རྔ་མ་གཡུག་བཞིན་འཛམ་གླིང་མི་མང་གི་མདུན་སར་རྒྱ་ནག་ལ་དར་འཕྱར་དུང་འབུད་ཀྱིས་དགའ་བའི་གླུ་བླངས། སྐྱིད་པའི་བྲོ་འཁྲབ་ཀྱིས་ཐུགས་རྗེ་ལེགས་འབུལ་གྱིས་བསྟོད་པ་ཕུལ་རོགས།
དེ་ཁྱོད་ཀྱི་འདུན་པ་རེད།
4༼ཕུ་བོ་བོན་ཚང་ལ་བོད་ཀྱི་རྒྱལ་པོའི་བཀའ་ཆད་ཕོག་སྐབས་ནུ་བོ་བན་དེ་ཚང་གིས་སེམས་གསོ་ཙམ་དུ་མ་ཟད་རོགས་པ་བྱས་འདུག དཔེར་ན་བེ་རོ་ཙྰ་ན་རྒྱལ་རོང་དུ་ཡོང་ནས་བོན་སྤེལ་བའི་ངག་རྒྱུན་ལོ་རྒྱུས་ཤིག་ངས་གོང་དུ་བཤད་ཡོད། བེ་རོ་ཙྰ་ནས་བན་བོན་གཉིས་ཆར་སྤེལ་བ་དེ་བན་དེ་རང་གི་ལོ་རྒྱུས་ན་ཡང་ཡོད་པ་ཞིག་རེད། དགོངས་པ་མ་འཚོམ། དེའི་སྐབས་ན་བེ་རོ་ལས་ལྷག་ཅིག་ནུ་བོ་ཚང་ལ་ཐོན་མཁན་མེད་སོང་བ་རེད། ༽
ནུ་བོ་བན་དེ་ཚང་རྒྱ་གར་ཚ་བའི་རོང་ནས་བོད་ཧི་མ་ལ་ཡར་གཞིས་གསར་པ་ཆགས་དུས་ཕུ་བོ་བོན་པོ་ཚང་གིས་སེམས་གསོ་ཙམ་དུ་མ་ཟད་རོགས་པ་བྱས་འདུག
དཔེར་ན། དྲན་པ་ནམ་མཁའ་བསམ་ཡས་སུ་ནན་བན་དུ་བཞུགས་པའི་ཚེ་བོན་གྱི་གསུང་རབས་མང་པོ་བན་དེར་བསྒྱུར་རོགས་བྱས་པ་མ་ཟད། བན་དེར་གདམས་ཁྲིད་ཀྱང་མང་པོ་བྱས་འདུག
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། བདག་ཀྱང་རྗེས་སུ་འབྲེང་ནི་མ་ནུས། མི་ལུས་གཙང་མ་ཐོབ་དུས་འདིར། སྲོག་ལ་ཆགས་པས་གུམ་ནི་མ་ནུས་སོ།
ད་ང་ཡང་བན་རྡེ་བྱེད་ཟེར་ནས། རང་གི་གཤང་སྤྱི་བོར་ཐང་གསུམ་བསྐྲོལ་སྟེ། ད་ཡང་སྤང་བར་བྱ་བོ་འཕྲུལ་ངག་བདེན་པའི་བོན། དེ་སྐད་ཟེར་ནས། གཤང་ཡང་བསྐུངས། བན་དེའི་དྲིལ་འུ་ལག་ཏུ་བླངས་ནས། བླང་ངོ་བླང་པར་བྱའོ་དམ་པའི་ཆོས། དེ་སྐད་གསུངས་ནས་སྨིན་མའི་མཚམས་སུ་ཐང་གསུམ་བསྒྲག་པས། རང་གི་རུམ་ནས་གྲི་ཕྱུངས་པས། ཉིད་ཀྱི་ལྟག་སྐྲ་ཉིད་ཀྱིས་བྲག་པས། དཀྱིལ་འཁོར་སྟེང་དུ་བསྐུར་ཏེ་བཞག བྲན་ཀ་དཔལ་ཆེན་པོར་མཚན་ཀྱང་གསོལ།
དེར་དགུང་ལོ་སུམ་བཅུ་རྩ་ཅིག་དུ་བོན་ནུབ་པས། སུམ་ཅུ་རྩ་གསུམ་བར་དུ་ཆོས་བསླབས་
དེར་ཆོས་ལ་མཁས་པའི་བླར་ཕྱུངས་པས། ཆོས་ཀྱི་མཚན་ནི་བྲན་ཀ་དཔལ་ཆེན་པོར་བཏགས་སོ། བན་དེ་རྣམས་ཀྱི་གྲལ་གྱི་གོང་ལ་བཞག་ནས། དམ་འཆ་བ་དང༌། ཁྲིམས་བླང་པ་དང༌། རྗེ་ཡི་གྲལ་གོང་གནང་ངོ།
ལྟོས་དང་ངས་ལུང་ཀྱང་དྲངས་ཡོད།
དེ་དུས་ནུ་བོ་ཚང་ལ་དེ་ལས་ལྷག་པའི་མཁས་པ་ཞིག་ཡོད་ས་མ་རེད།
དྲན་པ་ནམ་མཁའ་ནི་བན་དེ་དང་བོན་པོ་གཉིས་ཀས་བརྩིགས་མཐོང་ཆེན་པོ་བྱེད་ཀྱི་ཡོད།
ད་ཁྱོད་ལ་ཅི་བཤད་རྒྱུ་ཡོད།
5༼ཆོས་ལུགས་བསྒྱུར་མ་བསྒྱུར་ཞིག་བཤད་ཀྱིན་འདུག དེ་གནད་འགག་ཆེན་པོི་གང་ཡང་མ་རེད།༽
དེ་གནད་འགག་ཆེན་པོ་རེད། སོ་སོའི་ཕ་མྱེས་ཀྱི་ཆོས་དང་རིགས་གཞུང་ཞེས་ང་ཚོའི་ཁ་ལ་རླུང་ལྟར་གྲགས་ཀྱིན་མི་འདུག་གམ། གནད་འགག་ཆེན་པོ་མིན་ན་གང་གིས་ཕྱིར་བསྒྲག་དགོས་ཆགས་པ་རེད།
ཁྱོད་ལ་གནད་འགག་ཆེན་པོ་ཡིན་རྒྱུ་མ་རེད། ཁ྄ྱོད་ནི་བཟའ་རྒྱུ་དངུལ་ཞིག་བྱུང་ན་དེ་ཡིས་འགྲིག་ཚུལ་བཤད་སོང་།
སོ་སོའི་ཕ་མྱེས་ཀྱི་ཆོས་རིགས་དེ་དག་བན་དེར་བསྒྱུར་རྒྱུ་ཡོད་ན་མེད་ན་བསྒྱུར་ཟིན་པ་རེད། ད་ལྟའི་བོན་པོ་འདི་ཚོ་ནི་དཔའ་བོའི་ནང་ནས་དཔའ་བོ་རེད། སོ་སོའི་ཕ་མྱེས་ཀྱི་ཆོས་རིགས་མི་ལོ་སྟོང་ཕྲག་མང་པོའི་རིང་ཨང་གསར་མ་བྱས་ནས་གནས་ཐུབ་པ་བྱུང་བ་འདི་ཁོང་ཚོས་བཀའ་དྲིན་རེད།
དགའ་བའི་གླུ་ལེན་སྐྱིད་པའི་བྲོ་འཁྲབ་དགོས་པ་ཞིག་རེད།
བོད་སྐྱོངས་ལྷ་བསྲུང་རྣམས་ཀྱིས་མྱེས་པོ་སྲིད་པའི་རང་མི་རིགས་ཀྱི་ཆོས་རིགས་སྐྱོང་རྒྱུར་ཡིད་ཆེས་ཡོད། སྔར་གྱི་བོན་གཤེན་རིག་འཛིན་རྣམས་ཀྱིས་ལུང་དུ་བསྟན་པ་དག་འདིར་བཤད་ན་ཕུ་བོ་ཕུ་མོ་ར྄ྣམས་སྙིང་རྩ་ཆད་འགྲོ་ངེས་ཞིག་འདུག
6༼ད་ལྟའི་དུས་འདིར་ཡང་བན་དེའི་སྤྲུལ་སྐུ་མཁས་པ་ཆེན་པོ་བོན་ལ་འགྱུར་སོང་བ་ཡང་མང་པོ་ཡོད་རེད། དཔེར་ན་ཆོས་རྒྱལ་སྤྲུལ་སྐུ་ནམ་མཁའི་ནོར་བུ་ལྟ་བུ་རེད། ཁོང་གི་ཁྱིམ་རྒྱུད་དང་བླ་རྒྱུད་སྐྱེ་ཕྲེང་ཚང་མ་བན་དེ་རེད། ཡིན་ན་ཡང་ད་ལྟ་ཁོང་བོན་སྐོར་ལ་དད་མོས་ག་ཚོད་ཆེ་བ་ང་ཚོས་ཤེས་བཞིན་པ་རེད།༽
ཁྱོད་ཀྱིས་ནམ་མཁར་མི་ཤོང་པའི་རྫུན་ཆེན་པོ་བཤད་ཡོང་གི་འདུག
ནམ་མཁའི་ནོར་བུ་བོན་པོ་སུས་རེད་ཅེས་བཤད་བྱུང༌། ཁོང་སྐུ་འཚོ་བཞུགས་སུ་ཡོད་པས་དྲི་བ་འད྄ྲི་རོགས། དེ་མིན་རྙིང་མའི་ཆོས་རྒྱུད་འཛིན་མཁན་གནམ་གྱིས་ས་བཀབ་པ་ནང་བཞིན་ཡོད་པས་ཁོང་ཚོར་འདྲི་རོགས། ནམ་མཁའི་ནོར་བུ་བོན་པོ་རྟགས་ལོ་དགུ་ལ་མ་གྲུབ།
དཔེ་གཅིག་བཞག་པ་དེ་དཔེ་རུ་མ་འགྲོ་བས་སྡུག་གྱོང་རེད།་ད་དུང་ལོ་རྒྱུས་བཤད་མདོག་བྱེད་ཀྱི་འདུག ཁ་བཙུམ་ན་བསྟན་པ་ལ་ཕན་ཐོགས་ཟེར་བའི་དཔེ་དེ་ཁྱོད་ལ་མཆོད་པ་ཕུལ་བ་ཡིན། མཉེས་པོ་མེད་ཀྱང་ཁྱོད་རང་གིས་ཁས་བླངས་རེད་བཞེས་དགོས།
ཡར་མར་ས྄ྐད་ཆ་འད྄ྲ་བ྄ྱས་ནས་ཤོད་དགོས་པ་ལས། ཤོག་ཐོག་ཏུ་བ྄ྲོ་བར྄ྡུང་བའི་ཚུལ་བ྄ྱས་ན་ཞབས་འད྄ྲན་དེ་ཞུས་པ་རེད། ལན་འདི་གལ་མེད་ཁ྄ྱེར་ཤོག
གལ་ཏེ་ནམ་མཁའི་ནོར་བུ་བོན་ལ་དད་མོས་ཡོད་པའི་རྒྱུ་མཚན་ཡིན་ན། ༸གོང་ས་མཆོག་ཀྱང་རྙིང་མ་བར་འགྱུར་རོ།
7༼ པད་འབྱུང་ཤཱག་ཐུབ་ཀྱི་སྟེང་དུ་སྟག་ལྷ་བུད་ན་ཡང་འདྲ། སྟག་ལྷའི་སྟེང་ལ་པད་འབྱུང་ཤཀཱ་ཐུབ་བུད་ན་ཡང་འདྲ། དེ་གནད་འགག་ཆེན་པོ་གང་ཡང་མ་རེད། བཟའ་ཚང་ཞིག་ཡིན་ན་ཡང་མཚམས་མཚམས་ལ་སྐྱེས་དམན་གྱི་སྟེང་ལ་ཁྱོ་ག་འཛེགས་གི་རེད། མཚམས་མཚམས་ལ་ཁྱོ་གའི་སྟེང་ལ་སྐྱེས་དམན་འཛེགས་གི་རེད། དེ་ལ་ང་ཚོས་སེམས་ཁྲལ་བྱེད་ག་ལ་དགོས། མ་གཞི་དེ་ཚོ་ལ་བཤད་རིན་ཞིག་མི་འདུག ༽
དེ་གནད་འགག་ཆེན་པོ་ལོས་ཡིན། ཁྱོད་ཀ྄ྱིས་འཇིག་རྟེན་ཕལ་པའི་མི་ཚངས་པར་སྤྱོད་པ་དང་འདྲ་མཚུངས་སུ་འགྲེལ་བཤད་བྱེད་པ་འདི་ཀླ་ཀློའི་བཤད་སྟངས་ཞིག་རེད།
ཡི་དམ་ལྷ་ཁྲོ་བོ་རྣམས་ཀྱི་གདན་དུ་ཡོད་པ་ཐམས་ཅད་ལ་དོན་རྟགས་ཀྱི་དགོས་པ་བསམ་གྱིས་མི་ཁྱབ་པར་བཤད་ཡོད་པ་འདི་མ་ཤེས་པར་ནོང༌།
གསང་སྔགས་ཁྲོམ་དུ་བསྒྲགས་པའི་ཉེས་པ་དེ་ཁྱོད་ལ་ནོང༌།
ཁྱོད་ཀྱི་རྒྱ་གར་རོང་པའི་ལྷ་དེ་ཚོར་དེ་འདྲ་ཡིན་ན་མ་གཏོགས་ང་ཚོ་གཙང་རིགས་བོན་པོའི་ལྷ་རྣམས་ཀྱི་གདན་དུ་ཡོད་པ་ཐམས་ཅད་ལ་རྒྱུ་མཚན་མི་འདྲ་བ་རེ་ཡོད་པས་ཤེས་འདོད་ན་བོན་པོར་རྣམ་རྟོག་མི་ལང་པར་དག་སྣང་རེ་སྦྱང་ན་ཤེས་ཀྱི་རེད། དེ་མིན་སྣོད་ཀྱི་སྐྱོན་གསུམ་དང་མ་བྲལ་བ་ཞིག་ལ་བཤད་ཀྱི་མ་རེད།
ད་དུང་ཁྱོད་ལ་མངོན་བློའི་རྒྱལ་མཚན་འདྲ་འཕྱར་རྒྱུ་ཡོད་དམ།
ད་ཡིན་ད།
ལ་སྟོད་གངས་སེང་དཀར་མོ།
བདེན་པའི་གད་རྒྱང་སྒྲོགས་པས།
གླག་གཞོན་མ་ཧེ་སྤྲེལ་རྣམས།
སྤོབས་པ་བྲལ་ཏེ་རེངས་སོང༌།
དྲྭ་གྲོགས་གྱེར་ནག་ཚང་ལགས།
ཁྱེད་འདིར་ཕེབས་པ་བཟང༌།
དངོས་གནས་ཁྱེད་ཀྱིས་བས྄ྣམས་ཕེབས་འདུག
ང་ལ་དེ་འདྲ་བ་ཤོད་རྒྱུ་མང་པོ་ཡོད། ཡིན་ནའང་གུས་པ་དེ་ལྟར་ཤོད་འདོད་ཡོད་མཁན་ཅིག་མིན།
མ་ཟད་དྲྭ་རྒྱ་འདི་ཡི་བདག་པོ་དང་དྲྭ་གྲོགས་ཚང་མར་འབོད་བསྐུལ་ཞིག་ཞུས་ཡོད།
ང་ཚོས་མཐུན་ཕྱོགས་ཀྱི་རིགས་དེ་ཚོར་གྲོགས་གླེང་འདྲ་བྱས། མི་མཐུན་པའི་རིགས་དེ་ཚོར་མཚམས་འཇོག་བྱེད་ན་ག་འདྲ་འདུག་ཅེས་ནས་སེམས་གཏིང་ནས་ཞུ་བ་ཞིག་ཞུས་ཡོད།
ལམ་གསེང་སྤོབས་པ་མཐའ་ཡས་དང་གཞོན་ནུ་ཟླ་མེད་འཇམ་དཔལ་རྣོན་པོ་ལས་སོགས་ཁྱི་སྤྱང་ཁ་རུབ་ནས་ང་ལ་ད་ཐོན་ཤོག ད་ག་བར་འགྲོ་གི་ཡོད། ལ་སྟོད་ནས་ཐང་ལ་བབས་ཡིན་པས། ཟེར་བ་སོགས་ཧ་ལས་པའི་ཤོད་རྒྱུ་ཡོད་པའི་བཟོ་འདྲ་བྱས་ཏེ་བཤད་པ་དང་གཅིག ཁ་བརྡ་ཚང་ནས་ཀྱང་ཞལ་ཁུ་སིམས་པོར་བཞུགས་ཚུལ་དེ་ཚོར་བལྟ་དུས།
འདི་ནི་དགོས་ངེས་ཤིག་ཡིན་ས་རེད་བསམ་ནས་འདིར་སླེབས་ཡོད།
ནུ་བོས་ཕུ་བོར་གུས་བརྩི་མེད་པའི་ཁར་ཕུ་བོའི་མཁར་དབང་གསས་ཁང་མཆོད་རྟེན་རྣམས་བཤིག མེ་ལ་བསྲེག ཆུ་ལ་བསྐྱུར། དེ་འདྲ་བྱེད་དུས་ཕུ་བོས་ཀྱང་ནུ་བོར་བྱམས་སྐྱོང་བྱེད་པའི་དུས་ཤིག་རེད་མི་འདུག
ད་ཡིན་ད་ཕ་དགྲ་བོན་གཤེད།
ང་ཡང་བོད་དོན་འཐབ་རྩོད་ལས་གཙིགས་ཆེ་བའི་བོན་དོན་འཐབ་རྩོད་བྱེད་པའི་གོ་སྐབས་ལེན་དུ་ཡོང་ཡིན།
རིག་པའི་བུ་ལོ་ཚོ་ད་ག་ལེར་བགྲོ་གླེང་ཡིན་དཱ།
ལོ་རྒྱུས་ཀྱི་ནད་རྙིང་གླེང་ན་མཐུན་དུ་མེད་ལ། ལོ་རྒྱུས་ཁྲོད་ཁྱོད་ཤི་ང་གསོད་དང་། ཤི་གསོན་གྱི་འགྲན་བསྡུར་མ་བྱས་མཁན་གྱི་ལུང་པ་ཞིག་དང་རྒྱལ་ཁབ་ཅིག་འཇིག་རྟེན་འདིར་མེད་ཅིང་། འགྲན་རྩོད་དང་དམག་འཐབ་ལས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་རང་རང་གི་ཕྱོགས་སུ་གཅིག་གྱུར་བཟོས་ཡོད། སྔོན་ཆད་ཀྱི་ནད་སྙིང་བཟུང་ནས་བསམ་བློ་གུ་དོག་བཏང་ན་མི་རིགས་ཤིག་མཉམ་དུ་གནས་བ་ལྟ་ཅི། གྲོང་པ་ཁྱིམ་ཚེས་ཡང་མཉམ་དུ་གནས་ཐབས་མེད་དེ། འཚོ་བ་ཕན་ཚུན་གྱི་བར་ལ་འཐབ་འཁྲུག་གིས་གསོད་རིས་མ་བྱུང་མཁན་ཞིག་འཇིག་རྟེན་འདི་མེད། འོན་ཀྱང་། མ་འོངས་བའི་ང་ཚོ་ཚང་མའི་ཁེ་ཕན་དང་ལོ་རྒྱུས་ཀྱི་སྐྱོ་གར་ལས་བསླབ་བྱ་བླངས་ནས་མཐུན་སྒྲིལ་བཟོ་རན་རེད། དེ་མིན་སྤྲང་པོ་གནམ་གང་རྩོད་པ་བཞིན་ང་ཚོས་ནང་ཁུལ་དུ་རྩོད་ནས་བསྡད་ཚེ་གནའ་བོད་བཞིན་ཡར་རྒྱས་ཀྱི་གོམ་པ་སྤོ་མི་ནུས་ཤིང་། མི་རིགས་འདི་འགྱེལ་ས་ནས་དུས་ནམ་ཡང་ལངས་མི་ཐུབ། གཞན་གྱིས་དགའ་འདོད་བཞིན་མི་རིགས་འདི་གཞན་གྱི་བྲན་གཡོག་ཏུ་གྱུར་ཞིང་། བྲན་གཡོག་ལས་ང་ཚོ་ཚང་མ་སྟེ། བོད་མི་རིགས་འདི་འཇའ་ལྟར་ཡལ་ངེས་རེད། དེ་བརྟེན། ངས་ནམ་ཡང་དགེ་འདུན་གྱི་སྡེ་འཕེལ་ན་གནས་སྐབས་ཙམ་ཆོས་དང་རིག་གཞུང་འཕེལ་བའི་འཁྲབ་ཚན་དུ་འགྱུར་ཡང་། མ་འོངས་བ་མི་རིགས་འདིར་མི་འབོར་དང་དགོས་མེད་ཀྱི་ནང་ཁུལ་ཕྱོགས་ཞེན་གྱིས་འཆི་སར་འདེབས་བ་སྨོས་མེད་རེད་ལ། གོང་དུ་ཡོད་པའི་མཆན་ཁ་ཤས་ནི་གནས་ཚུལ་འདིའི་དཔེ་བརྗོད་ཡག་ཤོས་ཤིག་རེད། དེ་བརྟེན། ཤ་ཞེན་ཆེ་བའི་བོད་རིགས་རྣམས་ཀྱིས་གནས་སྟངས་འདི་ལ་ཐུགས་བསམ་བཞེས་དགོས་བའི་གནས་ཤིག་རེད།
འབའ་བ་ཕུན་དབང་གིས་བོད་མ་ཤོར་བའི་སྔོན་དུ་བོད་མི་ཡི་ཡོད་ཚད་གཅིག་སྒྲིལ་བཟོ་རྒྱུའི་གྲོས་འཆར་བསྟན་ཡང་། ཁམས་ཕྱོགས་ཀྱི་མི་མང་རྣམས་ལ་ཁམས་པ་གཅིག་གྱུར་ཡོངས་བའི་འདོད་ཚུལ་འཛིན་མཁན་ཧ་ཅང་དཀོན་ལ། ལྷག་པར་ལྷ་ས་བ་དང་མཉམ་དུ་གནས་ཐབས་མེད་དེ་ལོ་རྒྱུས་ཐོག་ཤ་འཁོན་ཆེ་ཚུལ་ལྟ་བའི་བོད་རིགས་འདི་ཅི་འདྲའི་གླན་པ་ལའང་། གླན་པའི་རྐྱེན་རྩ་ཆོས་ལུགས་ཡིན་ལ། གླན་པའི་རྒྱུ་མཚན་གྱིས་མི་རིགས་འདིའི་རང་དབང་ཡོད་ཚད་བརླགས། སྐྱོ་གར་ཆེ་བའི་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་ང་ཚོས་སྔོན་གྱི་སྙིང་ནད་ཁོ་ན་གླེང་ན་མ་བཞུགས་པ་མ་འོངས་བའི་ཁ་ཕྱོགས་ལ་ཐུགས་བསམ་བཞེས་གལ་ཆེ་བ་མཐོང་།
སྤོབས་པ་མཐའ་ཡས་ཀྱེ། ཚིག་གི་མགོ་སྔ་ཇ་ཡུན་ཙམ་ནས་འགྱུར་འགྲོ་བ་འདིར་བློ་ཕམ། ཡིད་སྐྱོ། ད་ཁྱོད་ཀྱིས་བོན་པོས་དམར་མཆོད་བྱེད་པའི་འུར་གཏམ་དེ་ཐལ་དོང་དུ་གཡུག་ཚར་འདུག བོན་དང་ཆོས་ལ་ཕུ་ནུའི་འབྲེལ་བ་ཡོད་པ་ཁས་ལེན་ཆོག འོན་ཀྱང་བོད་ཀྱི་བན་དེ་དང་བོན་པོ་གཉིས་ཀྱིས་ད་བར་དུ་ཆོས་ལུགས་ཀྱི་དངོས་ནས་ཕུ་ནུའི་འབྲེལ་བ་ཡོད་པའི་འདུ་ཤེས་ཤིག་འཛིན་མྱོང་ངམ། དེ་ཕར་ཟད་ནས་བན་དེ་ནང་ཁུལ་དུའང་དམག་འཁྲུགས་དང་གསོད་གཏུབ་ཀྱི་འཁོན་འཛིང་མང་དུ་བྱས་པ་ཁྱོད་ཀྱིས་གོང་དུ་བཤད་པ་ལྟར། དགའ་ལྡན་ཕོ་བྲང་བས་བོན་པོའི་ཐོག་ལ་སྒྱོགས་ཆེན་འཕེན་མ་མྱོང་བ་ལོས་བདེན། དེ་འཕེན་པའི་ལས་བོན་པོས་མ་བྱས་པས་རེད་མ་གཏོགས་དགའ་ལྡན་ཕོ་བྲང་ཡག་དྲགས་ནས་མ་འཕང་བ་མ་རེད། སྒྱོགས་འཕང་ན་མི་འགའ་གསོད་ཀྱི་རེད། དེས་ཆོས་ལུགས་གནོད་པ་ཐེབས་ཀྱི་མ་རེད། དགོན་སྡེ་གཏོར་ཆོས་ལུགས་བསྒྱུར་ན་བསྟན་པ་ལ་གནོད་པ་ཅི་ཙམ་འཐེབ་ངེས་པ་ཁྱོད་ཀྱིས་ཚོད་དཔོག་བྱོས་དང་། རྒྱ་གུང་ཁྲན་གྱིས་བོད་ལ་འདི་འདྲའི་ལས་མང་པོ་བྱས་པ་མ་རེད་དམ། ངེད་བོན་པོ་ཚང་ལ་དེའི་སྔོན་ནས་ཉི་མ་དམར་ཞིག་ཤར་ཚར་བ་རེད། འདི་འདྲའི་ཕུ་བོ་ཞིག་ཡོད་ན་བདུད་ཡིན་རྒྱུ་རེད། མཁར་རྨེའུ་བསམ་གཏན་གྱིས་ཁྲི་དར་མར་བསྟོད་པ་བྱས་པ་བདེན་པ་རེད། ཁོང་གིས་བསྟོད་ར་བྱེད་པའི་རྒྱུ་མཚན་བན་དྷེ་བཅོམ་འདུག་ཟེར་ནས་བྱས་པ་མ་ཡིན་པར་བན་དྷེའི་བསྟན་པ་ལ་དག་ཐེར་དང་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐུགས་བསམ་བཞེས་འདུག་ཅེས་བསྟོད་ར་བཏང་བ་རེད། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་ཡིག་ཆ་ཁུངས་རྙིང་པ་དག་དྲངས་ནས་བཤད་ཀྱི་ཡོད་པ་ལས་རང་ཉིད་དགའ་བ་ཁོ་ན་རྒྱུ་མཚན་དུ་བྱས་པ་དང་བླ་མ་ག་གེ་མོའི་གསུངས་དེ་རྩ་ཆེན་པོ་ཡིན་ཟེར་ནས་བཤད་ཀྱི་ཡོད་པ་མ་རེད། ཁྱོད་ཅག་ལ་ཁྲི་དར་མ་འདྲེ་ཡིན་པ་དང་མགོ་ལ་ར་ཅོ་ཡོད་པ། བན་དྷེའི་བསྟན་པ་བཤིགས་པའི་ལོ་རྒྱུས་ཡིག་ཆ་རྙིང་པ་མཁར་རྨེའུ་ཡིས་དྲངས་པའི་ལུང་དེ་དག་ལ་བདོ་ཐུབ་པ་ཞིག་ཡོད་དམ། དེ་ཡང་ཁྲི་དར་མར་བསྟོད་ར་བྱེད་མཁན་ཁོང་གཅིག་པུ་མ་ཡིན་པར་བན་དྷེའི་རྗེས་འཇུག་པའང་ཡོད་པ་རེད། མཁར་རྨེའུ་ལ་ཆོས་དད་ཡོད་མེད་བཤད་ཁག་པོ་རེད། དེར་བརྟེན་ཁོང་བོན་པོ་ཡིན་མིན་ཡང་བཤད་ཁག་པོ་རེད། ད་མཁར་རྨེའུ་བོན་པོ་ཡིན་པ་ཆ་ཞོགས། ཁོང་གིས་ཁྲི་དར་མར་བསྟོད་ར་བྱས་པ་དེས་བོན་པོས་ཁྲི་དར་མར་བསྟོད་ར་བྱས་པ་མཚོན་ཐུབ་ན་བན་དྷེའི་ཆོས་བྱེད་པ་དང་བཙུན་པའི་ཁྲོད་དུའང་ཁྲི་དར་མར་བསྟོད་ར་བྱེད་མཁན་ཡོད་པ་དེས་
བན་དྷེས་ཁྲི་དར་མར་བསྟོད་ར་བྱས་པ་མཚོན་མུ་ཐུབ་དོན་ཅི་རེད།
བན་དྷེའི་བླ་མ་འགས་བོན་གྱི་བསྟན་པ་བཤིགས་པར་བན་དྷེས་བོན་བསྟན་བཤིགས་པ་མཚོན་མི་ཐུབ་དོན་ཅི་རེད།
བན་དྷེའི་བླ་མ་འགས་རྒྱ་ནག་གོང་མར་སྤྲེལ་ལད་འཁྲབ་པ་དེས་བན་དྷེའི་རྒྱ་ནག་གོང་མར་སྤྲེལ་ལད་འཁྲབ་པ་མཚཽན་མི་ཐུབ་དོན་ཅི་རེད།
བན་དྷེའི་བླ་མ་འགའ་དངུལ་ལ་དགའ་དྲགས་པ་དེས་བན་དྷེ་དངུལ་ལ་དགའ་དྲགས་པ་མཚོན་མི་ཐུབ་དོན་ཅི་རེད།
དགའ་ལྡན་ཕོ་བྲང་བས་རྒྱ་དམག་བོད་ལ་དྲངས་པ་དེས་བན་དྷེའི་རྒྱ་དམག་བོད་ལ་དྲངས་པ་མཚོན་མི་ཐུབ་དོན་ཅི་རེད།
བཻ་རོ་ཙཱ་ནས་བོན་ལ་ཕན་ཐོགས་ཡོད་པ་ལོས་བདེན། ཁོང་བོན་པོ་ཡིན་རུང་ཁྲི་སྲོང་གིས་བཙན་གྱིས་བན་དྷེ་བྱེད་བཅུག་པ་རེད། ཁོས་མཐོང་སར་བན་དྷེའི་ཆོས་སྤྱོད་ལྐོག་ཏུ་བོན་པོའི་ཆོས་སྤྱད་པ་རེད། དེས་ན་ཁོ་ཐ་སྙད་ཙམ་གྱི་བན་དྷེ་ཡིན་པ་གསལ་བོ་རེད། འདི་དང་མཚུངས་པར་བོན་པོའི་ཁྲོད་དུའང་པད་འབྱུང་ལ་དད་པ་བྱེད་མཁན་ཡོད། དེའི་ཁུངས་བཙལ་ན་ཁྲི་སྲོང་གིས་བོན་པོ་ཚོར་བཙན་གྱིས་པད་འབྱུང་སློབ་དཔོན་དུ་བསྟེན་བཅུག་པའི་ལོ་རྒྱུས་ལ་ཐུག་འགྲོ་བ་དང་དེ་ནས་བཟུང་བོན་གསར་མ་ཟེར་བ་འདི་བྱུང་བ་རེད། འདི་དག་ཚང་མ་ཨུ་ཐུག་པའི་ལས་ཀ་རེད།
གཏོར་མ་འཕང་བ་དེ་རྩམ་པ་འཕང་པ་ཙམ་ཡིན་ན་དངོས་གནས་དགའ་དགོས་པ་ཞིག་རེད། འོན་ཀྱང་རང་རེའི་སྲོལ་ལ་གཏོར་མ་འཕང་བ་དེ་སྡུག་པའི་ཚད་དུ་འཛིན་པ་མ་རེད་དམ། དེ་ལའང་རྒྱུ་མཚན་ཡོད་པ་རེད། གཏོར་མ་འཕང་པ་དེས་དགྲ་འཛིན་གྱི་འདུ་ཤེས་ཤིག་མཚོན་གྱི་ཡོད་པས་རྒྱུ་མཚན་གྱིས་རྒྱ་དམག་བོད་དུ་ཡོང་སྐབས་བོད་གཞུང་གིས་ཀྱང་དྲུག་ཅུ་བ་ཆེ་ཐག་ཆོད་ཅིག་འཕང་བ་མ་རེད་དམ། ཚད་འདི་ནས་བསམ་བློ་ཐོངས་དང་རྩམ་པ་འཕང་བ་ཙམ་ད་ཨེ་ཡིན། གཏོར་མ་འཕང་བའི་ལུས་ལ་ན་ཚ་བཟོ་ཐུབ་མིན་གང་ལྟར་ཡང་དེ་ལས་ཚབ་ཆེ་བ་ཞིག་ལ་སེམས་ལ་རྨ་ཁ་བཟོ་བ་རེད། འདི་ལས་ཚབ་ཆེ་བའི་རྨ་ཁ་ཞིག་གང་ན་ཡོད། ཡང་ངས་ཁྱོད་ལ་དཔེ་ཞིག་འཇོག མཁར་རྨེའུ་ཡིས་ཁྲི་དར་མར་བསྟོད་པ་བྱས་པ་དེ་ཁ་ནས་དབུགས་བཏང་བ་ཙམ་མ་རེད་དམ དེ་ལ་ཁྱོད་ཚོ་འདི་འདྲ་ཞིག་ཁྲོས་དོན་ཅི་ཡིན། བོན་པོས་མཁན་སློབ་ཆོས་གསུམ་ལ་སྨད་ར་བྱས་པ་དེ་ཡང་ཁ ནས་དབུགས་བཏང་བ་ཙམ་མ་རེད་དམ། ཁྱོད་ཚོ་དེ་འདྲ་ཞིག་ངར་དོན་ཅི་ཡིན། དཔེ་འདིས་ཁྱོད་ལ་གཏོར་མ་འཕང་བ་དེ་རྩམ་པ་འཕང་བ་ཙམ་ཡིན་མིན་ངོ་འཕྲོད་ཐུབ་པ་འདུག་གམ།
ངས་སྔོན་ཆད་ཁྱོད་ལ་ལན་འགར་བཤད་ཡོད། བྱེ་བྲག་གི་ངོ་བོ་ཁྱེར་ནས་སྤྱིའི་ངོ་བོར་འཇོག་པ་འདི་ཁྱོད་ཀྱིས་དཀྲུགས་ཤིང་བྱེད་སྟངས་ཤིག་རེད། དེ་ཡང་བོན་པོའི་རྗེས་འཇུག་པ་ཐེབས་ཆག་ཅིག་གིས་བྱས་པར་བོན་པོས་འདི་དང་འདི་བྱས་སོ་ཞེས་སྒྲོགས་ཅི་ཐུབ་བྱེད། བན་དྷེའི་བླ་མ་ཆེན་པོ་དག་གིས་ཅིག་བྱས་ན་དེ་བན་དྷེས་བྱས་པ་མིན་རབས་ས་སྒྲོགས་རྡོ་སྒྲོགས་བྱེད། བླ་མ་དེ་དག་ལའང་ཁག་མེད་རབས་བཙན་གྱིས་འཚོལ། ཐ་ན་དགའ་ལྡན་ཕོ་བྲང་བས་ཆོས་ལུགས་གཞན་ལ་དམར་འཐབ་ཁྲག་འཛིང་བྱས་པ་རྣམས་ཀྱང་འོས་པ་ལྟ་བུའི་ཚུལ་སྟོན། འདི་འདྲའི་ཐབས་སྐྱོ་རང་ད་བྱེད་དགོས་ཨེ་ཡོད།
ཕྱིས་སུ་མན་ཇུ་གོང་མ་བན་དྷེའི་ཚོས་མིག་ནང་གི་ཚེར་མ་ལྟ་བུ་ཞིག་ཏུ་བརྩི་གི་ཡོད་མེད་མི་ཤེས། གལ་སྲིད་ཡོད་ན་དེ་ནི་རྣམ་སྨིན་འཁོར་བ་རང་རེད་མ་གཏོགས་བོད་ཞེན་ཆེ་དྲགས་པ་དང་དངུལ་ལ་མ་དགའ་བ་གང་ཡང་མ་རེད། མན་ཇུ་གོང་མས་བེད་སྤྱོད་ཡག་ཐག་ཆོད་ཅིག་བྱས། རིན་ཐང་གང་ཡང་མེད་པར་གྱུར་དུས་གཡུག་རྐྱང་བྱས་པ་རེད། དེ་དུས་སྐད་ངན་གནམ་ས་གང་བ་བྱས་ཀྱང་ཤོར་བ་ཐམས་ཅད་ཤོར་ཟིན་པས་བྱ་ཐབས་ཅི་ཡོད། མིག་ནང་གི་གྲ་མ་མིག་ནང་དུ་འཇོག་མཁན་ཡང་ཁོ་རང་ཚོ་རེད།
གླག་གི་ལག་པ་འདར་གྱི་ཡོད་ས་རེད། གནོན་ཉེས་ཤོར་ནས་་དམུ་ཐེག་གི་བུ་རྒྱུད་ཅེས་བྲིས་འདུག སེམས་པ་ལྷོད་ལ་ཕོབས་དང་། ཟབ་མོ་ཞིག་འབྲི་མི་ཤེས་ནའང་གང་བྲིས་པ་དག་གོ་བརྡ་འཕྲོད་ཐུབ་པ་ཞིག་འབྲི་རོགས། སྤོབས་པ་མཐའ་ཡས་ཀྱིས་རྒྱལ་རོང་གི་སྐོར་ཤེས་མདོག་བྱེད་ཀྱིན་འདུག རྫུན་མགོ་སྔ་མེད་པ་མང་པོ་ཞིག་བཤད་ནས་ཡང་རྐུབ་ལུག་རྒྱུ་རང་རེད།
འཇམ་དཔལ་རྣོན་པོ་ལགས།
༼རྒྱ་གར་ན་ཕྱི་པ་དང་ནང་པ། བོད་ན་བན་དེ་བོན་པོ། རྒྱ་ནག་ན་ཧྭ་ཤང་དང་ཧོ་ཤང་། འདི་རྟེན་འབྲེལ་ཞིག་གིས་ཡིན་པར་གསུངས་འདུག༽
ལྐུགས་པ་ད་དུང་བན་བོན་གྱི་དབར་ལ་དགག་བཞག་བྱེད་ཚུལ་ག་བྱས།
བོན་ཐམས་ཅད་རྟེན་འབྲེལ་གྱིས་དབང་གིས་བྱུང་བ་རེད་མ་གཏོགས། བློ་བུར་དུ་བྱུང་བ་གཅིག་ཀྱང་མེད།
ཁྱོད་ཀྱིས་སྐད་ཆ་དེ་རྟེན་འབྲེལ་ལས་མ་བྱུང་ཞིང་དེ་བློ་བུར་དུ་གྲགས་པའི་གཏམ་ཞིག་ཡིན་པའི་བཟོ་འདྲ་ཞིག་
འདུག
ཁྱོད་རང་གི་ལུགས་ལའང་ཆོས་ཐམས་ཅད་རྟེན་འབྲེལ་ཞིག་གིས་མ་ཡིན་ནམ།
ཡང་མིན་ན་ལྟས་ངན་ཞིག་གིས་བྱུང་བ་ཡིན་རྒྱུ་རེད།
༼སྟག་གཟིག་འོལ་མོ་ལུང་རིང་ག་པ་ཡོད་རེད་ཟེར་བ་དེ་ཡིན།༽
གོ་རྒྱུ་ཅི་ཡང་མི་འདུག ཁྱོད་རང་བརླབ་བརྡོལ་གྱི་སྐད་ཆ་དེ་ཚོ་མ་བཤད་ན་ལེགས།
སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་གཞི་མ་གྲུབ་པ་རེད།
རྟག་གཟིགས་འོལ་མོ་ལུང་རིང་ཟེར་ན་ནི། ཁྱོད་རང་བོན་གྱི་སྐོར་ལ་ཞིབ་འཇུག་བྱོས། འདི་ན་ཁྱོད་ལ་དཔེ་ཁྲིད་བྱེད་ས་མ་རེད།
༼གོང་དུ་གཅིག་གིབོན་པོའི་ཤེར་ཕྱིན་ལྟ་བུ་བོན་ཆོས་རྣམས་ནང་ཆོས་ལ་དཔེ་བཤུས་པ་ནང་བཞིན་རེད་ཟེར་མཁན་འདུག ཞིག་ཏུ་ཀློག་མ་མྱོང་།༽
ནང་ཆོས་ལས་དཔེ་བཤུས་པ་ནང་བཞིན་ཡིན་ན་ནང་ཆོས་ལས་དཔེ་བཤུས་པ་མ་ཡིན་པས་ཁྱབ། འདྲ་བ་ནི་དངོས་མ་ཡིན། མ་འདྲ་བ་ནི་དཔེ་མ་ཡིན། ཞེས་རིགས་པ་སྨྲ་བ་རྣམས་ལ་རླུང་ལྟར་གྲགས་པའི་ཕྱིར།
ཞིབ་ཏུ་ཀློག་མ་མྱོང་ཟེར་གྱི་ཡོད་དམ། ཞིག་ཏུ་ཀློག་མ་མྱོང་ཟེར་བ་གོ་རྒྱུ་མེད་པའི་འཇམ་དཔལ་སྨྱོ་བའི་སྨྱོ་ལབ་དེ་ཚོ་འདིར་ཁྱེར་མ་ཡོང་རོགས།
ཞིབ་ཏུ་ཀ྄ློག་མ་མ྄ྱོང་ཟེར་ནས་དགག་བཞག་ལ་འཇུག་ཚུལ་ག་འད྄ྲ་སེ་ཡོང་གི་རེད་དམ། མུན་ནག་མདའ་འཕེན་བཟོ་འད྄ྲ་ཞིག་བ྄ྱེད་ན་མ་གཏོགས། དང་པོ་ཡག་པོར་ལ྄ྟོས་དེ་ནས་འདིར་ཤོག
༼གོང་དུ་གཅིག་གིས་ཚན་རིག་དང་མཐུན་པའི་ལན་ཁུར་ཤོག་ཟེར་གི་འདུག སྟོན་པ་གཤེན་རབ་འདི་ལ་ཚན་རིག་གིས་བརྟག་དཔྱད་བྱ་རྒྱུ་འདུག༽
ཁྱོད་ཀྱིས་སྟོན་པ་གཤེན་རབ་ལ་ཚན་རིག་གིས་བརྟག་དཔྱད་བྱོས་དང༌། ངས་ཁྱེད་ལ་དགའ་བསུའི་མེ་ཏོག་གི་མཆོད་པ་འབུལ་གྱི་ཡིན།
དང་པོ་ཁྱོད་ཀྱིས་མགོ་འབུལ་ལུས་འབུལ་ཞུ་སའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གྲལ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པའི་མ་ཎི་བཀའ་འབུམ་དེ་ཚོའི་ནང་དུ་གསལ་བའི་བོད་ཡུལ་འདི་ཤཱཀ་ཐུབ་འདས་རྗེས་མཚོ་སྐམས་ལས་བོད་ཡུལ་ཆགས་ཏེ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་ཚུལ་དང༌། བོད་མི་སྤྲེལ་བྲག་ལས་མཆེད་དེ་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་ཚུལ་དང་དེ་བཞིན་བོད་ཡིག་བཟོས་རབས་སོགས་སྒྲུང་རིང་དེ་ཚོར་ཚན་རིག་གིས་བརྟག་དཔྱད་བྱོས་དང༌། ཁྱོད་ལ་ཚན་རིག་གིས་བརྟག་པའི་གྲུབ་འབྲས་མོ་ཤམ་གྱི་བུ་དབུ་སྐྲ་དམར་ཟིང་ངེ་བ། ལུས་སྤུ་སུད་དམར་ཤིག་གེ་བ། འཇུག་མ་འཁྱིལ་ལེ་བ། མིག་དོང་དུ་ཅེར་རེ་བ། རྣ་བ་བཀྲོང་ངེ་བ། དེ་འདྲ་ཞིག་ཁྱོད་ལ་བརྙེད་ཁོ་ཐག་རེད།
འདས་པའི་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམས། །ད་ལྟའི་གནས་ཚུལ་འདི་ལ་་སྤྱན་གྱིས་གཟིགས། ། ཨ་ནུ་ཐང་བསོད་ནམས་ཀྱིས་མཛད་པའི་བོད་འབྲུག་ཆུའི་ངོ་སྤྲོད་འདིར་གཟིགས་པར་ཞུ།
———
གནས་དེ་ནི་ཐེ་བོའི་སྟོད་སྨད་བར་གསུམ་དུ་གྲགས་པའི་སྨད་ཀྱི་ཁོངས་གཏོགས་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་དགའ་ཡེ་ཤེས་དར་རྒྱས་ནས་རྒྱུད་པའི་བོད་བཙན་པོའི་མཐའ་མཚམས་སྲུང་དམག་གི་ཁྱིམ་རྒྱུད་ལས་བྱུང་བའི་མི་རིགས་ཤིག་ཡིན། དགའ་ཤེས་དར་རྒྱས་ཀྱི་ཁྱིམ་གཞི་ནི་ཅོ་ནེ་དཔོན་པོ་ཡིན་ཞིང༥༠ལོར་རྒྱ་མ་ཡོང་བར་དགའ་ཡེ་ཤེས་དར་རྒྱས་ཀྱི་ཁྱིམ་རྒྱུད་ཅོ་ནེ་དང་ཐེ་བོ་གཉིས་ཀྱི་དཔོན་པོ་ཡིན། མ་གཞི་ཐེ་བོ་སྟོད་སྨད་གཉིས་ལ་ཕལ་ཆེར་གཅིག་མཐུན་གྱི་སྐད་ཡོད་ཅིང་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཀྱང་། སྨད་ལ་སྐད་ལོགས་སུ་ཡོད་པས་ཐེ་བོའི་སྟོད་བར་གཉིས་ཀྱིས་སྨད་ལ་གློ་བུར་གོ་བརྡ་འཕྲོད་པའི་དཀའ་ངལ་ཡོད། ཐེ་བོ་ནི་ཨ་མདོ་ཡིན་པ་རྩོད་མེད་ཡིན་ཡང་ཐེ་སྟོད་ཀྱི་ཕྱད་དང་བར་མའི་སྐད་ནི་ཨམ་སྐད་ལས་ཁམས་སྐད་དང་ཉེ་བ་ཡོད་ཅིང་ཉམས་ཞིབ་པ་ཁ་ཤས་ཀྱིས་ཁམས་སྐད་དུ་འདོད། འབྲུག་ཆུ་སྟེ་ཐེ་བོའི་སྨད་ཀྱི་མི་མང་གི་ཚེ་སྲོག་ལ་བབ་ཀྱང་ཁོང་ཚོ་བོད་པ་མིན་ཞེས་བཤད་མྱོང་མེད་ལ། བོད་དབུས་གཙང་ནས་འོང་བའི་གཞས་དང་གཏམ་རྒྱུད་མང་པོ་དུས་ཆེན་དང་སྟུན་ནས་འཁྲབ་རྒྱུ་ཡོད། གནས་དེར་རྒྱ་མི་མང་ཞིང་རྒྱ་ཡི་གྲོང་པ་རེ་དང་བོད་ཀྱི་གྲོང་པ་ཁ་ཤས་འགྲམ་ཞིབ་ནས་ཡོད་ཀྱང་། གཉེན་སྟོན་དང་དུས་ཆེན་སོགས་ལ་ཕན་ཚུན་འབྲེལ་འདྲིས་གང་ཡང་མེད་པ་རྒྱ་ཡི་རྒྱ་སྲོལ་དང་བོད་ཀྱི་སྲོལ་བྱས་ནས་འགྲོ།
ཁོང་ཚོས་ཁོང་ཚོའི་སྐད་ཡང་བོད་སྐད་ཡིན་པ་གཅིག་གྱུར་གྱིས་སྒྲུབ་པ་མ་ཟད། བོད་དབུས་གཙང་ནས་ཆད་པའི་བོད་མིའི་བརྡ་རྙིང་ཡིན་པ་བཤད། ཁོང་ཚོར་དབུས་གཙང་ནས་དར་བའི་ལྷམ་དང་གྱོན་ཆས་ཀྱི་ལག་ཤེས་ད་ལྟའང་རྒྱུད་འཛིན་བྱས་ཡོད་ལ། དུས་སྟོད་དང་སྟུན་ནས་གོན་སྲོལ་ཡོད། གནས་དེ་ནི་རྒྱ་བོད་ས་མཚམས་ཡིན་ལ་ད་ལྟའང་མཐའ་མཚམས་ཀྱི་མཁར་ངོས་ལྷག་འཕྲོ་མཐོང་རྒྱུ་ཡོད་ཅིང་བོད་བཙན་པོས་རྒྱལ་ཁབ་འཇིག་རྗེས་སུ་དུས་ཀུན་རྒྱ་དང་འཐབ་པས་རྒྱ་ལ་དགྲ་འཛིན་གྱི་འདུ་ཤེས་ཧ་ཅང་ཆེ་ལ། བོད་ཕྱོགས་ནས་རོགས་སྐྱོར་ཆད་པས་རྩ་ཐང་གི་བྱིའུ་བཞིན་སྐྱབས་མེད་མགོན་མེད་ཀྱི་གནས་སུ་མཆིས་ཞིང་། ས་མཚམས་སུ་སྡུག་ངལ་མྱོང་མཁན་གྱི་དྭ་ཕྲུག་ཡིན། འོན་ཀྱང་། བོད་མིའི་ལ་རྒྱ་དང་རྒྱལ་ཞེན་གྱི་མེ་རུ་དུས་ནམ་ཡང་གནས་དེ་རུ་ཞི་མྱོང་མེད་ལ་བོད་ཡིན་ཞེས་སྤོབས་སེམས་དང་ལྷན་རླུང་དུ་བསྒྲགས། དེ་སྔོན་དམག་དམག་རྒྱང་སྐྱོད་སྐབས་ཐེ་བོ་མི་མིང་གིས་རྒྱ་དམག་དུམ་བུ་བཅད་ཅིང་གཙོ་བདག་མོའོ་ཡང་རི་མགོའི་རི་དྭགས་བཞིན་ག་འགྲོ་འདི་མེད་དུ་གྱུར་བས་ཡུལ་དེའི་རྒན་མོ་ཞིག་ལས་ཟས་བསླངས། རྒན་མོ་དེས་མོའོ་ཡི་ཚེ་སྲོག་སྐྱོབས་པས་རྗེས་སུ་མོའོ་ཡིས་ངའི་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་དང་། སྲོག་ཉེན་ཆེ་ཤོས་ཀྱི་གནས་ཤིག་ཡིན་ཞེས་སྲིད་དབང་ཐོབ་རྗེས་ལ་ཙི་རི་བོར་དྲན་རྟེན་གྱི་རྡོ་རིང་བསླངས། གནས་དེར་ད་ལྟ་རྒྱ་ཡི་ལོ་རྒྱུས་ཉམས་ཞིབ་པ་དང་ཡུལ་སྐོར་པ་ཡོང་ས་གྱུར་ཞིང་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་ཆགས། གནས་ལུགས་འདི་དང་རྒྱབ་ལྗོངས་འདིས་འོག་ནས་རྒྱ་ནག་གཞུང་གིས་ཡུལ་དེ་གནས་འགགས་སུ་མཐོང་ཤས་ཆེ་སྟེ། ད་ལྟ་སྲིད་བློན་བིན་ཡང་གནས་དེ་ལ་ལྟ་སྐོར་དུ་འགྲོ་རྒྱུའི་འཆར་གཞི་འདུག དེ་མིན་བོད་ཕྱོགས་ནས་ད་ལྟ་དེ་ཙམ་དོ་སྣང་མེད་པའི་རྣམ་པ་མཐོང་།
སྤུན་ཟླ་རྣམས། སེམས་མ་སྡུག ཁྱེད་ཚོའི་ནང་མི་དང་ཉེར་འབྲེལ་མང་དུ་བརླགས་ཀྱང་ཁེ་རྐྱང་མིན། ང་ཚོ་ཁྱེད་ཚོ་དང་ལྷན་དུ་ཡོད། བློ་མ་ཕམ། སེམས་མ་ཞི། ཁྱེད་ཚོ་ཁེ་རྐྱང་མིན། དུས་ནམ་ཡང་མིན།
ངས་ལ་སྟོད་བུ་ལ་ལན་འབྲི་ས་ནས་བོན་པོ་ཚང་མ་ལ་ཕོག་ཐུག་སོང་ན་མ་འགྲིག་པ་རེད། ངས་བོན་པོ་ཚོས་སོ་སོའི་ཆོས་ལུགས་ལ་དད་གུས་བྱེད་ཀྱི་ཡོད་པའི་དད་པ་ལ་བརྩི་བསྲུང་ལོ་དགོས། གཞན་སེམས་སྲུང་བ་སངས་རྒྱས་པའི་ལུགས་རེད། ལ་སྟོད་བུ་ལ་གཅིག་བཤད་རྒྱུ་ཡོད་ན་གཞོན་ནུ་ཟླ་མེད་ཀྱི་བྲིས་པའི་མཆན་བུ་དེ་ལ་ལན་ཞིག་བྲིས་དང་ལྟད་མོ་བལྟ་ཡ། ལ་སྟོད་བུ་ཟེར་བ་འདི་དངོས་གནས་བོན་པོ་ཞིག་ཡིན་མིན་མི་ཤེས། གཅིག་བྱས་ན་བོན་ལ་མི་དགའ་མཁན་ཞིག་ཡིན་ཤས་ཆས། གཞན་དོགས་པ་ཐེ་ཚོམ་རང་གཞན་སུའི་ལུགས་ལ་ཡང་ཡོད་ཡོད་པ་རེད། ང་ལ་བོན་པོའི་སྐོར་ལ་ཉམས་ཞིབ་བྱེད་འདོད་ཞེ་དྲག་མེད། ཟུག་རྔུའི་རྩོད་པ་སྒྲ་དང་སྒྲ་བརྙན་བཞིན། །བབ་བཅོལ་སྨྲ་ལ་མཁས་ལས་བླུན་པོ་ཐུ། །གསུངས་ཡོད་རེད།
དམར་མཆོད་ཀྱི་སྐོར་དེ་ངས་ཐོག་མཐའ་བར་གསུམ་དུ་བོན་པོས་དམར་མཆོད་བྱས་འདུག་ཟེར་ནས་བཤད་མེད། ཡིན་ན་ཡང་བོད་བཙན་པོའི་གཞུང་ཟེར་ན་འདྲ། བཙན་པོའི་ཁྱིམ་རྒྱུད་ཀྱིས་སྲོལ་རྒྱུན་ཡིད་ཆེས་དད་མོས་དེ་ཉི་ཟླ་གཟའ་སྐར་སོགས་ལ་ཕྱག་མཆོད་ཀྱིས་སྲོག་ཆགས་གསོད་པའི་ལུགས་ཤིག་ཡིན་པ་རྡོ་རིང་ལས་བསྟན་འདུག་ཟེར་ནས་ཐེངས་མང་པོར་བཤད་ཡོད། དེ་བོན་གྱི་ལུགས་ཡིན་མིན་ཅང་བཤད་མེད། ངས་འདི་ནས་ཐག་གཙང་བཅད་ཀྱིས་བཤད་ཐུབ་པ་ཞིག་ལ་ནུ་བོ་བན་དེ་ཚང་གིས་ཕུ་བོ་བོན་ཚང་ལ་གུས་བརྩི་ཞུས་པ་ཙམ་ཞིག་བན་དེ་ཚང་ནང་ཁུལ་ལ་ཞུས་མེད་ཅེས་པ་དེ་ཡིན། བན་དེ་ནང་ཁུལ་འགལ་བ་བྱུང་ཚུལ་ཁྱོད་ཚོ་ལ་ཡང་ཞིབ་པར་བཤད་རྒྱུ་འདུག་ག དེ་ཚོ་བན་བོན་གྱི་འགལ་བ་ལས་ཛ་དྲག་པ་འདུག་ག མི་དང་མིའི་བར་གྱི་འགལ་བ་ཟེར་བ་དེ་བཟློག་ཐབས་མེད་པ་ཞིག་རེད། ངོ་གནོང་དགོས་པ་ཞིག་དང་ངོས་ལེན་བྱེད་མི་ཕོད་པ་ཞིག་ཅང་མ་རེད། འཛམ་གླིང་གི་མིའི་སྤྱི་ཚོགས་ཚང་མ་དེ་འདྲ་རེད། བན་བོན་ཕུ་ནུའི་ཕྱོགས་ནས་བཤད་ན་འཁྲུག་པ་ཤོར་མྱོང་བ་བདེན་པ་རེད། ཡིན་ན་ཡང་འཁྲུག་པ་དེ་ཚོ་ཕལ་ཆེ་བ་ཆབ་སྲིད་པའི་ལག་ཆར་གྱུར་ནས་འཁྲུག་པ་ཤོར་བ་རེད་འདུག་ག རྒྱལ་པོ་ཅིག་ཅིག་དང་དཔོན་པོ་ཉིས་ཉིས་དེ་ཚོ་འདིར་ཁྱེར་མ་ཡོང་། དེ་ཚོ་ཆབ་སྲིད་པ་རེད། ཆབ་སྲིད་པའི་ལག་རྗེས་ཡོད་ཚད་ཆོས་ལུགས་ཀྱི་སྟེང་དུ་འགེལ་བ་དེ་སྤྱང་གྲུང་ལྡན་པའི་ལས་ཀ་ཤིག་མ་རེད། སོག་པོ་ཇིང་གིར་གྱིས་བེ་རི་རྒྱལ་པོ་བསད་པ་དེ་བན་བོན་གྱི་འགལ་བར་སྦྱར་རྒྱུ་ཡིན་ན་གཙང་པ་རྒྱལ་པོ་དང་ཆོག་ཐུ་དཔོན་གཉིས་བསད་པ་དེ་ག་རེ་རེད། ཁོང་གཉིས་ཀ་བན་དེ་ཀརྨ་བཀའ་རྒྱུད་པའི་སྦྱིན་བདག་རེད། དེ་ཚོ་ཆབ་སྲིད་པའིི་ལས་ཀ་རེད། ང་ལུམ་སྦྱར་གསུམ་དུམ་བུར་གཏུབ་པ་དེ་ག་རེ་རེད། དེ་ཚོ་དགེ་ལྡན་པའི་སྦྱིན་བདག་རེད། རྡོར་སྨིན་དཔལ་གསུམ་ཤུལ་མེད་བཟོས་པ་དེ་ག་རེ་རེད། ད་དུང་མང་། བོན་ལ་སྡུག་པོ་བྱུང་ཚད་བན་དེའིམགོ་ལ་བཀལ་ན་ག་ལ་འགྲིགས། འདི་ཚོ་ཆབ་སྲིད་པ་དང་སྤྱིར་བཏང་གི་མིའི་བར་གྱི་འགལ་བ་རེད་མ་གཏོགས་བན་བོན་གཉིས་ཀྱི་འགལ་བ་འདྲ་རེད་མི་འདུག བན་དེས་བོན་པོ་བསད་སོང་བའི་ལོ་རྒྱུས་ལས་ཀྱང་བན་དེས་བན་དེ་བསད་པའི་ལོ་རྒྱུས་མང་བ་རེད། ས་འབྲི་འཁྲུག་ནས་ག་རེ་བྱས་འདུག བན་དེས་བོན་པོ་དེ་འདྲ་མང་པོ་བསད་པའི་ལོ་རྒྱུས་ཡོད་པ་མ་རེད། ནམ་ཡིན་ཡང་ཕུ་བོའི་འདུ་ཤེས་འདོར་མྱོང་མི་འདུག ས་སྐྱ་སྟོབས་ཤུགས་ཆེ་བའི་དུས་སུ་ས་སྐྱར་འགྱུར་མཁན་མང་བ་རེད། དགེ་ལྡན་པ་སྟོབས་ཤུགས་ཆེ་བའི་དུས་དགེ་ལྡན་པར་འགྱུར་མཁན་མང་བ་རེད། དེ་ཚོ་ཡང་མི་ཟེར་བ་དེ་སྟོབས་འབྱོར་ལ་དགའ་ནས་འགྱུར་འགྲོ་གི་ཡོད་པ་རེད། ཕལ་ཆེ་བ་ཞིག་བསྒྱུར་དགོས་ཀྱི་མ་རེད། རྒྱལ་དབང་ལྔ་པ་ཆེན་པོས་བསྒྱུར་བའི་དགོན་པ་བཅུ་གསུམ་ཡིན་ནམ་ཅིག་འདུག དེ་ཚོ་མང་ཆེ་བ་ཀརྨ་བཀའ་རྒྱུད་དང་ས་སྐྱ་པ་རེད་མ་གཏོགས་བོན་པོ་བསྒྱུར་བ་ག་ཚོད་འདུག་གམ། རྒྱལ་རོང་གི་ཆུ་ཆེན་རབ་བརྟན་གྱི་སྟེང་དུ་མན་ཇུས་དམག་རྒྱག་དུས་བོན་དང་རྙིང་མ་གཉིས་ཆར་ལ་གནོད་སྐྱོན་སོང་བ་ལས་བན་བོན་གྱི་འགལ་བ་ཞིག་གང་ཡང་རེད་མི་འདུག མ་གཞི་ནས་བོན་པོ་བན་དེར་འགྱུར་སོང་བ་དེ་འདྲ་མང་པོ་མ་རེད། བོན་པོ་ནི་བོད་ཀྱི་ནང་ནས་མི་འབོར་ཆེ་ཤོས་གཉིས་པ་ཡིན་ཚུལ་ཁྱོད་ཚོས་གོང་དུ་བཤད་སོང་ང་།
ནམ་མཁའི་ནོར་བུ་བོན་པོ་ཡིན་མིན་ནས་གླེང་ན་ནམ་མཁའིནོར་བུ་རང་གི་གསུངས་ལས་ཁོ་རང་གི་སློབ་མ་ཁ་ཤས་བལ་ཡུལ་དུ་འགྲོ་སྐབས་མི་ཁ་ཤས་རེས། ཁྱོད་ཚོའི་བླ་མ་དེ་བོན་པོ་རེད་དམ་ཞེས་དྲིས་འདུག་ཀྱང་ང་ལ་གང་བརྗོད་ཀྱང་ཁྱད་པར་མེད་ཅེས་གསུངས་འདུག་ག དེ་ལས་ལྷག་པའི་སྒྲུབ་བྱེད་ག་རེ་དགོས།
རྒྱལ་རོང་ལ་ང་ཆ་རྒྱུས་ཡོད་མེད་ནས་བཤད་ན་ང་རྒྱལ་རོང་གི་རོང་བྲག་གཡས་གཡོན་ལ་ཐེངས་ཁ་ཤས་འགྲོ་མྱོང་། རྐུབ་ལུག་རྒྱུ་གང་ཡང་མེད། བེ་རོ་བེ་རོ་ཟེར་ནས་བན་བོན་གཉིས་ཀ་དད་པས་སྨྱོ་གྲབས་བྱེད་ཀྱིན་འདུག ས་ཆ་མང་པོར་བེ་རོའི་ཕྱག་རྗེས་དང་སྐུ་རྗེས་ཞབས་རྗེས་སོགས་རེད་ཟེར་བ་མང་པོ་འདུག དེས་ཀྱང་བན་དེས་བེ་རོས་ཕུ་བོ་ཚང་ལ་རོགས་སྐྱོར་བྱས་ཡོད་པ་ཤེས་ཀྱིན་འདུག ཆུ་ཆེན་ནས་འབར་ཁམས་ལ་འགྲོ་སའི་ལམ་ཞིག་ན་བེ་རོའི་ཕོ་མཚན་གྱི་རྗེས་རེད་ཟེར་བ་ཞིག་ཀྱང་ཡོད་ཟེར། ང་ནི་དེར་སོང་མེད།
མཁར་རྨེའུ་ཡིས་གླང་དར་ལ་བསྟོད་གླུ་བླངས་པ་མ་ཚད་དེའི་ཞོར་ལ་སངས་རྒྱས་ཆོས་ལུགས་པས་མ་འགྲིགས་མ་འཐུས་ལུགས་མང་པོ་ཞིག་སྐབས་དོན་དང་འབྲེལ་བ་མེད་བཞིན་དུ་བཤད་ཡོང་གིན་འདུག མ་གཞི་སངས་རྒྱས་ཆོས་ལུགས་པ་ཡང་མི་ཡིན་ཕྱིན་ནོར་འཁྲུལ་ལོས་ཡོད་ཀྱང་སྐབས་འདིར་གླེང་དགོས་པའི་རྒྱུ་མཚན་མེད་བཞིན་དུ་ཀྱག་ཀྱག་བྱས་ནས་བཤད་ཡོང་དུ་སེམས་པ་ཕམ་གི་འདུག དེའི་ཞོར་ལ་ཕུ་བོ་ཚང་གི་མི་ཁ་ཤས་རེ་ཡང་ཡར་ལངས་ནས་གླང་དར་ལ་བསྟོད་གླུ་བླངས་ཡོང་གིན་འདུག དེ་ཚོ་ལ་ང་ཚོ་སེམས་ཕམ་གི་འདུག སེམས་པ་ཡ་ཡུས་སྐྱོ་གི་འདུག
དངུལ་ལ་དགའ་མི་དགའ་ལ་བན་བོན་གྱི་ཁྱད་པར་ཅང་ཡོད་མི་སྲིད། གཉིས་ཀ་དགའ་རྒྱུ་རེད། ག་རེ་བཤད་ཀྱིན་ཡོད། དངུལ་ལ་མི་དགའ་མཁན་ཞིག་ཡོད་ན་སྨྱོན་པ་སྨྱོན་ནག་རེ་ཡིན་རྒྱུ་རེད།
ཁྱོད་ཚོ་ཕུ་བོ་བོན་ཚང་གིས་ངེད་ཚོ་བན་ཚང་ནུ་བོ་ལ་བརྩིས་པའི་ལོ་རྒྱུས་ག་རེ་ཡོད། མིའི་བར་གྱི་མཛའ་བརྩེ་དང་མཐུན་ལམ་ཟེར་བ་དེ་ཕྱོགས་གཉིས་ཀ་ལ་བརྟེན་དགོས་པ་ཞིག་རེད་མ་གཏོགས་ཕར་ཕྱོགས་གཅིག་པོར་རེ་བ་བརྒྱབ་བསྡད་ན་ཡོང་གི་མ་རེད། ཁ་རང་ཉིད་ལ་བསྐོར་ནས་བསམ་བློ་རེ་གཏང་རྒྱུ་ཡང་གལ་ཆེན་དོན་ཆེན་རེད།
གཏོར་མ་བཏང་ན་ཅི་ཡང་གནོད་ཀྱི་མ་རེད། གཏོར་མས་མི་གསོད་ཐུབ་ན་དམག་དྲངས་དགོས་དོན་མི་འདུག་ག བོད་ཀྱི་བན་བོན་ཚོས་རྒྱ་གུང་ཁྲན་གྱི་སྟེང་ལ་གཏོར་མ་འཕངས་ཡང་གུང་ཁྲན་ལ་གང་ཡང་གནོད་མེད་པ་དེ་ཁྱོད་ཚོས་གོ་འདུག་ག མ་གཞི་གཏོར་མ་ལ་ནུས་པ་ཞིག་ཡོད་ན་ད་ང་ཚོ་སྐྱབས་བཅོལ་ལ་ཡོང་དགོས་དོན་མེད་བ། བན་དེ་ཚང་ལ་གཏོར་མའི་ཆོ་ག་མང་བ་བཞིན་བོན་པོ་ཚང་ལ་དེ་ལས་མང་ང་། དེ་བཞིན་བན་བོན་གཉིས་ཀས་གཏོར་མ་འཕེན་རེས་བྱས་པ་དེ་རྩེད་མོ་བརྩེས་པ་ཙམ་རེད་ཟེར་དོན་དེ་ཡིན། གཏོར་མའི་ཆོ་ག་འདི་མ་གཞི་དུས་རབས་ཉེར་གཅིག་པ་འདིའི་ནང་ལ་ཁྱེར་ཡོང་རིན་ཞིག་མེད་མོད་བོད་བརྒྱུད་སངས་རྒྱས་བན་བོན་གྱི་ཞི་བདེའི་རྩེད་རིགས་རིགས་ལ་བཞག་ན་འགྲིགས་ས་རེད།
པད་འབྱུང་ནི་བོན་གྱི་དྲན་པ་ནམ་མཁའི་བུ་རེད་ཟེར་ནས་བཤད་སྲོལ་འདུག ང་རྒྱལ་རོང་རྒྱལ་མོ་དམུ་རྡོའི་རྒྱབ་ཏུ་བོན་པོའི་དགོན་པ་ཞིག་ཏུ་ཞག་གཅིག་བསྡད་བ་ཡིན། གནས་ཚང་དགོན་པ་དེའི་ལྷ་སྐུ་དེ་ཚོར་མཇལ་བ་ཡིན། ལྷ་སྐུ་ཞལ་བཞི་ཅན་ཞིག་འདུག དེ་ནི་པད་འབྱུང་གི་ཡབ་ཡུམ་གཉིས་དང་ནུ་བོ་དང་པད་འབྱུང་ཁོ་རང་བཅས་མཚོན་པ་རེད་ཟེར་ནས་འགྲེལ་བཤད་བརྒྱབ་སོང་། དཀོར་གཉེར་བ་རྒད་པོ་དེས་༼ཕ་དྲན་པ་ནམ་མཁའ་༽ཟེར་བ་དེ་ད་དུང་ངའི་རྣ་ལམ་དུ་གྲག་གི་འདུག དགོན་པ་དེ་བོན་རང་གི་ལུགས་འཛིན་མཁན་རེད་མ་གཏོགས་བན་དེ་དང་འབྲེལ་བ་ཞིག་ཅང་མ་རེད།
མ་ཎི་བཀའ་འབུམ་སོགས་ལས་བཤད་པའི་ཡུལ་ཆགས་སྟངས་དེ་ཡང་ལོ་ཚིགས་དང་གོ་རིམ་འཆོལ་བ་ཙམ་ལས་ལོ་རྒྱུས་བཤད་སྟངས་རང་ལ་ཁྱད་ཆོས་ཆེན་པོ་འདུག ཚན་རིག་པའི་བཤད་སྟངས་ཀྱི་གོ་རིམ་དང་ཧ་ཅང་མཐུན་གྱིན་འདུག བོད་སོགས་ཀྱི་ཡུལ་འདི་འཁྱགས་པའི་དུས་རབས་ཀྱི་རྗེས་སུ་མཚོ་ཡིས་གང་བ་དང་དེ་ནས་མཚོ་མེད་པར་གྱུར་ཤུལ་དུ་ནགས་ཚལ་སྐྱེས་པ། དེ་ནས་མི་རྣམས་གཞིས་ཆགས་ཚུལ། དེ་ནས་ཤེས་རིག་འདྲ་མིན་དར་ཚུལ་སོགས་སོགས་དེང་དུས་ཀྱི་ས་ཁམས་རིག་པ་བ་ཚོས་ཀྱང་བཤད་ཀྱིན་འདུག་ག མ་གཞི་བོད་ཀྱི་མི་རྒྱུད་སྤྲེའུ་ལས་བྱུང་བར་བཤད་པ་འདི་དྦཡིན་ཇི་བ་སྐྱེ་དངོས་ལོ་རྒྱུས་མཁས་དབང་ཅལ་སི་སྒྲལ་ཝེན་གྱི་natural selection དང་ evolution གྱི་བཤད་སྟངས་དང་ཧ་ཅང་མཐུན་གྱིན་འདུག ཡིན་ན་ཡང་དུས་ཚོད་སྔ་ཕྱི་ལ་སྐྱོན་འདུག མ་གཞི་བོད་མིས་རང་གི་སྐྱེས་སྐར་ཡང་ཤེས་ཀྱིན་མེད་ས་ནས་ལོ་ཚིག་ནོར་བ་དེ་བཤད་མི་དགོས་པ་ཞིག་རེད། རིག་གནས་གང་ཡིན་ཡང་འདོར་རྐྱང་ངམ་ཡང་ན་ལེན་རྐྱང་བྱེད་ཆོག་པ་ཞིག་མེད་པའི་གདམས་ངག་སྙིང་ལ་ཟུངས་ཤིག
ངེད་ཀྱི་ཡུལ་གྲོང་ན། དེང་སང་ཡིན་ནའང་ཤྰཀྱ་ཐུབ་པའི་བསྟན་ལ་དད་མཁན་དག་གིས་བོན་པོ་མཆེད་གྲོགས་ཚོར་རྣམ་རྟོག་ལངས་པ་དང་། འཛེམས་ཟོན་བྱེད།
འདི་ནི། དུས་རབས་མང་པོའི་རིང་བན་བོན་གཉིས་འཐབ་པའི་མཇུག་འབྲས་ཡིན་པ་གདོན་མི་ཟ།
བོན་པོ་ཚོས། ཚུར་ང་ཚོར་བལྟ་སྟངས་ག་འདྲ་ཡིན་མིན་མི་ཤེས།
བསམ་ཚུལ་སྤེལ་རེས་དང་། མྱོང་ཚོར་བརྗེ་རེས་བྱེད་པ་འདི་ཤིན་ཏུ་བཟང་།
ཕྲན་ལ་མཚོན་ནའང་། གོང་གི་མཆན་འདི་རྣམས་བཀླགས་ནས་བློ་བསྐྱེད་མི་ཉུང་བ་ཞིག་ཐོབ་སོང་བས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
ཤག་དང་འཐབ་མོ་མ་བྱེད་བན་བོན་ཟུང་།
ལག་པའི་ཕྱི་ནང་ཙམ་གྱི་ཁྱད་པར་རེད།
འཇམ་དཔལ་རྣོན་པོ་ལགས།
ཁྱོད་ཀྱིས་མཆན་བུར་གོ་རྒྱུ་མི་འདུག ལྟོས་དང་འདི་ལ་དོན་ག་རེ་
འདུག་ ༼ངས་ལ་སྟོད་བུ་ལ་ལན་འབྲི་ས་ནས་བོན་པོ་ཚང་མ་ལ་ཕོག་ཐུག་སོང་ན་མ་འགྲིག་པ
་རེད།༽༼གཞན་སེམས་སྲུང་བ་སངས་རྒྱས་པའི་ལུགས་རེད༽
ཡིན་རྒྱུ་རེད། ཁ་ནས་གཞན་སེམས་སྲུང་བ་རྐྱང་རྐྱང་བཤད་ཅིང་ཁོག་ཏུ་ཕྱོགས་རིས་ཕྲག་དོག་ཆུ་ལྟར་འཁོལ་ཏེ་འདི་ཡི་ནང་དུ་བོན་པོར་དམའ་འབེབས་པའི་ཚིག་ངན་ཇི་ཙམ་བཤད་ཡོད། ཁ་ནང་དུ་འཁོར་ནས་ཤོད། ཁྱེད་ཚོས་ཅི་བྱས་གྱེར་ནག་ཚང་གིས་བསྣམས་པའི་མཆན་དེ་ལ་ལྟོས་དང་གཞན་སེམས་
གཞན་སེམས་ག་རེ་གཞན་སེམས་དེ་དག་ཐམས་ཅད་གཞན་སེམས་ཀྱིས་བྱུང་བ་ཡིན་ནམ། ཡག་པོ་ལྟོས་ལ་སྐད་ཆ་ཤོད།
༼ལ་སྟོད་བུ་ལ་གཅིག་བཤད་རྒྱུ་ཡོད་ན་གཞོན་ནུ་ཟླ་མེད་ཀྱི་བྲིས་པའི་མཆན་བུ་དེ་ལ་ལན་ཞིག་བྲིས་དང་ལྟད་མོ་བལྟ་ཡ།༽
གཞོན་ནུ་ཟླ་མེད་ལ་བྲིས་ཟིན་ཡོད་ཁོ་དྲྭ་རྒྱར་སྤྱོད་རྒྱུའི་དངུལ་ཁུག་སྟོང་པ་ཆགས་པར་ཁག་དཀྲི་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག ཡང་ན་ཁོ་རང་ལུང་དེ་གཉིས་དེ་འཚོལ་བར་ཕྱིན་ཡིན་རྒྱུ་རེད། ཁོ་ཡིས་དྲི་བ་གང་འདུག་ཁྱོད་ཀྱིས་འདིར་ཁྱེར་ཤོག་ལན་འདེབས་རྐྱང་ཡིན།
ད་སྤོབས་པ་མཐའ་ཡས་སྤོབས་པ་བྲལ་ཏེ་གཞོན་ནུ་ཟླ་མེད་ལ་ཁག་གཡོགས་རྒྱུ་ཡིན་ནམ།
ངས་བཤད་ཡིན་པ་ཙི་ཙིའི་རྔ་མ་ནང་བཞིན་ཆགས་ཡོང་གི་འདུག་སྔར་ནས་བཤད་ཡོད།
ཡང་ཞེ་བོ་གཅིག་བྱེད་རྒྱུ་ཡོད་མདོག་གིས་ང་ལ་———ད་ཤོག་—–ད་ཐོན་ཤོག་ཅེས་ཟེར་ནས་འདུག་ཏུ་མ་བཅུག་བྱུང༌།—-ད་ཤོག་དང་—–ལ་སྟོད་གངས་སེང་དཀར་མོ་གཡུ་རལ་ནམ་མཁའི་སྤྲིན་ལྟར་དཀྲིགས་ཏེ་ཁ་ལྔའི་ཧོམ་ཞལ་གནམ་ལྟར་གདངས་ཏེ་མཆེ་སྡེར་དབལ་སོའི་མདུང་ལྟར་བསྒྲེངས་ཏེ་བསྡད་ཡོད་སུ་ཞིག་ཐོན་པ་ཡིན་ནའང་མཆེ་སྡེར་གྱིས་དུམ་བུར་བཏུབ་རྐྱང་ཡིན། སུ་ཞིག་གིས་འགྲན་དུ་ཚད་རྐྱང་ཞལ་དུ་བསྟབ་རྐྱང་ཡིན།
ལ་སྟོད་བུ་ཟེར་བས། ༼སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་གཞི་མ་གྲུབ་པ་རེད།༽ ཅེས་བྲིས་འདུག དེ་བདེན་པ་བདེན་རྐྱང་ཡིན་ས་རེད། བོད་རྒྱ་ཚིག་མཛོད་ཤོག་གྲངས་ ༡༡༡༧ པ་ལས། སྟོན་པ་གཤེན་རབ། སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་པའི་བོན་པོའི་སྟོན་པ། ཞེས་བྲིས་འདུག འདི་ནོར་བ་ཡིན་གྱི་རེད། བོན་གྱི་གྲུབ་མཐའ་འཛིན་པ་ལ་སྟོན་བུ་ནས་འོལ་མོ་ལུང་རིང་གཞི་མ་གྲུབ་པར་ཁས་བླབས་བས་སོ། ལ་སྟོད་བུའི་ལུགས་ལ་སྟོན་པ་གཤེན་རབ་ཀྱང་གཞི་མ་གྲུབ་པར་ཁས་ལེན་རྒྱུ་ཡིན་ནམ་སྙམ།
སྤོབས་པ་མཐའ་ཡས་ལགས།
༼ནམ་མཁའི་ནོར་བུ་བོན་པོ་ཡིན་མིན་ནས་གླེང་ན་ནམ་མཁའིནོར་བུ་རང་གི་གསུངས་ལས་ཁོ་རང་གི་སློབ་མ་ཁ་ཤས་བལ་ཡུལ་དུ་འགྲོ་སྐབས་མི་ཁ་ཤས་རེས། ཁྱོད་ཚོའི་བླ་མ་དེ་བོན་པོ་རེད་དམ་ཞེས་དྲིས་འདུག་ཀྱང་ང་ལ་གང་བརྗོད་ཀྱང་ཁྱད་པར་མེད་ཅེས་གསུངས་འདུག་ག དེ་ལས་ལྷག་པའི་སྒྲུབ་བྱེད་ག་རེ་དགོས།༽
དེ་འདྲའི་ཁྱོད་ཀྱིས་ནམ་མཁའི་ནོར་བུ་བོན་པོ་སྒྲུབ་བྱེད་ཐབས་སྐྱོ་བ་ལགས།
ཁོང་གིས་དེ་ལྟར་གསུང་ན་ཁྱོད་ཀྱིས་ཁོང་རྙིང་མ་རེད་ཅེས་གང་གིས་ཕྱིར་མི་ལབ་པ་ཡིན། རྒྱུ་མཚན་ཤོད་དང༌། གང་བཤད་ན་འགྲིག་ཅེས་གསུང་དུས་ཁྱོད་ཀྱིས་ཁོང་བོན་པོ་རེད་ཅེས་གང་གིས་ཕྱིར་དུ་བདམས་པ་ཡིན་ནམ།
སྤྱིར་རྣལ་འབྱོར་པ་ཁྱོད་ལྟ་བུ་མིན་པའི་ཕྱོགས་རིས་དང་བྲལ་བའི་ཆོས་སྤྱོད་པ་ཞིག་ཡིན་ཚེ་དེ་ལྟར་གསུང་སྲོལ་ཡོད། མིང་གང་བཏགས་ཀྱང་ཁྱད་པར་ཡོད་པ་མ་རེད། དེ་ནི་ཤེས་བྱ་ཐམས་ཅད་བདེན་མེད་སྒྱུ་མའི་རང་བཞིན་དུ་བརྡ་དང་ཐ་སྙད་ཀྱིས་ཕར་བཏགས་པ་ཙམ་དུ་མ་གཏོགས་ཡུལ་གདོད་ལུགས་ཀྱིས་ངོས་ནས་གྲུབ་པ་ཅུང་ཟད་གཅིག་ཀྱང་མེད་པར་རྟོགས་པའི་རྣལ་འབྱོར་བ་རྣམས་ཀྱིས་གཟིགས་སྟངས་རེད།
དེ་ཚོ་ཁྱོད་དང་ང་ལྟ་བུའི་ཕྱོགས་རིས་ཀྱི་ནད་ཀྱིས་བཟི་བར་དཔེ་འདྲེན་ས་ཞིག་མ་རེད།་ ཞེ་དྲག་གི་མཐོ་དྲག་པ་རེད།
དེ་ནས་ང་ཡིས་དྲི་བར་ལན་དོན་མཐུན་གཅིག་ཀྱང་ཁྱོད་ཀྱིས་རྒྱབ་མི་འདུག མི་དགོས་པའི་གཏོར་མའི་སྐོར་ཅིག་བཤད་ཡོང་གི་འདུག་གཏོར་ཟན་ཞིག་
ཡིན་ཁོ་ཐག་ཆོད།
འཇམ་དཔལ་རྣོན་པོ་
ཁ྄ྱོད་ལ་ཞེ་བོ་གཅིག་བར྄ྙེད་པའི་བཟོ་འད྄ྲ་ཞིག་ ཤ་ཚ།
རྒྱ་བོད་ཚིག་མཛོད་དུ་བྲིས་ན་དེ་ཡོད་པས་ཁྱབ་པར་ཐལ།
ཁྱོད་ཀྱིས་ཁས་བླངས་དེ་ཡིས་ཕྱིར།
ཁྱབ་ཟེར་ན། རི་བོང་རྭ་ཡོད་པར་ཐལ།
རྒྱ་བོད་ཚིག་མཛོད་ཤོག་གྲངས་2678་ནང་གི་ཡིག་འཕྲེང་16་དུ་དེ་ལྟར་བྲིས་ཡོད་པའི་ཕྱིར། ཁྱབ་པ་ཀུ་རུ་ཁ་ཁས། ད་ཁྱོད་ཀྱིས་ལན་ཐོབ།
ངས་ནམ་ཡང་རྒྱ་བོད་ཚིག་མཛོད་དུ་བྲིས་པའི་བོན་གྱི་སྐོར་ལ་འགྲེལ་བཤད་བྱས་པ་རྣམས་བརྒྱ་ཆ་དགུ་བཅུ་གོ་དགུ་འགྲེལ་བཤད་ནོར་བས་ཁྱབ། ཁས་ལན་བརྟན་པོ་ཡིན།
ཁྱེད་ལ་ངས་དེ་ཡི་ནང་དུ་བྲིས་པའི་བོན་གྱི་སྐོར་འགྲེལ་བཤད་ལོག་འགྲེལ་བྱས་པ་འགའ་ཞིག་ངོ་སྤྲོད་བྱེད་དགོས་ནའང་བྱེད་ཆོག
ད་ངས་ལ་སྟོད་བུ་ལ་དྲི་བ་གཅིག་འདྲི། གཤེན་རབ་སྟོན་པའི་ཆོས་ལུགས་འདི་དཔལ་ནཱ་ལེན་དྲའི་ཆོས་ལུགས་ལ་དཔེ་བཤུས་དགོས་པའི་རྒྱུ་མཚན་གང་རེད་ཟེར་གྱི་ཡོད། དེ་མིན་ཁྱེད་ཀྱིས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་གཞི་མ་གྲུབ་པར་ཁས་བླངས་པ་ལ་ངས་དེ་ག་རང་ཡིན་གྱི་རེད། ཅེས་བཤད་ཡོད། གཞན་མང་པོ་བཤད་མེད།
སྤོབས་པ་མཐའ་ཡས། ཁྱོད་རྒྱལ་རོང་ལ་དེ་འདྲའི་ཆ་རྒྱུས་ཡོད་ན་ངས་ཁྱོད་ལ་འདྲི། ཁྱོད་ཀྱིས་བཤད་པའི་དགེ་ལུགས་པའི་དགོན་པ་ཆེན་པོ་དེ་གང་རེད། བོན་པོའི་དགོན་པ་དང་རྙིང་མའི་དགོན་པ་རྣམས་ཆུང་ཆུང་རེད་འདུག་ཟེར། དམུ་རྡོའི་མཐའ་འཁོར་དུ་ཡོད་པའི་དགོན་པ་དག་ལ་མང་ན་གྲྭ་བ་བཞི་བཅུ་རེ་ལས་མེད། འདི་འདྲ་བའི་བོན་པོའི་དགོན་པ་དང་རྙིང་མ་པའི་དགོན་པའང་ཡོད་པ་རེད།
འཇམ་དཔལ་རྣོན་པོ་ལགས། ངས་འོལ་མོ་ལུང་རིང་མེད་པར་ཁས་བླངས་མེད་པར་ཁས་བླངས་འདུག་ཅེས་སྨྱོ་ཧམ་མ་བཤད་རོགས། ངས་གང་ན་བཤད་འདུག་ཁྱེར་ཤོག མི་དཀར་པོ་ལ་ཞྭ་མོ་ནག་པོ་གཡོགས་འདོད་ཀྱི་ཧམ་སེམས་ཅན།
རྒྱ་བོད་ཚིག་མཛོད་དུ་བྲིས་པའི་སྟག་གཟིག་འོལ་མོ་ལུང་རིང་ཞེས་བྲིས་པ་ལོས་ནོར་
ཡིན་དང་ཡིན། བརྒྱ་ཆ་བརྒྱ་ཐམ་པ་ནོར་བ་རེད། ད་དུང་སྟོན་པ་གཤེན་རབ་གཞི་མ་གྲུབ་ཡིན་རྒྱུ་རེད་ཅེས་བཤད།
ཅི་ཡིས་ཕྱིར། རྒྱུ་མཚན་ཞིག་བཀོད་དང༌། སྟོན་པ་གཤེན་རབ་སྟག་གཟིག་འོལ་མོ་ལུང་རིང་དུ་འཁྲུངས་པ་རྟགས་ལོ་དགུ་ལ་མ་གྲུབ།་ དེར་མ་འཁྲུངས་ཏེ།
སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རྟག་གཟིགས་
འོལ་མོ་ལུང་རིང་དུ་འཁྲུངས་པའི་ཕྱིར་རོ
ལ་སྟོད་ཀྱི་བུ་ཁྱོད་ཀྱིས་དངོས་གནས་མ་མཐོང་བ་ཡིན་ནམ་མཐོང་ནས་མ་མཐོང་མདོག་བྱེད་ཀྱིན་ཡོད། ཞེ་བོ་ཞིག་ཤེས་མདོག་དང་མངོན་མདོག་བྱེད་ཀྱིན་འདུག སྐད་ཤུགས་ཆེན་པོས་འབོད་པ་ཇི་ལྟར་བཏང་ན་ངས་དྲི་བ་ལ་ལན་མི་འདེབས་དོན་གང་ཡིན། མ་མཐོང་ན་གོང་གི་མཆན་160ལ་གཟིགས་དང་དྲི་བ་དེ་ག་རང་དུ་ཡོད།
ཁྱོད་ཀྱིས་བཤད་པ་ནང་ལྟར་ཉེ་བའི་གཟུངས་དོན་བོར་ནས་རིང་བའི་ཡུལ་ལ་མ་འཇུག་ལོ།
ད་དེ་རིང་ང་ཚོ་གུང་གསེང་ལ་ཁེལ་ཡོད། ཁྱོད་ཀྱིས་གོང་གི་དྲི་མཆན་དེར་རེ་རེ་བཞིན་ལན་བསྐྱོན་དང་ལ་སྟོད་ཀྱི་བུ་ཡིན་མིན་ཤེས་ཡོང་།
འཇམ་དཔལ་རྣོན་པོ་ལགས།
༼གླག་ནས།
བོན་པོ་ཚོས་དམར་མཆོད་ བྱེད་མ་མྱོང་རབས་དང་བོན་ནག་ཅེས་པ་མེད་རབས། ཞང་ཞུང་ཞེས་པ་ཞིག་ཀྱང་ཡོད་རབས། དེ་ལ་ཡི་གེ་ཞིག་ཀྱང་ཡོད་རབས་སོགས་ཧམ་བྱེད་རྐྱང་བ་བྱས་པ་ལས་དོན་ལ་མངོན་བཞག་ པ་ཅི་ཡང་ཡོད་པ་མ་རེད། འདིར་ཕེབས་པའི་བོན་ཕྲུག་ཚོས་བཀའ་ལན་ཞིག་གནོང་དང་།༽
སྡིག་བྱ་ཁྱོད་ཀྱིས་བོན་པོར་དེ་ཚོ་ཡོད་རབས་དང་མེད་རབས་གཅིག་ཤོད་དང༌།
བཤད་རྒྱུ་ཅི་ཡང་མེད་པ་ཡིན་པ་ བོན་པོའི་དཔེ་ཆ་ནི་མཐོང་མ་མྱོང༌། བན་དེའི་དཔེ་ཆ་ནས་ཁ྄ྱེར་ཡོང་ན་ཁོས་ཁས་མི་ལེན། ད་གང་བཤད། ། བོན་པོའི་དཔེ་ཆ་ནས་དམར་མཆོད་འབུལ་རབས་ཅིག་ཤོད་དང་ལུང་ཅིག་ཁྱེར་ཤོག་དང༌།དེ་ནས་ཁྱོད་ཨ་མའི་བུ་ཡིན། དེ་མིན་འདབ་ཆགས་བྱོལ་སོང་རང་རེད།
བོན་པོ་ཚོས་དམར་མཆོད་ཕུལ་བ་མེད་པ་ལ་བྱེད་མྱོང་དང་མ་མྱོང་གི་སྐད་ཆ་བཤད་མ་ཡོང༌།་ ད་བོན་པོ་ཚོས་དམར་མཆོད་མི་འབུལ་ཏེ། བོན་གཞུང་ལས། རང་གི་གཟུགས་ཀྱི་ཕུང་པོ་ལ། ཚེར་མ་གཅིག་ཀྱང་མི་བཟོད་པར། གཞན་དག་སེམས་ཅན་མང་པོ་ཡི། སྲོག་གཅོད་ཤ་ལ་བཟའ་དགོས་ཟེར། ག་ལི་སེམས་ཅན་བདུད་རིགས་ཤིག ཞེས་སེམས་ཅན་གྱི་སྲོག་གཅོད་པ་བཀག་པའི་ཕྱིར། རང་གིས་དགག་བཞིན་དུ་རང་གིས་སྒྲུབ་པ་ཁྱོད་ཚོ་ཡིན་རྒྱུ་རེད། རིམ་བཞིན་ལན་འབྲི་རྒྱུ་ཡིན།
རྗེས་འདེད་བྱེད་རྐྱང་ཡིན། མི་མང་རོ་མང་ཞིག་མ་བཟོས་ན་ང་མི་མ་ཡིན།
xxxxxxx
སྤོབས་པ་མཐའ་ཡས་ཀྱིས་ཡང་ཞིམ་བུའི་སྐྱག་པ་འགེབ་སྟངས་བྱེད་ཀྱིན་འདུག ཁྲི་སྲོང་ལྡེའུ་བཙན་གྱིས་བོན་པོ་མང་རབས་ཀྱི་སྐེ་བཅད་རིག་འཛིན་རྣམས་མཐར་སྤྱུགས། གསུང་རབས་རྣམས་མེ་དང་ཆུ་ལ་སྦྱར དེ་ནུ་བོ་ཚང་གིས་ཕུ་བོར་བརྩི་མཐོང་བྱས་པར་བརྩིས་ཤིག བོན་པོ་བོན་སྡེར་བསྒྱུར་བའང་ནུ་བོ་ཚང་གིས་ཕུ་བོར་བརྩི་མཐོང་བྱས་པར་བརྩིས་ཤིག དགའ་ལྡན་ཕོ་བྲང་པས་སོག་དམག་བསྐུལ་ཏེ་བེ་རི་དོན་ཡོད་རྒྱལ་པོ་བོན་པོ་ཡིན་པའི་རྒྱུ་མཚན་གྱིས་རྡུལ་དུ་བརླགས་པ་ཡང་ནུ་བོས་ཕུ་བོར་བརྩི་མཐོང་བྱས་པར་བརྩིས་ཤིག ཆན་ལྕང་ཐུབ་གསུམ་གྱིས་རྒྱལ་རོང་གི་བོན་དགོན་མང་པོ་ཞིག་དགེ་ལུགས་པར་བསྒྱུར་བ་དེ་ཡང་ནུ་བོས་ཕུ་བོར་བརྩི་མཐོང་བྱས་པར་བརྩིས་ཤིག ད་དུང་ངན་བྱས་པར་ངོ་སོ་འཁྱེར་རྒྱུ་ཡོད་ན་དེ་དག་ཡོད་ཚད་ནུ་བོས་ཕུ་བོར་བརྩི་མཐོང་བྱས་པར་བརྩིས་ཤིག བོན་པོ་རྣམས་ཡུན་རིང་བོར་རྡུང་ཞིང་མནན་མནན་པའི་མཐར་དབུགས་མ་ཆད་ཙམ་དུ་ལུས་པ་རེད། དེ་དུས་བན་དྷེ་ནང་ཁུལ་གྱི་འགལ་བ་ཛ་དྲགས་ཅན་དུ་གྱུར་ཏེ་ས་སྐྱ་བ་བཀའ་རྒྱུད་པས་བཅོམ། བཀའ་རྒྱུད་པ་དགེ་ལུགས་པས་བཅོམ། དེ་ལྟར་དམག་འཁྲུགས་ཀྱི་ནམ་མ་ལང་བར་བསྡད་པ་རེད། གལ་སྲིད་བོན་པོ་ལ་བར་སྐབས་དེ་ཙམ་ཞིག་ལ་ཡར་ལང་རྒྱུ་ཞིག་ཡོད་ན་གསོད་རྒྱུ་ཡིན་པ་ཉག་ཅིག་རེད། འདི་ཡང་ནུ་བོས་ཕུ་བོ་མ་བསད་པའི་ངོ་སོ་འཁྱེར་དགོས་པ་རེད། འདི་འདྲའི་སྐད་ཆ་བཤད་སྟངས་སྙིང་རྗེ་བོ་ཞིག དགའ་ལྡན་ཕོ་བྲང་པའི་སྐབས་སུ་ཆབ་མདོ་དང་ནག་ཆུ་སོགས་སུ་དགེ་ལུགས་པའི་དགེ་བཤེས་དང་དམག་དཔུང་བཏང་སྟེ་བོན་པོའི་དགོན་པ་མང་པོ་ཞིག་དགེ་ལུགས་པར་བསྒྱུར་བ་རེད། ཆབ་སྲིད་ཀྱི་ཆ་ནས་བཤད་ན་དགའ་ལྡན་ཕོ་བྲང་པའི་མངའ་འོག་ཡིན་ཡིན་པ་རེད། བོན་པོ་ཡིན་པའི་རྒྱུ་མཚན་གྱིས་འདི་ལྟར་བྱས་པ་ལས་རྒྱུ་མཚན་གཞན་ཞིག་འཚོལ་རྒྱུ་ཨེ་ཡོད། ད་དུང་རྒྱལ་དབང་སྐུ་ཕྲེང་ལྔ་པས་སྐབས་སུ་ཆོས་ལུགས་ཀྱི་འཐབ་རྩོད་ཅི་ཙམ་ཡོད། ཇོ་ནང་མ་དགོན་རྟག་བརྟན་བརླགས་ཏེ་ཤིན་ཏུ་ངོ་མཚར་བའི་ནང་རྟེན་དུས་འཁོར་བློས་བསླང་གི་དཀྱིལ་འཁོར་པོ་ཏ་ལར་དབོར་བ་ད་ལྟའང་མཇལ་རྒྱུ་ཡོད། འདི་ཡང་ཆབ་སྲིད་རེད་དམ།
གཏོར་མའི་སྐོར་ངས་གོང་དུའང་བཤད་ཡོད། གཏོར་མ་འཕེན་རེས་བྱེད་མཁན་རྣམས་ཀྱིས་གཏོར་མ་འཕང་པ་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་པ་རེད། ཁྱོད་དང་མའཽ་ཙེ་ཏུང་ལྟ་བུ་ཞིག་ཡིན་ན་དེ་རྩམ་པ་འཕང་བ་ཙམ་ཡིན་རྒྱུ་རེད། འོན་ཀྱང་གཏོར་མ་འཕེན་མཁན་ཚོར་དེ་ཙམ་མ་རེད། ཆོས་དད་ཡོད་མཁན་ཚོས་གཏོར་མ་འཕེན་པ་ལས་ཁྱོད་དང་མའོ་ཙེ་ཏུང་གིས་གཏོར་མ་འཕེན་མི་སྲིད། མའོ་ཙེ་ཏུང་གིས་ཁྱོད་ལ་མེ་སྒྱོགས་ཤིག་བརྒྱབ་ན་ཁྱོད་ཀྱིས་ཇི་སྙམ་དུ་སེམས། ཆོས་དད་ཡོད་མཁན་ཚོར་མཚོན་ན་གཏོར་མ་འཕེན་་རེས་བྱས་པ་དེ་་ལས་ཀྱང་ཚབ་ཆེ་བ་རེད། གལ་སྲིད་བོད་པའི་སྤྱི་ཚོགས་འདི་ཁྱོད་ལྟ་བུ་རྐྱང་རྐྱང་ཡིན་ན་རྩམ་པ་འཕེན་རེས་བྱེད་རྒྱུ་མ་རེད། མ་གཞི་གཏོར་མ་འཕེན་པ་དེར་གསང་སྔགས་ཀྱི་གཞུང་ལས་གསུང་པའི་ཆ་རྐྱེན་སྣ་ཚོགས་ཤིག་ཡོད་པ་དང་། དེ་མ་ཚང་ན་གཏོར་མ་འཕེན་སར་མི་འགྲོ་བར་རང་ཉིད་ལ་འཁོར་བ་ཡིན་མོད། ཁྱོད་ལྟ་བུའི་གསང་སྔགས་ཀྱི་གཞུང་ལ་ལོག་པར་བལྟ་མཁན་ཚོར་གོ་བརྡ་འཕྲོད་མི་ཐུབ། དགའ་ལྡན་ཕོ་བྲང་བས་རྒྱ་དམག་ལ་གཏོར་མ་འཕང་པ་དེ་རྒྱ་དམག་ཟློག་པའི་ཆེད་དུ་འཕང་པ་ཨེ་རེད། འཕེན་མཁན་གྱི་ངོས་ནས་རྩམ་པ་འཕང་བ་ཙམ་གྱིས་འདུ་ཤེས་བཞག་མེད་པར་སྡང་སེམས་དང་རེ་བ་ཆེན་པོ་ཞིག་བྱས་ཡོད་པ་རེད། རྒྱ་དམག་ཟློག་མ་ཐུབ་པ་དེ་དགའ་ལྡན་ཕོ་བྲང་བ་ལ་རྣམ་སྨིན་འཁོར་བ་དང་སྐབས་བབས་ཀྱི་སྒྲུབ་པ་པོའི་ནུས་པས་མ་ལྕོགས་པ་ལས་གསང་སྔགས་ཀྱི་གཞུང་འདི་ཕན་མེད་ཅིག་ཡིན་པའི་སྒྲུབ་བྱེད་དུ་འཁྱེར་ཨེ་རུང་། གཏོར་མ་འཕང་ནས་གནོད་པ་ཕོག་པ་ཅི་ཙམ་ནས་ཅི་ཙམ་ཡོད་པ་དང་། གཏོར་མ་འཕང་ནས་འཛིང་རིས་ཤོར་བ་ཅི་ཙམ་ནས་ཅི་ཙམ་ཡོད་པའང་བཤད་རྒྱུ་མ་ཟད་མཐོང་རྒྱུའང་ཡོད།
དྲན་པ་ནམ་མཁའི་སྲས་པད་མ་མཐོང་གྲོལ་ཡིན་པ་ལས་པད་མ་འབྱུང་གནས་མིན། འདི་དུས་རབས་ཀྱིས་གུང་བསྒྲིགས་ནའང་འགྲིག་ཐབས་མེད། ད་དུང་བོན་པོའི་ལྷའི་ཁྲོད་དུ་པད་འབྱུང་གི་ཡབ་ཡུམ་གཉིས་དང་ནུ་བོ་ཁོ་རང་བཅས་མཚོན་པའི་ལྷ་སྐུ་ཞལ་བཞི་ཅན་ཞིག་གཏན་ནས་མེད། ཁྱད་མཚར། ཁྱོད་ཀྱིས་རང་ཉིད་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཏུན་ཧོང་ཡིག་རྙིང་ལ་དམའ་འབེབས་བྱེད་ཐུབ་ཅིང་། རང་ཉིད་དགའ་བ་རྒྱུ་མཚན་དུ་བྱས་ནས་བཤད་སྲོལ་ཙམ་ལའང་ཡིད་རྟོན་བྱེད་ཀྱིན་འདུག བོན་པོའི་ལོ་རྒྱུས་ཤེས་འདོད་ན་བོན་པོ་རང་གི་གཞུང་ལ་བལྟ་དགོས་པ་ལས་ཐུའུ་བཀཱན་གྱི་ལུགས་ངན་དེ་བླངས་པས་མི་ཡོང་། དཀོན་གཉེར་གྱི་ངག་ཚད་མར་བཟུང་བས་ཀྱང་མི་ཡོང་། ཕུར་པ་སྐྱབས་ཀྱིས་ཁྱོད་ལ་རྫུན་རྐུབ་ལུག་ཡོང་བ་ཟེར་བའང་དེ་འདྲ་ཡིན་རྒྱུ་རེད། གལ་སྲིད་ཁྱོད་ལ་དཀོན་གཉེར་དེའི་མིང་བཤད་རྒྱུ་མེད་ཀྱང་དགོན་པ་དེའི་མིང་དང་ཡང་ཅི་འདྲ་ཞིག་ཡིན་པ། ་དམུ་རྡོའི་ཕྱོགས་གང་དང་གང་ཚོད་དུ་ཡོད་པ་སོགས་ཀྱི་གཏམ་གསལ་བོ་བཤད་རྒྱུ་ཡོད་ན་ཤོད་དང་ངས་ཁྱོད་ལ་ངོ་སྤྲོད་ཡག་པོ་ཞིག་བྱེད། ཅིག་བྱས་ན་དཀོན་གཉེར་དེའི་མིང་ཡང་ངས་ཁྱོད་ལ་བཤད་ཐུབ་ན་ཐང་། བཤད་རྒྱུ་མེད་ན་ཕུར་པ་སྐྱབས་ཀྱི་མ་འོངས་ལུང་བསྟན་གནད་ཐོག་ཏུ་ཁེལ་བ་རེད།
རྒྱལ་སྤྱིའི་མཁས་དབང་རྒྱལ་ཕྱིར་གྲགས་ཆེ་ཡང།
ཆོས་མེད་རིང་ལུགས་ཆོས་ཀྱི་གོ་རྟོགས་དབེན།
བསམ་གཏན་མཁར་རྨེས་བསམ་རྒྱུ་སྙན་གྲགས་རེད།
རྒྱབ་དཔུང་བྱེད་རྒྱུའི་རྒྱབ་ལྗོངས་འདི་ན་མེད།།
བན་བསྣུབས་མི་ཁ་ཕོག་པའི་འུ་དུམ་བཙན།
སྤུ་རྒྱལ་བཀྲོངས་པའི་དམ་ཉམས་ལྷ་ལུང་དཔལ།
འདི་གཉིས་གཅིག་བསྟོད་གཅིག་སྨད་བྱས་གྱུར་ན།
བཟང་འབྲས་མ་མཐོང་དེ་བས་དེ་ཡང་མིན།
ཁ་བརྡ་འདི་ན་ཁ་ཕོ་ཅན་འགའ་རེས།
འཁྲུལ་སྣང་གཏམ་གྱིས་འཁྲུལ་གཞི་བཟོས་པ་ལ།
ལ་སྟོད་སོགས་ཀྱིས་ལན་འདེབས་བགྱིས་པ་དག
དོན་བདེན་རམ་འདེགས་དོན་དུ་ཁོ་བོ་འབྱོར།།
ཆགས་སྡང་ཆང་གིས་མྱོས་པའི་ར་རོ་བ།
ཨ་ནུ་ཐང་ཞེས་ཨ་ལོང་སྐོར་མཁས་ཀྱང་།
ལ་སྟོད་བུ་ལོས་ལ་ལུང་མ་སྐོར་བར།
དམ་ལྷོད་འགའ་ཡིས་དམ་བཏགས་དབང་བསྐུར་མཛད།།
དེ་ཙམ་མ་ཡིན་དེ་མཚུངས་གཞན་ཡོད་དེ།
མིང་རྫུན་འོག་ནས་མི་རིགས་ནང་དཀྲུག་མཁན།
སྤོབས་པ་མཐའ་ཡས་སྤོབས་སེམས་བྱེ་མའི་རི།
ལ་སྟོད་བདེན་གཏམ་རླུང་གིས་ལེབ་མོར་བཟོས།།
ལ་སྟོད་བུ་ལ་ངོ་བསྟོད་མ་ཡིན་ཀྱང་།
མེས་དབོན་རྣམ་གསུམ་མེས་སྲོལ་སླར་གསོ་བའི།
འཇམ་གླག་གཞོན་གསུམ་འཇམ་རྩུབ་རེས་མོས་ཀྱིས།
ཉེས་བརྒྱའི་བཙོན་དུ་བཅུག་པའི་ཉེན་རྟོག་པ།།
ཨ་ནུ་ཐང་ནུ་ཐང་གི་ཨ་ལོང་དགུ་སྐོར་ལ།
རྟགས་དང་རིག་པ་བཀོད་ནས་ཏག་ཏག་བཟོས།
སྤོབས་མཐས་ཕུ་ནུའི་སྐོར་གྱི་སྤོབས་བཤད་དེ།
རིག་མཚུངས་ཤིག་གིས་རིག་པའི་ལམ་སྒོ་བཅད།།
བསྔགས་བསྟོད་འོས་སོ་ལ་སྟོད་བུ་ལོ་ལགས།
བསྟོད་བཞིན་མ་འདུག་སྟོད་སྨད་བོན་གྲོགས་ཚོ།
ཁ་བརྡའི་དྲ་རྒྱར་ཁ་མཆུ་འོས་མིན་ཀྱང་།
གསལ་བཤད་རན་པ་གསལ་གསལ་ཐིང་ཐིང་རེད།
བཙན་པོའི་དུས་སུ་མེས་དབོན་རྣམ་གསུམ་དང་།
སིལ་བའི་སྐབས་སུ་བླ་བྲང་དབང་བསྒྱུར་པ།
དེ་དག་བོན་ལ་སྡང་བའི་ལོག་སྤྱོད་ཀུན།
གོ་ལའི་ཁྱོན་ལ་ཁྱབ་བསྒྲགས་མི་བྱེད་དོ།།
ཟབ་རླིང་བོན་གཞུང་གང་ལའང་མ་གྲགས་པའི།
རྡོལ་འཁྱར་བསྒྱུར་གསུམ་དཀར་ནག་དབྱེ་བ་དང་།
ཤ་ཁྲག་དམར་མཆོད་བྱེད་པའི་ཧམ་བཤད་དག
བདེན་དོན་དཀར་སར་སྐྱེལ་ལ་ཅིས་མི་འགྲོ།།
དེ་རིང་དེ་ཙམ་ཡིན་རྗེས་སུ་མུ་འཐུད་དེ་ཡོང་གི་ཡིན།
ནོར་བཅོས། བོན་པོ་བན་སྡེར་བསྒྱུར་བའང་ ཞེས་བཅོས་རོགས།
ཆོས་བརྒྱུད་ཕན་ཚུན་མ་རྩོད།
གླང་དར་ལེགས་ཉེས་རྩོད་དང་།
སྨོན་ལོག་ཡིན་མིན་རྩོད་དང་།
བོན་ཕྱོགས་ཡིན་མིན་རྩོད་དང་།
བན་བོན་ནང་ཁུལ་མ་རྩོད།
ལྷ་སྲས་ཡིན་མིན་རྩོད་དང་།
འདྲེ་སྲས་ཡིན་མིན་རྩོད་དང་།
བཟང་སྤྱོད་བསྣུབས་མིན་རྩོད་དང་།
ལ་སྟོད་བོན་ཉོན་ཞིག བོན་པོས་དམར་མཆོད་བྱེད་རབས་བན་དེ་དཔེ་ཆ་ཁྱོད་ཀྱིས་ཁས་ལེན་རུང་ངས་འཁུར་ཡོང་གི་མིན། བོན་པོ་ཁྱོད་རང་ཚོའི་དཔེ་ཆ་ཡང་མང་པོ་མི་འདྲེན། བོན་པོའི་བསྐང་བ་འགའ་ཞིག་ལས། སྙིང་ཁྲག་དམར་གྱིས་མཆོད་པ་འབུལ། ཤ་ཁྲག་དམར་གྱིས་མཆོད་པ་འབུལ། ཞེས་དང་། ཡང་མངའ་གསོལ་ཞེས་པ་ཞིག་ལས། རཀྟ་ཁྲག་གིས་མངའ་གསོལ་ལོ། ངང་མོའི་སྙིང་གིས་མངའ་གསོལ་ལོ། དུང་ལུག་སྙིང་གི་མངའ་གསོལ་ལོ། སོགས་མང་བས་མ་ཚད། བོད་ན་ཡོད་པའི་བོན་པོ་ཚོས་བྱ་དེ་དང་ལུ་གུ་ར་མ་སོགས་སྐེ་བཅད་ནས་གསུར་ལ་གཏོང་བཞིན་ཡོད་པ་ཡོང་གྲགས་ཡིན། དེ་ཡང་གཙོ་བོ་ཨ་མདོ་ཕྱོགས་དང་ཁམས་ཕྱོགས་ན་མང་པོ་ཡོད།
སྟོན་པ་གཤེན་རབས་ཀྱིས་གཡུང་དྲུང་བོན་གྱི་སྲོལ་འབྱེད་པ་ནས་བཟུང་བཀག་ཡོད་པ་ངས་ཁས་ལེན་བཞིན་ཡོད། དེའི་སྔོན་ན་བོན་པོས་དམར་མཆོད་གཏོང་བཞིན་མེད་ལབ་ན་ཡིད་མི་ཆེས། གོང་གི་ལུང་ཚིག་འདྲ་བོ་མང་པོ་དྲངས་རྒྱུ་ཡོད། དེ་ཡང་བོན་པོའི་བསྐང་བ་དང་སྐུལ་བ་སོགས་ནས་མང་པོ་མཐོང་མྱོང་།
ལ་སྟོད་བོན་ཡང་ཉོན་ཞིག
བོན་ནག་ཅེས་པ་ཁྱོད་ཀྱིས་གོང་དུ་རི་བོང་རྭ་ཡི་དཔེ་ལ་བརྩིས་ཟིན་པ་རེད། བོན་ནག་ཅེས་པ་མེད་ན། བོན་དཀར་ཡང་ཡོད་རྒྱུ་མ་རེད། དེས་ན་བོན་གསར་མ་ཆོས་ཅན། བོན་དཀར་མ་ཡིན་པར་ཐལ། མེད་པའི་ཕྱིར། འདོད་ན་ཞང་ཞུང་སྒོ་བ་ཡིན་ན་ཅིག་ལ་བགྲངས་བཞིན་པའི་ཁྱུང་པོ་རི་རྩེ་དྲུག་དགོན་པ་དང་རྫ་སྨོན་རྒྱལ་དགོན་སོགས་མེད་པར་ཐལ་ལོ། ཨ་མདོ་རྟོགས་ལྡན་དགོན་པ་ཡང་དེ་བཞིན་ནོ།
བོན་གསར་མ་དང་རྙིང་མ་ལ་བོན་དཀར་ནག་ཅེས་སྦྱར་ན་མི་འཐད་ཀྱི་ག་རེ་ཡོད། ཡང་ཁྱོད་ཀྱིས་དེ་ན་བན་དཀར་བན་ནག་ཅེས་པ་ཡང་ཡོད་པར་ཐལ་ཞེ་ན། འདོད་ལབ་རྐྱང་ཡིན། མེད་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད།
ལ་སྟོད་བོན་ནག་ཅིག་གིས།།
བོན་ནག་མེད་རབས་བཤད་ཀི།།
རང་གི་རང་ཁུངས་མ་ཤེས།།
གཞན་ལ་རྫིག་ཉམས་མ་སྟོན།།
འདབས་བཟང་གླག་ཕྲུག་རྒོད་པོ།།
ལ་སྟོད་རི་བོའི་རྩེ་ལ།།
ཅི་དགར་ལྡིང་སྐོར་བརྒྱབ་ན།།
བོན་ཕྲུག་སྙིང་རྩ་མ་འདར།།
གཞན་ངས་ཡང་བསྐྱར་ངས་ཁྱོད་ལ་དྲི་བ་ཞིག་གཏོང་། ཞང་ཞུང་གི་ཡི་གེ་ཟེར་བ་ཁྱོད་ཚོས་བཟོས་ཡོད་པ་མཐོང་རྒྱུ་ཡོད་མོད། བོད་སྟོད་སྨད་བར་གསུམ་དང་ཧི་མའི་རི་རྒྱུད་ཁག་ན་བོན་དཔེ་རྙིང་པ་མང་པོ་མཐོང་རྒྱུ་ཡོད་པའི་ཁག་ན་ཞང་སྐད་དང་དེའི་ཡིག་གཟུགས་ཅན་གཅིག་ཀྱང་མཇལ་རྒྱུ་མེད་པ་གང་ཡིན། ཁྱོད་ཚོའི་རྫུན་ཁོངས་བརྡོལ་འགྲོ་ཉེན་ཆེ་བས་ཡིན་ནམ།
འོ་་་་་་་་་་་་་་དགའ་རོགས་མ་མེ་རེས་ན་སླེབས་སོང་འགྲོ་རྒྱུ་ཡིན། དགོང་དྲོར་སླེབས་ཡོང་།
རྩོམ་འདིའི་མཆན་བུ་ཁ་ཤས་ཤིག་གསུབ་པ་མ་ཟད་མཆན་བུ་རྒྱག་མཁན་འགའ་ཡང་གནས་སྐབས་རིང་བཀག་ནས་ཡོད།
ད་དུང་། མུ་མཐུད་དུ་དབྱེན་དཀྲུགས་དང་ྐླན་ཀ་འཚོལ་བའི་མཆན་གྱི་རིགས་བརྒྱབ་ཚེ།
རྩོམ་འདིའི་མཆན་གྱི་སྒོ་རྒྱག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
སྒོ་རྒྱབ་རོགས་གྱིས། ཕྱི་གྲབ་རེད།
རྒྱ་རི་སྒྲོལ་མ་ལའང་མི་ཆོས་འདས་པའི་བརྙས་བཅོས་གཏོང་གིན་འདུག དེ་ཡང་ཡག་པོ་ཞིག་མ་རེད་ལགས།
་
# ༨༩༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༠ སྐར་མ་ ༥༢
ང་ཚོས་རྒྱལ་ཕམ་གྱི་རྩོད་པ་ཞིག་བྱེད་ཀྱིན་མེད། གནས་ཚུལ་མང་པོ་ཞིག་ཁ་གསལ་པོ་ཞིག་ཆགས་འདོད་ནས་དཔྱད་གླེང་བྱེད་ཀྱིན་ཡོད། མི་ཁ་ཤས་རེས་དེའི་ཞོར་ལ་སྐད་མགོ་སུ་མཐོ་ལྟ་མཁན་ཡོད་རེད་དེ་དོན་དུ་སྐད་མགོ་སུ་མཐོ་དང་ཚིག་ཟུར་སུ་རྩུབ་ལ་འབད་མཁན་ག་ཚོད་མང་ན་དེ་ཙམ་གྱི་གནས་ཚུལ་མང་པོ་ཁ་གསལ་ཆགས་ཡོང་གིན་འདུག སྤྱིར་ན་དྲ་བའི་རིག་གནས་ལ་ཚོད་འཛིན་ཟེར་བ་དེ་བྱེད་མ་ཤེས་པ་ཞིག་ཡིན་དུས་བོན་པོའི་ཁ་འགོག་མཁན་སུ་ཡང་ཡོད་པ་མ་རེད། གང་དུ་བཤད་ཀྱང་བཤད་ཆོག་ཆོག་རེད། དུས་བབ་སྟེང་ན་ངའི་ཟིན་བྲིས་ཀྱི་ནང་དུ་ཡང་གང་བྲིས་བྲིས་རེད། དེ་ཚོར་བྲིས་ཤོག་དང་དགའ་བསུ་ཡོད།
ངས་ཧ་གོ་གི་འདུག འདི་ན་བགྲོ་གླེང་འདིའི་ཆ་ཤས་ཅུང་ཙམ་རེ་ལེན་མཁན་ཡིན་ཡང་འདྲ། ཟུར་ཉན་བྱེད་མཁན་ཚོ་ཡིན་ན་ཡང་འདྲ། གནད་དོན་འདི་འདྲ་གཏན་ནས་མི་གླེང་བའི་རེ་འདུན་ཡོད་མཁན་ཕལ་ཆེ་བ་རེད། ཡིན་ན་ཡང་དེ་ཚོ་ནོར་འཁྲུལ་རེད། བཤད་འདོད་པ་ག་རེ་ཡོད་རུང་བཤད་འཇུག་དགོས་པ་རེད། འདྲི་རྩད་བྱེད་དགོས་པ་རེད། ཁ་འགོག་ཐབས་བྱས་ནས་ཕན་གྱིན་མི་འདུག ལོ་རྒྱུས་ནི་ལོ་རྒྱུས་རང་རེད། དེའི་ནང་ན་ག་ཚོད་ཀྱི་ནག་ཉེས་ཅན་གྱི་བྱུང་བ་ཞིག་ཡོད་ན་དེ་ཙམ་དུ་ང་ཚོས་གསལ་པོར་ཤེས་དགོས་ཀྱིན་འདུག མི་ནག་པོ་དཀར་པོ་བཟོས་པ་དང་དཀའ་པོ་ནག་པོར་བཟོས་པ་སུ་ཡིན་ཡང་ཤེས་དགོས་ཀྱིན་འདུག དེ་ཚོས་མ་འོངས་པའི་ཁ་ཕྱོགས་ཤིག་དང་ད་ལྟའི་ལེགས་ཉེས་མང་པོ་ཞིག་སྟོན་ཐུབ་ཀྱིན་འདུག
ཁར་སང་བོན་པོ་ཡིན་ཟེར་མཁན་ཞིག་གིས་དེབ་རྫིགས་པོ་ཞིག་འབྲི་གི་ཡིན་ཟེར་བ་དེར་བསྒུག་ནས་བསྡད་ཡོད། དེབ་དེ་ལས་ཚིག་རྣོན་པོ་དང་ཉེས་འཛུགས་བྱས་པ་དེ་ཚབ་ཆེ་ཆུང་ལ་མ་ལྟོས་པར་གཙོ་བོ་ཡིོད་རྟོན་འཕེར་བའི་ཁུངས་སྐྱེལ་དང་དཔང་རྟགས་མང་པོ་སྦྲགས་ནས་བཤད་ནུས་པའི་རེ་བ་ཡོད། མ་གཞི་ནས་བོན་ཕྱོགས་ལ་དེབ་མང་པོ་འདུག བཀའ་བསྟན་དེ་ཡང་བན་དེའི་བཀའ་བསྟན་གཉིས་བསྡོམས་པ་ལས་ཀྱང་མང་གི་མ་རེད་པས། སྟག་གཟིག་གི་ངེས་ཚིག་འགྲེལ་ཆེད་རྟག་གཟིགས་སུ་བཅོས་པ་དེ་ཁྱད་མཚར་རེད། སྟག་གཟིག་གི་ས་མིང་ལ་བོད་སྐད་ཀྱི་འགྲེལ་བཤད་འགྲོ་དགོས་པ་དེ་ག་རེ་ཡིན་ནམ། ད་བན་དེ་ཚང་གིས་ཀྱང་ལིམ་བི་ནི་དང་བྷོ་དྷི་ག་ཡ་སོགས་ལ་བོད་སྐད་དང་སྦྱར་ནས་ངེས་ཚིག་འགྲེལ་ཆེད་བཟོ་བཅོས་བྱ་དགོས་པ་མ་རེད་དམ།
# ༩༠༽ གཅན་བཟོད་རྒྱམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༥༤
དགོངས་དག་ཞུ། མདང་དགོང་ཆང་གིས་བཟི་ནས་ཕྱིར་ནང་དུ་ཡོང་དུས་ལ་སྟོད་བུ་ཡི་མཆན་བུ་དེ་མཐོང་བ་རེད། དེ་ནས་དེར་གསལ་བཤད་ཚིག་གསུམ་ཞུས་པའི་ཁུལ་ཡིན་ཏེ། ད་ནངས་ཞོགས་པར་ལྟ་དུས་ཡི་གེ་མང་པོ་ཞིག་གཏགས་ནོར་ཐེབས་འདུག ཀློག་མཁན་ཚོར་དགོངས་དག་ཞུ།
# ༩༡༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༡ སྐར་མ་ ༥༩
གཅན་བཟོད་རྒྱམ་ལགས།
ཁྱོད་ཀྱིས་གཞོན་ནུ་ཟླ་མེད་ལ་རྒྱབ་སྐྱོར་བྱས་ཡོད་དམ་མེད།
གཞོན་ནུ་ཟླ་མེད་ཟེར་བ་ནི་སྐབས་འདིར་ཆོས་ལུགས་དབར་ལ་དབྱེན་དཀྲུགས་བྱེད་མཁན་གྱི་གྲལ་ཞིག་རེད། གཟིགས་དང་ཁོང་གི་རྩོམས་དེ་ཚོར། མ་གཞི་ནས་ཁྱེད་ཀྱིས་༼དེ་རིང་ཚིག་འགའ་བྲིས་པ་སུ་ལའང་ཕོག་ཐུག་མི་འབྱུང་བར་ཤོག་༽དེ་ཡིས་ཤེས་ཐུབ་པ་རེད།
འབྲོང་བུ་ཚེ་རིང་རྡོ་རྗེ་ཡིས་ཁྲི་སྲོང་ལྡེའུ་བཙན་དང་འབྲེལ་ནས་འདི་ཡི་སྐོར་ལ་རྩོམས་ཡག་པོ་བྲིས་འདུག་ཟེར་ཡག་པོ་ཡིན་པའི་རྒྱུ་མཚན་གང་རེད།
རང་ཕྱོགས་ལ་བསྟོད་གྲ་དང༌། གཞན་ཕྱོགས་ལ་སྨད་གྲ་བྱེད་པའི་རྩོམས་ཞིག་ཡིན་རྒྱུ་རེད།
གཞོན་ནུ་ཟླ་མེད་ཁྱོད་ཀྱིས་ཁ་བརྡའི་ཁྲིམས་དང་འགལ་བ་བྱས་ཡོད་དམ་མེད།
མེད་ན། ཁྱོད་ཀྱིས་འདིར་བོང་བུ་ཞིག་ཁ྄ྱེར་་ཡོད་ཟེར་བ་འདི་སུ་ལ་ཟེར་གྱི་ཡོད་དམ། ལན་ཐོབ།་ ཁྱོད་ཀྱིས་འདིར་ཕྱོགས་ཀྱི་ཁྲིམས་དེ་ཤེས་པ་ཡིན་ནམ། ཁ་བརྡ་ཚང་གིས་མི་གཤིས་ལ་དེ་ལྟར་བྱོས་བཤད་འདུག་གམ།
ཁྱོད་ལ་ངས་ཁ་སྔོན་དྲི་བ་གཉིས་དྲིས་ཡོད།
དེ་ལ་དང་པོ་ལན་ཁྱེར་ཤོག་དེ་ནས་བརྗོད་གཞི་གསར་པར་ལན་འབྲི་ཆོག དྲི་བ་དེ་གཉིས་ལ་ལན་མེད་པར་བྲོས་ཡིན་པ།
ང་བོན་པོའི་ནང་ནས་ཨ་ཡོད་ད་ཡོད་ཡིན་ཟེར་གྱི་མེད། ཁྱོད་ཀྱིས་ང་ལ་དེ་ལྟར་མཐོང་ན་ཁྱོད་ནི་ཅིས་མཁྱེན་རྒྱ་མེད་མཁན་ཞིག་ཡིན་ནམ། ང་ལསམཁས་པ་བོན་པོ་ཚོར་ས་ཁེབས་གནམ་ཁེབས་ཡོད་པ་རེད།
ང་ནི་བོན་པོའི་ནང་ནས་ཐ་ཤལ་བ་ཞིག་ཡིན།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས་བཤད་པའི་ལུང་ཚིག་འགྲེལ་བཤད་རྒྱབ་ག་རེ་བྱས། གད་མོ་ཤོར་གྱི་འདུག
ཁྱེད་ཚོས་བོན་པོའི་དཔེ་གཞུང་ལ་འགྲེལ་བཤད་རྒྱབ་པར།
བོན་གཤེན་དེ་དག་ཡར་ཆབ་གཙང་པོའི་གཞུང་ལ་གྲུ་ནང་ལ་བཏངས། ཟེར་བ་དེ་ཀོ་བཏུམས་རྒྱབ་སྟེ་ཆུ་ལ་གཡུག་ཅེས་པའི་དོན་རེད། ཧ་གོ་ན། བཏངས་ཟེར་བ་དེ་བོད་མི་དཔའ་བོ་རྒྱ་ཡི་བཙོན་ཁང་ནས་བཏངས་ཟེར་བ་དང་འདྲ་བོ་རེད། ཁོང་ཚོ་གྲུ་ཡི་ནང་དུ་ཁྱམས་ཁྱམས་ལ་ཕྱིན་པ་ནང་བཞིན་མ་རེད། དེ་ལྟར་ན་རང་གིས་ལྷ་འབོད་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་གམ།
བསྐྱུར་ཞེས་པ་དང་བཏངས་ཟེར་བ་གཉིས་ལ་ཁྱད་པར་གང་འདུག་གམ།
བོད་སྐད་གོ་གི་འདུག་གམ།
ངས་ཞང་སྐད་རྒྱབ་ཀྱི་མེད།
ད་བོང་བུ་དོན་ཟེར་བའི་དཔེ་རིང་པོ་དེ་འདིར་ཁྱེར་དགོས་པ་འདུག་གམ།
དེ་ནས་ཁྱོད་ཀྱིས་ངས་རྙོག་གླེང་བླངས་འདུག་གཞོན་ནུ་ཟླ་མེད་ཀྱི་མིང་བཀོད་འདུག་ཟེར།མཆན་69་ནང་ལ་ཁྱོད་ཀྱི་མིང་ཡོད་པ་དེ་ནི་སྔར་ལྷ་སྲས་དར་མའི་སྐོར་ལས་འཕྲོས་པའི་བན་བོན་གྱི་དབར་ལ་དགག་བཞག་བྱེད་པའི་ནང་དུ་ཁྱོད་ཡོད་པའི་སྐད་ཆ་རེད། ཁྱོད་ཀྱི་མིང་བོས་པ་ཙམ་གྱིས་ཁྱོད་ལ་རྙོག་གྲྭ་སློང་བས་ཁྱབ་པ་ཡོད་པ་མ་རེད།
དེ་ནས་ཁྱོད་ཀྱི་རྟག་གཟིགས་འོལ་མོ་ལུང་རིང་གི་སྐོར་ལ་ཁྱོད་ཀྱིས་བཤད་པ་དེ་ཚོར་རྗེས་སུ་དགག་འོས་ཡོད་ན་འགོག་རྒྱུ་ལས། ཁྱི་ཐོང་བྱ་ལ་ཟུག་པ་ལྟར་བྱེད་འདོད་མེད།
ཡ་——-ཡང་མི་མང་རོ་མང་ཞིག་བཟོ་འདོད་ཡིན་ས་རེད། གཅན་བཟོད—སྦོབས་པ—–ཟླ་མེད—-འོ་ཁོ་ཚོའང༌། བོན་པོ་ཚོ་དྲྭ་རྒྱ་གཅིག་ལ་སྒོ་བཀག་དུས་གཞན་མ་ཚོར་དོ་སྣང་མེད་པར་ལུས་འདུག ད་མང་ཁ་རུབ་ནས་འབྲོང་ཁྱི་ཡིས་གསོད། ཅེས་པར་ཡིད་ཆེས་ཡོད་མདོག་རེད།
ཁག་པོ་རེད། ལ་སྟོད་ཀྱི་འབྲོང་དེ་ཚོ་སྟོབས་ཆེན་རེད——-
# ༩༢༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༢ སྐར་མ་ ༠༥
ཁ་བརྡ་ཚང་ལ་ངས་སྔོན་ནས་ཞུས་ཡོད།
སྒྲིགས་གཞི་དང་འགལ་བ་བྱེད་འདོད་མེད།
ཆོག་མཆན་ཐོབ་ཡོད། ཆོག་ཆེན་མེད་ན་མེད་པའི་གསལ་བཤད་དང་ཡོད་ན་ཡོད་པའི་གསལ་བཤད་ཞིག་དགོས་ཀྱི་འདུག་མོད། ཁྱེད་རྣམ་པར་ཕྱག་ལས་ཀྱིས་མི་ཁོམས་པའང་ཤེས།
འོན་ཀྱང་རྗེས་སུ་མ་ལན་མ་འགྱོད་པ་ཞིག་དགོས་ཀྱི་འདུག
# ༩༣༽ གཅན་བཟོད་རྒྱམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༢ སྐར་མ་ ༥༠
ལ་སྟོད་བུ་ལགས། འབྲོང་བུ་ཚེ་རིང་རྡོ་རྗེ་ཡི་རྩོམ་དེར་གཟིགས་རྒྱུ་གལ་ཆེ། དེ་ཕྱོགས་ཞེན་ཡོད་མེད་དང་གཉེན་བསྟོད་དགྲ་དམད་ཀྱི་སྐད་ཆ་དེ་བས་ཀྱང་མ་རེད། འབྲོང་བུའི་རྩོམ་དེར་དཔྱད་གཞི་གསར་བའམ་ཡང་ན་དོགས་སློང་བྱས་འདུག་སྙམ།
ཡང་སུ་ཡིས་སྐད་ཆར་བདེན་པའི་ཆ་མཐོང་ན་དེའི་རྗེས་སུ་ཞུགས་པ་ནི་ཆོས་ཉིད་དམ་སྲིད་པ་ཞིག་རེད།
ད་ཆོ་མེད་པའི་སྐད་ཆ་དེ་ཚོ་བསྐྱུང་བར་ཞུ། ཁ་བརྡ་ཚང་གི་སྒྲིག་ཁྲིམས་གང་ཞིག་སྲུང་དགོས་མིན་ང་ཚོས་གསལ་བོར་ཤེས་ཡོད།
# ༩༤༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༢ སྐར་མ་ ༥༩
འབྲོང་བུས་ག་རེ་བཤད་ཡོད་མེད་ངས་གང་ཡང་མཐོང་མ་སོང་། འབྲོང་བུ་འདིས་ལྟ་གྲུབ་ཀྱི་སྟེང་ནས་ཅིག་བཤད་འདུག་གི་རེད། ཁ་ཡོད་ལག་ཡོད་ཀྱི་ཚན་རིག་གི་དཔང་རྟགས་འདྲ་བོ་སྦྲགས་ནས་ཁ་གསལ་པོ་བཤད་མཁན་ཞིག་མ་རེད། དེ་བཞིན་ཁོང་གིས་བྲིས་པ་མང་ཆེ་བ་ལ་ཉོག་ཞད་ཅིག་ཀྱང་འདུག
# ༩༥༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༠༨
སྤོབས་པ་མཐའ་ཡས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་དམག་གིས་འབྲི་ཆུའི་ཕ་རོལ་ཏུ་མི་སྙོབས་པ་ལོས་བདེན། འོན་ཀྱང་དེ་ནི་མདའ་དྲི་མདུང་གསུམ་ཁྱེར་དེ་རྒྱ་ནག་པོར་འཐབ་པར་འགྲོ་མི་ཐུབ་པའི་གནས་ཚུལ་རེད། བླ་མའི་བཀའ་ཡིག་དང་མདུད་པ་ཁྱེར་དེ་བོད་དད་ལྡན་གྱི་སྙིང་རྩ་བཀོག་ཀྱང་མིག་འཛུམ་པ་རེད། དེའི་སྐབས་སུ་རྒྱ་ནག་པོས་རྒྱལ་རོང་དབང་དུ་བྱས་མེད་པར་མ་ཟད་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་ཁུངས་སོ་སོས་བདག་བཟུང་བྱས་ཡོད། འདིའི་གྲས་ཀྱི་མང་པོ་ཞིག་སྔོན་ཆན་སྐྱང་ཐུའུ་གསུམ་གྱིས་དགེ་ལུགས་པར་བསྒྱུར་ཏེ་ཕྱིས་སུ་དགེ་ལུགས་པའི་ལ་རྒྱ་འཛིན་པའི་རྒྱལ་པོ་རེད། དགེ་ཆོས་ཀྱིས་་ བོད་ཆོལ་ཁ་གསུམ་གཅིག་གྱུར་བྱེད་པར་དམག་དྲངས་དགོས་པ་མ་རེད། རྒྱལ་བ་རིན་པོ་ཆེའི་མདུད་པ་འགའ་ཞིག་སྤྲད་ན་དེ་གས་ཆོག་གི་རེད། ཚིགས་འགྲོས་འདི་ག་རང་ཡིན་མིན་མི་ཤེས་ཀྱང་དོན་འདི་འདྲ་ཞིག་གསུང་པ་ངས་མཐོང་མྱོང་། ཕལ་ཆེར་རབས་བྱེད་ཞབས་བཏགས་མ་ཡིན་རྒྱུ་རེད། གཞན་ཡང་ནག་ཆུ་དང་ཆབ་མདོ་སོགས་སུ་དགའ་ལྡན་ཕོ་བྲང་བས་ཆོས་བསྒྱུར་གྱི་བྱ་བ་ཅི་བྱས་ས་གྲགས་གནམ་གྲགས་རེད།
འདི་དག་བཟོད་རྒྱམ་གྱི་སྐྱོ་གདུང་གི་ས་མིག་ལ་བསྲེས་ཏེ་བཤད་ན་རན་པོ་མི་འདུག འོན་ཀྱང་བཟོད་རྒྱམ་ཁོ་རང་ཡང་གཞན་གྱིས་དེད་པ་ཡིན་ན་འདྲ་རང་ཉིད་འཛུལ་བ་ཡིན་འང་འདྲ། རྩོ་རྙོག་འདིའི་ནང་དུ་མཐོང་ཡོང་གི་འདུག ད་དུང་མུ་མཐུད་ནས་འདི་ཚོ་བཤད་བསྡད་ན་ནམ་ཞིག་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་མཆན་ཚང་མ་འདི་འདྲར་འགྱུར་འགྲོ་བ་དང་། ཁ བརྡ་ཚང་གི་དྲྭ་བདག་ཚོས་བསུབ་རུ་བསུབ་ཚད་དང་མཆན་གྱི་ས་མིག་ཚང་མ་མེད་པར་བཟོ་དགོས་ཐུག་རྒྱུ་རེད། རབ་བྱུང་ན་ཁྲི་དར་མའི་སྐོར་འདིར་མཆན་བུ་རྒྱག་ཐུབ་པ་ཞིག་བཟོས། ཚིག་སྣེ་རེ་བཟུང་ནས་བསམ་བཞིན་དུ་བན་བོན་རྩོད་སྙོག་སློང་མཁན་ཚོའི་མཆན་བཀག་ན་ལེགས། མཆན་འདེབས་མཁན་ཚོས་ཀྱང་དགོངས་པ་ཡངས་ཙམ་བྱས་ཏེ་དེར་ཡ་ལན་མ་བྱས་ན་ཁྲི་དར་མའི་སྐོར་ལ་བགྲོ་གླེང་ལྷུག་པོ་ཞིག་ཡོང་ངེས་རེད། འདིར་དྲྭ་གྲོགས་ཚོས་དགོངས་འཆར་རེ་གནང་རོགས།
# ༩༦༽ མདའ་ཚན་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༡༤
སུས་སུ་ལ་ཆོག་མཆན་ཞུ། ངན་སྨྲས་བྱེད་རེས་མ་བྱས་པར་རྒྱུ་མཚན་བཤད་རེས་བྱས་ན་འགྲིག་པ་རེད། བཙན་པོས་གཉོམ་པོ་ལ་ཐུབ་ཚོད་བཏང་བའི་ལོ་རྒྱུས་ནག་པོ་དེ་ཚོ་ག་ཚོད་ཀྱིས་འབྲི་ཐུབ་ན་ཡག་པོ་རེད། སྐྱི་གཡའ་བའི་འདས་པའི་ལོ་རྒྱུས་ཐོས་སུ་མི་རུང་བ་དེ་ཚོ་འབྲི་བའི་སྙིང་པོ་དེ་ཡང་མ་འོངས་པར་དེ་འདྲ་སྐྱར་ཟློས་བྱེད་མ་དགོས་པའི་བསླབ་བྱ་ལེན་པའི་ཆེད་དུ་སྨིན་པ་ཞིག་ཡིན་འོས།
དངོས་གནས་བྱས་ན། བན་དྷེས་བོན་པོ་རྣམས་ལ་བརྙས་བཅོས་དང་ཐུབ་ཚོད་བྱས་པ་དེ་ཚོ་བན་དྷེ་ཚོས་བྲིས། བོན་པོས་བན་དྷེ་ལ་ངན་པ་བྱས་པ་དེ་ཚོ་བོན་པོ་ཚོས་བྲིས་པ་ཡིན་ན་ཅི་འདྲའི་ཐུགས་སྣང་དག་པ་ཞིག་ཡོང་གི་མ་རེད་དམ། ད་དེ་འདྲ་ཞིག་ནི་ཕ་རིའི་སྤང་གི་རེད་དེ། དངོས་ཡོད་ལོ་རྒྱུས་དེ་ཚོ་བྲིས་ན་ཡག་པོ་འདུག
ཁོ་རེ་ལ་སྟོད་ཀྱི་བུ། རྒྱབ་དཔུང་འཐུག་པར་ཞེད་དགོས་པ་མ་རེད། གཙོ་བོ་བདེན་པའི་རྒྱབ་དཔུང་དགོས་པ་རེད། ཚིག་འདི་ཚོ་སེམས་ལ་ཟུངས། ་་བྱིའུ་མང་ཡང་ཁྲ་ཆིག་གྀ་ཉོད་པའ། ་་་་་་་་་་་ཐང་ཤྀང་ལོ་བརྒྱར་སྐྱེས་པ་ཡང་། སྟ་རེ་གཆིག་གྀ་དགྲའོ། ་་་་ ལུང་པ་གཆྀག་གི་མདའ་ནས་མྱེ་ཕར་ཆྀག་མཆེད་ན། རྀ་ལུང་གཉྀས་ཀྱི་ཤྀང་རྩྀ་ཀུན་ཚིག་པ་ཡང་ཡོད། ་་་ནས་འབྲས་ཐང་གང་སྐྱེས་པའང་། རང་ཏག་གཆྀག་གི་ནང་དུ་ཆྀབ་བོ། ་་་་་རྩྭ་མང་བོ་ལ་ཟོར་བ་གཆྀག་གིས་གཆོད་པ། གཡག་ཆེན་པོ་ལ་མདའ་ཕྲ་མོས་འཕངསྣ་སོད་ཀྲང་་་
ཨ་ཧ་ཧ། ང་ཡིན་ན་ཁ་གཏད་ག་ཚོད་ཀྱིས་མང་ན་དེ་ཚོད་ཀྱིས་དགའ་ས་རེད། དགྲ་མང་ན་མི་ལ་ངར་ཞིག་ལངས་རྒྱུ་ཡོད་པ་རེད། ཚང་མ་ཞིང་འབྲེག་འབྲེག་གྱིས་ཤོག
# ༩༧༽ གཅན་བཟོད་རྒྱམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༢༠
དམུ་ཐག་གི་བུ་རྒྱུད་ཁྱོད་བདེན་པ་རེད། ང་ཡང་འདིའི་ནང་དུ་ཇི་ལྟར་ཚུད་བ་མ་ཤེས། ད་འདི་མོ་འདིའི་སྐོར་ལ་ཅང་མི་ཟེར། བཤད་ཀྱང་མི་ཤེས། འོན་ཀྱང་འབྲོང་བུའི་རྩོམ་དེས་ང་ལ་དོགས་པ་ཞིག་བསླངས་བྱུང་། དེ་བས་ཁྲི་སྲུང་གི་བརྩམས་ཆོས་དེར་ལན་གཅིག་མཇལ་བ་ཡིན་ཏེ། སྤྱིར་དེའི་ཚིག་དོན་རྣམས་ཇི་བཞིན་གོ་དཀའ་བ་འདུག་ལ། “བོན”ཞེས་པའི་ཐ་སྙད་འདི་ཡང་ཧ་ལམ་མཐོང་མ་སོང་། དེ་བས་རྒྱ་མཚན་དེ་ཙམ་ཞིག་བཤད་ཁུལ་བྱས་པ་ལ་སྟོད་བུ་ལ་ཕོག་སོང་བ་འདྲ། དགོངས་དག
ད་ཁ་བརྡ་ཚང་གིས་ཡང་བསྐྱར་དར་མའི་སྐོར་གྱི་མཆན་སྒོ་ཕྱེ་རོགས་ཞུ། དེ་ནས་རྩད་ན་བཟང་གི སྤྱིར་རྩོད་པ་བྱས་ན་རིག་པ་འཕེལ་བར་ཕན་གི་རེད། ཡིན་ཀྱང་དགོས་མི་དགོས་ཚང་མ་འབྲི་མི་དགོས་ལ་ལན་ཡང་རྒྱག་མི་འདུག་སྙམ། ལན་མེད་པར་བཞག་བཞག་ན། ཁོར་ཡང་བྱེད་ཡ་ཡོད་པ་མ་རེད། ད་གང་ལྟར་ཀྱང་མི་སྒེར་གྱི་མིང་གིས་བཟུང་སྟེ་མི་རྩོད་པར་དོན་དངོས་བརྗོད་གཞིའི་སྟེང་དུ་འབབ་རོགས་ཞུ།
# ༩༨༽ དཀོན་ཅོག་སྐམ་པོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༢༢
སྔོན་མ་ཞིག་ལ་འབྲོང་བུའི་རྩོམ་དེབ་ཅིག་བཀླགས་མྱོང་། དེབ་བཀླགས་པའི་རྗེས་སུ་ནུབ་ཕྱོགས་མཚན་ཉིད་རིག་པའི་ཅིག་ཅིག་མ་མ་གོ་གོ་ཟེར་བ་མ་གཏོགས་གོ་བ་ཅང་ལེན་མ་ཤེས་ཐལ། ཡིན་ནའང་མི་འདི་རྩོམ་པ་པོ་འཇིགས་པོ་ཞིག་ད་རེད་བསམས་ནས་ཁོ་ལ་དགའ་རྒྱུ་ཞིག་ཡོང་མྱོང་། དེ་རིང་སང་གོ་ཐོས་ལ་མི་དེ་ནི་གུང་བྲན་ཏང་དགའ་རབ་ཅིག་རེད་ཟེར་ག
# ༩༩༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༢༨
འོལ་མོ་ལུང་རིང་གི་སྐོར་ཞིག་སྔོན་མ་བལ་ཡུལ་དུ་ཁྲི་བརྟན་ནོར་བུ་རྩེའི་དགོན་པའི་དགེ་བཤེས་རེད་ཟེར་བ་མིང་ལ་བསམ་གཏན་ཟེར་བའི་གྲྭ་བ་ཞིག་འདུག དེས་ནི་ནེ་པ་ལའི་ཁོངས་སུ་ཡོད་པའི་འོམ་ལུང་ཟེར་བ་དེ་རེད་ཟེར། དེ་ལ་ཡིད་ཆེས་བྱས་ནས་རྒྱ་གར་དུ་བོན་པོའི་གྲྭ་བ་ཞིག་ལ་འོལ་མོ་ལུང་རིང་བལ་ཡུལ་ན་འདུག་ག་ལབ་དུས་ཁོ་ཚིག་པ་ཟ་སོང་། འོལ་མོ་ལུང་རིང་སྟག་གཟིག་ན་ཡོད་པ་རེད་ཟེར། ཡང་ངས་སྟག་གཟིག་འོལ་མོ་ལུང་རིང་ཟེར་ནས་བྲིས་དུས་ཡང་ཁ་ཤས་ཀྱི་རྟག་གཟིགས་ཟེར་ནས་འབྲི་དགོས་ཟེར། འོལ་མོ་ལུང་རིང་གི་མིང་གི་དག་ཆ་ཡང་ད་དུང་གཏན་འཁེལ་མེད་པའི་བཟོ་འདྲ་བོ་ད་གང་ཤེས།
# ༡༠༠༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༢༣ སྐར་མ་ ༤༣
དམུ་ཐག་གི་བུ་རྒྱུད། དེ་འདྲ་ཟེར་ག་ལ་རུང་། ཁར་སང་རྒྱལ་རོང་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་དགེ་བཤེས་ཤིག་དང་བོད་དམག་བཏང་ནས་བོན་པོའི་རྐེ་བཅད་སོང་ཟེར་བ་དེ་བདེན་པ་མ་རེད། དགེ་བཤེས་གཏོང་ཐུབ་གི་རེད། ཡིན་ན་ཡང་བོད་དམག་གཏོང་ཐུབ་གི་མ་རེད། འདི་འདྲ་སྐུར་འདེབས་བྱས་ན་བོན་ལ་གང་ཡང་ཕན་གྱི་མ་རེད། འབྲི་ཆུ་མན་ཆད་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་མིའི་རྐེ་གཏུབ་པའི་དབང་ཚད་མེད་པ་གསལ་པོ་རེད། འདི་ལ་བལྟས་ན་སྲོང་བཙན་ནས་ཆོས་རྒྱལ་འཕགས་པ་ཡན་ཆོད་ལ་སྐུར་འདེབས་གནམ་སར་མི་ཤོང་བ་བྱེད་པ་དེ་ཚོར་ཡང་ཁུངས་སྐྱེལ་རེ་མེད་ན་ལས་རྒྱུ་འབྲས་ཀྱིས་རང་གར་འཇོག་གི་མ་རེད། སྤྱིར་ན་ཡིད་བརྟན་འཕེར་བའི་ཁུངས་སྐྱེལ་རེ་མེད་བཞིན་དུ་ཆགས་སྡང་གི་གཏམ་ལ་ཉན་ནས་འདི་འདྲའི་སྒྲོ་སྐུར་བཏགས་བསྡད་ན་བོན་ལ་ཡུང་དམྱལ་བ་ཞིག་ལྷུང་ས་ཡོད་གྱི་རེད་བ། ཆོས་ལུགས་ཚང་མ་ལ་འདྲ་ས་ཞིག་ཡོད་པ་ནི་དམྱལ་བ་ཆེ་ཐག་ཆོད་རེ་ཡོད་པ་དེ་རེད། བོན་ལ་དམྱལ་བ་ག་འདྲ་ཞིག་ཡོད་མེད་མི་ཤེས་དེ་ཅིག་ཡོད་པ་ཐག་ཆོད་ཡིན། ཁྱེད་ཚང་ལ་དམྱལ་བ་རེ་མེད་ན་བླ་མ་དཀོན་མཆོག་རེད། ཡོད་ན་ནི་ལྷུང་གི་རེད་ད།
# ༡༠༡༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༤ སྐར་མ་ ༣༥
མདའ་ཚན་པ་ལགས།
ས྄ྤོབས་པ་མཐའ་ཡས་ལགས།
ང་སུ་གང་ལའང་ཞེད་དགོས་པ་མེད།
འོན་ཀྱང་ཆོ་མེད་པའི་སྐད་ཆ་ག་ས་ག་ནས་མི་གཅིག་གིས་དེ་བཤད། ཡང་གཞན་པ་དེ་ཡིས་གཞན་གཅིག་བཤད་བསྡད་ནས་སྒྲོགས་གླེང་གི་གཞི་མ་བརླག་འགྲོ་གི་འདུག དཔེར་ན་ལྷ་སྲས་དར་མའི་ལོ་རྒྱུས་ལས་འཕྲོས་ཏེ་ག་བ་ཞིག་ལ་སླེབ་སོང༌། དེ་མཁྱེན་རོགས།
ད་གཅན་བཟོད་རྒྱམ་གྱིས་ཆེས་ཕམ་དུས་ཀྱི་སྐད་ཆའི་ཚོམ།
ཞེས་པ་དེ་ག་བ་ལ་སླེབ་སོང་འདུག གདོང་རིས་བཤད་དུས་བཤང་ལམ་ཆེ་ཆུང་གི་སྐོར་ལ་དགག་བཞག་བྱེད་ཀྱི་མི་འདུག་གམ།
དེ་འགྲོ་སྟངས་ཞིག་མ་རེད།
ད་སྤོབས་པ་མཐའ་ཡས་འདི་ཡསི་སྟག་གཟིག་ཅེས་དབུ་ཚུགས་རྐྱང་རྐྱང་བྱས་ནས་བྲིས་ཡོང་གི་འདུག ངས་ཁོ་ལ་སྔར་གོ་བརྡ་སྤྲད་ཟིན། ག྄ྲུབ་ཟིན། ད་གྲུབ་ཟིན་གྲུབ་ལ་དགོས་པ་ཡོད་ན། མཐའ་མེད་པར་འགྱུར་རོ། དབུ་མའི་རིག་པ་ཅུང་ཙམ་ཤེས་ཀྱི་ཡོད་ན། སྐྱེ་བ་མུ་བཞི་འགོག་པའི་ཚེ་ན་སྐྱེ་བ་ལ་མཐའ་མེད་པར་དགག་སྒྲུབ་ཇི་ཚུལ་ཞིག་ཡོད། དེ་དྲན་པར་གྱིས།
བོན་གྱི་དཔེ་གཞུང་ནས་སྟག་གཟིག་འོལ་མོ་ལུང་རིང་ཞེས་བྲིས་པ་ཁྱེར་ཤོག་ངས་སྔར་བཤད་ཟིན་ཁྱོད་ལ། དེ་ཡིས་ཕྱིར་ན་ངས་ཁྱོད་ལ་གོ་བརྡ་འཕྲོད་རྒྱུ་མི་འདུག་ཟེར་ཡོད།
མི་ཆེ་གེ་མོ་ཞིག་གིས་བཤད་འདུག་ཟེར་ན་ངལ་བའི་རྒྱུ་རུ་ཟད་དོ།
སྟག་གཟིག་འོལ་མོ་ལུང་རིང་ཞེས་མེད་ཅེས་ངས་ཁས་བླངས་ཡིན་ཟེར་དུས། ཁྱོད་ཀྱིས་རྒྱ་བོད་ཚིག་མཛོད་ཁྱེར་ཡོང་པ་རེད། ངས་དེ་ལ་མ་ཁྱབ་ཟེར་ཡོད། དེ་ཡི་ནང་དུ་བོན་གྱི་སྐོར་ལ་འགྲེལ་བཤད་བྱས་པ་བརྒྱ་ཆ་གོ་དགུ་ལོག་འགྲེལ་རེད་ཅེས་བཤད་ཡོད། ཁྱོད་ཀྱིས་དེ་དེར་བྲིས་ན་ཡོད་པས་ཁྱབ་ཚུལ་བཤད་སོང༌། ངས་དེ་ལ་མ་ཁྱབ་ཅེས་ལན་བཏབ་ཡོད། ངས་ཁྱོད་ལ་དེ་ལྟར་ན་རི་བོང་རྭ་ཡོད་པར་ཐལ། རི་བོང་རྭ་ཞེས་དེར་བྲིས་པའི་ཕྱིར། ཁྱབ་པ་ཁས་ཟེར་ནས་ཁ྄ྱབ་འག྄ྲིག་གི་རིགས་པ་འཕེན་ཡོད། དེར་ཁྱོད་ཀྱིས་ལན་བཏབ་ཡོད་དམ། ད་ཁྱི་སྨྱོན་པའི་མགོ་ལ་རྡོ་རྒྱབ་པ་ནང་བཞིན་གར་མཆོང་འདིར་མཆོང་མེད་ནས་ག་བ་ག་སར་རྒྱུགས།
དྲི་བ་དེ་ཚོར་ལན་མེད་པའི་ཐོག་དབྱར་གྱི་གནམ་གཤིས་ནང་བཞིན་ཁྱོད་ཀྱི་ཁས་ལན་ཐམས་ཅད་ད་ལྟ་ད་ལྟ་རང་འགྱུར་གྱི་འདུག
རྒྱལ་རོང་གི་སྐོར་ལ་ད་དུང་ཤེས་འདོད་ན། བན་དེ་ཡིས་བོན་པོ་དམར་གསོད་ལས་སོགས་ཀྱི་བྱ་སྤྱོད་ག་འདྲ་བྱས་འདུག
༼ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྡུས་༽་ཞེས་པར་གཟིགས་དང༌། ལྟད་མོ་འདུག བྱེད་བྱས་ཆེན་པོ་བཞག་ཡོད་འདུག རང་མི་རིགས་ཀྱི་རིགས་གཞུང་། བོད་ཕ་མེས་ཀྱི་ཆོས་ལུགས་ཟེར་ནས་ས་གྲགས་གནམ་གྲགས་བྱས་དང་བྱེད་བཞིན་པ་དེ་ཚོ་ཁ་དོན་མཚུངས་དང་མི་མཚུངས་ཁ་ནང་དུ་འཁོར་ནས་དགོངས་པ་བཞེས་དང༌། ཕུ་བོའི་མགོ་ལ་སྟ་རེ་ད་ཕར་བཞག གསོན་བསྲེགས་བྱས་མི་འདུག་གམ། ཨ་ཙི་བོན་པོས་ངན་སྔགས་དང་མཐུ་རྒྱབ་ཀྱི་རེད་ཟེར་ནས་ས་གྲགས་གནམ་གྲགས་རེ་བྱས། ངན་ཁག་ཐམས་ཆད་ཕུ་བོའི་མགོ་ལ་གཡུག་བན་དེ་ཡི་མཐུ་ཡིས་རྒྱལ་མོ་རོང་གི་མི་སྡེ་ལྷ་སྡེ་ཐམས་ཅད་ཆམས་ལ་ཕབས་རབས་བཤད་པ་མ་ཚོར། ད་དུང་རྗེ་བླ་མ། ལྟོས་དང་བན་དེ་ཡི་རྗེ་བླ་མས་ག་རེ་གནང་འདུག འདི་ཚོའི་རིགས་ད་བར་དུ་ཕྱི་རྒྱལ་གྱི་མི་རིགས་དེ་ཚོར་བཤད་ན་ག་བ་ཞིག་ལ་སླེབ་ས་རེད།་ ཁ་ཆེའི་འཇིགས་བསྐུལ་བ་དེ་ཚོས་བྷམ་དངོས་སུ་གཡུག་སྟེ། མི་སྡེ་ཆམས་ལ་ཕབ་ཅིང༌། བན་དེ་ཡིས་གཏོར་མ་གཡུག་སྟེ་ཕུ་བོའི་ལུས་སྲོག་མཁར་དབང་ཐམས་ཅད་བྱ་སྤུ་གནམ་ལ་གཏོར་བ་བཞིན་འཇིག་རྟེན་འདི་ནས་ལྔ་ལམ་དུ་བཏང༌། ད་དུང་དེ་ཡིས་ག་ལ་ཚད།
ད་དྲྭ་གྲོགས་ཐམས་ཅད་ཀྱིས་ཤོད་དགོས་ཟེར་ནས་བཤད་ཀྱི་ཡོད། ཁ་བརྡ་ཚང་ལའང་དགོང་པ་ཞུས་ཡོད།
འདིར་ཅུང་ཟད་ཙམ་གཅིག་མ་གཏོགས་བྲིས་མེད། གལ་ཏེ་ངས་བྲིས་ཀྱང་ཁྱོད་ལ་ཀློག་འདོད་ཡོད་རྒྱུ་མ་རེད།
ད་ཕུ་བོ་བར་དོའི་ལམ་ནས་ལག་དམར་ནུ་བོས་དམེ་གསོད་བྱས་པར་བྱེད་ཚུལ་བཤད་ཀྱི་ཡོད།་ དེ་བཞིན་བན་དེའི་སྤྲུལ་སྐུས་བོན་གྱི་གསུང་རབ་གླེགས་བམ་གྱི་སྟེང་དུ་ཞབས་དཀྱིལ་མོ་དཀྲུང་དུ་བསྡད་པར་འཇོན་རབས་བཤད་ཀྱི་འདུག སྐྱབས་འགྲོའི་བསླབ་བྱ་ཙམ་ཀྱང་མི་ཤེས་པའི་སྤྲུལ་རྒན་དེ་འདྲའང་འདུག
ཨ་ཙི་ང་ལ་དེ་འདྲ་ཤོད་འདོད་མི་འདུག ཤོད་རོགས་གྱིས་ཟེར་ནས་ཁྱེད་ཚོས བསྐུལ་མ་བྱེད་ཀྱི་འདུག རྒྱལ་དབང་གི་སྐོར་ལ་མང་པོ་མ་བཤད་ན་ལེགས། དག་སྣང་འདྲ་སྦྱང་ནས་བཞུགས་ན་ལེགས།
བཤད་ན་ག་བར་ས྄ླེབ་ཧ་གོ་ས་མི་འདུག
# ༡༠༢༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༤ སྐར་མ་ ༤༩
ལ་སྟོད་ལ་བཙེའི་སྟེང་ནས།
ཀི་སྒྲ་ཐེང་འགའ་རྒྱབ་ཡོད།
དེ་ལ་དེ་ལན་མེད་ན།
ཐང་དཀྱིལ་ཝ་བྲོས་རྒྱབ་ཡིན།
# ༡༠༤༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༦ སྐར་མ་ ༥༣
སྤོབས་པ་མཐའ་ཡས་ལགས། ད་ངས་ང་བོན་པོ་དང་ཁྱོད་བན་སྡེ་ཟེར་ནས་རྩོད་འདོད་མེད། དེ་བརྩད་པས་སྐབས་བབས་ཀྱི་བརྗོད་བྱ་དང་ཐག་ཇེ་རིང་དུ་འགྱུར་འགྲོ་བ་ང་ཚོ་ལ་ཉམས་མྱོང་བྱུང་སོང་ང། ཁྱོད་ཀྱིས་གོང་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་རྒྱལ་རོང་ལ་བོད་གཞུང་གིས་དམག་གཏོང་མི་ཐུབ་ཚུལ་བྲིས་འདུག འདིར་ངས་ལན་ཞིག་བྲིས་ཀྱང་སྐྱོན་མི་འདུག རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པ་ཁོ་རང་ཚོ་ནང་ཁུལ་དུ་གཅིག་གིས་གཅིག་ལ་ས་མཚམས་དང་དབང་ཁུངས་བརྩད་དེ་བཀག་འགོག་དང་དམག་འཁྲུག་བྱས་ཡོད་ཀྱང་། ལྷ་ས་ནས་བོད་སྡེ་བ་གཞུང་གིས་དམག་བཏང་ན་དེ་ལ་རྒྱལ་ཁབ་གཞན་གྱིས་དམག་བཏང་བའི་འདུ་ཤེས་འཛིན་རྒྱུ་མ་རེད། དཔེར་ན་རྔ་བའི་རྨེའུ་རྒྱལ་པོ་རང་ཉིད་དངོས་སུ་ལྷ་སར་ཕྱིན་ཏེ་བོད་གཞུང་ལ་ལོ་རེ་རེའི་དཔྱ་ཁྲལ་འབུལ་རྒྱུ་ཡིན་ཞེས་ཡར་ཞུས་པ་མ་གཏོགས་ཁྱེར་ཤོག་ཅེས་བཀའ་གནང་ཡོད་པ་མ་རེད། བོད་ས་ཤོར་ཏེ་མི་མང་པོ་ཞིག་བཙན་བྱོལ་དུ་ཡོང་བའི་ནང་དུ་ཁྲོ་སྐྱབས་རྒྱལ་པོ་རྡོ་རྗེ་དཔལ་བཟང་ཡང་ཡོང་ཡོད་པ་དང་ཁོང་གིས་སྐབས་དང་པོའི་མདོ་སྨད་སྤྱི་འཐུས་ཀྱི་ཕྱག་ལས་ཀྱང་གནང་བ་རེད། འདི་ལ་བསམ་ན་ཡང་ས་མཚམས་ཀྱི་རྒྱལ་ཕྲན་དག་ལ་བོད་གཞུང་གིས་དམག་མ་མངག་པ་མ་གཏོགས་ཁོང་ཚོས་བཀག་བཞག་པ་གང་ཡང་རེད་མི་འདུག ད་དུང་དཔེ་མཚོན་གཞན་ཞིག་ལ་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་བོད་གཞུང་ལ་མེ་མདའ་སྤྲོད་རོགས། ཁོང་ཚོས་རྒྱ་དམག་མཐར་སྤྲོད་གཏོང་རྒྱུ་ཡིན་ཅེས་ཞུས་འདུག་ཀྱང་བོད་གཞུང་གིས་དེ་ངོས་ལེན་བྱས་མི་འདུག འདི་དག་ལ་བལྟས་ན་ཁོང་ཚོར་རང་ཉིད་ལྷ་སར་ཡོད་པའི་ཏཱ་ལའི་བླ་མའི་གཞུང་དེས་ཆབ་འབངས་ཡིན་པའི་འདུ་ཤེས་ཡོད་པ་གསལ་པོ་རེད། འདིའི་ཐད་ངས་དགེ་ཆོས་ཀྱི་སྐད་ཆ་ཞིག་ཀྱང་ཁྱོད་ལ་དྲངས་ཡོད།
# ༡༠༥༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༦ སྐར་མ་ ༥༨
ཁྲོ་སྐྱབས་་་ཅེས་པ་ ཁྲོ་ཆུ་ ལ་ནོར་བཅོས་གནང་རོགས། ངས་ལག་པ་འདི་ཁྲོ་སྐྱབས་ཀྱི་མིང་ལ་གོམས་འདྲིས་ཆེ་དྲགས་ཏེ་ ཁྲོ་ བྲིས་ན་དེའི་མཇུག་ཏུ་ ་སྐྱབས་ རང་བཞིན་གྱིས་ཤོར་འགྲོ་གི་འདུག ཁྲོ་སྐྱབས་ན་འདི་འདྲའི་མཐུ་རྩལ་ཅན་ཞིག་ཡོད་ནི་རེད། ཧ་ཧ་ཧ།
# ༡༠༦༽ གླག་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༧ སྐར་མ་ ༣༩
བོན་པོ་དང་བན་དེ་ཚང་མས་བསམ་བློ་ཞིབ་ཏུ་གཏོང་གནང་རོགས་ཞུ། དེ་ནས་ང་ཚོའི་བགྲོ་གླེང་ལམ་འགྲོ་ཡོང་གི་རེད། དེ་མིན་ཁ་བརྡ་ཚང་གིས་ཡང་སྒོ་རྒྱག་ཉེན་ཡོད་རེད་དཱ
ལྷག་པར་ཏུ་རིགས་ལམ་མེད་པའི་གྲྭ་ཟུར་ཚོས་བསམ་བློ་ཞིབ་པར་གྱིས་ཞུས་པ་ཡིན། སུ་ལ་ཕོག་ན་དེ་ལ་ཞུས་པ་ཡིན།
# ༡༠༧༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༠ སྐར་མ་ ༡༩
ཕ་དགྲ་བོན་གཤེད། ཚིག་འདི་ད་གློག་བརྙན་དེ་འདྲ་ནང་ནས་གོ་མྱོང་གོ་མྱོང་ཞིག་རེད། ག་རེ་ཀོ འོ་དེ་རེད། སྔར་རི་པིན་ལ་འཁྲུལ་སྣང་བྱུང་ནས་འཛམ་གླིང་དབང་དུ་བསྡུ་རྒྱུའི་འཆར་གཞི་བློ་ལ་ཤར། དེ་ནས་དམག་དཔོན་རྣམས་ཀྱིས་ལག་ཏུ་གྲུ་རིང་རེ་བཟུང་ནས། ཕ་དགྲ་བོན་གཤེད་འདྲ་བོ་ཅིག་ལབ་ཀྱི་རེད། དེ་ནས་དམག་རྒྱག་གི་རེད། འོན་ཀྱང་མཐའ་མར་ཁོང་ཚོ་ཕམ་པ་རེད། ཁོང་ཚོ་ཕམ་དགོས་པའི་རྒྱུ་རྐྱེན་ནི་གནས་ལུགས་ལ་མི་རྟོན་པར། ཧམ་པ་ལ་ཡིད་རྟོན་བྱས་པའི་རྒྱུ་མཚན་ལས་བྱུང་བ་ལོས་ཡིན།
# ༡༠༨༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༠ སྐར་མ་ ༣༣
འོ་ལ་སྟོད་བུ། ད་ངས་ཁྱོད་ལ་བཤད་ན་ཁ་བརྡ་ཚང་གིས་བསུབ་འགྲོ་གི་འདུག ངས་ཁྱོད་ལ་བཤད་རྒྱུ་མིན། དེ་ལས་ཁྱོད་ཀྱིས་ཁ་སྔོན་གྱི་དྲི་བ་གཉིས་དེ་ག་རེ་རེད། འདི་ལ་བཀོད་དང་། ང་མེད་ཤུལ་དུ་དྲི་བ་བཀོད་ན་ངས་ཤེས་རྒྱུ་མ་རེད། ངས་བཤད་ཡོད་ཉིན་གཅིག་རིང་ང་ཡོང་ཐུབ་ཀྱི་མ་རེད་ཟེར་ནས། ང་ཡོང་པའི་སྐབས་སུ་སྡེ་ཚན་དེ་སྒོ་རྒྱབ་འདུག དེ་ནས་ང་འདིར་སླེབས་པ་རེད། ཁྱོད་དང་པོ་ནས་འདིར་སླེབས་ནས་ངའི་མིང་གི་བཟུང་ནས་མང་པོ་ཅིག་ལབ་འདུག ཁྱོད་ཀྱིས་ཤེས་གསལ་རེད། ད་ཡིན་ན་ཁྱོད་ཀྱིས་ངའི་མིང་གིས་བོས་ན་ངན་བཤད་བྱས་པས་མ་ཁྱབ་ཟེར། འོ་ན་ངའི་མིང་གིས་བོས་ནས་ཁྱོད་ང་ལ་བརྩེ་བ་ཆགས་པ་འེ་རེད། གཏེ་ངན་རྣམ་རྟོག་ལངས་རྒྱུ་བོ་ཁྱོད། ངའི་མིང་གིས་བོད་ནས་བན་བོན་གཉིས་ཀྱི་བར་ལ་དཀྲུགས་ཤིང་རྒྱབ་གི་འདུག་ཟེར། ཁྱོད་རང་ལ་རྒྱུ་མཚན་བཤད་རྒྱུ་མེད་སྐབས་ཁྱོད་ཀྱིས་ཧམ་པ་འདི་འདྲ་བཤད་ཡོང་གི་རེད། ངས་བན་བོན་གཉིས་ཀྱི་བར་ལ་དཀྲུགས་ཤིང་ག་རེ་རྒྱབ་སོང་།
འོ་དེ་ནས་བོང་བུའི་སྐོར་ཁྱོད་ཀྱི་དྲི་བ་བཀོད་འདུག ཁྱོད་འདི་འདྲ་རྣམ་རྟོག་ཚ་བོ་ཞིག་རེད། ཁྱོད་འདིར་མ་ཡོང་སྔོན་ནས་འདིའི་ནང་ན་བོང་བུའི་འགྲེལ་བཤད་རྒྱག་བཞིན་ཡོད་པ་རེད། མི་བདེན་གི་བསམ་ན་མཆན་ཨང་ལ་ལྟོས། གྲངས་ཀ་རྩི་ཤེས་རྒྱུ་རེད། བོང་བུ་མ་ཟད་སྒོ་ཟོག་གཞན་པ་ཚོའི་འགྲེལ་བཤད་ཀྱང་རྒྱབ་ཡོད་པ་རེད། ཁྱོད་རང་གིས་བསམ་ན་བོང་བུ་ཡིན་ན་ཁྱོད་རང་ཡིན་པས་ཁྱབ་དྲན་གི་འདུག་གམ།
# ༡༠༩༽ གླག་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༠ སྐར་མ་ ༤༨
xxxx
# ༡༡༠༽ ཕུར་པ་སྐྱབས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༡ སྐར་མ་ ༠༠
གཞོན་ནུ་ཟླ་མེད་འདི་ང་དང་འདྲ་བར་རི་པིན་དང་ཀྲུང་གོའི་དམག་འཁྲུག་ལ་བལྟ་རྒྱུ་མཁན་ཞིག་ཡིན་པ་འདྲ། ངས་ཀྱང་གློག་བརྙན་དེ་དག་གི་ནང་ནས་ཚིག་འདི་འདྲ་ཞིག་གོ་མྱོང་བ་འདྲ་ཞིག་འདུག རི་པིན་གྱིས་དེ་ལྟར་བཤད་དེ་ཧམ་པ་བྱས་པ་རེད་མོད་རྗེས་སུ་རི་པིན་མཉམ་འབྲེལ་དམག་གིས་ཕམ་པ་བྱས་ཤིང་། ཀྲུང་གོར་ལྷག་པའི་དམག་རོ་དེ་དག་རང་བཞིན་གྱིས་ཕྱིར་བསྡུ་བྱས་པ་རེད། འོན་ཀྱང་རྒྱ་ནག་གིས་རི་འགོག་དམག་འཁྲུག་གི་སྐབས་སུ་འདི་འཇོན་རབས་དང་དེ་འཇོན་རབས་བཤད་བཞིན་ཡོད་པ་ལས། ཨ་རིས་རྡུལ་ཕྲན་མཚོན་ཆ་གཡུག་སྟེ་རི་པིན་དཔའ་ཞུམ་པར་བྱས་པ་ལས། ཀྲུང་གོར་ཡོད་པའི་རི་པིན་གྱི་དམག་རོ་རྣམས་ལྟག་ཆུ་ཆད་པའི་རྗིང་བུར་གྱུར་བའི་ཚུལ་རྣམས་ནམ་ཡང་མི་གླེང་ལ། གླེང་མཁན་བྱུང་ན་དེ་ལ་ངན་དམོད་དང་རུབ་རྒྱག་རྒྱུ་རེད། འདི་དེ་བ་ཚང་གི་གཤིས་ཀ་ཞིག་ཀྱང་རེད། ངས་འདིར་རི་པིན་གྱི་དམག་རོ་ཞེས་བཤད་ཡོད། དེ་ལྟར་བཤད་དོན་ཡང་དམག་ཡག་གྲས་རྣམས་ནུབ་ཕྱོགས་པར་གདོང་ལེན་བྱེད་དུ་ཕྱིན་པ་དང་རྙིག་རོ་རྣམས་རྒྱ་ནག་ཏུ་བཏང་བས་དེ་ལྟར་བཤད་པ་ཡིན། འདི་ཡང་རྒྱ་ནག་གིས་ངོས་ལེན་མི་བྱེད་པར་དེ་ལས་ལྡོག་སྟེ་འདི་ཚོ་རི་པིན་གྱི་དམག་ལེགས་ཤོས་ཡིན་པའི་ཧར་གཏམ་བཤད་བཞིན་ཡོད། གང་ལྟར་ཕྱིས་སུ་རི་པིན་གྱིས་ཡེངས་ལ་བཞག་ཅིང་སྟབས་ལེགས་ཏེ་ཚེ་ཐར་བྱུང་བའི་རྒྱ་ནག་འདི་ལ་ཡར་ལང་ཐུབ་པའི་གསོན་ཤུགས་རྒྱས་པ་ན་བོད་དང་སོག་པོ་སོགས་རང་གི་ཁྱིམ་མཚེས་རྣམས་ལ་སྡིག་ལས་ཅི་ཙམ་བྱས་པ་ང་ཚོས་མཐོང་གསལ་རེད། འདི་ཚང་ལ་འདི་འདྲའི་ངན་གཤིས་ཤིག་ཡོད་པ་རེད། ཐུབ་སར་ཐོབ་ཚོད་གཏོང་། མི་ཐུབ་སར་སྤྲེལ་ལད་འཁྲབ། ཁ་ནས་བཟང་རབས་ཡག་རབས་བཤད། ལག་ནས་སྡིག་ལས་སྣ་དགུ་བྱེད། རང་གིས་ངན་བྱས་པ་རྣམས་སྦས་ཅི་ཐུབ་བྱེད། སྦས་མ་ཐུབ་ན་གཞན་ལ་ཁག་དཀྲི། གཞན་གྱིས་བཟང་བྱས་ན་དེ་ལ་སྐྱོན་འཚོལ། སྐྱོན་མ་རྙེད་ན་གླེང་འགེལ། དེ་རིང་གི་རི་པིན་ལ་ལྟོས་དང་། རང་དབང་དང་དམངས་གཙོ། དཔལ་འབྱོར་དང་ཤེས་ཡོན། ནུབ་ཕྱོགས་རྒྱབ་ཁབ་རྣམས་དང་རྒྱ་ནག་སོགས་ཀྱིས་རི་པིན་ལ་བརྟེན་ནས་དཔལ་འབྱོར་གོངའཕེལ་དུ་གཏོང་། ཚན་རྩལ་གོང་འཕེལ་དུ་གཏོང་། མཚོན་ཆའི་དམག་འཁྲུག་ལ་རི་པིན་གྱིམ་ཕམ་ཁ ཁུར་ཡང་མཐར་དཔལ་འབྱོར་དང་ཤེས་ཡོན་གྱི་དམག་འཁྲུག་ནང་རི་པིན་ལ་རྒྱལ་ཁ་ཐོབ་པ་རེད། སྔོན་ཆད་དགྲ་ཡིན་ཟེར་ནས་མངོན་དུ་འབུད་མཁན་ཚོ། ད་ལྟ་དགྲ་ཡིན་ཟེར་ནས་ལྐོག་ཏུ་བཤད་མཁན་ཚོ། ཤར་ཕྱོགས་དང་ནུབ་ཕྱོགས། མགོ་སེར་དང་མགོ་ནག ཁོག་མི་དགའ་བཞིན་དུ་ཁ་ནས་སོ་བསྟན་ཏེ་རི་པིན་གྱི་དཔལ་ཡོན་ལ་ལོངས་སྤྱོད་བྱེད་བཞིན་ཡོད། དཔེ་འདི་དངོས་གནས་འབྱོར་བ་ཞིག་སྦྱར་འདུག་གཱ། གཞོན་ནུ་ཟླ་མེད་འདི་དཔེ་སྦྱར་དགོས་ན་དངོས་གནས་འགྲན་ཟླ་ཞིག་མི་འདུག ད་ཁྱོད་ཀྱི་མིང་ལ་དཔེ་འཇོག་ཟླ་མེད་ཅེས་བཏགས་ན་ལེགས། ཧེ་ཧེ།
# ༡༡༡༽ ཕུར་པ་སྐྱབས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༡ སྐར་མ་ ༡༤
རི་པིན་ལ་ཨ་རིས་རྡུལ་ཕྲ་མཚོན་གཡུག་རུང་ད་དུང་འཛམ་གླིང་འདིའི་མཐོ་སར་འགྲེང་སྟེ་བསྡད་ཡོད་པ་འདིས་ཁོ་ལ་སྟོབས་ཤུགས་ཅི་ཙམ་ཡོད་པ་གསལ་སྟོན་བྱས་འདུག ཨ་རི་དང་མཉམ་འབྲེལ་རྒྱལ་ཁབ་ཁག་དང་རྒྱ་ནག་སོགས་ལ་དེ་འདྲའི་རྡུལ་ཕྲན་མཚོན་ཆ་ཞིག་གཡུག་ན་ཡར་ལང་རྒྱུ་ཕར་ཞོག་གོག་ནས་འགྲོ་རྒྱུའང་ཡོད་དཀའ། མུ་ཏིག་གྲུ་ཁའི་གཏོར་བཅོམས་དེས་ཀྱང་ཨ་རི་སོགས་མཉམ་འབྲེལ་དམག་དཔུང་སྨྱོན་པ་ལྟ་བུ་བཟོས་ཏེ་ ཉེས་མེད་ཀྱི་མི་སེར་དཀྱུས་མ་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཆེན་པོ་གཉིས་ཀྱི་ཐོག་རྡུལ་ཕྲན་མཚོན་ཆ་གཡུག་པའི་ངན་པ་སྙིང་མེད་ཀྱི་ལས་འདི་བྱས་པ་རེད། ནུབ་ཕྱོགས་པ་ཚོས་མཉམ་རུབ་བྱས་ཏེ་རི་པིན་ལ་དམག་དྲངས། ད་དཔའ་བོ་ཞིག་གི་བྱེད་སྟངས་མ་རེད། ངན་པ་གཉིས་རུབ་བྱས་ན་བཟང་པོའི་སྐེ་ཚིགས་འཕུད་ཟེར་བ་རེད། ངན་པ་བརྒྱ་རུབ་བྱས་ཀྱང་དཔའ་བོ་འདི་སར་བསྙལ་མ་ཐུབ། དཔེ་འདི་དག་དངོས་གནས་འབྱོར་བ་འདུག་ ད་དུང་འཕྲོས་རྒྱུ་འདུག་ཀྱང་ད་ང་ཅུང་ཙམ་ཉོབ་ཀྱི་འདུག ཉན་འདོད་ཡོད་མཁན་འདྲ་ཡོད་ན་སང་ཉིན་བཤད་ཆོག
# ༡༡༢༽ ཕུར་པ་སྐྱབས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༡ སྐར་མ་ ༢༤
ཨ་རོགས་ཁྲོ་སྐྱབས་རྒྱལ་པོའི་ཉ་ལུ། དམུ་ཐག་གི་བུ་རྒྱུད། ངས་ཁྱོད་ལ་དྲན་གསོ་ཞིག་བྱེད། ཁྱོད་དང་ང་། ད་དུང་འབར་ཁམས་ཀྱི་ངའི་སྤུན་མཆེད་ཨ་ག་ཕུན་ཚོགས་གསུམ་གྱིས་ཀུ་ཤུ་རྐུན་མ་བརྒྱབ་སྟེ་གློག་བརྙན་ལ་བལྟ་བར་ཕྱིན། དངུལ་མེད་པས་དངུལ་ཚབ་ཏུ་ཀུ་ཤུ་སྤྲད། ལམ་བར་ནས་ཁྱོད་ཀྱི་ལྷམ་ཡ་གཅིག་བརླག་པའི་གནས་ཚུལ་དེ་ དྲན་གི་འདུག་གམ། གློག་བརྙན་དེ་ཨ་རི་དང་རི་པིན་བར་གྱི་དམག་འཁྲུག་གི་སྐོར་རེད་ཡ།
# ༡༡༣༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༡༧
གཞོན་ནུ་ཟླ་མེད་ལགས།
༼འོ་ལ་སྟོད་བུ། ད་ངས་ཁྱོད་ལ་བཤད་ན་ཁ་བརྡ་ཚང་གིས་བསུབ་འགྲོ་གི་འདུག ངས་ཁྱོད་ལ་བཤད་རྒྱུ་མིན།༽
ཁྱོད་ཀྱིས་ཁ་བརྡ་ཚང་ལ་དེ་འདྲའི་སྐྱོན་བརྗོད་བྱེད་དགོས་པ་གང་ཡོད།
ཁ་བརྡ་ཚང་གི་ཁྲིམས་ལ་བརྩི་སྲུང་མི་བྱེད་མཁན་ཐམས་ཅད་ལ་བཀག་ཉག་གཅིག་ཡིན་པའི་རེ་བ་ཡོད། ཁྱོད་ཀྱིས་བྲིས་པའི་མཆན་བསུབ་ཡོད་ན་ཁྱོད་ཀྱིས་གཏན་གཏན་ཁྲིམས་འགལ་ཅིག་བྱས་ཐག་གཅོད་རེད། སྤོབས་པ་མཐའ་ཡས་ཁྱེད་གཉིས་མི་གཅིག་ཡིན་ཚེ་དྭོགས་གཞི་ཆེན་པོ་འདུག
# ༡༡༥༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༤༩
སྤོབས་པ་མཐའ་ཡས་ནས་
༼མ་གཞི་ནས་བོན་ཕྱོགས་ལ་དེབ་མང་པོ་འདུག བཀའ་བསྟན་དེ་ཡང་བན་དེའི་བཀའ་བསྟན་གཉིས་བསྡོམས་པ་ལས་ཀྱང་མང་གི་མ་རེད་པས། སྟག་གཟིག་གི་ངེས་ཚིག་འགྲེལ་ཆེད་རྟག་གཟིགས་སུ་བཅོས་པ་དེ་ཁྱད་མཚར་རེད། སྟག་གཟིག་གི་ས་མིང་ལ་བོད་སྐད་ཀྱི་འགྲེལ་བཤད་འགྲོ་དགོས་པ་དེ་ག་རེ་ཡིན་ནམ། ད་བན་དེ་ཚང་གིས་ཀྱང་ལིམ་བི་ནི་དང་བྷོ་དྷི་ག་ཡ་སོགས་ལ་བོད་སྐད་དང་སྦྱར་ནས་ངེས་ཚིག་འགྲེལ་ཆེད་བཟོ་བཅོས་བྱ་དགོས་པ་མ་རེད་དམ།༽
སྤོབས་པ་མཐའ་ཡས་ལགས། བོན་གྱི་བཀའ་བསྟན་ཅེས་མེད་པར་ཁ་སྔོན་དམུ་ཐག་བུ་ཡིས་བཤད་མ་སོང་ངམ། དེ་ཚོར་ལྟོས། བོན་པོར་བཀའ་བསྟན་ཟེར་བའི་ཐ་སྙད་མེད། ཤེས་འདོད་ན་བཀའ་བརྟེན་ཅེས་བཤད་སྲོལ་དང་ལོ་རྒྱུས་རང་བཞིན་ལྡན་པའི་འགྲེལ་བཤད་རྒྱབ་རྒྱུ་ཡོད། དེ་མིན་བོན་པོའི་བཀའ་བསྟན་ཅེས་པ་མ་བཤད་རོགས། ར་མགོ་ལུག་སྦྱར་གྱི་དཔེ་རྐྱང་རྐྱང་བྱས་ཏེ་སྐྱོན་འཛུགས་བྱས་ཡོད། དེ་སེམས་ལ་ཡག་པོ་ཉར་དགོས།
སྟག་གཟིག་ཅེས་བོན་པོ་ཐུན་མོང་གི་ཁས་ལན་དུ་རུང་བའི་ལོ་རྒྱུས་ཚད་འཕེར་གྱི་གཞུང་ཞིག་ཁྱེར་ཤོག་ཅེས་བཤད་ཡོད། ད་དུང་དེ་ཡི་སྐོར་རྐྱང་རྐྱང་བཤད་བསྡད་ཀྱི་འདུག
རྟག་གཟིག་ཅེས་བཤད་ཀྱི་ཡོད་ན། རྟག་གཟིག་ཅེས་ས་མིང་འགྲེལ་བཤད་རྒྱབ་མི་ཆོག་པ་གང་རེད། ཁྱོད་སྤོབས་དྲེགས་ཆེ་དྲགས་པའི་ཁྲིམས་ཡིན་ན་མ་གཏོགས་བོད་ཀྱི་ས་མིང་མང་ཆེ་བར་འགྲེལ་བཤད་རྒྱབ་རྒྱུ་ཡོད་རེད། དཔེར་ན། ཆབ་མདོ། ཟེར་བའི་ས་མིང་ལ་འགྲེལ་བཤད་རྒྱབ་རྒྱུ་མེད་པ་རེད་པས། དེ་ལོས་ཡོད། ཆབ་མདོ་མ་ཆགས་ཆུ་གཉིས་བར་ལ་ཆགས། ཞེས་བོད་ཀྱི་གླུ་ཡི་ནང་དུའང་ཡོད།
བྷོ་དྷི་ག་ཡ་སོགས་ལའང་བོད་སྐད་དང་སྦྱར་ནས་འགྲེལ་བཤད་རྒྱབ་རྒྱུ་ལོས་ཡོད།
སྔར་བོད་ཀྱི་ལོ་ཙཱ་བར་ཁས་ཆེ་བ་དེ་ཚོས་རྒྱ་གར་གྱི་རྒྱལ་པོ་དང་རྒྱལ་མོ། ཁང་པ། ས་ཆ། ཟ་མ། དེ་བཞིན་མ་ཧེ། གླང་པོ་ཆེ། བུ་དང་བུ་མོ་སོགས་ཀྱི་མིང་ལ་འགྲེལ་བཤད་རྒྱབ་པའི་ཕྱིར་དུ་བོད་མིས་རྔུལ་ཁྲག་ཐིག་པ་བསགས་པ་ལས་བྱུང་བའི་གསེར་དངུལ་ལས་སོགས་ཁུག་མ་དང་ཁུག་མ་བྱས་ཏེ་ཁོང་ཚོར་སྤྲད་པ་མ་རེད་དམ། བོད་རྒྱལ་གྱིས་ཁོང་ཚོར་རྒྱུ་མཚན་མེད་པར་སྤྲད་པ་ཡིན་རྒྱུ་མ་རེད།
དཔེར་ན་སྙན་ངག་མེ་ལོང་མ་བསྒྱུར་མཁན་ལ་བྱ་བརྔན་སྤྲད་པ་བཞིན་ནོ།
ད་ཁྱོད་ཀྱིས་བཤད་པ་ཐམས་ཅད་ཙི་ཙིའི་རྔ་མ་བཞིན་དུ་འགྲོ་རྒྱུ་ཉག་གཅིག་རེད།
བོན་ག྄ྱི་ལེགས་བཤད་ལས།
མེ་ཆུས་རེག་བྱ་མ་མྱོང་པའི།
ཝ་སྐྱེས་གྲྭ་ལེགས་རྔ་མ་དེ།
རླུང་གིས་སྤུར་དུས་སྦོམ་མདོག་མདོག།
ལག་ཏུ་བཅང་ན་ངན་ཚང་བརྡོལ།
ཅིས་མི་བདེན།
# ༡༡༦༽ ཁ་བརྡ་ཚང་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༤ སྐར་མ་ ༠༠
གོང་དུ་མཆན་འདེབས་མཁན་ཚོར་ཁ་བརྡས་ཚིག་འགའ་ཞུ་གི་ཡིན།
དང་པོ།
གོང་གི་མཆན་འགའ་བསུབ་པ་མ་ཟད་མཆན་རྒྱག་མཁན་འགའ་ཡང་གནས་སྐབས་རིང་བཀག་ཡོད།
གཉིས་པ།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གསུམ།
བགྲོ་གླེང་དེ་ཆོས་ལུགས་དབྱེན་དཀྲུགས་ཀྱི་གཞི་རུ་གྱུར་ན། དེ་ལ་ཁ་བརྡས་དགའ་བསུ་མི་ཞུ།
དེའི་རིགས་ཀྱི་མཆན་དང་མཆན་རྒྱག་མཁན་གཉིས་ཀ་གཏན་འགོག་བྱེད་སྲིད།
བཞི།
གོང་དུ། སྤོབས་པ་མཐའ་ཡས་ལགས་ཤེས་རབ་དར་རྒྱས་ཟེར་མཁན་ཞིག་རེད་ལབ་མཁན་འགའ་ཤས་བྱུང་འདུག
སྤོབས་པ་མཐའ་ཡས་ལགས་ཤེས་རབ་དར་རྒྱས་མིན། འདི་ཡང་གསལ་བཤད་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
# ༡༡༧༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༢
བོན་པོ་ཚོས་སྟག་གཟིག་ཟེར་བ་ཁས་ལེན་གྱི་འདུག བོན་གྱི་དྲ་རྒྱ་རུ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འདི་ཡོད་པས་བཀོད་ཡིན།
“བོད་ཡུལ་གྱི་འགྲོ་བ་འདུལ་བའི་སྐབས་ལ་བབ་པ་སོགས་དགོས་པའི་སྒོ་དུ་མ་ལ་གཟིགས་ཏེ། སྟག་གཟིག་འོལ་མོ་ལུང་རིང་ནས་གངས་ཏི་སིའི་མདུན་དང་ཆུ་བོ་རྟ་མཚོག་ཁ་འབབ་ཀྱི་རྒྱུད་ནས་ཀོང་ཡུལ་དུ་འཆག་ཕེབས་སོ། དེའི་དུས་སུ་འགྲོ་བ་རྣམས་དྲངས་ཀྱང་ཕྱི་རབས་ཀྱི་དད་རྟེན་དུ་ཐུགས་ལས་བོན་རི་སྤྲུལ་ཞིང་སྐུ་གསུང་ཐུགས་རྟེན་རྗེས་བཞག་མཛད། དེ་དུས་བོད་ལ་ཤིང་རྩི་སོགས་ཀྱིས་ལྷ་གསོལ་བ་དང་། རྒྱུ་བོན་འགའ་ཞིག་ཙམ་ལས་དྲང་ངེས་ཀྱི་བོན་གསུངས་པའི་སྐབས་ལ་མ་བབས་པ་གཟིགས་ནས་དྲང་ངེས་ཀྱི་བོན་སྡེ་རྣམས་དར་བའི་སྨོན་ལམ་མ་མཛད་ནས་སླར་རྟག་གཟིགས་སུ་གཤེགས་སོ། །”
# ༡༡༨༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༦ སྐར་མ་ ༠༧
དེའི་རྗེས་སུ་རྫོགས་པའི་སངས་རྒྱས་ཀྱི་སྨོན་ལམ་གྱི་མཐུ་ལ་བརྟེན་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་གྱིས་གནས་སུ་གནས་སུ་གནས་སུ་གཡུང་དྲུང་གི་བོན་བོན་དར་ཞིང་རྒྱས། དུས་དེང་སང་ཡང་མངའ་རིས་གྱི་གནས་སུ་ཡང་མཉམས་པར་ཡོད། དེ་ནས་རྟག་གཟིག་དང་ཞང་ཞུང་སོགས་ཀྱི་མཁས་པ་ཆེན་པོ་ཞང་ཞུང་སྟོང་རྒྱང་མཐུ་ཆེན་སེ་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་རྨ་ཆུང་། དང་བཞི་ཡིས་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་རོ། །
# ༡༡༩༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༨ སྐར་མ་ ༠༦
སྤོབས་པ་མཐའ་ཡས་ཤེས་རབ་དར་རྒྱས་རེད་ཟེར་མཁན་ཚོས་ཧ་མ་གོ་བ་བཤད་ཀྱིན་ཡོད་པ་རེད། ངས་མིན་ཟེར་ནས་མནའ་འདྲ་བསྐྱལ་ནས་ཁྱོད་ཚོ་ཡིད་ཆེས་ན་ངས་མནའ་བསྐྱལ་ཆོག དབོན་ཞང་རྡོ་རིང་ལས་བྱུང་བ་ལྟར་ཉི་ཟླ་གཟའ་སྐར་དཔང་དུ་བཙུགས། སྲོག་ཆགས་འདྲ་བསད་ནས་མནའ་བསྐྱལ་དགོས་རུང་མནའ་བསྐྱལ་ཆོག
# ༡༢༠༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༨ སྐར་མ་ ༤༠
ངོ་མ་བགྲོ་གླིང་འདིའི་ཆ་ཤས་ལེན་མཁན་ཚོ་ཡིན་ན་ཡང་འདྲ། ཟུར་ཉན་པ་ཚོ་ཡིན་ན་ཡང་འདྲ། དྲ་བའི་བདག་པོ་ཚོ་ཡིན་ན་ཡང་འདྲ། རྩོད་གླེང་འདྲ་བོ་འདི་ཚོར་བ་སྲབ་དྲགས་ས་ཞིག་ལ་ཁབ་བཙགས་འབུག་བཙགས་བྱེད་པ་ཞིག་ལ་དགོངས་བཞིན་ཡོད་པ་འདྲ་བས་འདི་ནས་མཚམས་འཇོག་ཆོག ངས་མ་ཤེས་པ་ཡིན་པས་དགོངས་དག་ཞུ། སྐབས་གཞན་དང་གཞན་ནས་བརྗོད་དོན་འདི་འདྲ་བྱུང་ན་ཡང་བསྐྱར་རང་གི་དོག་འདྲི་དེ་ཚོ་འདོན་གྱི་ཡིན།
# ༡༢༡༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༩ སྐར་མ་ ༤༤
འོ་ད་ཁ་བརྡ་ཚང་གིས་སྒོ་ཁ་ཕྱི་ནང་ཚང་མ་གཙང་མ་གཙང་རྒྱང་བཟོས་འདུག དང་པོ་ང་ག་ལེ་ནང་ལ་འགྲོ་དང་། གཅིག་བྱས་ན་ང་ཡང་སྒོ་སྲུང་གིས་བཀག་ཡོད་ཀྱི་རེད། ཡ་གཅིག་གཉིས་གསུམ། འོ་དགའ་བ་ལ་དང་སྐྱིད་པ་ལ། ང་བཀག་མི་འདུག རོགས་པ་ཚོ་ཤོག་འ། གཅིག་རེ་གཅིག་རེ་ཤོག་འ། སྒོ་སྲུང་གཉིད་ཁུག་བསྡད་འདུག ད་འུར་མ་རྒྱག་ག་ལེར་རྐང་འཇབ་ལག་འཇབ་བྱས་ནས་ཤོག དེ་ནས་ཁ་གཙོག་མ་བཤད་འ། ཁ་གཙོག་བཤད་མཁན་ལ་ངའི་འོག་་་་ འོ་དཀོན་མཆོག་མཁྱེན། ཡང་ཁ་ནང་ནས་ཁ་གཙོག་ཤོར་གྲབ་བྱེད་ཀྱི་འདུག
# ༡༢༢༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༡༩ སྐར་མ་ ༥༨
མཆན་འདེབས་མཁན་དང་མཆན་ཁ་ཤས་ཤིག་བཀག་བཞག་ཡོད་ཅེས་པ་དེས་དེ་ལས་ཀྱང་བགྲོ་གླེང་འདི་འཁྲུག་ཆ་ཆེ་རུ་བཏང་སོང་། མཆན་འདེབས་མཁན་སུ་ཟེར་བ་དེ་ཚོ་བཀག་བཞག་ཡོད་དམ་མཆན་ག་རེ་བཀག་བཞག་ཡོད་སྙམ་ནས་བསམ་བློ་གཏང་ས་གཞན་ཞིག་ཀྱང་ཡོད་པ་བཟོས་སོང་། སྒྲུང་འབྲི་མཁན་མཁས་པ་ཚོས་སྒྲུང་བྲིས་པ་ལྟ་བུ་ཆགས་སོང་།
# ༡༢༣༽ འབྲོང་རྭ་སྨུག་པོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༠ སྐར་མ་ ༥༧
འོ་ སྤོབས་པ་མཐའ་ཡས་ལགས།
ཉིད་ནས་རང་ཉིད་ཤེས་རབ་དར་རྒྱས་མིན་པའི་ཁ་བསངས་བྱས་པ་ཐུགས་རྗེ་ཆེ།
# ༡༢༤༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༡ སྐར་མ་ ༢༧
སྤོབས་པ་མཐའ་ཡས་ལགས།
ཁ་བརྡ་ཚང་ནས་ཁྱེད་རང་ཤེས་རབ་དར་རྒྱས་ཟེར་བ་དེ་མ་རེད་ཅེས་གསུང་སོང༌།
ངས་ཡིད་ཆེས་བྱེད་ཀྱི་ཡོད།
བླ་མ་དཀོན་མཆོག་མཁྱེན་ང་འདིར་མ་བཀག་པར་མཁྱེན།
ངས་ནི་ཁ་སྔོན་རང་དུ་གྲྭ་ཚང་ཆེན་མོའི་ཚོགས་ཆེན་དགེ་བསྐོས་ལ་དགོངས་པ་ཞུས་སྟངས་ནང་བཞིན་གྱི་དགོངས་པ་གཙང་མ་ཞུས་ཡོད། འདིར་དགོངས་འགལ་སོང་བ་མེད་པས་རྣམ་རྟོག་དེ་འདྲ་མི་འདུག
ང་ཡི་མཆན་དེ་ཚོ་ཡང་མ་བཀག་པའི་རེ་བ་ཡོད།
གོང་དུ་མཆན་རེ་འགའ་བཀག་ཡིན་གསུང་འདུག་དེ་སུ་ཡིས་མཆན་ཡིན་མིན་དང༌།
མཆན་འགོད་པ་པོ་རེ་འགའང་བཀག་ཡོད་གསུང་འདུག་སུ་དང་སུ་ཡིན་མིན་གསུང་
གནང་ན་ཡག་པོ་འདུག་ དགོང་དག་ད་མང་པོ་ཞིག་བཤད་ན།
# ༡༢༥༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༡ སྐར་མ་ ༤༨
ད་ག་རེའི་སྐོར་ལ་བཤད་ན་དྲགས་ས་རེད། ཡང་གོང་གི་པར་རིས་ཀྱི་སྐོར་ལ།
ཡང་ན་བོང་བུ། ཡང་ན་འབྲོང་་ད་རེད་མི་འདུག བོང་བུའི་སྐོར་ལའང་མི་གཤིས་ལ་གནོད་པའི་བཟོ་འདྲ་ཞིག འབྲོང་གི་སྐོར་ལ་—-ཨ་འབྲོང་གི་སྐོར་ལ་འབྲོང་རུས་འཐོར་བ་བཞིན་དེ་ཡང་མི་གཤིས་ལ་—ད་འབྲི་ས་མི་འདུག སྟོད་ཀྱི་འབྲོང་ནས་བཟུང་སྨད་རྒྱ་ཐང་གི་བོང་བུ་དང་གླང་གོག་ཡན་ཆད་བྱུང་མ་སོང༌།
ད་སྤྲེལ་དཀར་དང་སྤྲེལ་དམར་སོགས་སྤྲེལ་གྱི་སྐོར་ལ་བྲིས་ན་—ཨ་དེ་ཡང་སྤྲེལ་ལད་འཁྲབ་མཁན་བཟོ་འདྲ་ཞིག
ད—-གཡུག་ཞོག་དེ་ལས་ཆོས་སྲིད་ཀྱི་དྲི་མས་མ་གོས་པའི་བླ་མའི་རྣམ་ཐར་སོགས་ཀློག་བསྡད་ན་ཡག་ས་རེད།
# ༡༢༦༽ འབྲོང་རྭ་སྨུག་པོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༡ སྐར་མ་ ༥༨
( གསལ་བཤད། གཤམ་གྱི་འཕྲིན་འདི་ནི་ཁ་སང་ཤེས་རབ་དར་རྒྱས་ནས་ཁ་བརྡའི་རྩོམ་སྒྲིག་པ་རབ་གསལ་ལགས་ལ་སྤྲིངས་པ་ཞིག་རེད། ཕྲན་ལའང་དཔར་བཤུས་ཤིག་བསྐུར་ནས་སླེབས་སོང་། ཕྲན་ལ་ཡི་གེ་འདིའི་པར་བཤུས་ཡོང་ཁུངས་ནི། ཁ་སྔོན་གཡག་ཟེར་བ་སོགས་དྲ་མྱུལ་བ་ཁ་ཤས་ཀྱིས་ཁ་བརྡ་དྲ་རྒྱའི་བརྒྱུད་ལམ་ནས་ཤེས་རབ་དར་རྒྱས་བོན་པོའི་བསྟན་པ་ལ་སྡང་ཟུག་ཆེ་རབས་སོགས་ངན་སྨྲས་བྱེད་གྱིན་པ་ཤེས་རབ་དར་རྒྱས་ལ་ཨི་མེལ་ལམ་ནས་བརྡ་ལན་སྤྲད་པ་ཡིན་པས། ཡིག་ལན་དང་ལྷན་གཤམ་གྱི་འཕྲིན་འདིའང་ཕྲན་ལ་སྤྲིངས་་འབྱོར་བྱུང་།
དེ་རིང་རབ་གསལ་གྱིས་གནང་བའི་དྲིས་ལན་དུ་ཤེས་དར་གྱི་འཕྲིན་འདི་ཁ་བརྡའི་མཆན་ཁོངས་སུ་ཡོད་ཅེས་གསུངས་འདུག ཡིནའང་། ཕྲན་ནས་ད་བར་མཆན་ཁོངས་སུ་འཕྲིན་འདི་བཀོད་ཡོད་པ་མ་མཐོང་བས་འདིར་དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་ཡིན། འབྲོང་ར་སྨུག་པོའམ་ རི་སྤྱང་ཁེར་འགྲོ་རུ་འབོད་པ་ནས། )
—————————————
ཁ་བརྡ་རྩོམ་སྒྲིག་པ་རབ་གསལ་ལགས་དང་ཁ་བརྡ་ཀློག་མཁན་རྣམས་ལ་སྤྲིངས་པ།
ཤེས་རབ་དར་རྒྱས།
ཉེ་ལམ་ནས་ཁོ་བོ་སྟེ་ཤེས་རབ་དར་རྒྱས་ཀྱི་མིང་འབྲེལ་རྩོམ་ཡིག་འགའ་ཞིག་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། དེ་ཙམ་དོ་སྣང་མ་བྱས། རྒྱུ་མཚན་ནི་གནས་ཚུལ་འདི་འདྲ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མ་དགའི་ཐོག་ནས་མང་པོ་ཡོང་དང་འབྱུང་བཞིན་པ་དེ་རེད། གནས་ཚུལ་གང་ལ་བསམས་ཀྱང་ཁོ་བོ་བོན་གྱི་བསྟན་པ་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ཁོ་བོའི་ཁ་ཞེ་མཐུན་པའི་གྲོགས་པོ་རྣམས་ལ་དྲིས་དང་གསལ་བོར་ཤེས་ངེས་ཡིན། སྤྱིར་ན་གནས་ཚུལ་འདི་ལྟ་བུ་བྱུང་བ་ན་རྩོམ་སྒྲིག་པ་རབ་གསལ་ལགས་ལ་འདྲི་རྒྱུ་གལ་ཆེ་ལ། དྲིས་དང་ཁོས་རྩོམ་ཡིག་དེ་དག་གི་ཡོང་ཁུངས་གསལ་བོར་ཤེས་ངེས་ཡིན་པར་མ་ཟད། ལན་དྲང་པོར་རྒྱག་དགོས་པ་ཡང་ཁོའི་ལས་འགན་ཡིན། དེར་མ་ཟད། སྤོབས་པ་མཐའ་ཡས་ཞེས་པ་དེས་ཀྱང་རང་ཉིད་ཀྱི་མིང་དངོས་སྨོས་ཏེ་སུ་ཡིན་མིན་གསལ་འདོན་བྱེད་མི་ཐུབ་ཀྱང་མི་ལ་ཁག་ངན་དཀྲིས་དུས། ཤེས་རབ་དར་རྒྱས་དང་སྤོབས་པ་མཐའ་ཡས་གཉིས་མི་གཅིག་ཡིན་མིན་ཙམ་ཞིག་མ་མཐར་ཡང་གསལ་བཤད་བྱེད་དགོས་པ་རེད། བོན་བསྟན་ལ་ཞེན་པ་དཀར་བའི་གྲོགས་པོ་རྣམས་ལ་སླར་ཡང་ཞུ་རྒྱུར། ཁོ་བོ་ཤེས་རབ་དར་རྒྱས་རྡ་སར་འཛིན་གྲྭ་ལྟ་བུ་ཞིག་ལ་སློབ་ཁྲིད་བྱས་ཏེ་བསྡད་ཡོད་ལ། སློབ་ཚན་གྲ་སྒྲིག་དང་དཔེ་ཀློག་ཕྲན་བུ་རེ་ལ་མགོ་འཁོར་ཏེ་དྲ་རྒྱ་སོགས་ཀློག་ཙམ་ཡང་མ་བྱས་པར་དུས་རིང་འགོར་སོང་། མཐའ་བསྡོམས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཁོ་བོ་ཤེས་རབ་དར་རྒྱས་མིན་ལ། ཁོ་བོ་ཤེས་རབ་དར་རྒྱས་གཞན་གྱིས་རྩོམ་སྐུལ་མ་བྱས་ན་རྩོམ་ཡིག་རང་འགུལ་གྱིས་སྤེལ་བའི་འདུན་པ་ཡང་མེད་པར་གྱུར་ཡོད། མ་གཞི་ནས་ཁོ་བོས་ཡག་པོ་ཞིག་འབྲི་ཡང་མི་ཤེས། གལ་ཏེ་བྲིས་པའི་དབང་དུ་བཏང་ན། བོད་ཡིག་ཀློག་མཁན་ལ་སྤྲོ་སྣང་ཕྲན་བུ་ཡིན་ཡང་སྤྲོད་ཨེ་ཐུབ་ཀྱི་རེ་བ་བྱེད་མཁན་ཞིག་དང་ཤུགས་རྒྱག་མཁན་ཞིག་ཡིན་སྙམ་ཡོད། འདི་ནི་དགོས་དབང་གིས་འབྲི་དགོས་བྱུང་སོང་ལ། རྩོམ་སྒྲིག་པས་ཀྱང་དྲ་ཐོག་ཏུ་འགོད་པའི་རེ་བ་ཡོད་པར་མ་ཟད། སྤོབས་པ་མཐའ་ཡས་ཟེར་བའི་རྩོམ་ཡིག་གི་ཡོང་ཁུངས་ཀྱང་གསལ་བཤད་བྱ་དགོས་ངེས་རེད། ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། གསལ་བཤད་འདིས་བོན་བསྟན་ལ་ཞེན་པ་དཀར་བ་དག་གི་ཐུགས་དོགས་གཙང་བསལ་ཐུབ་པའི་རེ་བ་ཡོད་ཅིང་། ཁོ་བོ་རྩོད་པ་རྩོད་ལན་ལ་མགོ་འཁོར་མེད་པའང་མཁྱེན་འཚལ།
# ༡༢༧༽ ཕུར་པ་སྐྱབས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༢ སྐར་མ་ ༠༤
xxxxxxx
# ༡༢༨༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༢ སྐར་མ་ ༡༥
xxxxxx
# ༡༢༩༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༢ སྐར་མ་ ༢༥
རྩད་གཅད་དགོས་ན་ང་ཤེས་རབ་དར་རྒྱས་རེད་ཟེར་མཁན་ཚོ་རྩད་གཅོད་དགོས་པ་རེད། ཤེས་རབ་དར་ར་རྒྱས་ཀྱི་མིང་ཐོག་ནས་རྩོམ་སྤེལ་མཁན་དེ་ཚོ་རྩད་གཅོད་དགོས་པ་རེད། ཁོ་རང་ཚོས་ཤེས་རབ་དར་རྒྱས་རེད་ཟེར་བ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། རྒྱུ་མཚན་དེ་བཤད་འཇུག་དགོས་པ་རེད། ངས་ཤེས་རབ་དར་རྒྱས་ང་ཡིན་ནམ་ཡང་ལབ་མ་མྱོང་། སྐད་ཆ་དེ་ཚོ་ཤེས་རབ་དར་རྒྱས་ཀྱི་སྙན་དུ་འཁྱོལ་བ་བྱེད་རོགས། ད་དུང་གཅན་ཚ་བ་ཅིག་ཅིག་མིག་མིག་ཅིག་ཀྱང་བོན་ལ་མི་དགའ་ཚུལ་དང་དེ་ང་རེད་ཟེར་ནས་ཡང་བཤད་ཀྱིན་འདུག དེ་ཡང་དེ་ལུགས་རེད། ང་ཤེས་རབ་དར་རྒྱས་མིན་ལ་གཅན་ཚ་བ་ཡང་མིན། དངོས་གནས་ང་དང་ཐུག་ནས་ཅིག་བྱ་རྒྱུ་ཡོད་ན་དེ་ལུགས་གསལ་བཤད་གྱིས་དང་སྒེར་ངོས་ནས་འབྲེལ་ལམ་ཞུ་ཆོག
# ༡༣༠༽ གཅན་བཟོད་རྒྱམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༢ སྐར་མ་ ༢༦
བདག་གི་སྙན་ངག ༼ཆང་དང་རོལ་དབྱངས༽ཀྱི་དུམ་ཚན་འགའ།
༦
ང་རོལ་དབྱངས་འདིའི་མགོ་ཁུངས་ཇི་བཞིན་ཆེས་གཏིང་ཟབ་ས་ཅིག་ཏུ་འཛུལ་ནས་ཁུ་སིམ་མེར་འདུག་ན་འདོད
ང་རོལ་དབྱངས་འདིའི་འགྱུར་ཁུག་ཇི་བཞིན་ཆེ་མཐོ་ས་ཞིག་ནས་རྔམ་རྔམ་བརྗིད་བརྗིད་ཀྱིས་འགྱིང་ན་འདོད
ང་རོལ་དབྱངས་འདིའི་ཆེས་མཐའ་མཇུག་གི་གཅོད་མཚམས་ཆད་པ་ཇི་བཞིན་ད་ལྟ་རང་འཇིག་སོང་ན་འདོད་དོ
༧
རོལ་དབྱངས་ལ་ཉན་ཚར་རྗེས
སྟོན་འཇུག་གི་རྩྭ་ཐང་དུ་གོམ་ཁ་ལྷོད་ཀྱིས་སྒྱུར་བཞིན་ང་གང་དུ་འགྲོ་ཨང
ཨ ངས་བྱང་ཐང་དུ་འབྲོང་རྒོད་ཁེར་རྐྱང་ཞིག་བག་ཡངས་ཀྱིས་རྒྱུ་བ་མཐོང་བྱུང་ཡ
༨
ལུག་ཤ་འཚང་ར་འདི་གནམ་ནས་ལྷུང་ཡོང་བ་མིན་པས་ངས་ཅིས་ཀྱང་ཟོས་ཚར་དགོས་བསམ་མོད
ཕ་ཡུལ་ནས་ཟ་རྐྱང་འཐུང་རྐྱང་ལ་བྱང་ཆུབ་པའི་ངས
སང་ཉིན་གྱི་ཞོགས་ཟས་སོགས་ཀྱང་ས་མཐའ་ནས་འཚོལ་དགོས་པས
ལྟོགས་སྐོམ་ལ་གོམ་པའི་ངའི་ལུག་ཤ་འདི་ཅི་ནས་ཀྱང་ཟ་འཕྲོས་ལུས་དགོས་སམ
ད་དུང་ཆང་འདི་ཡང་འཐུར་འཕྲོར་ལུས་ན་སྙམ
# ༡༣༡༽ དག྄ྲ་འདུལ་ཚེ་རིང་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༣ སྐར་མ་ ༣༦
ཁ་སྔོན་ནས་མཆན་འདི་བཞག་ས་མ་རྙེད་ནས་ད་ལྟ་བར་ལུས་སོང་དེ་རིང་འདི་ནས་གཏོང་ས་རག་སོང་
ཁ་བརྡ་དྲ་རྒྱ་ལས་ལྷ་སྲས་དར་མ་ཞེས་པའི་རྩོམ་ཡིག་འོག་གི་མཆན་ལ་བལྟས་ནས་། རང་ལྟ་ལ་མི་ཆགས་
གཞན་ལྟ་ལ་མི་སྡང་བའི་སྒོ་ནས་ཚིག་འགའ་བཤད་ཁུལ་བགྱིས་ན། དང་པོ་འབོད་སྐུལ་ཞུ་རྒྱུར་
སྒྱུས་མེད་ལ་སྒྱུས་གཏམ་མ་སྨྲ་ན་མཛེས། གང་ཡིན་ཟེར་ན་ཕྱོགས་གཅིག་ཁོ་ན་ལས་ཕྱོགས་གཞན་དེར་མ་
མཐོང་བས། མཐའ་གཅིག་ཏུ་ལྷུང་པའི་པས་སོ། ཡང་ཁྱོད་ཚོས་བོན་པོ་དཀར་འདོན་བྱེད་ལུགས་དང་གླང་
དར་ལ་བསྟོད་གླུ་ལེན་ལུགས་སོགས་ཁྱད་གསོད་འདྲ་བྱེད་འདུག་ན་་ བོན་པོ་དཀར་འདོན་བྱེད་ལུགས་ལབ་
ན་དཀར་པོ་ཟེར་བ་དེ་གང་ཡིན། རྣམ་དཀར་གྱི་ཡོན་ཏན་ཞིག་ལ་གོ་བ་ཡིན་ན་ཐེག་ཆེན་གཡུང་དྲུང་བོན་འདི་
གཞི་ལམ་འབྲས་གསུམ་ཆ་ཡོངས་སུ་ཚང་བའི་ཐར་བ་དང་ཐམ་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཐབས་ཕྱིན་ཅི་མ་ལོག་པའི་ཆོས་རྒྱུད་ཅིག་རེད། དེར་དེང་སང་དཀར་འདོན་བྱེད་མི་དགོས་ཏེ། དང་པོ་ཉིད་ནས་དཀར་པོ་
ཡིན་པའི་ཕྱིར། དེས་ན་ཁྱོད་ཚོས་ངན་སྨོད་ཇི་ལྟར་བྱེད་ཀྱང་ཁྱོད་ཚོར་ཉེས་པ་ལས་བོན་ལ་ནམ་ཡང་མི་གནོད་
པའི་ཕྱིར་ད་དུང་ཁྱོད་རང་ཚོའི་ལག་པས་བྲིས་པ་རང་གི་རྐང་པས་སུབ། ་བོན་པོས་དམར་མཆོད་བྱེད་ལུགས་
བྲིས། དེར་ཁས་ལན་ཤོར། ད་དེ་ཚོ་སྙིང་རེ་རྗེ། ད་སྔར་མོ་སྡེ་བ་གཞུང་གི་ནད་རྙིང་གི་ལྟ་བ་དེ་དུས་རབས་ཉེར་གཅིག་པར་ཁྱེར་ཡོང་ན་ལམ་འགྲོ་རྒྱུགས་ནི་མ་
རེད། དུས་རབས་འདིར་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱལ་
སྤྱི་དམ་ཡིག་གི་རྩ་ཁྲིམས་སོགས་མང་པོ་ཡོད་རེད། དེ་དག་ནག་སུབ་ཏུ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད་
དེ་གཅིག་ཡིན། གླང་དར་ལ་བསྟོད་གླུ་ལེན་ཟེར་བ་ལ། བསྟོད་སྨད་ཀྱི་སྐད་ཆ་མ་རེད། གླང་དར་ཀྱི་
ཡབ་རྒྱལ་ལྷ་ལ་བརྩི་ན་དེའི་བུ་འང་སྲས་དེ་ལྷ་སྲས་ལབ་ན་གང་མ་འགྲིག་པ་རེད་དམ། དར་མ་ཟེར་ཁོང་
གི་མཚན་རེད། རྒྱལ་པོ་ཁོང་ལ་མི་དགའ་མཁན་ནས་ཁོང་ལ་གླང་དར་མ་མི་དགོས་ཕག་དར་མ་དང་སྤྲེལ་དར་
མ་ལབ་ན་ལབ་ཆོད་ཀྱི་རེད། དངོས་ནས་ཁོང་གི་མཛད་རྗེས་ལ་བསམ་ན་བོད་རྒྱལ་ཁབ་ལ་ཐུགས་བསམ་
བཞེས་པ་ལས་ཁོང་རང་གཅིག་པུར་བསམ་བློ་ཅན་ཞིག་རེད་མི་འདུག། ཁོང་རང་གཅིག་པུར་བསམ་མཁན་ཞིག་ཡིན་ན་སྤོབས་པ་མཐའ་ཡས་ཟེར་བ་དེས་བཤད་པ་ནང་བཞིན་བན་དེ་དེ
ཚོས་ལ་གཞུང་དངུལ་སྒེར་ཆོད་ཀྱིས་ཕམ་མེད་ཞིག་སྤྲད་དང་ན་ཁོ་ཚོ་དགའ་དག་ཆོད་ནས་སྟོན་པ་ཤག་ཐུབ་
ཀྱི་སྤྲུལ་བ་མ་ཟེར་ན་འང་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་བ་ཟེར་ཐག་གཅོད་རེད། ད་དེ་ནི་ངོས་ནས་བསྟོད་གླུ་རེད།
ཡང་མཆན་དེའི་ཨང་160ནས་གླག་ཟེར་བ་ཞིག་གིས་་ ཡོད་རབས་དང་མེད་རབས་ཅེས་བཤད་འདུག
1བོན་པོས་དམར་མཆོད་བྱེད་མ་མྱོང་རབས་ཅེས་པ། ཁྱོད་ལ་བོན་པོས་དམར་མཆོད་བྱེད་མྱོང་རབས་
ཁུངས་སྐྱལ་ར་སྤྲོད་མངོན་བཞག་པ་གང་ཡོད་། དེ་འདྲ་བའི་བོན་གཞུང་ཁུངས་ལྡན་ཡོད་ན་སྟོན་ཤོག་ད་
ཨ་མའི་བུ་རེད་། མེད་ན་དཀྲུག་ཤིང་མ་རྒྱག་ཁ་བཙུམ་ནས་སྡད་། འོ་ད་དུང་ཁྱོད་ཀྱིས་སྒྲུབ་བྱེད་བསྐང་བ་
འགའ་ཤས་དང་མངའ་གསོལ་ནས་ལུང་དྲངས་འདུག་པ་དེ་ཚོ་ལུང་དོན་མ་ཁྲོལ་བའི་སྐྱོན་དང་དམར་མཆོད་སྒྲུབ་
བྱེད་དུ་དྲངས་འདུག ངོས་ནས་སྙིང་རྗེ། གསང་སྔགས་ཅེས་པ་དེ་ཁྱོད་ལྟ་བུ་ལ་གསང་དགོས། ཁོ་ན་རེ་
བན་དེ་ཆོས་ཅན། དམར་མཆོད་བྱེད་པར་ཐལ། ཁྱོད་ཚོའི་གསང་སྔགས་ལས་དམ་རྫས་དྲི་ཆུ་དྲི་ཆེན་ཤ་
ལྔ་དགོས་པ་གསུངས་བའི་ཕྱིར་ ཁྱབ་པ་འགྲིག་ཡང་ན་རེ་སྐལ་མེད་ལོག་ལྟ་ཅན་ལ་གསང་སྐལ་ལྡན་དོན་ཡོད་
ཅན་ལ་སྔགས་ཅེས་པའི་དོན་ཙམ་ཡང་མ་ཤེས་པའི་གླུན་པོ་གླག་ཟེར་བ་དེ་ཆོས་ཅན།
བོན་ཆོས་གཉིས་ཀའི་གསང་སྔགས་གཞུང་རྣམས་གསང་དགོས་ཏེ། ལོག་ལྟ་དངོས་སུ་བསྐྱེད་པ་གང་ཞིག་
གསང་སྔགས་ལ་ལོག་འགྲེལ་རྒྱག་པའི་ཕྱིར། 2བོན་ནག་ཅེས་པ་མེད་རབས་ཅེས་པ།
བོན་གཞུང་གང་ལ་བལྟས་ཀྱང་བོན་ལ་དཀར་ནག་འབྱེད་རྒྱུ་མེད། ཁྱོད་ཀྱིས་ཨུ་ཚུགས་བྱེད་ནས།
བོན་གསར་མ་ལ་བོན་དཀར་དང་རྙིང་མ་ལ་བོན་ནག་ཟེར་ན། ངེས་ཀྱང་བན་དེ་དཀར་ནག་དབྱེ་ན་ཁྱོད་
ཚོས་སུ་དཀར་དང་སུ་ནག་ཧབ་ཐོབ་རྒྱག་རེ་བྱེད་དེ་ཁྱོད་ཚོས་རྩོད། 3ཞང་ཞུང་ཞེས་པ་ཡོད་རབས་ཅེས་པ་
ཞང་ཞུང་ཞེས་ཡོད་པ་མ་ཟད་རྒྱལ་ཁབ་དེའི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་བྱོན་པའི་ལོ་རྒྱུས་དང་བཅས་པ་
བཤདརྒྱུད་ཡོད་པའི་ཕྱིར། ད་དུང་མེད་ཟེར་ནས་ཧམ་བཤད་བྱེད་ན་ཐབས་ཤེས་མེད་དོ། 4ཞང་ཞུང་གི་ཡི་གེ་ཡོད་པ་མ་ཟད་ཡིག་གཟུགས་ད་ལྟ་སྟོན་རྒྱུ་ཡོད་པའི་ཕྱིར། ཁྱོད་ཀྱིས་ནམ་ཡང་མེད་པ་བཟོ་མི་ཐུབ་བོ།།
# ༡༣༢༽ ཁ་བརྡ་ཚང་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༣ སྐར་མ་ ༤༤
འབྲོར་རྭ་སྨུག་པོ་ལགས།
དེ་རིང་ཁྱེད་ལ་དྲིས་ལན་གནང་མཁན་དེ་རབ་གསལ་ལགས་མིན།
དེ་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ཡིན།
ཤེས་རབ་དར་རྒྱས་ཀྱི་གསལ་བཤད་དེ་ཁ་བརྡའི་མཆན་གྱི་ཁོངས་སུ་ཡོད།
ཁུངས་སྣེ་འདི་ཡིན། http://www.khabdha.org/?p=10958 འདི་ནས་གཟིགས་རོགས།
༡༤༽ ཤེས་རབ་དར་རྒྱས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༨ སྐར་མ་ ༡༠
ཁ་བརྡ་རྩོམ་སྒྲིག་པ་རབ་གསལ་ལགས་དང་ཁ་བརྡ་ཀློག་མཁན་རྣམས་ལ་སྤྲིངས་པ།
ཤེས་རབ་དར་རྒྱས།
ཉེ་ལམ་ནས་ཁོ་བོ་སྟེ་ཤེས་རབ་དར་རྒྱས་ཀྱི་མིང་འབྲེལ་རྩོམ་ཡིག་འགའ་ཞིག་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། དེ་ཙམ་དོ་སྣང་མ་བྱས། རྒྱུ་མཚན་ནི་གནས་ཚུལ་འདི་འདྲ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མ་དགའི་ཐོག་ནས་མང་པོ་ཡོང་དང་འབྱུང་བཞིན་པ་དེ་རེད། གནས་ཚུལ་གང་ལ་བསམས་ཀྱང་ཁོ་བོ་བོན་གྱི་བསྟན་པ་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ཁོ་བོའི་ཁ་ཞེ་མཐུན་པའི་གྲོགས་པོ་རྣམས་ལ་དྲིས་དང་གསལ་བོར་ཤེས་ངེས་ཡིན། སྤྱིར་ན་གནས་ཚུལ་འདི་ལྟ་བུ་བྱུང་བ་ན་རྩོམ་སྒྲིག་པ་རབ་གསལ་ལགས་ལ་འདྲི་རྒྱུ་གལ་ཆེ་ལ། དྲིས་དང་ཁོས་རྩོམ་ཡིག་དེ་དག་གི་ཡོང་ཁུངས་གསལ་བོར་ཤེས་ངེས་ཡིན་པར་མ་ཟད། ལན་དྲང་པོར་རྒྱག་དགོས་པ་ཡང་ཁོའི་ལས་འགན་ཡིན། དེར་མ་ཟད། སྤོབས་པ་མཐའ་ཡས་ཞེས་པ་དེས་ཀྱང་རང་ཉིད་ཀྱི་མིང་དངོས་སྨོས་ཏེ་སུ་ཡིན་མིན་གསལ་འདོན་བྱེད་མི་ཐུབ་ཀྱང་མི་ལ་ཁག་ངན་དཀྲིས་དུས། ཤེས་རབ་དར་རྒྱས་དང་སྤོབས་པ་མཐའ་ཡས་གཉིས་མི་གཅིག་ཡིན་མིན་ཙམ་ཞིག་མ་མཐར་ཡང་གསལ་བཤད་བྱེད་དགོས་པ་རེད། བོན་བསྟན་ལ་ཞེན་པ་དཀར་བའི་གྲོགས་པོ་རྣམས་ལ་སླར་ཡང་ཞུ་རྒྱུར། ཁོ་བོ་ཤེས་རབ་དར་རྒྱས་རྡ་སར་འཛིན་གྲྭ་ལྟ་བུ་ཞིག་ལ་སློབ་ཁྲིད་བྱས་ཏེ་བསྡད་ཡོད་ལ། སློབ་ཚན་གྲ་སྒྲིག་དང་དཔེ་ཀློག་ཕྲན་བུ་རེ་ལ་མགོ་འཁོར་ཏེ་དྲ་རྒྱ་སོགས་ཀློག་ཙམ་ཡང་མ་བྱས་པར་དུས་རིང་འགོར་སོང་། མཐའ་བསྡོམས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཁོ་བོ་ཤེས་རབ་དར་རྒྱས་མིན་ལ། ཁོ་བོ་ཤེས་རབ་དར་རྒྱས་གཞན་གྱིས་རྩོམ་སྐུལ་མ་བྱས་ན་རྩོམ་ཡིག་རང་འགུལ་གྱིས་སྤེལ་བའི་འདུན་པ་ཡང་མེད་པར་གྱུར་ཡོད། མ་གཞི་ནས་ཁོ་བོས་ཡག་པོ་ཞིག་འབྲི་ཡང་མི་ཤེས། གལ་ཏེ་བྲིས་པའི་དབང་དུ་བཏང་ན། བོད་ཡིག་ཀློག་མཁན་ལ་སྤྲོ་སྣང་ཕྲན་བུ་ཡིན་ཡང་སྤྲོད་ཨེ་ཐུབ་ཀྱི་རེ་བ་བྱེད་མཁན་ཞིག་དང་ཤུགས་རྒྱག་མཁན་ཞིག་ཡིན་སྙམ་ཡོད། འདི་ནི་དགོས་དབང་གིས་འབྲི་དགོས་བྱུང་སོང་ལ། རྩོམ་སྒྲིག་པས་ཀྱང་དྲ་ཐོག་ཏུ་འགོད་པའི་རེ་བ་ཡོད་པར་མ་ཟད། སྤོབས་པ་མཐའ་ཡས་ཟེར་བའི་རྩོམ་ཡིག་གི་ཡོང་ཁུངས་ཀྱང་གསལ་བཤད་བྱ་དགོས་ངེས་རེད། ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། གསལ་བཤད་འདིས་བོན་བསྟན་ལ་ཞེན་པ་དཀར་བ་དག་གི་ཐུགས་དོགས་གཙང་བསལ་ཐུབ་པའི་རེ་བ་ཡོད་ཅིང་། ཁོ་བོ་རྩོད་པ་རྩོད་ལན་ལ་མགོ་འཁོར་མེད་པའང་མཁྱེན་འཚལ།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
# ༡༣༣༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ གི་ཆུ་ཚོད་ ༢༣ སྐར་མ་ ༥༥
དྲྭ་གྲོགས་ཤེས་རབ་དར་རྒྱས་ལགས།
ཁྱེད་ནས་དངོས་གནས་གསལ་བཤད་ཡག་པོ་ཞིག་གནང་འདུག
ཐུགས་རྗེ་ཆེ། ངོས་རང་བོན་པོ་བ་ཞིག་ཡིན།
ང་ལ་དྲྭ་གྲོགས་འགའ་ཞིག་གིས་ཁ་སྔོན་དེ་ལྟར་གཅིག་པ་ཡིན་ཚུལ་དང་བོན་པོར་སྡང་ཞེན་ཆེ་ཚུལ་བཀོད་འདུག ད་དངོས་གནས་མི་ངོ་ར་ངོ་འཕྲོད་པའི་གསལ་བཤད་གནང་བྱུང་བར་སླར་ཡང་ཐུགས་རྗེ་ཆེ། བོད་ཀྱི་གཏམ་དཔེར། མི་ཅི་སྨྲ་ལ་མ་ཉན། མི་ཅི་བགྱིད་ལ་ལྟོས། ཟེར་བ་དེ་ལོས་བདེན་སྙམས་པ་བྱུང༌།
# ༡༣༤༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢ སྐར་མ་ ༣༠
ལ་སྟོད་བུ་དང་སྤོབས་པ་མཐའ་ཡས་སུ་ཞིག་ཡིན་མིན་གལ་ཆེན་མ་རེད་ལ། འགངས་ཆེན་ནི་གནས་ལུགས་དང་མཐུན་པའི་སྐད་ཆ་གསུངས་རྒྱུ་དེ་རེད། ཕྲན་ལ་མཚོན་ན་ཁོང་གཉིས་སུ་ཞིག་ཡིན་པ་ཤེས་འདོད་དེ་ཙམ་མེད་ལ་སྐད་ཆ་ཐོས་བ་དེས་བློ་ཡིད་ཀུན་ནས་ཚིམས་པའི་གསོས་སུ་གྱུར་བཞིན་འདུག དབྱིན་ཡིག་ཐོག་གི་མཆན་དང་ང་ཚོའི་མཆན་བསྡུར་ན་ང་ཚོའི་མཆན་རྡབ་གསུམ་ལས་བཟང་སྤྱོད་ཀྱི་འདུ་ཤེས་ལྡན་པས་དགའ་འོས་གནས་སུ་མཆིས། ད་ལྟའི་བགྲོ་གླེང་ལས་དྲ་གྲོགས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་བའི་གོ་སྐབས་བྱུང་བས། ཁ་བརྡ་དྲ་ཚིག་དང་མཉམ་བཞུགས་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་འབུལ་བྱེད་བཞིན་ཡོད་ལ། བསམ་ཚུལ་བརྗེ་རེས་ཁྲོད་ལྟ་བ་མཐུན་མིན་དང་། ཐ་ན་རེ་ཟུང་གིས་ཁོང་ཁྲོའི་གཞན་དབང་གིས་སྐད་ཆ་ཅུང་བཤད་ཟིན་ནའང་དེ་ནི་ཡོང་དགོས་ཤིང་མིའི་ཡང་མ་དག་པའི་སེམས་ཀྱི་གཤིས་ལུགས་ཤིག་ཡིན་པས། གཤིས་ལུགས་དེར་ད་ཐེངས་རྒྱུས་ལོན་བྱེད་བའི་འདུ་ཤེས་འོག་ང་ཚོས་དེ་ལས་བསླབ་བྱ་བླངས་ནས་མ་འོངས་བའི་བདེ་སྐྱོད་ཁྲོད་དཔུང་རྡང་སྦྲེལ་རྒྱུའི་རེ་བ་ཡོད། ང་ཚོ་ནི་ནམ་ཡང་སྤུན་ཟླ་ཡིན། ང་ཚོ་ལ་མི་མཐུན་གྱི་ལྟ་བ་ཅི་ཙམ་མང་ཡང་མཐུན་ཕྱོགས་དེ་ལས་མང་པས་སྤུན་ཟླ་ཡིན། གནས་སྐབས་ཀྱི་ལྟ་བ་ཅི་ཙམ་ཐ་དད་ཀྱང་། མཐའ་ཐུག་གི་དམིགས་དོན་གཅིག་པ་ཡིན་པས་སྤུན་ཟླ་ཡིན། སྤུན་ཟླའི་མཛའ་བརྩེ་རི་ལས་བརྟན་པའི་སྨོན་ལམ་ཡོད།
# ༡༣༥༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༡༥
དྲྭ་གྲོགས་ཚོ་ཐུགས་རྗེ་ཆེ། གཏམ་ངན་ཅི་ཙམ་མང་ན་དེ་ཙམ་གྱིས་རྙོག་འཛིང་ཆེ་རུ་འགྲོ་བ་དངོས་པོའི་གཤིས་ལུགས་རེད། རྒྱུ་མཚན་དེས་དབང་གིས་ང་ཚོ་ཡང་དེ་རིང་བར་དུ་གནས་ལུགས་དང་རིགས་པ་བརྡར་ཞོར། ཁྱོའི་ཁ་དང་ངའི་སྣ་རྩོད་ཞོར། འགྲོ་མི་དགོས་སའི་ཐག་རིང་ཐག་རིང་ཞིག་བསྐོར་བ་རེད། དེ་རིང་འདི་ལྟར་འཛུམ་ཤིག་ཤིག་གིས་མཚམས་བཞག་དུས་ཁོང་ཁྲོ་འགྱོད་སེམས་དང་འགྱོད་སེམས་དམ་བཅའ་རུ་བསྒྱུར་རོགས།
ཁ་བརྡ་ཚང་གི་ཁྱིམ་ནས་ང་ཚོས་ཆང་བཏུང་། ཆང་བཏུང་ཚོད་མ་ཟིན་པར་གཅིན་བཏང་། དེའི་རྐྱེན་གྱིས་མགྲོན་ལ་དགའ་བའི་ཁ་བརྡ་ཚང་གིས་ང་ཚོ་ཕྱི་ལ་ཕུད་ཅིང་སྒོ་བརྒྱབ། བཟི་དངས་པའི་དེ་རིང་། རང་སེམས་རྣལ་ལ་གནས་པའི་དེ་རིང་། ང་ཚོར་སྒོ་ཕྱེ་རོགས། ང་ཚོས་ཁྱེད་ཀྱི་ཐབ་འགྲམ་བསྐོར་ཏེ་ཁྲི་དར་མའི་ལོ་རྒྱུས་གླེང་འདོད། ང་ཚོར་སྒོ་ཕྱེ་རོགས། ང་ཚོས་ཁྱེད་ཀྱི་ཐབ་འགྲམ་བསྐོར་ཏེ་བོད་ཚང་གི་ཆགས་འཇིག་བཤད་ན་འདོད། ང་ཚོར་སྒོ་ཕྱེ་རོགས། ང་ཚོར་སྒོ་ཕྱེ་རོགས།
# ༡༣༦༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༢༧
ང་ཚོས་ཚབ་ཆེན་ཞིག་བཤད་བཞག་པ་གང་ཡང་དྲན་གྱིན་མི་འདུག ང་ཚོས་ལོ་རྒྱུས་ནང་ལ་གང་བྱུང་མ་བྱུང་ལ་རྩོད་གླེང་རེ་བྱས་ཡོད། ལོ་རྒྱུས྄་ཀྱི་་སྟེང་དུ་མི་ཞིག་གིས་བསག་པའི་སྡིག་པ་དེ་ང་ཚོས་འཁུར་ནི་དགོས་རྒྱུ་མ་རེད། སུས་སུ་ལ་ཕོག་ཐུག་བཏང་ཡོད་རྒྱུ་རེད་བསམ་ན་སེམས་ཀྱི་ཟུར་ན་ཡང་མེད། ངས་ནི་བསམ་བློ་དེ་འདྲ་ཞིག་འཁུར་ནས་སྐད་ཆ་བཤད་ཡོད། གལ་སྲིད་སུའི་ཐུགས་ལ་གནོད་སོང་ན་སྙིང་ཐག་པ་ནས་འགྱོད་བཤགས་ཞུ།
# ༡༣༧༽ གཅན་བཟོད་རྒྱམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༧ སྐར་མ་ ༣༦
ཁ་བརྡ་ཚང་གི་རྩོམ་སྒྲིག་ཚོགས་ཆུང་ལགས། ངས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལ་བསྐུར་བའི་རྩོམ་ཡིག་དེ་ད་དུང་བཀོད་མ་སོང་། མཆན་བུར་བཀོད་དེ་རེ་བ་ཞུས་པ་ཡང་བཀོད་མ་སོང་། དགེ་རབ་མེད་ན་ད་ངའི་རྩོམ་ཡིག་དྲ་ཐོག་ལ་འཇོག་མཁན་ཀྱང་མི་འདུག སྐྱོ་བ་ལ། ཏག་ཏག་ཉི་མ་ཧྲིལ་བོ་གཅིག་འགོར་ཐལ།
# ༡༣༨༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༧ སྐར་མ་ ༣༨
རི་བོང་ཞིག་རྩྭ་ཟ་བཞིན་ཆུ་ཁ་ཞིག་ཏུ་སླེབས། གདོང་ལོ་སྐམ་པོ་ཞིག་ཆུ་ནང་དུ་ཟགས་པ་(ཅལ)སྒྲ་གྲགས། རི་བོང་ཞེད་ཐག་ཆོད་ནས་འདྲོགས། དངངས་འཚབ་ཀྱིས་བྲོས། དེར་མཐུད་ཅལ་སླེབས་སོང་ཞེས་བསྒྲགས་བཞིན་བྲོས། རི་དྭགས་སྐྲག་ཤོར་ཚོ་གཅིག་རྗེས་གཅིག་ལ་འདྲོགས་ནས་བྲོས། ཅལ་སླེབས་སོང་ཅེས་སྐད་སྒྲ་སྒྲོག་བཞིན་བྲོས། བྲོས་བྲོས་བའི་མཐར་རི་འདབས་སུ་སླེབས། ཨ་ཁུ་འབྲོང་དང་ཕྲད། འབྲོང་གིས་ཁྱོད་ཚོ་ཅིའི་ཕྱིར་འབྲོ་ཅེས་དྲིས། ཚང་མས་ཁ་གཅིག་གྲགས་ཀྱིས་ཅལ་སླེབས་སོང་ཟེར། ཅལ་ཟེར་བ་དེ་ག་འདྲ་ཞིག་འདུག་དྲིས་པས་སུ་ལ་ཡང་བཤད་ཀྱི་མེད་པར་ཕར་བལྟ་ཚུར་བལྟ་བྱས། ཡང་གཅིག་གི་གཅིག་གིས་བཤད་སོང་ཟེར་ནས་གཅིག་རེ་གཅིག་རེ་དྲིས་པ་ན། མཐར་རི་བོང་ལ་ཐུག རི་བོང་ནས་ངས་མཐོང་མ་སོང་མོད། ཡིན་ན་ཡང་ཅལ་ཟེར་བ་འདྲ་ཞིག་གོ་སོང་ཟེར། དེ་ནས་འབྲོང་གིས་ང་ཚོ་བལྟ་རུ་འགྲོ་ཟེར་ནས་གཅིག་རྗེས་གཅིག་ལ་མཐུད་ནས་བལྟ་རུ་སོང་། ཆུས་ཁར་སླེབས་པ་ན་ཅལ་རྩ་ནས་མ་རྙེད། མཐར་ལོ་མ་ལྷུང་ནས་ཅལ་སྒྲ་སྒྲོག་བཞིན་པ་ཐོས་པས། ཅལ་ནི་ལོ་མ་ལྷུང་བའི་སྒྲ་ཡིན་པ་གཞི་ནས་ཤེས། ཚང་མས་བརྟག་དཔྱད་མེད་པར་རི་བོང་གི་ཁ་ལ་བལྟས་ནས་འདྲོགས། རི་བོང་ཅལ་སྒྲ་ཙམ་ལ་འདྲོགས་ལངས་ནས་རི་ལུང་དཀྲུགས་པས། (རི་བོང་ཅལ་འདྲོགས) ཞེས་བཏགས།།
# ༡༣༩༽ གཡུ་འབྲུག་དཀར་པོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༠ སྐར་མ་ ༠༤
པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདང་སྟེང་དུ། །བོན་སྟོན་གཡུང་དྲུང་གཤེན་རབ་བཞུགས་སུ་གསོལ། །ཟེར་བ་ཞིག་ཡོད་ཚུལ་ཐོས་ཀྱང་། ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་པ་ཨེ་བདེན། བདེན་ན་དེའི་གོ་དོན་གང་ཡིན། དམུ་ཐག་བུ་བརྒྱུད་དང་ལ་སྟོད་ཀྱིས་གསུངས་རོགས།
དེ་འདྲའི་དྲི་བ་ཞུ་དགོས་དོན་ཡང་། དེ་འདྲ་ཞིག་དངོས་ནས་ཡོད་ལས་ཆེ་སྙམ་པས་ཡིན། དེ་ལྟར་བསམ་དགོས་དོན་ཡང་། རེབ་གོང་དྲ་བའི་སྟེང་དུ་བན་དེའི་མཁན་སློབ་ཆོས་གསུམ་གྱི་ནང་གསེས་མཁན་ཆེན་ཞི་བ་འཚོ་ནི། བོད་རིགས་ཡིན་པ་དང་། བན་བོན་གྱི་དབར་དབྱེན་དཀྲུགས་བྱེད་མཁན་ཡང་ཡིན་ཚུལ་ཞིག་བརྗོད་པ་མཐོང་བས་རེད།
# ༡༤༠༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༠ སྐར་མ་ ༠༧
དྲྭ་གྲོགས་རྣམས་ཀྱིས་གཏམ་གཞུག་འཛུམ་གྱིས་བསྡུས་པར་ཐུགས་རྗེ་ཆེ།
ང་ཚོས་ལྷ་སྲས་དར་མའི་སྐོར་ལ་འཕྲོས་ཏེ་གནས་སྐོར་ཞིག་ལ་ཕྱིན་པ་རེད།
འོན་ཀྱང་ངོས་ལ་ཆ་བཞག་ན་བློ་བསྐྱེད་ཡག་པོ་ཞིག་ཐོབ་བྱུང༌། དེ་དག་ཀྱང་དྲྭ་གྲོགས་ཚོའི་བཀའ་དྲིན་ཡིན་བསམ་བཞིན་ཡོད
ད་སྒྲུང་དང་གབ་ཚིག་རྒྱབ་ནས་ཚིག་འཇུག་བསྡུ་དགོས་པ་ཡང་མ་མཐོང༌།
རྗེས་སོར་གླེང་རིན་ཡོད་པའི་ལོ་རྒྱུས་དང་ཆོས་རིགས་སོགས་ཁ་བརྡར་བཀོད་མཁན་བྱུང་ན་
གླེང་སྟེགས་ནང་ཡོང་རྒྱུའི་འདུན་པ་ཡོད།
# ༡༤༡༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༠ སྐར་མ་ ༥༩
གཡུ་འབྲུག་དཀར་པོ་ལགས།
༼པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདང་སྟེང་དུ། །བོན་སྟོན་གཡུང་དྲུང་གཤེན་རབ་བཞུགས་སུ་གསོལ། །ཟེར་བ་ཞིག་ཡོད་ཚུལ་ཐོས་ཀྱང་། ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་པ་ཨེ་བདེན། བདེན་ན་དེའི་གོ་དོན་གང་ཡིན། དམུ་ཐག་བུ་བརྒྱུད་དང་ལ་སྟོད་ཀྱིས་གསུ
# ༡༤༡༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༠ སྐར་མ་ ༥༩
གཡུ་འབྲུག་དཀར་པོ་ལགས།
༼པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདང་སྟེང་དུ། །བོན་སྟོན་གཡུང་དྲུང་གཤེན་རབ་བཞུགས་སུ་གསོལ། །ཟེར་བ་ཞིག་ཡོད་ཚུལ་ཐོས་ཀྱང་། ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་པ་ཨེ་བདེན། བདེན་ན་དེའི་གོ་དོན་གང་ཡིན། དམུ་ཐག་བུ་བརྒྱུད་དང་ལ་སྟོད་ཀྱིས་གསུངས་རོགས།༽།
དེ་འདྲ་ངས་མང་པོ་འདོན་མྱོང་པའི་བོན་པོ་དཔེ་ཆ་སྟག་ལ་མེ་འབར་གྱི་སྒྲུབ་གཞུང་སོགས་ཀྱི་ནང་ལ་ངས་རྩ་བ་ནས་རིག་མ་མྱོང༌། མ་ཟད་དེ་འདྲ་ཡོད་རེད་ཅེས་བོན་གྱི་བླ་མ་དང་མཁས་པ་དེ་འདྲའི་ངག་ལམ་ནས་ཀྱང་གོ་མ་བྱུང། མ་གཞི་ནས་ངས་གོ་མ་མྱོང་ན་མེད་པས་ཁྱབ་པ་རང་ད་ཡོད་མ་རེད།
མཁན་ཆེན་ཞི་བ་ཚོར་བོན་པོ་རྣམས་ཀྱིས་སྡང་ཚུལ་ཆེན་པོ་ཡོད་རབས་ཞིག
འཇུ་མི་ཕམ་གྱིས་མཛད་པའི།
༼དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་༽་ཞེས་པའི་ནང་དུ་བོན་པོ་ཚོར་དགའ་རྒྱུ་ཡོད་པ་མ་རེད་ཁོང་ཚོས་མཁན་ ཆེན་ཞི་བ་ཚོ་ལ་དགྲ་རུ་བལྟ་གི་རེད་ཅེས་བཤད་པ་ཞིག་ངས་མཐོང་མྱོིང་བའི་དྲན་པ་འདུག་དེ་འདྲ་ཞིག་དངོས་གནས་ཡོད་པ་ཡིན་ནམ།
ད་དུང་ཁྱེད་རང་བོན་པོའི་སྐད་ཆ་ལ་ཆ་མ་བཞག་ནས་སྟག་ལ་མེ་འབར་གྱི་སྒྲུབ་གཞུང་སོགས་སུ་གཟིགས་གནང་དང་དེང་སང་དཔེ་མཛོད་རིགས་མང་ཆེ་བར་དཔེ་ཆའི་མཐུན་རྐྱེན་འཛོམས་པོ་ཡོད་པའི་རེ་བ་ཡིན
# ༡༤༢༽ ཁ་བརྡ་ཚང་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༢ སྐར་མ་ ༤༩
གཅན་བཟོད་རྒྱམ་ལགས།
གོང་གི་ཁྱེད་ཀྱི་སྙན་རྩོམ་དེ་ཁ་བརྡའི་གློག་འཕྲིན་(info@khabdha.org)སྒང་ལ་འབྱོར་མི་འདུག
དེར་བརྟེན། པར་དེ་ང་ཚོས་འགོད་ཐབས་མེད།
རྗེས་ཕྱོགས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལ་བསྐུར་ན།
གློག་འཕྲིན་ཁ་བྱང་།
info@khabdha.org
khabdha@gmail.com
གཉིས་ཀྱི་གང་རུང་ལ་བསྐུར་ན་འགྲིག
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
# ༡༤༣༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༢ སྐར་མ་ ༥༧
གཡུ་འབྲུག་དཀར་པོ་ལགས།
༼པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདང་སྟེང་དུ། །བོན་སྟོན་གཡུང་དྲུང་གཤེན་རབ་བཞུགས་སུ་གསོལ། །ཟེར་བ་ཞིག་ཡོད་ཚུལ་ཐོས་ཀྱང་། ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་པ་ཨེ་བདེན། བདེན་ན་དེའི་གོ་དོན་གང་ཡིན། དམུ་ཐག་བུ་བརྒྱུད་དང་ལ་སྟོད་ཀྱིས་གསུངས་རོགས།༽
ཁྱེད་ཀྱིས་ང་ལ་དེ་ཡི་སྐོར་ཤེས་རྟོགས་ཡོད་མེད་ཀྱིས་དྲི་བ་དྲིས་པར།
དེ་འདྲའི་ལུང་ཚིག་གཅིག་བོན་གྱི་ཆོག་གཞུང་དང་ལོ་རྒྱུས་སོགས་སུ་ནམ་ཡང་མ་གོ། བོན་པོས་ནམ་ཡང་བོན་སྟོན་གཡུང་དྲུང་གཤེན་རབ་ཞེས་བཤད་སྲོལ་མེད། མ་ཟད་ཤཱཀ་ཐུབ་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྤྲུལ་པ་ཞིག་ཡིན་པར་གསུངས་ཡོད་པས་དེ་འདྲ་ནམ་ཡང་ཡོད་མི་སྲིད།
༼དེ་ལྟར་བསམ་དགོས་དོན་ཡང་། རེབ་གོང་དྲ་བའི་སྟེང་དུ་བན་དེའི་མཁན་སློབ་ཆོས་གསུམ་གྱི་ནང་གསེས་མཁན་ཆེན་ཞི་བ་འཚོ་ནི། བོད་རིགས་ཡིན་པ་དང་། བན་བོན་གྱི་དབར་དབྱེན་དཀྲུགས་བྱེད་མཁན་ཡང་ཡིན་ཚུལ་ཞིག་བརྗོད་པ་མཐོང་བས་རེད།༽
མཁན་ཆེན་ཞི་བ་འཚོའི་སྐོར་ལ་བོན་པོས་ཇི་ལྟར་ལྟ་ཚུལ་ཞིག་འཇུ་མི་ཕམ་པས་མཛད་པའི་༼དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་༽ཞེས་པ། ༼ཝར་ན་མཐོ་སློབ་སྔ་འགྱུར་རྙིང་མའི་བདེ་དོན་ལྷ་ཁང་༽ནས་1999པར་དུ་སྐྲུན་པའི་དེབ་ཀྱི་ལྡེབ་གྲངས་204་ལས་གསལ་པར་བྲིས་འདུག དེར་གཟིགས་རོགས།
ཁོང་གིས་བོད་ན་མུ་སྟེགས་དངོས་སུ་མེད་ཀྱང་བན་དེ་བོན་པོ། ལར་རྒྱ་གར་ན་ཕྱི་བ་ནང་པ། ་ རྒྱ་ནག་ན་ཧཱ་ཤང་ཧཱོ་ཤང་ཞེས་ཟུང་དུ་བྱུང་བའང་རྟེན་འབྲེལ་གྱིས་ཡིན་པར་གསུངས་སོ། ཞེས་ཁ་སྔོན་འཇམ་དཔལ་རྣོན་པོས་བཤད་པ་ལྟར་རེད།
ད་འདི་འདྲ་བྲིས་ན་རྫོགས་ཐབས་མི་འདུག་ ད་དུང་དེ་ལས་འཕྲོས་ཏེ་བཤད་ན།
སྟག་ཚང་ལོ་ཙཱ་བས་མཛད་པའི། གྲུབ་མཐའ་ཀུན་ཤེས་ཀྱི་འགྲེལ་བ་ཝར་ནའི་མཐོ་སློབ་ས་སྐྱའི་བདེ་དོན་ལྷན་ཁང་ནས་པར་དུ་སྐྲུན་པའི་དེབ་ཀྱི་ལྡེབ་གྲངས་68་ལས་ བོན་པོར་ལྟ་ཚུལ་དང་ཕྱི་ནང་གི་ཁྱད་པར་སོགས་ཡོད་འདུག་དེར་གཟིགས
ད་དུང་དེ་ཡིས་ག་ལ་ཚད།་ འཇམ་དབྱངས་བཞད་པས་མཛད་པའི་༼གྲུབ་མཐའི་རྣམ་བཤད་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་
མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚོ་སྐྱེ་
རྒུའི་རེ་བ་ཀུན་སྐོང་ཞེས་བྱ་བ་བཞུགས་སོ། ༽ དེར་གཟིགས་དང༌། སྟག་ཚང་པ་ལ་དགག་ཚུལ་གྱིས་༼དེས་ན་སྟག་ཚང་པས་བོན་པོས་མ་ངེས་ཟེར་བ་ཡང་མི་འཐད་དེ། སངས་རྒྱས་པ་ལས་ཕྱི་རོལ་དུ་གྱུར་པས་ཕྱི་རོལ་པ་ཡིན་ཡང༌། ༽
ཞེས་སོགས་མང་པོ་ཞིག་བྲིས་འདུག ད་དུང་མང་པོ་འདུག་ང་ལ་ཁོམས་པ་ཞེ་དྲགས་མི་འདུག་དགོངས་པ་མ་ཚོམས།
བྱུང་ན་ང་ཚོས་ཕྱི་ནང་གི་གྲུབ་མཐའ་ངོས་འཛིན་ཚུལ་སོགས་ཀྱིས་མཚོན་པའི་ཕྱི་ནང་གཉིས་ཀྱི་ཁྱད་པར་སོགས་ལ་གྲོགས་གླེང་འདྲ་བྱེད་ཐུབ་ན་དགེ་མཚན་ཆེན་པོ་མཐོང་གི་འདུག ཁྱེད་རང་ཚོ་བོན་པོའི་གྲུབ་མཐའ་དང་བོན་གྱི་རྣམ་བཞག་སོགས་ལ་གཟིགས་རྒྱ་ཆེ་ཙམ་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་འདུག་དྲན། ངོས་ནས་ཆོས་རྒྱུད་བཞི་ཀའི་དཔེ་གཞུང་སོགས་ལ་མི་དམན་པ་ཞིག་ལྟ་རྒྱུའི་གོ་སྐབས་བྱུང་ནས་ད་ལྟ་ཁྱེད་རྣམས་ལ་ཁྲ་ལམ་མེར་འབུལ་རྒྱུ་བྱུང་བ་འདི་ང་རང་ལ་ང་རང་གིས་སྤོབས་པ་སྐྱེ་ཡོང་གི་འདུག ང་ཚོ་ངེས་པར་དུ་གཟིགས་རྒྱ་ཆེ་ཙམ་རེ་དང༌། དགོངས་པ་རྒྱ་ཆེ་ཙམ་རེ་བཞེས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་ངོ། གཞི་ནས་དགག་བཞག་གི་བྱ་བར་འཇུག་ནའང་བྲོ་བ་ཡང་འདྲ་གི་མི་འདུག བོད་ཀྱི་གཏམ་དཔེ་ལའང་། ཕ་རོལ་འདོད་པ་ཧ་མ་གོ་བར། དགག་པའི་ཉི་མ་ཅི་ལ་འཆར། ཅེས་བཤད་སྲོལ་ཞིག་ཡོད་རེད།
# ༡༤༦༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༥ སྐར་མ་ ༥༦
ལ་སྟོད་བུ་ལགས།
ང་ལ་དྲི་བ་ཞིག་ཡོད། འཇང་གི་གཏོ་ལུགས་ཀྱི་སྟོན་པ་གཤེན་རབ་དང་བོན་གྱི་སྟོན་པ་གཤེན་རབ་གཉིས་གཅིག་པ་རེད་དམ། མདོར་ན་ཏོག་ལུགས་དང་བོན་གཉིས་གཅིག་པ་རེད་དམ་ཐ་དད་རེད། ངས་དངོས་གནས་གསལ་བོ་མི་ཤེས། དེའི་སྐོར་ལ་གསལ་ཆ་ཡོད་ཚེ་ཅུང་ཙམ་གསུངས་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
# ༡༤༧༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༩ སྐར་མ་ ༣༥
ཨ་ལ་ལ་ལ། ཡང་ལ་སྟོད་བུ་ཡིས་ལབ་རྒྱག་གོ་ཀི ཁྱོད་ཚོ་ལ་ཆོས་བརྒྱུད་བཞི་ཡི་གཞུང་རྣམས་ཁྲ་ལམ་མེར་བཤད་ཀྱི་ཡོད་པ་འདི་ཆོས་བརྒྱུད་བཞི་ལ་བལྟ་རྒྱ་ཆེ་དྲག་པས་ཡིན་ཟེར། ངས་ནི་ཅི་ཙམ་བལྟ་རྒྱ་ཆེན་པོ་ཡོད་ན་བསམ་ནས་མཆན་དེ་མགོ་མཇུག་ཐུར་ལྡོག་བྱས་ནས་ཀློག་ན་ཡང་། དཔེ་ཆ་གསུམ་གྱི་མིང་དྲང་འདུག མིང་དེ་གང་ནས་ཐོས་པ་ཡིན་ན་གང་ཤེས། དེ་མ་གཏོགས་ཆོས་གཞུང་མ་དགོས་བོན་གཞུང་ལ་བལྟ་རྒྱ་ཆེ་བའི་རྟགས་ཀྱང་སྤུ་ཙམ་མི་འདུག ད་བལྟ་རྒྱ་ཆེ་ནས་སྟོན་རན་འདུག གལ་ཏེ་ཁྱོད་བོད་ཀྱི་ཆོས་བརྒྱུད་ཡོངས་ལ་བལྟ་རྒྱ་ཆེན་པོ་དེ་ཙམ་ཡོད་ན། ཁ་ནས་ཐོག་བསྡད་ནས་ཅི་བྱེད། ཤར་ཤར་ཡོང་དགོས་པ་རེད་ཡ།
ང་ལ་དྲི་བ་གཉིས་བཏང་པ་ཡིན་ཟེར་། དྲི་བ་གཉིས་ག་རེ་རེད་ཟེར་ནས་དྲིས་དུས། ཁོས་ཀྱང་བརྗེད་སོང་ཟེར། འདི་འདྲ་འཐམ་མ་ཐོམ་མེ་ཞིག་གིས་ཆོས་བརྒྱུད་ཡོངས་སུ་བལྟས་ཟེར་བ་ཨེ་མ་ཧོ། ད་དུང་བོན་ལ་གཟིགས་རྒྱུ་གལ་ཆེན་པོ་རེད་ཟེར། ད་བོན་ལ་བལྟ་དགོས་པ་མི་འདུག རྒྱུ་མཚན་ནི་བོན་ཡིན་ན་བསྒྱུར་བོན་ཡིན་པས་ཁྱབ། གཞན་རྡོལ་བོན་དང་འཁྱར་བོན་སོགས་ཁྱོད་ཚོས་བོན་ཏུ་ཁས་མི་ལེན། བསྒྱུར་བོན་ནི་ནང་པ་ནས་ཕར་བསྒྱུར་བ་ཙམ་ལ་ཚིག་མི་འདྲ་བ་ཁ་ཤས་ཀྱིས་ཁ་བརྒྱན་པ་ཙམ་ཡིན་པས་གཅིག་པ་རེད།
# ༡༤༨༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༡ སྐར་མ་ ༠༥
ཨ་ནུ་ཐང་བསོད་ནམས་ལགས།
༼ལ་སྟོད་བུ་ལགས།
ང་ལ་དྲི་བ་ཞིག་ཡོད། འཇང་གི་གཏོ་ལུགས་ཀྱི་སྟོན་པ་གཤེན་རབ་དང་བོན་གྱི་སྟོན་པ་གཤེན་རབ་གཉིས་གཅིག་པ་རེད་དམ། མདོར་ན་ཏོག་ལུགས་དང་བོན་གཉིས་གཅིག་པ་རེད་དམ་ཐ་དད་རེད། ངས་དངོས་གནས་གསལ་བོ་མི་ཤེས། དེའི་སྐོར་ལ་གསལ་ཆ་ཡོད་ཚེ་ཅུང་ཙམ་གསུངས་བའི་རེ་བ་ཡོད། ཐུགས་རྗེ་ཆེ།༽
བོན་དང་གཏོ་པའི་ཆོས་ལུགས་གཉིས་དབར་ལ་ཁྱད་པར་ཆེན་པོ་ཡོད་འདུག
འོན་ཀྱང་མེ་ཆུ་ནང་བཞིན་ཀྱང་མ་རེད། འབྲེལ་བ་ཞིག་གཏན་གཏན་འདུག
ཁྱེད་རང་དེ་ཡི་སྐོར་ལ་མང་ཙམ་མཁྱེན་འདོད་ཡོད་ན། ༼བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས་ཀྱི་ཁྱད་ཆོས་དཔྱད་བསྡུར།༽་ཅེས་པའི་དེབ་ཅིག་ལྷག་པ་ཚེ་རིང་གིས་བརྩམས་པ། མི་རིགས་དཔེ་སྐྲུན་ཁང་གི་པར་དུ་སྐྲུན་པ། ཕྱི་ལོ་2003་ལོར་བོད་ནས་ཐོན་པ་ཞིག་འདུག་པས་དེར་གཟིགས་དང་རྒྱས་མཚམས་འདུག ང་ལ་ཁོམས་པ་འདྲ་ཡོད་ན་ཁྱེད་ལ་གཙོ་གནད་ཆེ་བ་ཁག་ཅིག་རྗེས་སུ་ཞུ་ཆོག
# ༡༤༩༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༡ སྐར་མ་ ༡༡
ཁ་བརྡ་ཚང་ལགས་ཐུགས་རྗེ་ཆེ། གསལ་བཤད་གནང་བར།
# ༡༥༠༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༡ སྐར་མ་ ༣༥
གཞོན་ནུ་ཟླ་མེད་ལགས།
ལམ་སེང་ཁྱོ་ཀྱིས་ཚོགས་གཏམ་བཏང་ཡོང་གི་འདུག
ཚོགས་གཏམ་དེ་འདྲ་གཏོང་འདོད་ཡོད་ན། ངས་ཁ་བརྡ་ཚང་གི་སྒྲིགས་གཞིར་བརྩི་བསྲུང་གི་ཁྱོད་ལ་ལན་འདེབས་འདོད་མི་འདུག ལན་རྒྱབ་རྒྱུའི་དགོས་པའང་མ་མཆིས།
ངས་ཁྱོད་ལ་དྲི་བ་གཉིས་དྲིས་པ་ནི། གཞོན་ནུ་ཟླ་མེད་ཁྱོད་ཆོས་ལུགས་ཀྱི་རུ་ཏྲའི་དུག་གིས་བཟི་བ་ཡིན་ནམ།
གཞོན་ནུ་ཟླ་མེད་ཁྱོད་ཆོས་ལུགས་དང་ཆོས་ལུགས་ཀྱི་དབར་ལ་དབྱེན་དཀྲུགས་བྱེད་མཁན་གྱི་གཏེ་བོ་དེ་ཡིན་ནམ། ཞེས་དྲི་བ་གཉིས་པོ་དེ་ཡིན།
བན་དེ་ཡིན་ན་བསྒྱུར་ཆོས་ཡིན་པས་ཁྱབ། ཁྱལ་ཆོས་དང་བརྡོལ་ཆོས་ནི་ཁྱོད་ཚོས་ཁས་མི་ལན་
བསྒྱུར་ཆོས་ནི་བོན་དང་ཚིག་མི་འདྲ་བ་ཁ་ཤས་ཀྱིས་བརྒྱན་པ་ཙམ་ཡིན་པས་གཅིག་པ་རེད། ཁྱབ་པ་འགྲིག་
ཆགས་སྡང་དུག་གིས་བཟི་བའི་གཏམ།
དཔྱད་པར་འོས་པའི་གཏམ་མིན་ཀྱང་།
རྣ་བར་འཚེ་བ་འགོག་པའི་ཕྱིར།
ཁྱབ་འགྲིག་རིགས་པའི་དབལ་མདུང་བཙུགས།
# ༡༥༡༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༡ སྐར་མ་ ༤༦
བན་དེའི་བཤད་རྒྱུན་ལ་བོན་དཀར་བོན་ནག་ཟེར་ནས་གཉིས་ཡོད་ཚུལ་ཡོད་རེད། བོན་དཀར་དེ་འཚེ་མེད་དང་ལས་འབྲས་ཁས་ལེན་པ་སོགས་བན་དེའི་ལུགས་དང་མཐུན་པ་ཞིག་དང་། བོན་ནག་དེ་དེ་བཞིན་མ་ཡིན་པར་དམར་མཆོད་སོགས་གཏོང་བ་ཞིག་ཡིན་པའི་བཤད་སྒྲོས་ཡོད་པ་རེད། ཡིན་ན་ཡང་དེང་སང་བོན་པོ་ཚོས་བོན་ལ་དཀར་ནག་ཟེར་བ་ཞིག་ཡོད་པར་ཁས་ལེན་གྱིན་མི་འདུག ཡིན་ན་ཡང་བོན་ཟེར་བ་དེ་གནའ་བོའི་དུས་སུ་སྲོལ་རྒྱུན་གྱི་ཡིད་ཆེས་དད་མོས་བྱེད་སྟངས་རིགས་མི་འདྲ་བ་མང་པོ་ཞིག་གི་སྤྱི་མིང་ཡིན་པ་ལས་སྟོན་པ་གཤེན་རབ་ཀྱི་ལུགས་གཅིག་པོ་མིན་པར་འདོད་བཞིན་ཡོད་པ་འདྲ། དེ་ཡིན་དུས་སྟོན་པ་གཤེན་རབ་ཀྱི་ལུགས་དེ་བོན་དཀར་དང་གཞན་ཚོ་བོན་ནག་ཡིན་པར་ཁས་བླངས་ན་སྐྱོན་ག་རེ་འབབ་པ་རེད། གལ་སྲིད་བོན་གྱི་གཞུང་ན་བོན་དཀར་ནག་གི་ཐ་སྙད་ཅིག་མེད་རུང་དོན་ལ་འགལ་བ་གང་ཡང་མེད་པ་འདྲ་བས་མ་མཐའ་ཡང་ཉ་ཉུང་མཉམ་བསྲེས་མ་བྱས་ན་བཤད་བདེ་བ་ཞིག་དང་ཉན་བདེ་བའི་ཁྱད་པར་ཞིག་འདུག དེ་མིན་དཔེར་ན་མཁར་རྨིའུ་ལགས་ཀྱིས་བོད་ཀྱི་བཙན་པོ་ཚོའི་དུས་སུ་བོན་གྱི་ལུགས་ལ་སྲོག་ཆགས་མང་པོ་བསད་ནས་དམར་མཆོད་མི་གཏོང་བར་སྒྲུབ་བཞིན་དུ་ཁྲི་རལ་པའི་དུས་སུ་ཡིད་ཆེས་དད་མོས་དང་འབྲེལ་བའི་བྱེད་སྒོར་སྲོག་ཆགས་གསོད་བཞིན་ཡོད་ཚུལ་ཞིག་ཀྱང་བཤད་དགོས་བྱུང་སོང་། ལ་སྟོད་བུ་ཁྱེད་རང་ལ་མཚོན་ན་དེའི་སྐོར་ལ་དགོངས་ཚུལ་ག་རེ་ཡོད།
# ༡༥༢༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༠༠
གཡུ་འབྲུག་དཀར་པོའི་དྲི་བར་ལན་འདེབས་དགོས་པ་རེད་མོད། འོན་ཀྱང་གཅིག་ནས་ལ་སྟོད་བུ་ཡིས་གསལ་བཤད་བྱས་ཟིན་པ་དང་། གཉིས་ནས་འདོན་པ་འདིའི་འབྱུང་ཁུངས་དང་བརྒྱུད་རིམ་སོགས་ངས་གསལ་པོར་ཞུས་ཟིན། དེར་མ་ཟད་བོན་པོའི་དཔེ་ཆ་ཁྲོས་་མའི་གཞུང་ཟེར་བ་ཞིག་ཏུ་ ༼བན་དེའི་སྲོག་རྩ་ཆོད་ལ་བོན་དུ་བསྒྱུར།༽ཅེས་པ་ཞིག་ཀྱང་ཡོད་ཚུལ་བྲིས་འདུག་པར་དེ་ལ་ཡང་ཁོ་བོས་ལན་གསལ་བོ་ཞིག་བྲིས་ཡོད། བོན་པོའི་ལྷའི་ཁྲོད་དུ་ཁྲོས་མ་ནག་མོ་ཟེར་བ་ཞིག་མེད་ལ་དེའི་གཞུང་ཞིག་དེ་བས་ཀྱང་མེད། ཚིགས་འདི་རང་ལ་བརྟགས་ནའང་རྩོམ་མཁན་ཞིག་གིས་གང་བྱུང་བྱུང་དུ་བྲིས་པའི་ཚུལ་འདུག་སྟེ། བན་དེའི་སྲོག་རྩ་བཅད་ཚར་ན་བོན་པོར་བསྒྱུར་རྒྱ་ུཞིག་ཨེ་ཡོད། བོན་པོའི་ཕྱོགས་ནས་མཁན་སློབ་ཆོས་གསུམ་ལ་མི་དགའ་བའི་ལྟ་ཚུལ་ཡོད་པ་བདེན་པ་རེད། འདིའི་སྐོར་ལ་བལྟ་འདོད་ན་༼བསྒྲགས་པ་རིན་ཆེན་གླིང་གྲགས༽དང་༼སྲིད་པ་རྒྱུད་ཀྱི་ཁ་བྱང་།༽སོགས་གནའ་རབས་ཀྱི་ཡིག་རྙིང་དང་། ཕྱིས་སུ་བྲིས་པའི་ལོ་རྒྱུས་ཀྱི་དཔེ་ཆ་མང་པོར་མཐོང་རྒྱུ་ཡོད། འོན་ཀྱང་བོན་ཡིན་ན་སློབ་དཔོན་པདྨ་འབྱུང་གནས་ལ་མི་དགའ་བའི་ཁྱབ་པའང་ཡོད་པ་མ་རེད། བོན་གསར་མ་རྣམས་ཀྱིས་སློབ་དཔོན་རིན་པོ་ཆེ་ལ་དད་པ་ཆེས་ཆེར་བྱེད་པ་རེད། འདིའི་སྐོར་ཡང་ངས་ཁ་སྔོན་ཁྲི་ྡར་མའི་སྐོར་གྱི་མཆན་བུར་བཀོད་ཡོད། གཏོ་པའི་ཆོས་ལུགས་དང་བོན་པོར་འབྲེལ་བ་ཡོད་མེད་བཤད་དཀའ་བ་ཞིག་རེད། ཐུའུ་བཀཱན་གྲུབ་མཐར་འདི་འདྲ་ཞིག་བྲིས་འདུག་ཀྱང་དེར་གཏོ་༼དངོས་གནས་བྱས་ནས་ གཏོ་ ཞེས་འབྲི་རྒྱུ་མ་ཡིན་པར་ ཏཱའུ ཞེས་འབྲི་དགོས་པ་འདྲ། རྒྱ་ཡིག་ཐོག་ཏུ་ dao ཞེས་འབྲི་ལ་འདི་བོད་སྐད་དུ་བསྒྱུར་ན་ ལམ གྱི་དོན་རེད།༽ པའི་ཆོས་ལུགས་དང་ཡང་ན་བོན་རང་གི་ཡིག་ཆ་དྲངས་ནས་རྒྱབ་རྟེན་བྱས་པ་གང་ཡང་མི་འདུག སྟོན་པ་གཤེན་རབས་ཀྱི་ལོ་རྒྱུས་ཁྲོད་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཟེར་བ་ཞིག་ཡོད་ཅིང་། དེས་རྒྱ་ཡུལ་དུ་བོན་གྱི་བསྟན་པ་སྤེལ་བའི་ལོ་རྒྱུས་ཀྱང་ཡོད་པ་རེད། ཐུའུ་བཀཱན་གྱིས་འདི་རྒྱའི་ལོ་རྒྱུས་ཁྲོད་གྲགས་ཆེ་བའི་སློབ་དཔོན་ཁུང་ཙི་ཟེར་བ་དེ་ཡིན་ཚུལ་ཡང་བྲིས་ཡོད། དེར་མ་ཟད་སྟོན་པ་གཤེན་རབས་ཀྱང་རྒྱའི་ལོ་རྒྱུས་ཁྲོད་གྲགས་ཆེ་བའི་རིག་གཞུང་གི་སྲོལ་འབྱེད་་ལའུ་ཙི ཟེར་བ་དེ་ཡིན་པར་བཤད་ཡོད། འདི་དག་གི་ཁུངས་གང་དུ་གཏུགས་ཡོད་མེད་མི་ཤེས། བོན་དཀར་བོན་ནག་ཟེར་བ་འདི་ལ་བོན་པོ་རང་ངོས་ནས་འགྲེལ་བཤད་གང་ཡང་བྱས་མེད། རྒྱུ་མཚན་ནི་བོན་རང་ལ་ཚིག་འདི་མེད་པའི་རྐྱེན་གྱིས་རེད། འོན་ཀྱང་རྒྱུ་མཚན་འདི་ལ་བརྟེན་ནས་འདི་ལྟར་འདོགས་རྒྱུ་ཡིན་ཟེར་ན་དེ་ནི་སུས་ཀྱང་འགོག་ཐུབ་པ་ཞིག་མ་རེད། ངའི་ཕ་ཡུལ་དང་འགོ་ལོག་གི་མི་རྣམས་ལ་བཤད་སྟངས་འདི་འདྲ་ཞིག་ཡོད། པདྨ་འབྱུང་གནས་བསྟེན་མཁན་ལ་བོན་དཀར་དང་། དེ་མི་བསྟེན་མཁན་ལ་བོན་ནག་ཅེས་བཤད་སྲོལ་ཞིག་ཡོད། ནག་པོ་ཟེར་བ་འདི་ལ་བོད་མའི་བག་ཆགས་ཁྲོད་མི་ལེགས་པའི་ལྟ་ཚུལ་ཞིག་་ཡོད་པ་ལྟར་འདི་ལྟར་བརྗོད་པ་དེ་ལ་ཡང་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ནག་པོ་ཞིག་ཡོད་པའི་རྐྱེན་གྱིས་བོན་རྙིང་མ་བ་རྣམས་ཀྱིས་འདོད་མོས་མི་བྱེད་པར་མ་ཟད་གསར་མ་བའི་བླ་མ་འགའ་རེས་ཀྱང་དགག་པ་གནང་ཡོད། ད་དུང་ཚེ་ཏན་ཞབས་དྲུང་གིས་ཀྱང་ཆོས་ལུགས་ཀྱི་མིང་ཚོན་མདོག་གིས་མཚོན་པར་བྱེད་པ་དེ་ལ་དགག་ཡོད་ཅིང་། བོན་པོ་ཚོན་མདོག་ནག་པོས་མཚཽན་པ་དེར་ཡང་དགག་པ་གནང་ཡོད། ལུས་སོང་པ་འདྲ་ཡོད་ན་རྗེས་སུ་འབྲི་ངེས་ཡིན། དྲྭ་གྲོགས་འགའ་རེས་ད་དུང་ཚིག་གི་ཟ་ཟུར་་ནས་མི་འོས་པའི་རྣམ་འགྱུར་སྟོན་བཞིན་འདུག་པས་དེ་ལྟར་མ་བྱས་ན་ལེགས། བགྲོ་གླེང་དེར་བགྲོ་གླེང་གི་རྣམ་པ་ཡོད་པ་ཞིག་བྱེད་རྒྱུ་ལས། བགྲོ་གླེང་བྱས་པར་ཚིག་ངན་དག་ངེས་པར་དུ་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་མེད། འདི་ལྟར་བྱས་པས་ང་ཚོ་འགྲོ་མི་འདོད་སར་ཁྲིད་སོང་བ་རེད། རབ་བྱུང་ན་ཁ བརྡ་ཚག་གིས་འདི་དག་བཀག་ན་ལེགས། འདི་འདྲ་མང་དུ་བྱུང་ཚེ་སླར་ཡང་སྔར་གྱི་དཀའ་ངལ་དེ་འཕྲད་རྒྱུ་ཉག་ཅིག་རེད།
# ༡༥༣༽ དམུ་ཐག་གི་བུ་རྒྱུད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༡༤
སྤོབས་པ་མཐའ་ཡས་ལགས། མཁར་རྨེའུ་ཡིས་བོད་བཙན་པོའི་དུས་སུ་སྲོག་ཆགས་བསད་ནས་དམར་མཆོད་མ་ིབྱེད་ཅེས་བཤད་མི་འདུག དེ་ཡུལ་སྲོལ་ཡིན་པ་ལས་བོན་གྱི་ལུགས་སྲོལ་མ་རེད་ཅེས་བཤད་པ་དང་། ཕྱོགས་གཅིག་ནས་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དུ་ཤ་བ་སྟོང་ཕྲག་མང་པོ་དུས་གཅིག་ལ་སྐེ་གཅོད་པ་སོགས་བཤད་པ་དེར་རྒྱུ་མཚན་གྱི་ལམ་ནས་དགག་པ་བྱས་པ་རེད། ཁྲི་རལ་གྱི་དུས་སུ་སྲོག་ཆགས་བསད་དེ་མནའ་བོར་ཚུལ་དེ་ཡང་བན་དེའི་ལུགས༼ཁྱོད་ལ་འདི་འདྲའི་རྣམ་རྟོག་ཅིག་ཡོད་པ་འདྲ།༽་ཡིན་བཤད་མེད་ཅིང་། གོང་དུ་བཤད་པ་དེའི་ཤུགས་ལས་ཀྱང་འདི་ཡུལ་ལུགས་ཡིན་པ་བསྟན་འདུག་པར་མ་ཟད་བན་དེའི་ལུགས་སྲོལ་ཡིན་མིན་ལ་རྩོད་པ་མེད་པས་གསལ་བཤད་བྱེད་རྒྱུའི་དགོས་པ་གང་ཡང་མ་མཐོང་བ་རེད་སྙམ། ངས་མཁར་རྨེའུ་ཕྱོགས་བཟུང་བ་མིན། འོན་ཀྱང་འདི་མཁར་རྨེའུ་ལ་ནང་འགལ་འགྲོ་རྒྱུ་གང་ཡང་མི་འདུག
# ༡༥༤༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༢༨
བོན་ནག་ཟེར་བ་འདི་ཞྭ་སེར་བ་དང་ཞྭ་དམར་བ་ལྟ་བུའི་གོས་ཀྱི་ཁ་ཏོག་གི་ཁ་ཏོག་གི་ཆ་ནས་བཏགས་པ་ཞིག་མ་རེད། བྱེད་ལས་ཀྱི་ཆ་ནས་བཏག་པ་ཞིག་རེད། དཀར་པོ་ལྷ་དང་ནག་པོ་བདུད་ཟེར་བ་ལྟ་བུ་རེད། དེ་གཉིས་བོན་གསར་རྙིང་ལ་ཡང་འབྲེལ་བ་མེད་པ་འདྲ། པད་མ་འབྱུང་གནས་ལ་དད་པ་བྱེད་མིན་གྱིས་བོན་དཀར་ནག་ཞེས་བཏགས་པ་དེ་འདྲ་ནི་དེ་རིང་མ་གཏོགས་ཚོར་མ་མྱོང་། དེ་བཞིན་བོན་གསར་རྙིང་ཟེར་བ་ད་ཐེངས་མ་གཏོགས་གོ་མ་མྱོང་བས་དེའི་སྐོར་ངོ་སྤྲོད་གསལ་པོ་ཞིག་ཡོད་པ་ཞུ། དེ་གཉིས་བན་དེའི་གསར་མ་དང་རྙིང་མ་བཞིན་དགོན་གནས་ཆོས་རྒྱུད་བླ་རྒྱུད་སོགས་ཐ་དད་དུ་ཡོད་པ་རེད་དམ། དུས་ཀྱི་ཆ་ནས་བཏགས་པའམ་ལྟ་ཚུལ་གྱི་ཆ་ནས་བཏགས་པ་སོགས་གང་ཞིག་ལ་བརྟེན་ནས་གསར་རྙིང་གཉིས་བྱུང་བ་རེད། དེ་ལ་འགྲེལ་བཤད་གསལ་པོ་ཞིག་ཡོད་པ་ཞུ། ངས་སྔོན་མ་ཞིག་ལ་བོན་གྱི་བསྟན་འབྱུང་ཟེར་བ་ཞིག་ཞིབ་ཏུ་བཀླགས་མོད་དེར་བོན་བསྟན་སྔ་ཕྱི་བར་གསུམ་དུ་དར་ཚུལ་དང་བྱང་གཏེར་ལྷོ་གཏེར་ཟེར་བ་ལྟ་བུ་ཡོད་པ་དྲན་གྱིན་འདུག ཡིན་ན་ཡང་གསར་མ་རྙིང་མ་ཟེར་བ་ལྟ་བུ་དྲན་གྱིན་མི་འདུག དེ་ལ་གསལ་བཤད་ཅིག་གནང་རོགས། དེ་བཞིན་དུ་བོན་གྱི་དབུ་མའི་གཞུང་དེ་གཞན་སྟོང་རང་སྟོང་གི་ལྟ་གྲུབ་གང་གཙོར་འདོན་བྱེད་ཀྱིན་ཡོད་རེད། དེ་ཡང་གཅིག་ཤེས་འདོད་བྱུང་། ལྷོད་ལྷོད་ཀྱིས་དང་། ཚིག་ཟུར་སུ་རྩུབ་ལྟ་མཁན་ཚོ་ལ་ལན་མ་བཏབ་ན་འགྲིག་གི་རེད།
# ༡༥༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༣༨
མཁར་རྨིའུ་ཡིས་དང་པོར་བོད་དུ་སྲོག་ཆགས་ཀྱི་དམར་མཆོད་མི་བྱེད་པའི་སྒྲུབ་བྱེད་དུ་སྐབས་དེར་བོད་ལ་རི་སྐྱེས་སྲོག་ཆགས་གསོད་མི་ཆོག་པའི་ཁྲིམས་ཡོད་ཚུལ་ཞིག་གིས་སྲོག་ཆགས་ཀྱི་དམར་མཆོད་མེད་པ་ཞིག་བསྒྲུབས་པ་རེད། དེའི་འོག་ཏུ་ཁྲི་རལ་གྱི་དུས་སུ་སྲོག་ཆགས་དམར་མཆོད་ཡོད་ཚུལ་ཞིག་བཤད་པ་རེད། དེ་གཉིས་ནང་འགལ་མ་རེད་དམ། ངས་དེ་བོན་གྱི་ལུགས་རེད་ཟེར་གྱིན་མེད། དེ་བཞིན་དུ་ཆོས་ལུགས་ཡུལ་ལུགས་ཟེར་བའི་ས་མཚམས་དེ་ཡང་འདྲའི་ལས་སླ་པོར་འབྱེད་ཐུབ་པ་ཞིག་མ་རེད། སྤྱིར་ན་མནའ་སྐྱེལ་བ་དེ་ཆོས་ལུགས་དང་འབྲེལ་བ་ཡོད་པ་རེད། དེང་སང་ང་ཚོས་ལྷ་སའི་ཇོ་བོ་རིན་པོ་ཆེ་དང་དཀོན་མཆོག་གསུམ། དཀར་མཛེས་དགོན། མ་ཎི་དུང་སོགས་དཔང་དུ་བཙུགས་ནས་མནའ་སྐྱེལ་བ་དེ་ཡང་དེ་ཚོར་ཡིད་ཆེས་དད་མོས་བྱེད་བཞིན་ཡོད་སྟབས་དེ་ཚོ་དཔང་དུ་འཛུགས་ཀྱིན་ཡོད་པ་མ་རེད་དམ། ཡིན་ན་ཡང་སྐབས་དེར་བོད་ལ་དམར་མཆོད་གཏོང་བའཅི་ཆོས་ལུགས་ཤིག་ཡོད་པ་དེ་སྟོན་པ་གཤེན་རབ་ཀྱི་ལུགས་ཀྱི་བོན་དེ་ཡིན་དགོས་པའི་ངེས་པ་མེད་སྟབས་བོན་ནག་ཟེར་བ་དེ་ཡིན་པར་བརྩིས་ན་ཐ་སྙད་ཅིག་གི་ཁྱད་པར་ལས་དོན་ལ་འགལ་བ་འདྲ་མེད་པ་འདྲ།
# ༡༥༦༽ མང་ར་བ་གཡང་རྒྱལ་འབུམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༥༣
སྤྱིར་རྒྱ་ཆེ་མཁས་དབང་ཡོངས་ཀྱིས་བགྲོ་གླེང་ཞིབ་ཚགས་དང་དོན་སྙིང་ལྡན་པར་གནང་ཡོད་པར་གུས་པས་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཡིན་ན་ཡང་མི་ངན་ཁ་ཤས་ཀྱིས་གོས་སྐབས་བེད་སྤྱད་ཀྱིས་དབྱེན་དཀྲུགས་བྱེད་པར་ཁ་བརྡ་ཚང་བརྟག་འཛིན་གནང་བཞྀན་ཡོད་པར་གུས་པས་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཞུ།
ཞར་དུ་སྤོབས་པ་མཐའ་ཡས་ལགས་ལ་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན།
དེང་སང་འཛམ་གླིང་ནང་གདོད་མའི་ཆས་རིགས་ལོ་རྒྱུས་དང་། གནའ་རྫས་མཁར་ཤུལ་སོགས་ལ་མཁས་དབང་མང་དག་ཅིག་གིས་དེང་དུས་ཀྱི་འཕྲུལ་ཆ་དང་། རང་གི་བློ་སྟོབས་ཀྱིས་གཞལ་གང་ནུས་ཀྱི་ཐོག་ཞིབ་འཇུག་བགྱིས་ཏེ། དེ་དག་གི་བྱུང་ཁུངས་སམ། ལོ་རྒྱུས་ཀྱི་ངོ་གང་ཡིན། དངོས་ཡོད་ཀྱིས་འབྲེལ་བརྗོད་གནང་དང་གནང་བཞིན་པའྀ་ཁོངས། གཡུང་དྲུང་བོན་ཞེས་པ་འདིའི་བརྒྱུད་རིམ་དང་ལོ་རྒྱུས་དང་། ལྟ་གྲུབ་དེ་བཞིན་དཀར་ནག་གི་རྣམ་པ་དབྱེ་མདོག་སོགས་དཔྱད་བསྡུར་གནང་བའི་འབྲེལ་བརྗོད་ཡང་རིམ་པ་མང་པོ་ཞིག་སོང་ཟིན་འདུག
དམ་པའི་ལྷ་ཆོས་དཔེར་ན་བོན་དང་ཆོས་གང་ཡིན་ཡང་དེ་ལ་དཀར་ནག་དང་བཟང་ངན་ཆེས་མི་འོས་པའི་གཏམ་སོགས་ཀྱི་ཚིག་གི་སྤྲོས་ན་མི་རིགས་ནང་ཁུལ་མཐུན་སྒྲིལ་སོགས་གཟབ་དགོས་པས་དེ་རིགས་ཀྱི་གཏམ་མ་སྤྲོས་ན་ཞེས་འབོད་སྐུལ་ཙམ་ཞུས་པ་ཡིན་པས་དགོངས་འཇགས་ཞུ།
# ༡༥༧༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༢༣ སྐར་མ་ ༥༨
བན་དེ་དང་བོན་ཁྱབ་འགྲིག་སྦྱར་ས་མེད་པར་ཐལ། བན་དེ་ནི་གང་ཟག་ཡིན་ལ། བོན་ནི་བོན་གཞུང་རྣམས་ལས། བོན་ནི་ཤེས་བྱ་ལམ་དང་ནི།། སོགས་ཆོས་བཅུ་ལ་འཇུགས་པར་གསུང་པ་མ་ཤེས་སམ། ཧཧ ཁྱོད་ལ་བོན་ཟེར་བ་ཆོས་བཅུ་ལ་འཇུག་པ་ཟེར་ན་ཁྱོད་ལ་རྒྱ་ཆེ་དྲག་འདུག་པས། དེ་ལས་གོང་གི་ཁྱོད་ཀྱི་ཚིག་རྣམས་ལ་ལན་འདེབས་བྱ། ཁ་མིག་གདངས་ནས་ལྟོས་འ།
༡༽ ལ་ན་རེ། ༼ལམ་སེང་ཁྱོ་ཀྱིས་ཚོགས་གཏམ་བཏང་ཡོང་གི་འདུག༽ ཟེར་ན། བོན་པོའི་དག་ཡིག་ན་ཁྱོད་ལ་ཁྱོ་འབྲི་དགོས་པ་འེ་རེད། ཁྱོ་ནི་ཁྱོ་ཀ་སྟེ། གཟའ་ཚོ་གཉིས་ཀྱི་ཕོ་ལ་བཤད་དགོས་པ་རེད། ཡང་ཁྱོ་ཡི་རྗེས་སུ་ཀྱིས་འབྲི་དགོས་པ་འེ་རེད། འདི་ནི་བོན་པོའི་རྣམ་དབྱེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན་ནམ། ཡང་ན་ཁྱོད་ལ་མཐོང་རྒྱ་ཆེ་དྲག་པས་ཡིན། ཚོགས་གཏམ། ཁྱོད་ལ་བཤེ་བཤེ་བཏང་བ་ཚོགས་གཏམ་མ་ཡིན་ཏེ། ཁྱོད་རང་གང་ཟག་ཚོགས་པ་མ་ཡིན་པའི་ཕྱིར་རོ།
༢༽ ཡང་ལ་ན་རེ། ༼ཚོགས་གཏམ་དེ་འདྲ་གཏོང་འདོད་ཡོད་ན། ངས་ཁ་བརྡ་ཚང་གི་སྒྲིགས་གཞིར་བརྩི་བསྲུང་གི་ཁྱོད་ལ་ལན་འདེབས་འདོད་མི་འདུག ལན་རྒྱབ་རྒྱུའི་དགོས་པའང་མ་མཆིས།༽ཟེར་ན་སྐྱག་རྫུན་ཡིན་པར་ཐལ། དེ་མ་ཐག་ཏུ་ལན་བཏབ་འདུག་པའི་ཕྱིར།
༣༽ ཡང་ལ་ན་རེ། ༼ངས་ཁྱོད་ལ་དྲི་བ་གཉིས་དྲིས་པ་ནི། གཞོན་ནུ་ཟླ་མེད་ཁྱོད་ཆོས་ལུགས་ཀྱི་རུ་ཏྲའི་དུག་གིས་བཟི་བ་ཡིན་ནམ།༽ ཅིའི་ཕྱིར་ཅེས་ལན་འདེབས། གལ་ཏེ་ཁྱོད་ལ་དགག་པ་བྱེད་པའི་ཕྱིར་ན་མ་ཁྱབ། ཁྱོད་ཀྱི་ལོག་བཤད་ཚང་མ་དགག་རིགས་པར་ཐལ། བན་བོན་གང་གི་དབང་དུ་བྱས་ན་ཡང་མི་འགྲིག་པ་རྐྱང་ཡིན་པའི་ཕྱིར་རོ།
༤༽ ཡང་ལ་ན་རེ། ༼གཞོན་ནུ་ཟླ་མེད་ཁྱོད་ཆོས་ལུགས་དང་ཆོས་ལུགས་ཀྱི་དབར་ལ་དབྱེན་དཀྲུགས་བྱེད་མཁན་གྱི་གཏེ་བོ་དེ་ཡིན་ནམ། ཞེས་དྲི་བ་གཉིས་པོ་དེ་ཡིན།༽ ཟེར་ན། སྤྱིར་དཔྱོད་ལྡན་རྣམས་ཀྱི་ངོར་མིན་མོད། བླུན་པོ་དད་པའི་རྗེས་འབྲང་རྣམས་ཀྱི་ངོར་ཡིན་ཡང་སྲིད་དོ།
༥༽ ལ་ན་རེ། ༼བན་དེ་ཡིན་ན་བསྒྱུར་ཆོས་ཡིན་པས་ཁྱབ།༽ ཟེར་ན། བན་དེ་གང་ཟག་མ་ཡིན་པར་ཐལ་བསྒྱུར་ཆོས་ཡིན་པའི་ཕྱིར། ཡང་ལན་མེད་དོ།
༦༽ ཡང་ལ་ན་རེ། ༼ཁྱལ་ཆོས་དང་བརྡོལ་ཆོས་ནི་ཁྱོད་ཚོས་ཁས་མི་ལན་བསྒྱུར་ཆོས་ནི་བོན་དང་ཚིག་མི་འདྲ་བ་ཁ་ཤས་ཀྱིས་བརྒྱན་པ་ཙམ་ཡིན་པས་གཅིག་པ་རེད། ཁྱབ་པ་འགྲིག༽ ཟེར་ན། ཁྱོད་ཀྱིས་བཤད་པའི་ཁྱལ་ཆོས་དང་བརྡོལ་ཚོས་ཟེར་བ་དེ་ག་རེ་རེད་ཤོད་དང་། རེ་རེ་ནས་ངོས་འཛིན་ཡོད་ན་ངས་ཁས་ལེན་རྒྱུ་རེད། དེ་ནང་ཆོས་ཡིན་ན་ནང་ཆོས་ཡིན་པར་ཁས་ལེན་མ་ཐུབ་པ་ག་རེ་ཡོད་པ་རེད། ངས་བོད་ཀྱི་ཆོས་བརྒྱུད་བཞི་དང་ཇོ་ནང་བ་ཚང་མ་ནང་ཆོས་རེད་ཟེར་གྱི་ཡོད་ལ། དེ་ཉམས་ལེན་བྱེད་མཁན་ཚང་མ་ནང་པ་སངས་རྒྱས་པ་རེད་ཟེར་བཞིན་ཡོད།
༧༽ཞ་ཡིག་ཞང་ཞུང་ལ་འཐོམ་བོན་ཕྲུག་ཁྱོད།།
ཟ་འཕྲུག་ལངས་བའི་ཁ་ལ་མེ་འབར་ནས།།
འ་འུར་སྟོང་གཏམ་ཁ་ཕོ་ཁ་བརྡར་བསྒྲགས།།
ཡ་ཡར་དེད་ན་མཇའ་ལྟར་འཛིན་དུ་མེད།།
# ༡༥༨༽ མང་ར་བ་གཡང་རྒྱལ་འབུམ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༠ སྐར་མ་ ༢༢
སྤོབས་པ་མཐའ་ཡས་ལགས་ཁོ་བོས་ཁྱེད་ལ་གྲོས་འདེབས་ཀྱི་ཚུལ་དུ་ལན་སྟབས་བདེ་ཞིག་ཕུལ་ཟིན་མོད། ཡང་བསྐྱར་བོན་དཀར་ནག་གི་སྐོར་ལ་ཚིག་ཁ་ཤས་མི་ཞུ་ཐབས་མེད་ཆགས་སོང་། ཁྱོད་ཀྱིས་བོན་དཀར་ནག་ཅེས་པ་དེ་བྱེད་ལས་ཀྱི་ཆ་ནས་རེད། ཅེས་པའི་དོན་ཅི་ཡིན། བྱེད་ལས་ཀྱི་ཆ་ནས་ཡིན་པའི་སྒྲུབ་བྱེད་ཡང་དག་པ་ག་རེ་ཡོད།
ད་ལྟའི་དུས་འདིར་བོད་དུ་བོན་དཀར་འདི་དང་བོན་ནག་འདི་རེད་ཅེས་མཚན་གཞི་ཞིག་ཁྱོད་ལ་འཇོག་རྒྱུ་ཡོད་དམ། དེ་མིན་གནའ་བོའི་སྲོལ་ཡུལ་ལུགས་དེ་ཡུལ་ས་གཞི་བདག་ཁག་ལ་གསུར་བསང་གཏོང་ལུགས་དང་ཕན་ཚུན་གནའ་འཇོག་དུས་ཀྱང་སེམས་ཅན་གྱི་སྐེ་གཏུབ་སྟེ་ཁྲག་མཆོད་ལུགས་ཤིག་ས་ཆ་གང་དུ་ཡོད་པས་དེ་བོན་ལུགས་སུ་བཞག་ན་མི་རུང་། དཔེར་ན་ཁུ་ནུ་དང་གར་ཞྭ། པི་ཏེ་སོགས་ལ་ཕེབས་ནས་ཞིབ་འཇུག་གནོང་དང་ཏག་ཏག་ཆོས་དཀར་དང་ཆོས་ནག་གི་མཚན་གཞི་ཡང་རེག་ཐག་ཆོད་ཡིན་པས་དགོངས་འཇགས་ཞུ། དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་ད་ལན་དེ་ཙམ་ཡིན།
# ༡༥༩༽ དབང་ཆེན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༠ སྐར་མ་ ༥༨
བོན་ལ་བཟང་ངན་གཉིས་ཡོད་པ་འདྲ། བཀའ་ཐང་ཤེར་བྲག་མ་ལེའུ་གྱ་གཉིས་པར། བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབསཿ འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོནཿ ཤ་ན་ཤིང་མགོ་རྭ་རྒྱས་བྱེད་པ་དང་༔ གཡག་ལུག་ཟན་ལ་གཙུགས་བརྙན་བྱེད་དུ་བཅུག༔ ཅེས་བོན་ངན་པའི་རིགས་ཏེ་བསྣུབས་པ་དང་། བོན་བཟང་པོ་པོའི་སྐོར་བཞག་པར་བཤད་འདུག ཡང་། ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབས༔ ཅེས་བཟང་པོའི་རིགས་ལ་སྐོར་གསུམ་ཡོད་པ་འདི་ལ་བོན་པོ་རྣམས་ཀྱིས་འགྲེལ་བཤད་གནང་བར་ཞུ། བོན་གྱིས་དམར་མཆོད་ཕུལ་ཟེར་བ་ལ་ཁག་མི་འདུག་སྙམ། ད་ལྟའང་དོལ་པོ་དང་། ཀློ་ཡུལ། ལ་ཕྱི། བྲག་དཀར་རྟ་སོ་སོགས་སུ་རང་ཉིད་བོན་པོ་གཙང་མར་ཁས་འཆེ་བ་མང་པོས་མདའ་དར་གཡུག སི་ལི་དཀྲོལ་ཞིང་མ་ཀྲི་མ་འདོན་བཞིན་ར་ལུག་དང་། བྱ་ཏེ་སོགས་ཀྱི་སྐེ་གཅོད་པ་བདག་གིས་དངོས་སུ་མཐོང་། དེ་པད་འབྱུང་དང་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་བསྣུབས་མ་ཚར་བའི་ལྷག་རོ་ཞིག་ཡིན་སྲིད། བོན་རྒྱ་ལྷུན་གྲུབ་རྒྱ་མཚོ་ལ་བཀའ་འདྲི་ཞུས་པས་ཁོང་གིས་དེ་རྡོལ་བོན་བྱ་བ་རེད། གཡུང་དྲུང་བོན་དང་རྩ་བ་ནས་མི་འདྲ་གསུངས། རྙིང་བོན་གཉིས་ནང་གཤིམ་པོ་ཡོད་ཚུལ་དགེ་ལྡན་པའི་བླ་མ་རྣམས་ཀྱིས་བཞེད་པ་བདེན་ན་མཁན་སློབ་ཆོས་གསུམ་ལ་སྡང་དོན་མེད་པས་ད་དུང་དཔྱད་པ་ཞིབ་མོར་གནང་དགོས་པ་འདྲ།
# ༡༦༠༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༡ སྐར་མ་ ༤༦
ལ་སྟོད་ཀྱི་བུ་ལགས།
ཐུགས་རྗེ་ཆེ། ངས་དཔེ་དེབ་དེ་རེག་ཐབས་བྱས་ནས་ཀློག་ངེས་ཡིན། ཁྱེད་ཀྱིས་མ་འོངས་བར་དེའི་སྐོར་ཅུང་གསལ་བཤད་གནང་ཐུབ་ན་ཧ་ཅང་ལེགས།
# ༡༦༡༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༣ སྐར་མ་ ༡༩
དམུ་ཐག་གི་བུ་རྒྱུད་ལགས།
ཉིད་ཀྱིས་གཟིགས་ན་གཏོ་ལུགས་སམ་ཏཱའུ་ནི་རྒྱ་ནག་ནས་བྱུང་བ་འདོད་དམ། ཏཱའུ་དོན་ནི་རྒྱ་ནག་གི་གནའ་བོའི་ཏཱ་ཅོའ་ཆོགས་ལུགས་རེད་དམ་ཡང་གཞན་ཞིག་རེད་དམ།
# ༡༦༢༽ ཨ་ནུ་ཐང་བསོད་ནམས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༣ སྐར་མ་ ༤༧
དགོངས་དག ཁོང་ཙི Doa ནི་ཏོའོ་མིན་ཞིང་དེ་ལ་དྲི་བ་མེད། ཉིད་བསམ་ནDoalismདང་གཏོ་ཆོས་ལུགས་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་དམ་དེ་གཉིས་ལོགས་སུ་འདོད།
# ༡༦༣༽ གཡུ་འབྲུག་དཀར་པོ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ གི་ཆུ་ཚོད་ ༤ སྐར་མ་ ༠༣
ལ་སྟོད་བུ་ལགས། ཁྱེད་ཀྱིས་ངའི་ལན་གསུངས་པར་ཐུགས་རྗེ་ཆེ་ཞུས། དེ་སྔོན་ཡང་ངས་ངའི་ལུང་པར་བོན་ཟེར་བ་དེ་འདྲ་ཞིག་ཡོད་པས། ཁྱེད་ཀྱིས་གསུངས་པའི་བོན་དང་གཅིག་པ་ཡིན་མིན་ཞུས་པ་ཡིན་ན་ཡང་། ཁྱེད་ཀྱིས་ང་ལ་མི་ངན་གྱི་མིང་ཞིག་བཏགས་ནས་ངའི་དྲི་བར་ཁ་ཡ་གནང་མ་སོང་། དེ་རིང་ཡང་དེ་འདྲ་ཞིག་ལས་མི་ཡོང་སྙམ་ཡང་དེ་རིང་ནི་ཁྱེད་ཁ་སྔོན་གྱི་ལ་སྟོད་བུ་ལས་བསྒྱུར་བ་ཕྱིན་འདུག་པས་དགའ་པོ་བྱུང་།
ལ་སྟོད་བུ་དང་དམུ་ཐག་བུ་བརྒྱུད་གཉིས་ཀས། དྲི་བ་དང་པོའི་ལན་གསལ་པོར་གནང་སོང་ན་ཡང་། གཉིས་པའི་ལན་ནི་བོན་རྙིང་ལ་ཁ་གཡོགས་ནས་ལན་གསལ་པོ་ཞིག་གནང་མ་སོང་། དེ་བཞིན་བོན་པོ་ཚོས་ཞི་བ་འཚོ་ལ་དགའ་གི་མེད་པ་དེ་ནི་ཞི་བ་འཚོས་བོན་པོ་ལ་མ་དགའ་བས་ཡིན་ཚུལ་ཞིག་ཀྱང་གསུངས་སོང་། ངས་ནི་བོན་པོ་ཚོས་ཞི་བ་འཚོ་ལ་མ་དགའ་བའི་རྒྱུ་མཚན་དྲི་གི་མེད། བོན་པོ་ཚོས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་མེད་སྐོར་དྲི་གི་ཡོད། དགའ་མ་དགའ་དེ་སོ་སོའི་དབང་ཆ་རེད། ཡིན་ན་ཡང་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཆོག་གི་མ་རེད། ལོ་རྒྱུས་ལ་འཁྱོག་བཤད་བྱས་མེད་ཟེར་ན་གཤམ་གྱི་དེ་གཟིགས་རོགས།
དུས་དེ་ཙམ་ན། དབུས་ཀྱི་ལྷ་ས་བྱ་བར་མི་སྡེ་ཞིག་ཅི་བྱ་བར་མ་བཏུབ་སྟེ། སྤེ་ནེ་གུ་བྱ་བའི་མོ་མ་ཞིག་ལ་མོ་བཏབ་པས། ཁྱེད་ཀྱི་མི་སྡེ་ཕུང་བ་ནི་སུས་ཀྱང་མ་ལན་ཏེ། ཕ་མེད་པའི་བུ་ཞིག་ཡོད་པ་དེའི་ནལ་སྣ་ཟུག་པ་ཡིན་ཟེར་རོ། དེ་གང་ཡིན་བྱས་པས། ཁྱེའུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ལྕག་སྣ་བཙུགས་ནས་འདི་ཡིན་ཟེར་རོ། དེ་ལ་ཅིས་ཕན་དྲིས་པས། བོན་པོ་རུས་སྣ་མི་འདྲ་བ་བཅོ་ལྔས་སེལ་ཆེན་ཞིག་གྱིས་ལ། ནལ་བུ་གླང་ཁམ་པ་ཞིག་ལ་བསྐྱོན་ལ། ཁ་ནུབ་ཏུ་སྟོན་ལ་སྐད་རིགས་མི་གཅིག་པའི་ཡུལ་དུ་སྤྱུགས་ན་ཕན་ཟེར་ནས། ཁ་ཆེ་བྱེ་བྲག་སྨྲ་བའི་ཡུལ་དུ་སྤྱུགས་སོ། ཁྱེའུ་ཡང་ལས་འཕྲོ་ཅན་ཞིག་བྱུང་སྟེ། རྒྱ་གར་གྱི་ཡུལ་དུ་ཆོས་བསླབ་ནས། ལོ་ཙཱ་བ་བཟང་པོ་ཞིག་བྱུང་ནས། མིང་ཡང་བྷོ་ཏི་ས་ཏྭར་བཏགས་སོ། ཁོ་སྤྱུགས་པའི་རྐྱེན་མོ་མ་བོན་པོས་བྱས་པས། རྒྱལ་བློན་གྱི་བར་དུ་ཕྲ་མ་གསོལ་བ། བོན་སྣུབས་ལ་ཆོས་མཛོད། བཀའ་ནི་དམ་པའི་ཆོས་བདེན། བོན་འདི་མངའ་ཐང་མཐོ་ན། རྒྱལ་སྲིད་དང་རྒྱལ་ཁམས་ཡོངས་ལ་གནོད་པ་མཆིས་པས། བོན་སྣུབས་དགོས་ཟེར་ཏེ་ཕྲིན་བརྫངས་སོ། རྒྱལ་པོས་ཕྲ་མ་ལ་མ་གསན་པར། འོ་ཉི་ཟླ་ཡང་སྣུབ་བམ། དུས་ལ་བབ་སྟེ་ནུབ་པ་སྲིད་པ་ལས། ཆེད་དུ་སྣུབ་ཏུ་མི་རུང་གསུངས། དུས་དེ་ཙམ་ན།
ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ཞུ་མཁན་གང་མང་ཞིག་བྱུང་བར་བརྟེན།
རྩོམ་འདིའི་མཆན་གྱི་སྒོ་བསྐྱར་དུ་ཕྱེས་ཡོད་པ་མ་ཟད། ཆེས་ཕམ་པའི་དུས་ཀྱི་སྐད་ཆའི་ཚོམ་དུ་ཡོད་པའི་རྩོམ་འདི་འབྲེལ་གྱི་མཆན་རྣམས་ཀྱང་འདི་རུ་བཀོད་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
བོན་ནག་པོ་ནི་བདུད་རེད་ར་སོགས་གསད་ནས་དམར་མཆོད་འབུལ་བའི་ཕྱིར། འོན་ཀྱང་ད་ལྟ་བོད་ནང་ཧ་ལམ་མེད་པ་ཆགས་ཡོད་།
སངས་རྒྱས་ཀྱི་ཆོས་ལུགས་ལ་མིང་དང་ཐ་སྙད་བཟོ་བཅོས་འདྲ་ཆགས་པོ་ཞིག་བརྒྱབསཏེ་བཏགས་པ་་དེ་ལ་བོན་དཀར་ཟེར་དོན་དུ་སངས་རྒྱས་ཀྱི་ཆོས་ལ་ལད་ཟློས་བྱས་པ་ཞིག་ཡིན་པའི་ཕྱིར་། ང་ཚོ་རྩོད་གཞི་གི་བོན་དེ་འདི་ཡིན་པ་འདྲ་ འོ་ད་བན་བོན་གཉིས་ཆུ་དང་འོ་མ་བཞིན་གཅིག་པ་རེད་བཞག་ རྩོད་གཞི་མི་འདུག་ གཏམ་བཟང་རེད་ བདེ་མོ་བྱོས་ བཀྲ་ཤིས་བདེ་ལེགས་
གཞོན་ནུ་ཟླ་མེད་ལགས།
ད་ཁྱེད་ཀྱིས་ང་ལ་བསམ་པ་གཏིང་ནས་དྲི་བ་དྲིས་པ་མིན་པར་ཁ་བརྡ་ཚང་གི་སྒྲིགས་གཞི་དང་འགལ་བའི་བསྙོན་འདིང་བ་འདི་ལ་ལྟས་ན། རང་མེད་མི་མེད་མཛོ་སྦྲེལ་གཡང་ལ་ལྷུང་ཚུལ་ཞིག་བཟོ་འདོད་ཡིན་རྒྱུ་རེད།
དེ་མིན་དྲྭ་རྒྱ་འདིར་ད་ལྟ་ཕལ་ཆེ་བ་ཞིག་གིས་དྲི་བ་འགང་ཆེན་མང་པོ་ཞིག་ཚིག་ཞི་ཞིང་དུལ་བའི་གནས་སྐབས་ཤིག་ཏུ་སླེབས་འདུག་ང་གཉིས་ཀྱང་ཁོང་ཚོ་དང་འདྲ་བར་བྱེད་ན་ལེགས།
ཁྱོད་ཀྱིས་ང་ཡི་ཡིག་ནོར་འགའ་ཞིག་ལ་སྐྱོན་བརྗོད་བྱེད་པ་འདིར་དང་པོར། རང་ངོ་ལ་གཡག་ཙམ་རྒྱུགས་པ་མི་མཐོང་ཞིང༌། གཞན་ངོར་ཤིག་ཙམ་རྒྱུགས་པ་མཐོང་ཞེས་པའི་དཔེ་ལྟར་མི་ཡོང་བ་ཞིག་བྱེད་དགོས། ཁྱོད་ཀྱིས་ཡིག་ནོར་ཐམས་ཅད་འདིར་འདོན་དགོས་པ་ཡིན་ནམ། དེ་མིན་དེ་ཚོའི་སྐོར་དེ་མ་བཤད་ནས་བརྗོད་གཞི་གལ་འགང་ཆེ་བའི་རིགས་ལ་གླེང་ན་ལེགས།
གལ་ཏེ་ཁྱོད་སྔར་ལྟར་བྱེད་དེ་ང་དང་མཉམ་དུ་རྩོད་འདོད་ཡོད་ན། ངས་ཁྱོད་ཀྱིས་དྲི་བར་ལན་འདེབས་འདོད་མེད། སྒྲུང་རིང་གིས་ནམ་བསྐྱལ་འདོད་མེད།
ང་ལ་དེ་ལྟའི་དུས་ཚོད་ཀྱང་མེད། གོང་དུ་དྲྭ་གྲོགས་མང་པོ་ཞིག་གིས་ངོས་ལ་དྲི་བ་གལ་ཆེའི་སྐོར་ལ་དྲི་བ་བཏོན་འདུག་པས་དེ་ཚོར་ལན་གང་ཐུབ་འབུལ་ངེས་ཡིན།
བན་བོན་མ་རྩོད། ཁ་བརྡ་མ་ཚང་འདི་སྒོ་རྒྱོབས།
༼གཡུ་འབྲུག་དཀར་པོས། དེ་བཞིན་བོན་པོ་ཚོས་ཞི་བ་འཚོ་ལ་དགའ་གི་མེད་པ་དེ་ནི་ཞི་བ་འཚོས་བོན་པོ་ལ་མ་དགའ་བས་ཡིན་ཚུལ་ཞིག་ཀྱང་གསུངས་སོང་། ངས་ནི་བོན་པོ་ཚོས་ཞི་བ་འཚོ་ལ་མ་དགའ་བའི་རྒྱུ་མཚན་དྲི་གི་མེད། བོན་པོ་ཚོས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་མེད་སྐོར་དྲི་གི་ཡོད། དགའ་མ་དགའ་དེ་སོ་སོའི་དབང་ཆ་རེད། ཡིན་ན་ཡང་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཆོག་གི་མ་རེད། ལོ་རྒྱུས་ལ་འཁྱོག་བཤད་བྱས་མེད་ཟེར་ན་གཤམ་གྱི་དེ་གཟིགས་རོགས།༽
གཡུ་འབྲུག་དཀར་པོ་ལགས། ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་མེད་དེ་སུ་གཅིག་གིས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། དེ་གང་ཡིན་ཟེར་ན། བོན་པོ་ཚོས་བོན་གྱི་ལོ་རྒྱུས་རྙིང་པ་དེ་ཚོར་འཁྱོག་བཤད་རེད་ཅེས་བཤད་ཐུབ་ཀྱི་མ་རེད།
དེ་བཞིན་བན་དེ་ཚོས་ཀྱང་རང་གི་ལོ་རྒྱུས་དེ་དག་འཁྱོག་བཤད་བྱས་པ་རེད་ཅེས་ཤོད་མཁན་ཁག་པོ་རེད། མཐའ་བྲལ་དབུ་མའི་ལྟ་བ་རྟོགས་པའི་ཤེས་རབ་རང་རྒྱུད་ལ་མེད་ཕྱིན་ཤིན་ཏུ་ཁག་པོ་
རེད་དྲན་གྱི་འདུག་
ཨ་ནུ་ཐང་བསོད་ནམས་ལགས།
༼ཨ་ནུ་ཐང་བསོད་ནམས་ནས། ལ་སྟོད་ཀྱི་བུ་ལགས།
ཐུགས་རྗེ་ཆེ། ངས་དཔེ་དེབ་དེ་རེག་ཐབས་བྱས་ནས་ཀློག་ངེས་ཡིན། ཁྱེད་ཀྱིས་མ་འོངས་བར་དེའི་སྐོར་ཅུང་གསལ་བཤད་གནང་ཐུབ་ན་ཧ་ཅང་ལེགས༽
གཏོ་པའི་ཆོས་ལུགས་ཀྱིས་སྟོན་པ་གཤེན་རབ་ཀྱི་སྐོར་ལ་བཤད་སྲོལ་དང་བོན་ལུགས་སུ་སྟོན་པ་གཤེན་རབ་སྐོར་གྱི་བཤད་སྲོལ་གཉིས་ལ་ཁྱད་པར་ཆེན་པོ་མང་པོ་འདུག
མ་གཞི་ནས་གཏོ་པའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཀོ་ཏ་ལིད་དང༌། ཧ་ཀྲེའུ་ལས་སོགས་མང་དུ་བྱུང་འདུག་ཅིང༌། དེ་དག་གིས་ཞིབ་འཇུག་བྱེད་པའི་ཤོད་སྲོལ་ལའང་མི་འདྲ་བ་མང་དུ་ཡོད་འདུག དེ་རྣམས་ཀྱིས་བཤད་པ་ལྟར་ན་གཏོ་པའི་ལུགས་ཀྱི་ཤོད་སྲོལ་གྱི་སྟོན་པ་གཤེན་རབ་ཅེས་པ་ནི་ལྷ་སྒྲུང་གི་རང་བཞིན་རྣམ་པ་ཅན་གྱི་མི་སྣ་ཞིག་ལ་བཤད་འདུག ་ ཁོང་ཚོས་དེ་ཡི་སྐོར་ལ་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི། དམངས་ཁྲོད་ཀྱི་ངག་ལམ་ནས་བསྡུ་རུབ་བྱས་པ་ཞིག་ཡིན་ཞེས་བཤད་ཡོད། དེར་བརྟེན་ང་ཚོས་འདི་དང་འདི་ཞེས་ཤོད་ཁག་པོ་རེད།
༼བོན་གྱིས་དམར་མཆོད་ཕུལ་ཟེར་བ་ལ་ཁག་མི་འདུག་སྙམ། ད་ལྟའང་དོལ་པོ་དང་། ཀློ་ཡུལ། ལ་ཕྱི། བྲག་དཀར་རྟ་སོ་སོགས་སུ་རང་ཉིད་བོན་པོ་གཙང་མར་ཁས་འཆེ་བ་མང་པོས་མདའ་དར་གཡུག སི་ལི་དཀྲོལ་ཞིང་མ་ཀྲི་མ་འདོན་བཞིན་ར་ལུག་དང་། བྱ་ཏེ་སོགས་ཀྱི་སྐེ་གཅོད་པ་བདག་གིས་དངོས་སུ་མཐོང་། དེ་པད་འབྱུང་དང་ཡེ་ཤེས་མཚོ་རྒྱལ་སོགས་ཀྱིས་བསྣུབས་མ་ཚར་བའི་ལྷག་རོ་ཞིག་ཡིན་སྲིད། ༽་
གོང་དུ་དྲྭ་གྲོགས་ཞིག་གིས་བཤད་པ་ལྟར་ཡུལ་ལུང་ག་གེ་མོ་ཞིག་དུ་དང༌། མི་ག་གེ་མོ་ཞིག་གིས་བོན་པོར་ཁས་འཆེས་ནས་བྱེད་པའི་སྤྱོད་ལམ་མཐའ་དག་བོན་པོ་སྤྱི་ཡི་ཆོས་ལུགས་ཀྱི་ཚབ་མཚོན་བྱེད་ཐུབ་རྒྱུ་ཁག་པོ་རེད། དཔེར་ན། ཁྱེད་རང་གིས་གསུངས་པ་ལྟར་རེད། ཁུ་ནུ་དང་ག་ཤ་སོགས་རྒྱ་གར་གྱི་བྱང་ཕྱོགས་ཧི་མ་ལ་ཡ་དང༌། དེ་བཞིན་མོན་རྟ་དབང་དང་ནེ་པལ་གྱི་བྱང་རྒྱུད་དུ་གཏོགས་པའི་མི་སྣ་དང་ཡུལ་ལུང་ག་གེ་མོ་དེ་ཚོར་ཁ་ནས་མ་ནི་དང་སི་དྷི་འདོན་ཅིང་བ྄ྱ་དང་ར་ལུག་སོགས་བསད་དེ་ཡུལ་ལ྄ྷ་ལ་དམར་མཆོད་བ྄ྱེད་མཁན་མང་པོ་ཡོད་པར་ངོས་ནས་ཀྱང་མཐོང་ཐོས་བྱུང༌། བོན་གྱི་མཁས་གྲུབ་གཉིས་ལྡན་ཆེན་པོ་ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཡིས་ཁུ་ནུ་སོགས་སུ་དམར་མཆོད་བྱེད་སྲོལ་བཀག་པ་ད་ལྟའང་རྒན་རབས་མང་པོས་ཤོད་ཀྱི་འདུག་ཁོང་ཚོ་ཚང་མ་བན་དེ་རེད། དེས་ན། རྒྱ་ནག་གིས་ཀྱང་། རྐུ་མ་དམར་པོ་དང༌། ཇག་པ་གསེར་པོ་ལས་སོགས་ཀྱང་མི་སྣ་རེ་ཟུང་གིས་བྱེད་བབས་ལ་གཞིགས་ཏེ་ནང་པའི་གྲྭ་བཙུན་ཡོངས་ལ་དམའ་འབེབས་བྱེད་སྟངས་དེ་དག་ཀྱང་སྤྱི་བཙན་དང་ས྄ྒོས་བཙན་ནམ་ས྄ྤ྄ྱི་དང་བྱེ་བྲག་མཉམ་བསྲེས་བྱས་པ་ལ་བརྟེན་ནས་བྱུང་བ་རེད།
(དབང་ཆེན་ནས།)
༼བོན་རྒྱ་ལྷུན་གྲུབ་རྒྱ་མཚོ་ལ་བཀའ་འདྲི་ཞུས་པས་ཁོང་གིས་དེ་རྡོལ་བོན་བྱ་བ་རེད། གཡུང་དྲུང་བོན་དང་རྩ་བ་ནས་མི་འདྲ་གསུངས། ༽
དབང་ཆེན་ལགས། ཁྱེད་ལ་ཐུག་འཕྲད་བྱུང་བའི་བོན་རྒྱ་ལྷུན་གྲུབ་རྒྱ་མཚོ་དེ་སུ་ཡིན་མིན་གསལ་པོ་ཞིག་ཤོད་དང༌། རེབ་ཀོང་ནས་ཡིན་པ་མཁས་དབང་བོན་རྒྱ་ལྷུན་གྲུབ་རྒྱ་མཚོ་ལ་བཤད་ཀྱི་ཡོད་ན། ཁོང་ནི་བོན་དཀར་དང་བོན་ནག་རྡོལ་བོན་དང་འཁྱར་བོན་ལས་སོགས་ཤོད་མཁན་ལ་དགག་པ་མཛད་མཁན་ཞིག་ཡིན་པས་སྦྲུལ་ལྕེ་ནམ་ཡང་འོང་མི་སྲིད། ཁོང་གིས་མཛད་པའི་༼མཁས་དབང་བོན་རྒྱ་རིན་པོ་ཆེ་ཡི་བསྟན་རྩིས་དང༌། དཔྱད་རྩོམས་ཕྱོགས་བསྒྲིགས༽ཞེས་པའི་དེབ་213་ནས་གཟིགས་དང༌གསལ་པོར་འདུག ༼རྙིང་བོན་གཉིས་ནང་གཤིམ་པོ་ཡོད་ཚུལ་དགེ་ལྡན་པའི་བླ་མ་རྣམས་ཀྱིས་བཞེད་༽
རྙིང་བོན་གཉིས་ནང་གཤིན་པོ་ཞེས་གསུང་གི་ཡོད་དམ། དེ་ནི་དགེ་ལུགས་པའི་བླ་མ་རྣམས་ཀྱིས་གསུང་མིན་མ་ཤེས། ཐུའུ་ཀན་ཆོས་ཀྱི་ཉི་མས། འདི་དག་ནི་ཕྱིས་ཀྱིས་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་སུ་འདུག་པས། བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་འདྲ་ཡོད་འདྲའོ་ཞེས་བཤད་ཡོད། འདི་ལ་ངས་ལན་ག་འདྲ་སེ་རྒྱབ་དགོས་སམ། དེ་གཉིས་འདྲ་བོ་ཡོད་རེད་ཅེས་བཤད་ན་རྙིང་མ་བ་ཚོ་ཐུགས་དགྱེས་མདོག་ཁ་བོ་མ་རེད། འདྲ་བོ་མེད་རེད་ཅེས་བཤད་ན་ཐོའུ་ཀན་རྗེས་འཛིན་པ་ཚོ་ཐུགས་དགྱེས་མདོག་ཁ་བོ་མ་རེད། དེ་ལས་གྲུབ་དབང་ཆོས་ཀྱི་ཉི་མས་གསུངས་པ་ལྟར།
ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང༌།
ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།
ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།
ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར།
ཞེས་ཅིས་མི་བདེན།
སྤོབས་པ་མཐའ་ཡས་ལགས།
(སྤོབས་པ་མཐའ་ཡས་ནས།)
༼བོན་ནག་ཟེར་བ་འདི་ཞྭ་སེར་བ་དང་ཞྭ་དམར་བ་ལྟ་བུའི་གོས་ཀྱི་ཁ་ཏོག་གི་ཁ་ཏོག་གི་ཆ་ནས་བཏགས་པ་ཞིག་མ་རེད། བྱེད་ལས་ཀྱི་ཆ་ནས་བཏག་པ་ཞིག་རེད། དཀར་པོ་ལྷ་དང་ནག་པོ་བདུད་ཟེར་བ་ལྟ་བུ་རེད། དེ་གཉིས་བོན་གསར་རྙིང་ལ་ཡང་འབྲེལ་བ་མེད་པ་འདྲ། པད་མ་འབྱུང་གནས་ལ་དད་པ་བྱེད་མིན་གྱིས་བོན་དཀར་ནག་ཞེས་བཏགས་པ་དེ་འདྲ་ནི་དེ་རིང་མ་གཏོགས་ཚོར་མ་མྱོང་། དེ་བཞིན་བོན་གསར་རྙིང་ཟེར་བ་ད་ཐེངས་མ་གཏོགས་གོ་མ་མྱོང་བས་དེའི་སྐོར་ངོ་སྤྲོད་གསལ་པོ་ཞིག་ཡོད་པ་ཞུ། ༽
བོན་དཀར་དང་བོན་ནག་ཅེས་བོན་པོ་ཚོར་མ་བསྒྲགས་པའི་གཏམ་ཞིག་རེད། དེ་ལ་ཨུ་ཙུགས་ཞེ་བོ་གཅིག་བྱེད་ཀྱི་འདུག་གང་ཤེས། ཕྱིས་སུ་བོད་ཀྱི་ནང་བསྟན་ལ་བོད་བླ་མའི་ཆོས་ཞེས་བཏགས་པ་རེད། དེ་ལ་ནང་བསྟན་རྗེས་འཛིན་པ་ཚོ་ཐུགས་དགྱེས་པོ་གནང་གི་ཡོད་པར་མ་མཐོང༌།
དེ་ལ་ང་ཚོས་ཨུ་ཚུགས་བྱེད་དགོས་པར་ཀ྄ྱང་མ་མཐོང༌། གལ་ཏེ་འགྲེལ་བཤད་རྒྱབ་དགོས་ན། བོན་དཀར་བོན་ནག་ཅེས་པ་ལྟར་འགྲེལ་བཤད་རྒྱབ་རྒྱུ་ལོས་ཡོད། བོད་ཀྱི་གཏམ་དཔེ་ལའང༌། ལུང་ཆུང་རེ་ལ་དགོན་ཆུང་རེ། དགོན་ཆུང་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་ལུགས་རེ། ཞེས་པ་ཞིག་ང་ཆུང་དུས་ནས་གོ་མྱོང་། དེ་ཚོའང་བྱེད་ལས་ཀྱི་ཆ་ནས་རེད། པད་མ་འབྱུང་གནས་ལ་དད་པ་བྱེད་མཁན་གྱི་བོན་པོ་ཚོར་བོན་དཀར་དང༌། དེ་ལ་དད་པ་མི་བྱེད་མཁན་གྱི་བོན་པོ་ཚོར་བོན་ནག་ཅེས་ཨ་མདོ་དང་མགོ་ལོག་སོགས་སུ་ཤོད་སྲོལ་ཡོད་པར་གོ་མྱོང་བ་མ་ཟད། ཐོགས་མེད་ཅེས་པ་ཞིག་དང༌། བོན་རྒྱ་དགེ་ལེགསལྷུན་གྲུབ་རྒྱ་མཚོ་གཉིས་དབར་ལ་དགག་བཞག་གི་རྩོད་པ་བྱེད་སའི་གཞི་གཅིག་དེ་ལའང་ཐུག་འདུག དེ་དག་ཀྱང་དེབ་དུ་པར་དུ་སྐྲུན་ཟིན་འདུག་པས་གཟིགས་ན་གསལ།
ཡང་འགའ་ཞིག་གིས་སྟོན་པ་ཤཀྱ་ཐུབ་པར་དད་པ་བྱེད་མཁན་གྱི་བོན་པོར་བོན་དཀར་དང༌། དེ་ལ་དད་པ་མི་བྱེད་མཁན་གྱི་བོན་པོར་བོན་ནག་ཅེས་ཀྱང་བཤད་འདུག
དེ་ཚོའང་མཁས་དབང་བོན་རྒྱ་ལྷུན་གྲུབ་རྒྱ་མཚོ་དང་ཐོགས་མེད་ཞེས་པ་གཉིས་བན་བོན་གཉིས་ཀྱི་དབར་ལ་དགག་བཞག་བྱས་པའི་དེབ་དེ་ཚོར་གཟིགས་ན་གསལ་ལོ།
བོན་དཀར་དང་བོན་ནག་ཟེར་བའི་སྐོར་ལ་ད་དུང་མང་ཙམ་ཤོད་དགོས་ཚེ་རྗེས་སུ་བཤད་ཆོག་སྤོབས་པ་མཐའ་ཡས་ལགས་ཁྱེད་ཀྱི་མཆན་བུ་འོག་མའི་ནང་དུའང་བརྗོད་བྱ་དེ་ཡི་སྐོར་ཡིན་འདུག་པས་རྗེས་སུ་ལན་འབུལ་ཆོག་པ་བཅས་ད་གཟིམས་འཇམ་གནང་རོགས།
འོ་དཀོན་མཆོག་མཁྱེན། ཁ་བྱང་དེ་ལ་མཆན་གསར་ཞིག་བཏབ་འདུག ག་རེ་ཡིན་ནམ་སྙམ་ནས་ཁ་ཕྱེ་སྐབས་སུ་གློག་ཀླད་འདར་སིག་རྒྱབ་རྒྱབ་ནས་འདི་ལ་སླེབས་སོང་། འོ་ད་ཡིན་ན་མཆན་རྣམས་གཅིག་གིས་གཅིག་ལ་འདྲེས་ནས་བལྟ་ཚུལ་ཞིག་མི་འདུག
ད་ངོ་ནས་བསམ་ཚུལ་ཞིག་འདོན་རྒྱུ་ཡིན། དྲང་མོར་ཡིན། གནའ་སྔ་མོའི་ལུགས་སྲོལ་ཡིན་ན་འདྲ་མང་པོ་ཞིག་ཡོད་པ་དཔེར་ན།
༡༽ ལྷ་ཀླུ་གཉེན་གསུམ་མཆོད་པ་བྱས་ནས་འཇིག་རྟེན་གྱི་བདེ་དོན་སྒྲུབ་པ། ལབ་ཙེ་སྟོད་པ། རི་ཁྲུས་ལུང་ཁྲུས་བྱེད་པ། སྡེའུ་འབུམ་བརྩིགས་པ། ཆར་འབེབས་པ། སེ་ར་འགོག་པ། མཚོ་གཏེར་དང་བྲག་གཏེར། གནམ་གཏེར་སྦས་པ། མདོས་གཡུག་པ། གཡང་འགུགས་བྱེད་པ། འགལ་བ་འདུམ་སྒྲིག་བྱེད་པ། འདི་ཚང་མ་ལ་ཆོ་ག་བྱེད་སྟངས་ཆ་ནས་སྔར་ནང་ཆོས་ནང་དུ་ཕྱག་ལེན་འདི་མ་དར་བའི་སྔོན་དུ། དམར་མཆོད་དང་འདྲེས་བའི་ཐོག་ནས་ཆོ་ག་བྱེད་བཞིན་པ་དང་། ནང་ཆོས་ནང་དུ་ཚུར་ཁ་གསབ་བྱས་པར་དམར་མཆོད་དེ་ཁ་བསྒྱུར་ནས་དཀར་མཆོད་ལ་བསྒྱུར་བའི་ཐོག་ཆོ་ག་བྱེད་བཞིན་པ་དོན་དངོས་རེད། དོན་དངོས་འདི་ལ་ངོས་འཛིན་བྱེད་སྟངས་ནི། ཐུའུ་བཀྭན་གྲུབ་མཐའ་ན་འདི་བོན་པོའི་ཆོས་ལུགས་ནས་འཇིག་རྟེན་བདེ་སྒྲུབ་ཀྱི་ཆེད་དུ་ཚུར་ནང་ཆོས་ཉམས་ལེན་པ་རྣམས་ཀྱི་ཁ་གསབ་བྱེད་བཞིན་པར་བརྗོད། འོན་ཀྱང་དེང་སང་བོན་པོར་དད་པ་ཅན་ཁ་ཤས་ནས་དམར་མཆོད་བྱེད་པ་དེ་བོན་མིན་ཟེར་བཞིན་པ། དེ་བཞིན་དུ་འཁྱར་བོན་དང་བརྡོལ་བོན་སོགས་ཀྱི་ཐ་སྙད་ཀྱང་ཁས་ལེན་བཞིན་མེད། གོང་དུ་མཁར་རྨེའུ་བསམ་གཏན་ནས་བོད་ཀྱི་ལུགས་སྲོལ་ཙམ་རེད་ཟེར་བཞིན་པ་དེ་རེད། འོན་ཀྱང་ཆོ་ག་བྱེད་སྟངས་ཆ་ཤས་འཇིག་རྟེན་ལུགས་སྲོལ་རེད་ཟེར་ནས་གོང་གི་ཆོ་ཁ་རྣམས་སྟོན་པ་གཤེན་རབ་ཀྱི་ཆོས་འཁོར་དང་པོའི་ཁུངས་གཏོགས་ཡིན་ན་ཟེར་ན་དེ་དག་དག་འེ་རེད།
ཁ་བརྡ་ཚང་གིས་ཐུགས་བསམ་ཆེར་བཞེས་ཀྱིས་དྲ་ཚིགས་འདིས་སྒོ་འབྱེད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་འདི་ལས་མང་པོ་ཞིག་ལ་བློ་བསྐྱེད་རེ་རེག་པར་ཐེ་མི་ཚོམ།
བཀའ་དྲིན་ཐུགས་རྗེ་ཆེ།
མདོར་ན་ཆོ་ག་དང་ཆོ་ག་བྱེད་སྟངས་གཉིས་ཀ་ཐོག་མའི་འབྱུང་ཁུངས་བོན་པོ་ཡིན་ན་ཡིན་མཉམ་དང་མིན་ན་མིན་སྙམ་རེད་བསམ། འོན་ཀྱང་ཚང་མས་བསམ་ཚུལ་དགོས་པ་འདུག གང་ཡིན་ཟེར་ན་ཐུའུ་བཀྭན་གྲུབ་མཐའི་ལུང་དེ་དག་ནི་ཁས་ལེན་གྱི་མེད་ན། དེ་བཞིན་དུ་ཁུངས་ལྡན་ཞིག་ཡོད་སྲིད། འོན་ཀྱང་ཁུངས་ལྡན་ཞིག་མ་རྙེད་བར་དུ་ང་ལྟ་བུ་ལ་མཚོན་ན་ཐུའུ་བཀྭན་གྲུབ་མཐའ་དེ་བློ་ངོར་འབྱོར་མོ་ཞིག་རེད།
དེ་ནས་བོད་ཡིག་ནང་ན་ཡོད་པའི་ཏོ་ཧྭ་ཟེར་བ་དེ་ནི་ཏོ་ཅོ་ཆོས་ལུགས་ལོས་ཡིན་སྙམ། ཐུབ་བཀྭན་གྲུབ་མཐའ་ན་རྒྱ་ནག་ཏུ་སྐར་མ་ལྟ་བུའི་ཆོས་ལུགས་དང་། ཟླ་བ་ལྟ་བུའི་ཆོས་ལུགས། ཉི་མ་ལྟ་བུའི་ཆོས་ལུགས་གསུམ་དར་བར་གསུངས། གཅིག་བྱས་ན་བོད་ལ་ཡང་དེ་བཞིན་དུ། སྐར་མ་ལྟ་བུའི་ཆོས་ལུགས་དང་། ཟླ་བ་ལྟ་བུའི་ཆོས་ལུགས༎ སྐར་མ་ལྟ་བུའི་ཆོས་ལུགས་གསུམ་དར་བར་མིང་བཏགས་ན་མི་འགྲིག་པ་འེ་ཡོད་བསམ་ན་ཡང་། དཔེར་ན་སྤྱི་ཚོགས་ནང་དུ་བོན་ནག་ཟེར་བ་དང་། ཐུའུ་བཀྭན་བླ་མས་འཁྱར་བོན་དང་རྡོལ་བོན་ཟེར་བ་དེ་ཚོར་སྐར་མ་ལྟ་བུའི་བོད་ཀྱི་ཆོས་ལུགས་ཞིག་ཡིན་པར་བརྗོད་ན། བན་བོན་གཉིས་ལ་གནོད་པ་མེད་པ་ཞིག་རེད་བསམ། གང་ཡིན་ཟེར་ན་དེང་སང་ཁ་ཤས་ཀྱིས་འདི་བོན་པོ་མིན་པར་བརྗོད་ཀྱི་ཡོད་པ་ལྟར། བོན་པོ་ཚང་མའི་ངོས་ན་དེ་ནི་བོན་ཆོས་མིན་པར་བརྗོད་ཀྱི་ཡོད་ན། དེ་ནི་བོན་པོ་མ་དར་སྔོན་གྱི་བོད་ཀྱི་སྐར་མ་ལྟ་བུའི་ཆོས་ལུགས་རེད་ཅེས་ཟེར་ན་མི་འགྲིག་པ་མི་འདུག
དེ་ནས་མིང་འདོགས་སྟངས་ཁ་ཤས་ལ་འགྱུར་བ་གཏོང་དགོས་པ་འདུག ནང་པ་ཟེར་བ་དང་། ནང་པ་སངས་རྒྱས་པ་ཟེར་བའི་མིང་ཚིག་ལྟ་བུ་རེད། དེང་སང་གི་བོན་པོ་དང་། ཆོས་ལུགས་པ་གཉིས་ཀའི་ངོས་ནས་རང་རང་ལ་མིང་དེ་འདོགས་བཞིན་པས་འཁྲུགས་ཉེན་འདུག གཉིས་ཀས་ཀྱང་རང་རང་ནང་པ་སངས་རྒྱས་པ་ཟེར་བཞིན་པས། འདི་འདྲའི་སྐབས་སུ། མི་ནོར་བའི་ཆེད་དུ་གཤེན་རབ་ལུགས་དང་། ཤྰཀ་ཐུབ་ལུགས་ཟེར་བའམ། ཡང་ན་བོན་ལུགས་པ་དང་། ཆོས་ལུགས་པ་ཟེར་ན་གོ་བདེ་མོད། ཡིན་ན་ཡང་འཚམ་འཚམ་ལ་བོན་པོ་ཕྱོགས་ནས་རང་ཉིད་ལ་ཆོས་ལུགས་པ་ཟེར་ཡོངས་པས་འཁྲུགས་གཞི་ཞིག་འདུག
ངོ་ནས་བཤད་ན་བོན་པོའི་གཞུང་ལུགས་ན། བོན་ཟེར་བའི་ཐ་སྙད་དང་། ཆོས་ལུགས་པའི་གཞུང་ན་ཆོས་ཟེར་བ་གཉིས་ནི་འཇུག་ཡུལ་རྒྱ་ཆེ་ཆུང་མེད་པར་བཤད། བོན་པོའི་གཞུང་ན། བོན་ནི་ཤེས་བྱ་ལམ་དང་ནི།། སོགས་བོན་བཅུ་ལ་འཇུག་པར་གསུངས། ཡང་ཆོས་གཞུང་ན་ཆོས་ནི་ཤེས་བྱ་ལམ་དང་ནི། ། གསུངས་པ་ལྟར་ཆོས་བཅུ་ལ་འཇུག་པར་གསུངས་སོ།
མཁྱེན་ཡངས་ལ་སྟོད་བུ་ལགས། ལུང་རིག་སོགས་གུང་བསྒྲིགས་ཏེ་བོན་ཕྱོགས་ཀྱི་གཞུང་ཆེན་ཁག་ལས་གསལ་བཤད་ཡང་དག་པར་གནང་བར་སྙིང་ནས་གུས་མདུད་ཞུ། ཡིག་ནོར་ཁ་ཤས་ཡོང་བཞིན་འདུག་མོད། དེ་ནི་དོན་དག་ཆུང་ཆུང་ཞིག་རེད། ཡིན་ན་ཡང་དེ་ལ་ཡང་གཟབ་ཐུབ་ན་ཡག་པོ་འདུག
སྔོན་གྱི་ལོ་རྒྱུས་རྒྱལ་རབས་ཁག་ཅིག་ཏུ་ངམ་སྟག་ར་ཀླུ་གོང་ཟེར་བའི་བློན་པོ་གྲགས་ཅན་ཞིག་ཡོད་པ་དེ་ཁྱོད་ཀྱིས་མཁྱེན་བཞིན་ཡོད་ལོས་ཆེ། ཕལ་ཆེར་ཁོ་བོའི་སྣང་ཚུལ་ལ་ཁྱེད་བློན་པོ་དེའི་སྤྲུལ་བའམ་ཡང་ན་རུས་རྒྱུད་ཅིག་ཡིན་པ་འདྲ་བས་ང་ལ་དོགས་པ་ཞིག་རང་བཞིན་གྱིས་བྱུང་། གལ་སྲིད་མ་ཡིན་ཡང་ཁོ་བོས་ཁྱེད་ལ་ངམ་སྟག་ར་ཀླུ་གོང་གཉིས་པ་ཞེས་མཚན་ཞིག་གསོལ་ན་ཁྱེད་ཀྱིས་དགྱེས་བཞེས་ལོས་གནང་རེ། དེ་ཡང་ཁྱེད་ཀྱི་གཟི་བརྗིད་རེད་ངོ་སོ་བསྟོད།
གཞན་ཡང་བགྲོ་གླེང་གནང་བཞིན་པའི་གཟུར་གནས་མཁས་དབང་ཚོ་ལ་ཡང་ཐུགས་རྗེ་ཆེ་ཞུ།
བློ་བསྐྱེད་མང་པོ་མུ་མཐུད་དུ་ཡོང་བའི་རེ་བ་ཡོད།
འོ་དེ་ཡང་སྟོན་པ་གཤེན་རབ་མི་བོའི་གྲུབ་མཐའ་ལ་བོན་ཅེས་འདོགས་དོན་ཡང་། བོན་ཅེས་པའི་ཐ་སྙདའདི་བཅུ་ལ་འཇུགས་པ་ལས། འབྱུང་འགྱུར་དངོས་དང་བོན་ལུགས་ལའོ།། ཟེར་བའི་བོན་ལུགས་ལ་ཟེར་བ་དེ་ནས་བྱུང་། དེའི་དོན་ནི་བོན་སྟེ། ཉམས་ལེན་པ་རང་རང་གི་ནང་རྒྱུད་ཉམས་ལེན་ལ་སྦྱར་དགོས་པས་བོན་ལུགས་ཟེར། དེ་བཞིན་དུ་ཆོས་ལུགས་པས་ངོས་ནས་ཀྱང་། འབྱུང་འགྱུར་དངོས་དང་ཆོས་ལུགས་ལའོ།། གསུངས་པ་དེ་ཆོས་ཅེས་པའི་མིང་འདི་འཇུག་ས་བཅུ་ཡོད་པ་ལས། ཆོས་ལུགས་ལ་འཇུག་ཚུལ་དེའི་སྟེང་ནས་མིང་འདི་ལྟར་བྱུང་།
འོ་ཡ་ད་གྲོད་ཁོག་ལྟོག་དང་ཟིག མོ་མོ་ཟ་གི་འགྱོ་རྒྱུ་ཡིན།
རྣམས་པ་གཉིས་ལན་གནང་བ་ཐུགས་རྗེ་ཆེ། ངས་དང་པོ་ད་ལྟའི་བོན་པོ་ཚོས་བོན་ལ་ནང་གསེས་གཉིས་སུ་ཡོད་པས་ཁས་མི་ལེན་འདོད་ནས་རྩོད་པ་བྱས་མེད་ལ་བྱེད་འདོད་ཀྱང་མེད་དེ། ཁས་མ་ལེན་ན་ཐབས་ཤེས་ཅི་ཡང་མེད། ཐབས་ཤེས་ཡོད་པ་ནི་ཁས་མི་ལེན་པ་ཤེས་རྒྱུ་དེ་ལས་མ་འདས།
འོན་ཀྱང་སྟབས་ལེགས་ཤིག་ལ་དམུ་ཐག་བུ་རྒྱུད་དང་ལ་སྟོད་བུ་གཉིས་ཀྱིས་བོན་ནང་གསེས་ཡོད་པ་ཁས་ལེན་པ་མ་ཟད། བོན་གསར་རྙིང་ཞེས་འབོད་བཞིན་འདུག དེ་ནི་དངོས་གནས་དོན་ལ་གནས་བ་ཞིག་རེད་དེ། བོན་དཀར་ནག་ཅེས་ན་ཕྱོགས་རིས་བའི་སྐད་ཆ་ཡིན་པ་རྟོགས་སླ་སྟེ། བན་དྷེ་ཚོས་འབོད་པའི་ཐ་སྙད་ཅིག་རེད། རང་དང་མཐུན་ན་དཀར་པོ་དང་མ་མཐུན་ན་ནག་པོ་ཟེར་ན་གནས་ལུགས་དང་མི་མཐུན་པ་ནི་བདེན་དུ་འཁུམས། དེ་བཞིན་ཡི་གེ་དཀར་ནག་གཉིས་ཟེར་བའང་དེ་བཞིན་ཡིན་ན་སྣང་།
ནོར་བཅོས།
རྣམས་པ་གཉིས་ཀྱིས་ལན་གནང་བ་ཐུགས་རྗེ་ཆེ། ངས་དང་པོ་ད་ལྟའི་བོན་པོ་ཚོས་བོན་ལ་ནང་གསེས་གཉིས་སུ་ཡོད་པ་ཁས་མི་ལེན་འདོད་ནས་རྩོད་པ་བྱས་མེད་ལ་བྱེད་འདོད་ཀྱང་མེད་དེ། ཁས་མ་ལེན་ན་ཐབས་ཤེས་ཅི་ཡང་མེད། ཐབས་ཤེས་ཡོད་པ་ནི་ཁས་མི་ལེན་པ་རྟོགས་ནས་ཧ་ལས་རྒྱུ་ལས་མ་འདས།
འོན་ཀྱང་སྟབས་ལེགས་ཤིག་ལ་དམུ་ཐག་བུ་རྒྱུད་དང་ལ་སྟོད་བུ་གཉིས་ཀྱིས་བོན་ལ་ནང་གསེས་ཡོད་པ་ཁས་ལེན་པ་མ་ཟད། བོན་གསར་རྙིང་ཞེས་འབོད་བཞིན་འདུག དེ་ནི་དངོས་གནས་དོན་ལ་གནས་བ་ཞིག་རེད་དེ། བོན་དཀར་ནག་ཅེས་ན་ཕྱོགས་རིས་བའི་སྐད་ཆ་ཡིན་པ་རྟོགས་སླ་སྟེ། བན་དྷེ་ཚོས་འབོད་པའི་ཐ་སྙད་ཅིག་རེད། རང་དང་མཐུན་ན་དཀར་པོ་དང་མ་མཐུན་ན་ནག་པོ་ཟེར་ན་གནས་ལུགས་དང་མི་མཐུན་པ་ནི་བདེན་དུ་འཁུམས། དེ་བཞིན་ཡི་གེ་དཀར་ནག་གཉིས་ཟེར་བའང་དེ་བཞིན་ཡིན་པ་སྣང་།
ངས་དྲིས་ཡོད་པའི་བོན་གསར་རྙིང་གི་སྐོར་དང་བོན་གྱི་དབུ་མ་དེ་རང་སྟོང་གཞན་སྟོང་གང་ཡིན་ཚུལ་དེ་ཁོམ་ལོངས་ཡོད་དུས་ཤིག་ལ་གཅིག་གསུངས་བའི་རེ་བ་ཡོད།
བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་བཏགས་པ་དེ་ལ་སྐྱོན་ཆེན་པོ་ཞིག་མེད་པ་འདྲ། མ་མཐའ་ཡང་དམའ་འབེབས་ཀྱི་ཚིག་ཅིག་མ་ཡིན་པ་འདྲ། བོད་བརྒྱུད་ནང་བསྟན་པ་ཡིན་ན་གསང་སྔགས་འདི་ཆེས་གལ་ཆེན་གནད་ཆེན་དུ་འཛིན་བཞིན་ཡོད་སྟབས་གསང་སྔགས་ནི་སྦྱོར་དངོས་རྗེས་གསུམ་གང་ཡིན་ཡང་བླ་མ་དང་ཁ་བྲལ་ནས་ཉམས་སུ་ལེན་ཚུལ་མེད་པ་ཡིན་དུས་བླ་མའི་ཆོས་ལུགས་ཞེས་བཏགས་པ་དེ་བསྟོད་པ་ཞིག་ཏུ་མ་གྱུར་རུང་སྨད་པ་གཏན་ནས་མིན་པ་འདྲ། དེ་ངའི་བསམ་ཚུལ་ཡིན། ཁྱེད་ཚོས་དཔྱད་རོགས། དེ་བཞིན་དུ་སྟོན་པ་གཤེན་རབ་ཀྱི་ལུགས་ལ་བོན་དཀར་ཞེས་བཏགས་ན་ཡང་དཀར་པོ་དང་དཀར་ཕྱོགས་ཞེས་པ་དེ་ཁ་དགེ་བཀྲ་ཤིས་ཡག་པོ་ཞིག་ལ་གོ་བ་མ་གཏོགས་སྨད་པའི་ཚིག་འདྲ་རེད་མི་འདུག་པས་བོན་ཕྱོགས་ནས་དེ་ཙམ་དང་ལེན་བྱེད་མི་ཐུབ་པའི་མིང་ཚིག་ཅིག་མིན་པ་འདྲ། དེའི་སྐོར་ལ་བོན་རྒྱས་ག་རེ་གསུངས་འདུག
དེ་རིང་འདིའི་མཆན་གྱི་སྒོ་ཕྱེ་འདུག་པས་ཤིན་ཏུ་དགའ་བོ་བྱུང་། དྲྭ་གྲོགས་ཚོར་རེ་བསྐུལ་ཞུ་རྒྱུར། རྩ་བའི་བརྗོད་བྱ་འདི་དང་འབྲེལ་བ་ཡོད་པའི་གཏམ་བཤད་མང་ཙམ་བྱས་ན་གང་འདྲ་འདུག བན་བོན་གྱི་སྐོར་དེ་བཤད་རྒྱུ་མེད་པ་མིན་ཡང་དེ་ཁོ་ནར་མགོ་འཐོམ་བསྡད་ན་ཁྲི་དར་མ་གཞན་ཞིག་ཏུ་འབྲོ་ཉེན་འདུག
སད་ན་ལེགས་སྐུ་གཤེགས་པ་དང་ཁྲི་རལ་པ་ཅན་སྐུ་ནར་མ་སོན་པའི་བར་སྟོང་གི་དུས་སུ་བན་ཏིང་ངེ་འཛིན་གྱིས་ཆབ་སྲིད་ཀྱི་འགན་བཞེས་པ་དེར་ཁྲི་དར་མའི་ལོ་རྒྱུས་ཀྱི་མགོ་ཁུངས་ཟུག་འདུག་པ་ལྟ་བུར་མཐོང་། འདིའི་ཐད་རྣམ་པ་ཚོར་དགོངས་ཚུལ་གང་འདྲ་ཡོད་དམ།
སྤོབས་པ་མཐའ་ཡས་ལགས།
བོན་གསར་རྙིང་ཞེས་བོན་ལ་བསྒྲགས་པའི་གཏམ་ཞིག་རེད།
དེ་ཡང་བོན་གསར་རྙིང་གཉིས་ནི་སྟོན་པ་གཅིག་སྟེ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དང༌། བསྟན་པ་གཅིག་སྟེ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་ཡིན་ཅིང༌། འོ་ན་དེ་གཉིས་ཀྱི་ཁྱད་པར་གང་ཡོད་ཅེས་ན། མཁན་སློབ་ཆོས་གསུམ་གྱིས་བོན་བསྟན་བསྣུབས་པ་ནས་བཟུང་བོད་དང་བོན་གྱི་ལོ་རྒྱུས་ལ་དར་རྒུད་ཆེན་པོ་བྱུང་ཞིང་མ་ཟད་བན་བོན་གཉིས་དབར་ལ་གྲུབ་དབང་ཆོས་ཀྱི་ཉི་མས་གསུངས་པ་ནང་བཞིན། ཕར་འདྲེས་ཚུར་འདྲེས་ཀྱང་མང་དུ་བྱུང་ཡོད། གཙོ་བོ་ནི། བོན་གསར་མས་བཤད་སྲོལ་ཞིག་ལ་པདྨ་འབྱུང་གནས་ཏེ་ཨོ་རྒྱན་རིན་པོ་ཆེ་དེ་ཉིད་ཁྲི་སྲོང་སྐབས་སུ་ནན་བན་དུ་བཅུག་པའི་བླ་ཆེན་དྲན་པ་ནམ་མཁའ་འམ་བན་དེ་ཡིས་ཀ་བ་དཔལ་བརྩེགས་ཞེས་པར་སྲས་མཚེ་མར་འཁྲུངས་པའི་པདྨ་མཐོང་གྲོལ་དང་གཅིག་པར་ངོས་འཛིན་གྱིས་པད་འབྱུང་ལ་དད་མོས་ཆེན་པོ་བྱེད་བཞིན་ཡོད། མ་ཟད་གྷུ་རུའི་སྐོར་གྱི་ཆོ་ག་སོགས་ཕལ་ཆེར་སྔ་འགྱུར་རྙིང་མ་པ་དང་ཆེས་མཚུངས་པར་ཡོད་འདུག དེ་བཞིན་ཁྲོས་མ་ཟེར་བ་དང་ཞི་ཁྲོ་ལས་སོགས་ཀྱང་ཅུང་རྙིང་མའི་ཆོས་སྐོར་དང་མཐུན་ཤས་ཆེ་ཞིང་སྔར་གྱི་བྲུ་ཞུ་སྤ་རྨེའུ་ལས་སོགས་ཀྱི་སྲོལ་དང་འགྱང་སྟེ་ཅུང་ཕྱིས་སུ་གསར་དུ་དར་བའི་བོན་བསྟན་ཡིན་པས་ན་དེ་ལྟར་བརྗོད།
ཡིན་ནའང་བོན་རྙིང་མས་པད་འབྱུང་གིས་བོན་བསྟན་བསྣུབས་པའི་རྒྱུ་མཚན་ལ་བརྟེན་ནས་དད་མོས་ནམ་ཡང་མི་བྱེད་ཅིང༌། ཕ་དགྲ་བོན་གཤེད་རུ་ལངས་པའི་རྒྱུ་མཚན་ཀྱང་བཤད་སྲོལ་ཡོད། འོན་ཀྱང་བོན་དཀར་ནག་ཅེས་པ་དང༌། བན་དེ་གསར་རྙིང་ཞེས་པ་དང་ནམ་ཡང་མི་མཚུངས་ཏེ། རྙིང་མའི་ལྟ་གྲུབ་དང༌། དགེ་ལུགས་ཀྱི་ལྟ་གྲུབ་གཉིས་མཐུན་ཐབས་མེད་པས་སོ།
བོན་གསར་རྙིང་གཉིས་ནི་དེ་ལྟར་མིན་ཅིང་ལྟ་གྲུབ་གཅིག་པར་མ་ཟད། བོན་གྱི་དབང་ལུང་ཁྲིད་གསུམ་གྱིས་གཙོས་པའི་བོན་ཕྱོགས་ཀྱི་བྱ་འགུལ་ཐམས་ཅད་མཉམ་འགྲོ་མཉམ་འདུག་བྱེད་བཞིན་ཡོད། ངས་ལྟས་ན་རྒྱུ་མཚན་དེ་ཡིས་ཕྱིར་བན་དེ་ཡིས་བོན་དཀར་དང་བོན་ནག་ཅེས་པ་ཞིག་བན་དེས་བོན་པོར་བཏགས་པའི་མིང་ཞིག་རེད་མ་གཏོགས། བོན་པོའི་དཔེ་གཞུང་ལོ་རྒྱུས་ཆོག་སྒྲིག་སོགས་གང་གི་ནང་དུའང་མེད་པས་སོ། མཁས་དབང་བོན་རྒྱ་ལྷུན་གྲུབ་རྒྱ་མཚོས་མཛད་པའི་བན་དེ་ཐོག་མེད་ལ་དགག་ཡིག་ ༼དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི་ཞེས་བ་༽ལས།་ ༼ཐུབ་པའི་བསྟན་ལ་དད་པའི་བོན་པོ་ཞིག་ཡིན་ན་བོན་དཀར་ཡིན་པ་དང་མི་དད་པ་རྣམས་བོན་ནག་རེད་ཟེར་ནས། བོན་པོ་རྣམས་ཀྱི་སེམས་ཕར་ལ་སྐོར་ཅི་ཐུབ་དང་བན་དེ་རྣམས་ཀྱི་སེམས་རང་ཕྱོགས་སུ་འཁོར་ཅི་ཐུབ་བྱེད་པ་ནི་སིན་ཏུ་མང་ལ་དེ་འདྲས་ཞིབ་འཇུག་ཡང་དག་པར་བྱེད་མི་ནུས་སོ།༽དེ་ལ་ངོས་ནས་ཀྱང་མོས་མཐུན་ཡོད།
བོན་གྱི་དབུ་མ་པའམ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་ལྟ་བ་ནི་ཇོ་ནང་གིས་བཞེད་པ་ལྟར་རང་སྟོང་དང་། གཞན་སྟོང་དུ་མི་འདོད།
གང་ལྟར་འཁོར་འདས་ཀྱི་བོན་ཐམས་ཅད་དང༌། བདེན་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་བོན་གྱི་བདག་དང་གང་ཟག་གི་བད་གཉིས་ཀྱིས་སྟོང་ཞིང་རྟེན་འབྲེལ་དུ་གྲུབ་པ་ཞིག་ལ་འདོད།
དེ་ནི་བོན་ལུགས་ཀྱི་ལྟ་བ་མཐར་ཐུག་པ་གང་ཡང་མིན། ཕྱི་མཚན་ཉིད་ཐེག་པའི་ལུགས་ཀྱི་ལྟ་བ་མཐར་ཐུག་པ་དེ་ཡིན་པར་འདོད་དོ།
ཁྱེད་ལ་གཟིགས་འདོད་པ་ཡོད་ན། ཝར་ན་མཐོ་སློབ་གྱི་སློབ་དགེ་ཆེན་མོ་དགེ་བཤེས་ཕུན་ཚོགས་དོན་གྲུབ་ཀྱིས་ཉམས་ཞིབ་མཛད་པའི་སྟོན་པ་ཤཱཀྱ་ཐུབ་པ་དང༌སྟོན་པ་གཤེན་རབ་གཉིས་ཀྱི་བྱུང་བ་དང་དེ་གཉིས་ཀྱི་ལུགས་ལས་བདེན་གཉིས་འདོད་ཚུལ་གྱི་ཁྱད་པར་ལ་དཔྱད་པ། ཞེས་པའི་དེབ་དེར་གཟིགས་དང༌། དེ་ཝར་ན་ནས་ཕྱི་ལོ་2000་ལོར་པར་དུ་སྐྲུན་འདུག གལ་ཏེ་དེ་ལས་རྒྱས་པར་གཟིག་འདོད་ཚེ་བོན་གྱི་དབུ་མའི་སྐོར་ཤིན་ཏུ་རྒྱ་ཆེ་བར་བཞུགས་ཡོད་པས་དེང་སང་གི་དཔེ་མཛོད་དུ་དེ་དག་ཡོད་རེ་ཡིན།
བོན་གྱི་བདག་དང་གང་ཟག་གི་བདག་གཉིས་ཀས་སྟོང་པ་དེ་ལྟ་བ་མཐར་ཐུག་མིན་ཟེར་དུས་ཡག་པོ་ཞིག་གོ་མ་བྱུང་། བོན་གྱི་བདག་དང་གང་ཟག་གི་བདག་གཉིས་ཀ་སྤངས་པའི་ཤུལ་ན་སྤང་བྱ་གཞན་ག་རེ་ལྷག་ཡོད་པ་རེད། དེ་ལྟ་བ་མཐར་ཐུག་ཡིན་པར་ཐལ། སྤང་བྱ་མ་ལུས་པ་སྤངས་བའི་ཕྱིར། བོན་ལུགས་ལ་བདག་གསུམ་ཙམ་ཡོད་པ་མིན་ན་དེས་འགྲིགས་དགོས་པ་འདྲ།
སྤོབས་པ་ལགས་ངས་ཀྱང་བར་འདི་ལ་བསམ་ཚུལ་ཙམ་ཞིག་ཞུ་ཆོག་པར་གྱིས། གོང་དུ་ལ་སྟོད་ཚང་གིས་”གང་ལྟར་འཁོར་འདས་ཀྱི་བོན་ཐམས་ཅད་དང༌། བདེན་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་བོན་གྱི་བདག་དང་གང་ཟག་གི་བད་གཉིས་ཀྱིས་སྟོང་ཞིང་རྟེན་འབྲེལ་དུ་གྲུབ་པ་ཞིག་ལ་འདོད།
དེ་ནི་བོན་ལུགས་ཀྱི་ལྟ་བ་མཐར་ཐུག་པ་གང་ཡང་མིན། ཕྱི་མཚན་ཉིད་ཐེག་པའི་ལུགས་ཀྱི་ལྟ་བ་མཐར་ཐུག་པ་དེ་ཡིན་པར་འདོད་དོ།” ཞེས་པར་ཡག་པོ་ཞིག་སོམས་དང་དེ་ནི་བོན་ལུགས་ཀྱིས་ཕྱི་མཚན་ཉིད་ཐེག་པའི་ལུགས་ཀྱི་ལྟ་བ་མཐར་ཐུག་པ་དེ་ཡིན་པར་འདོད་ལ། བོན་ལུགས་ཀྱི་ལྟ་བ་མཐུག་ཐུག་དེ་ཐེག་པ་བླ་ན་མེད་པ་རྫོགས་པ་ཆེན་པོའི་ལུགས་ཀྱི་ལྟ་བ་ལ་འཇོག་བཞིན་ཡོད་པ་འདྲ། ཡག་ཁོང་གིས་ཕྱི་མཚན་ཉིད་ཐེག་པའི་ལུགས་ཀྱི་ལྟ་བ་ཅེས་གསུངས་པ་ནི་མདོ་ལུགས་ལ་གསུངས་ཀྱིན་ཡོད་པ་འདྲ། ལྷག་བསྡད་ཡོད་པ་ནི་རྫོགས་པ་ཆེན་པོའི་ལྟ་བའི་དགག་བྱ་ལྷག་བསྡད་ཡོད་མིན་ནམ།
གསལ་བཤད་ཙམ་དུ་ཡིན་པས་དགོངས་འཇགས་ཞུ། མ་གཞི་ལ་སྟོད་ཚང་གིས་བཀའ་ལན་གནང་ཐག་ཆོད་རེད།
ཡང་ཁོ་བོས་རྒྱ་ཆེའི་དྲ་གྲོགས་བློ་ལྡན་དག་ལ་ཞུ་འདོད་པ་ཞིག་ལ། བོན་པོའི་ལུགས་ལ་དམར་མཆོད་ཆོག་མིན་དང་དམར་མཆོད་ཅེས་པ་ངོས་འཛིན་ཙམ་ཞིག་ཞུ་འདོད་བྱུང་།
དེ་ཡང་སྤྱིར་རྒྱལ་བ་གཤེན་རབ་མི་བོས་དགག་བྱ་དང་དགོས་པའི་དབང་གིས། བོན་ལ་སྐྱབས་སོང་ཕྱིན་ཆད་འགྲོ་ལ་གནོད་འཚེ་སྤང་དགོས་གསུངས་པ་དང་གཅིག བསྟན་པའི་ལས་ནི་སྙིང་རྗེའི་གཞི་རྩ་འཛིན་དགོས་གསུངས་པ་དང་གཉིས། གཤེན་རབས་མི་བོས་ཞལ་ནས། “གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། དེ་ནི་ལོག་པ་ཡིན་པས་བྱ་མི་རུང་ངོ།” ཞེས་གསུངས་པ་དང་གསུམ།
ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པའི་གནད་ཀྱིས་ཐ་ན་སྲོག་ཆགས་འབུ་སྲིན་ཕྲ་མོ་ཡན་ཆད་ཕ་མ་ལྟ་བུར་འདུ་ཤེས་འཛིན་ཏེ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བྱ་དགོས་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱིས་འགྲོ་བ་སེམས་ཅན་གྱི་སྲོག་ལ་འཚེ་བའི་དམར་མཆོད་ག་ལ་བྱེད་ཆོག་སྟེ་མི་ཆོག་པ་ནང་པ་ཐམས་ཅད་ཀྱི་ལུགས་སྤྱི་མཚུངས་སུ་ཡིན།
ཡང་ཁྱེད་ཅག་གིས་འོ་ན་གསང་སྔགས་ཀྱི་བོན་གཞུང་རྣམས་སུ། “ཤ་ཁྲག་དམར་གྱི་མཆོད་པ་འབུལ།” ཞེས་གསུངས་ཡོད་པའི་དོན་ཅི་ཡིན་ཞེ་ན། དེ་ནི་བོན་ལུགས་ལ་ཤ་ཁྲག་གི་དམར་མཆོད་འབུལ་བའི་དོན་དང་འབུལ་ཆོག་པའི་དོན་མ་ཡིན་ཏེ། ཤ་ཁྲག་གི་མཆོད་པ་ཟེར་བ་ཙམ་གྱིས་དམར་མཆོད་དུ་མི་འགྲོ་སྟེ། དམར་མཆོད་ཟེར་བ་ནི་ཆེད་དུ་དམིགས་སྟེ་སེམས་ཅན་གྱི་སྲོག་བཅད་ནས་དེའི་ཤ་ཁྲག་མཆོད་པ་འབུལ་བ་དང་གསུར་གཏོང་བ་ལ་ཟེར་བཞིན་ཡོད་ལ།
འདིར་”ཤ་ཁྲག་དམར་གྱི་མཆོད་པ་འབུལ།” ཞེས་པ་ནི་བོན་གསང་སྔགས་ཀྱི་ལུགས་ལ་གོ་དགོས་སྟེ། དེའི་ལུགས་ལ་དུག་གསུམ་གྱི་རྩ་བ་གཅོད་ཕྱིར་དམ་རྫས་ལ་ཤ་ཁྲག་རུས་གསུམ་དགོས་ཏེ། གཏི་མུག་གི་རྩ་བ་གཅོད་ཕྱིར་ཤ་དང་། འདོད་ཆགས་ཀྱི་རྩ་བ་གཅོད་ཕྱིར་ཁྲག ཞེ་སྡང་གི་རྩ་བ་གཅོད་ཕྱིར་རུས་པ་དགོས་ཀྱང་། དེ་ལྟ་བུའི་དམ་རྫས་ཤ་ཁྲག་རུས་གསུམ་དེ་ཡང་སྟོན་པ་གཤེན་རབས་ཀྱིས། “སེམས་ཅན་གྱི་སྲོག་མ་བཅད་པའི་ཤ་སྣ་དང་ཁྲག་སྣ་དགོས།” ཞེས་དམིགས་སུ་བཀར་ཏེ་གསུངས་ཡོད་པ་དེ་ལྟར་དུ་རེད་ཅེས་ཞུས་པ་ཡིན།
མདོར་བསྡུས་ཏེ་ཞུས་ན་གཤེན་རབས་བོན་ལུགས་ལབ་ན་གཡུང་དྲུང་བོན་ལུགས་ལ་དམར་མཆོད་མི་ཆོག་པ་དང་དམར་མཆོད་མི་གནང་བ་དངོས་ཡོད་ཡིན་པ་བོན་གཞུང་ཁག་ལ་ཞིབ་འཇུག་བྱས་དང་མཁྱེན་ངེས་ཤིག་རེད། དེ་མིན་གདོད་མའི་ཡུལ་ལུགས་དེ་དག་བོན་ལུགས་སུ་བཞག་ན་ཅུང་མི་འོས་པར་སེམས་ཏེ་ཐུགས་ཡངས་དག་པས་དགོངས་གནང་མཛོད་ཅེས་ཀྱང་ཞུ་རྒྱུ་ཡིན།
རྫོགས་ཆེན་ལ་ཡང་སྤངས་བྱའི་ཕྱོགས་ནས་བདག་གཉིས་ལས་གཞན་ཞིག་སྲིད་དམ། སྤྱིར་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་ནི། དོན་གཅིག་ན་ཡང་མ་རྨོངས་དང་༎ཐབས་མང་དཀའ་བ་མེད་པ་དང་༎དབང་པོ་རྣོན་པོའི་དབང་བྱས་ནས་སོགས་གསུངས་ཡོད་པ་ལྟར་རྫོགས་ཆེན་ལ་ཡང་མདོ་ལས་ཁྱད་པར་འཕགས་ཚུལ་དེ་ཚོ་སྦྱར་ནས་བཤད་ལོས་ཡོད་ཀྱང་ལྟ་བ་མཐར་ཐུག་མ་ཡིན་ཞེས་བརྗོད་དུས་སྤངས་བྱ་གཞན་ཞིག་ལྷག་ཡོད་དགོས་པ་འདྲ་བས་བདག་གཉིས་མ་ཡིན་པའི་སྤངས་བྱ་གཞན་ག་རེ་ཡོད་པ་ཡིན་ནམ།
གཞན་མཁྱེན་ཡངས་དྲ་གྲོགས་ཨ་ནུ་ཐང་བསོད་ནམས་ཟེར་བའི་ཞལ་ནས། “བོན་དཀར་ནག་ཅེས་ན་ཕྱོགས་ རིས་བའི་སྐད་ཆ་ཡིན་པ་རྟོགས་སླ་སྟེ། བན་དྷེ་ཚོས་འབོད་པའི་ཐ་སྙད་ཅིག་རེད། རང་དང་མཐུན་ན་དཀར་པོ་དང་མ་མཐུན་ན་ནག་པོ་ཟེར་ན་གནས་ལུགས་དང་མི་མཐུན་པ་ནི་བདེན་དུ་འཁུམས།” ཞེས་གསུངས་པ་ནི་དོན་ལྡན་གཟུར་གནས་ཀྱི་གཏམ་ཞིག་ཏུ་འཁུམས་པར་འདོད།
དེ་ཡང་བོན་ལུགས་ལ་བསྟོད་འདུག་ཞུས་པ་མིན་ཏེ། དཔེར་ན་བན་ལུགས་འཛིན་པ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་<>ཟི་ཁྲོན་མི་རིགས་དཔེ་སྐྲུན་པ་དེར་གཟིགས་དང་། ཆོས་ལུགས་ལ་ཁ་དོག་གིས་མིང་འདོགས་པ་དང་། ལྷག་དོན་དུ་བོན་ལུགས་ལ་ནག་པོའི་ཆོས་ལུགས་སམ་ཆོས་ལུགས་ནག་པོ་(རྒྱ་སྐད་དུ་ཧེ་ཀྱོ།)ཞེས་ལབ་པ་སོགས་ནི་ཤིན་ཏུ་ནས་མི་རུང་སྟེ། མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པས་ཀུན་གྱིས་མི་རུང་ངོ་ཞེས་གསུངས་པ་སོགས་ལ་ཡང་ཐུགས་བསམ་རེ་གནང་གལ་ཆེ་བར་སྙམ།
ཁ་ཏོག་གི་ཆ་ནས་མིང་འདོགས་འདོད་ན་བོན་ལུགས་ན་སྔོན་པོའི་ཆོས་ལུགས་བཏགས་ན་ཏག་ཏག་རེད། བོན་གྱི་གྲྭ་བ་ཚོས་སྟོད་འགག་སྔོན་པོ་གྱོན་པས་སོ༎དེ་ལ་སྐྱོན་ཅི་འདུག
དགོངས་དག གོང་གི་མཆན་ལ་ཁ་སྣོན་ཞིག་འབུལ་རྒྱུར།
ཚེ་ཏན་ཞབས་དྲུང་གི་གསུངས་རྩོམ་༼དཔྱད་རྩོམ་མཁོ་བསྡུས་༽ཟེར་བ་དེ་རེད།
མཁྱེན་ཡངས་སྤོབས་པ་ལགས། “བོན་གོས་སྔོན་ཅན་”ཞེས་བོན་འབྲེལ་གྱི་རྒྱལ་རབས་ཁག་དང་། “འདུལ་གོས་སྔོ་དམར་སེར་གསུམ་”ཞེས་ཀྱང་བོན་གྱི་འདུལ་བའི་གཞུང་ཁག་ན་གསལ་ཡོད་པ་ཙམ་ལས། “བོན་ལུགས་ན་སྔོན་པོའི་ཆོས་ལུགས་བཏགས་ན་ཏག་ཏག་”ཡིན་མིན་དེ་ཁྱེད་ཀྱི་དགོངས་ཚུལ་ཙམ་རེད། འདོགས་འདོད་ན་གོས་ལ་ལྟོས་ཏེ་བཏགས་ན་འགལ་བ་ཆེར་མི་འབྱུང་བར་སྙམ།
1. མང་ར་བ་གཡང་རྒྱལ་འབུམ་ལགས། ཁྱེད་ནས་གུས་པ་ལ་སྟོད་མིང་ཅན་ལ་བསྟོད་པའི་ཚིག་གིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། མ་ཟད་ཁྱེད་ཀྱིས་ཁོ་བོར་བོད་བློན་གྲགས་ཅན་ངམ་ར་སྟག་ར་འམ་ངམ་སྟག་ར་ཀླུ་གོང་གཉིས་པ་ཞེས་པ་སོགས་ཀྱིས་བསྟོད་པ་གནང་བར་དེ་བས་ཀྱང་ཐུགས་རྗེ་ཆེ།
སྤོབས་པ་མཐའ་ཡས་ལགས།
།རྫོགས་པ་ཆེན་པོའི་ལུགས་ལ་མདོ་མཚན་ཉིད་ཐེག་པའི་ལུགས་ལྟར་ཉོན་མོངས་དུག་ལྔ་ལས་སོགས་ལ་སྤང་བྱ་ཞེས་ཐ་སྙད་མི་འདོགས། དེ་དག་ལ་གྲོལ་བྱ་ཞེས་ཐ་སྙད་འདོགས་སྲོལ་འདུག བོན་ལུགས་ལ།
སྤངས་བསྒྱུར་གྲོལ་གསུམ་གྱི་ལམ་ཞེས་ཕྱི་མཚན་ཉིད་ཐེག་པའི་སྐབས་སུ་སྤང་བྱ་དང་སྤང་ལམ་ཞེས་དང༌། ནང་གསང་སྔགས་ཐེག་པའི་ལུགས་ལ་བསྒྱུར་བྱ་དང་བསྒྱུར་ལམ་ཞེས་དང༌། གསང་རྒྱུད་རྫོགས་པ་ཆེན་པོའི་ལུགས་ལ་གྲོལ་བྱ་དང་གྲོལ་ལམ་ཞེས་བརྗོད་སྲོལ་ཡོད་འདུག
དེས་ན་སྤང་བྱ་ཞེས་ཐ་སྙད་མི་འདོག
༼རྫོགས་ཆེན་ལ་ཡང་སྤངས་བྱའི་ཕྱོགས་ནས་བདག་གཉིས་ལས་གཞན་ཞིག་སྲིད་དམ། སྤྱིར་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་ནི། དོན་གཅིག་ན་ཡང་མ་རྨོངས་དང་༎ཐབས་མང་དཀའ་བ་མེད་པ་དང་༎དབང་པོ་རྣོན་པོའི་དབང་བྱས་ནས་སོགས་གསུངས་ཡོད་པ་ལྟར་རྫོགས་ཆེན་ལ་ཡང་མདོ་ལས་ཁྱད་པར་འཕགས་ཚུལ་དེ་ཚོ་སྦྱར་ནས་བཤད་ལོས་ཡོད་ཀྱང་ལྟ་བ་མཐར་ཐུག་མ་ཡིན་ཞེས་བརྗོད་དུས་སྤངས་བྱ་གཞན་ཞིག་ལྷག་ཡོད་དགོས་པ་འདྲ་བས་བདག་གཉིས་མ་ཡིན་པའི་སྤངས་བྱ་གཞན་ག་རེ་ཡོད་པ་ཡིན་ནམ།༽
བོན་ལུགས་ལ་བདག་གཉིས་སྤང་བྱར་ནམ་ཡང་མི་འདོད་ཅིང༌། སྤང་བྱ་ཡིན་ན་ཡོད་པས་ཁྱབ་པར་འདོད། བདག་གཉིས་ནི་རྣམ་པ་ཀུན་ཏུ་མེད་པ་སྟེ། མདོ་ལས། ང་དང་བདག་ཏུ་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཡོད། གཅིག་བྱས་ན་ཁྱེད་ཀྱིས་ཡིག་ནོར་ཡིན་སྲིད་བདག་གཉིས་འཛིན་པའི་བློ་ལ་བཤད་ཀྱི་ཡོད་མདོག་ཁ་བོ་རེད།་ གལ་ཏེ་བདག་འཛིན་གཉིས་ལ་བཤད་ཀྱི་ཡོད་ན་ནི། སེམས་ཕྱོགས་ལུགས་ཀྱི་ལྟ་བ་དེ་ནི་འོག་མ་ཕྱི་མཚན་ཉིད་ཐེག་པའི་ལྟ་བ་ལས་ཁྱད་པར་དུ་འཕགས་ཚུལ་མང་པོ་ཞིག་ཡོད་པ་སྟེ།
ལྟ་བ་མཐའ་བྲལ་འདི་དང་མཐུན་མོད་ཀྱང་། ཟད་ཤོར་འཆལ་ཆད་སྐྱོན་བཞིས་གོས་པར་འདོད། ཅེས་གསུངས་སོ།
༼བོན་གྱི་བདག་དང་གང་ཟག་གི་བདག་གཉིས་ཀས་སྟོང་པ་དེ་ལྟ་བ་མཐར་ཐུག་མིན་ཟེར་དུས་ཡག་པོ་ཞིག་གོ་མ་བྱུང་། བོན་གྱི་བདག་དང་གང་ཟག་གི་བདག་གཉིས་ཀ་སྤངས་པའི་ཤུལ་ན་སྤང་བྱ་གཞན་ག་རེ་ལྷག་ཡོད་པ་རེད། དེ་ལྟ་བ་མཐར་ཐུག་ཡིན་པར་ཐལ། སྤང་བྱ་མ་ལུས་པ་སྤངས་བའི་ཕྱིར། བོན་ལུགས་ལ་བདག་གསུམ་ཙམ་ཡོད་པ་མིན་ན་དེས་འགྲིགས་དགོས་པ་འདྲ།༽
ཁྱེད་རང་ཆོས་རྒྱུད་གང་དུ་གཏོགས་མིན་གསུང་ཐུབ་ན་ཡག་པོ་འདུག ཁྱེད་རང་གི་ཆོས་རྒྱུད་ཀྱི་ལུགས་ལ་བདག་གཉིས་སྤང་བྱར་འདོད་ཀྱི་ཡོད་དམ།
དེ་འདྲ་ཞིག་བོད་རྒྱུད་ནང་བསྟན་གྱི་ཆོས་རྒྱུད་གང་གིས་ཀྱང་བཞེད་པ་མ་མཐོང༌།
བོན་གྱི་ལུགས་ལ་བདག་གསུམ་ཕར་བཞག་བདག་ཅེས་གཞི་མ་གྲུབ་པར་འདོད་དོ།
བོན་ཐམས་ཅད་བདག་གིས་སྟོང་པར་འདོད་དུས། ད་བདག་ཞིག་ག་བར་གནས་ས་ཡོད་དམ།
གོང་དུ་ལུང་ཞིག་དྲངས་ཡོད། མཐའ་བཞི་དང་རྟག་ཆད་ཀྱི་མཐའ་བྲལ་ཚུལ་སོགས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་འདོད་ཚུལ་དང་མཐུན་མོད། རྫོགས་པ་ཆེན་པོའི་ལུགས་ལའང་མཐའ་བཞི་བྲལ་ཚུལ་ཞིག་ཡོད་པས་དེ་ནི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པས་འདོད་མི་ནུས་སོ།
ལ་སྟོད་བུ་སོགས་ཀྱིས་བོན་ལ་བོན་དཀར་དང་བོན་ནག་མེད་ཚུལ་ནན་གྱིས་གསུངས་ཤིང་། བོན་ལ་བོན་གསར་རྙིང་གི་དབྱེ་བ་ཙམ་མ་གཏོགས་དེ་ལས་གཞན་པའི་དབྱེ་བ་ཡང་མེད་ཅེས་ཁ་ཚོན་བཅད་ནས་གསུངས་ཀྱང་། བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་རེབ་གོང་དྲ་བའི་སྟེང་དུ་བྲིས་པའི་རྩོམ་ཡིག་ནང་དུ་དེ་འདྲ་ཞིག་འདུག་པས་དཔྱད་རོགས།
“ཕྱ་རྗེ་དང་དམུ་རྗེ་གཉིས་ཕ་མ་གཅིག་པའི་སྤུན་ཡིན་པ་གོང་དུ་བཤད་པ་ལྟར་རོ། བོད་ཀྱི་རུས་རྒྱུད་ཀྱང༌། དཔྲ་སྟོན་སོགས་ཀྱིས་མཁས་པ་ སྔ་མའི་གསུང་རྒྱུན་ལྟར། དཔྲ་དང༌། འབྲུ་དང༌། སྒ་དང༌། ལྡོང་དང༌། སྒོ་དང༌། དཔའ་བདའ་རྣམས་ཡོད་ཅེས་བཤད་པ་དང་བོད་མི་ཁྲི་དོ་ཆེན་པོ་དྲུག་བྱ་བ་ལ་བུ་དྲུག་བྱུང་བ་ནི། དཔྲ་འབྲུ་ལྡོང་གསུམ་སྒ་དང་བཞི། ནུ་བོ་དཔའ་བདའ་གཉིས་དང་དྲུག ཅེས་བཤད་ཚུལ་ཕལ་ཆེར་མཐུན་ལ་ལོ་རྒྱུས་ཀྱི་ཡི་གེ་མང་བོར་གསལ་བས་འདིར་མང་དུ་དོགས། དེས་ན་བོད་མི་རིགས་ཀྱི་རིག་གནས་གསར་གཏོད་བྱེད་མཁན་ཏེ་བློ་གྲོས་ཅན་གྱི་ཐོག་མ་སུ་ཡིན་ཞེ་ན། གྲུབ་མཐའི་ཕྱོགས་འཛིན་གྱི་དབང་དུ་མ་སོང༌། རང་ཉིད་གང་ལ་དགའ་བའི་ཕྱོགས་སུ་མ་ལྷུང་བར་དྲང་བོར་དཔྱད་ན། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་ཡིན། འོ་ན་སྟོན་པ་གཤེན་རབ་མ་བྱོན་གོང་དུ་བོད་ན་བོན་པོ་ཡོད་ཨེ་ཡོད་ཅེ་ན་ཡོད་དེ་གདོད་མའི་བོན་ཞེས་བརྗོད་པ་དེ་ཡོད་ཀྱང་གྲུབ་མཐའི་གཞུང་ལུགས་མེད། ཡང་དག་པའི་བོན་མིན། དེ་ཕྱིར་སྟོན་པ་གཤེན་རབ་ཀྱི་བོན་ལ་གཡུང་དྲུང་གི་བོན་ཞེས་བརྗོད་ལ། སངས་རྒྱས་ཀྱི་བསྟན་པ་དང་དོན་གཅིག་པས་ན་སངས་རྒྱས་ཀྱི་བསྟན་པའི་ཐོག་མ་ཡིན། དེ་ཡང་དཔེར་ན་རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌། ཆོས་ཡོད་ཀྱང༌། ཕྱི་རོལ་བའི་ཆོས་ཡིན་པས་ཡང་དག་པར་མི་འདོད། དེ་ཕྱིར་ཐུབ་པའི་ཆོས་ལ་དམ་པའི་ཆོས་ཞེས་བརྗོད་པ་ལྟ་བུའོ། དེས་ན་སྟོན་པ་གཤེན་རབ་ཀྱིས་ཞང་བོད་དུ་རིག་པའི་གནས་ཆེན་པོའི་གཞུང་ལུགས་གསར་གཏོད་གནང་བ་ནི།་་་་་་་་་་་་་་་་་་་་”
གོང་གི་རྩོམ་ཡིག་དེ་ནས་བོན་གསར་རྙིང་ལས་གཞན་པའི་བོན་གྱི་དབྱེ་བ་ཡོད་ཚུལ་དང་། གཅིག་ཡང་དག་མིན་ཅིང་གཅིག་ཤོས་ཡང་དག་ཡིན་ཚུལ་གསུངས་པས། བོན་དཀར་ནག་ཅེས་པའི་དོན་དང་གཅིག་པ་གཅིག་རྐྱང་རེད་མ་སོང་ངམ། རེད་སོང་ན་བོན་དཀར་ནག་ཅེས་པ་བོན་ལ་མ་གྲགས་པའི་ཐ་སྙད་དང་། དེ་བན་དྷེས་བཏགས་པ་ཡིན་ཞེས་པའི་རྫུན་མཚང་མ་བརྡོལ་ལམ།
(འཇམ་རྒྱལ་ནས།)
༼བོན་ནག་པོ་ནི་བདུད་རེད་ར་སོགས་གསད་ནས་དམར་མཆོད་འབུལ་བའི་ཕྱིར། འོན་ཀྱང་ད་ལྟ་བོད་ནང་ཧ་ལམ་མེད་པ་ཆགས་ཡོད་།༽
ར་སོགས་གསད་ནས་དམར་མཆོད་འབུལ་ན་བདུད་ཡིན་པས་ཁྱབ་པར་ཐལ།
འདོད་ན། ར་སོགས་མ་ཧེའི་མགོ་ལ་སྟ་རེ་རྒྱབ་སྟེ་གསད་ནས་དམར་མཆོད་འབུལ་མཁན་གྱི་ཧིན་དྷུ་བ་ཡིན་པར་གྱུར་བའི་རོང་པ་སྣ་རིང་སྐུ་ལུས་སྐམ་ཤོས་དེ་བོན་ཅན། བདུད་ཡིན་པར་ཐལ། ར་གསད་ནས་དམར་མཆོད་འབུལ་བའི་ཕྱིར། ཁྱབ་པ་ཁས་བླངས་ཀྱིས་གྲུབ། རྟགས་ཚད་མས་གྲུབ་པའི་ཕྱིར།
འདོད་ན། དེ་འདྲའི་ཧིན་དྷུ་བ་དེ་བོན་ཅན་ཁ྄ྱོད་མི་མ་ཡིན་པར་ཐལ། བདུད་ཡིན་པའི་ཕྱིར།
འདོད་ན། མི་དང་བདུད་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། དེ་དེ་ཡིན་པའི་ཕྱིར།
གལ་ཏེ་གཞི་མཐུན་ཡོད་པར་འདོད་ན། རྒྱ་བོད་ཚིག་མཛོད་1361་ལས་བདུད། མྰར། སེམས་ཅན་ལ་གནོད་འཚེ་དང་དགེ་བ་ལ་བར་ཆད་བྱེད་མཁན། འདོད་ལྷ་རིགས་དྲུག་གི་ནང་གསེས་ཤིག ཏུ་བཤད་པ་གང་ཞིག་དོན་ལའང་དེ་ལ྄ྟར་གནས་པའི་ཕ྄ྱིར། གལ་ཏེ་དེ་མི་འདོད་ཟེར་ན་མ་གཏོགས་གཞན་བཤད་རྒྱུ་ཟད་དོ།
༼སངས་རྒྱས་ཀྱི་ཆོས་ལུགས་ལ་མིང་དང་ཐ་སྙད་བཟོ་བཅོས་འདྲ་ཆགས་པོ་ཞིག་བརྒྱབསཏེ་བཏགས་པ་་དེ་ལ་བོན་དཀར་ཟེར་དོན་དུ་སངས་རྒྱས་ཀྱི་ཆོས་ལ་ལད་ཟློས་བྱས་པ་ཞིག་ཡིན་པའི་ཕྱིར་། ང་ཚོ་རྩོད་གཞི་གི་བོན་དེ་འདི་ཡིན་པ་འདྲ་ འོ་ད་བན་བོན་གཉིས་ཆུ་དང་འོ་མ་བཞིན་གཅིག་པ་རེད་བཞག་ རྩོད་གཞི་མི་འདུག་ གཏམ་བཟང་རེད་ བདེ་མོ་བྱོས་ བཀྲ་ཤིས་བདེ་ལེགས་༽
ཆོས་ལ་བོན་ཞེས་བཅོས་པ་མ་ཡིན་པར་ཐལ། བོན་ལ་ཆོས་ཞེས་བཅོས་པའི་ཕྱིར། དེ་བཅོས་ཏེ། ཆོས་ཞེས་པ་ནི་བོད་སྐད་དུ་འཆོས་པའི་སྐུལ་ཚིག་གང་ཞིག་འཆོས་ཞེས་པ་ནི་གསར་དུ་བཟོ་བ་ལས་སོགས་བཅོས་བསྒྱུར་བྱེད་པར་གོ་བའི་ཕྱིར།
བོན་ཞེས་པར་འཆོས་དང་བཅོས་ལད་ཟློས་ལས་སོགས་ཀྱི་གོ་དོན་གང་ཡང་མེད་པའི་ཕྱིར གཏམ་བཟང་མི་འདུག་བསྙོན་འདིང་གི་འདུག བོད་དུ་བོན་ཞེས་པ་འདི་དང་ཆོས་ཞེས་པ་འདི་གཉིས་གང་ས྄ྔ་མིན་བཤད་དགོས་ཚེ་བོན་ཞེས་པ་ས྄ྔ་བར་བ྄ྱུང་བ་ས྄ྟེ། དཔེར་ན། ས་བོན་ལས་སོགས་བཞིན་ནོ། བན་དེ་ར྄ྣམ་ཀ྄ྱིས་ས་བོན་ཞེས་པ་ས་ཆོས་ཞེས་སུ་བཅོས་བས྄ྒ྄ྱུར་མ་བ྄ྱས་པ་འདི་ནི་དན་ར྄ྟགས་ཞིག་ཏུ་ག྄ྱུར་འདུག
བདེ་མོ་བྱས་ནས་མི་བཞུགས་པར་རྟགས་བསལ་ལ་ལན་འདེབས་རོགས་གནང༌།
ལ་སྟོད་བུ་ལགས།
༡ ད་ལྟ་ཕྲན་ས་གཞན་ཞིག་ན་ཡོད་པས་གྲུབ་མཐའི་ཕྱག་གང་ཡང་མེད་མོད། ངས་ཉིད་ཀྱིས་གསུངས་བའི”གང་ལྟར་འཁོར་འདས་ཀྱི་བོན་ཐམས་ཅད་དང༌། བདེན་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་བོན་གྱི་བདག་དང་གང་ཟག་གི་བད་གཉིས་ཀྱིས་སྟོང་ཞིང་རྟེན་འབྲེལ་དུ་གྲུབ་པ་ཞིག་ལ་འདོད།” མཐོང་ཚེ་ཀླུ་སྒྲུབ་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཀུན་ནས་མཐུན་བའི་བསམ་བློ་ཞིག་ངང་གི་འཁོར་ཞིང་ཁྱད་པར་དེ་ཙམ་མ་མཐོང་། ཉིད་ཀྱིས་དགོངས་ན་དབུ་མ་ཐལ་འགྱུར་བ་དང་དེ་གཉིས་ཁྱད་པ་འདྲ་ཅི་ཞིག་འདུག་གམ། དབུ་མ་ཐལ་འགྱུར་བས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟེན་ནས་འབྲེལ་བས་བྱུང་ཞིང་འབྱུང་བ་འདོད། བདག་མེད་གཉིས་དེ་ལྟར་འདོད་ཅིང་རིག་པས་སྒྲུབ།
༢ ཉིད་ཀྱིས “བོན་ལུགས་ལ་བདག་གཉིས་སྤང་བྱར་ནམ་ཡང་མི་འདོད་ཅིང༌། སྤང་བྱ་ཡིན་ན་ཡོད་པས་ཁྱབ་པར་འདོད། བདག་གཉིས་ནི་རྣམ་པ་ཀུན་ཏུ་མེད་པ་སྟེ། མདོ་ལས། ང་དང་བདག་ཏུ་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཡོད།” བདེན་ཏེ་དོན་དམ་གྱི་ངོ་བོར་བདག་གཉིས་མེད་པས་སྤངས་དུ་མེད་ཀྱང་ཀུན་རྫོབ་ཀྱི་ངོ་བོ་སྟེ། མིའམ་སེམས་ཅན་གྱི་ངོ་བོར་བདག་འཛིན་གྱི་བློ་སྐྱེས་ཤིང་དེས་འཁོར་བ་འཁྲིད་པས། བདག་འཛིན་བློ་དེ་མ་རིག་པ་ཡིན་ཞིང་དེ་སྤངས་དགོས་བ་མ་ཡིན་ནམ། མདོར་ན་བདག་གཉིས་དོན་དམ་དུ་མེད་ཀྱང་གང་ཟག་གི་རྒྱུད་ལ་བདག་འཛིན་ལྷན་སྐྱེས་ཀྱི་བློ་དེ་ཡོད་པས་དེ་གཉིས་སྤངས་དགོས་བ་མ་ཡིན་ནམ། དེ་ལྟར་མིན་ན་བདག་གཉིས་མེད་པས་སྤངས་བྱ་དང་ལེན་བྱ། སྦྱང་བྱ་གང་ཡང་མེད་པར་འགྱུར་བའི་སྐྱོན་མི་འབྱུང་ངམ།
གཡུ་འབྲུག་དཀར་པོ་ལགས།
བོན་ལ་མི་འདྲ་བ་གཉིས་མ་ཟད་བརྒྱ་ཕྲག་སྟོང་ཕྲག་མང་པོར་བཤད་ཆོག་
གོང་གི་དྲྭ་རྒྱ་དེར་བོན་ལ་བོན་དཀར་བོན་ནག་ཅེས་པའི་ཚིག་དེ་འདུག་གམ་མི་འདུག
མི་འདུག་ན་རྡོ་ཆག་བཙན་གྱིས་སྒྲིགས་ཏེ་ཨ་ལོང་ཡང་ལོང་བསྐོར་ཏེ་བསྡོད།
སྤྱིར་བོད་དུ་གཡུང་དྲུང་བོན་མ་བྱུང་བའི་སྔོན་རོལ་དུ་བོད་དུ་བོན་ཞེས་ཡོད་པར་བཤད་པ་ཀུན་གྱིས་མཁྱེན་གསལ་རེད། འོན་ཀྱང་བན་དེ་ཡིས་བོན་ལ་བོན་དཀར་བོན་ནག་ཅེས་བཤད་པ་དེ་ལ་ཟེར་གྱི་ཡོད་རེད།
དེ་གང་ནས་བཤད་འདུག་ཉིན་མ་མང་པོར་ཕྱིན་ནའང་ཁྱེར་རྒྱུ་ནི་མི་འདུག བོན་གཞུང་ལ་གཟིགས་རྒྱུའི་འདུན་པ་ནི་མེད་ བོན་དཔེ་རང་གི་ནང་དུ་ཉར་རྒྱུ་ནི་དེ་བས་ཀྱང་རྣམ་རྟོག་ཟ།
ད་དྲྭ་རྒྱ་དེ་ཚོར་ཡར་ཀློག་མར་ཀློག་གིས་བརྙེད་ཐབས་བྱེད་རྒྱུ་ལས་གཞན་བྱ་ཐབས་ཟད་དོ།
མཁྱེན་ཡངས་དྲ་གྲོགས་གཡུ་འབྲུག་དཀར་པོ་ལགས།
གདོད་མའི་བོན་དེ་བོན་ནག་ལ་ངོས་བཟུང་གནང་ནས་བོན་ནག་ཅེས་པ་ཞིག་ཡོད་རབས་གསུངས་འདུག་ཀྱང་
ཐུབ་པ་མ་བྱོན་གོང་གི་ཆོས་དེ་ཆོས་དེ་ཆོས་ནག་གམ་བན་ནག་ལ་མི་འཇོག་པའི་རྒྱུ་མཚན་གང་ཡིན། ཕྱོགས་འཛིན་ཆགས་སྡང་གིས་ཡིན་ནམ་རྒྱུ་མཚན་མེད་དེ།
གོང་དུ་བོན་བརྒྱ་ཚང་གིས་གསུངས་པ་ལྟར་གདོད་མའི་བོན་དེ་ལ་བརྟག་སྟེ་བོན་ནག་ཡོད་པར་འདོད་ན།
གཤམ་གྱི་ཚིག་དུམ་”དེ་ཡང་དཔེར་ན་རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌། ཆོས་ཡོད་ཀྱང༌། ཕྱི་རོལ་བའི་ཆོས་ཡིན་པས་ཡང་དག་པར་མི་འདོད། དེ་ཕྱིར་ཐུབ་པའི་ཆོས་ལ་དམ་པའི་ཆོས་ཞེས་བརྗོད་པ་ལྟ་བུའོ། དེས་ན་སྟོན་པ་གཤེན་རབ་ཀྱིས་ཞང་བོད་དུ་རིག་པའི་གནས་ཆེན་པོའི་གཞུང་ལུགས་གསར་ གཏོད་གནང་བ་ནི།་་་་་་་་་་་་་་་་་་་་” ཞེས་པ་འདིས་ཆོས་ནག་གམ་བན་ནག་ཡོད་པ་མི་གྲུབ་པའི་རྒྱུ་མཚན་གསུངས་དང་།
སྤྱིར་བོན་བརྒྱ་ཚང་གིས་གསུངས་པ་ནང་བཞིན་སྟོན་པ་གཤེན་རབས་མ་བྱོན་སྔོན་ནས་གདོད་མའི་བོན་ཞེས་པ་ཞིག་ཡོད་ལ་དེ་བོན་ནག་ཡིན་པའི་རྒྱུ་མཚན་བོན་གཞུང་བཀའ་དང་བཀའ་བརྟེན་གང་དུ་ཡང་མ་གྲུབ་པས་ཁས་ལེན་ཐུབ་མེད། མདོར་ན་གཡུང་དྲུང་བོན་ལུགས་ལ་དཀར་ནག་ཅིག་མེད་པ་ཁྱོད་ཀྱིས་ཤུགས་ལ་ཞལ་བཞེས་གནང་འདུག་པ་ཁྱོད་རང་བསྐལ་བ་དང་ལྡན་པར་འཁུམས་སོ།
ཨ་ནུ་ཐང་བསོད་ནམས་ལགས།
ཡིན་དང་ཡིན་ཀླུ་གྲུབ་ཀྱིས་གསུངས་པའི་དབུ་མའི་ལུགས་ཀྱི་བདེན་གཉིས་འདོད་ཚུལ་དང་བོན་གྱི་དབུ་མའི་ལུགས་ཀྱི་བདེན་གཉིས་འདོད་ཚུལ་ཕལ་ཆེར་འདྲ་མཚུངས་རེད།
འོན་ཀྱང་སྒོ་ཀུན་ནས་འདྲ་བོ་མེད། གཙོ་བོ་བོན་བདག་གིས་སྟོང་པར་འདོད་ཚུལ་ལ་མི་མཐུན་པ་གང་ཡང་མེད་སྙམས།
ཨ་ཡ་མཚན་པར།
ཐེག་ཆེན་དབུ་མའི་ལུགས་ལ་བདག་གཉིས་ཡོད་པར་འདོད་མཁན་དྲྭ་རྒྱ་འདིར་མི་གཉིས་ཙམ་བྱུང་སོང༌། བདག་དང་བདག་འཛིན་གཉིས་ལ་ཁྱད་པར་ཡོད་དམ་མེད།
བདག་གིས་ཁམས་གསུམ་དུ་ཁ་འཁོར་རྒྱུད་དྲུག་ཏུ་ལུས་ལེན་པར་ག་ལ་བྱེད།
བོན་ལུགས་སུ་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་བདག་གཉིས་ནི་རི་བོང་རྭ་དང་ཁྱད་པར་སྤུ་ཙམ་མེད་པར་འདོད།
བདག་འཛིན་གྱི་དབང་གིས་ང་ཚོ་ཐམས་ཆད་ཁམས་གསུམ་དུ་ཁ་འཁོར་རྒྱུད་དྲུག་ཏུ་ལུས་བླངས་པ་མ་གཏོགས་བདག་གིས་བྱེད་པ་གང་ཡང་མ་ཡིན་ནོ། ལམ་གྱི་དགག་བྱའམ་སྤང་བྱ་ཡིན་ན་ཡོད་པས་ཁྱབ།་ རིགས་པའི་དགག་བྱ་ཡིན་ན་མེད་པས་ཁྱབ་པར་འདོད་ཀྱི་ཡོད། དཔེར་ན། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་སྒྲུབ་བྱེད་རིགས་པའི་རྟགས་ཀྱི་དགག་བྱ་ནི་སྒྲ་རྟག་པ་བཞིན་ནོ། ད་བྱེད་དུས་—-བདག་གཉིས་མེད་པར་རྟོགས་པའི་ཤེས་རབ་མེད་པར་ཐལ། བདག་གཉིས་ཡོད་པའི་ཕྱིར། གཞན་ཡང་བདག་གཉིས་ཡོད་ན། རིམ་བཞིན། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་མེད་པར་ཐལ། གང་ཟག་གི་བདག་ཡོད་པའི་ཕྱིར། ཁྱོད་ཡོད་ན་ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡོད་དགོས་པ་དང༌། ཁྱོད་མེད་ན་ཁྱོད་མེད་པར་རྟོིགས་པའི་ཚད་མ་ཡོད་དགོས་པ་ནི་རིགས་པ་སྨྲ་བ་རྣམས་ཀྱི་བཞེད་པ་སྤྱི་མཐུན་ཡིན་པའི་ཕྱིར། དེ་བཞིན་བོན་ནམ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་མེད་པར་ཐལ། བོན་ནམ་ཆོས་ཀྱི་བདག་ཡོད་པའི་ཕྱིར། གོང་ལྟར་རིགས་འདྲེས་ཆོག་གོ།
གལ་ཏེ་དེ་ལྟར་མེད་པར་འདོད་ན། བདག་མེད་ཐོས་བསམ་གྱིས་སྒོ་ནས་རྟོགས་པའི་ཐོས་འབྱུང་གི་ཤེས་རབ་མེད་དགོས།
དེ་མེད་པས། བདག་མེད་སྒོམ་བྱུང་ངམ་དོན་སྤྱི་གསལ་སྣང་གིས་སྒོ་ནས་རྟོགས་པའི་སྦྱོར་ལམ་གྱི་ཤེས་རབ་མེད་དགོས། དེ་མེད་པས། བདག་མེད་མངོན་སུམ་དུ་གསར་དུ་རྟོགས་པའི་མཐོང་ལམ་གྱི་ཤེས་རབ་མེད་དགོས།
དེ་མེད་པས། བདག་མེད་གོམ་བྱུང་གིས་སྒོ་ནས་རྟོགས་པའི་སྒོམ་ལམ་གྱི་ཤེས་རབ་མེད་དགོས།
དེ་མེད་པས། བདག་མེད་མངོན་སུམ་དུ་གོམས་པ་ཕུལ་དུ་ཕྱིན་པའི་ཤེས་རབ་སྟེ་ཇི་ལྟ་བའི་བོན་ཐམས་ཅད་ལག་མཐིལ་དུ་སྐྱུར་རུ་ར་བཞག་པ་ཇི་བཞིན་མངོན་སུམ་དུ་རྟོགས་པའི་ཤེས་རབ་མེད་དགོས། དེ་མེད་པས་རྣམ་མཁྱེན་མེད་པར་འདོད་དགོས་སོ།
རྟགས་བསལ་བཏང་བར་ཅུང་མ་བདེ་བ་ཞིག་བྱུང་སོང༌། འོན་ཀྱང་ངོས་རང་རྟགས་བསལ་གཏོང་རྒྱུར་དགའ་བོ་ཡོད་པའི་རྐྱེན་ལས། ཁྱེད་རྣམས་ལ་རྩུབ་པོ་བྱེད་པའི་དོན་མ་ཡིན་ནོ།
ཨོ་ཡ། དེ་རིང་ཡང་སྒོ་ཕྱེ་འདུག
སྔོན་འཇམ་མགོན་མི་ཕམ་ཞལ་བཞུགས་པའི་སྐབས་སུ་བོན་པོའི་བླ་མ་ཤར་རྫ་བ་དང་བགྲོ་གླེང་གནང་བའི་ལོ་རྒྱུས་ཤིག་ཡོད། ཤར་རྫ་བ་ཕྱིར་བྱོན་སྐབས་མི་ཕམ་ཞབས་ཐང་གིས་སྐྱེལ་མར་བྱོན་ཚུལ་དང་། མི་ཕམ་རིན་པོ་ཆེས་སྲིད་པ་ཐ་མ་པ་ཟེར་བ་དེ་ཁོང་རེད་ཅེས་སློབ་མ་རྣམས་ལ་གསུངས་ཚུལ་གོ་མྱོང་། མི་ཕམ་གསུང་འབུམ་ནང་དུ་༼སྲིད་པ་འཕྲུལ་གྱི་ཇུ་ཐིག་༽ཟེར་བའི་མོ་ཡིག་ཆེན་མོ་པོད་ཆེན་ཞིག་ཡོད་པ་དེ་ཡང་བོན་ལུགས་རེད་འདུག སྐབས་དེར་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་མི་ཕམ་ལ་ཁྱེད་ཀྱིས་གཞུང་འགྲེལ་རེ་མི་འབྲི་བར་བོན་པོའི་མོ་ཡིག་འདི་འདྲའི་ཅི་བྱེད་ཅེས་གསུངས་འདུག མི་ཕམ་པས་དེ་འདྲ་མ་རེད་ང་བོན་པོའི་བསྟན་པ་འཛིན་པའི་སྐྱེས་བུ་མང་པོའི་སྐྱེ་བ་ལེན་མྱོང་། འདི་ལ་དགོས་པ་རྒྱ་ཆེན་པོ་ཞིག་ཡོད། ངས་བོན་པོའི་གྲུབ་མཐའ་བཟུང་ནས་གཅིག་རྩོད་ན་ད་ལྟ་གངས་རིའི་ཁྲོད་འདིར་ང་ཐུབ་མཁན་གཅིག་ཀྱང་མེད་གསུངས་པ་རེད།
སྔོན་ཆད་བོད་ན་ཡོད་དུས་དགེ་ལུགས་པའི་བླ་མ་ལ་ལས་རྙིང་མ་འདི་བོན་དང་འདྲེས་ཟེར་ནས་བཙོག་པར་བལྟ། དུས་ཕྱིས་སུ་རྒྱ་གར་གྱི་དགེ་ལུགས་པ་མགོ་བདེ་ལ་ལས། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཟེར་བའི་ཚིག་ལ་བརྟེན་ནས་རྙིང་བོན་གཉིས་འགལ་བ་བཟོ་ཨེ་ཐུབ་བལྟས་འདུག གང་ལྟར་ཡང་སྔར་མཁན་སློབ་ཀྱི་སྐུ་དུས་སུ་གཡག་ལུག་གི་སྐེ་གཅོད་མཁན་དེ་ལ་གདོན་གཟུགས་བོན་པོ་ཟེར་གྱི་འདུག དེ་དང་དེང་སང་གི་བོན་གཉིས་ཐ་དད་རེད། དེང་སང་གི་བོན་འདི་ཐ་སྙད་ཙམ་མི་འདྲ་བ་མ་གཏོགས་ནང་པ་རང་ལ་ངོས་འཛིན་བྱས་ཡོད།
པདྨ་བཀའ་ཐང་དུ། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔ ཅེས་དང་། མདོ་འགྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་འགྱུར་ནང་དུ་བཻན་ཙ་ན་བྲིས༔ རྩིས་འགྱུར་ནང་དུ་ཨིན་དྲ་བཻ་རོ་བྲིས༔ བོན་འགྱུར་ནང་དུ་གན་ཅག་ཐང་ཏ་བྲིས༔ ཞེས་གསུངས་པ་དང་རིན་ཆེན་གཏེར་མཛོད་དུ་ཡང་བོན་གཏེར་མང་པོ་ཡོད། མི་ཕམ་གྱིས་མཛད་པའི་གེ་སར་གསོལ་ཁ་གསོལ་ལོ་ཆེན་མོའི་ནང་དུ་ཡང་། བན་བོན་ཡོངས་ཀྱི་རྒྱབ་བརྟེན། ཞེས་གསལ་ཡོད། མདོར་ན་བོན་ཆོས་གཉིས་དགོངས་པ་གཅིག་པར་འདོད་མཁན་ཡིན།
སྔགས་འགྱུར་ནང་དུ་བཻ་རོ་ཙ་ན་བྲིས༔ ནོར་བཅོས།
བོནགྱི་རྫོགས་ཆེན་ལུགས་ལ་བདག་སྤང་མི་སྤང་གི་སྐོར་གྱི་ལན་དེས་འགྲིགས་མ་སོང་། ངས་འདིར་ཉོན་མོང་པ་སྤང་བསྒྱུར་སོགས་གང་ཡིན་འདྲི་གི་མེད། བདག་མེད་ཀྱི་སྐོར་ལ་འདྲིགི་ཡོད། རྫོགས་ཆེན་ཡིན་ཡང་བདག་གཉིས་སྤང་པ་ལས་ལྷག་ཅིག་སྤང་རྒྱུ་མེད་སྟབས་དབུ་མ་ཐལ་འགྱུར་བའི་བཞེད་པ་ལས་ལྷག་པའི་ལྟ་བའི་མཐར་ཐུག་ཅིག་ག་འདྲ་བྱས་ནས་འཇོག་གི་རེད་ཅེས་འདྲི་གི་ཡོད། ཉོན་མོང་པ་གྲོལ་བྱ་རེད་ཅེས་པ་དེ་ཡང་གོ་མ་སོང་། གྲོལ་བྱ་ཉོན་མོངས་དེ་ལྡན་གྱི་གང་ཟག་དེ་ཡིན་པ་མ་གཏོགས་ཉོན་མོངས་གྲོལ་རྒྱུ་འདྲ་ཡོད་དམ། དཔེར་ན་མི་ཞིག་ཐག་པས་བཅིངས་ཡོད་ན་གྲོལ་དགོས་པ་དེ་མི་དེ་ཡིན་པ་མ་གཏོགས་ཐག་པ་དེ་མ་རེད་བ། ཐག་ཁྲ་སྦྲུལ་འཛིན་གྱི་འཇིགས་པ་ལས་གྲོལ་དགོས་ན་སྦྲུལ་དུ་འཛིན་མཁན་གྱི་མི་དེ་འཇིགས་པ་ལས་གྲོལ་དགོས་པ་མགཏོགས་ཐག་ཁྲ་ལ་གྲོལ་རྒྱུ་འདྲ་ག་ལ་ཡོད། ཉོན་མོང་པ་སྤངས་བྱ་དང་། དག་བྱ་དང་། བསྒྱུར་བྱ་རེད་ལབ་ན་གོ་རྒྱུ་འདུག གྲོལ་བྱ་རེད་ཟེར་བ་དེ་ཤེས་མ་སོང་།
ཆོས་ལ་ཆོས་དཀར་དང་ཆོས་ནག་མེད་ཅེས་སུས་ལབ་སོང་། ལྷ་ཆོས་དང་མི་ཆོས་ཞེས་ཡོད་པ་ནང་བཞིན། ལྷ་ཆོས་དང་བདུད་ཆོས་ཞེས་ཀྱང་ཡོད་ཆོག་ལ། དཀར་པོ་དགེ་བའི་ཆོས་དང་། ནག་པོ་སྡིག་པའི་ཆོས་ཞེས་ཀྱང་ཡོད་པར་ཁས་ལེན་ཆོག
དྲ་ཚིགས་འདིར་བོན་ལ་བོན་དཀར་བོན་ནག་གི་དབྱེ་བ་ཡོད་ཚུལ་གསུངས་མཁན་ཚོས། སྤྱིར་བོན་ལ་དེ་འདྲ་ཡོད་མེད་གསུངས་པ་མ་གཏོགས། གཡུང་དྲུང་བོན་ལ་དེ་འདྲ་ཡོད་ཚུལ་གསུངས་མཁན་ནི་ངས་མཐོང་མ་སོང་།
བོན་རྒྱའི་ཚིག་དེར་བོན་དཀར་དང་བོན་ནག་ཅེས་པའི་ཚིག་འདུག་གམ་མིན་འདུག་ཟེར། སྤྱིར་དཀར་ནག་ཅེས་པ་ཡང་དག་ཡིན་མིན་ལ་གོ་བ་བོད་ཀྱི་རིག་གནས་ཀྱི་འགྲོ་སྟངས་མ་རེད་པས། དེས་ན་གདོད་མའི་བོན་ཡང་དག་མིན་པ་དང་གཡུང་དྲུང་བོན་ཡང་དག་ཡིན་པར་གསུངས་པས། དེ་ལ་བོན་དཀར་དང་བོན་ནག་གི་ཐ་སྙད་འདོགས་མི་ཆོག་པ་ག་རེ་འདུག བོན་ལ་བོན་ནག་ཅེས་པ་ཞིག་ཡོད་པར་ཁས་ལེན་ན། གཡུང་དྲུང་བོན་ཡང་ནག་པོར་རེད་འགྲོ་བསམ་ན་ནི། དེ་ནི་ཁྱེད་རང་བུ་སུ་དོག་པའི་སྐྱོན་རང་རེད།
ཡང་ས་བོན་ཞེས་པ་དེ་བན་དེ་བ་ཚོས་ས་ཆོས་ཞེས་མ་བསྒྱུར་བ་ནི་དན་རྟགས་རེད་ཟེར། ག་རེ་གི་དན་རྟགས་རེད། ནང་པ་སངས་རྒྱས་པའི་ཆོས་དེ་བོན་ལས་བསྒྱུར་བ་མ་ཡིན་པའི་དན་རྟགས་རེད་ཟེར་བ་ཡིན་ནམ། དེ་ལས་གཞན་ན་འགྲོ་ས་མིན་འདུག གལ་ཏེ་ས་བོན་ཞེས་པའི་མིང་དེ་ས་ཆོས་ཞེས་ཡོད་པ་ཡིན་ན་བོན་པོ་ཚོས་ས་བོན་ཞེས་བསྒྱུར་ཐག་ཆོད་རེད། དེ་ལྟར་ཡིན་པ་ནི་སངས་རྒྱས་པ་ཚོས་ཆོས་ཞེས་བརྗོད་པའི་ཚིག་ཚང་མ་བོན་པོ་ཚོས་བོན་ཞེས་བརྗོད་པས་ཤེས། གང་ལྟར་ད་ལྟའི་བར་དུ་བསྒྱུར་ཟིན་པ་རྣམས་ལ་ཞུ་རྒྱུ་གང་ཡང་མེད། ད་ནས་བསྒྱུར་རྒྱུ་མཚམས་འཇོག་བྱེད་རོགས། དེ་མིན་ཁྱེད་རྣམས་པས་མིའི་མིང་ལ་ཆོས་མེད་ན་མ་གཏོགས་ཡོད་ཚད་ཚང་མ་བོན་ལ་བསྒྱུར་ཉེན་འདུག དེ་ལྟར་བསྒྱུར་ན་བརྡ་མ་འཕྲོད་པའི་སྐྱོན་ལས་ཕན་པ་གང་ཡང་ཡོང་གི་མ་རེད། དཔེར་ན་ངའི་མིང་ལ་ཆོས་ཀྱི་གྲགས་པ་ཡིན་པ་ལ་ཁྱེད་རྣམ་པས་ཆོས་དེ་བོན་ལ་བསྒྱུར་ནས་བོན་གྱི་གྲགས་པ་ཞེས་བྲིས་ཤིང་ང་ལ་ཡི་གེ་འདྲ་ཞིག་བསྐུར་སོང་བ་ཡིན་ན་ཡི་གེ་དེ་ང་ལ་འཕྲོད་ཀྱི་མ་རེད། དེ་བཞིན་ཁྱེད་རྣམ་པ་བསམ་གྲུབ་ཆོས་གླིང་ཟེར་བའི་ས་ཕྱོགས་ཤིག་ལ་འགྲོ་རྒྱུའི་ལམ་མ་ཤེས་པར་ལམ་རྒྱུས་ཡོད་མཁན་ཞིག་ལ་འདྲི་དགོས་ན། བསམ་གྲུབ་ཆོས་གླིང་དེ་ག་རང་བརྗོད་དགོས་པ་ལས་བསམ་གྲུབ་བོན་གླིང་ཞེས་བརྗོད་ན་ལམ་རྙེད་ཐུབ་ཀྱི་མ་རེད། དེ་ཚོ་ཐུགས་ལ་བཞག་རོགས།
མི་ཕམ་གྱིས་བོན་པོའི་མོ་ཡིག་བྲིས་སྐོར་བཤད་སྐབས་ངས་ཀྱང་འདི་དྲན་བྱུང་། སྔོན་མ་ཉག་རོང་གི་བླ་རྒན་ཞིག་ཡོད། ཁོང་བོན་གྱི་སྤྲུལ་སྐུ་ཞིག་རེད། ཁོང་ཉག་རོང་རྫོང་གི་གོ་གནས་འདྲ་ཞིག་ཀྱང་ཡོད་རེད། ཁོང་གི་དགོན་པ་རུ་བོན་གྱི་བཀའ་བརྟེན་ཟེར་བ་དེ་ཚར་ཆ་ཚང་བ་ཞིག་རིག་གསར་སྐབས་སུ་སྦས་སྐུང་ཐུབ་ཡོད་འདུག དེ་ནི་བོད་གངས་རིའི་ལྗོངས་ལུས་ཡོད་པའི་བཀའ་བརྟེན་གྱི་མ་དཔེ་གཅིག་པོ་དེ་རེད་ཟེར་གྱིན་འདུག མ་དཔེ་དེ་དཔར་སྐྲུན་བྱས་པ་རེད། དཔེ་དེ་གློག་པར་འདེབས་ས་ཁྲིན་ཏུ་རེད། རྙིང་མ་བའི་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་ཟེར་བ་དེས་རོགས་པ་ཧ་ལས་པ་བྱས་སོང་། ངོ་མ་ཁ་གཏོང་མཁན་ཞིག་ཡིན་ན་གཟན་དཀར་སྤྲུལ་སྐུ་ལ་ཡང་ཁ་གཏོང་ངེས་རེད། ཉག་རོང་བ་བོན་གྱི་སྤྲུལ་སྐུ་དེས་ཀྱང་གཟན་དཀར་སྤྲུལ་སྐུ་མིན་ན་བཀའ་བརྟེན་འདི་དཔར་བསྐྲུན་བྱེད་ཐུབ་མེད་ཅེས་གསུང་གིན་འདུག་ཟེར། དེང་སང་རྒྱ་གར་དུ་བོན་གྱི་གྲྭ་བ་ཚོས་བན་དེ་ཟེར་དུས་སྐྱག་པ་ཞིག་གི་ཚོད་དུ་ཡང་མི་འཇོག་པ་དེ་ཡང་དེ་ཙམ་དོན་ལ་གནས་པ་ཞིག་མ་རེད་སྙམ། དཔེ་དེ་ལ་བརྟེན་ནས་དེང་སང་ཐེངས་ཁ་ཤས་ཤིག་པར་དུ་བཏབ་ཡོད་ཚུལ་ཐོས།
མཁྱེན་ཡངས་འཇམ་དཔལ་རྣོན་པོ་ལགས་གསལ་བཤད་ཙམ་ཞུ་ཆོག་པར་གྱིས།
སྤྱིར་ད་ལན་ཁྱེད་ཀྱིས་དགོངས་འཆར་ཡག་པོ་གནང་འདུག་མོད། བན་དེ་སྤྱི་ཡོངས་ནས་འདོད་སྟངས་སམ་ལབ་སྟངས་ཤིག་ལ་ནང་པ་དང་བོན་པོ་ཞེས་འབྱེད་བཞིན་པའི་དོན་ལ་ཅུང་གསལ་བཤད་ཙམ་ཞུས་ན་བསམ།
འདིར་ཁྱེད་ཀྱིས་ཀྱང་”དེང་སང་གི་བོན་འདི་ཐ་སྙད་ཙམ་མི་འདྲ་བ་མ་གཏོགས་ནང་པ་རང་ལ་ངོས་འཛིན་བྱས་ཡོད།”ཅེས་ཚིག་ཤུགས་ལ་བོན་པོ་དེ་ནང་པ་མ་ཡིན་པ་འདྲ་བོ་ཞིག་འདོད་བཞིན་ཡོད་པ་ལ། འདིར་ཁོ་བོས་བོན་པོའི་ལུགས་ལ་ཕྱི་པ་ནང་པའི་ཁྱད་པར་གཙོ་བོར་གང་གིས་བྱེད་ཅེ་ན། སྤྱིར་བོད་ལ་ནང་པའི་བསྟན་པ་སྔ་དར་བོན་དང་། ཕྱི་དར་བན་གཉིས་བྱུང་བའི་སྔོན་མའི་ནང་པའམ་ནང་པ་རྙིང་པ་དེ་བོན་པོ་དང་། རྗེས་མའི་ནང་པའམ་ནང་པ་གསར་པ་བན་དེ་ཞེས་ལོ་རྒྱུས་ཐོག་གཉིས་བྱུང་བའོ།
བོན་ལུགས་ལ་ཕྱི་པ་ནང་པའི་ཁྱད་པར་གཙོ་བོར་སྐྱབས་འགྲོ་ཁྱད་པར་ཅན་ཡོད་མེད་ཀྱི་སྒོ་ནས་འཇོག་སྟེ། ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་ཞིང་། ལྟ་བ་བཀའ་རྟག་གི་ཕྱག་རྒྱ་བཞི་ཁས་ལེན་མཁན་ནང་པ་དང་། དེ་ལས་ལྡོག་སྟེ་ཚངས་པ་དང་། བརྒྱ་བྱིན། དབང་ཕྱུག་སོགས་ལ་སྐྱབས་གནས་མཐར་ཐུག་འཛིན་མཁན་ལ་ཕྱི་རོལ་མུ་སྟེགས་པར་འཇོག་པ་མ་ཟད། རྗེ་མེ་སྟོན་ཆེན་པོའི་ཞལ་ནས། “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད།” ཅེས་གསུངས་པ་ལྟར་ཁྱད་པར་ལྔ་ལྡན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པའི་ཕྱིར་རོ།
དེ་ཡང་ཁྱད་པར་ལྔ་ཡོད་པའི་དང་པོ་སྐྱབས་གནས་ཀྱི་ཁྱད་པར་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མིན། སྟོན་པའི་ཁྱད་པར་རང་གཞན་གྱི་འཇིགས་པ་ཐམས་ཅད་དང་བྲལ་ཏེ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ་ཀུན་ལ་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་མིན། ལྟ་བའི་ཁྱད་པར་བོན་ཐམས་ཅད་བདག་མེད་དུ་རྟོགས་ཐུབ་མིན། སྤྱོད་པའི་ཁྱད་པར་བྱམས་པ་དང་སྙིང་རྗེ་ཆེན་པོའི་སྒོ་ནས་འགྲོ་བ་སེམས་ཅན་ལ་གནོད་འཚེ་སྤང་མིན། འབྲས་བུའི་ཁྱད་པར་ཐོབ་བྱ་མཐར་ཐུག་སྐུ་གསུམ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ཐུབ་མིན་བཅས་ཀྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་སྲོལ་འདི་བོན་གཞུང་ཐམས་ཅད་ཀྱི་དགོངས་པ་གཅིག་མཐུན་ཏུ་གྲུབ་པས། དེ་ལས་ལྷག་པའི་ནང་པ་ཞིག་གི་ཚད་ཇི་ལྟར་འཇོག
གཞན་ནང་པ་ཡིན་ན་སྟོན་པ་བཅོམ་ལྡན་འདས་ཤཀྱ་ཐུབ་པའི་རྗེས་འབྲངས་ཁོ་ན་ཡིན་པས་ཁྱབ་དགོས་ན་དེ་ལུགས་ཀྱི་རྒྱབ་བརྟེན་ལུང་རིག་ཅིག་དགོས་ལ། དེ་ལྟ་བུའི་ལུང་ཞིག་བན་བོན་གང་ན་ཡང་མ་གྲུབ་པས་ཆགས་སྡང་ཁོ་ནའི་གཏམ་དུ་འཁུམས་སོ།
གཡུ་འབྲུག་དཀར་པོ་ལགས།
རླུང་མ་ལངས་ཐུགས་ལྷོད་ལ་བཞུགས་དང་། ༼ ཆོས་ ལ་ཆོས་དཀར་དང་ཆོས་ནག་མེད་ཅེས་སུས་ལབ་སོང་། ལྷ་ཆོས་དང་མི་ཆོས་ཞེས་ཡོད་པ་ནང་བཞིན། ལྷ་ཆོས་དང་བདུད་ཆོས་ཞེས་ཀྱང་ཡོད་ཆོག་ལ། དཀར་པོ་དགེ་བའི་ཆོས་དང་། ནག་པོ་སྡིག་པའི་ཆོས་ཞེས་ཀྱང་ཡོད་པར་ཁས་ལེན་ཆོག ༽ཅེས་པ་ཙམ་ལས་བན་དཀར་དང་བན་ནག་ཅེས་ཁ་ནས་ཐོན་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན། འདི་ཡང་ཆགས་སྡང་ཁོ་ནའི་གཏམ་དུ་ཟད་དོ།
ཁོ་བོས་གོང་དུ་བོན་བརྒྱ་ཚང་གིས་གདོད་མའི་བོན་ཞེས་པ་ཡོད་པར་གསུངས་པ་དེ་ལ་ཁྱོད་ཀྱིས་བརྟག་སྟེ་བོན་ནག་ཅེས་པ་ཡོད་པར་བསྙོན་ན། རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌། ཆོས་ཡོད་པ་དེ་ལ་གདོད་མའི་ཆོས་ཞེས་འདོད་དམ། འདོད་ན་དེ་བན་ནག་མ་ཡིན་པའི་རྒྱུ་མཚན་ཅི་ཞེས་བཀའ་འདྲི་ཞུ་བཞིན་ཡོད།
ཆོས་ནག་ཡིན་ན་བན་ནག་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་ལེན་ཡིན་ན། བན་ནག་ཡོད་པར་ཐལ། ཆོས་ནག་ཡོད་པའི་ཕྱིར། ཞེས་རྟགས་གསལ་གཏོང་རྒྱུ་ཡིན་པས་དགོངས་འཇགས་ཞུ།
ངས་གོང་དུ་བན་ཏིང་ངེ་འཛིན་གྱི་སྐོར་ལ་བསམ་ཚུལ་ཞིག་དྲིས་ཡོད་ཀྱང་གསུང་མཁན་སུ་ཡང་མི་འདུག ད་ཡིན་ན་ཁྲི་དར་མད་ཕུད་ཚར་འདུག ངས་ལ་འབོད་ལུང་འབོད་ཅི་བྱས་ཀྱང་སྟོང་པ་རེད།
ཡ་་་་་་་ད་འོ་ན་ལྟ་བའི་སྐོར་ལ་བགྲོ་གླེང་ཞིག་བྱེད་ཀྱིན་འདུག་པས་དེའི་ནང་དུ་ཨུ་ཚུགས་ཤིག་རྒྱག་རྒྱུ་རེད། རྟགས་བསལ་གཏོང་སྐབས་ཚིག་གི་བརྗོད་སྟངས་ལ་ཅི་བས་སེམས་ཆུང་བྱེད་དགོས་པས་ངས་ཁ་འདིའི་ནང་ནས་འདྲ་མི་འདྲ་ཤོར་འགྲོ་ནའང་ཐང་། ད་ཅི་བྱས་ཀྱང་རྟགས་བསལ་ཞིག་གཏོང་། ཁ་ཅིག་ན་རེ། བདག་གཉིས་མ་ཡིན་པའི་སྤངས་བྱ་མེད་ཅེ་ན། འོ་ན་བདག་འཛིན་བོན་ཅན། སྤངས་བྱ་མ་ཡིན་པར་ཐལ། བདག་གཉིས་མ་ཡིན་པའི་ཕྱིར། མཚམས་མེད་པའི་ལས་བོན་ཅན། སྤངས་བྱ་མ་ཡིན་པར་ཐལ། བདག་གཉིས་མ་ཡིན་པའི་ཕྱིར། ཡ་ད་ལན་རྒྱག་མཁན་མི་འདུག ལན་མ་བརྒྱབ་ན་ངས་ཀྱང་རྟགས་བསལ་གཏོང་ཐབས་མི་འདུག ཡ་་་་་་་་ཁོའི་ཅིག་བཤད་ཀྱིན་འདུག ཨ་་་་་་དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད། ཡ་ད་འོ་ན་ཀུན་རྫོབ་དུ་ཡོད་ན་ཡོད་པའི་མ་ཁྱབ་པར་ཐལ། འདོད་ན་རི་བོང་གི་ར་ཡང་ཀུན་རྫོབ་ཏུ་ཡོད་པར་ཐལ་རིགས་པ་དེ་དང་མཚུངས་པའི་ཕྱིར། བདག་འཛིན་གྱི་བློ་སྤངས་པ་ལ་བདག་སྤངས་ཞེས་བཤད་པའི་གཞུང་ལུགས་ཤིག་ནང་པའི་གྲུབ་མཐའ་སུ་ལ་ཡོད། ཡང་ཁ ཅིག་ན་རེ། བདག་གཉིས་མེད་ན་སྤངས་བྱ་དང་ལེན་བྱ། སྦྱངས་བྱ་སོགས་མེད་པའི་སྐྱོན་འབྱུང་ངོ་ཞེ་ན། འོ་ན་སྤངས་བྱ་དང་ལེན་བྱ་གང་ཡང་མེད་པར་ཐལ། བདག་གཉིས་མེད་པའི་པྱིར། རྟགས་མ་གྲུབ་ན། དེ་མེད་པར་ཐལ་གང་ཟག་གི་བདག་མེད་པ་གང་ཞིག་ཆོས་ཀྱི་བདག་ཡང་མེད་པའི་ཕྱིར། རྟགས་རེ་རེ་ནས་མ་གྲུབ་ན། བདག་གཉིས་རེ་རེ་ནས་མེད་པར་རྟོགས་པའི་འཕགས་པའི་ཡེ་ཤེསདང་དེ་གཉིས་རེ་རེ་ནས་མེད་པའི་རྟོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བོན་ཅན། མེད་པར་ཐལ་དེ་གཉིས་མེད་པར་རྟོགས་རྒྱུ་མེད་པའི་ཕྱིར། འདོད་དོ་ཞེ་ན། འོ་ན་བདག་ཉིས་བོན་ཅན། དོན་དམ་དུ་མེད་པ་མ་ཡིན་པར་ཐལ་དེ་གཉིས་མེད་པར་རྟོགས་པའི་རྣམ་མཁྱེན་མེད་པའི་ཕྱིར། དོན་དམ་དུ་ཡོད་ན་ཡོད་པའི་མ་ཁྱབ་པར་ཐལ། མ་ཁྱབ་པའི་མུ་ཡོད་པའི་ཕྱིར། དེར་ཐལ། བདག་གཉིས་མེད་པ་དེ་དེ་ཡིན་པའི་ཕྱིར། ཁྱབ་པ་དངོས་སུ་གྲུབ། རྟགས་ཁས་བླངས་ཀྱིས་གྲུབ། ཡ་་་་་་་་་་ཕྱིར་ཕྱིར་ཕྱིར་་་་་་་ཡ།
སྤོབས་པ་མཐའ་ཡས་འདིས་ཡང་ཅིག་བཤད་ཡོང་གི་འདུག ད་ནང་དཀྲུགས་མ་བྱས་ན་མི་བཟང་ངམ། ཁྱོད་ཀྱིས་༼དེང་སང་རྒྱ་གར་དུ་བོན་གྱི་གྲྭ་བ་ཚོས་བན་དེ་ཟེར་དུས་སྐྱག་པ་ཞིག་གི་ཚོད་དུ་ཡང་མི་འཇོག་༽ཟེར་བ་ལ་ཁུངས་སྐྱེལ་ཅིག་དགོས་པ་རེད། གཏམ་འདི་འདྲ་ལ་བརྟེན་ནས་མི་མང་པོ་ཞིག་ལ་འདྲོགས་མགོ་སློང་རྒྱུ་ཡིན་པ་གདོན་མི་ཟ། ཕྲན་ལ་མཚོན་ནའང་བན་དྷེའི་གྲྭ་བ་སྤུན་ཉེར་འགྲོ་བ་དང་ཕན་ཚུན་འདྲིས་པོ་ཧ་ཅང་མང་པོ་ཡོད། སྐྱག་པའི་ཚད་དུ་མ་བཞག་པའི་གཏམ་འདི་ཁྱོད་ཀྱི་ཁ་ནས་གོ་བ་ནས་བན་བོན་སུ་ཡིས་ཁ་ནས་ཀྱང་གོ་མ་ྱོང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བླ་ཆེན་རྣམས་ཐུགས་སྣང་གཤིན་པོ་འདི་འདྲ་ཞིག་ཡོད་པ་དེ་ཡང་རྒྱ་གར་དུ་ཕེབས་པའི་རྗེས་སུ་བྱུང་བ་རེད། འདིའི་སྐོར་ལ་༸སྐྱབས་མགོན་རིན་པོ་ཆེས་ཀྱང་སྔོན་དང་ད་ལྟའི་གནས་སྟངས་ཞིབ་བསྡུར་གྱིས་ལེགས་གསོའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དེ་ཁྱོད་ཀྱིས་མ་མཐོང་བ་ཨེ་ཡིན། དེར་མ་ཟད་དགེ་ལུགས་པའི་གྲྭ་བ་རྣམས་དང་ངེད་ཅག་ལ་སྤྱི་མཐུན་གྱི་གླེང་གཞི་མང་པོ་ཞིག་ཡོད་པས་དེ་བས་དགའ་མོས་བྱེད་ཀྱིན་ཡོད། གཞན་ཡང་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་བོན་པོའི་གྲྭ་བའང་མང་པོ་ཡོད། སྐྱག་པའི་ཚད་དུ་མ་བཞག་ན་སྐྱག་ཚང་ནང་དུ་འཛུལ་འདོད་ཡོད་རྒྱུ་མ་རེད། དེ་ཐུགས་ལ་ལེགས་པར་ཟུང་། གཞུང་ལུགས་ཀྱི་ཐོག་ནས་བགྲོ་གླེང་བྱེད་རྒྱུ་ཡོད་ན་དེ་ལྟར་ཕྱག་རོགས་ཞུས་ཆོག དེ་མིན་བསམ་ངན་ཁོག་འཆང་གི་བྱ་བ་འདི་རིགས་བྱས་པས་སུ་ལའང་ཕན་པ་མེད།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ལ་གོ་བརྡ་འཕྲོད་རྒྱུ་ཞིག་མི་འདུག
༼རྫོགས་ཆེན་ཡིན་ཡང་བདག་གཉིས་སྤང་པ་ལས་ལྷག་ཅིག་སྤང་རྒྱུ་མེད་སྟབས་དབུ་མ་ཐལ་འགྱུར་བའི་བཞེད་པ་ལས་ལྷག་པའི་ལྟ་བའི་མཐར་ཐུག་ཅིག་ག་འདྲ་བྱས་ནས་འཇོག་གི་རེད་ཅེས་འདྲི་གི་ཡོད། ༽
ད་དུང་ཡང་བདག་གཉིས་སྤང་བྱ་ཡིན་པར་བཤད་ཀྱི་འདུག
དེ་ཡི་སྐོར་ལ་ངས་སྔར་བཤད་ཟིན་དེར་གཟིགས་རོགས།
༼ཉོན་མོང་པ་གྲོལ་བྱ་རེད་ཅེས་པ་དེ་ཡང་གོ་མ་སོང་༽
ཉོན་མོངས་པ་གྲོལ་ནས་སངས་རྒྱས་པར་རྫོགས་ཆེན་གྱི་གཞུང་ནས་བཤད་ཀྱི་ཡོད།
དེས་ན་ཉོན་མོངས་པ་གྲོལ་བྱ་རེད།
།༼གྲོལ་བྱ་ཉོན་མོངས་དེ་ལྡན་གྱི་གང་ཟག་དེ་ཡིན་པ་མ་གཏོགས་ཉོན་མོངས་གྲོལ་རྒྱུ་འདྲ་ཡོད་དམ། དཔེར་ན་མི་ཞིག་ཐག་པས་བཅིངས་ཡོད་ན་གྲོལ་དགོས་པ་དེ་མི་དེ་ཡིན་པ་མ་གཏོགས་ཐག་པ་དེ་མ་རེད་བ།༽
ཨོ་ད་ཡིན་ན་བཤད་ཀྱི་འདུག་སྡུག་བསྔལ་ལས་གྲོལ་ཞེས་བཤད་དུས་གྲོལ་བྱ་སྡུག་བསྡལ་མིན་ན་གང་ཡིན། ད་ཁྱོད་ལྟར་ན་གང་ཟག་དེ་གྲོལ་བ་ཡིན་རྒྱུ་རེད། དེ་ནི་གོ་རྒྱུ་གང་ཡང་མི་འདུག རྒྱ་བོད་ཚིག་མཛོད་ལྡེབ་ཨང་414་ནང་དུ་གཟིགས་དང༌། སྡུག་བསྔལ་ལས་གྲོལ་བ་ཞེས་བཤད་ཡོད།
དཔེར་ན། གསང་སྔགས་ཐེག་པའི་ལུགས་གཞིར་བཞག གང་ཟག་གང་ཞིག་སངས་རྒྱས་པའི་ཚེ་ན། བསྒྱུར་བྱ་དེ་གང་ཟག་དེ་ཉིད་གཅིག་པོ་ཡིན་པར་འདོད་དམ། བོན་ལུགས་ལ་དེ་ལྟར་མིན། གང་ཟག་དང་དེ་ཡི་རྒྱུད་ཀྱི་སེམས་རིག་ཐམས་ཅད་དང་མདོར་ན་གང་ཟག་དེ་ཡི་སྒོ་གསུམ་ཀར་འཇོག་པ་ལས་གང་ཟག་གཅིག་པོར་མི་བཞེད་དོ།
ད་ཁྱོད་ལྟར་ན། ཐེག་ཆེན་དབུ་མའི་ལུགས་ལ། ཉོན་མོངས་སྤང་བྱ་མ་ཡིན་པར་ཐལ། དེ་བཞིན་དུག་ལྔ་ཡང་སྤང་བྱ་མ་ཡིན་པར་ཐལ་པ་དང༌། གསང་སྔགས་ཐེག་པའི་ལུགས་ལ། དུག་ལྔ་བསྒྱུར་བྱ་མ་ཡིན་པར་ཐལ་བ་སོགས་ཤིན་ཏུ་མང་ངོ།
༼ཉོན་མོང་པ་སྤངས་བྱ་དང་། དག་བྱ་དང་། བསྒྱུར་བྱ་རེད་ལབ་ན་གོ་རྒྱུ་འདུག གྲོལ་བྱ་རེད་ཟེར་བ་དེ་ཤེས་མ་སོང་།༽
དེ་རྫོགས་པ་ཆེན་པོའི་ཁ་སྐད་རེད། ག་ནས་གོ་ཡོང༌། ལས་དང་སྨོན་ལམ་འཛོམས་པ་ལས་འབྱུང་དགོས་པས་སོ། ལྷག་པར་དུ་ཁྱོད་ནི་དགེ་ལུགས་པ་ཞིག་ཡིན་ས་རེད་རི་བོ་དགེ་ལུགས་པ་རྫོགས་པ་ཆེན་པོ་མི་འདོད་པའི་ཆོས་རྒྱུད་དོ། དེ་མིན་རྙིང་མ་པ་ཡིན་ན་རྙིང་མའི་རྫོགས་པ་ཆེན་པོའི་གཞུང་ནས་དེ་ལྟར་མང་དུ་བཤད་ཡོད་པས་དེ་ཚོར་གཟིགས་གནང་རོགས། གཏམ་གསར་པ་གང་ཡང་མ་རེད། རང་གི་མ་གོ་བ་རེད་མ་གཏོགས། གཞན་ཡང་དུང་དཀར་གྱི་ཙིག་མཛོད་དུ་ལྡེབ་ཨང་575་ནང་དུ་གཟིགས་དང༌། ༼གྲོལ་བྱེད་ཀྱི་ཁྲིད། རང་གི་ཤེས་རྒྱུད་ཐ་མལ་གྱི་སྣང་ཞེན་ལས་གྲོལ་བར་བྱེད་པའི་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི་ཁྲིད་དེ།༽ ཞེས་བཤད་འདུག ད་གྲོལ་བྱེད་ཀྱི་ཁྲིད་དེ་ཡི་གྲོལ་བྱ་དེ་ངོས་འཛིན་གནང་དང༌། ཁྱོད་ལྟར་ན་ཐ་མལ་གྱི་སྣང་ཞེན་ཟེར་བ་དེ་གང་ཟག་དེ་ལ་གོ་རྒྱུ་ཡིན་ནམ། དེ་ཡིན་ན་ནི་གསང་སྔགས་དང་རྫོགས་པ་ཆེན་པོའི་གཞུང་དོན་ལ་གོ་བ་མེད་པའི་རྟགས་སུ་ཟད་དོ། ལབ་ཉོག་མང་པོ་མི་གླེང་པར་དོན་ཡོད་ཀྱི་སྐད་ཆ་འདྲ་ཡོད་ན་གསུངས་རོགས་དེ་མིན་ང་ལ་དུས་ཚོད་དེ་ཙམ་མི་འདུག དགོངས་པ་ཁ྄ྱོན་ན་མ་ཚོམས་རོགས།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱི་ཞལ་ནས་ཅི་ཐོན་གསུང་རྒྱུ་ཨེ་ཡོད་དམ།
དམུ་ཐག་གི་བུ་རྒྱུད་ནས་གསུངས་པ་དེར་ངས་ནས་ཀྱང་རྒྱབ་སྐྱོར་ཡོད།
ཁྱེད་རང་ནི་བོན་དང་བོན་པོར་ཤིན་ཏུ་ནས་གནག་པའི་བསམ་ངན་ཁོག་བཅང་གི་མི་ཞིག་ཡིན་པར་ར྄ྟོག་གེའི་མངོན་ཤེས་ཀ྄ྱི་རྟགས་ལས་རྟོགས་ཐུབ་ཀྱི་འདུག ང་ལ་དེ་སྔོན་དྲྭ་གྲོགས་པ་ཁ་ཤས་ཤིག་གིས་བརྗོད་གསལ་ལ་ས྄ྤོབས་པ་མཐའ་ཡས་ཀ྄ྱི་རྩོམས་ནང་དུ་བོན་པོར་མ་དག་པར་སྣང་ཚུལ་མང་པོ་ཐོན་ཡོང་གི་འདུག་ཅེས་བཤད་བྱུང༌། ད་དངོས་གནས་ཡིན་ས་རེད།
གཡུ་འབྲུག་དཀར་པོ་ལགས།
ས་བོན་ཞེས་པའི་བོན་དེ་གང་བྱས་ནས་བོད་རྒྱུད་ནང་བསྟན་པས་བཞག་པ་རེད་དམ། དེ་ལ་ས་ཆོས་ཞེས་བཤད་ན་གང་སྐྱོན་འདུག ས་བོན་ཞེས་པའི་ཚིག་ནང་དུ་བོན་ཞེས་ཡོང་དགོས་པའི་རྒྱུ་མཚན་ཁྱོད་ཀྱིས་ཤོད་དང་དེ་ནས་ངས་དེ་ནི་དན་རྟགས་གང་ཡིན་བཤད་ཆོག
༼གལ་ཏེ་ས་བོན་ཞེས་པའི་མིང་དེ་ས་ཆོས་ཞེས་ཡོད་པ་ཡིན་ན་བོན་པོ་ཚོས་ས་བོན་ཞེས་བསྒྱུར་ཐག་ཆོད་རེད། ༽
ད་འོ་ན་དགེ་འདུན་ཆོས་འཕེལ་ལས་སོགས་མཁས་དབང་མང་པོས་བོད་ཅེས་པ་དེ་སྔར་བོནད་ཅེས་པའི་མིང་ལས་མཆེད་པ་རེད་ཅེས་བཤད་ཡོད། དེ་བོན་པོས་བསྒྱུར་བ་རེད་དམ། བོན་པོས་བོན་ཞེས་བཅོས་དགོས་པ་ལ་བོད་ཅེས་ཅི་ཡིས་བསྒྱུར་པ་རེད། དེ་ཡང་དན་རྟགས་རེད།
༼གང་ལྟར་ད་ལྟའི་བར་དུ་བསྒྱུར་ཟིན་པ་རྣམས་ལ་ཞུ་རྒྱུ་གང་ཡང་མེད། ད་ནས་བསྒྱུར་རྒྱུ་མཚམས་འཇོག་བྱེད་རོགས།༽
ད་ལྟའི་བར་དུ་བསྒྱུར་ཟིན་པ་དེ་གང་དང་གང་ཡིན་པའི་ཁུངས་ལུང་རེ་རེ་བཞིན་དུ་འཇོག་དགོས།
ཁ྄ྱོད་ལ་དེ་ལ྄ྟར་འཇོག་ར྄ྒ྄ྱུ་མེད་ན། ཁ྄ྱོད་ཀ྄ྱི་ར྄ྫུན་ར྄ྐུབ་བར྄ྡོལ་ནས་ཁ྄ྲོམ་དུ་ར྄ྒ྄ྱུགས་པ་ཡིན།
ཤེས་བྱ་བོན་ཅན།
བོན་པོས་ཆོས་གཞུང་བོན་ལ་བསྒྱུར་བ་མེད་པར་ཐལ།
ཁྱོད་སྤོབས་པ་མཐའ་ཡས་ལ་དེ་ལྟར་བསྒྱུར་བའི་མཚན་གཞི་འཇོག་རྒྱུ་ཞིག་མེད་པའི་ཕྱིར
དཔེར་ན། སྤྲེལ་ཕྲུག་གི་རྭ་ཅོ་བཞིན་ནོ།
ལ་སྟོད་ཚང་། མི་གོ་ལོག་ལྟ་ཅན་ལ་གསང་། ལུས་ཅན་དོན་མི་གཏོང་ལ་སྔགས་ཟེར་བ་མིན་ནམ། མི་གོ་ལོག་ལྟ་ཅན་འདི་ཚོར་གསང་སྔགས་དང་རྫོགས་པ་ཆེན་མོའི་ལྟ་བ་ལྷུན་གྲུབ་ཀ་དག་གྲོལ་མ་གྲོལ་ཞེས་ལབ་ན་ཁྱི་མགོ་ལ་རྡོ་བཞུས་ལེ་ནང་བཞིན་རེད། དེ་མིན་ཚུལ་གསུམ་གྱི་རིག་ལམ་ཡང་ཡོད་པའི་བཟོ་འདྲ་མི་འདུག་ག
དེ་ལས་རང་གི་གློག་འཕྲིན་དུ་གཟིགས་གནང་དང་གཏམ་བཟང་ཞིག་ཡོད།
མང་ར་བ་ལགས། ཁྱེད་ཀྱི་རྟགས་བསལ་དེ་ལ་ངས་མ་ཁྱབ་ཅེས་བརྗོད་ན་ཁྱེད་ག་རེ་ལབ་ཡ་ཡོད། ཆོས་ཡིན་ན་བན་ཡིན་པས་ཁྱབ་པ་སུས་ཁས་ལེན་སོང་། ཧ་ཧ་རྟགས་བསལ་འཛིག་པོ་བྱས་ནས་གཏོང་ག་བྱས་འདུག སྟག་མོས་མཆོངས་སར་ཝ་མོས་མཆོངས་ན་ཝ་མོ་སྐེད་པ་བཅགས་པའི་དཔེ་ནང་བཞིན་རེད་འགྲོ་གི་རེད་གྲོགས་པོ་ལགས། དྲ་བ་འདི་ནང་ལ་རྟགས་བསལ་གཏོང་ཤེས་མཁན་མང་དག་ཅིག་ཡོད་སྲིད་པས་དེ་ཚོ་ཁྱེད་ཀྱི་རྟགས་བསལ་ལ་ལྟོས་ནས་གད་མོ་ཤོར་གྱི་ཡོད་རྒྱུ་རེད། ཧ་ཧ་ཀུ་རེ་ཡིན། ང་རང་རྟགས་བསལ་གཏོང་ཤེས་ཀྱི་མེད་ལ་རྟགས་བསལ་གྱི་དྲི་བ་ལ་ལན་ཡང་འདེབས་ཤེས་ཀྱི་མེད། དེ་བས་ང་ལ་གསུངས་རྒྱུ་ཡོད་ན་རྟགས་བསལ་གྱི་ཐོག་ནས་མ་ཡིན་པར་སྤྱིར་བཏང་གི་བགྲོ་གླེང་ནང་བཞིན་བྱས་གསུངས་རོགས། འདི་ངའི་གསོལ་འདེབས་ཡིན།
ང་རླུང་ཡང་ལང་གི་མེད་ལ་ས་ཆུ་མེ་སོགས་འབྱུང་བ་བཞི་གང་ཡང་ལང་གི་མེད། ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པར་ནི་ཤིན་ཏུ་འདོད་པ་རེད། དེ་ལ་གདོད་མའི་ཆོས་ཞེས་བརྗོད་ཀྱང་ཆོག་གོ ཡིན་ན་ཡང་ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པ་དང་། དེ་ལ་གདོད་མའི་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ལ་བརྟེན་ནས་ནང་པ་སངས་རྒྱས་པ་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་གང་འདྲས་སྒྲུབ་ཐུབ་ཀྱི་རེད། གཅིག་ཤོད་དང་གྲོགས་པོ་ལགས།
བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་སྒྲུབ་པ་ནི། གཡུང་དྲུང་བོན་གྱི་བསྟན་པ་མ་བྱུང་གོང་བོན་ཡོད་པ་དང་། དེ་ལ་གདོད་མའི་བོན་ཞེས་བརྗོད་པའི་རྒྱུ་མཚན་ཙམ་གྱིས་མ་རེད། འོ་ན་ཅི་ཞེ་ན། བོན་ལ་ཡང་དག་དང་ཡང་དག་མ་ཡིན་པ་གཉིས་ཡོད་པར་འདོད་པའི་རྒྱུ་མཚན་ལ་བརྟེན་ནས་བོན་དཀར་དང་བོན་ནག་ཡོད་པར་སྒྲུབ་ཀྱི་ཡོད། ཧ་གོ་སོང་ངམ་གྲོགས་པོ་ལགས། ཧ་གོ་ན་སྒོ་མཚུངས་ཀྱི་རིག་པ་གཏོང་ས་ཨེ་འདུག་ལྟོས།
ད་རྒྱུ་མཚན་ཡག་པོ་བཤད་ནས་ཆོ་མིན་འདུག དེ་བས་ངས་ཀུ་རེ་ཞིག་བྱེད། བོན་ཆོས་ཅན། དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་ཐལ། བོན་དཀར་པོ་ཡོད་པ་གང་ཞིག་བོན་ནག་པོ་ཡོད་པའི་ཕྱིར། བོན་དཀར་པོ་ཡོད་དེ། ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དེ་དེའི་ཕྱིར། བོན་ནག་པོ་ཡོད་དེ། ལོ་བརྒྱའི་བར་དུ་མ་བཀྲུས་པར་ཐབ་ཁུང་སྒང་དུ་བཞག་ནས་དུ་པས་ནག་པོར་གྱུར་པའི་རྫ་མ་ནག་པོ་དེ་དེའི་ཕྱིར། དེ་གཉིས་བོན་དཀར་ནག་ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར། ཧ་ཧ་ཧ་
མཁྱེན་ཡངས་ལ་སྟོད་བུ་དང་དམུ་ཐག་བུ་བརྒྱུད། མང་ར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པ་ལ་བརྟེན་ནས་ང་ལ་བློ་བསྐྱེད་གསར་པ་ཞིག་རྙེད་བྱུང་། ངས་འདིར་མཆན་འབྲི་བ་དེ་ཡང་བོན་པོ་ལ་དགག་པ་རྒྱབ་ཆེད་བྲིས་པ་མིན་པར། རང་གི་སེམས་ལ་ཡོད་པའི་དོགས་པ་སེལ་ཕྱིར་བྲིས་པ་རེད། རེ་བ་དེ་ལྟར་བཅངས་པ་ནང་བཞིན་རེ་བ་ཡང་གྲུབ་སོང་། ཁ་ཙམ་མིན། དངོས་ནས་ཐུགས་རྗེ་ཆེ་ཞུ།
སྤྱིར་ནི་ཁ་བརྡ་དྲ་བའི་དོ་དམ་དང་། ཁ་བརྡའི་དྲ་གྲོགས་ཚང་མ་ལ་བཀའ་དྲིན་དགའ་ཚོར་ཡོད། རྒྱུ་མཚན་ནི་ང་ལ་བློ་བསྐྱེད་མང་པོ་ཞིག་ཁ་བརྡ་དྲ་བ་འདི་ནས་རག་པ་རེད། བློ་བསྐྱེད་རག་ཚུལ་བཤད་ན། ཁ་བརྡ་དྲ་བ་འདིར་ཐོག་མར་འཇུག་དུས། ཉི་མ་གཅིག་ལ་མཆན་གཅིག་འབྲི་རྒྱུ་ཡང་ཁག་པོ་ཡོང་གི་ཡོད། འོན་ཀྱང་དེ་རིང་སང་ཉིན་ཚིག་སྦྱོར་ཡག་པོ་འབྲི་མ་ཤེས་ཀྱང་། མཆན་གཉིས་གཉིས་གསུམ་གསུམ་འབྲི་རྒྱུར་དཀའ་ལས་གང་ཡང་མིན་འདུག འདི་ཡང་ཁ་བརྡ་དྲ་བ་འདི་ནས་རག་པའི་བློ་བསྐྱེད་དམ་ཡོན་ཏན་ཞིག་རེད།
ཡང་བློ་བསྐྱེད་གཅིག་ནི་ངའི་ལུང་པར་ཡོད་པའི་བོན་དུ་ཁས་ལེན་ཞིང་དམར་མཆོད་བྱེད་པོ་དེ་ཚོ། ཏན་ཏན་བོན་ཡིན་པར་ཐག་བཅད་ཐུབ་པ་དེ་རེད། ཡིན་ན་ཡང་དེ་ཚོ་གཡུང་དྲུང་བོན་མ་ཡིན་པར་གདོད་མའི་བོན་ཡིན་པ་རེད། ངས་རྩོད་གཞི་འགོ་ཡང་འདི་ནས་ཚུགས་པ་ཡིན་ལ་མཇུག་ཡང་འདི་ནས་བསྡུ་གི་ཡིན།
ཉི་མ་དེ་རིང་ནས་བཟུང་སྟེ། ང་ལ་སུ་ཞིག་གིས་བོན་གྱི་སྐོར་དྲི་ཚེ། བོན་ལ་བོན་དཀར་དང་བོན་ནག་ཅེས་གཉིས་ཡོད་ཅིང་། སྔ་མ་ནི་གཡུང་དྲུང་བོན་དང་། ཕྱི་མ་ནི་གདོད་མའི་བོན་ཡིན་ལ། དམར་མཆོད་བྱེད་མཁན་ཡང་ཕྱི་མའི་ཁོངས་སུ་བསྡུ་བ་རེད་ཅེས་བརྗོད་ཀྱི་ཡིན། དེ་ལྟར་བཤད་དུས་གཡུང་དྲུང་བོན་པོའི་ཐུགས་ལ་ཕོག་དགོས་མེད་པ་མ་ཟད་མངོན་ནས་དགའ་དགོས་པ་ཞིག་རེད། མ་ཟད་བོན་གྱི་འདོད་པ་དང་ཡང་མཐུན་པ་ཡིན།
མཐུན་ཚུལ་ནི། གཅིག་ བོན་ལ་ཡང་དག་དང་ཡང་དག་མིན་པ་གཉིས་ཡོད་པར་གཡུང་དྲུང་བོན་གྱིས་བཞེད་ལ། ཡང་དག་དང་ཡང་དག་མིན་པ་ལ་དཀར་ནག་གི་ཐ་སྙད་འདོགས་ཚུལ་བོད་ཀྱི་སྲོལ་ཁྱུན་ལ་སྔར་ནས་ཡོད་པ་སྟེ། བསམ་པ་བཟང་པོ་ལ་བསམ་པ་དཀར་པོ་དང་། བསམ་པ་ངན་པ་ལ་བསམ་པ་ནག་པོ་ཞེས་བརྗོད་པ་བཞིན་ནོ།
གཉིས་ བོན་ཞེས་པ་ཤེས་བྱ་སོགས་འཇུག་ཡུལ་བཅུ་ལ་འཇུག་པས། ཤེས་བྱ་ལ་དཀར་ནག་ཙམ་མིན་པར་དཀར་ནག་ཁྲ་སོགས་མང་པོ་ཡོད་ཀྱང་རིགས་བསྡུ་བའི་དབང་དུ་བྱས་ན་དཀར་ནག་གཉིས་སུ་བསྡུ་མི་ཆོག་པ་མེད་པས། བོན་ལ་ཡང་རིགས་བསྡུ་བའི་དབང་དུ་བྱས་ནས་དཀར་ནག་གཉིས་སུ་དབྱེ་མི་ཆོག་པ་མེད་དོ།།
ཧ་ལས་པ་ཞིག་ནི་ངས་རེབ་གོང་དྲ་བའི་ལུང་ཚིག་ཁྱེར་མ་ཡོང་བར་དུ། ལ་སྟོད་བུ་སོགས་ཀྱིས་བོན་ལ་གདོད་མའི་བོན་སོགས་བོན་ཡང་དག་དང་ཡང་དག་མིན་པའི་དབྱེ་བ་ཡོད་ཚུལ་ཟུར་ཙམ་ཡང་བརྗོད་མེད་པ་དེ་རེད། དེ་ནི་ང་ལ་ཆགས་སྡང་གི་གཏམ་ཟེར་ནས་བཀའ་བཀྱོན་གཏོང་བཞིན་དུ། རང་ཉིད་ཆགས་སྡང་གི་ཕྱོགས་སུ་ལྷུང་བའི་རྟགས་མཚན་ཞིག་མིན་རེ་བསམ། མདོར་ན་བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་འདོད་པ་ལ་ཐུགས་འཁྲེལ་གནང་དགོས་དོན་མིན་འདུག་སྟེ། བོན་ཞེས་པ་དོན་བཅུ་ལ་འཇུག་པས་སོ།།
གཡུ་འབྲུག་དཀར་པོ་ལགས།
བཀའ་ལན་མང་ཐག་ཆོད་ཅིག་གསུངས་འདུག་མོད། སྙིང་པོ་ཅི་ཡང་མེད་རྐྱེན་ང་ལ་ནི་བློ་བསྐྱེད་གང་ཡང་རེག་མ་སོང་བས་དགོངས་དག་ཞུ། སྤྱིར་ཁྱོད་ཀྱི་རིགས་དེ་ཚོར་གོ་བརྡ་འཕྲོད་ཁག་སེ་འདྲ་འདུག མ་གཞི་རིག་ལམ་མེད་པའི་རྟགས་ཙམ་ཡིན་ས་རེད། ཨ་ལ་ཀུ་རེ་ཡིན་རྟགས་གསལ་རྫིག་པོ་ཞིག་བཏང་འདུག ཡིན་ན་ཡང་ཁྱབ་ལོག་རེད་མ་གཏོགས། ཧ་ཧ་ཧ་་་
དང་པོ་ཁྱོད་ཀྱིས་ ༼ ཁྱེད་ཀྱི་རྟགས་བསལ་དེ་ལ་ངས་མ་ཁྱབ་ཅེས་བརྗོད་ན་ཁྱེད་ག་རེ་ལབ་ཡ་ཡོད། ཆོས་ཡིན་ན་བན་ཡིན་པས་ཁྱབ་པ་སུས་ཁས་ལེན་སོང་། ཧ་ཧ་རྟགས་བསལ་འཛིག་པོ་བྱས་ནས་གཏོང་ག་བྱས་འདུག ༽ཅེས་པར་ཡག་པོར་སོམས་དང་ངས་ཁྱོད་ཀྱིས་ཆོས་ཡིན་ན་བན་ཡིན་པས་ཁྱབ་པ་ཁས་བླངས་འདུག་ཅེས་ངས་གང་ན་བྲིས་ཡོད། གསལ་པོར་སྟོན་དང་ངས་མིག་གིས་མ་མཐོང་བ་མིན་ནམ། དེར་ཁྱབ་པ་མེད་པའི་མུ་ཁྱི་སྐྱག་ལ་སོགས་པ་མཐའ་ཡས་པ་བཞིན་ནོ། ག་འདྲ་འདུག ཧ་ཧ་ཧ་་་
གཉིས་པ་ཡང་ཁྱོད་ཀྱིས་༼ ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པར་ནི་ཤིན་ཏུ་འདོད་པ་རེད། དེ་ལ་གདོད་མའི་ཆོས་ཞེས་བརྗོད་ཀྱང་ཆོག་གོ ཡིན་ན་ཡང་ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པ་དང་། དེ་ལ་གདོད་མའི་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ལ་བརྟེན་ནས་ནང་པ་སངས་རྒྱས་པ་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་གང་འདྲས་སྒྲུབ་ཐུབ་ཀྱི་རེད། གཅིག་ཤོད་དང་གྲོགས་པོ་ལགས། ༽ཞེས་པར གྲོགས་པོ་ལགས། ངས་གསེག་འདྲི་བྱ་བཞིན་མེད་དངོས་གནས་ཁྱོད་ལ་གོ་བ་ཅི་ཡང་མི་འདུག ཁོ་བོས་ནང་པ་སངས་རྒྱས་པ་ལ་དཀར་ནག་གཉིས་ཡོད་པར་ནམ་ཡང་བསྒྲུབ་མི་ཐུབ་ལ་ཨུ་ཚུགས་དང་ལོག་ལྟ་ཡང་བྱེད་ཀྱིན་མེད། གདོད་མའི་བོན་དེ་ཁྱོད་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་བོན་ནག་ཅེས་བཏགས་ན་ཁོ་བོས་ཁྱོད་ལ་ཁྱབ་མཚུངས་ཀྱི་རིགས་པ་ཞིག་བཏང་བ་ཡིན་པ་ཡང་མ་ཤེས་སམ། ཁག་མེད་རྟགས་གསལ་གྱི་རིག་ལམ་མེད་ན་དོ་མཉམ་གྱི་རྒྱུ་མཚན་ཞིག་དྲངས་བ་ཡིན། གདོད་མའི་ཆོས་དེ་བན་ནག་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་ཅེས་དྲིས་པ་ཡིན། ཡང་དག་པའི་ཆོས་དང་དམ་པའི་ཆོས་ནི་མིན། དེ་བཞིན་བན་ནག་ཡོད་བན་དེ་ལ་ཡང་བན་ནག་དང་བན་དཀར་གཉིས་ཡོད་ལབ་ན་ག་རེ་འདུག གདོད་མའི་བན་ཡོད་པའི་ཕྱིར། རིགས་པ་འགྲིག་གམ། མི་འགྲིག་པའི་རྒྱུ་མཚན་ཡོད་ན་འཁུར་ཞོག
གསུམ་པ་ཡང་ཁྱོད་ཀྱིས་༼ བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་སྒྲུབ་པ་ནི། གཡུང་དྲུང་བོན་གྱི་བསྟན་པ་མ་བྱུང་གོང་བོན་ཡོད་པ་དང་། དེ་ལ་གདོད་མའི་བོན་ཞེས་བརྗོད་པའི་རྒྱུ་མཚན་ཙམ་གྱིས་མ་རེད། འོ་ན་ཅི་ཞེ་ན། བོན་ལ་ཡང་དག་དང་ཡང་དག་མ་ཡིན་པ་གཉིས་ཡོད་པར་འདོད་པའི་རྒྱུ་མཚན་ལ་བརྟེན་ནས་བོན་དཀར་དང་བོན་ནག་ཡོད་པར་སྒྲུབ་ཀྱི་ཡོད། ཧ་གོ་སོང་ངམ་གྲོགས་པོ་ལགས། ཧ་གོ་ན་སྒོ་མཚུངས་ཀྱི་རིག་པ་གཏོང་ས་ཨེ་འདུག་ལྟོས། ༽ གོང་དུ་དྲངས་ཟིན་པ་ལས་ལྷག་ཅིག་དྲངས་རྒྱུ་མེད། བན་ལ་ཡང་དག་དང་ཡང་དག་མ་ཡིན་པ་གཉིས་ཡོད་པར་འདོད་པའི་རྒྱུ་མཚན་ལ་བརྟེན་ནས་བན་དཀར་དང་བོན་ནག་ཡོད་པར་སྒྲུབ་ཀྱི་ཡོད། ཡང་དག་མ་ཡིན་པ་དེ་རྒྱ་གར་གྱི་གདོད་མའི་ལོག་ཆོས་ལ་འཇོག་རྒྱུ་ཡིན། ཧ་གོ་སོང་ངམ་གྲོགས་པོ་ལགས། ཧ་གོ་ན་ཁྱབ་མཚུངས་ཀྱི་རིག་པ་གཏོང་ས་ཨེ་འདུག་ལྟོས། ཧ་ཧ་ཧ་་་
བཞི་པ་ཡང་ཁྱོད་ཀྱིས་༼ བོན་ཞེས་པ་ཤེས་བྱ་སོགས་འཇུག་ཡུལ་བཅུ་ལ་འཇུག་པས། ཤེས་བྱ་ལ་དཀར་ནག་ཙམ་མིན་པར་དཀར་ནག་ཁྲ་སོགས་མང་པོ་ཡོད་ཀྱང་རིགས་བསྡུ་བའི་དབང་དུ་བྱས་ན་དཀར་ནག་གཉིས་སུ་བསྡུ་མི་ཆོག་པ་མེད་པས། བོན་ལ་ཡང་རིགས་བསྡུ་བའི་དབང་དུ་བྱས་ནས་དཀར་ནག་གཉིས་སུ་དབྱེ་མི་ཆོག་པ་མེད་དོ། ༽ཞེས་པར་ཆོས་ཞེས་པ་ཡང་ཡུལ་ཤེས་བྱ་གཞལ་བྱ་གཞི་གྲུབ་ཡོད་པ་སྲིད་པ་རྟེན་འབྲེལ་སོགས་ཡུལ་བཅུ་ལ་འཇུག་པས། ཤེས་བྱ་ལ་དཀར་ནག་ཙམ་མིན་པར་དཀར་ནག་ཁྲ་སོགས་མང་པོ་ཡོད་ཀྱང་རིགས་བསྡུ་བའི་དབང་དུ་བྱས་ན་དཀར་ནག་གཉིས་སུ་བསྡུ་མི་ཆོག་པ་མེད་པས། ཆོས་ལ་ཡང་རིགས་བསྡུ་བའི་དབང་དུ་བྱས་ནས་དཀར་ནག་གཉིས་སུ་དབྱེ་མི་ཆོག་པ་མེད་དོ། དེ་ལ་ཡང་ཁྱབ་མཚུངས་ཟེར།
ལྔ་པ་ཡང་ཁྱོད་ཀྱིས་༼ མདོར་ན་བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་འདོད་པ་ལ་ཐུགས་འཁྲེལ་གནང་དགོས་དོན་མིན་འདུག་སྟེ། བོན་ཞེས་པ་དོན་བཅུ་ལ་འཇུག་པས་སོ། ༽ཞེས་པར་བན་དེ་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་འདོད་པ་ལ་ཐུགས་འཁྲེལ་གནང་དགོས་དོན་མིན་འདུག་སྟེ། ཆོས་ཞེས་པ་དོན་བཅུ་ལ་འཇུག་པས་སོ། ཞེས་ཡང་ཁྱབ་མཚུངས་ཀྱི་རིགས་པ་ཞིག་དྲངས་ན་ཁྱོད་ལ་བློ་བསྐྱེད་འདྲ་རེག་ས་ཨེ་རེད། ཡ་ཡ་ཡ་དྲ་གྲོགས་ལགས་ད་ལན་དེ་ཙམ་གྱིས་འཐུས་པར་བྱས།
ལ་སྟོད་བུ་ལགས།
ས་བོན་ཞེས་པ་དེ་ལ་ས་ཆོས་ཞེ་ན་མི་འགྲིགས་པའི་སྐྱོན་ཡོད་དེ། ས་ཆོས་ཞེས་བརྗོད་དུས་མྱུ་གུ་དང་སྡོང་བུ་སོགས་ཀྱི་རྒྱུར་གྱུར་པའི་ས་བོན་ལ་མི་གོ་བའི་ཕྱིར། ས་བོན་ཞེས་པར་བོན་གྱི་སྒྲ་ཡོད་པས་བོད་ཀྱི་ཆོས་ཐམས་ཅད་བོན་ལས་བྱུང་བར་འདོད་ན། ང་ཚོའི་ཡུལ་སྐད་ནས་ས་བོན་ལ་ལི་ཞེས་བརྗོད་པས་ང་ཚོའི་ཡུལ་གྱི་ཆོས་རྣམས་ལི་ཡུལ་འབྱུང་བར་འདོད་དམ། ཧ་ཧ་ཡ་མཚར་རེད།
ངས་ས་བོན་གྱི་འགྲེལ་བཤད་རྒྱུག་རྒྱུ་མེད། སྤྱིར་ས་བོན་ཞེས་པ་བོད་སྐད་རེད། བོད་སྐད་དེ་བོད་ཀྱི་འགྲོ་བ་མིའི་ཁྱད་ཆོས་རེད། ཁྱད་ཆོས་དེ་ཁྱད་གཞི་གྲུབ་པའི་དུས་ནས་རིམ་དང་གཅིག་ཆར་སོགས་ཀྱིས་རང་བཞིན་ལྷུན་གྲུབ་ཏུ་བྱུང་བ་རེད། ཁྱེད་ཀྱིས་བྱས་ན་བོད་སྐད་ཀྱི་མིང་ཚིག་ཚང་མ་བོན་སྟོན་གྱིས་གསུངས་པ་རེད་ཅེས་ལབ་རྒྱུ་ཡིན་ནམ། དེ་ནི་ངས་ཁས་ལེན་གྱི་མིན། ཐ་ན་ཐུབ་པས་གསུངས་ཞེས་ལབ་ཀྱང་ཁས་མི་ལེན་ནོ།
“བོན་པོས་བོན་ཞེས་བཅོས་དགོས་པ་ལ་བོད་ཅེས་ཅི་ཡིས་བསྒྱུར་པ་རེད། “འདི་ནི་གོ་མ་སོང་།
བོད་ཅེས་པ་བོན་ཞེས་པ་ལས་གྱུར་བ་ཡིན་པར་ཡང་ངེས་པ་ག་རེ་ཡོད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཕྱིར་ན་མ་ཁྱབ་བོ། གལ་ཏེ་དགེ་འདུན་ཆོས་འཕེལ་གྱིས་གང་གསུངས་པ་དེ་དེ་ལྟར་ཡིན་པས་ཁྱབ་པར་འདོད་ན། ཐུ་མི་སམ་བྷོ་ཊའི་སྔོན་དུ་བོད་ལ་ཡི་གེ་མེད་པར་ཐལ། དགེ་འདུན་ཆོས་འཕེལ་གྱིས་དེ་ལྟར་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཐུ་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་པར་འདོད་པ་ཁྱོད་ཀྱི་ཞེ་འདོད་ཡིན་པའི་ཕྱིར། ཡང་ད་ལྟ་སྤྱོད་བཞིན་པའི་བོད་ཀྱི་ཡི་གེ་དེ་ཆོས་ཅན། ཐུ་མིས་གསར་དུ་བཟོས་པ་ཡིན་པར་ཐལ། དགེ་འདུན་ཆོས་འཕེལ་གྱིས་དེ་ལྟར་གསུངས་པའི་ཕྱིར་ཏེ། རྒྱ་གར་གུཔྟའི་ཡི་གེ་ལ་དཔེ་བླངས་ཏེ་བཟོས་པ་ཡིན་ཚུལ་གསུངས་པའི་ཕྱིར། དེ་ཡང་འདོད་མི་ནུས་ཏེ། ཁྱེད་ཀྱིས་ཞང་ཞུང་གི་ཡི་གེ་ནས་འབྱུང་བ་ཡིན་ཚུལ་བཤད་པའི་ཕྱིར་རོ།།
བོད་ཅེས་པ་བོན་ཞེས་པའི་ཐ་སྙད་ནས་བྱུང་བ་ཡིན་ན་ཡང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་བོད་སྐད་ཀྱི་མིང་ཚིག་དེ་དག་ཚང་མ་བོན་ནས་བྱུང་བ་ཡིན་པ་ནི་སྒྲུབ་མི་ནུས་སོ།།
“ད་ལྟའི་བར་དུ་བསྒྱུར་ཟིན་པ་དེ་གང་དང་གང་ཡིན་པའི་ཁུངས་ལུང་རེ་རེ་བཞིན་དུ་འཇོག་དགོས།”ཁུངས་ལུང་ལོས་ཡོད། ཁུངས་ལུང་ག་རེ་ཡོད་ན་རིག་པ་ཡོད། རིག་པ་ནི་སངས་རྒྱས་པའི་གསུང་རབ་ནང་དུ་ཆོས་ཞེས་ཡོད་ཚད་ལ་བོན་ཞེས་བསྒྱུར་བས་རྟོགས་ཐུབ་པའོ། གལ་ཏེ་ནང་ཆོས་བོན་ལས་བསྒྱུར་ཞེ་ན། ཁྱེད་ལ་ཡང་ཁྱེད་ཀྱི་དྲི་བ་དང་མཚུངས་པར་ནང་ཆོས་བོན་ལས་བསྒྱུར་བའི་ཁུངས་ལུང་ཅི་ཡོད་ཅེས་དྲིའོ། དེ་ནི་གོང་དུ་དྲ་གྲོགས་ཤིག་གིས་དྲིས་པའི་དྲི་བ་རེད། དེ་ལ་ཁྱེད་ཀྱིས་ས་བོན་ལ་ས་ཆོས་ཞེས་མ་བསྒྱུར་བ་ནི་ཆོས་བོན་ལས་བསྒྱུར་བའི་དན་རྟགས་རེད་ཅེས་བརྗོད་པ་ཨེ་དྲན། ངས་ནི་དེ་ཆོས་ཞེས་པ་བོན་ལས་བསྒྱུར་པའི་དན་རྟགས་སུ་མ་སོང་བ་མ་ཟད་བོན་ཅེས་པ་ཆོས་ལས་བསྒྱུར་པའི་དན་རྟགས་སུ་འགྲོ་གི་འདུག་ཅེས་ལབ་ཀྱི་ཡོད།
རྒྱུ་མཚན་ནི། ཆོས་ཞེས་པ་བོན་ལས་བསྒྱུར་བ་ཡིན་ན་ས་བོན་ལ་ཡང་ས་ཆོས་ཞེས་བསྒྱུར་ངེས་རེད་དེ། དཔེར་ན་བོན་པོས་ཆོས་ཞེས་པའི་ཚིག་ཡོད་ཚད་བོན་ཞེས་པར་བསྒྱུར་བ་བཞིན་ནོ།།
ནང་ཆོས་བོན་ལས་བསྒྱུར་བ་མ་ཡིན་པའི་ལུང་ཁུངས་གཞན་ཡང་ཡོད་དེ། ནང་ཆོས་དེ་དག་རྒྱ་གར་ནས་བསྒྱུར་བ་ཡིན་ཚུལ་འཛམ་གླིང་ན་རླུང་ལྟར་གྲགས་པའི་ཕྱིར། རྒྱ་གར་ནས་བསྒྱུར་བ་ཡང་གྲགས་པ་ཙམ་མ་ཡིན་པར་རྒྱུ་མཚན་དང་བཅས་ཤིང་། ད་ལྟ་ཞུ་དག་གཏོང་དགོས་ན་ཡང་གཏོང་ནུས་པ་ཞིག་ཡོད་མིན་རེ་ཞེས་མནའ་བོར་ཀྱང་བོར་ཆོག།། གལ་ཏེ་བོད་ཀྱི་ནང་ཆོས་བོན་ལས་བསྒྱུར་བར་འདོད་ན་རྒྱ་གར་གྱི་ནང་ཆོས་ཀྱང་དེ་བཞིན་འདོད་དམ། དེ་བཞིན་ཤྲཱི་ལངྐ་སོགས་སུ་ཡང་དེ་ལྟར་འདོད་དམ། འདོད་ན་ཁོང་ཅག་སུ་ཞིག་གིས་ཀྱང་དེ་ལྟར་མི་འདོད་པར་རྒྱ་གར་ནས་དར་བ་ཡིན་ཚུལ་འདོད་པ་རྒྱུ་མཚན་ཅི་ལ་ཐུག།
“ཤེས་བྱ་བོན་ཅན།
བོན་པོས་ཆོས་གཞུང་བོན་ལ་བསྒྱུར་བ་མེད་པར་ཐལ།
ཁྱོད་སྤོབས་པ་མཐའ་ཡས་ལ་དེ་ལྟར་བསྒྱུར་བའི་མཚན་གཞི་འཇོག་རྒྱུ་ཞིག་མེད་པའི་ཕྱིར
དཔེར་ན། སྤྲེལ་ཕྲུག་གི་རྭ་ཅོ་བཞིན་ནོ།”
རྟགས་བསལ་དེ་ལ་ནི་ངས་རྟགས་ལོ་དགུ་མ་གྲུབ་ཅེས་བརྗོད་དོ།།
དྲ་གྲོགས་ཚོ་གཤེན་རབ་བོན་གྱི་བསྟན་པ་ལ་ནག་པོའི་ཆོས་ལུགས(ཧེ་ཀྱོ)ཞེས་འབོད་པ་མི་འཐད་པའི་ཚུལ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་དཔྱད་རྩོམ་མཁོ་བསྡུས་ཞེས་པ་ལས་གསལ་པོ་གསུངས་ཡོད་པ་སྔར་ཁོ་མཆན་དུ་གསལ་པོ་ཞིག་དྲངས་རྒྱུ་མ་རེགས་ད་ལྟ་གཞི་ནས་ལག་སོན་བྱུང་བར་འདི་ལྟར་གསུངས་འདུག་པར་གཤམ་དུ་གཟིགས་གནང་ཞུ།
“རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་མཛད་པའི་རྩིས་སྐར་ནག་གི་དྲིས་ལན་དུ་ གསུངས་པ་ལྟར། གནའ་སྔ་མོ་ནས་བཟུང་བོན་པོ་ལ་རིགས་གཉིས་ལས་ལྷ་གསོལ་དང་སྐར་མའི་རྩིས་བྱེད་ མཁན་ལ་བོན་དཀར་དང་། སྤར་ཁ་སྨེ་བ་དབང་ཐང་སོགས་ནག་རྩིས་ཀྱི་སྐོར་ལས་རྩིས་བརྒྱབ་ནས་བདེ་སྡུག་དར་ རྒུད་ཅི་འབྱུང་ལུང་སྟོན་མཁན་ལ་བོན་ནག་ཅེས་པའི་ཐ་སྙད་ཅིག་ཡོད་མྱོང་བ་དང་། ཨ་མདོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཆོས་ལུགས་འཛིན་མཁན་ཚོས། བོན་པོ་ལ་རིགས་གཉིས་ལས་སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབས་གཉིས་ཆར་དད་ ཅིང་སྐོར་ཕྱག་བྱེད་མཁན་ལ་བོན་དཀར་དང་། སྟོན་པ་གཤེན་རབས་གཅིག་པུ་ལས་ཤཱཀྱ་ཐུབ་པར་དད་པ་མི་བྱེད་མཁན་ལ་བོན་ནག་ཅེས་ པའི་མིང་གིས་འབོད། བོན་དཀར་དང་བོན་ནག་ཅེས་པའི་མིང་དེ་བོན་པོ་རྣམས་ཀྱིས་ཁས་མི་ལེན་ཏེ། མིང་དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱིས་བཏགས་པ་ཞིག་ཡིན་པའི་རྒྱུ་མཚན་ལ་ཐུག་ ཡོད། དེས་ན་ད་ལྟ་མི་རིགས་ཐམས་ཅད་མཐུན་སྒྲིལ་ཆེན་པོའི་ལམ་དུ་བསྐྱོད་དེ་བདེ་སྐྱིད་ ཕུན་སུམ་ཚོགས་པར་ལོངས་སྤྱོད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་སྒང་ལ་བོན་པོའི་ གྲུབ་མཐའ་ལ་ནག་པོའི་ཆོས་ལུགས(ཧེ་ཀྱོ)ཞེས་བརྗོད་ན་ནི་ཆོས་སྲིད་གཉིས་ཀར་མི་ མཐུན་པའི་ཐ་སྙད་ངན་པ་ཞིག་ཏུ་འདུག་པས་ཐ་སྙད་འདི་ངེས་པར་ཕྱགས་དར་ཁྲོད་ཀྱི་ ཕུང་བོར་འདོར་དགོས་པ་ནི་སྨོས་མ་དགོས་སོ།། མདོར་ན་བོད་གངས་ཅན་གྱི་གྲུབ་མཐའ་ལ་ནང་གསེས་ཀྱི་དབྱེ་བ་མང་བོ་ཡོད་པས་དེ་ཐམས་ ཅད་ལ་ཁ་དོག་གི་སྒོ་ནས་མིང་འདོགས་དགོས་ན་ཧ་ཅང་ཚེགས་ཆེ་སྟེ། དཔེར་ན་བཀའ་བརྒྱུད་པ་གཅིག་པུ་ལ་ཡང་ཤངས་པ་བཀའ་བརྒྱུད། དྭགས་པོ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། ཞང་ཚལ་བ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད་རྣམས་དང་། གཞན་ཡང་། བཀའ་གདམས་པ། ཇོ་ནང་བ། ཞི་བྱེད་པ་སོགས་ལ་ཁ་དོག་གི་སྒོ་ནས་མིང་འདོགས་ཐབས་མེད་དོ།།
དེས་ན་དེ་ཐམས་ཅད་ལ་བོད་སྐད་སོར་བཞག་གི་སྒོ་ནས་མིང་འདོགས་བྱས་ན་སྐྱོན་དང་ བྲལ་བ་ཡིན་ཏེ། ཆོས་ལུགས་གཞན་པ་ལ་མི་རིགས་གཞན་པ་དེའི་སྐད་ཀྱིས་མིང་འདོགས་སྲོལ་རྒྱ་ནག་རང་ལ་ ཡོད་པ་ལྟར་སངས་རྒྱས་པའི་ཆོས་ལུགས་ལ་ཧྥོ་ཀྱོ་དང་། ཁ་ཆེའི་ཆོས་ལུགས་ལ་ཡི་སི་ལན་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས་ལ་ཅི་ཏུའུ་ཀྱོ་དང་། བྲམ་ཟེའི་ཆོས་ལུགས་ལ་པོ་ལོ་མང་ཀྱོ་སོགས་སུ་འབོད་པ་དང་འདྲ་བར་མིང་བཏགས་ན་ནི་ རྩོད་པའི་གནས་ཅུང་ཟད་ཀྱང་མེད་པ་ཡིན་ནོ།” ཞེས་ཀྱང་གསུངས་འདུག་པར་མཁས་པ་ཆེན་པོའི་གསུངས་ལ་ཡིད་བརྟོན་མི་རུང་ངམ།
གཡུ་འབྲུག་དཀར་པོ་ལགས།
(གཡུ་འབྲུག་དཀར་པོས།) ༼ས་བོན་ཞེས་པ་དེ་ལ་ས་ཆོས་ཞེ་ན་མི་འགྲིགས་པའི་སྐྱོན་ཡོད་དེ། ས་ཆོས་ཞེས་བརྗོད་དུས་མྱུ་གུ་དང་སྡོང་བུ་སོགས་ཀྱི་རྒྱུར་གྱུར་པའི་ས་བོན་ལ་མི་གོ་བའི་ཕྱིར།༽་
ས་ཆོས་ཞེས་བརྗོད་དུས་སྨྱུ་གུ་དང་སྡོང་པོ་སོགས་ཀྱི་རྒྱུ་རུ་གྱུར་པའི་ས་བོན་ལ་མི་གོ་སྟེ།
རྒྱུ་མཚན་མེད་པར་མི་གོ་ཟེར་ན་ཁྱོད་ཀྱིས་བཀའ་བཏང་བ་ཡིན་ནམ།
དེ་མིན་རྒྱུ་མཚན་ཁྱེར་ཤོག དེ་ཙམ་གྱིས་ལ་དག་གི་མ་རེད།
ང་ནི་ཁྱོད་ཀྱི་བཀའ་ལ་བརྩི་བཀུར་བྱེད་མི་མིན་པར་ཤེས་པས་བཀའ་གཏོང་དགོས་པའི་རྒྱུ་མཚན་མེད། ༼གཉིས་ བོན་ཞེས་པ་ཤེས་བྱ་སོགས་འཇུག་ཡུལ་བཅུ་ལ་འཇུག་པས།༽
ཁྱོད་རང་གི་ལག་པས་བྲིས་པའི་མཆན་བུ་ལས་བོན་ཞེས་པས་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པས་ཞེས་བཤད་ཅིང་། དེ་ལྟར་ན་ཆོས་ཞེས་པའང་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པའང་མཚུངས་པའི་ཕྱིར།
དེ་ལྟར་ན་ས་བོན་དང་ས་ཆོས་ཞེས་རྣམ་པ་ཀུན་ཏུ་དོན་མཚུངས་པའི་ཕྱིར།
ད་དུང་བན་དེའི་ཀུན་གཞིའི་སྐོར་གྱི་དཔེ་དེབ་དུ་གཟིགས་དང༌། དེར་ས་ཆོས་ཞེས་བྲིས་པའང་མཐོང་བྱུང༌།
༼དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཕྱིར་ན་མ་ཁྱབ་བོ།༽
སུས་ཁྱོད་ལ་དེ་ལྟརཁྱབ་ཅེས་བཤད་བྱུང༌། སུས་དེ་ལྟར་རྟགས་བཀོད་འདུག་ཁྱོད་ལ། ཕ་རོལ་འདོད་པའི་ནམ་མ་ལངས་པར། དགག་པའི་ཉི་མ་ཅི་ལ་འཆར་ཅེས་པས་སོ།
ཤེས་བྱ་བོན་ཅན།
བོན་པོས་ཆོས་གཞུང་བོན་ལ་བསྒྱུར་བ་མེད་པར་ཐལ།
ཁྱོད་སྤོབས་པ་མཐའ་ཡས་ལ་དེ་ལྟར་བསྒྱུར་བའི་མཚན་གཞི་འཇོག་རྒྱུ་ཞིག་མེད་པའི་ཕྱིར དཔེར་ན། སྤྲེལ་ཕྲུག་གི་རྭ་ཅོ་བཞིན་ནོ།
༼རྟགས་བསལ་དེ་ལ་ནི་ངས་རྟགས་ལོ་དགུ་མ་གྲུབ་ཅེས་བརྗོད་དོ།།༽
རྟགས་མ་གྲུབ་ཟེར་ན། ཁྱོད་སྤོབས་པ་མཐའ་ཡས་ལ་དེ་ལྟར་བསྒྱུར་བའི་མཚན་གཞི་ཞིག་འཇོག་རོགས། ༼ཁུངས་ལུང་ལོས་ཡོད། ཁུངས་ལུང་ག་རེ་ཡོད་ན་རིག་པ་ཡོད། རིག་པ་ནི་སངས་རྒྱས་པའི་གསུང་རབ་ནང་དུ་ཆོས་ཞེས་ཡོད་ཚད་ལ་བོན་ཞེས་བསྒྱུར་བས་རྟོགས་ཐུབ་པའོ།༽
ཁྱོད་ཀྱི་རིག་པ་དེ་དེ་འདྲ་རིག་པ་ཞར་ཁོག་ཅིག་ཡིན་ས་རེད།
ད་འོ་ན་ངས་ཁྱོད་ལ་ཁྱབ་འགྲིག་གི་རིག་པ་ཞིག་འཕེན་གྱི་ཡིན།
ཁུངས་ལུང་ཡོད། ཁུངས་ལུང་ག་རེ་ཡོད་ན་རིག་པ་ཡོད།
རིག་པ་ནི་བོན་གྱི་གསུང་རབ་ཀྱི་ནང་དུ་བོན་ཞེས་ཡོད་ཚད་ལ་ཆོས་ཞེས་བསྒྱུར་པས་རྟོགས་ཐུབ་པའོ། ཧཧཧཧཧ་འདྲ་བོ་འདྲ་རྐྱང་མང་ཉུང་ཅི་ཡང་མི་འདུག
ད་གཅིག་གསུང་དང༌། ལ་སྟོད་བུ་ཡི་རིག་པ་དེ་རིག་པ་མིན། གཡུ་འབྲུག་དཀར་པོའི་རིག་པ་དེ་རིག་པ་ཡིན་ཅེས་བཙན་བཀའ་གཏོང་པའི་དུས་ལ་བབས་འདུག
དེ་མིན་ཁྱོད་ལ་ལུང་ནི་མེད་རིག་པ་ནི་རིག་པའི་གོ་མ་ཆོད་དོ།
ཁུངས་ལུང་ལོས་ཡོད་ཅེས་བཅོས་རོགས
མཁྱེན་ཡངས་ཁ་བརྡ་དྲ་ཚིགས་རྩོམ་སྒྲིག་ཚོགས་པས་དགོངས་པ་ཆེ་བཞེས་ཀྱིས་ས་དམིགས་འདིར་མཆན་རྩོམ་འགོད་རྒྱུའི་གོ་སྐབས་སླར་ཡང་གནང་བར་གུས་པས་ཀྱང་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།།
དེ་དང་ཆབས་གཅིག་ཏུ་རྒྱ་ཆེའི་མཆན་རྩོམ་འགོད་མཁན་རྣམ་པ་ལ་རེ་སྐུལ་ཞུ་རྒྱུ་ནི།། སྔར་བཞིན་ཆོས་ལུགས་ཕན་ཚུན་དབར་རུ་ཏྲ་དང་གང་ཟག་སྒེར་ལ་སྐྱོན་བརྗོད་སོགས་མདོར་ན་རང་མི་རིགས་ནང་ཁུལ་ལ་དཀྲུགས་ཤིང་གི་གཞི་རུ་འགྲོ་བའི་གཏམ་ངན་དེ་དག་རིང་དུ་དོར་སྟེ། དོན་ངོ་མའི་ལུང་རིག་དང་འབྲེལ་བའི་བགྲོ་གླེང་ངམ་ཡང་ན་རང་གཞན་ཕན་ཚུན་དབར་དོན་རྐྱེན་འདྲ་མིན་དབང་གིས་དོགས་གཞི་བྱུང་རིགས་རྣམས་ཁ་གསལ་གཏིང་གསལ་གི་སྒོ་ནས་དྲི་བ་དྲི་ལན་དང་གསལ་བཤད་བསྐྱོན་རེས་སོགས་དང་འབྲེལ་ཕྱོགས་གཉིས་ཀར་དགེ་ཕན་ཡོད་པའི་ལམ་བུ་ཞིག་ནས་ཤར་བསྐྱོད་ཐུབ་ཐབས་ལ་འབད་བརྩོན་བྱེད་རོགས་ཞེས་སེམས་གཏིང་ནས་རེ་བ་ཞུ་བཞིན་ཡོད།
མ་ཟད་ངོས་ནས་ཀྱང་གོ་སྐབས་འདི་བརྒྱུད་ནས་གནའ་ནས་ད་བར་བོད་མི་མང་པོ་ཞིག་ཐུགས་ལ་”བོན་པོ་”ནི་དམར་མཆོད་འབུལ་མཁན་ཞིག་དང་དེ་བཞིན་”བོན་གྱི་གཞུང་ལུགས་”ཁག་ཏུ་འབྲས་བུ་སངས་རྒྱས་སྒྲུབ་ཐབས་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་དོགས་གཞི་སོགས་ཀྱིས་མཚོན་དངོས་ཡོད་གནས་སྟངས་དང་འགལ་བའི་བསམ་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་བདེན་ར་སྤྲོད་ཀྱི་གསལ་བཤད་འགའ་ཞིག་ཚིག་འཇམ་དོན་བསྡུས་ཀྱི་སྒོ་ནས་ཞུ་འཆར་ཡོད་མོད།
དེས་ན་ཁྱེད་རྣམ་པས་གོང་ཞུས་བཞིན་ལུང་རིག་དང་འབྲེལ་བའི་བགྲོ་གླེང་ངམ་དེ་བཞིན་དོགས་གཞིའི་རིགས་ཁ་གསལ་གཏིང་གསལ་གྱི་དྲི་བ་དྲི་ལན་ལས། དོན་མེད་ཁ་ངན་ཚིག་ངན་གྱི་རྩོད་རྙོག་གིས་སྤུན་ཟླའི་མི་རིགས་ནང་ཁུལ་ལ་ཆགས་སྡང་མི་སློང་བའི་རེ་བ་ཤིན་ཏུ་ཆེ།། གལ་སྲིད་དེ་ལྟར་བྱུང་ན་ང་ཚོ་ལ་སྔར་བཞིན་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན་པས་ཁོ་བོས་འདི་རིགས་ལ་ཡ་ལན་གང་ཡང་སྟེར་རྩིས་མེད་པས་དགོངས་འཇགས་ཞུ།།
མང་ར་བ་གཡང་རྒྱལ་འབུམ་ལགས། དགོངས་འཆར་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་༼རྗེ་མེ་སྟོན་ཆེན་པོའི་ཞལ་ནས། “སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད།” ཅེས་གསུངས་པ་ལྟར་ཁྱད་པར་ལྔ་ལྡན་གྱི་སྒོ་ནས་ཕྱི་ནང་གི་ཁྱད་པར་འབྱེད་པའི་ཕྱིར་རོ།༽ཞེས་གསུངས་པ་འདི་དང་འདྲ་བར་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཡིད་བཞིན་མཛོད་ལེའུ་བཅུ་་གཉིས་པའི་འགྲེལ་བ་ལས། ད་ནི་ནང་པ་སངས་རྒྱས་པའི་གཞུང་རྒྱ་་ཆེར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་ཅན་གྱི་གཞུང་ཉིད་དབྱེ་བའོ། དང་པོ་་ཡང་བརྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་སྒོམ་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་དང་ལྔ་ལས། ཞེས་གསུངས་པ་དངཕལ་ཆེར་ཆ་འདྲ་བ་རེད་འདུག་ལགས།
འཇམ་དཔལ་རྣོན་པོ་ལགས།
དགོངས་འཆར་ཙམ་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་” འདི་དང་འདྲ་བར་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཡིད་བཞིན་མཛོད་ལེའུ་བཅུ་གཉིས་པའི་འགྲེལ་བ་ལས། ད་ནི་ནང་པ་སངས་རྒྱས་པའི་གཞུང་རྒྱ་་ཆེར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་ཅན་གྱི་གཞུང་ཉིད་དབྱེ་བའོ། དང་པོ་ཡང་བརྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་སྒོམ་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་དང་ལྔ་ལས། ཞེས་གསུངས་པ་དངཕལ་ཆེར་ཆ་འདྲ་བ་རེད་འདུག་ལགས” ཞེས་པའི་དོན་ཅི་ཡིན། སྤྱིར་ཁྱད་འཕགས་ཀྱི་སྐྱེས་བུ་ཐམས་ཅད་སངས་འཕགས་ཀྱི་རྣམ་སྤྲུལ་ཤ་སྟག་ཡིན་པས་ཐུན་མོང་ང་ཅག་གི་སྣང་ངོས་ཆུ་ནང་དུ་ཟླ་གཟུགས་ཤར་བ་ཙམ་ལས་དོན་ལ་དགོངས་པའི་རོ་གཅིག་པས་འདྲ་ན་ཅི་སྐྱོན། གཉིས་སུ་ནང་པ་ཡིན་མིན་གྱི་ཚད་འདི་བན་བོན་ཐུན་མོང་དུ་འདོད་པས་ཀྱང་ཅིས་འགལ།
སྤྱིར་”འདྲ་ན་དངོས་མ་ཡིན་མ་འདྲ་ན་དཔེ་མ་ཡིན་”ཞེས་བཤད་པ་ཡིན་མོད། ཁྱོད་ལ་མིག་འཁྲུལ་འདྲ་བྱུང་བ་མིན་ན་ཁོ་བོས་ལྟོས་ན་འདྲ་ཚུལ་ཞིག་མི་འདུག་སྟེ། བོན་པོས་སྐྱབས་གནས། སྟོན་པ། ལྟ་བ། སྤྱོད་པ། འབྲས་བུ་དང་ལྔ་ལ་བཞག་ཡོད་པ་གང་ཞིག ཀུན་མཁྱེན་ཀློང་ཆེན་པས་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། གོམས་པ་སྒོམ་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་དང་ལྔ་ལ་བཞག་ཡོད་པའི་ཕྱིར། ད་གང་ནས་འདྲ་གྲངས་ཙམ་འདྲ་བའི་ཕྱིར་ཟེར་ན་ཁོ་བོས་ཁྱབ་ལོག་ཅེས་བརྗོད་རྒྱུ་ཡིན་པས་དགོངས་འཇགས་ཞུ།
གྲོགས་པོ་ལགས་དགོངས་པ་ཁྱོན་ནས་མ་ཚོམ་གོང་དུ་ལ་སྟོད་ཚང་གིས་གསུངས་པ་ལྟར་”ཕ་རོལ་འདོད་པའི་ནམ་མ་ལངས་པར། དགག་པའི་ཉི་མ་ཅི་ལ་འཆར་”ཅེས་གསུངས་བ་ལྟར་དོན་ལ་ཅུང་སོམས་ཤིག་ཀྱེ།
༄༅། མཆན་ཨང་《༢༥༠》ནང་སྐུ་ཞབས་གླག་ལགས་ཀྱིས་“ལ་སྟོད་བོན་ཉོན་ཞིག བོན་པོས་དམར་མཆོད་བྱེད་རབས་བན་དེ་དཔེ་ཆ་ཁྱོད་ཀྱིས་ཁས་ལེན་རུང་ངས་འཁུར་ཡོང་གི་མིན། བོན་པོ་ཁྱོད་རང་ཚོའི་དཔེ་ཆ་ཡང་མང་པོ་མི་འདྲེན། བོན་པོའི་བསྐང་བ་འགའ་ཞིག་ལས། སྙིང་ཁྲག་དམར་གྱིས་མཆོད་པ་འབུལ། ཤ་ཁྲག་དམར་གྱིས་མཆོད་པ་འབུལ། ཞེས་དང་། ཡང་མངའ་གསོལ་ཞེས་པ་ཞིག་ལས། རཀྟ་ཁྲག་གིས་མངའ་གསོལ་ལོ། ངང་མོའི་སྙིང་གིས་མངའ་གསོལ་ལོ། དུང་ལུག་སྙིང་གི་མངའ་གསོལ་ལོ། སོགས་མང་བས་མ་ཚད།” ཞེས་གསུངས་འདུག་པ་དེ་ལ་ལན་གོང་དུ་མཆན་ཨང་《༢༧༥》ནང་མང་ར་བ་གཡང་རྒྱལ་འབུམ་ནས་གསལ་ཐག་ཆོད་གསུངས་འདུག་མོད།
འོན་ཀྱང་འདི་ནས་དྲ་གྲོགས་གླག་ལགས་ལ་ཁོང་གིས་གོང་དུ་དྲངས་པའི་བོན་གྱི་ལུང་དེ་དག་མཐའ་གཅིག་ཏུ་བོན་པོས་དམར་མཆོད་འབུལ་བར་སྒྲུབ་བྱེད་ཀྱི་ལུང་ཡིན་ཞེས་བཤད་ཀྱི་ཡོད་ན། ངས་ཀྱང་བན་དེས་དམར་མཆོད་འབུལ་བར་སྒྲུབ་བྱེད་ཀྱི་ལུང་ཞིག་ཁྱབ་མཚུངས་ཀྱི་ཚུལ་དུ་འདྲེན་རྒྱུ་ཡིན་པས་དགོངས་འགལ་མེད་པའི་སྒོ་ནས་བཀའ་ལན་ལྷུག་པོར་གནང་སྐྱོང་ཡོང་བའི་རེ་བ་བྱེད་བཞིན་ཡོད།
དེ་ཡང་བླ་མ་ག་གེ་མོ་ཞིག་དང་མཁས་པ་ག་གེ་མོ་ཞིག་གིས་གསུངས་པ་ཆེས་མང་ཡང་དེ་དག་ཁྱོད་ཀྱིས་ཁས་ལེན་མིན་ལ་དོགས་ནས་རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ཀྱིས་བསྒྱུར་བར་གྲགས་པའི་《དྲི་མེད་བཤགས་རྒྱུད་》ཅེས་པའི་ནང་ནས་གཤམ་གསལ་གྱི་ལུང་དག་མཚན་གཞིའི་ཙམ་དུ་དྲངས་པ་ཡིན།།
“དང་དུ་བླང་བའི་དམ་ཚིག་ལྔ་པོ་ནི།
དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང་།
ཤ་ཆེན་ལ་སོགས་དམ་རྫས་རྣམ་པ་ལྔ།” ཞེས་དང་ཡང་།
“བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་།
དྲི་ཆེན་དྲི་ཆུ་གོ་ཀུ་ད་ཧ་ན།” ཞེས་དང་ཡང་།
“དུར་ཁྲོད་རྫས་མཆོག་ཐལ་ཆེན་བ་སུ་ཏ།།
ཤ་ཁྲག་དམར་གྱི་མཆོད་པ་རབ་སྦྱར་ཏེ།།
བྷནྡྷའི་སྣོད་དུ་དམར་ཆེན་བསྐྱིལ་བ་འདིས།།
ཤ་ཟ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག” ཅེས་དང་། ཡང་།
“ཤ་ཁྲག་བདུད་རྩིའི་མཆོད་པ་ཆེན་པོ་འདིས།། ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག” ཅེས་པ་སོགས་སོ།
འདི་ནི་གོང་ཞུས་བཞིན་གཞུང་གཅིག་ནས་མཚན་གཞི་ཙམ་དྲངས་པ་ལས་བན་དེའི་གསང་སྔགས་ཀྱི་གཞུང་ཕལ་མོ་ཆེར་ལ་ཡང་འདི་ལྟར་ཡོད་ཚོད་འདུག་པས་གྲོགས་པོ་ཁྱོད་ཀྱིས་ཇི་ལྟར་འགྲེལ་རྒྱུ་ཡིན།།
ཡང་ཁྱོད་ཀྱིས་“སྟོན་པ་གཤེན་རབས་ཀྱིས་གཡུང་དྲུང་བོན་གྱི་སྲོལ་འབྱེད་པ་ནས་བཟུང་བཀག་ཡོད་པ་ངས་ཁས་ལེན་བཞིན་ཡོད།” ཞེས་བཤད་པ་ནི་སྤྲེལ་ལད་རང་དུ་མཐོང་། དེ་མིན་ཁྱོད་ཀྱིས་གོང་དུ་བོན་པོ་དམར་མཆོད་འབུལ་བར་སྒྲུབ་བྱེད་ཀྱི་ལུང་དེ་གདོད་མའི་བོན་གཞུང་ཞིག་ནས་འདྲེན་དགོས་པ་ལས། སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་གྱི་གཞུང་ནས་འདྲེན་དགོས་དོན་ཅི་ཡང་མེད་པ་མ་ཟད། གལ་སྲིད་དྲངས་ཀྱང་ར་མགོ་ལུག་སྦྱར་གྱི་དཔེ་ལྟར་ཡོང་བས་སོ།།
མ་གཞི་ངེད་ཅག་གིས་ཀྱང་སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་གྱི་སྲོལ་མ་ཕྱེས་པའི་སྔོན་ལ་བོད་ལ་དམར་མཆོད་འབུལ་བའི་སྲོལ་ཡོད་མ་རེད་ཅེས་སྔ་ཕྱི་བར་གསུམ་གང་དུ་ཡང་བཤད་མ་མྱོང་བས་ཁྱོད་རང་དེ་ཙམ་གྱི་ཆེད་དུ་ཡིན་ན་ད་དུང་ངལ་བ་མ་བསྟེན་པར་བཞུགས་ན་འགྲིག་འདུག་སྙམ། ལར་དེའི་སྔོན་དུ་དམར་མཆོད་འབུལ་མཁན་ཡོད་པ་ཙམ་གྱིས་ཁྱེད་ཀྱིས་བོན་པོས་དམར་མཆོད་འབུལ་བར་སྒྲུབ་ཐུབ་ཀྱི་ཡོད་ན། ང་ཚོས་ཀྱང་དེ་བཞིན་བན་དེས་ལོག་ཆོས་སྤྱོད་པར་སྒྲུབ་ཐུབ་ཚོད་མི་འདུག་གམ།
ཡང་ཁྱེད་ཀྱིས་“དེའི་སྔོན་ན་བོན་པོས་དམར་མཆོད་གཏོང་བཞིན་མེད་ལབ་ན་ཡིད་མི་ཆེས། གོང་གི་ལུང་ཚིག་འདྲ་བོ་མང་པོ་དྲངས་རྒྱུ་ཡོད། དེ་ཡང་བོན་པོའི་བསྐང་བ་དང་སྐུལ་བ་སོགས་ནས་མང་པོ་མཐོང་མྱོང་།”གྲོགས་པོ་ལགས་ཧཧཧཧཧཧ་་་་་ངས་ལྟས་གོང་གི་ལུང་ཚིག་འདྲ་བོ་མང་པོ་དེ་ཚོ་གཡུང་དྲུང་བོན་གྱི་གསང་སྔགས་གཞུང་ནས་ཡིན་ཚོད་འདུག ད་ཁྱེད་ཀྱིས་ལུང་དེ་ཚོ་དྲངས་ནས་སྔོན་ཆད་བོན་པོས་དམར་མཆོད་འབུལ་བར་སྒྲུབ་ཤོགས། ངས་ཀྱང་གོང་དུ་དྲངས་པའི་ལུང་དེ་དག་དང་འདྲ་བ་མང་པོ་དྲངས་ནས་སྔོན་ཆད་བན་དེས་དམར་མཆོད་འབུལ་བར་སྒྲུབ་སར་སླེབས་མི་འདུག་གམ།
འོ་ཡ་དེ་རིང་དེ་ཙམ་ཡིན་རྗེས་སུ་མུ་མཐུད་མཇལ་ཡོང་།།
གསལ་བཤད་ཞུ་རྒྱུ་ཞིག་ལ་གོང་དུ་ངས་ལུང་ཁ་ཤས་དྲངས་པ་དག་དོགས་གཞི་འདྲ་བྱུང་ན་དེ་ལུགས་འབྲེལ་བ་གྱིས་དང་ངས་དཔེ་ཆའི་ཡོང་ཁུངས་དང་ཤོག་གྲངས་ཡིག་ཕྲེང་དང་བཅས་པ་ཁྱེད་ཅག་ལ་བསྟན་ཆོག
ལ་སྟོད་བུ་ལགས།
ཨ་ཡ་མཚན་པར།
“ཐེག་ཆེན་དབུ་མའི་ལུགས་ལ་བདག་གཉིས་ཡོད་པར་འདོད་མཁན་དྲྭ་རྒྱ་འདིར་མི་གཉིས་ཙམ་བྱུང་སོང༌། བདག་དང་བདག་འཛིན་གཉིས་ལ་ཁྱད་པར་ཡོད་དམ་མེད།
བདག་གིས་ཁམས་གསུམ་དུ་ཁ་འཁོར་རྒྱུད་དྲུག་ཏུ་ལུས་ལེན་པར་ག་ལ་བྱེད།
བོན་ལུགས་སུ་ཐེག་པ་ཆེན་པོ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་བདག་གཉིས་ནི་རི་བོང་རྭ་དང་ཁྱད་པར་སྤུ་ཙམ་མེད་པར་འདོད།”
ཉིད་ཀྱི་ངས་བཤད་པའི་དོན་དེ་གོ་ནོར་ཐེབས་འདུག ངས་དབུ་མ་བ་ལུགས་བདག་གཉིས་མེད་པ་ཁས་ལེན་ཞིང་བདག་གཉིས་མེད་པར་སྒྲུབ་པའི་དགོས་བ་དེ་ཙམ་མ་མཆིས་ཀྱང་སྐུ་ཉིད་ཀྱིས་དེ་ལྟར་སྒྲུབ་ཐུགས་རྗེ་ཆེ། དབུ་མའི་ལུགས་ལ་ཆོས་དང་གང་ཟག་གི་བདག་མེད་གཉིས་དོན་དམ་གྱི་ངོ་བོ་མེད་པ་མ་གཏོགས་ཀུན་རྫོབ་ཀྱི་ངོ་བའི་ཡོད་དེ། ཁྱེད་དང་ངེད་གཉིས་གཙོ་བོ་གྱུར་བའི་གང་ཟག་ཀུན་ལ་ང་འཛིན་ལྷན་སྐྱེས་ཀྱི་བློ་ཞིག་སྐྱེས་དུས་ནས་ངང་གིས་ཡོད་པ་མ་ཟད། དགའ་ས་དང་སྡང་ས་ཡོད། ཀླུ་སྒྲུབ་བམ་ཆོས་ལུགས་གཙོ་བདག་དག་གིས་དེ་ནི་མ་དག་སྣང་ངོ་བོའི་སྣང་བའི་སྒྱུ་མ་ཙམ་གྱི་བདེན་པ་ཡིན་ཞིང་། དོན་དམ་གྱི་ངོ་བོ་དེ་ལྟར་མིན་ཚུལ་གསུངས་ཏེ། སྤྱི་མཐུན་གྱི་མིས་ལྟ་སྟངས་ལས་བརྒལ་བས་ཀུན་གྱིས་བཀུར་ཞིང་མཆོད་པའི་གནས་སུ་གྱུར། དེ་ལྟར་མིན་གང་ཟག་ཀུན་གྱིས་སྐྱེས་ཉིན་ནས་བདག་མེད་མངོན་སུམ་རྟོགས་ན་ཀླུ་སྒྲུབ་ཀྱིས་གསུངས་བའི་དབུ་མིའི་ཆོས་ཀྱི་སྐོར་རྟེན་འབྲེལ་གསུངས་དགོས་དོན་མེད་ལ། རྟེན་འབྲེལ་ལ་མ་རྟེན་པའི་གང་ཟག་རང་རྐྱལ་འཕེལ་བའི་བདག་ཅིག་མེད་ཚུལ་དེ་བས་ཀྱང་གསུངས་དགོས་དོན་ཏེ། ཀུན་གྱིས་སྐྱེས་ཉི་ནས་རྟོགས་པས་གསུངས་ཀྱང་དགོས་བ་མེད་པས་སོ།
ཁྱེད་ཀྱིས་གསུངས་བའི་རི་བོང་གི་རྭ་མེད་པས་རྭ་འཛིན་ལྷན་སྐྱེས་ཀྱི་བློ་མི་སྐྱེས་ཟེར་བ་ནི་དོན་དངོས་དང་མི་མཐུན་ཏེ། མཁྲིས་ནད་ཅན་གྱིས་གངས་རི་སེར་པོ་མཐོང་བ་དང་། སེམས་ནད་ཅན་གྱིས་ཡོད་ཚད་སྡུག་ངལ་དུ་མཐོང་བ། ཆགས་སྲེད་ཅན་གྱིས་ཡོད་ཚད་མཛེས་བ་མཐོང་བ་སོགས་མདོར་ན་མིའི་སེམས་ཀྱི་ཁྱེར་གསོ་ཀུན་ལ་ཡིན་རྟོན་ཅི། དེ་རིང་ཡག་པོ་མཐོང་བ་སང་ཉིན་བཙོག་བས་སོ། དེ་བརྟེན། ཏིང་ངེ་འཛིན་གྱི་རྒྱལ་པོ་མོད་ལས། མིག་དང་རྣ་བ་སྣ་བཅས་ཚད་མ་མིན།། གལ་སྲིད་དབང་བོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱི་བདེན་པས་ཅི་ཞིག་བྱ།། ཞེས་གསུངས་བ་དོན་གནས། འོན་ཀྱང་།
ཉིད་ཀྱིས “བདག་འཛིན་གྱི་དབང་གིས་ང་ཚོ་ཐམས་ཆད་ཁམས་གསུམ་དུ་ཁ་འཁོར་རྒྱུད་དྲུག་ཏུ་ལུས་བླངས་པ་མ་གཏོགས་བདག་གིས་བྱེད་པ་གང་ཡང་མ་ཡིན་ནོ།” ཁྱེད་ཀྱིས་བདག་གཉིས་མེད་ཀྱང་བདག་འཛིན་ཡོད་པ་ཁས་ལེན་པས་ངེད་གཉིས་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ལས་གནད་དོན་མི་མཐུན་པ་མེད། འོན་ཀྱང་དབུ་མའི་ལུགས་ལ་ཀུན་རྫོབ་པའི་ངོ་བོར་བདག་གཉིས་ནི་དུས་ཀུན་སྤངས་བྱ་ཡིན། དོན་དམ་གྱི་ངོ་བོར་རྟོགས་བྱ་ཡིན། བོན་གྱིས་ཀུན་རྫོབ་པའི་ཐ་སྙད་འདི་ཁས་ལེན་ནམ།
ཡ་ད་ནི་གྲོགས་པོ་ཚོ། ངས་ཁྱོད་ཚོས་བན་དེ་ཟེར་དུས་སྐྱག་པ་ཞིག་གི་ཚོད་དུ་མི་འཇོག་ཅེས་ཟེར་དོན་ནི་ཁྱོད་ཚོས་སྔོན་དུ་བོན་སྒོ་འདོན་ཐེངས་བཅོ་བརྒྱད་པའི་ལུང་དྲངས་སོང་ང་། བན་དེ་ཟེར་དུས་མི་གསོད་ལག་དམར། ཕ་དགྲ་བོན་གཤེད། འདི་འདྲའི་ནུ་བོ་ཞིག་ཡོད་ན་བདུད་རེད་སོགས་གསུངས་སོང་ང་། རྒྱུ་མཚན་དེ་འདྲ་ཞིག་མ་གཏོགས་གང་ཡང་མེད། བན་དེའི་ཕྱོགས་ནས་མ་མཐའ་ཡང་བོན་ལ་དཀར་ནག་ཅིག་ཕྱེས་འདུག བོན་གྱི་ཕྱོགས་ནས་བན་དེ་ལ་དཀར་ནག་ཅིག་ཀྱང་མ་ཕྱེས་པར་ཚང་མ་བན་ནག་གི་ཕྱོགས་སུ་འདེད་རྐྱང་བྱེད་ཀྱིན་འདུག ངས་ལོ་རྒྱུས་ཀྱི་ཆ་ནས་བོན་འདི་བན་དེའི་ཕུ་བོ་རེད་ལབ་དུས་དེ་ཡང་ཁྱོད་ཚོས་ངོས་ལེན་གནང་མ་སོང་། ཐ་ན་བོན་ལ་འབྲེལ་བ་མེད་པའི་གླང་དར་ཡན་ཆོད་ལ་བསྟད་ནས་བན་དེའི་སེམས་ལ་ཅི་གནོད་བྱེད་པ་དེ་ཚོ་རྒྱུ་མཚན་ཡིན། སྔོན་དུས་བོན་པོ་ཚོས་བན་དེ་ལ་ཀྱག་ཀྱག་བྱས་ནས་གླང་དར་ལ་བསྟོད་པ་བྱེད་མཁན་དེ་འདྲ་ཡོད་པ་གོ་མ་མྱོང་།
ངས་ཆོས་ཟེར་བ་ཞིག་མི་ཤེས། དེའི་ཕྱོགས་ནས་ཁྱོད་ཚོས་བཀའ་བཀྱོན་གནང་ན་མགོ་སྒུར་རྐྱང་ཡིན། མ་གཞི་ཆོས་མི་ཤེས་ཚོ་ཕར་ཞོག ཆོས་ཟེར་བ་ཞིག་ཁས་ལེན་ཐུབ་མི་ཐུབ་ཟེར་ནས་དྲིས་ན་ཕལ་ཆེར་མི་ཐུབ་ཟེར་བའི་ཚོད་དུ་སླེབས་འདུག དགེ་ལུགས་པས་རྫོགས་ཆེན་ཁས་མི་ལེན་ཟེར་བ་དེ་ཡང་བདེན་པ་མ་རེད། རྙིང་མའི་རྫོགས་ཆེན་དེ་བོད་ཀྱི་ཆོས་རྒྱུད་ཚང་མས་ཁས་ལེན་གྱི་རེད། རྫོགས་ཆེན་སེམས་སྡེའི་མན་ངག་རེ་རེ་བཞིན་གྲུབ་ཐོབ་སོ་སོས་ཉམས་སུ་ལེན་ཚུལ་གྱིས་ཕྱག་ཆེན་ལམ་འབྲས་ཞི་བྱེད་དང་ཟུང་འཇུག་དབུ་མ་ཆེན་པོ་སོགས་མཚན་གྱི་རྣམ་་གྲངས་སོ་སོར་གྲགས་པ་མ་གཏོགས་དོན་ལ་གཅིག་ཡིན་ཚུལ་ཞིག་གསུངས་ཡོད་པ་དྲན་སོང་། མིང་ལ་རྫོགས་ཆེན་བཏགས་རུང་མ་བཏགས་རུང་དོན་ལ་ཁས་བླངས་ཡོད་པ་རེད།
(ཨ་ནུ་ཐང་བསོད་ནམས་ནས།)
༼ཉིད་ཀྱི་ངས་བཤད་པའི་དོན་དེ་གོ་ནོར་ཐེབས་འདུག ངས་དབུ་མ་བ་ལུགས་བདག་གཉིས་མེད་པ་ཁས་ལེན་ཞིང་བདག་གཉིས་མེད་པར་སྒྲུབ་པའི་དགོས་བ་དེ་ཙམ་མ་མཆིས་ཀྱང་སྐུ་ཉིད་ཀྱིས་དེ་ལྟར་སྒྲུབ་ཐུགས་རྗེ་ཆེ། དབུ་མའི་ལུགས་ལ་ཆོས་དང་གང་ཟག་གི་བདག་མེད་གཉིས་དོན་དམ་གྱི་ངོ་བོ་མེད་པ་མ་གཏོགས་ཀུན་རྫོབ་ཀྱི་ངོ་བའི་ཡོད་དེ།༽
།ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་རང་གི་དོན་དམ་གྱི་ངོ་བོར་ཡོད་མེད་དེ་གང་ཞིག་ལ་འཇོག་གམ། དོན་དམ་པ་དེ་མཉམ་བཞག་ཡེ་ཤེས་ལ་འཇོག་རྒྱུ་ཡིན་ན་ནི་བདག་མེད་གཉིས་ཏེ་འཕགས་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་ཀྱི་ངོ་བོར་མ་གྲུབ་ན་བདག་གཉིས་མེད་པར་མངོན་སུམ་དུ་གསར་དུ་རྟོགས་པའི་བློ་དེ་རྗེས་ཐོབ་ཞིག་རེད་དམ། ཡང་ན་ཁྱོད་དང་ང་ཚོའི་རྒྱུད་ལ་ཡོད་པའི་བློ་ཞིག་རེད། དགག་བྱ་དོན་དམ་ལ་འཇོག་རྒྱུ་ཡིན་ན་དེ་ནི་དབུ་མའི་ལུགས་ལ་བོན་ཐམས་ཅད་དོན་དམ་པའི་ངོ་བོར་མེད་པ་འདྲ་མཚུངས་སོ། དོན་དམ་གྱི་ངོ་བོར་མེད་ན་མེད་པས་ཁྱབ་པ་ཡོད་དམ་མེད། གལ་ཏེ་དོན་དམ་གྱི་ངོ་བོར་མེད་ན་མེད་པས་ཁྱབ་པ་ཡོད་ན། ཀུན་རྫོབ་ཀྱི་བོན་ཐམས་ཅད་མེད་པར་ཐལ། དོན་དམ་གྱི་ངོ་བོར་མ་གྲུབ་པའི་ཕྱིར། དོན་དམ་གྱི་ངོ་བོར་མ་གྲུབ་སྟེ། རིག་ངོས་ཀྱི་དགག་བྱ་ཡིན་པའི་ཕྱིར།
བློ་ཀུན་རྫོབ་ཀྱི་ངོ་བོར་ཡོད་ན་ཡོད་པས་ཁྱབ་བམ་མ་ཁྱབ། ཁྱབ་ན་བདེན་གྲུབ་དང་རང་བཞིན་གྱི་གྲུབ་པ་ལས་སོགས་ཡོད་པར་ཐལ། བློ་ཀུན་རྫོབ་ཀྱི་ངོ་བོར་ཡོད་པའི་ཕྱིར།
ཁྱེད་དང་ངེད་གཉིས་གཙོ་བོ་གྱུར་བའི་གང་ཟག་ཀུན་ལ་ང་འཛིན་ལྷན་སྐྱེས་ཀྱི་བློ་ཞིག་སྐྱེས་དུས་ནས་ངང་གིས་ཡོད་པ་མ་ཟད། དགའ་ས་དང་སྡང་ས་ཡོད། ཀླུ་སྒྲུབ་བམ་ཆོས་ལུགས་གཙོ་བདག་དག་གིས་དེ་ནི་མ་དག་སྣང་ངོ་བོའི་སྣང་བའི་སྒྱུ་མ་ཙམ་གྱི་བདེན་པ་ཡིན་ཞིང་། དོན་དམ་གྱི་ངོ་བོ་དེ་ལྟར་མིན་ཚུལ་གསུངས་ཏེ། སྤྱི་མཐུན་གྱི་མིས་ལྟ་སྟངས་ལས་བརྒལ་བས་ཀུན་གྱིས་བཀུར་ཞིང་མཆོད་པའི་གནས་སུ་གྱུར།༽
ཡང་ཁྱེད་རང་གོ་ནོར་ཐེབས་འདུག ངས་བདག་འཛིན་ལྷ་སྐྱེས་དང་ཀུན་བརྟགས་གཉིས་མེད་པར་འདོད་པ་ནམ་ཡང་ཁས་ལན་མེད་པས་ཁྱེད་རང་ག་རེ་གསུང་གི་ཡོད་དམ། ཡོད་དང་ཡོད་ངས་བདག་གཉིས་མེད་ཅེས་བཤད་པ་མ་གཏོགས་བདག་འཛིན་གཉིས་མེད་པར་ནམ་ཡང་ཁས་བླངས་པ་མེད་དོ། འོ་ན། བདག་འཛིན་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཁྱེད་གཉིས་ཀྱིས་བདག་གཉིས་ཡོད་པར་ཞལ་བཞེས་པ་ཡིན་ནམ། འོ་དེ་ནི་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་མ་ཕྱེ་ནས་ཅུང་འདྲེས་པའི་སྐྱོན་རེད་འདུག་ ཁྱེད་ལྟར་ན། ཀུན་རྫོབ་བདེན་པ་དེ་ཉིད་བྱིས་པ་སོ་སོའི་སྐྱེས་བོ་ཁོ་ནའི་ངོ་བོར་འཇོག་རྒྱུ་ཡིན་ནམ།
གང་ཡིན་ཟེར་ན་བདག་གཉིས་ཀུན་རྫོབ་ལ་ལྟོས་ཏེ་ཡོད་ཚུལ་ཅིག་བཤད་སོང༌།
དེ་ལྟར་ན་འཕགས་རྒྱུད་ཀྱི་རྗེས་ཐོབ་དང་ཇི་སྙེད་མཁྱེན་པའི་རྣམ་མཁྱེན་གྱི་ངོར་ཀུན་རྫོབ་ཀྱི་བོན་གང་ཡང་
འཇོག་རྒྱུ་མེད་པར་རིགས། དེ་ལྟར་ན་དག་པ་ཀུན་རྫོབ་དང་མ་དག་པའི་ཀུན་རྫོབ་གཉིས་འཇོག་རྒྱུ་མེད་པར་
ཐལ་བར་འགྱུར་རོ། ངར་འཛིན་ཀུན་བཏགས་དང་་ལྷན་སྐྱེས་ཀྱི་སྐོར་ལ་འགྲེལ་བཤད་དེ་ཙམ་དགོས་པ་མི་འདུག་གང་ཡིན་ཟེར་ན། ངས་བདག་འཛིན་དེ་གཉིས་མེད་པར་འདོད་པ་མེད་པས་སོ།
༼ཁྱེད་ཀྱིས་གསུངས་བའི་རི་བོང་གི་རྭ་མེད་པས་རྭ་འཛིན་ལྷན་སྐྱེས་ཀྱི་བློ་མི་སྐྱེས་ཟེར་བ་ནི་དོན་དངོས་དང་མི་མཐུན་ཏེ། མཁྲིས་ནད་ཅན་གྱིས་གངས་རི་སེར་པོ་མཐོང་བ་དང་། སེམས་ནད་ཅན་གྱིས་ཡོད་ཚད་སྡུག་ངལ་དུ་མཐོང་བ། ཆགས་སྲེད་ཅན་གྱིས་ཡོད་ཚད་མཛེས་བ་མཐོང་བ་སོགས་མདོར་ན་མིའི་སེམས་ཀྱི་ཁྱེར་གསོ་ཀུན་ལ་ཡིན་རྟོན་ཅི། དེ་རིང་ཡག་པོ་མཐོང་བ་སང་ཉིན་བཙོག་བས་སོ། དེ་བརྟེན། ཏིང་ངེ་འཛིན་གྱི་རྒྱལ་པོ་མོད་ལས། མིག་དང་རྣ་བ་སྣ་བཅས་ཚད་མ་མིན།། གལ་སྲིད་དབང་བོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱི་བདེན་པས་ཅི་ཞིག་བྱ།། ཞེས་གསུངས་བ་དོན་གནས།༽
ཁྱེད་ཀྱིས་དེ་ཡི་སྐོར་ལ་འགྲེལ་བཤད་མང་པོ་ཞིག་བྱས་འདུག་ང་ལ་དགོས་པ་གང་ཡང་མི་འདུག ཁྱོད་ཀྱིས་གོང་དུ་བཤད་པ་དེ་དག་ནི་ཡང་དག་དང་ལོག་པ་ཀུན་རྫོབ་གཉིས་ཀྱི་སྐོར་ལ་རེད་འདུག བོན་གྱི་ལུགས་ལ་དེ་ཡི་སྐོར་ལ་ཤིན་ཏུ་རྒྱ་ཆེ་བར་ཡོད་དོ། དབུ་མ་བདེན་གཉིས་ཀྱི་གཞུང་ལས། བྱིས་པ་སོ་སོའི་སྐྱེ་བོ་ལ། སྣ་ཚོགས་སྣང་ཞིང་བདེན་པར་ཞེན། དམ་པས་རྗེས་ཤེས་སྣང་བ་རྣམས། སྒྱུ་མ་བཞིན་དུ་རྫུན་པར་རྟོགས། ཞེས་པ་ལྟར་རོ།
༼འོན་ཀྱང་འོན་ཀྱང་དབུ་མའི་ལུགས་ལ་ཀུན་རྫོབ་པའི་ངོ་བོར་བདག་གཉིས་ནི་དུས་ཀུན་སྤངས་བྱ་ཡིན། དོན་དམ་གྱི་ངོ་བོར་རྟོགས་བྱ་ཡིན། བོན་གྱིས་ཀུན་རྫོབ་པའི་ཐ་སྙད་འདི་ཁས་ལེན་ནམ།༽
ད་དུང་ཁྱེད་ལ་གོ་བརྡ་ཞིག་འཕྲོད་མི་འདུག ཀུན་རྫོབ་པའི་ངོ་བོར་ཡང་བདག་གཉིས་སྤངས་བྱ་ཡིན་པར་ནམ་ཡང་མི་འདོད།
ཁྱེད་རང་ཕྱིར་ཕྱོགས་སུ་ཡོད་འདུག་པས། ཞལ་པར་བརྒྱུད་ནས་གདན་སར་དགེ་བཤེས་ལེགས་གྲས་ཞིག་ལ་སྐད་ཆ་དྲིས་གནང་དང་དེ་ལྟར་ནམ་ཡང་འདོད་མི་རིགས། གལ་ཏེ་བདག་གཉིས་ཡོད་ཀྱང་སྤང་བྱ་ཇི་ལྟར་འགྱུར་རམ། ས་ལམ་སྐབས་ཀྱི་སྤང་བྱ་ཞེས་པ་ནི་ཤེས་པ་ཞིག་ཡིན་དགོས་ཀྱི་རེད། སྤང་བྱ་དེ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སམ། མཐོང་སྤང་དང་གོམ་སྤང་གཉིས་སུ་དབྱེ་ཡོད།
བདག་གཉིས་ཡོད་པའི་དབང་དུ་བཏང་ནའང་དེ་ཡུལ་ཡིན་དགོས་ཤིང་དེ་གཉིས་འཛིན་པའི་བློ་གཉིས་ལ་
བདག་འཛིན་ཞེས་བརྗོད་དགོས། འདི་ལ་ངལ་བ་བསྟེན་དགོས་མི་འདུག ད་ངས་བྱེད་དུས་ཁྱེད་གཉིས་ཀྱི་དགེ་རྒན་དེལ་དྭོགས་པ་ཆེན་པོ་ཞིག་འདུག ལམ་ནོར་འཁྲིད་མེད་དམ་སྙམས་པ་འདུག
གཟབ་གཟབ་གནང་རོགས།
༼བོན་གྱིས་ཀུན་རྫོབ་པའི་ཐ་སྙད་འདི་ཁས་ལེན་ནམ།༽་
ཁྱེད་རང་བན་དེ་ཚོས་བོན་པོ་ཟེར་མཁན་དེ་ཉིན་ལྟར་གྲོང་ཆོག་ལ་ཕྱིན་ཏེ་རྔ་གཤང་བཀྲོལ་ཏེ་ཆང་འཐུང་ཇ་
འཐུང་བྱས་ཏེ་བསྡོད་མཁན་ཞིག་ལ་བསམ་བློར་ཡོད་པའི་རྒྱུ་མཚན་གྱིས་དྲི་བ་འདི་སླེབས་རེད་མ་གཏོགས་
གཞན་རྒྱུ་མཚན་མི་འདུག ད་ལྟ་རྒྱ་གར་དུ་དེ་འདྲའི་ཞབས་བརྟན་བྱེད་སའི་བོན་པོ་ཞེ་དྲག་ལྷག་མི་འདུག བོད་གཞིས་ཆེ་ཁག་དེ་རིགས་ལ་བོན་པོ་ཉུང་ཤས་ཡོད་པ་དག་བན་དེར་བསྒྱུར་ཟིན་འདུག ཕྱི་རྒྱལ་ལ་ཡོད་པའི་བོན་པོ་དེ་ཚོའི་ཕྲུ་གུ་རྣམས་རྐྱང་རིམ་བཞིན་བན་དེར་འགྱུར་ངེས་རེད། གང་ཡིན་ཟེར་ན་བོད་ཀྱི་རིག་གཞུང་སློབ་གཉེར་ཁང་ཟེར་བ་བོད་མི་གནས་བསྡོད་ཀྱི་ས་གནས་རྣམས་སུ་དགེ་བཤེས་རེ་གདན་འདྲེན་ཞུས་ཏེ་བན་དེ་མ་གཏོགས་བོན་པོའི་མ་ཏྲི་ཙམ་ཀྱང་བསླབ་མཁན་ནི་མེད། ད་ག་ལེར་ག་ལེར་བསམ་དོན་འགྲུབ་ངེས་རེད་འདུག དགོངས་དག་འདི་ཁྱེད་ལ་ཞུས་པ་ར྄ྩ་བ་ཉིད་ནས་མ་ཡིན། ང་རང་བློ་མི་བདེ་སར་གླེང་གླང་མང་ཟེར་བ་དེ་བྱུང་སོང༌།
མ་འོང་པར་ཁ྄ྱེད་དང་ང་གཉིས་ག་ལེར་ག྄ྲོགས་པོ་ཡག་པོ་ཞིག་འབ྄ྱུང་པའི་རེ་བ་ཡོད།
ཁ྄ྱེད་རང་ནི་བསམ་ཤེས་ཅན་ག྄ྱི་མི་ཞིག་ཏུ་མ་ཟད་ཁོག་ར྄ྒ྄ྱ་ཆེ་བ་མདའ་ཤོང་མདུང་ཤོང་ནམ་མཁའ་ལ྄ྟ་བུ་ཞིག་ཏུ་མཐོང་བ྄ྱུང་ཐུགས་ར྄ྗེ་ཆེ།
སྤོབས་པ་མཐའ་ཡས། ཁྱོད་ལ་གོ་བ་ཞིག་མེད་གི། ངན་ཁྱོད་ལ་ བྱེ་བྲག་གི་ངོ་བོ་ཁྱེར་ནས་སྤྱིའི་ངོ་བོར་མ་འཇོག་རོགས་ཞེས་ཐེངས་འགར་བཤད་ཡོད། ད་བྱས་དུས་འདི་ཁྱོད་ཀྱི་དབྱེན་དཀྲུགས་ཀྱི་ཐབས་ཤིག་ཉག་ཅིག་དེ་ཡིན་པ་འདྲ། སྐབས་རེར་ཁྱོད་གནས་ལུགས་ལ་རྟོན་པ་ལས་དུང་ཞེན་ལ་མི་སྟོན་པ་ཞིག་དང་འདྲ་ལ། ལན་རེར་ཁྱོད་དུང་ཞེན་ལ་རྟོན་པ་ལས་གནས་ལུགས་ལ་མི་རྟོན་པ་ཞིག་དང་ཡང་འདྲ། ཁྱོད་ཀྱིས་སོམས་ཤིག བོན་སྒོའི་ཐོག་ཏུ་བཤད་པ་དེ་བོན་ལ་སྡང་ཟུག་དང་གཏོར་བཤིག་བྱེད་མཁན་དེ་ཚོ་ཡིན་པ་ལས་བན་སྡེ་སྤྱི་ལ་ཟེར་བ་མ་རེད། འདི་ཁྱོད་ཀྱིས་བྱེ་བྲག་གི་ངོ་ཁྱེར་ནས་སྤྱིའི་ངོ་བོར་སྦྱར་བ་རེད། ཡང་བོན་སྒོའི་ཐོག་ཏུ་བྲིས་པ་དེ་ རྩོམ་སྒྲིག་པའི་གཏམ ཡིན་པ་ལས་བོན་པོ་སྤྱི་དང་ཡང་ན་བོན་པོའི་ཚབ་མཚོན་མི་སྣ་ཞིག་གི་སྐད་ཆ་མ་རེད། དེ་ཡང་ཁྱོད་ཀྱིས་བྱེ་བྲག་གི་ངོ་བོ་ཁྱེར་ནས་སྤྱིའི་ངོ་བོར་སྦྱར་བ་རེད། ཕུ་ནུའི་འབྲེལ་བ་ལ་ངོས་ལེན་མི་བྱེད་ཅེས་པ་དེ་ཡང་དེ་ལྟར་ཡིན་པ་ལས་སྤྱི་ཡི་བོ་ངོ་གང་ཡང་མ་རེད། དེར་མ་ཟད་འཇུ་མི་ཕམ་དང་རོང་སྟོན་ཤེས་བྱ་ཀུན་རིག ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སོགས་ཆོས་བརྒྱུད་ཆེན་པོ་དག་གི་ཁྲོད་དུ་བཞུགས་པའི་རིས་མེད་ཀྱི་སྐྱེས་མཆོག་འདི་བོན་གྱི་ནུ་བོར་མ་ཟད་ཕ་མ་རེད་ཅེས་བཤད་ནའང་དགའ་རྒྱུ་ལས་སྡུག་རྒྱུ་ཅི་ཡོད། འདི་འདྲའི་ཐུགས་སྣང་གཤིན་པའི་ཆོས་བརྒྱུད་ཁག་གི་བླ་མ་དང་གྲྭ་བ་མང་པོ་ཞིག་ཡོད་པ་དེ་དག་སྤྱི་ངོ་བོར་མི་འཇོག་པར་སྡུག་ལས་སྣ་ཚོགས་བྱེད་མཁན་ཚོ་སྤྱི་ངོ་བོར་འཇོག་པ་འདི་འདྲ་བའི་ཐབས་སྡུག་ཅིག་གང་ན་ཡོད། དོན་གྱི་བླ་མ་དམ་པ་འདི་ཚོས་སྤྱིའི་ངོ་བོ་མཚོན་མི་ཐུབ་ན་མིང་ལ་བླ་མར་བཏགས། དོན་ལ་བདུད་ལས་བྱེད་མཁན་ཚོས་སྤྱིའི་ངོ་བོ་མཚོན་ཐུབ་པའི་རྒྱུ་མཚན་འདྲ་བགྲང་རྒྱུ་ཨེ་ཡོད།
ཁྲི་དར་མ་ལ་བོན་པོས་བན་སྡེར་ཀྱག་ཀྱག་བྱས་ཏེ་བསྟོད་པ་བྱས་པ་གང་ཡང་མེད། མཁར་རྨེའུ་ཡིས་རྒྱུ་མཚན་དང་ལུང་རྙིང་དྲངས་ཏེ་གནས་ལུགས་ཤིག་བཤད་༼བན་སྡེའི་ཁྲོད་དུའང་འདི་ལ་འཐད་མོས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད།༽པ་ལས་གཞན་གང་ཡང་མ་རེད། ཁྱོད་ཀྱིས་བསམ་ཚུལ་ལ་ལྷ་ལུང་དཔལ་རྡོར་ལ་ནག་ཉེས་ཕོག་ན་བན་སྡེ་སྤྱི་ལ་ནག་ཉེས་ཕོག་ཡོང་སྙམ་བཞིན་ཡོད་པ་འདྲ། འདི་ཡང་ཁྱོད་ཀྱིས་བྱེ་བྲག་གི་ངོ་བོ་ཁྱེར་ནས་སྤྱིའི་ངོ་བོར་འཇོག་པའི་གཤིས་ཀ་དེའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རེད། མཁྲིས་ནད་ཅན་གྱི་མིག་གིས་བལྟས་ན་གངས་རི་ཡང་སེར་པོར་མཐོང་བ་འདི་ནད་རྟགས་རེད། ལར་ནས་མཁར་རྨེའུ་བསམ་གཏན་གྱི་སྐད་ཆ་དེ་དག་བོན་པོའི་སྐད་ཆ་མ་རེད་ལ་ཁོང་བོན་པོའི་ཚབ་མཚོན་དེ་བས་ཀྱང་མ་རེད། དེ་ལས་ལྡོག་སྟེ་ཁོང་བོན་པོ་དང་ཆོས་ལུགས་གང་ལའང་དད་པ་མེད་མཁན་ཞིག་རེད། འདི་མི་བདེན་སྙམ་ན་མཁར་རྨེའུ་ལ་རྒྱུས་ཡོད་མཁན་ཚོར་སྐད་ཆ་དྲིས་ཤིག
ཁྱོད་ཐུགས་བདེན། རྒྱ་རྒན་མའོ་ཙེ་ཏུང་འདྲ་བོས་ཀྱང་”བརྟག་དཔྱད་ཞིབ་འཇུག་མ་བྱས་པར་གཏམ་བཤད་པའི་དབང་ཆ་མེད”ཟེར་ཡོད་ཐལ། རྩྭ་མྱི་ཤིང་མྱི་འདི་ཚོ་རྒྱ་རྒན་སོ་སེར་དེ་ལའང་མ་དོ་ནི་རེད།
ཨ་ནུ་ཐང་བསོད་ནམས་ལགས། འདིར་ངས་ཀྱང་འཚང་ག་ཞིག་རྒྱག་རྒྱུ་ཡིན་པས་དགོངས་འགལ་མེད་པར་ཞུ། ངས་གོ་ཚུལ་ལ་ཁྱོད་ཀྱིས་བདག་འཛིན་གྱི་ངོ་བོར་བདག་འཛིན་ཡོད་མེད་ཅིག་བཤད་ཀྱིན་ཡོད་པ་འདྲ། དེ་འདྲ་ཡིན་ན་ཁྱོད་རང་བདེན་པ་རེད། བདག་འཛིན་གྱི་ངོ་བོར་བདག་ཡོད་པ་སྟེ་རི་བོང་རྭ་འཛིན་གྱི་ངོ་བོར་རི་བོང་ཡོད་པ་དང་འདྲ། འོན་ཀྱང་དེས་ཀུན་རྫོབ་ཀྱི་ངོ་བོར་ཡོད་པས་གོ་ག་ལ་ཆོད། དེར་མ་ཟད་བདག་འཛིན་གྱི་ངོ་བོར་བདག་གཉིས་སྤངས་བྱ་ཡིན་༼བདག་གཉིས་ཡུལ་ཅན་དུ་འདོད་ན་འདི་ལྟར་མིན་ཡང་༽ན་བདག་འཛིན་དེས་བདག་མེད་པར་འཛིན་དགོས་པ་ལས་གཞན་སྤངས་བྱ་ཡིན་པ་འཛིན་ཚུལ་ཞིག་མེད། དོན་དམ་གྱི་ངོ་བོར་དེ་བས་ཀྱང་བཤད་མི་དགོས་ཏེ་བདག་ཡུལ་དུ་འདོད་ཀྱང་རུང་ཡུལ་ཅན་དུ་འདོད་ཀྱང་རུང་གང་ལྟར་ཀུན་རྫོབ་རང་ཡིན་པས་སོ། ལུང་དྲངས་པ་དེའི་འགྲོས་ལ་བལྟས་ན་སྤངས་བྱ་དང་རྟོགས་བྱ་གཉིས་འགལ་དགོས་པ་འདྲ་ཞིག་འདུག་པས་ཁྱེད་རང་དེ་ལ་འཁྲུལ་བ་མིན་ནམ། དེ་འདྲ་ཡིན་ན་ སྤངས་བྱ་དང་བླངས་བྱ་གཉིས་འགལ་བ་ཡིན་ནམ་མིན། ཡིན་ན་སྤངས་བྱ་ཡིན་ན་མེད་པའི་ཁྱབ་མ་ཁྱབ། མ་ཁྱབ་ན་མ་ཁྱབ་པའི་མུ་དེ་བོན་ཅན། རྟོགས་བྱ་མ་ཡིན་པར་ཐལ་སྤངས་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཡིན་པར་ཐལ་ཡོད་པ་ཡིན་པའི་ཕྱིར། རྟགས་ཁས། དེ་ཡང་ཡིན་ཏེ་ཁྱོད་ཀྱིས་སྤངས་བྱ་ཡིན་ན་མེད་པའི་མ་ཁྱབ་པའི་མུ་དེ་བཞག་པའི་ཕྱིར།
སྤོབས་པ་ལགས།
གོང་དུ་གསལ་བཤད་དང་བསླབ་བྱ་རིམ་བཞིན་དུ་ཞུས་ཟིན་འདུག་མོད། གལ་པོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་ཚིག་ཁ་ཤས་ཤིག་བསྐྱར་དུ་ཞུ་འདོད་བྱུང་།
སྤྱིར་དམུ་ཐག་གི་བུས་གསུངས་པ་ནང་བཞིན་མི་སྒེར་ཞིག་གིས་ཚིག་དེ་ཚད་མར་བཟུང་ནས་བོན་པོ་སྤྱི་ལ་དབྱུག་པ་ལེབ་བརྡུང་གནང་དོན་ཡོད་པ་མ་རེད། ང་ཚོས་བན་དེ་ཟེར་དུས་སྐྱག་པ་ཞིག་གི་ཚོད་དུ་མི་འཇོག་ཅེས་པའི་དོན་ཅི་རེད། བན་བོན་གཉིས་ནང་དཀྲུགས་ཀྱི་ཚིག་ངན་ཞིག་མ་རེད་དམ། ཁྱོད་ཀྱིས་འདི་ལྟར་བཤད་དུས་ངའི་གྲོགས་པོ་ཞིག་གིས་སྔར་ཁྱོད་ཀྱི་སྐོར་ང་ལ་བཤད་བྱུང་བ་དེ་ངས་བདེན་པ་འདྲ་བོ་ཚོར་བྱུང་། སྤྱིར་ཡིན་ན་ཁྱོད་ཀྱི་སྐོར་སྔར་དྲ་གྲོགས་མང་པོ་ཞིག་གིས་ཤེས་མདོག་དང་གསལ་མདོག་གིས་མང་པོ་གླེང་སོང་མོད། ཁོ་བོ་ཁོངས་དགོད་ཅིག་ཤོར་ནས་བསྡད་པ་ལས་གསལ་བཤད་ཅི་ཡང་བྱས་མེད། དེ་ཡང་མཐུན་སྒྲིལ་ལ་བསམ་བློ་གཏོང་ཁུལ་ཡིན། ཁྱོད་རང་ཞོ་འཕོངས་ནས་ཡིན་པ་དང་དགེ་ཆོས་ཀྱི་སྤྲུལ་བ་ཡིན་རབས་སོགས་ཀྱིས་ཨུ་ཚུགས་དང་ལབ་གླེང་ཡང་མང་པོ་བྱུང་རབས། རྙིང་མ་པ་ཞིག་ཡིན་རབས་སོགས་ངས་མང་པོ་མི་བཤད། དེ་བཤད་ཀྱང་ཁྱོད་སྒེར་དང་རྙིང་མའི་བསྟན་པ་ལ་སྐྱོན་འཛུགས་འདྲ་ཅི་ཡང་མ་རེད། ཡིན་ན་ཡང་ཁྱོད་ཀྱིས་བན་བོན་གཉིས་ནང་དཀྲུགས་ཀྱི་ཚིག་ངན་དག་བེད་སྤྱད་མ་གནང་ན་ཡག་ཚོད་རེད་ཅེས་འབོད་སྐུལ་ཞུ་བཞིན་ཡོད།
སྔོན་གྱི་ལོ་རྒྱུས་དང་སྐྱེས་ཆེན་གོང་མ་དག་གི་རྣམ་ཐར་ཁག་ལ་ཡང་བློ་རྒྱ་ཆེར་བསྐྱེད་ཀྱིས་ཅུང་ཕྱི་མིག་ཅིག་གཟིགས་གནང་དང་བཟང་ངན་གཉིས་ཀར་གོ་བསྡུར་གནང་དགོས་པ་གལ་ཆེན་རེད། ངས་ཞུ་འདོད་པ་གཙོ་བོ་དེ་བན་བོན་གཉིས་ནས་ཐོས་རྒྱ་དང་སྤྱན་རྒྱ་ཡངས་པའི་སྐྱེས་བུ་དགའ་ཞིག་ངོ་སྤྲོད་དམ་གསལ་འདེབས་ཀྱི་ཚུལ་དུ་ཞུ་འདོད་བྱུང་། དེ་ཡང་བན་བོན་རིས་མེད་དུ་སྤྱོད་པ་ཆེས་མངོན་གསལ་དོད་པོ་དེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་གཤེན་རྣམས་མཐའ་རུ་སྤྱུགས་ཤིང་ཁོད་སྤུངས་དྲན་པ་ནམ་མཁའ་ནན་བན་དུ་བསྒྱུར་རྗེས་སུ་བྱུང་བར་སྣང་སྟེ། ད་ལྟའི་བན་བོན་རིས་མེད་དུ་སྤྱོད་པའི་སྡེ་ཚན་ཆེ་ཤོས་སུ་གྱུར་པ་བོན་ཕྱོགས་ནས་དྲན་པ་ཡབ་སྲས་རྣམས་ལ་སྐུ་གསུམ་སངས་རྒྱས་ཞེས་སྟོན་པ་གཉིས་པ་ལྟ་བུར་བརྩི་བཞིན་པ་དེ་རྣམས་ཡིན་ལ། དེ་ཡང་གཙོ་བོ་རྒྱུ་མཚན་འདི་ཉིད་ལ་ཐུག་པ་ཡིན་ནོ།
གཉིས་སུ་རྙིང་མ་པ་རྣམས་ཀྱིས་ཀྱང་དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་འགུག་ཅེས་དྲན་པ་ནམ་མཁའ་འདི་ཉིད་རྙིང་མའི་རྗེ་འབངས་ཉེར་ལྔའི་གྲས་སུ་བརྩི་བཞིན་ཡོད།
དུས་ཚོད་དེ་ཤེད་རང་དུ་བན་བོན་གཉིས་ཀ་རིས་མེད་མངོན་གྱུར་དུ་སྤྱོད་མཁན་གཞན་ཞིག་ནི་བཻ་རོ་ཙ་ན་སྟེ། པད་མ་བཀའ་ཐང་ལས། “བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིནྜྲ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག” །ཅེས་གསུངས་པ་ལྟར་བོན་བན་རིས་མེད་དུ་སྤྱོད་པས་མ་ཚད། མིང་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ཏེ་བོན་རྣམས་ཆོས་དང་ཆོས་རྣམས་བོན་དུ་བསྒྱུར་བར་ཡོངས་སུ་གྲགས་པ་ལྟར་རོ། །
གཙོ་བོ་ཆོས་ཕྱོགས་ནས་མཁས་གྲུབ་གཉིས་ལྡན་འགའ་ཞིག་བྱོན་པ་དཔེར་ན། འདུལ་བསྟན་བསྐྱར་དར་གྱི་སྲོག་ཤིང་དུ་གྱུར་པ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་གྱིས་བན་བོན་གཉིས་ཀའི་འདུལ་བའི་རྒྱུད་ཁུངས་སུ་བཞུགས་ནས་འདུལ་བསྟན་རིས་མེད་དུ་སྤེལ་བ་དང༌། དེ་བཞིན་བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། རྙིང་མའི་གཏེར་ཆེན་རྡོ་རྗེ་གླིང་པ། ས་སྐྱའི་རོང་སྟོན་ཤཱཀྱ་རྒྱལ་མཚན། རྙིང་མའི་གཏེར་བདག་མཆོག་གྱུར་གླིང་པ། བཀའ་བརྒྱུད་པའི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རིས་མེད་གྲགས་ཅན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྙིང་མའི་མི་ཕམ་འཇམ་དབྱངས་རྣམ་རྒྱལ། དགེ་ལུགས་པ་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་སྙན་གྲགས་སོགས་ནི་ཆོས་ཕྱོགས་ནས་བྱུང་བའི་བན་བོན་ཕྱོགས་མེད་དུ་སྤྱོད་པའི་སྐྱེས་ཆེན་ཞེས་ཡོངས་སུ་གྲགས།
ཕྱིས་ཀྱི་རིས་མེད་སྐྱེས་ཆེན་ཤིན་ཏུ་གྲགས་ཆེ་བ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འདི་ཉིད་ལགས་ཤིང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང༌། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་གཉིས་ཀྱང་རྗེ་འདི་བའི་ཞལ་སློབ་ཡིན་པས། འགའ་ཞིག་གིས་རིས་མེད་ཀྱི་བསྟན་པ་དེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འདི་ཉིད་ལས་གཞི་ནས་དར་བར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ལ་ལས་རིས་མེད་ཅེས་པ་དེ་ནི་མཁྱེན་ཀོང་མཆོག་གསུམ་སྟེ། མཁྱེན་བརྩེའི་དབང་པོ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གཏེར་སྟོན་མཆོག་གྱུར་གླིང་པ་གསུམ་ལས་བྱུང་བར་འདོད་མཁན་ཡང་སྣང་ངོ༌།
བོན་ཕྱོགས་ནས་ཀྱང་རིས་མེད་ཉག་གཅིག་པ་བོན་གསར་གྱི་སྐྱེས་ཆེན་དམ་པ་སྤྲུལ་སྐུ་རྣམ་བཞི་སྟེ། བློ་ལྡན་སྙིང་པོ་དང༌། སངས་རྒྱས་གླིང་པ། ཀུན་གྲོལ་གྲགས་པ། མི་ཤིག་རྡོ་རྗེ་བཅས་སྤྲུལ་སྐུ་རྣམ་བཞི་དང༌། གཞན་ཡང་གཏེར་སྟོན་བདེ་ཆེན་གླིང་པ་དང༌། ཉག་གཏེར་གསང་སྔགས་གླིང་པ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་སོགས་ཀྱང་བོན་ཕྱོགས་སུ་འཁྲུངས་པའི་བོན་བན་རིས་མེད་པའི་སྐྱེས་ཆེན་ཁོ་ནར་ངེས་པ་སོགས་ནི་སྔོན་བྱུང་གི་ལོ་རྒྱུས་ཁུངས་བཙུན་ཁས་བླངས་ན་ཅི་འདྲ་རེད།
དེ་ཡང་དེང་དུས་སུ་བཞུགས་པའི་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་། ཆོས་རྒྱལ་ནམ་མཁའི་ནོར་བུ། མཁས་དབང་ཐུབ་བསྟན་ཕུན་ཚོགས། ཤར་ཡུལ་ཕུན་ཚོགས་ཚེ་རིང༌། འབའ་བ་དོན་འགྲུབ་རྒྱལ། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཀྱང་མཁྱེན་དཔྱོད་ཀྱི་ཐུགས་དགོངས་རབ་ཏུ་ཡངས་པའི་རིས་མེད་རླབས་ཆེན་གྱི་མི་སྣའི་གྲས་སུ་བགྲངས་ན་ཁྱོད་ལ་དགོངས་འཆར་ཅི་ཡོད། དེས་ན་ནང་པའི་གྲུབ་མཐའ་ཞིག་གིས་གཅིག་གིས་གཅིག་ལ་སྐྱག་པར་བརྩི་སྲོལ་ཞིག་ག་བར་ཡོད།
དྲ་གྲོགས་ལགས་ད་ལན་དེ་ཙམ་ཡིན་ང་ཡང་ལས་ཀར་འགྲོ་རན་སོང་བས། བོན་དཀར་བོན་ནག་གི་སྐོར་ནས་གོང་དུ་མཆན་བུ་ཁ་ཤས་ཤིག་ཕུལ་ཡོད། ལན་ཅི་ཡང་འབྱོར་གནང་མ་སོང་། ཕལ་ཆེར་ངོས་ལེན་ཡོད་པའི་ཁུལ་ཡིན་རྒྱུ་རེད། ཁ་མི་གྲགས་པ་ནི་ཕམ་པ་ཀུན་གྱི་མཐར་ཐུག་རེད་མོ། ཧ་ཧ་ཧ་་་ཀུ་རེ་ཡིན། བསམ་བློ་བརྗེ་རེས་ཁོ་ན་ལས་གསེག་འདྲི་དང་ཚིག་ངན་གྱི་གཏམ་གང་ཡང་མེད་པས་དགོངས་འཇགས་ཞུ།
གོང་དུ་བྱང་ཕྲུག་དུན་རྩེ་ཚར་གཅོད་ལགས་ཕེབས་གནང་བར་དགའ་བསུ་ཡོད། གྲོགས་པོ་ལགས་དུན་ཙེ་གླག་སོགས་ཁ་ཤས་ཤིག་བསྟན་བཤིག་ཚ་དྲག་ནས་ཁ་བརྡ་ཚང་གིས་བཀག་ཟིན་པ་རེད། ཅིག་ཅེ་ན་ཁྱོད་ཀྱི་གསན་གཟིགས་གནང་མེད་པ་འདྲ་བས་ཞུས་པ་ཡིན།
དུན་རྩེ་ལ་་་་་་དུན་ཙེ་ཞེས་བྲིས་བསྒྱུར་གནང་ན་ཡག་པོ་རེད། ཁ་དྲོ།
བྱང་ཕྲུག་དུན་ཙེ་ཚར་གཅོད་ལགས།
ས྄ླར་ཡང་དྲྭ་རྒྱའི་གླེང་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
མ་ཟད་གླག་ནས་ངོས་ལ་དྲི་བ་དྲིས་པ་ཁག་ཅིག་ལ་ཁྱེད་ཀྱིས་དྲིས་ལན་གནང་བར་ཐུག་རྗེ་ཆེ་ཞུ་འདོད་བྱུང༌།
ཁྱེད་ཀྱིས་མཁྱེན་ཤག་ལགས།
ལ་སྟོད་ལ་བཙས་སྟེང་ནས།
འུར་རྡོ་ཆུ་མིག་དགུ་སྒྲིལ།
མཐོངས་སུ་སྐོར་ཐེང་གཅིག་གིས།
བྱ་གླག་ནམ་མཁར་བརླག་སོང༌།
མང་ར་བ་དྲན་པ་བརྟན་པོར་བཟུང་ལ་ལེགས་པར་གཟིགས་ཤིག།
“དང་པོ་ཁྱོད་ཀྱིས་ ༼ ཁྱེད་ཀྱི་རྟགས་བསལ་དེ་ལ་ངས་མ་ཁྱབ་ཅེས་བརྗོད་ན་ཁྱེད་ག་རེ་ལབ་ཡ་ཡོད། ཆོས་ཡིན་ན་བན་ཡིན་པས་ཁྱབ་པ་སུས་ཁས་ལེན་སོང་། ཧ་ཧ་རྟགས་བསལ་འཛིག་པོ་བྱས་ནས་གཏོང་ག་བྱས་འདུག ༽ཅེས་པར་ཡག་པོར་སོམས་དང་ངས་ཁྱོད་ཀྱིས་ཆོས་ཡིན་ན་བན་ཡིན་པས་ཁྱབ་པ་ཁས་བླངས་འདུག་ཅེས་ངས་གང་ན་བྲིས་ཡོད། གསལ་པོར་སྟོན་དང་ངས་མིག་གིས་མ་མཐོང་བ་མིན་ནམ། དེར་ཁྱབ་པ་མེད་པའི་མུ་ཁྱི་སྐྱག་ལ་སོགས་པ་མཐའ་ཡས་པ་བཞིན་ནོ། ག་འདྲ་འདུག ཧ་ཧ་ཧ་་་ ”
འདིའི་ལན་ཁྱེད་རང་གིས་བྲིས་པའི་མཆན་ཨང་༢༨༧ པར་ “གཤམ་གྱི་ཚིག་དུམ་”དེ་ཡང་དཔེར་ན་རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌། ཆོས་ཡོད་ཀྱང༌། ཕྱི་རོལ་བའི་ཆོས་ཡིན་པས་ཡང་དག་པར་མི་འདོད། དེ་ཕྱིར་ཐུབ་པའི་ཆོས་ལ་དམ་པའི་ཆོས་ཞེས་བརྗོད་པ་ལྟ་བུའོ། དེས་ན་སྟོན་པ་གཤེན་རབ་ཀྱིས་ཞང་བོད་དུ་རིག་པའི་གནས་ཆེན་པོའི་གཞུང་ལུགས་གསར་ གཏོད་གནང་བ་ནི།་་་་་་་་་་་་་་་་་་་་” ཞེས་པ་འདིས་ཆོས་ནག་གམ་བན་ནག་ཡོད་པ་མི་གྲུབ་པའི་རྒྱུ་མཚན་གསུངས་དང་།”
ཡང་མཆན་ཨང་༢༩༦ པར་ “གཡུ་འབྲུག་དཀར་པོ་ལགས། རླུང་མ་ལངས་ཐུགས་ལྷོད་ལ་བཞུགས་དང་། ༼ ཆོས་ ལ་ཆོས་དཀར་དང་ཆོས་ནག་མེད་ཅེས་སུས་ལབ་སོང་། ལྷ་ཆོས་དང་མི་ཆོས་ཞེས་ཡོད་པ་ནང་བཞིན། ལྷ་ཆོས་དང་བདུད་ཆོས་ཞེས་ཀྱང་ཡོད་ཆོག་ལ། དཀར་པོ་དགེ་བའི་ཆོས་དང་། ནག་པོ་སྡིག་པའི་ཆོས་ཞེས་ཀྱང་ཡོད་པར་ཁས་ལེན་ཆོག ༽ཅེས་པ་ཙམ་ལས་བན་དཀར་དང་བན་ནག་ཅེས་ཁ་ནས་ཐོན་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན། འདི་ཡང་ཆགས་སྡང་ཁོ་ནའི་གཏམ་དུ་ཟད་དོ།
ཁོ་བོས་གོང་དུ་བོན་བརྒྱ་ཚང་གིས་གདོད་མའི་བོན་ཞེས་པ་ཡོད་པར་གསུངས་པ་དེ་ལ་ཁྱོད་ཀྱིས་བརྟག་སྟེ་བོན་ནག་ཅེས་པ་ཡོད་པར་བསྙོན་ན། རྒྱ་གར་དུ་ཐུབ་པ་མ་བྱོན་གོང༌། ཆོས་ཡོད་པ་དེ་ལ་གདོད་མའི་ཆོས་ཞེས་འདོད་དམ། འདོད་ན་དེ་བན་ནག་མ་ཡིན་པའི་རྒྱུ་མཚན་ཅི་ཞེས་བཀའ་འདྲི་ཞུ་བཞིན་ཡོད།
ཆོས་ནག་ཡིན་ན་བན་ནག་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་ལེན་ཡིན་ན། བན་ནག་ཡོད་པར་ཐལ། ཆོས་ནག་ཡོད་པའི་ཕྱིར། ཞེས་རྟགས་གསལ་གཏོང་རྒྱུ་ཡིན་པས་དགོངས་འཇགས་ཞུ།”
དེ་ཚོ་ལ་ཡག་པོ་ལྟོས་ཤིག ཆོས་ཡིན་ན་བན་ཡིན་པས་ཁྱབ་པར་ཁས་ལེན་སོང་ཟེར་ལབ་འདུག་མིན་འདུག་ཧ་གོ་གི་རེད།
“གཉིས་པ་ཡང་ཁྱོད་ཀྱིས་༼ ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པར་ནི་ཤིན་ཏུ་འདོད་པ་རེད། དེ་ལ་གདོད་མའི་ཆོས་ཞེས་བརྗོད་ཀྱང་ཆོག་གོ ཡིན་ན་ཡང་ཐུབ་པ་མ་བྱོན་གོང་རྒྱ་གར་ལ་ཆོས་ཡོད་པ་དང་། དེ་ལ་གདོད་མའི་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ལ་བརྟེན་ནས་ནང་པ་སངས་རྒྱས་པ་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་གང་འདྲས་སྒྲུབ་ཐུབ་ཀྱི་རེད། གཅིག་ཤོད་དང་གྲོགས་པོ་ལགས། ༽ཞེས་པར གྲོགས་པོ་ལགས། ངས་གསེག་འདྲི་བྱ་བཞིན་མེད་དངོས་གནས་ཁྱོད་ལ་གོ་བ་ཅི་ཡང་མི་འདུག ཁོ་བོས་ནང་པ་སངས་རྒྱས་པ་ལ་དཀར་ནག་གཉིས་ཡོད་པར་ནམ་ཡང་བསྒྲུབ་མི་ཐུབ་ལ་ཨུ་ཚུགས་དང་ལོག་ལྟ་ཡང་བྱེད་ཀྱིན་མེད། གདོད་མའི་བོན་དེ་ཁྱོད་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་བོན་ནག་ཅེས་བཏགས་ན་ཁོ་བོས་ཁྱོད་ལ་ཁྱབ་མཚུངས་ཀྱི་རིགས་པ་ཞིག་བཏང་བ་ཡིན་པ་ཡང་མ་ཤེས་སམ། ཁག་མེད་རྟགས་གསལ་གྱི་རིག་ལམ་མེད་ན་དོ་མཉམ་གྱི་རྒྱུ་མཚན་ཞིག་དྲངས་བ་ཡིན། གདོད་མའི་ཆོས་དེ་བན་ནག་ཡིན་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་ཅེས་དྲིས་པ་ཡིན། ཡང་དག་པའི་ཆོས་དང་དམ་པའི་ཆོས་ནི་མིན། དེ་བཞིན་བན་ནག་ཡོད་བན་དེ་ལ་ཡང་བན་ནག་དང་བན་དཀར་གཉིས་ཡོད་ལབ་ན་ག་རེ་འདུག གདོད་མའི་བན་ཡོད་པའི་ཕྱིར། རིགས་པ་འགྲིག་གམ། མི་འགྲིག་པའི་རྒྱུ་མཚན་ཡོད་ན་འཁུར་ཞོག”
ཐེངས་གཅིག་ངས་བྲིས་པའི་མཆན་དང་རང་གིས་བྲིས་པའི་མཆན་གཉིས་དཔར་ནས་མཉམ་དུ་བསྒྲིགས་ནས་གཟིགས་དང་། རིགས་ལམ་མི་ཤེས་མཁན་དང་གོ་བ་མེད་མཁན་སུ་ཡིན་མིན། དེ་བཞིན་སྒོ་མཚུངས་ཀྱི་རིག་པ་འགྲོ་ས་འདུག་མི་འདུག་གཞི་ནས་ཤེས་ཡོང་གི་རེད།
དེ་ལྟར་གཟིགས་འདོད་མེད་ན་ཡང་ཅིག་བཤད་ཀྱི། ལེགས་པར་ཉོན་ཅིག “ཡང་དག་པའི་ཆོས་དང་དམ་པའི་ཆོས་ནི་མིན། དེ་བཞིན་བན་ནག་ཡོད་བན་དེ་ལ་ཡང་བན་ནག་དང་བན་དཀར་གཉིས་ཡོད་ལབ་ན་ག་རེ་འདུག གདོད་མའི་བན་ཡོད་པའི་ཕྱིར། རིགས་པ་འགྲིག་གམ། མི་འགྲིག་པའི་རྒྱུ་མཚན་ཡོད་ན་འཁུར་ཞོག”འདི་ནི་སྔར་ནས་ལན་བཏབ་ཟིན་པའི་དྲི་བ་ལས་གཞན་རེད་མིན་འདུག རྟགས་སྔ་མ་ནི་མ་གྲུབ་པའི་རྟགས་དང་། ཕྱི་མ་ནི་མ་ངེས་པའི་རྟགས་རེད། དེས་ན་རིམ་པར་སྔ་མ་ལ་རྟགས་མ་གྲུབ་ཅེས་དང་། ཕྱི་མ་ལ་མ་ཁྱབ་ཅེས་ལན་བཏབ་ན་ཁྱོད་ག་རེ་ཟེར། རིག་ལམ་ཤེས་མཁན་དང་གོ་བ་ལེན་མཁན་གང་ཟག་གི་བཟོ་ལྟ་དེ་འདྲ་རེད་པས། ཨ་ཁ་ཁ་
“གསུམ་པ་ཡང་ཁྱོད་ཀྱིས་༼ བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་སྒྲུབ་པ་ནི། གཡུང་དྲུང་བོན་གྱི་བསྟན་པ་མ་བྱུང་གོང་བོན་ཡོད་པ་དང་། དེ་ལ་གདོད་མའི་བོན་ཞེས་བརྗོད་པའི་རྒྱུ་མཚན་ཙམ་གྱིས་མ་རེད། འོ་ན་ཅི་ཞེ་ན། བོན་ལ་ཡང་དག་དང་ཡང་དག་མ་ཡིན་པ་གཉིས་ཡོད་པར་འདོད་པའི་རྒྱུ་མཚན་ལ་བརྟེན་ནས་བོན་དཀར་དང་བོན་ནག་ཡོད་པར་སྒྲུབ་ཀྱི་ཡོད། ཧ་གོ་སོང་ངམ་གྲོགས་པོ་ལགས། ཧ་གོ་ན་སྒོ་མཚུངས་ཀྱི་རིག་པ་གཏོང་ས་ཨེ་འདུག་ལྟོས། ༽ གོང་དུ་དྲངས་ཟིན་པ་ལས་ལྷག་ཅིག་དྲངས་རྒྱུ་མེད། བན་ལ་ཡང་དག་དང་ཡང་དག་མ་ཡིན་པ་གཉིས་ཡོད་པར་འདོད་པའི་རྒྱུ་མཚན་ལ་བརྟེན་ནས་བན་དཀར་དང་བོན་ནག་ཡོད་པར་སྒྲུབ་ཀྱི་ཡོད། ཡང་དག་མ་ཡིན་པ་དེ་རྒྱ་གར་གྱི་གདོད་མའི་ལོག་ཆོས་ལ་འཇོག་རྒྱུ་ཡིན། ཧ་གོ་སོང་ངམ་གྲོགས་པོ་ལགས། ཧ་གོ་ན་ཁྱབ་མཚུངས་ཀྱི་རིག་པ་གཏོང་ས་ཨེ་འདུག་ལྟོས། ཧ་ཧ་ཧ་་་”
བན་ལ་ཡང་དག་དང་ཡང་དག་མིན་པ་གཉིས་ཡོད་པར་སུས་ཁས་ལེན་སོང་། འདི་ནི་ཕ་རོལ་འདོད་པའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བ་རང་རེད། ཡང་དག་མ་ཡིན་པའི་ཆོས་ཡོད་པའི་ཕྱིར་ན་མ་ཁྱབ་ཅེས་ལན་གཅིག་མིན་པར་བརྒྱ་སྟོང་དུ་མར་བཏབ་ཟིན། ག་ཚོད་བཤད་ན་ཡང་གོ་བ་མེད་ན། གོ་བ་མེད་པའི་གླང་རྒན་ལ། །རྒྱལ་བའི་བཀའ་ལས་དབྱུག་པ་བཙན། །ཟེར་རྒྱུ་ལས་གཞན་བྱ་ཐབས་ཟད།
“བཞི་པ་ཡང་ཁྱོད་ཀྱིས་༼ བོན་ཞེས་པ་ཤེས་བྱ་སོགས་འཇུག་ཡུལ་བཅུ་ལ་འཇུག་པས། ཤེས་བྱ་ལ་དཀར་ནག་ཙམ་མིན་པར་དཀར་ནག་ཁྲ་སོགས་མང་པོ་ཡོད་ཀྱང་རིགས་བསྡུ་བའི་དབང་དུ་བྱས་ན་དཀར་ནག་གཉིས་སུ་བསྡུ་མི་ཆོག་པ་མེད་པས། བོན་ལ་ཡང་རིགས་བསྡུ་བའི་དབང་དུ་བྱས་ནས་དཀར་ནག་གཉིས་སུ་དབྱེ་མི་ཆོག་པ་མེད་དོ། ༽ཞེས་པར་ཆོས་ཞེས་པ་ཡང་ཡུལ་ཤེས་བྱ་གཞལ་བྱ་གཞི་གྲུབ་ཡོད་པ་སྲིད་པ་རྟེན་འབྲེལ་སོགས་ཡུལ་བཅུ་ལ་འཇུག་པས། ཤེས་བྱ་ལ་དཀར་ནག་ཙམ་མིན་པར་དཀར་ནག་ཁྲ་སོགས་མང་པོ་ཡོད་ཀྱང་རིགས་བསྡུ་བའི་དབང་དུ་བྱས་ན་དཀར་ནག་གཉིས་སུ་བསྡུ་མི་ཆོག་པ་མེད་པས། ཆོས་ལ་ཡང་རིགས་བསྡུ་བའི་དབང་དུ་བྱས་ནས་དཀར་ནག་གཉིས་སུ་དབྱེ་མི་ཆོག་པ་མེད་དོ། དེ་ལ་ཡང་ཁྱབ་མཚུངས་ཟེར།”
ཆོས་ཞེས་པ་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པས་ཆོས་ལ་དཀར་ནག་གི་དབྱེ་བ་ཡོད་ཆོག་ཀྱང་། བན་ཞེས་པ་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པ་མེད་པས་དེ་ལ་ཁྱབ་མཚུངས་འགྲོ་ས་ཨེ་འདུག་ལྟོས།
“ལྔ་པ་ཡང་ཁྱོད་ཀྱིས་༼ མདོར་ན་བོན་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་འདོད་པ་ལ་ཐུགས་འཁྲེལ་གནང་དགོས་དོན་མིན་འདུག་སྟེ། བོན་ཞེས་པ་དོན་བཅུ་ལ་འཇུག་པས་སོ། ༽ཞེས་པར་བན་དེ་ལ་དཀར་ནག་གཉིས་ཀྱི་དབྱེ་བ་ཡོད་པར་འདོད་པ་ལ་ཐུགས་འཁྲེལ་གནང་དགོས་དོན་མིན་འདུག་སྟེ། ཆོས་ཞེས་པ་དོན་བཅུ་ལ་འཇུག་པས་སོ། ཞེས་ཡང་ཁྱབ་མཚུངས་ཀྱི་རིགས་པ་ཞིག་དྲངས་ན་ཁྱོད་ལ་བློ་བསྐྱེད་འདྲ་རེག་ས་ཨེ་རེད། ཡ་ཡ་ཡ་དྲ་གྲོགས་ལགས་ད་ལན་དེ་ཙམ་གྱིས་འཐུས་པར་བྱས།”
འདིའི་ལན་ཡང་གོང་གི་དེས་འཐུས་པས་ལོགས་སུ་ངལ་བ་མ་བྱས་སོ།།
མཐའ་དོན་ངས་གསལ་བཤད་ཅིག་བྱེད། ཁྱེད་ཀྱི་སེམས་ལ་ཆོས་དང་བོན་གཉིས་དོན་གཅིག་ཡིན་པ་ནང་བཞིན། ཆོས་དང་བན་གཉིས་དོན་གཅིག་རེད་བསམ་གྱི་འདུག ཆོས་དང་བན་གཉིས་དོན་གཅིག་མ་རེད། དེ་དོན་ཐུགས་ལ་ཞོགས།
ངའི་མཆན་ལ་བརྟེན་ནས་ཁྱོད་ལ་བློ་བསྐྱེད་མ་རག་པ་ནི་ངའི་སྐྱོན་མ་ཡིན་པར་ཁྱེད་རང་ང་རྒྱལ་ཆེ་བའི་སྐྱོན་རེད། ང་རྒྱལ་ཡི་ལྒང་བུ་ལ་ཡོན་ཏན་གྱི་ཆུས་མི་ཆག་གསུངས་པ་བདེན་པ་རེད།
(སྤོབས་པ་མཐའ་ཡས་ཀྱིས)
༼ངས་ཆོས་ཟེར་བ་ཞིག་མི་ཤེས། དེའི་ཕྱོགས་ནས་ཁྱོད་ཚོས་བཀའ་བཀྱོན་གནང་ན་མགོ་སྒུར་རྐྱང་ཡིན། མ་གཞི་ཆོས་མི་ཤེས་ཚོ་ཕར་ཞོག ཆོས་ཟེར་བ་ཞིག་ཁས་ལེན་ཐུབ་མི་ཐུབ་ཟེར་ནས་དྲིས་ན་ཕལ་ཆེར་མི་ཐུབ་ཟེར་བའི་ཚོད་དུ་སླེབས་འདུག དགེ་ལུགས་པས་རྫོགས་ཆེན་ཁས་མི་ལེན་ཟེར་བ་དེ་ཡང་བདེན་པ་མ་རེད། རྙིང་མའི་རྫོགས་ཆེན་དེ་བོད་ཀྱི་ཆོས་རྒྱུད་ཚང་མས་ཁས་ལེན་གྱི་རེད། རྫོགས་ཆེན་སེམས་སྡེའི་མན་ངག་རེ་རེ་བཞིན་གྲུབ་ཐོབ་སོ་སོས་ཉམས་སུ་ལེན་ཚུལ་གྱིས་ཕྱག་ཆེན་ལམ་འབྲས་ཞི་བྱེད་དང་ཟུང་འཇུག་དབུ་མ་ཆེན་པོ་སོགས་མཚན་གྱི་རྣམ་་གྲངས་སོ་སོར་གྲགས་པ་མ་གཏོགས་དོན་ལ་གཅིག་ཡིན་ཚུལ་ཞིག་གསུངས་ཡོད་པ་དྲན་སོང་། མིང་ལ་རྫོགས་ཆེན་བཏགས་རུང་མ་བཏགས་རུང་དོན་ལ་ཁས་བླངས་ཡོད་པ་རེད།༽
སྤོབས་པ་མཐའ་ཡས་ལགས་ཁྱེད་ཀྱིས་ངས་ཆོས་ཟེར་བ་ཞིག་མི་ཤེས་ཞེས་བཤད་འདུག་དེ་ནི་བདེན་པ་ཞིག་ཡིན་པར་མི་དྲན།
ཁྱེད་ཀྱིས་ཆོས་ཟེར་བ་དེ་མི་ཤེས་བཞིན་དུ་ཁྱེད་ལ་ཆོས་ལུགས་ཀྱི་རུ་ཏྲ་གཏིང་ཟབ་དེ་གང་ནས་བྱུང་བ་ཡིན་ནམ། གཅིག་བྱས་ན་དངོས་གནས་ཡིན་སྲིད་ཆོས་ལུགས་ཀྱི་རུ་ཏྲ་ནི་ཆོས་ཀྱི་ནང་དོན་ཚུལ་བཞིན་དུ་མ་ཤེས་པ་ལས་བྱུང་བ་ཞིག་ཡིན་པས་དེ་ཡང་རྒྱུ་མཚན་འདུག
༼དགེ་ལུགས་པས་རྫོགས་ཆེན་ཁས་མི་ལེན་ཟེར་བ་དེ་བདེན་པ་མ་རེད།
རྙིང་མའི་རྫོགས་ཆེན་དེ་བོད་ཀྱི་ཆོས་རྒྱུད་ཚང་མས་ཁས་ལེན་གྱི་རེད།༽
ད་ཁྱེད་རང་ནི་རྫོགས་ཆེན་གྱི་སྐོར་ལ་རྒྱུས་མངའ་གང་ཡང་མེད་པ་མ་ཟད་རྙིང་མ་བ་རྣམས་བོན་དཀར་བོན་ནག་གི་སྐོར་ལ་དབུ་འཁོར་བའི་སྐབས་དགེ་ལུགས་པས་རྙིང་མའི་རྫོགས་ཆེན་ལ་དགག་པ་བྱེད་པ་གཟིགས་ཀྱི་ཡོད་པ་མ་རེད།
ད་ངས་སྤྱན་འབུལ་ཞུས་ཆོག་པ་ཞུ།
མཁས་གྲུབ་ཐམས་ཅད་མཁྱེན་པས།
༼ཅི་ཡང་མི་རྟོག་གང་དུ་མི་འཛིན་པར།
མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད།
བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ།
མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།༽
ལུང་དེ་གཅིག་པོས་ཅི་ཞིག་བསྟན་འདུག་གམ།
དེ་གར་ཆོས་རྙིང་མའི་ཆོས་ཚོགས་འདྲ་ཡོད་ན་བཀའ་འདྲི་འདྲ་གནང་ན་ལེགས།
དེ་བཞིན་ཀུན་མཁྱེན་ཤེར་འོད་དང༌། སྟག་ཚང་ལོ་ཙཱ་བས་ཀྱང༌།
བོན་གྱི་ཐེག་པ་རིམ་པ་དགུ་པ་རྙིང་མའི་རྫོགས་ཆེན་དང་མཐུན་པར་བཤད་ཅེས་དང༌།
ཐུའུ་ཀན་ཆོས་ཀྱི་ཉི་མས་ཀྱང༌། ༼འདི་དག་ནི་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་སུ་འདུག་པས་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་འདྲ་ཡོད་འདྲའོ།༽
ཞེས་ཟུར་ཟ་དང་བཅས་ཏེ་རྫོགས་ཆེན་ལ་དགག་པ་བྱས་མི་འདུག་གམ།
དེ་བཞིན་དགེ་ལུགས་ཀྱི་དབུ་མའི་ལྟ་ཁྲིད་ཕྱོགས་བསྡེབས་ཞེས་པའི་ཤོག་གྲངས་12་ནས་མར་གཟིགས་དང༌། རྫོགས་ཆེན་འདོད་ཀྱི་འདུག་གམ་དགག་གི་འདུག་དེ་ནས་ཤེས་ཀྱི་རེད།
ད་དུང་དེ་ཡིས་ག་ལ་ཚད། རྗེ་རིན་པོ་ཆེ་ཙོང་ཁ་བ་བློ་བཟང་གྲགས་པ་མཆོག་གིས་མཛད་པའི་བསམ་གཟུགས་ཀྱི་གཞུང་དུ་གཟིགས་དང༌། རྫོགས་ཆེན་ལ་སྤྱོད་པ་བ་རྣམས་ནི་ལེགས་ན་བསམ་གཏན་གྱི་གནས་སུ་སྐྱེ་ཤིང་ཉེས་ན་བྱོལ་སོང་གི་གནས་སུ་སྐྱེ་བར་འགྱུར་ཚུལ་གསལ་བས་ཁྱོད་རྙིང་མ་བ་ཡིན་ན་བསམ་རན་འདུག ཁྱོད་དགེ་ལུགས་པ་ཡིན་ན་དེ་དག་གི་རྗེས་སུ་འཛིན་དགོས་པས་དང་པོ་རང་གཞུང་ལ་གོམས་པ་བྱས་དེ་ནས་ཕྱག་རྫོགས་དབུ་གསུམ་དོན་གཅིག་ཡིན་པར་མི་ལ་ཤོད། ་ད་དུང་དེ་ཡིས་ག་ལ་ཚད་ལྡན་མ་སྟོང་དཔོན་གྱིས་ཀློང་ཆེན་རབ་འབྱམས་པ་ལ་ཚུལ་གསུམ་རིགས་པའི་རྟགས་ཀྱིས་སྒོ་ནས་རྫོགས་ཆེན་ལ་དགག་པ་ཇི་ལྟར་བྱས་ཡོད་གཟིགས་ཡོད་མདོག་ཁ་བོ་མ་རེད། དེ་ཡི་སྐབས་གལ་ཏེ་ཁྱོད་ཀྱིས་ཚུལ་གསུམ་ཞེས་ཁས་མི་ལེན་ཟེར་ན། ཕྱོགས་ཆོས་དེ་རྗེས་ཁྱབ་པ་ཡིས། ཞེས་པའི་ལུང་དོན་དེ་ཇི་ལྟར་འགྲེལ་རྒྱུ་ཡིན་ནམ་ལས་སོགས་དྲི་བ་ཚ་ཐག་ཆོད་བཀོད་ཡོད་པ་རེད། དེ་དག་ལ་བསམ་ན། བོན་དཀར་བོན་ནག་དེ་ཚོ་གལ་ཏེ་ཡོད་དུ་སྲིད་ཀྱང་གནད་དོན་ཆུང་ཆུང་རེད།
རང་གི་མཐར་ཐུག་གི་ལྟ་བར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། རང་གི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་རྒྱལ་བ་ཀློང་ཆེན་པ་ལ་དགག་པ་བྱེད་ཀྱི་ཡོད་རེད། ད་ཨ་ཚ་ཡང་ཚའམ། ཚ་བོ་ཚ་མོ་ཚར་ཡོད་ན་དེ་ཚོར་བསམ་ཚུལ་འདྲ་ཕུལ་ན་མ་རྒན་ཚ་ནའང་ཚ་གོ་ཆོད་པ་རེད། དེང་དུས་ཀྱི་རྙིང་མ་བ་འགའ་ཞིག་གིས་རྫོགས་ཆེན་གྱི་གནད་དོན་ཡང་དག་པར་མ་ཤེས་ཏེ་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་སོགས་གཅིག་མཚུངས་སུ་འདོད་པ་ནི་ཤིན་ཏུ་ནས་ནོང་ངོ།
གཅིག་བྱས་ན་མཐུན་འབྲེལ་བྱེད་ཁུལ་ཡིན་རྒྱུ་རེད། དེ་མཐུན་འབྲེལ་བྱེད་ཚུལ་ཞིག་ག་ནས་ཡིན་ཉ་ཉུང་བསྲེས་པའི་སྐྱོན་དུ་འགྱུར་རོ།
ད་དུང་སྟག་ཚང་ལོ་ཙྰ་བས་གསུངས་ཚུལ་དེ་ཚོར་ཡང་དགོངས་པ་བཞེས་པའི་དུས་ལ་སླེབས་འདུག་
སྤོབས་པ་ཆེ་ཙམ་མི་བྱེད་པར་གཟིགས་རྒྱ་དང་ཐོས་རྒྱ་ཆེ་ཙམ་གནང་ན་ལེགས།
ང་ལའང་ཁ྄ྱེད་ཀ྄ྱིས་ལུང་འད྄ྲེན་འད྄ྲ་གནང་ན་ཕན་ཐོགས་ཡོང་རེད། དེ་མིན་ཁོས་ཤོད་ཀ྄ྱི་རེད་ཟེར་ནས་བཤད་ས྄ྲོལ་ངག་ར྄ྒ྄ྱུན་ར྄ྐ྄ྱང་ར྄ྐ྄ྱང་བཤད་ན་འདིར་ས྄ྙན་ར྄ྒ྄ྱུད་ཤོད་ས་མ་རེད་ཐུགས་འཇགས་ཞུ་དགོང་པ་མ་ཚོམས་རོགས། ང་ནི་ར྄ྟོག་གེ་བ་ཞིག་ཡིན་ཁ་ནས་བཤད་ཚེ་ཚིག་ར྄ྩུབ་པའི་རང་བཞིན་དུ་ས྄ླེབས་ཡོང་གི་འདུག
ཁ྄ྱོད་ཀ྄ྱིས་དེང་སང་གི་བོན་པོ་ཚོས་བན་དེར་ས྄ྐ྄ྱག་པར་བལ྄ྟ་གི་རེད་ཅེས་པ་དང་ཅུང་ཙམ་འཇམས་ན་མ་གཏོགས་ཕལ་ཆེར་འད྄ྲ་མཚུངས་ཤིག་རེད།
དམུ་ཐག་གི་དབུ་རྒྱུད་དང་ལ་སྟོད་གཉིས་ལགས།
ཕྲན་ཉིན་གཉིས་རིང་ས་གནས་གཞན་ཞིག་ལ་འགྲོ་རྒྱུ་ཡིན་པས་དྲི་ལན་ཁ་གསལ་འདེབས་ཁོམ་པས་དགོངས་དག འོན་ཀྱང་ངས་བཤད་པའི་ཀུན་རྫོབ་གྱི་ཆོས་སམ་བོན་ཀྱི་བདག་ཡོད་དང་གང་ཟག་གི་བདག་ཡོད་ཅེས་བ་སྤངས་བྱ་ཡིན་ཏེ། མདོར་ན་ང་ཚོར་ཡོད་པའི་ཟག་སྐྱེས་ཀྱི་ལུས་ཕུང་འདི་སྡུག་ལྡན་གྱི་ཕུང་བོ་ཡིན་ཞིང་དེ་ཡོད་དབང་ལྔའི་སྤྱོད་ཡུལ་ཀུན་མ་རིག་པས་སླད་ཞུགས་པས་སྤངས་བྱ་ཡིན། འོན་ཀྱང་དབང་ལྔའི་སྤྱོད་ཡུལ་ལ་བརྟེན་ནས་ཡིད་ཤེས་རྒྱུད་ལྐོག་གྱུར་གྱི་འཕགས་པའི་རྣམ་མཁྱེན་རྟོགས་ཐབས་བྱེད་དགོས་བ་ཁས་ལེན་གྱི་ཡོད། ཁ་གསལ་དོད་ན་གང་ཟག་གི་ལུས་ཕུང་འདི་སྐྱེས་རྒ་ན་འཆིས་རང་བཞིན་ཡིན་ཞིང་འདིས་བརྟན་གྱི་བདེ་བ་རྙེད་ཐབས་མེད་དེ། ཟག་སྐྱེས་ཀྱི་རང་བཞིན་ཅན་གྱི་ལུས་ཕུང་འདིས་རྟག་བརྟན་གྱི་བདེ་བ་རྙེད་པའི་ནུས་བ་མེད་པས་སོ། དེ་བརྟེན་ཐུབ་པ་དང་གཤེན་རབ་གཉིས་ཀྱི་སྐུ་ལུས་ཀྱང་སྡུག་ངལ་བའི་རང་བཞིན་ཡིན་པས་མཐར་མྱ་ངན་ལས་འདས་བ་ཡིན། ང་ཚོ་ལ་ཟག་སྐྱེས་ཀྱི་ལུས་ཕུང་འདི་ལས་བརྒལ་ནས་སྡུག་ངལ་ལས་གྲོལ་བའི་འཕགས་པའི་ལུས་རྟེན་དགོས་ལ། དེ་ནི་མཐའ་ཐུག་གི་སྒྲུབ་བྱ་མ་ཡིན་ནམ། གྲྭ་སའི་དགེ་བཤེས་ཚོ་ལ་ཁ་པར་བཏང་ནས་སྒོར་མོ་འཕྲོ་བརླགས་དགོས་མེད་དེ།
མདོ་ལས་གང་ཡོད་ཐམས་ཅད་ལེན་བྱ་མིན།།
སྟོན་གྱིས་གང་གསུངས་ཡོད་དགུ་སྒྲུབ་བྱ་མིན།།
གལ་སྲིད་བཀའ་ལུང་འདི་དག་སྒྲུབ་ནུས་ན།།
དྲངས་ངེས་ཁྱད་པར་འབྱེད་པས་དགོས་བ་ཅི།།
མདོ་རྒྱུད་བསྟན་བཅོས་རྒྱལ་བའི་དགོངས་པ་ཡིན།།
དགོངས་བའི་གནད་དུ་དྲངས་དོན་དངོས་དོན་གཉིས།།
དྲངས་ངེས་མཐུན་དུ་འོང་བའི་གནས་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
ལན་རེ་ཆོས་རྣམས་རྟེན་ནས་འབྲེལ་ཚུལ་དང་།།
ལན་རེ་ཆོས་འདི་སེམས་ནས་བྱུང་ཚུལ་གཉིས།།
གཅིག་རྫུན་གཅིག་ལ་བདེན་ཁ་སྤྲད་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
རིག་པའི་རྒྱབ་ལྗོངས་རྒྱལ་བའི་བཀའ་ལུང་རེད།།
བཀའ་ཡི་བདེན་རྫུན་རིག་པས་དཔྱད་ནས་རྟོགས།།
དཔྱད་ཞིབ་མྱོང་བས་དམིགས་པའི་ཟབ་བརྒྱའི་གནད།།
རིག་པ་མེད་ན་སུ་ལ་ཡིད་རྟེན་བྱེད།།
ངས་བོན་གྱིས་ཀུན་རྫོབ་ཀྱི་ཐ་སྙད་ཁས་ལེན་མིན་གྱི་སྐད་ཆ་ལས་ཀུན་རྫོབ་ཀྱི་ཆོས་ཁས་ལེན་མིན་གྱི་སྐད་ཆ་མིན། སངས་རྒྱས་ཆོས་ལུགས་པས་ཆོས་བེད་སྤྱོད་བཏང་ཡང་བོན་གྱིས་ཆོས་ཀྱི་ཚབ་ཏུ་བོན་བཏང་བ་བཞིན་རེད། དེ་ནི་མཐོང་ཆུང་གི་རྣམ་པ་གང་མིན་པ་གསལ་བཤད་ཡིན།
ཀུན་རྫོབ་པའི་ངོ་བའི་བདག་གཉིས་མེད་ན་བདག་འཛིན་གཉིས་སྐྱེས་དགོས་དོན་མེད། ད་ཁོམ་པ་མི་འདུག མ་འོངས་འབྲི།་བདེ་མོ།
ཨ་ནུ་ཐང་བསོད་ནམས་ལགས།
ཁྱེད་ཀྱི་དགོངས་སེང་སྤྲོ་བོ་ཡོང་པའི་སྨོན་འདུན་ཡོད།
ཨ་ད་ཁྱེད་ཀྱིས་ཐེག་དམན་གྱི་ལྷག་བཅས་མྱང་འདས་དང་ལྷག་མེད་མྱང་འདས་སྐོར་བཤད་ཀྱི་འདུག
ད་བརྙས་འཚོལ་བྱེད་ཀྱི་མིན།
ཁྱེད་དགོངས་སེང་ལ་ཕེབས་དུས་ཐབས་ཤེས་ཟུང་འབྲེལ་དང་བདེན་གཉིས་ཟུང་འབྲེལ་
སྣང་སྟོང་ཟུང་འཇུག གསལ་སྟོང་ཟུང་འཇུག་ད་མཉམ་དུ་ཡོད་ཤག་རེད།
ཨོ་བཀྲ་ཤིས་བདེ་ལེགས།
ལ་སྟོད་བུ་ལགས།
“ས་ཆོས་ཞེས་བརྗོད་དུས་སྨྱུ་གུ་དང་སྡོང་པོ་སོགས་ཀྱི་རྒྱུ་རུ་གྱུར་པའི་ས་བོན་ལ་མི་གོ་སྟེ། རྒྱུ་མཚན་མེད་པར་མི་གོ་ཟེར་ན་ཁྱོད་ཀྱིས་བཀའ་བཏང་བ་ཡིན་ནམ། དེ་མིན་རྒྱུ་མཚན་ཁྱེར་ཤོག དེ་ཙམ་གྱིས་ལ་དག་གི་མ་རེད། ང་ནི་ཁྱོད་ཀྱི་བཀའ་ལ་བརྩི་བཀུར་བྱེད་མི་མིན་པར་ཤེས་པས་བཀའ་གཏོང་དགོས་པའི་རྒྱུ་མཚན་མེད། “ངས་བཀའ་བཏང་བ་མིན། ས་ཆོས་ཞེས་པས་ས་བོན་ལ་མི་གོ་བ་མངོན་སུམ་རེད། ཁྱེད་ཀྱིས་བསྙོན་དིང་ན་མ་གཏོགས་དེ་མིན་མངོན་སུམ་དུ་གྲུབ་པ་ལ་སླར་ཡང་རིག་པས་སྒྲུབ་དགོས་མ་རེད།
“༼གཉིས་ བོན་ཞེས་པ་ཤེས་བྱ་སོགས་འཇུག་ཡུལ་བཅུ་ལ་འཇུག་པས།༽ཁྱོད་རང་གི་ལག་པས་བྲིས་པའི་མཆན་བུ་ལས་བོན་ཞེས་པས་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པས་ཞེས་བཤད་ཅིང་། དེ་ལྟར་ན་ཆོས་ཞེས་པའང་ཤེས་བྱ་སོགས་ཡུལ་བཅུ་ལ་འཇུག་པའང་མཚུངས་པའི་ཕྱིར། དེ་ལྟར་ན་ས་བོན་དང་ས་ཆོས་ཞེས་རྣམ་པ་ཀུན་ཏུ་དོན་མཚུངས་པའི་ཕྱིར།
ད་དུང་བན་དེའི་ཀུན་གཞིའི་སྐོར་གྱི་དཔེ་དེབ་དུ་གཟིགས་དང༌། དེར་ས་ཆོས་ཞེས་བྲིས་པའང་མཐོང་བྱུང༌།” འདི་ལ་གོ་རྒྱུ་ཅང་མིན་འདུག བན་དེའི་དཔེ་དེབ་ནང་དུ་ས་ཆོས་ཞེས་མ་ཟད་གནམ་ཆོས་ཞེས་བྲིས་པའང་ཡོད། ས་བོན་གྱི་གདོད་དུ་ས་ཆོས་བྲིས་འདུག་ཅེ་ན་སྐད་ཆ་རེད།
“༼དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཕྱིར་ན་མ་ཁྱབ་བོ།༽
སུས་ཁྱོད་ལ་དེ་ལྟརཁྱབ་ཅེས་བཤད་བྱུང༌། སུས་དེ་ལྟར་རྟགས་བཀོད་འདུག་ཁྱོད་ལ། ཕ་རོལ་འདོད་པའི་ནམ་མ་ལངས་པར། དགག་པའི་ཉི་མ་ཅི་ལ་འཆར་ཅེས་པས་སོ། ”
འདིའི་ལན་ནི་ཁྱེད་རང་གིས་བྲིས་པའི་མཆན་ཨང་༣༠༠ པར་”གཡུ་འབྲུག་དཀར་པོ་ལགས།
ས་བོན་ཞེས་པའི་བོན་དེ་གང་བྱས་ནས་བོད་རྒྱུད་ནང་བསྟན་པས་བཞག་པ་རེད་དམ། དེ་ལ་ས་ཆོས་ཞེས་བཤད་ན་གང་སྐྱོན་འདུག ས་བོན་ཞེས་པའི་ཚིག་ནང་དུ་བོན་ཞེས་ཡོང་དགོས་པའི་རྒྱུ་མཚན་ཁྱོད་ཀྱིས་ཤོད་དང་དེ་ནས་ངས་དེ་ནི་དན་རྟགས་གང་ཡིན་བཤད་ཆོག
༼གལ་ཏེ་ས་བོན་ཞེས་པའི་མིང་དེ་ས་ཆོས་ཞེས་ཡོད་པ་ཡིན་ན་བོན་པོ་ཚོས་ས་བོན་ཞེས་བསྒྱུར་ཐག་ཆོད་རེད། ༽
ད་འོ་ན་དགེ་འདུན་ཆོས་འཕེལ་ལས་སོགས་མཁས་དབང་མང་པོས་བོད་ཅེས་པ་དེ་སྔར་བོནད་ཅེས་པའི་མིང་ལས་མཆེད་པ་རེད་ཅེས་བཤད་ཡོད། དེ་བོན་པོས་བསྒྱུར་བ་རེད་དམ། བོན་པོས་བོན་ཞེས་བཅོས་དགོས་པ་ལ་བོད་ཅེས་ཅི་ཡིས་བསྒྱུར་པ་རེད། དེ་ཡང་དན་རྟགས་རེད།”འདིས་བོད་ཅེས་པ་བོན་ལས་བསྒྱུར་བ་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཕྱིར་ཟེར་བ་མ་ཡིན་ནམ།
མ་ཟད་དགེ་འདུན་ཆོས་འཕེལ་གྱིས་བོན་པོ་ཚོས་དེ་ལྟར་འདོད་ཀྱིན་ཡོད་པ་ལྟར་དེ་ལྟར་ཡང་ཡིན་སྲིད་ཅེས་པ་ཙམ་ལས་དངོས་ནས་དེ་ལྟར་ཡིན་ཞེས་གསུངས་མེད་ལ། ལྷག་པར་དེ་ལྟར་ཡིན་པར་སུས་ཀྱང་ཐག་གཅོད་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་རེད། དགེ་འདུན་ཆོས་འཕེལ་གྱིས་བོད་ཅེས་པ་བོན་ལས་བསྒྱུར་བར་གསུངས་ཡོད་ཅེས་པའི་རྫུང་མཚངས་རྐུབ་བརྡོལ་མ་སོང་ངམ།
“ཤེས་བྱ་བོན་ཅན།
བོན་པོས་ཆོས་གཞུང་བོན་ལ་བསྒྱུར་བ་མེད་པར་ཐལ།
ཁྱོད་སྤོབས་པ་མཐའ་ཡས་ལ་དེ་ལྟར་བསྒྱུར་བའི་མཚན་གཞི་འཇོག་རྒྱུ་ཞིག་མེད་པའི་ཕྱིར དཔེར་ན། སྤྲེལ་ཕྲུག་གི་རྭ་ཅོ་བཞིན་ནོ།
“རིག་པ་ནི་བོན་གྱི་གསུང་རབ་ཀྱི་ནང་དུ་བོན་ཞེས་ཡོད་ཚད་ལ་ཆོས་ཞེས་བསྒྱུར་པས་རྟོགས་ཐུབ་པའོ། ཧཧཧཧཧ་འདྲ་བོ་འདྲ་རྐྱང་མང་ཉུང་ཅི་ཡང་མི་འདུག
ད་གཅིག་གསུང་དང༌། ལ་སྟོད་བུ་ཡི་རིག་པ་དེ་རིག་པ་མིན། གཡུ་འབྲུག་དཀར་པོའི་རིག་པ་དེ་རིག་པ་ཡིན་ཅེས་བཙན་བཀའ་གཏོང་པའི་དུས་ལ་བབས་འདུག
དེ་མིན་ཁྱོད་ལ་ལུང་ནི་མེད་རིག་པ་ནི་རིག་པའི་གོ་མ་ཆོད་དོ།”
ལ་སྟོད་བུ་ལགས། ང་རྒྱལ་གྱི་དུག་གིས་མ་བཟི་བར་དྲན་པ་བརྟན་པོ་བཟུང་ལ་ལེགས་པར་གཟིགས་དང་། རིག་པ་ཞ་ར་སུའི་ཡིན་ཧ་གོ་གི་རེད། ཁྱེད་ཀྱིས་དེ་འདྲ་ཞིག་ལབ་རྒྱུ་ཡིན་པ་ངས་མོ་མ་འདེབས་གོང་ནས་གདོན་མཐོང་བས་ཁྱོད་ཀྱི་སྒོ་མཚུངས་ཀྱི་རིག་པ་འདི་འགྲོ་ས་མེད་པར་སྔར་ནས་བཤད་ཟིན། ཡང་ནས་ཡང་དུ་མགོ་འཁོར་མ་སྡོད།
གསུང་རབ་ཀྱི་ནང་དུ་བོན་ཞེས་པའི་ཚིག་ཡོད་ཚད་ལ་ཆོས་ཞེས་བསྒྱུར་ཟིན་ཟེར། གསུང་རབ་ཀྱི་ནང་དུ་བོན་ཞེས་པའི་ཚིག་ཡོད་ཚད་ལ་ཆོས་ཞེས་མ་བསྒྱུར་བར་ཐལ། ས་བོན་དེ་དེའི་ཕྱིར། ཟེར་ན་ག་རེ་ལབ་ཡ་ཡོད། དེར་མ་ཟད་ནང་ཆོས་བོན་ནས་བསྒྱུར་བ་མ་ཡིན་པའི་སྒྲུབ་བྱེད་མང་དག་ཅིག་བཀོད་ཡོད་ན་ཡང་དེ་ཚོ་ཚང་མ་ཁྱོད་ཀྱིས་མ་མཐོང་ཁུལ་བྱས་ནས་བཞག་པ་དེ་ཁྱེད་ལ་གནོད་པ་ཡོད་པས་ཨེ་ཡིན།
བཙན་བཀའ་གཏོང་མཁན་དང་འཇིགས་བསྐུལ་གཏོང་མཁན་སུ་ཡིན་མིན་ནི་དྲ་བ་འདིའི་མཆན་མགོ་ནས་མཇུག་བར་དུ་བཀླགས་ན་ཤེས་ཐུབ་པས་ངོས་ནས་དམིགས་བསལ་ཞིག་ཞུ་དགོས་མིན་འདུག ད་དེ་ཙམ་ཡིན། དེ་ནི་ངའི་གཏམ་གྱི་མཇུག་ཡིན། དྲང་མོར་བཤད་ན་ངའི་ལུང་པའི་སྐད་ནས་བོན་པོ་ཞེས་པ་དེ་ལྐུགས་པ་མིན་ཀྱང་ལྐུགས་རྟགས་དང་ལྡན་པ་ཞིག་ལ་ཟེར་གྱི་ཡོད། དེ་རིང་ངའི་ལུང་པའི་སྐད་ཀྱི་ཚིག་དེ་ཡང་དོན་ལ་འབྱོར་བ་ཞིག་རེད་འདུག་སྙམ་པ་བྱུང་།
དྲ་གྲོགས་མང་ར་བ་ལགས་སྐུ་ཁམས་བཟང་།
ཁྱེད་ཀྱིས་ཁོ་བོར་གླག་སོགས་བཀག་ཚར་ཚུལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། དེ་མིན་ངས་གནས་ཚུལ་དེ་གསལ་པོ་ཞིག་ཧ་གོ་མ་སོང་། མ་གཞི་ནས་གོང་དུ་མཆན་ཨང་༦༧།༽དང་༡༠༩། ༽ ༡༥༡། ༽ ༡༣༠། ༽ ༡༥༩། ༽ ༢༦༢།༽སོགས་སུ་གཞིགས་ན་འཇམ་རྣོན་དང་གཞོན་ཟླ། སྤོབས་མཐའ། དེ་བཞིན་དབང་ཆེན་ཞེས་པ་སོགས་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་བོན་པོས་དམར་མཆོད་བྱེད་པར་སྒྲུབ་ཁུལ་བྱས་འདུག་པས་ངས་ཁོ་ཚོ་ལ་མཆོད་སྤྲིན་གྱི་ཚུལ་དུ་ཕུལ་ན་ཅི་སྟེ་མི་འཚམས།།
གཉིས་སུ་ནི་གླག་སོགས་ཐེག་ཆེན་གསང་སྔགས་ཀྱི་ལུང་དོན་མ་ཁྲོལ་ནས་ལམ་ལོག་པར་གོལ་བ་མང་པོ་ཞིག་ང་ཚོའི་འགྲམ་ན་མིག་ཅེར་རེར་བལྟ་བཞིན་ཡོད་ཚོད་འདུག་པས་དེ་དག་ལ་ཕན་ཞིག་ཕན་ཞིག་ལོས་ཐོགས་སྙམ།། འོན་ཀྱང་ལུང་ལས།
ངེས་ཚིག་བདེན་པར་བཤད་ཀྱང་མི་ཉན་བསྐུར་པ་འདེབས།
དེ་དང་དེ་འདྲའི་སེམས་ཅན་དེ་རིགས་ལ། ཐར་པའི་རྒྱུ་མ་མཆིས་ཞེས་པའི་ལུང་གི་བསྟན་བྱར་གྱུར་པའི་ནང་ཚན་ཞིག་ཡིན་ན་ཅི་བྱར་ཡོད།
ད་ལྟ་དེ་ཙམ་ཡིན་རྗེས་སུ་མུ་འཐུད་དེ་སླེབས་ཡོང་གྲོགས་པོ་ཚོ་བདེ་མོ་ཞུགས།།
ཨ་ལ་ལ་ལ། དྲ་ཁྱིམ་འདིའི་ཤེས་བྱའི་མཁའ་དབྱིངས་སུ།རིག་པའི་ཁྱུང་ཆེན་དུ་མའི་ལུང་རིགས་གཤོག་ཟུང་གི་འཕུར་རྩལ་ངོམ་པ་ངོ་མའི་ཡག་པོ་འདུག ཚིག་ངན་ཙམ་མ་ཡིན་པར་ཕལ་ཆེ་བ་ཞིག་ལ་བློ་བསྐྱེད་ཆེན་པོ་ཕུད་ཡོད་ལས་ཆེ།ད་ལ་སྟོད་བུ་ལ་འགྲན་ཡ་ཞིག་མེད་ཐལ།ངོ་སོ་བསྟོད།
བདེན་དོན་ལུང་རིག་གནམ་ལྕག་ཐོག་གི་མདས།།
ལོག་རྟོག་གདོན་གྱིས་སེམས་རྒྱུད་ཆེས་དཀྲུགས་པའི།།
ངར་འཛིན་ལྷན་སྐྱེས་བྲག་རི་ཐལ་བར་བརླག།
ལ་སྟོད་བུ་ཡིས་ལ་རྒྱའི་དབུ་འཕང་བསྟོད།།
གཡུ་འབྲུག་དཀར་པོ་ལགས།
བཙན་བཀའ་གཏོང་བ་དང་འཇིགས་བསྐུལ་གཏོང་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
བཙན་བཀའ་གཏོང་བ་ནི་ཁ་བརྡས་དྲྭ་སྤྱོད་ཚོར་བཙན་བཀའ་གཏོང་ཆོག་གི་རེད། དེ་ལ་འཇིགས་བསྐུལ་གཏོང་བ་ཞེས་བཤད་ཀྱི་མ་རེད།
དྲྭ་རྒྱ་འདིར་འཇིགས་བསྐུལ་གཏོང་མཁན་ཞིག་ཡོད་ན་ཁ་བརྡ་ཚང་ནས་ཁོ་འདིར་སླར་ཡང་འཇོག་མདོག་ཁ་བོ་མ་རེད། དེ་རྒྱུ་མཚན་རེད།
ད་ཡང་ཁྱོད་ཀྱིས་རྒྱུག་པ་ལེབ་བརྡུང་བྱེད་ཀྱི་མི་འདུག་གམ། ཁྱེད་རང་ང་ལ་ཇི་ལྟར་བཤད་ཀྱང་རུང༌། ང་ལ་མི་དགའ་བའི་དབང་གིས་བོན་པོར་དམའ་འབེབས་བྱེད་པའི་གཏམ་བཤད་བྱེད་མཁན་འདི་རིགས་དངོས་གནས་ཁ་བརྡ་ཚང་གིས་ཕྱི་འབུད་བྱེད་དགོས་པ་འདུག
བོན་པོ་ཚང་ལྐུགས་པ་ཡིན་ན་བོན་པོ་ཚང་གིས་དྲི་བ་དེ་ཚོར་ལན་རྣལ་མ་ཞིག་ཐོབ་དང༌། ལན་རྒྱབ་རྒྱུ་མེད་པ། དྲིས་ལན་ཐམས་ཅད་རགས་པ་སྦོམ་པོ་གོ་རྒྱུ་མེད་པ་ཤ་སྟག་ཡིན་པར་ཤེས་དགོས།
ཆོས་ལུགས་དང་ཆོས་ལུགས་ཀྱི་དབར་ལ་དཀྲུགས་ཤིང་རྒྱབ་ཟེར་བ་དེ་དེ་ལྟ་བུ་ཞིག་ལ་བཤད་པ་རེད། བོན་པོ་ཚོར་ལྐུགས་པ་ཡིན་ན་ཁྱེད་རང་བོན་པོའི་གདན་སར་སོང་ལ་རྟགས་བསལ་ཞིག་རྩོད་དང་སུ་ལྐུགས་པ་ཡིན་མིན་དེ་དུས་ཧ་གོ་རྒྱུ་རེད།ས་ཆོས་ཞེས་པ་སྡོང་པོ་དང་སྨྱུག་གུ་སོགས་ཀྱི་རྒྱུ་ལ་མི་གོ་བ་མངོན་སུམ་ཡིན་ཏེ།
དེ་མ་ཡིན་པར་ཐལ། དེ་ལྟར་གོ་བ་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་འགྲིག
ཨ་ནུ་ཐང་ཡ་ཨ་ནུ་ཐང་། ༼ཀུན་རྫོབ་གྱི་ཆོས་སམ་བོན་ཀྱི་བདག་ཡོད་དང་གང་ཟག་གི་བདག་ཡོད་ཅེས་བ་སྤངས་བྱ་ཡིན་ཏེ།༽ ཞེས་པ་འདི་ཅི། །ཀུན་རྫོབ་ཀྱི་ཆོས་དང་བདག་གཉིས་མཉམ་སྦྱོར་བྱེད་སྟངས་ཤིག་ཡོད་དམ། ཀུན་རྫོབ་ཀྱི་ཆོས་སྤངས་བྱ་ཡིན་ན་ཀུན་རྫོབ་བདེན་པའང་སྤངས་བྱ་ཡིན་དགོས། དེ་ཡིན་ན་བདེན་གཉིས་ཟུང་འབྲེལ་ཞིག་ཡོང་ཐབས་མེད། དེ་མེད་པས་སངས་རྒྱས་འགྲུབ་ཐབས་ཀྱང་མེད། ཀུན་རྫོབ་བདེན་པ་ཡོད་ན་ཀུན་རྫོབ་ཀྱི་ཆོས་ཡོད་དགོས། རྣམ་མཁྱེན་ཡོད་ན་ཀུན་རྫོབ་ཀྱི་ཆོས་ཡོད་དགོས། ཐར་ལམ་ཡོད་ན་ཀུན་རྫོབ་ཀྱི་ཆོས་ཡོད་དགོས། ད་འོ་ན་སངས་རྒྱས་དང་བྱང་འཕགས་སོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་མ་སྤངས་པར་སངས་རྒྱས་པ་འདི་ཅི། ཁྱོད་ལྟར་ན་བདག་གཉིས་ཀྱང་མ་སྤངས་ཟེར་དགོས་སམ། ངེད་ཀྱིས་ལན་དུ་མར་ཁྱོད་ལ་བདག་གཉིས་སྤངས་བྱ་མ་ཡིན་ཏེ་སྤངས་ཚུལ་མེད་པའི་ཕྱིར། དེར་ཐལ་ཁྱོད་གཏན་མེད་ཡིན་པའི་ཕྱིར། ཞེས་བརྗོད་ཡོད་ཀྱང་ཨུ་ཚུགས་འདི་འདྲ་ལ་བྱེད་ཐབས་ཅི་ཡོད། སྤངས་བྱ་ཡིན་ན་ཁྱོད་ལ་གཉེན་པོ་ཞིག་ཀྱང་ལོས་དགོས། བདག་གི་གཉེན་པོ་གང་རེད་དམ། བདག་མེད་འཇོག་རྒྱུ་ཡིན་ནམ་བདག་མེད་རྟོགས་པའི་ཤེས་རབ་འཇོག་རྒྱུ་ཡིན།
༼དབང་ལྔའི་སྤྱོད་ཡུལ་ཀུན་མ་རིག་པས་སླད་ཞུགས་པས་སྤངས་བྱ་ཡིན།༽ ཅེས་པ་འདི་ཡང་ཅི། ཁྱོད་ཀྱི་མིག་གིས་མཐོང་བའི་སངས་རྒྱས་ཀྱི་གསུང་རབས་དག་ཀྱང་སྤངས་བྱ་ཡིན་ནམ། དེར་མ་རིག་པས་སླད་ཞུགས་ཚུལ་གང་། བདུད་གདུག་ཏོ་ཅན་དང་བྲམ་ཟེ་རྒན་མོས་མཐོང་བའི་སངས་རྒྱས་ཀྱི་སྐུ་གཟུགས་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་སྣས་ཚོར་བའི་སྤོས་ཀྱི་དྲི་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་ལྕེ་ཡིས་མྱོང་བའི་རོ་མངར་བ་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་སྣ་བས་གོ་བས་སློབ་དཔོན་གྱི་གདམས་ངག་ཟབ་མོ་དེ་ཡང་སྤངས་བྱ་ཡིན་ནམ། དེར་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་ལུས་ཀྱིས་ཚོར་བའི་རེག་བྱ་འཇམ་པ་དེ་ཡང་སྤངས་བྱ་ཡིན་ནམ། དེར་ཡང་མ་རིག་པས་སླད་ཞུགས་ཚུལ་གང་།
༼གང་ཟག་གི་ལུས་ཕུང་འདི་སྐྱེས་རྒ་ན་འཆིས་རང་བཞིན་ཡིན་ཞིང་འདིས་བརྟན་གྱི་བདེ་བ་རྙེད་ཐབས་མེད་དེ། ཟག་སྐྱེས་ཀྱི་རང་བཞིན་ཅན་གྱི་ལུས་ཕུང་འདིས་རྟག་བརྟན་གྱི་བདེ་བ་རྙེད་པའི་ནུས་བ་མེད་པས་སོ། དེ་བརྟེན་ཐུབ་པ་དང་གཤེན་རབ་གཉིས་ཀྱི་སྐུ་ལུས་ཀྱང་སྡུག་ངལ་བའི་རང་བཞིན་ཡིན་པས་མཐར་མྱ་ངན་ལས་འདས་བ་ཡིན།༽འདི་ལ་ཡང་ལྟོས་ཤིག ཟག་བཅས་ཀྱི་ཕུང་པོ་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་བསྒྲུབ་པའི་ཐབས་ཟབ་མོ་གསང་སྔགས་བསྐྱེད་རྫོགས་ཀྱི་རིམ་པ་འདི་མ་གོ་བ་འདྲ། སེམས་ལྷ་རུ་སྨིན་ལ་ལུས་ལྷ་རུ་མ་སྨིན་པའི་རྣམ་སྨིན་རིག་འཛིན་དང་། ལུས་སེམས་གཉིས་ཀ་ལྷ་རུ་སྨིན་པའི་ཚེ་དབང་རིག་འཛིན་གཉིས་ལ་སྡུག་ལྡན་གྱི་ཕུང་པོ་དོར་མ་དོར་གྱི་ཁྱད་པར་ལས་སེམས་ལྷ་རུ་སྨིན་མ་སྨིན་ལ་ཁྱད་པར་ཡེ་མེད། དེར་མ་ཟད་ སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། གསང་སྔགས་བསྒྲུབ་པའི་རྟེན་དུ་ག་ལ་འགྱུར། ཅེས་གསུངས་པ་ཡང་། རྩ་རླུང་ཐིག་ལེ་ལ་མ་བརྟེན་པར་བདེ་སྟོང་ཟུང་འཇུག་གི་ཉམས་ལེན་མེད། དེ་མེད་པར་བསྐྱེད་རྫོགས་ཟུང་འཇུག་གི་རྟོག་པ་རྒྱུད་ལ་མི་སྐྱེ་བའི་དོན་ཡིན།
སྟོན་པ་བཅོམ་ལྡན་འདས་དང་གཤེན་རབ་གཉིས་ཀ་ཡང་ལུས་རྟེན་མ་དོར་བར་སངས་རྒྱས་པ་མཛད་རྣམ་ལས་ལེགས་པར་གསལ། སངས་རྒྱས་པའི་མཛད་པ་དང་མྱ་ངན་ལས་འདས་པའི་མཛད་པ་གཉིས་ལོགས་སུ་བགྲང་བ་མ་ཡིན་ནམ། བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་རྗེས་སུའང་གང་སར་ཞབས་ཀྱིས་བཅག་སྟེ་འགྲོ་དོན་དཔག་མེད་མཛད་པའི་རྣམ་ཐར་མཐའ་ཡས་པ་ལ་སྤྱན་གྱི་ཟུར་ཙམ་འཕེན་པར་འཚལ།
ད་ཁ་པར་ཐོངས་ཤིག ཁ་པར་མ་བཏང་ན་འདི་འདྲ་རེད། རྩོད་གྲྭ་མ་འགྲིམས་པའི་རྩོད་པ་ལ་སྣུམ་རྩི་ཞིག་མེད། བཙིར་བཙིར་ན་རྣག་དང་ཆུ་སེར་ལས་གང་ཡང་མི་ཡོང་། བྲེལ་བ་མ་བྱེད། ཐུགས་སེམས་ལྷོད་ལ་ཕོབས།
ཨ་ནུ་ཐང་། ད་དུང་གཅིག་ལྷག་འདུག ༼ཀུན་རྫོབ་པའི་ངོ་བའི་བདག་གཉིས་མེད་ན་བདག་འཛིན་གཉིས་སྐྱེས་དགོས་དོན་མེད།༽ ཅེས་པ་འདིར་གོ་བ་ཡག་པོ་ཞིག་ལོན་གི་མི་འདུག ༼ངོ་བའི་༽ཞེས་པ་འདི་མགོ་རྨོངས་བྱེད་ཅིག་རེད། ༼ངོ་བོའི༽ཞེས་ན་རོ་ཞིག་འབྲི་དགོས་པ་ཨེ་རེད། དེ་ལྟར་ཡིན་ན་ད་ཅུང་ཙམ་གོ་བ་འདུག ཀུན་རྫོབ་པའི་ངོ་བོར་ཡོད་པའི་བདག་དེ་བདག་འཛིན་གྱི་རྒྱུ་ཡིན་པ་ཨེ་རེད། ༼ཀུན་རྫོབ་པའི་ངོ་བོ་༽ཞེས་པ་འདི་བདག་༼འཛིན་གྱི་ངོར་༽གོ་ན་འགྲིག་པ་ཨེ་རེད། དེ་ལྟར་ཡིན་བདག་འཛིན་གྱི་ངོར་ཡོད་པའི་བདག་དེ་བདག་འཛིན་དེའི་རྒྱུ་ཡིན་དགོས་པར་ཐལ་བདག་འཛིན་དེ་དེ་ལས་སྐྱེས་པའི་ཕྱིར། རྟགས་ཁས། ཁྱབ་པ་མ་བྱུང་ཟེར་རྒྱུ་ཨེ་ཡིན། ཡིན་ན་ནི་རི་བ་འཛིན་པའི་ཤེས་པ་དེ་རི་བོ་རྭ་ལས་སྐྱེས་པ་དང་ཀུན་ནས་མཚུངས། བདག་མེད་དང་བདག་མེད་ཅེས་གསུང་རབས་རྣམས་སུ་ལན་སྟོང་ཕྲག་དང་ཁྲི་ཕྲག་ཏུ་ཡོང་བ་དེ་ཡང་བདག་འཛིན་གྱིས་བཟུང་བའི་བདག་གམ་དེའི་ངོར་ཡོད་པའི་བདག་དེ་མེད་གསུངས་པ་ལས་བདག་འཛིན་གྱི་ངོར་ཡོད་པའི་བདག་ལས་གཞན་པ་ཞིག་མེད་ཟེར་དགོས་དོན་མེད་དེ་དེ་འཛིན་མཁན་ཞིག་མེད། དེ་མེད་པས་དེའི་དབང་གིས་འཁོར་བར་འཁྱམ་པ་ཡང་མེད་པའི་ཕྱིར། ཁྱོད་ཀྱིས་ཀུན་རྫོབ་པའི་ངོར་ཟེར་བ་དང་བདག་འཛིན་གྱི་ངོར་ཟེར་བ་གཉིས་ལ་ཁྱད་པར་གང་མཐོང་གི་འདུག འདི་ཁྱོད་ལ་གོ་བརྡ་མི་འཕྲོད་པའི་གནད་དེ་རེད་སྙམ།
ད་ལ྄ྟ་རང་། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཔལ་ལྡན་རྒྱལ་གྱིས་ཁེ་ཎ་ཌ་ནས་དྲྭ་རྒྱ་འདིར་རྩོད་གཞི་ལྷ་སྲས་དར་མའི་སྐོར་རྩོམས་པ་པོ་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་གི་ཚོགས་གཙོ་ཟུར་པ་མཁས་དབང་བསམ་གཏན་མཁར་རྨེའུ་ལ་ད་ལྟ་ཚོགས་བཞིན་པའི་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུའི་སྐོར་ལ་དྲི་བ་དྲིས་ལན་གནང་བ་ཞིག་རླུང་འཕྲིན་བརྒྱུད་གོ་བར་རྟེན་འབྲེལ་ལེགས་པོ་ཞིག་བྱུང་སོང་།
མཁས་དབང་མཁར་ར྄ྨེའུ་ཁ྄ྱེད་རང་ལ་བཀ྄ྲ་ཤིས་བདེ་ལེགས་ཡོད།
དམུ་ཐག་གི་བུ་རྒྱུད་ལགས།
ད་དེ་ཚོར་སྔགས་རྫོགས་ཟིག་གཟེ་ན་ཁྭ་ཏ་མདའ་རེད།སྔགས་རྫོགས་ཀྱི་ལྟ་བའི་མང་པོ་མ་གསུངས་རོགས་གནོངས།ད་ལྷ་དར་མ་ཡིན་ན་གླང་དར་མ་ཡིན་ན་དེའི་ཕྱོགས་ནས་གསུངས་རེ་འབྱོན་ན་ངོ་མའི་ཡག་པོ་ཞེ་དྲག་རེད་བཞག
ལ་སྟོད་བུ་དང་དམུ་ཐག་གི་བུ་རྒྱུད་ལགས།
ད་དེ་ཚོ་སྔགས་རྫོགས་དང་དེའི་ལྟ་བའི་སྐོར་ནས་བཙུར་ན་ཁོ་རང་ཚོ་རྣག་ཡང་རྫོགས་འདུག
དེ་བས་དྲྭ་གྲོགས་ཚོ་ཡང་བློ་ཁ་སྐྱེད་ཐུབ་པའི་ལྷ་སྲས་དར་མའི་སྐོར་ནས་ཐུན་མོང་ལ་དབང་བའི་གླེང་སློང་རེ་བྱས་ན་ཡག་པོ་ཡོད་ཐག་ཆོད་རེད། ཡང་དེའི་སྐོར་ནས་ཁོ་ཚོ་ཁྲག་ལ་རེ་ཐོན་རྒྱུ་ཡོད་ཀི་ཅིག་ལྟོས་ན་བཟང་བར་སྙམ།
ད་རྫོགས་ཆེན་གྱི་སྐོར་ནས་ཁྱེད་རང་ཚོས་གང་འདོད་གླེང་རོགས། ངས་ནི་རྫོགས་ཆེན་མི་ཤེས། སྔགས་ཁྲོམ་བསྒྲགས་བྱས་ན་སྲུང་མས་ཉེས་པ་གཅོད་ཚུལ་ཞིག་འདུག ང་ལ་ནི་དབང་འདྲ་ཐོབ་མ་མྱོང་། དད་པ་ཡང་ཆེན་པོ་ཞིག་མེད།དེ་ཁྱོར་ཚོར་སྔོན་མ་ནས་བཤད་ཡོད། བོན་པོ་ཚོ་ལ་གསང་བ་སྒྲོག་རུང་མི་རུང་གི་བཤད་ཚུལ་དེ་མེད་པ་འདྲ། ཁྱོད་ཚོའི་རྫོགས་ཆེན་དེ་ཁྱི་ངན་གྱི་སྤུ་བཞིན་ག་ས་གང་དུ་གཏོར་འདུག་ཆོག་པ་ཞིག་རེད་འདུག་ག ང་ཚོ་ཕུ་ནུའི་བར་ན་རྒྱལ་ཕམ་གྱི་སྐད་ཆ་དེ་ཚོ་ཤུགས་ཆེན་པོ་མ་སྒྲོགས་རོགས། ཁྱེད་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི་མ་གཞི་ངས་རྒྱལ་ཕམ་གྱི་ཆེད་དུ་གླེང་གིན་མེད། ངས་གནད་དོན་རེ་གསལ་པོ་ཆགས་ཆེད་དུ་ཅིག་བཤད་ཁུལ་བྱེད་ཀྱིན་ཡོད།
གསང་སྔགས་ཀྱི་གཞུང་དུ་བཤད་ན་སྒྲོག་མི་རུང་བའི་ཁྱབ་པ་མེད་ཅིང་། རྫོགས་ཆེན་ལ་ཡང་དེ་དང་འདྲ། ངེད་ཅག་གིས་དྲྭ་ཐོག་འདིར་སྒྲོག་མི་རུང་བ་གང་ཡང་བསྒྲགས་མེད། ཁྱོད་ཡོད་ས་ན་གདམས་ངག་གི་གསང་བ་ཟབ་མོ་དག་གསང་དགོས་ལོས་ཤེས། ང་ཚོ་ཕུ་ནུའི་བར་ན་རྒྱལ་ཕམ་གྱི་སྐད་ཆའི་མགོ་འཛུགས་མཁན་སུ་རེད་དམ། བནབོན་གྱི་བར་ན་འགལ་ཟླ་སློང་མཁན་དེ་སུ་རེད་དམ། ད་ར་རོ་བའི་ངང་ཚུལ་དེ་མ་སྟོན། ཡ་ཡ ད་མང་པོ་མི་བཤད། སྔགས་རྫོགས་ཀྱི་སྣོད་དུ་རུང་དཀོན་སེ་འདུག
ད་འོ་ན་དྲྭ་གྲོགས་ཚོ། ང་ཚོས་ཁྲི་དར་མའི་སྐོར་གླེང་། མཁར་རྨེའུ་ཡིས་བཤད་པ་ཡོད་ཚད་རྩམ་པ་ཟ་ཟ་བྱས་ཆོག་པ་ཞིག་རེད་ཅེས་བཤད་ཀྱིན་མེད། རྩོམ་ཡིག་འདིའི་གནད་གཙོ་བོ་ཁྲི་དར་མས་བསྟན་པ་བཤིགས་ཡོད་མེད་དེ་རེད། འདི་ལ་རྒྱབ་རྟེན་ཏུན་ཧུང་ཡིག་རྙིང་གི་ཚན་པ་ཞིག་ཀྱང་དྲངས་འདུག ཁྲི་དར་མས་བསྟན་པ་བཤིགས་པའི་ལོ་རྒྱུས་འདི་ཡོངས་གྲགས་སུ་གྱུར་འདུག་པ་དེར་ཡང་མཁར་རྨེའུ་ཡིས་འགྲེལ་བཤད་ཅིག་བྱས་འདུག ལོ་རྒྱུས་མཁན་ཚོས་ཞིབ་འཇུག་གི་རིན་ཐང་ངོས་ནས་བལྟས་ན་ཡིག་ཆ་་ཇི་ཙམ་རྙིང་ན་དེ་ཙམ་གྱིས་རིན་ཐང་ཆེ་བ་དང་ཡིད་རྟོན་ཆེ་བ་བྱེད་ཀྱིན་འདུག ཁྲི་དར་མས་བསྟན་པ་བཤིགས་མ་བཤིགས་ཀྱི་བཤད་སྟངས་འདི་གཉིས་ལས་གང་ཞིག་ཁུངས་བརྩན་པར་འདུག་གམ།
ཁ་སྔོན་ཨ་ནུ་ཐང་ཡིན་ནམ་ཅིག་གིས་ང་ལ་གཏོ་པའི་ཆོས་ལུགས་ཀྱི་སྐོར་ཅིག་སྐད་ཆ་དྲིས་སོང་། སྐབས་དེར་ངས་རྒྱ་ནག་གི dao ཆོས་ལུགས་མ་གཏོགས་ཡིད་ལ་འཁོར་མ་བྱུང་། ད་བྱས་དུས་འཇང་ཡུལ་གྱི་གཏོ་པའི་ཆོས་ལུགས་བཤད་ཀྱིན་ཡོད་པ་འདྲ། དེ་རེད་དམ།
གསང་སྔགས་ཁྲོམ་སྒྲོག་བྱེད་མི་རུང་ཞེས་བཤད་པ་གོ་མྱོང་། རྫོགས་ཆེན་ལའང་གསང་རྒྱུ་ཞིག་ཡོད་པ་རེད་དམ།
སྨོན་ལམ་ལགས།
གསང་སྔགས་ལ་གསང་རྒྱུ་ཞེས་པ་དེ་གང་ཞིག་ལ་བརྗོད་ཀྱི་ཡོད་དམ།
ཁ་ནས་གསང་སྔགས་ཀྱི་སྐོར་བཤད་པ་ཙམ་ལ་བརྗོད་ན།
དུས་འཁོར་དབང་ཆེན་ལས་སོགས་གསང་སྔགས་ཀྱི་དབང་བསྐུར་མཁན་གྱི་བླ་མ་དེ་ཚོས་གསང་སྔགས་ཀྱི་དམ་ཚིག་དང་འགལ་བའི་བྱ་སྤྱོད་སྤེལ་བ་ཡིན་ནམ།
དེ་ཡིས་ག་ལ་ཚད་རྒྱུད་གྲྭ་སྟོད་སྨད་ལས་སོགས་གདན་སའི་བླ་གྲྭ་མང་པོས་ཕྱི་རྒྱལ་ཀླ་ཀློའི་ཡུལ་དུ་དཀྱིལ་འཁོར་བཞེངས་འགྲེམས་དང་གསང་སྔགས་ཀྱི་གཞུང་ལས་བྱུང་བའི་ལྷ་ཡི་འཆམ་སོགས་སེམས་ལ་ནང་པའི་ས྄ྐ྄ྱབས་འག྄ྲོའི་ད྄ྲི་མ་ཙམ་ཡང་མི་བ྄ྲོ་བའི་མི་མང་ལ་འག྄ྲེལས་ས྄ྤ྄ེལ་དང་ཁ྄ྱབ་བས྄ྒ྄ྲགས་བ྄ྱེད་པ་དེ་ཚོས་ཅི་ཞིག་བྱེད་ཀྱི་ཡོད་དམ།
རྫོགས་ཆེན་གྱི་གཞུང་ལ་དཔྱད་ཞིབ་བྱེད་མཁན་གྱི་ཕྱི་མི་ཇི་ལྟར་མང་པོ་མི་འདུག་གམ།
གསང་རྒྱུའི་གསང་ཚུལ་མ་ཤེས་ན་སྐྱོན་དེ་ལ྄ྟར་ཟད་དོ།
ཁྲི་དར་མས་ངན་སྤྱོད་སྤེལ་བའི་ཆེད་དུ་བསྟན་པ་བསྣུབས་པ་ལ་རྩོད་པ་མེད་ཙང་། ཕྱིས་སུ་བོད་རིགས་རྣམས་ཀྱིས་རང་གི་རྗེ་བོ་མི་ཡིན་ནའང་མིང་ངན་གླག་གོག་དང་གླ་དར་མ་ཞེ་བཏགས་པ་ལ་རྒྱུ་མེད་པར་འབྲས་བུ་གང་ནས་བྱུང་སྲིད་དམ། མཁར་རྨེའུ་དང་དེའི་རྗེས་འབྲངས་ཚོས་ཅིག་གསུངས་རོགས་གནོངས་དང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་ནང་ལའང་ཁོང་སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་བཀླགས་མྱོང་ངམ། ཡིད་མི་ཆེས་སམ། མཆོད་རྟེན་ནི་དུས་ད་ལྟའང་བཞེངས་ནས་བཞུགས་འདུག་པས་ལོ་རྒྱུས་ལ་དཔྱད་རྒྱུ་ཅིག་མེད་འགྲོ
སྤོབས་པ་མཐའ་ཡས་ལགས།
ཁྱེད་རང་རྫོགས་ཆེན་ཤེས་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་མ་བྱུང་དང་པོ་ཁྱོད་ཀྱིས་གླེང་གླང་པ་རེད། ཁྱོད་ཀྱིས་དབུ་མའི་སྐོར་ལ་བཤད་དུས་རྫོགས་ཆེན་གྱི་སྐོར་གླེང་བྱུང༌། མ་ཟད་ཆོས་རྒྱུད་བཞི་ཀས་རྫོགས་ཆེན་འདོད་ཚུལ་ཞིག་བཤད་པ་རེད། དེ་ལ་ངས་དེ་ལྟར་མི་འདོད་པའི་ཁྱོད་རང་ལ་ལྟོས་ཏེ་གཞུང་མར་ཁུ་འདྲ་བོའི་ལུང་ཚིག་སྐྱོར་ཏེ་ཕུལ་བ་རེད། དེ་མ་གཏོགས་གསང་སྔགས་དང་རྫོགས་ཆེན་སྐོར་གྱི་གསང་བ་ཆེན་པོའི་ཚིག་གང་ཡང་བརྗོད་མེད།་ ད་ལན་མེད་དུས་དེ་འདྲ་ཞིག་བརྗོད་རྒྱུ་ལས་ཐབས་ཤེས་ཟད་པ་རེད།
ཐུགས་ཁག་ཅི་ཡོད། གལ་ཏེ་དེ་སྐོར་མི་ཤེས་ན་དང་པོ་ནས་གླེང་གླང་མ་བྱས་ན་འགྲིག་གི་རེད།
ད་ཁྱེད་རང་གིས་དབང་ཡང་ཞུ་མ་མྱོངས་ཆོས་ལུགས་ལ་དད་པ་ཡང་མེད་པའི་བཟོ་ཞིག་བཤད་ཀྱི་འདུག ཕྱོགས་གཅིག་ནས་ལྷ་སྲས་དར་མའི་སྐོར་ལ་མི་གླེང་པར་ལམ་སེང་ཆོས་ལུགས་སྐོར་གྱི་ཚིག་གི་སྣེ་མོར་འཇུས་ཏེ་བོན་དཀར་བོན་ནག་ལས་སོགས་བོན་ལ་དམའ་འབེབས་བྱེད་པའི་ཤུགས་ལ་བན་དེར་དད་ཞེན་ཆེན་པོ་ཞིག་ཡོད་པར་དངོས་ཤུགས་རྒྱུད་གསུམ་ནས་བསྟན་ཡོང་གི་འདུག
ཐུགས་ཁག་མེད། མདོ་སྨད་ཨ་མདོ་དང་ལྷག་པར་དུ་མགོ་ལོག་གི་ས་ཆ་མང་པོར་བོན་པོ་ཞིག་གིས་གནས་ཚང་གཡར་པོ་ཞུས་ཚེ་བརྩོག་པར་བལྟས་ཏེ་གནས་ཚང་མི་གཡར་པའི་ལོ་རྒྱུས་མང་པོ་ད་ལྟའང་ཡོད་རབས་བཤད་ཀྱི་འདུག དངོས་གནས་ཕུ་བོར་བརྩི་མཐོང་མེད་པ་དེ་ཡིས་བསྟན་འདུག
ཕྱི་རུ་ཞབས་བྲོ་རྒྱབ་པར་བྱེད་པ་ལ།
ནང་དུ་རྡོག་གྲྭ་འགྲིག་དགོས་ཞེས་པ་ཅིས་མི་བདེན།
འདི་དག་གིས་རྐྱེན་བྱས་ཏེ་བོད་དོན་བདེན་མཐའ་སེལ་རྒྱུར་འགོག་རྐྱེན་འཕྲད་ངེས་རེད།
དེ་མིན་མི་སུ་ཞིག་ཡིན་ནའང་རང་མི་རིགས་ཀྱི་གནད་དོན་ཐག་གཅོད་ལ་ཤི་ལྕེབ་རོ་ལྕེབ་མི་བྱེད་མཁན་ཞིག་ཤིན་ཏུ་དཀོན། ད་དུང་འདི་འདྲ་རྐྱང་གླེང་ན་འདོད་དོན་འགྲུབ་རྒྱུ་ཤིན་ཏུ་ཁག་པར་སེམས་སོ།
༼་དདེ་ཙམ་ཡིན། དེ་ནི་ངའི་གཏམ་གྱི་མཇུག་ཡིན། དྲང་མོར་བཤད་ན་ངའི་ལུང་པའི་སྐད་ནས་བོན་པོ་ཞེས་པ་དེ་ལྐུགས་པ་མིན་ཀྱང་ལྐུགས་རྟགས་དང་ལྡན་པ་ཞིག་ལ་ཟེར་གྱི་ཡོད།༽
ད་མང་པོ་མི་བཤད་ཁྱོད་ཀྱིས་{དེ་ནི་ང་ཡི་གཏམ་གྱི་མཇུག་ཡིན}
ཞེས་བཤད་འདུག་པས་སོ། ཕལ་ཆེར་ཁོང་ཕེབས་མདོག་མི་འདུག་པས་བར་ས྄ྣང་ས྄ྟོང་པར་ག྄ྲགས་དང་མ་ག྄ྲགས་མི་འདུག
ཁ་ས྄ྔོན་ངས་བཤད་པ་དེ་བ྄ྱུང་ཞག་ མི་མང་ན་རོ་མང༌། ཞེས་པ་དེ་རེད།
ཀརྡོ་རབ་འབྱམས་པ་ལགས། [ཀརྡོ་རབ་འབྱམས་པས]
༼ཁྲི་དར་མས་ངན་སྤྱོད་སྤེལ་བའི་ཆེད་དུ་བསྟན་པ་བསྣུབས་པ་ལ་རྩོད་པ་མེད་ཙང་། ཕྱིས་སུ་བོད་རིགས་རྣམས་ཀྱིས་རང་གི་རྗེ་བོ་མི་ཡིན་ནའང་མིང་ངན་གླག་གོག་དང་གླ་དར་མ་ཞེ་བཏགས་པ་ལ་རྒྱུ་མེད་པར་འབྲས་བུ་གང་ནས་བྱུང་སྲིད་དམ། མཁར་རྨེའུ་དང་དེའི་རྗེས་འབྲངས་ཚོས་ཅིག་གསུངས་རོགས་གནོངས་དང་།༽
རྒྱུ་མེད་པར་འབྲས་བུ་མི་འབྱུང་བ་ནང་པ་སངས་རྒྱས་པའི་སྤྱི་ལུགས་རེད། ཡིན་དང་ཡིན།
བོན་པོས་མཁན་སློབ་ཆོས་གསུམ་ལ་སྡང་བར་བྱེད་པ་ཡང་རྒྱུ་མེད་པ་ལས་འབྲས་བུ་བྱུང་བ་ཞིག་ག་ནས་ཡིན། ཁྱོད་ལོས་བདེན། དེ་ལ་རྩོད་པ་མི་འདུག ༼བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་ནང་ལའང་ཁོང་སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་བཀླགས་མྱོང་ངམ། ཡིད་མི་ཆེས་སམ། ༽
དེ་འདྲ་སུས་ཡིད་ཆེས། དེ་འདྲ་བཀླགས་ཀྱང་མ་མྱོངས། མཆོད་རྟེན་བྱ་རུང་ཁ་ཤོར་ཁོང་སྨོན་ལོག་གཅིག་ཡིན་པ་སུ་གང་གིས་ཀ྄ྱང་ཡིད་ཆེས་ཀྱི་མ་རེད། མ་གཞི་ནས་ཁོང་ཟེར་བ་གང་ཟག་ཅིག་ལ་འཇུག་པ་ཙམ་ཡང་ཤེས་མི་འདུག
སྨོན་ལོག་ཅེས་པ་མཆོད་ར྄ྟེན་བྱ་རུང་ཁ་ཤོར་གྱིས་སྨོན་ལམ་ལོག་པ་ག་རེ་རྒྱབ་རེད།
འཛིན་གྲྭ་དང་པོ་དང་གཉིས་པའི་སློབ་ཕྲུག་ཅིག་གིས་ཀྱང་འདི་འདྲ་ཤོད་མདོག་ཁ་བོ་མ་རེད། རྩོད་རྒྱུའི་རྒྱུ་ཆ་མི་འདུག་དགོངས་པ་མ་ཚོམས།
རབ་འབྱམས་པ་ཞིག་གིས་འདི་ལྟར་བཤད་ན། ཧཧཧཧཧཧདཔེ་བཞག་འདུག
ད་དངོས་གནས་༸གོང་ས༸མཆོག་གིས་དེང་སང་བོད་ཀྱི་སློབ་གྲྭའི་ནང་སློབ་ཕྲུག་ཚོའི་སློབ་སྦྱོང་ཉམས་འདུག་ཅེས་བཤད་པ་ནི་ཐུགས་དག་ཅིས་མི་བདེན།
བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་ནང་ལའང་ཁོང་སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་བཀླགས་མྱོང་ངམ། ཡིད་མི་ཆེས་སམ།
རབ་འབྱམས་པས་འདི་འདྲ་བཤད་འདུག་མོད། ལ་སྟོད་ཐང་ཆད་ནས་ཡག་པོ་གཟིགས་མེད་པ་འདྲ།
ཐེངས་གཅིག་གཟིགས། ནོར་བ་འདུག་ན་དགོངས་དག་ཞུས།
མེ་ཏོག་དཀར་པོ་ལགས།
ངས་ནོར་མེད། ཁོ་རང་གིས་དེ་ལྟར་བཤད་པ་དེ་རང་ལ་ངས་ལན་ཕུལ་པ་ཡིན།
འབྲི་ཚུལ་མ་ཤེས་ན་ཐང་ཆད་རྒྱུ་ཉག་གཅིག་རེད།
་་་་་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་ནང་ལའང་”ཁོང་”(ལ་སྟོད་ལགས་ཀྱི་ལྷ་སྲས་དར་མ་དང་ངའི་གླང་གོག་དར་མ་ལ་ཁོང་ཞེས་ཞེ་ས་བྱས་པ་ལ་ཁྱོད་དགའ་དགོས་པ་ལ་ངུ་ཤོར་དགོས་པ་གང་བྱུང་སོང་ངམ་)སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་་་་་ དུས་རྒྱུན་ངས་བྲིས་པ་མང་ལ་ནོར་བ་མང་བ་ང་རང་གིས་ཀྱང་ཤེས། འདིར་ཁྱེད་དང་མཁར་རྨེའུའི་སུམ་རྟགས་མི་མཐུན་ན། ཐབས་ཟད་པ་རེད་མ་གཏོགས། ཐོན་མིའི་གཞུང་ལུགས་མཐུན་པ་བྲིས་ཡོད་པས། ཁྱེད་དགེ་རྒན་མཁར་རྨེའུ་ལགས་ལའང་བྲིས་ནས་རྩོད་ཤོག
ཀརྡོ་རབ་འབྱམས་པ་ལགས།
༼བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་ནང་ལའང་ཁོང་སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་བཀླགས་མྱོང་ངམ། ཡིད་མི་ཆེས་སམ། ༽
ཨོ་ད་ཁྱོད་ཀྱིས་ཟེར་དུས་(བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ནང་ལའང་ཁོང་སྨོན་ལོག་ཅིག་ཡིན་པ་གསུངས་འདུག་པ་བཀླགས་མྱོང་ངམ། ཡིད་ཆེས་སམ།
ཟེར་བ་ཡིན་ས་རེད། ད་བྱས་དུས་ཁྱོད་ཀྱིས་བྲིས་པ་དེ་ཐོན་མི་ཡིས་བྲིས་པའི་བརྡ་སྤྲོད་དང་མཐུན་གྱི་ཡོད་ཟེར་དུས་བྱ་རུང་ཁ་ཤོར་གྱི་ཞེས་བར་གྱི་འབྲེལ་སྒྲ་དེ་མི་དགོས་པ་ཐོན་མི་ཡིས་བཤད་འདུག་གམ། ཁྱོད་རང་ལ་བར་གྱི་འབྲེལ་སྒྲ་ཐམས་ཅད་ཀྱི་གོ་དོན་མེད་པ་ཡིན་ནམ།
དེ་ཐོན་མི་ཡིས་ལུགས་སྲོལ་ཡིན་ན་མ་གཏོགས་བོད་ཀྱི་བརྡ་སྐད་ཅིག་གང་ཡང་མ་རེད།
བར་གྱི་འབྲེལ་སྒྲ་མ་སྦྱར་ན་སྐྱོན་དེ་འདྲ་ཡོང་གི་རེད།
དེ་མིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དེ་ལོ་རྒྱུས་ནང་ལ་མཆོད་རྟེན་དེ་སྨོན་ལོག་ཅིག་ཡིན་པར་གོ་ཡི་མི་འདུག་གམ། མཁས་དབང་མཁར་རྨེའུ་ལ་དེ་འདྲ་བཤད་དོན་ཡོད་པ་མ་རེད། ཤོད་ཐུབ་ན་ང་ལ་ཤོད་ཁོང་འདིར་ཁྱེར་ཡོང་དགོས་དོན་མི་འདུག
མིས་བྱེད་དུས་མིག་ཚ།
རང་གིས་བྱེད་དུས་སྣ་གཉེར།
དེ་ཁྱོད་ཡིན་ས་རེད། མཁར་རྨེའུ་ཡིས་བྲིས་པར་ཕྲག་དོག་ཟ། རང་གིས་བྲིས་པའི་དེབ་་སྣ་གཅིག་ཀྱང་སྟོན་རྒྱུ་མེད།
ཁྱེད་ཀྱིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དེབ་ཆུང་གཅིག་འབྲི་མྱོང་ངམ།
འབ྄ྲི་མ྄ྱོང་ན་འདིར་ཁ྄ྱེར་ཤོག་དང་ང་ཚོས་ས྄ྒ྄ྲོགས་ག྄ླེང་ཞིག་བ྄ྱེད།
ཁ་ས྄ྔོན་ནས་འདིར་འཚང་ཁ་ར྄ྒ྄ྱབ་ཡོང་གི་འདུག
མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤེལ་བའི་བཙན་པོའི་སྐོར་གྱི་ཆེད་རྩོམ་དེ་སློབ་སྦྱོང་དང་། གུས་བཀུར་གྱི་སྒོ་ནས་རྩོམ་ལུས་རང་གི་ཐོག་ལ་བགྲོ་གླེང་བྱེད་དགོས་པ་ཞིག་རེད།
ཡིན་ནའང་འདིར་དོན་ཕན་ལྡན་པའི་བགྲོ་གླེང་གི་ཚབ་ཏུ་བན་བོན་གྱི་རྩོད་རྙོག་ལུང་པ་གང་བསླངས་ཏེ་རང་གཞན་གཉིས་ལ་ཕན་པ་གང་ཡང་མེད་པ་ཞིག་བཟོས་འདུག
རྗེས་ཕྱོགས་འདི་འདྲ་རྩ་བ་ནས་མ་གནང་རོགས།
ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་མི་ཤེས་མཁན་ཁྱོད་རང་བོད་མི་ཡག་རྟགས་ཅིག་མ་རེད། ད་ཁྱོད་ལ་ཅི་ཟེར་འདི་ཟེར་མི་འདུག འོན་ཀྱང་གཅིག་ཤོད་འདོད་བྱུང་། ཆོས་རྒྱལ་ཁྲི་སྲོང་སྡེ་ཚན་གྱིས་སྔར་གྱི་བོན་ཆོས་རྙིང་པ་བཀག་ཡོད་པ་སྲིད་ཀྱང་། ད་ལྟའི་བོན་ཆོས་འདི་་ཆོས་རྒྱལ་འདི་དང་འདི་ཡི་འབངས་འཁོར་གྱི་བཀའ་དྲིན་ལས་བྱུང་བ་དེ་ཡང་བརྗེད་ཚར་འདུག་གེ བོན་པོ་ཁྱོད་ལྟ་བུ་ནི་སྙིང་རྗེ་བའི་ཡུལ་རེད།
ཆོས་རྒྱལ་མེ་དབོན་རྣམ་གསུམ་མ་ཕེབས་པའི་སྔོན་དུ་བོན་བསྟན་གྱི་གཞུང་ནང་དུ། དབུ་མ་དང་ཚད་མ་སོགས་ཡོད་པའི་དཔང་རྟགས་འདྲ་བསྟན་རྒྱུ་ཡོད་དམ།
རྗེ་བདག་ཉིད་ཆེན་པོའི་ཞལ་སྔ་ནས། ཐལ་འགྱུར་པའི་དགག་བྱ་ཕྲ་བ་ངོས་ཟིན་མཁན་བོད་དུ་སྔོན་ཕེབས་མ་མྱོང་བའི་ཚོད་དུ་གསུང་་འདུག་ན། གལ་སྲིད་རྗེའི་སྔོན་དུ་ད་ལྟའི་བོན་གྱི་དབུ་མའི་གཞུང་ལུགས་གྱི་འཆད་ཚུལ་དེ་ཡོད་པའི་དཔང་རྟགས་བསྟན་རྒྱུ་ཡོད་ན། དཔྱད་དགོས་པའི་གནད་མང་པོ་ཞིག་མཐོང་།
ལུང་རིགས་ཀྱིས་གསལ་ཐག་ཆོད་བསྟན་རྒྱུ་ཡོད་ན་སོ་སོའི་གྲུབ་མཐའ་ཟིན་ཐུབ་ལ། གཞན་ལ་ཕན། གསར་བཟོ་དང་། བསམ་ཚོད་གྱིས་ལྷན་པ་ཇི་ཙམ་རྒྱག་ཀྱང་། རིག་པ་སྨྲ་བའི་ངོར་སྦས་པར་མི་ནུས།
ལ་སྟོད་བུ་ལགས་སུ། དྲི་བ་༢༤ལ་ལན་ཅིག་གནོངས་རོགས།
༢༧༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༢༠ སྐར་མ་ ༠༨
༡ རྒྱལ་སྲས་ཆེ་བ་ཡོད་བཞིན་ཆུང་བ་བསྐོས་དོན་དོན་གང་རེད།
༢ གཅུང་གི་སྐབས་ལ་དཔལ་འབྱོར་འདངས་ལ་ཆེ་བའི་མི་འདངས་བ་གང་ཡིན་ནམ།
༣ གཅུང་གི་སྐབས་ལ་བང་མཛོད་ནས་གཏོང་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༤ གཅུང་གི་སྐབས་སུ་མཐའ་དམག་གསོ་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༥ གཅུང་གི་སྐབས་སུ་ནང་རྟེན་གསར་རྒྱག་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་
༦ གཅུང་གི་སྐབས་སུའང་ཆོས་ཕྱོགས་དང་དམག་དོན་འགྲོ་སོང་ཆ་མཉམ་ཡིན་པའི་དབང་དུ་བཏང་ནའང་་་་་་་་་
༧ གཅུང་གི་སྐབས་སུ་མི་འབོར་ཉུང་སྐྱོན་གྱིས་དམག་མི་ཉུང་སྐྱོན་མེད་ལ་་་་་་་་་་་་་་་་་་་་་་་་་་་་་
༨ སྦ་བཞེད་དངོས་བསྟན་ལས་ཤུགས་བསྟན་བརྩིགས་ཆེ་བ་བྱེད་དགོས་དོན་གང་ཡིན།
༩ ་་་་ཡིན་ཡང་རྒྱལ་པོས་རྒྱ་ནག་སངས་རྒྱས་ཆོས་ལུགས་ལ་ཐུགས་མོས་ཡེ་ནས་མི་གནང་བ”འི་རྒྱུ་མཚན་གང་ཡིན།༡༠ ་་་ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་”དགོས་ཅི་ཡིན།
༡༡ ”ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ”ཞེས་མི་དགའ་བའི་རྣམ་པ་བསྟན། དགོས་དོན་ཅི།
༡༢ ངས་རྩོམ་ཕྱེད་ཙམ་བསྐྱར་ཀློག་བྱས་ནས་དེང་དུས་བོད་ལ་མི་མཁོ་བའི་རྟེན་འབྲེལ་ ཡན་ལག་གི་ཚན་པ་དང་པོ་འདི་ཡི་རྒྱུ་ཐོག་མ་མ་རིག་པ་ནི། བོད་རྒྱལ་༤༡པ་ཆུང་དུས་ནས་སྤྱོད་པ་ངན་པ་དང་། རྐྱེན་ནི། རྩོམ་མཁན་རྨེའུ་ལགས་བོན་ཁྱིམ་ཁྱིམ་རྒྱུད་ཀྱི་དྲི་མ་ཡལ་མ་ཐུབ་པ་གཉིས་ལ་རག་ ལས་པར་ངེས་སོ། །
རྩོམ་ཕྱེད་ཀྱི་དྲི་བ་༡༢ལ་ ལན་འདེབས་ཡོད་ན་གནོངས་རོགས། དེའི་རྗེས་སུ་རྩོམ་སྨད་ཀྱི་དྲི་ངན་ནག་བསུབ་ལ་དྲི་བ་ད་དུང་༡༢འབུལ་ཆོག་པ་ཞུ། བསྐྱར་ཀློག་ལ་དུས་ཚོད་བཏང་ཐུབ་མ་སོང་བས་ཡིག་ནོར་ལ་དགོངས་སེལ་ཞུ།
༣༣༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༢༢ སྐར་མ་ ༣༨
རྩོམ་པ་པོ་ལགས་སུ
དྲི་བ་ལྷག་མ་༡༢ ལས།
༡ ་་་སྐྱོན་དུ་མཐོང་ནས་”ཆབ་སྲིད་དབང་བཙུན་པ་ལ་གཏད་”ཅེས་རྒྱལ་པོ་ལ་སྐྱོན་བརྗོད་བྱས་ཡོད། ཅེས་པ་འདི་རྒྱལ་པོ་འཚོ་དུས་བྱུང་སྲིད་དམ་སོམས་ཤིག
༢ ་་་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་དམག་ དོན་གྱི་སྲིད་ཇུས་གཉིས་གཅིག་གིས་གཅིག་གི་མགོ་གནོན་་་་ མི་ཐུབ་པ་འདི་གཅེན་གྱི་སྐབས་རང་ལ་ཡོངས་དགོས་དོན་ཅི་ཡིན་ནམ།
༣ ་་་བས་བཏགས་མར》བསྟན་པ་སྣུབ་ཚུལ་རགས་ཙམ་ལས་དེ་སྣུབ་དགོས་པའི་རྒྱུ་མཚན་གསལ་བོ་བཤད་མེད་་་་ ན་སྟངས་མེད་པས་ཁྱབ་བམ།
༤ ཁྲི་དར་མ་ནི་སྐྱེ་བོ་བླུན་པོ་ཞིག་གི་རྣམ་པར་བསྟན་པ་དང་”ཐུགས་སུ་གདོན་གསོལ”ཟེར་བ་་་ མི་བདེན་ན་དེའི་བློ་ངན་གོས་ས་རྩོམ་པ་པོའི་རྩོམ་རུལ་དེ་གང་ནས་འཁྲུངས་སམ།
༥ ་་་སྔོན་ཡོད་རབ་བྱུང་པ་མང་པོ་འཚོ་རྟེན་གཞན་ལ་བཅོལ་ནས་བཞུགས་པ་བཀག་པ་ལས་་་་ ཟེར་སྟངས་བལྟས་ན་སྔར་གྱི་སྔགས་འཆང་རྣམས་འཚོ་བ་ཞིང་འབྲོག་འབའ་ཞིག་བསྟེན་པ་ ཤུགས་ལ་གོ་བས་དོན་དངོས་དང་མི་འགལ་ལམ།
༦ སྔགས་འཆང་རྣམས་ཀྱི་མཐུ་ནུས་སྦས་ཞོར་དུ་ལྕེ་ནར་སྲོལ་ལུགས་འབྱུང་ཁུངས་ཀྱང་ནག་ བསུབ་ལ་ཤོར། ཁྱེད་ཀྱི་ལུང་རིང་དེ་ནི་གཡག་ཞ་རས་རྩྭ་་ཟ་ལྟར་རམ། གལ་ཏེ་དངོས་བྱུང་གིས་དབང་དུ་བཏང་ནའང་རང་ཕྱོགས་ཁག་ཅིག་གིས་སྐྱག་པའི་རྐུབ་ བཀྱག་ལས་མ་འདས།
ད་༦པོ་འདི་མ་ཟུབ་གོང་ལ་དྲྭ་ནང་ལ་ཡར་བཅུགས་ནས་གཉིད་མ་ཁུག་ནའང་ངལ་གསོ་ཅིག་བརྒྱབས་ན་ཡག་
༤༠༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༧ གི་ཆུ་ཚོད་ ༠ སྐར་མ་ ༤༦
ད་མ་ཉལ་གོང་ལ་ནམ་ ལངས་ཚར་སོང་། མདང་གི་ངའི་གཉིད་དེ་ནི། ཆོས་སྐྱོང་གིས་དེད་ཞོར་ལ་ཡལ་བ་ཡིན་དང་། ལྷ་འདྲེས་འཁྱེར་བ་ཡིན་ནམ་ཆ་མ་འཚལ། མུ་མཐུད་ནས་འབྲི་ཐུབ་མིན་ལྟ།
༧ ་་་། དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་ རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་སྣུབ་པའི་ལོ་རྒྱུས་མི་འདུག་གོ ་་་་ ཞེས་པ་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བས་འུ་དམ་ལ་གླང་དར་མ་ཞེས་དར་མའི་མིང་གི་ འགོ་ལ་གླང་ཞིག་བཏགས་པ་དེ་ལས་ཧམ་པ་ཆེ་དྲགས་མ་ཡིན་ནམ། རང་རྩོམ་ལ་མཆན་བུ་གསར་པ་ཞིག་བཏགས་ན་མི་མཛེས་སམ། སོམས་ཤིག་ཀྱེ།
༨ ་་་ལྷ་སྲས་འུའི་དུན་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་དུ་་་་་ །་་་ གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཡང་་་་་ ཞེས་པའི་ཚིག་གི་མེ་ལོང་ལ་གད་ཕྱིས་ཅིག་བྱས་ནས་ཞིབ་མོར་ལྟོས་དང་བན་བོན་གཉིས་ འཁྲུགས་རྩོད་མིག་གིས་མཐོང་རྒྱུ་དང་། ལབ་པའི་རེག་རྒྱུ་ཡོད་པ་ཞིག་འདུག་པས། ཁྱེད་ཀྱིས་བསྐུར་གནང་བའི་ལེགས་སྐྱེས་ཀྱི་ལན་དུ་རང་གི་མེ་ལོང་ལ་གད་ཕྱིས་བྱས་ ནས་སླར་ཕར་བསྐུར་ཡོད་པས། མེ་ལོང་འདི་ལ་ཡང་ཡང་ལྟོས་དང་དྲན་ཤེས་གསར་པ་འདྲ་རྙེད་སྲིད།
༩ སྔགས་རྙིང་མ་བས་ང་ཚོའི་རྒྱལ་པོ་སྡིག་ཆེན་ངན་པ་དགུ་འཛོམས་འདི་ལ་རྫུ་འཕྲུལ་ བསྟན་ནས་གསང་སྔགས་སྣུབ་མ་ཐུབ་བཟོས་པ་སོགས་ཁྱོད་ཀྱི་བློ་ཡི་བུག་ཁར་མི་ཤོང་བ་ གཅིག་གིས་ལོ་གསུམ་འགོར་ཡུན་ཟླ་བ་དང་པོ་ནས་དམག་འཁྲུག་དང་། མུ་གེ་སོགས་གང་ཡང་ཤོད་རྒྱུ་མེད་ལ། བཙན་པོ་གསར་པ་འཁོད་པ་དང་། ང་ཚོའི་དམག་མི་ཚང་མ་་ལྟོག་ནས་ཤི་གྲབ་དང་། ཆོས་བྱེད་དགེ་འདུན་རྣམས་ཕྱི་དྲོའི་ཁ་སྤངས་ཟིན་པའི་སྒང་ལ་ཞལ་ལ་མཆོད་རགྱུ་ མེད་པ་བཟོས་པ་དེ་ཡག་རྟགས་ཤིག་མིན་པས་ཁྱེད་ཀྱི་ཆེད་རྩོམ་འདི་རྩོམ་སྒྲུང་ལྟར་ དོན་དངོས་འཇའ་ལྟར་ཡལ་མ་སོང་ངམ། བློ་དྲང་པོ་བྱས་ནས་སོམས་རོགས་གནོངས། རྩོམ་འདི་ཕྱིར་བསྡུ་བྱས་ན་བློ་མི་བདེའམ།
༡༠ ་་། ད་ཕན་རྒྱལ་རབས་དང་ཆོས་འབྱུང་ཁག་མཐོང་བའི་ནང་ན་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་ བཤད་པ་རྩ་་བ་ནས་མི་འདུག་པས་་་ ཞེས་པ་འདི་དང་། ་་་ གཤམ་འོག་ཡིག་ཕྲེང་གཅིག་གིས་བར་མ་ཆོད་མཚམས་ལ། ་་་གང་ལྟར་རྒྱལ་བོ་ཁྲི་དར་མས་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་བཙུན་པས་འཚོ་ བ་ གཞན་ལ་བརྟེན་པ་བཀག་འགོག་བྱས་པ་ལ་བསམ་ཡས་ཀྱི་མཁན་པོའི་སྙིང་ན་ནས་རྒྱལ་བོ་ བཀྲོངས་བ་ལ་ཧ་ལས་དགོས་དོན་མེད་ན་ཡང་་་་་ འགལ་བ་ལྟག་འཕྲོད་དུ་སོང་མི་འདུག་གམ། ཡང་ན་ང་ལ་གསལ་བཤད་བྱོས་དང་། དེ་ནས་ལྟ་ཆོག
༡༡ དེ་ཡི་ནང་ནས་ཁྱེད་རང་གིས་ཁུངས་ཤིག་མ་རྙེད་ན། མེད་པར་འདོད་པའི་ང་རྒྱལ་གྱི་གོང་བུ་འདི་ཡི་ཁོག་ལ་སྐུ་མཆེད་ཡིན་མིན་ལ་མ་ ལྟོས་པར། ཡུམ་བརྟན་ཞེས་པ་བྱུང་མེད་མདོ་མདོག་བཤད་པ་འདི་ང་ཧ་ཅང་ཡམ་མཚར་སོང་། འོད་སྲུང་གི་མིང་བྱུང་སྟངས་སོགས་དང་། འོད་སྲུང་དང་ཡུམ་བརྟེན་གཉིས་ནི། རྒྱལ་པོ་བཀྲོང་ཚར་ནས། བཙུན་མོ་ཆེན་མ་དང་ཆུང་མའི་བར་གྱི་རེ་དྭོགས་དང་ཁྲག་དོག་ལས་བྱུང་བ་དང་། དུས་ད་ལྟའི་བར་ལ་དེ་གཉིས་གདུང་རུས་མི་འདྲ་བ་གཉིས་ངོ་སྤྲོད་རྒྱུ་ཡོད་པ་འདི་ ལྟ་བུའི་བོད་ཀྱི་ལོ་རྒྱུས་ལ་ངོ་ཚ་ནས་ཤོད་མི་ནུས་ཁྱེད་ལ་ད་ཅི་བྱུང་སོང་ངམ།
༡༢ མཐའ་དོན་ནང་ཆོས་ལྟར་ན། ངེད་ཚོའི་བཙན་པོ་༤༡པ་དེ་སྨོན་ལོག་ཅིག་ཡིན་པ་ལྟ་ཅི་སྨོས། རྒྱལ་པོ་འཁོད་ཕྲལ་རྒྱལ་ཞེན་མེད་པ་མིན་ན་ཡང་། སྔར་སྒོམ་ངན་པ་ལངས་ཤོར་ཆང་དང་མོ་དད་ཆེ་ལ་བླུན་རྨོངས་ཤིག་ཡིན་པ་སྨྲོས་མ་ དགོས་ལ། གཡོ་ཅན་བློན་པོ་འཁོར་ཚོགས་དང་འབྲེལ་ནས་མཐར་རང་གི་སྲོག་དང་བྲལ་བ་དེ་ཡང་ང་ ཚོའི་སྤྱི་མཐུན་གྱི་ལས་ངན་ལས་གྲུབ་པར་འདོད་པས། མིག་ལྡན་རྣམས་ཀྱིས་གཡང་ཁར་མ་མཆོང་ན་ཕན་མི་ཆེའམ། སོམས་ཤིགས། འགག་ལན་བསྒུག་ནས་བསྡད་ཡོད་དོ། །བཀྲ་ཤིས་པར་གྱུར་ཅིག །
ཀརྡོ་རབ་འབྱམས་པ་ལགས། ༼ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་མི་ཤེས་མཁན་ཁྱོད་རང་བོད་མི་ཡག་རྟགས་ཅིག་མ་རེད། ད་ཁྱོད་ལ་ཅི་ཟེར་འདི་ཟེར་མི་འདུག འོན་ཀྱང་གཅིག་ཤོད་འདོད་བྱུང་།༽
ཁྱོད་རང་ཧ་ཅང་གི་ཧམ་པ་ཆེ་རྟགས་རེད། ཅི་ཡིས་ཕྱིར་ཡག་རྟགས་མ་ཡིན་ཏེ།
ཁྱོད་ཀྱི་དགའ་ས་དེར་ངས་དགའ་ཡི་མི་འདུག་པའི་ཕྱིར་ཟེར་གྱི་ཡོད་དམ། ཁྱོད་ལ་སྒྲུབ་བྱེད་དེ་ལས་ལྷག་པ་ཞིག་ནམ་ཡང་འགོད་རྒྱུ་མི་འདུག
ཕོར་བ་འདི་བོན་ཅན།
གཙང་མ་ཡིན་ཏེ།
ང་ཡི་ཨ་མའི་ཕོར་བ་ཡིན་པའི་ཕྱིར།
ཁྱོད་ལ་སྒྲུབ་བྱེད་དེ་འདྲ་ཞིག་མ་གཏོགས་མི་འདུག
གཡག་ཞར་གྱིས་རྩ་བཟའ་ཚུལ་ལས་མ་འདས།
གལ་སྲིད་གང་ཞིག་གིས་ཁྱོད་ལ་ཕན་བཏགས་ན་ང་ལ་ཕན་བཏགས་པས་མ་ཁྱབ་པའི་མུ།
ཆོས་རྒྱལ་མེ་དབོན་རྣམ་གསུམ་བོན་ཅན།
དེ་དག་གསུམ་པོ་ཆོས་རྒྱལ་རེད་མ་གཏོགས་བོན་རྒྱལ་མ་རེད།
༼ཆོས་རྒྱལ་ཁྲི་སྲོང་སྡེ་ཚན་གྱིས་སྔར་གྱི་བོན་ཆོས་རྙིང་པ་བཀག་ཡོད་པ་སྲིད་ཀྱང་། ད་ལྟའི་བོན་ཆོས་འདི་་ཆོས་རྒྱལ་འདི་དང་འདི་ཡི་འབངས་འཁོར་གྱི་བཀའ་དྲིན་ལས་བྱུང་བ་དེ་ཡང་བརྗེད་ཚར་འདུག་གེ བོན་པོ་ཁྱོད་ལྟ་བུ་ནི་སྙིང་རྗེ་བའི་ཡུལ་རེད།༽
ལྟོས་དང་རིག་པ་སྨྲ་བ་ཞིག་གིས་གཏམ་རེད་འདུག་མི་འདུག
ཁྲི་སྲོང་གིས་སྔར་གྱི་བོན་མ་བསྣུབས་ན་ད་ལྟའི་བོན་ཇི་ལྟར་བྱེད་ནས་བསྣུབ་ཐུབ་བམ། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་རེད།
ཁོང་དུས་རབས་བརྒྱད་པའི་ནང་དུ་འཁྲུངས་པ་རེད།
ད་ལྟའི་བོན་འདི་བསྣུབ་པར་བྱེད་པ་ལ་དེ་དུས་གཞི་མ་གྲུབ་པའི་ཕྱིར།
དེ་དུས་ཡོད་ན་ལོས་བསྣུབ།
སྤྱིར་ཁྲི་སྲོང་གིས་བོན་གྱི་བསྟན་པ་བསྣུབས་པ་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པའི་ཕྱིར།་ གལ་ཏེ་ཁྲི་སྲོང་གིས་བོན་མ་བསྣུབས་ན།་ དེ་དུས་བོན་དཔེ་རྣམས་གཏེར་དུ་སྦས་དགོས་པའི་རྒྱུ་མཚན་གང་ལ་ཐུག་གམ།
དེ་དུས་ཀྱི་བོན་པོར་མྱོངས་པའི་དཀའ་སྡུག་ལ་ད་ལྟ་ང་ཚོས་ཕྱི་མིག་ཅིག་བལྟས་ན་59་ལོ་ཡི་དཀའ་སྡུག་དེ་ཆུང་ཆུང་ཞིག་ཡིན་པར་ཤེས་ཐུབ།
ཀརྡོ་རབ་འབྱམས་པ་ལགས། ༼ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་”དགོས་ཅི་ཡིན།༽
སྲིད་རྒྱུད་ཁ་བྱང་ལས།
བོན་གྱི་འདུ་གནས་བཤིག་ནས་ཆོས་གྲྭ་མང་པོ་བཙུགས།
བོན་ཀྱིས་གསས་ཁང་བཤིག་པའི་མལ་དུ་ནི།
ལྷ་ས་མཁར་བུ་རྩེ་དང༌།་ རྒྱ་སྟག་ར་མོ་ཆེ་ཡང་བཞེངས།
བོན་གྱི་གཤེན་རབས་སྐུ་གཟུགས་བསྟན་གཙོ་ནི།
ཆོས་ཀྱི་ཇོ་བོ་རང་བྱོན་དུ་མཚན་ཀྱང་གསོལ།
ད་རུང་གཤེན་རབ་ཕྱག་ཤིང་ཟེའུ་ཕྲོག་རྣམས།
དབུ་རྩེའི་ག་ཁུང་ནང་དུ་ཡོད།
བོན་ཀྱིས་རྒྱས་འབྲིང་གསུང་རབས་མང་པོ་ནི།
ཆོས་སུ་བསྒྱུར་ནས་ཡོངས་སུ་བསྣུབས།
ཉི་ཟེར་ཡི་རྡུལ་ཙམ་ཡང་མི་གྲག་པར་བྱས།
ཆོས་ཀྱི་རྒྱལ་མཚན་དམ་པོར་བཙུགས།
དེ་ཚོར་གཟིགས་དང་ལོ་རྒྱུས་ནི་ལོ་རྒྱུས་རེད།
ང་ཡིས་ཁས་བླངས་ཡོད་ན་དྲི་བ་ཁྱེར་ཤོག
དེ་མིན་ཁས་ལན་མེད་པར་དྲི་རྟགས་བཀོད་ན་མི་འགྲིག
ཁྱོད་ཀྱིས་ང་ལ་དྲིས་པའི་ལན་དེ་དག་ང་ལ་ཇུས་གཏོགས་མེད།
འདྲི་ས་ཐོབ་ན་དེ་རྩོམས་པ་པོ་རང་ལ་དྲིས།
དྲི་བ་འདི་དག་ལ་ལན་ར྄ྒ྄ྱབ་ར྄ྒ྄ྱུ་ང་ཡི་ལས་འགན་མ་རེད།
འདྲེ་ཤར་སྒོ་ལ་བཞག་ནས།
གཏོར་མ་ནུབ་སྒོ་ལ་བཏངས་།
ཞེས་པའི་དཔེ་དེ་ཁྱོད་རང་ལ་ལུང་དུ་བསྟན་འདུག
ཁོང་ད་ལྟ་ཚོགས་བཞིན་པའི་རྒྱལ་སྤྱི་བོད་རིག་པའི་ཚོགས་འདུར་རྒྱ་ཆེ་མཁས་དབང་མང་པོས་བསྐུར་བའི་མང་བསྐུར་གྱི་རྒྱལ་པོ་ནང་བཞིན་ཆགས་འདུག
ཡིད་མི་ཆེས་ན་རླུང་འཕྲིན་དང་གསར་ཤོག་སོགས་སུ་ལྟོས།
ཁོང་ལ་མི་དགའ་ན་ཡག་རྟགས་མ་རེད།
བོན་ཀྱིས་རྒྱས་འབྲིང་གསུང་རབས་མང་པོ་ནི།
ཆོས་སུ་བསྒྱུར་ནས་ཡོངས་སུ་བསྣུབས།
ལུང་འདི་འདྲ་ཞིག་སྲིད་རྒྱུད་ཁ་བྱང་དུ་འདུག་གམ།
ཚིག་འདིའི་དོན་འདི་འདྲ་ཞིག་འདུག
བསྣུབས་ཤེས་བཤད་གཞིར་བྱས་ན། གང་བསྣུབས་གང་གིས་བསྣུབ་ཚུལ་ཇི་ལྟར་བསྣུབས་ཞེས་སྐབས་དོན་སོ་སོར་ཕྱེ་ཏེ་བཤད་ན། གང་བསྣུབས་ན་རྒྱས་འབྲིང་གསུང་རབས་མང་པོ་ཞིག་བསྣུབས། གང་གིས་བསྣུབས་ན་བོན་པོས་བསྣུབས། ཚུལ་ཇི་ལྟར་བསྣུབས་ན། བོན་ཆོས་སུ་བསྒྱུར་ནས་བསྣུབས། གད་མོ་འཆོར་རོ།
འདིར་ཁྲི་དར་མའི་སྐོར་ལས་དྲི་བ་འགའ་ཞིག་འདུག་པ་དེ་དག་ལ་ལན་ཞིག་འབུལ་རྒྱུ་ཡིན།
༼༡ རྒྱལ་སྲས་ཆེ་བ་ཡོད་བཞིན་ཆུང་བ་བསྐོས་དོན་དོན་གང་རེད།༽ ཡབ་སད་ན་ལེགས་འདས་ཤིང་རྒྱས་སྲས་རྣམ་རྒྱལ་ཁྲིར་མ་བཀོད་པའི་བར་སྟོང་གི་དུས་སུ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བན་ཏིང་ངེ་འཛིན་གྱིས་བཞེས་ཤིང་། ཁྲི་དར་མ་གཞན་ལ་རང་དགར་མགོ་མི་སྒུར་བ་དང་གཞན་གྱིས་ཅི་བཤད་ལ་ཉན་མཁན་ཞིག་མིན་པའི་རྐྱེན་གྱིས་རྒྱལ་ཁྲིར་མ་བཀོད་པ་དང་། ཁྲི་རལ་པ་ཅན་དེ་འདྲ་ཞིག་མིན་པར་བན་ཏིང་ངེ་འཛིན་གྱིས་ཅི་གསུང་ལ་ཉན་མཁན་ཞིག་ཡིན་པར་བརྟེན་རྒྱལ་ཁྲིར་བཀོད་པ་རེད། རྗེས་སུ་ཁྲི་རལ་པ་ཅན་གྱི་རྒྱལ་སྲིད་སྐྱོང་སྟངས་ལའང་བན་ཏིང་ངེ་འཛིན་གྲྭ་བ་ཞིག་ཡིན་པའི་ཤུགས་རྐྱེན་ཐེབས་ཡོད།
༼༢ གཅུང་གི་སྐབས་ལ་དཔལ་འབྱོར་འདངས་ལ་ཆེ་བའི་མི་འདངས་བ་གང་ཡིན་ནམ།༽ གཅེན་པོའི་སྐབས་སུ་དཔལ་འབྱོར་གྱིས་མ་འདངས་བར་མུ་གེ་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་པ་མ་རེད། ཁྲི་རལ་པ་ཅན་གྱིས་དཔལ་འབྱོར་བསྲི་ཚགས་བྱེད་སྟངས་ལ་ཚོད་འཛིན་ལེགས་པོ་མ་བྱས་ཤིང་། དེ་ཙམ་གྱིས་འགྲོ་གྲོན་གཏོང་མི་དགོས་སར་འགྲོ་གྲོན་ཕོན་ཆེ་བཏང་བར་ཁྲི་དར་མའི་སྐབས་སུ་ལམ་ལུགས་དེར་བསྒྱུར་བཅོས་བཏང་བ་རེད།
༼༣ གཅུང་གི་སྐབས་ལ་བང་མཛོད་ནས་གཏོང་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ ཁྲི་དར་མའི་སྐབས་སུ་གཏོང་རྒྱུ་མེད་པ་མིན་རུང་དགོས་པ་ཆེ་ཆུང་ལ་གཞིག་སྟེ་གཏོང་དགོས་སར་བཏང་ཞིང་མི་དགོས་སར་མ་བཏང་བ་རེད། འདི་ཡང་བཤད་མ་ཐག་པ་དེ་དང་མཚུངས།
༼༤ གཅུང་གི་སྐབས་སུ་མཐའ་དམག་གསོ་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ཁྲི་དར་མའི་སྐབས་སུ་མཐའ་དམག་གསོ་མི་ཐུབ་པ་མ་རེད། གཅུང་གི་སྐབས་སུ་གང་ཡོད་པ་དེ་ག་རང་དུ་བསྡད་ན་དམག་ཤུགས་ཡར་རྒྱས་འགྲོ་མི་ཐུབ་ཅིང་། དགྲ་བོའི་དཔུང་སྟོབས་ཇེ་ཆེར་གྱུར་བ་ལ་བརྟེན་ནས་རང་དམག་གི་སྟོབས་ཤུགས་ཀྱང་གོང་འཕེལ་དུ་མི་གཏོང་རང་གཏོང་དུ་གྱུར་བ་རེད།
༼༥ གཅུང་གི་སྐབས་སུ་ནང་རྟེན་གསར་རྒྱག་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ནང་རྟེན་གསར་རྒྱག་བྱེད་མི་ཐུབ་པ་མ་རེད་ལ་མ་རྒྱབས་པའང་མ་རེད། དེ་ཡང་མཁར་རྨེའུ་ཡིས་དྲངས་པའི་ཡིག་རྙིང་དེ་ག་རང་དུ༼གཙུག་ལག་ཁང་གསར་བརྩིགས་ཤིང་རྙིང་བཅོམས་ཡང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡད་ཀྱི་བར་དུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་གྱུར་ལ༽ཞེས་གསལ་པོར་འཁོད་པས་ཀྱང་ཤེས་སོ།
༼༦ གཅུང་གི་སྐབས་སུའང་ཆོས་ཕྱོགས་དང་དམག་དོན་འགྲོ་སོང་ཆ་མཉམ་ཡིན་པའི་དབང་དུ་བཏང་ནའང་་་་་་་་་༽རྒྱལ་ཁབ་ཅིག་གི་དམག་དོན་དང་ཆོས་ཕྱོགས་ཀྱི་འགྲོ་སོང་ཆ་མཉམ་དུ་སྤྱད་ན་དེ་ནི་ཉེན་ཁ ཆེན་པོ་ཞིག་རེད་ལ་གླེན་རྟགས་ཤིག་ཀྱང་རེད། ལྷག་པར་དུ་དམག་དོན་གྱི་དགོས་མཁོ་ཤིན་ཏུ་ཆེ་བའི་སྐབས་སུ་དེ་ལྟར་སྤྱོད་པ་ནི་ཅི་བས་ཀྱང་བྲེད་ཤ་ལང་པའི་གནས་ཚུལ་ཞིག་རེད། ཁྲི་དར་མས་དེ་དག་ཐུགས་སུ་ཆུད་དེ་འགྲོ་གྲོན་གཏོང་ཕྱོགས་ཀྱི་གལ་ཆེའི་རང་བཞིན་ལ་ཐུགས་བསམ་བཞེས་པ་རེད།
༼༧ གཅུང་གི་སྐབས་སུ་མི་འབོར་ཉུང་སྐྱོན་གྱིས་དམག་མི་ཉུང་སྐྱོན་མེད་ལ་་་་་་་་་་་་་་་་་་་་་་་་་་་་་༽ཁྲི་རལ་པ་ཅན་གྱི་སྐབས་སུ་དམག་མི་ཉུང་སྐྱོན་མེད་པ་མིན་ཡང་ཆོས་ཕྱོགས་ཁོ་ནར་དབུ་འཁོར་ཏེ་དོ་སྣང་མ་བྱས་པ་ཙམ་རེད།
༼༨ སྦ་བཞེད་དངོས་བསྟན་ལས་ཤུགས་བསྟན་བརྩིགས་ཆེ་བ་བྱེད་དགོས་དོན་གང་ཡིན།༽སྦའི་རུས་རྒྱུད་འདི་ཁྲི་དར་མར་ཞེ་འཁོན་ཅན་ཞིག་ཡིན་པར་བརྟེན་བསམ་བཞིན་དུ་ཁྲི་དར་མར་བསྟོད་སྔགས་བྱེད་མི་སྲིད། དེར་བརྟེན་བསམ་བཞིན་མ་ཡིན་པར་སྟབས་འཁེལ་དེ་ཤུགས་ལ་བུད་པའི་ཏུན་ཧོང་ཡིག་རྙིང་གི་བརྗོད་དོན་དང་མཐུན་པ་རྣམས་གཙིགས་ཆེར་བཟུང་བ་རེད།
༼༩ ་་་་ཡིན་ཡང་རྒྱལ་པོས་རྒྱ་ནག་སངས་རྒྱས་ཆོས་ལུགས་ལ་ཐུགས་མོས་ཡེ་ནས་མི་གནང་བ”འི་རྒྱུ་མཚན་གང་ཡིན།༽ འདི་ཧ་ཅང་གསལ་པོ་རེད། སྐབས་དེར་བོད་ཀྱི་དགྲ་ཁ གཏད་དུ་ལང་བ་དེ་རྒྱ་ནག་རེད། དེར་བརྟེན་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་འདི་བོད་ནང་དུ་དར་བར་གྱུར་ན་དེ་ཤུགས་ལས་ཆབ་སྲིད་ལའང་གནོན་ཤུགས་ཡོང་རྒྱུར་དོགས་པ་ཟོས་པ་དང་། གཉིས་ནས་ལོ་མང་པོའི་རིང་གི་བོད་རྒྱའི་ཤ་འཁོན་དེ་ཁྲི་དར་མའི་ཡིད་ལ་དམ་པོར་བཟུང་བ་རེད། ཁོང་གིས་མཛད་སྟངས་འདིར་གོང་གི་དྲི་བ་འགའ་ལ་ལན་ཇེ་གསལ་དུ་འགྲོ་བའི་ནུས་ཤུགས་ཐོན་འདུག ༼༡༠ ་་་ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་”དགོས་ཅི་ཡིན།༽འདི་བཤད་མ་ཐག་པ་དེ་དང་གཅིག་མཚུངས་སུ་འདུག་པས་བསྐྱར་དུ་བཤད་དགོས་དོན་མི་འདུག
༼༡༡ ”ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ”ཞེས་མི་དགའ་བའི་རྣམ་པ་བསྟན། དགོས་དོན་ཅི།༽དེ་ནི་ལོས་ཀྱང་ཡིན་ཏེ། ཆབ་སྲིད་ཆོས་དང་བསྟུན་ན་དགྲ་དཔུང་གིས་རང་ཡུལ་ཟ་འགྲོ་དང་། དབང་ཆ་དགེ་འདུན་པར་ཕུལ་ན་ཆོས་ལས་སྲིད་ལ་དོ་སྣང་མི་བྱེད་ཅེས་བཤད་པ་རེད། ཚུལ་འདི་ཁོང་གིས་བན་ཏིང་ཇེ་འཛིན་ལས་བསླབ་བྱ་བླངས་འདུག་སྙམ།
ལན་ཁ་གསལ་པོ་མ་བྱུང་བ་འདྲ་ཡོད་ན་རྗེས་སུ་ཞུ་ངེས་ཡིན།
ཨ་རོ་འབུ་ལི་གཏུབ་རྒྱུ་ཚོ། ད་རུང་ཁོ་རོག་ལ་བསྡད་མི་ཐུབ་ཀ
ཀརྡོ་ཡིན་ན་དེས་བཤད་རྒྱུ་ཅང་རེག་གི་མེད་ཀ སྙིང་རྗེ། རིག་པའི་རལ་གྲི་ཡིན་དེས་གསེག་འདྲི་རྐྱང་བ་བྱས་ནས་འཚང་འདུག དངོས་གནས་ཨ་ནུ་ཐང་བསོད་ནམས་ལགས་དང་གཞོན་ཟླ། ལ་སྟོད་བུ། སྤོབས་པ་མཐའ་ཡས། དམུ་ཐག་གི་བུ་རྒྱུད། མང་ར་བ་གཡང་རྒྱལ་འབུམ། འབྲོང་རྒོད། མདའ་ཚན་པ་བཅས་ཀྱིས་དངོས་གནས་བགྲོ་གླེང་ཚ་བོ་གནང་འདུག ཐུགས་རྗེ་ཆེ། གཞན་ཟུར་དུ་འཚང་ཁ་རྒོད་པའི་བསྟན་བཤིག་ཚ་བོ་དེ་ཚོའི་ངོ་རྫོགས།
འདིར་ཁྲི་དར་མའི་སྐོར་ལས་དྲི་བ་འགའ་ཞིག་འདུག་པ་དེ་དག་ལ་ལན་ཞིག་འབུལ་རྒྱུ་ཡིན།
༼༡ རྒྱལ་སྲས་ཆེ་བ་ཡོད་བཞིན་ཆུང་བ་བསྐོས་དོན་དོན་གང་རེད།༽ ཡབ་སད་ན་ལེགས་འདས་ཤིང་རྒྱས་སྲས་རྣམ་རྒྱལ་ཁྲིར་མ་བཀོད་པའི་བར་སྟོང་གི་དུས་སུ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བན་ཏིང་ངེ་འཛིན་གྱིས་བཞེས་ཤིང་། ཁྲི་དར་མ་གཞན་ལ་རང་དགར་མགོ་མི་སྒུར་བ་དང་གཞན་གྱིས་ཅི་བཤད་ལ་ཉན་མཁན་ཞིག་མིན་པའི་རྐྱེན་གྱིས་རྒྱལ་ཁྲིར་མ་བཀོད་པ་དང་། ཁྲི་རལ་པ་ཅན་དེ་འདྲ་ཞིག་མིན་པར་བན་ཏིང་ངེ་འཛིན་གྱིས་ཅི་གསུང་ལ་ཉན་མཁན་ཞིག་ཡིན་པར་བརྟེན་རྒྱལ་ཁྲིར་བཀོད་པ་རེད། རྗེས་སུ་ཁྲི་རལ་པ་ཅན་གྱི་རྒྱལ་སྲིད་སྐྱོང་སྟངས་ལའང་བན་ཏིང་ངེ་འཛིན་གྲྭ་བ་ཞིག་ཡིན་པའི་ཤུགས་རྐྱེན་ཐེབས་ཡོད།
༼༢ གཅུང་གི་སྐབས་ལ་དཔལ་འབྱོར་འདངས་ལ་ཆེ་བའི་མི་འདངས་བ་གང་ཡིན་ནམ།༽ གཅེན་པོའི་སྐབས་སུ་དཔལ་འབྱོར་གྱིས་མ་འདངས་བར་མུ་གེ་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་པ་མ་རེད། ཁྲི་རལ་པ་ཅན་གྱིས་དཔལ་འབྱོར་བསྲི་ཚགས་བྱེད་སྟངས་ལ་ཚོད་འཛིན་ལེགས་པོ་མ་བྱས་ཤིང་། དེ་ཙམ་གྱིས་འགྲོ་གྲོན་གཏོང་མི་དགོས་སར་འགྲོ་གྲོན་ཕོན་ཆེ་བཏང་བར་ཁྲི་དར་མའི་སྐབས་སུ་ལམ་ལུགས་དེར་བསྒྱུར་བཅོས་བཏང་བ་རེད།
༼༣ གཅུང་གི་སྐབས་ལ་བང་མཛོད་ནས་གཏོང་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ ཁྲི་དར་མའི་སྐབས་སུ་གཏོང་རྒྱུ་མེད་པ་མིན་རུང་དགོས་པ་ཆེ་ཆུང་ལ་གཞིག་སྟེ་གཏོང་དགོས་སར་བཏང་ཞིང་མི་དགོས་སར་མ་བཏང་བ་རེད། འདི་ཡང་བཤད་མ་ཐག་པ་དེ་དང་མཚུངས།
༼༤ གཅུང་གི་སྐབས་སུ་མཐའ་དམག་གསོ་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ཁྲི་དར་མའི་སྐབས་སུ་མཐའ་དམག་གསོ་མི་ཐུབ་པ་མ་རེད། གཅུང་གི་སྐབས་སུ་གང་ཡོད་པ་དེ་ག་རང་དུ་བསྡད་ན་དམག་ཤུགས་ཡར་རྒྱས་འགྲོ་མི་ཐུབ་ཅིང་། དགྲ་བོའི་དཔུང་སྟོབས་ཇེ་ཆེར་གྱུར་བ་ལ་བརྟེན་ནས་རང་དམག་གི་སྟོབས་ཤུགས་ཀྱང་གོང་འཕེལ་དུ་མི་གཏོང་རང་གཏོང་དུ་གྱུར་བ་རེད།
༼༥ གཅུང་གི་སྐབས་སུ་ནང་རྟེན་གསར་རྒྱག་ཐུབ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་༽ནང་རྟེན་གསར་རྒྱག་བྱེད་མི་ཐུབ་པ་མ་རེད་ལ་མ་རྒྱབས་པའང་མ་རེད། དེ་ཡང་མཁར་རྨེའུ་ཡིས་དྲངས་པའི་ཡིག་རྙིང་དེ་ག་རང་དུ༼གཙུག་ལག་ཁང་གསར་བརྩིགས་ཤིང་རྙིང་བཅོམས་ཡང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡད་ཀྱི་བར་དུ་དམ་པའི་ཆོས་མྱི་འཇིག་ཅིང་གནས་པར་གྱུར་ལ༽ཞེས་གསལ་པོར་འཁོད་པས་ཀྱང་ཤེས་སོ།
༼༦ གཅུང་གི་སྐབས་སུའང་ཆོས་ཕྱོགས་དང་དམག་དོན་འགྲོ་སོང་ཆ་མཉམ་ཡིན་པའི་དབང་དུ་བཏང་ནའང་་་་་་་་་༽རྒྱལ་ཁབ་ཅིག་གི་དམག་དོན་དང་ཆོས་ཕྱོགས་ཀྱི་འགྲོ་སོང་ཆ་མཉམ་དུ་སྤྱད་ན་དེ་ནི་ཉེན་ཁ ཆེན་པོ་ཞིག་རེད་ལ་གླེན་རྟགས་ཤིག་ཀྱང་རེད། ལྷག་པར་དུ་དམག་དོན་གྱི་དགོས་མཁོ་ཤིན་ཏུ་ཆེ་བའི་སྐབས་སུ་དེ་ལྟར་སྤྱོད་པ་ནི་ཅི་བས་ཀྱང་བྲེད་ཤ་ལང་པའི་གནས་ཚུལ་ཞིག་རེད། ཁྲི་དར་མས་དེ་དག་ཐུགས་སུ་ཆུད་དེ་འགྲོ་གྲོན་གཏོང་ཕྱོགས་ཀྱི་གལ་ཆེའི་རང་བཞིན་ལ་ཐུགས་བསམ་བཞེས་པ་རེད།
༼༧ གཅུང་གི་སྐབས་སུ་མི་འབོར་ཉུང་སྐྱོན་གྱིས་དམག་མི་ཉུང་སྐྱོན་མེད་ལ་་་་་་་་་་་་་་་་་་་་་་་་་་་་་༽ཁྲི་རལ་པ་ཅན་གྱི་སྐབས་སུ་དམག་མི་ཉུང་སྐྱོན་མེད་པ་མིན་ཡང་ཆོས་ཕྱོགས་ཁོ་ནར་དབུ་འཁོར་ཏེ་དོ་སྣང་མ་བྱས་པ་ཙམ་རེད།
༼༨ སྦ་བཞེད་དངོས་བསྟན་ལས་ཤུགས་བསྟན་བརྩིགས་ཆེ་བ་བྱེད་དགོས་དོན་གང་ཡིན།༽སྦའི་རུས་རྒྱུད་འདི་ཁྲི་དར་མར་ཞེ་འཁོན་ཅན་ཞིག་ཡིན་པར་བརྟེན་བསམ་བཞིན་དུ་ཁྲི་དར་མར་བསྟོད་སྔགས་བྱེད་མི་སྲིད། དེར་བརྟེན་བསམ་བཞིན་མ་ཡིན་པར་སྟབས་འཁེལ་དེ་ཤུགས་ལ་བུད་པའི་ཏུན་ཧོང་ཡིག་རྙིང་གི་བརྗོད་དོན་དང་མཐུན་པ་རྣམས་གཙིགས་ཆེར་བཟུང་བ་རེད།
༼༩ ་་་་ཡིན་ཡང་རྒྱལ་པོས་རྒྱ་ནག་སངས་རྒྱས་ཆོས་ལུགས་ལ་ཐུགས་མོས་ཡེ་ནས་མི་གནང་བ”འི་རྒྱུ་མཚན་གང་ཡིན།༽ འདི་ཧ་ཅང་གསལ་པོ་རེད། སྐབས་དེར་བོད་ཀྱི་དགྲ་ཁ གཏད་དུ་ལང་བ་དེ་རྒྱ་ནག་རེད། དེར་བརྟེན་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་འདི་བོད་ནང་དུ་དར་བར་གྱུར་ན་དེ་ཤུགས་ལས་ཆབ་སྲིད་ལའང་གནོན་ཤུགས་ཡོང་རྒྱུར་དོགས་པ་ཟོས་པ་དང་། གཉིས་ནས་ལོ་མང་པོའི་རིང་གི་བོད་རྒྱའི་ཤ་འཁོན་དེ་ཁྲི་དར་མའི་ཡིད་ལ་དམ་པོར་བཟུང་བ་རེད། ཁོང་གིས་མཛད་སྟངས་འདིར་གོང་གི་དྲི་བ་འགའ་ལ་ལན་ཇེ་གསལ་དུ་འགྲོ་བའི་ནུས་ཤུགས་ཐོན་འདུག ༼༡༠ ་་་ལྷ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་ཡང་རྒྱ་མོ་ཀོང་ཇོས་བོད་དུ་ཁྱེར་ཡོང་བའི་རྒྱ་ལྷ་ཞེས་འཕྱ་སྨོད་མཛད་”དགོས་ཅི་ཡིན།༽འདི་བཤད་མ་ཐག་པ་དེ་དང་གཅིག་མཚུངས་སུ་འདུག་པས་བསྐྱར་དུ་བཤད་དགོས་དོན་མི་འདུག
༼༡༡ ”ཆབ་སྲིད་ཆོས་དང་བསྟུན་དབང་དགེ་འདུན་ལ་ཕུལ”ཞེས་མི་དགའ་བའི་རྣམ་པ་བསྟན། དགོས་དོན་ཅི།༽དེ་ནི་ལོས་ཀྱང་ཡིན་ཏེ། ཆབ་སྲིད་ཆོས་དང་བསྟུན་ན་དགྲ་དཔུང་གིས་རང་ཡུལ་ཟ་འགྲོ་དང་། དབང་ཆ་དགེ་འདུན་པར་ཕུལ་ན་ཆོས་ལས་སྲིད་ལ་དོ་སྣང་མི་བྱེད་ཅེས་བཤད་པ་རེད། ཚུལ་འདི་ཁོང་གིས་བན་ཏིང་ཇེ་འཛིན་ལས་བསླབ་བྱ་བླངས་འདུག་སྙམ།
ལན་ཁ་གསལ་པོ་མ་བྱུང་བ་འདྲ་ཡོད་ན་རྗེས་སུ་ཞུ་ངེས་ཡིན།
སྟོད་བུ་རང་གི་རིགས་པ་འདི་ཕན་ཐོགས་མི་འདུག སྨོན་ལམ་གྱི་ལན་སྒྲུང་རིང་འདི་ཀློག་རིམ་བཞིན་ཉོབ་ཏུ་འགྲོ་བགྱིད། རེ་ཞིག་ཅང་སྨྲ་བར་མི་འདོད།
རིག་པའི་རལ་གྲི་ལགས།
༼བོན་ཀྱིས་རྒྱས་འབྲིང་གསུང་རབས་མང་པོ་ནི།
ཆོས་སུ་བསྒྱུར་ནས་ཡོངས་སུ་བསྣུབས།༽
སྲིད་རྒྱུད་ཁ་བྱང་ཆེན་མོར་ཇི་ལྟར་ཡོད་པ་བཞིན་ངས་དཔེ་བཤུས་བྱས་པ་ལས་དེར་བཟོ་བཅོས་རྒྱབ་པ་
གང་ཡང་མེད།
ཁྱོད་རིག་པའི་རལ་གྲི་ཞིག་ཡིན་ན་རིག་པ་གཏོང་རན་འདུག
ལོ་ངོ་བརྒྱ་ཕྲག་མང་པོའི་བར྄ྒ྄ྱུད་ནས་འོང་པའི་ལུང་ཚིག་རྙིང་པ་དེ་ཚོར་དག་ཆའི་ཆ་ནས་སྐྱོན་གཏན་གཏན་ཡོད་སྲིད།
དཔེར་ན། ཏུན་ཧོང་གི་ཡིག་རྙིང་བཞིན་ནོ།
ཁྱོད་རིག་པའི་རལ་གྲི་ཡིན་ན། ལུང་གོང་འོག་ཐམས་ཅད་ལ་དགུང་འགྲིག་ཤེས་དགོས་དེ་མིན་དཔེ་ཐོག་ཏུ་བྲོ་བརྡུང་བཟོ་འདྲ་ཞིག་བྱེད་ན་ནམ་ཡང་གོ་བ་བླངས་ཤེས་ཀྱི་མ་རེད།
ཉིན་ཤས་རིང་དྲ་ཐོག་ཏུ་ཡོང་ལོང་མ་བྱུང་མོད། སྤོབས་པ་ལགས་ཕེབས་ནས་བཀའ་བཀྱོན་དང་དམོད་མོ་འདྲ་གནང་མེད་ཚོད་རེད། སྤོབས་པ་ལགས་རྫོགས་ཆེན་ཁྲོམ་བསྒྲགས་བྱས་ཆོག་མིན་ཐད་དམུ་ཐག་གི་བུས་གསུངས་ཟིན་པ་ལྟར་རེད། ཚིག་འཇུག་ཏུ་ཁྱོད་ཀྱིས་ ངས་གནད་དོན་རེ་གསལ་པོ་ཆགས་ཆེད་དུ་ཅིག་བཤད་ཁུལ་བྱེད་ཀྱིན་ཡོད། ཅེས་ཀྱང་གསུངས་འདུག་དེས་ན་གོང་དུ་ཁོ་བོས་བཀོད་པའི་མཆན་ཨང་༣༡༨པ་དེར་ཞིབ་གཟིགས་ཡོད་ལོས་ཆེ། མཆན་ཐུང་དེས་གནད་དོན་རེ་གསལ་པོ་ཆགས་སོང་ངམ། བཀའ་ལན་གང་ཡང་མེས་པས་་་་
དྲ་ཐོག་ཏུ་བཞུགས་ཡོད་ན་ཞལ་གསལ་གྱིས་བཀའ་ལན་རེ་བསྩལ་གནང་དང་གོང་དུ་ཁོ་བོས་ཀུ་རེའམ་དོན་གཏམ་གྱི་ཚུལ་དུ་ཁ་མི་གྲག་པ་ནི་ཕམ་པ་ཀུན་གྱི་མཐར་ཐུག་རེད་ཅེས་ཀྱང་ཞུས་ཡོད་པས་ཡིན། ཡང་ཁྱོད་ཆ་མེད་ནག་དགུ་ཞིག་ལ་ངས་སེམས་ལ་ནག་ཐིག་ཕབ་ཡོད་ན་དགོངས་ཁྲེལ་ཁྱོན་ནས་མེད་པ་ཞུ།
ཀརྡོ་རབ་འབྱམས་པ་ལགས།
གོང་དུ་ཁྱེད་ཀྱིས་ང་ལ་ལྷ་སྲས་དར་མའི་སྐོར་ལ་དྲི་བ་ཁག་ཅིག་བྲིས་པ་དེ་ཚོར་ངོས་ནས་ངོས་ལན་བྱས་མེད།
འོན་ཀྱང་དེ་དག་ལ་དམུ་ཐག་བུ་རྒྱུད་དང་སྨོན་ལམ་དང་ཁྱུང་སྲས་སོགས་ནས་ལན་བཏབས་ཡོང་གི་འདུག་དེ་ཚོར་གཟིགས།་ དེ་ཡིས་མ་འཐུས་ན་མཁར་རྨེའུ་བསམ་གཏན་ལ་དེ་ལས་འཕྲོས་པའི་ཁ྄ྱེད་ཀ྄ྱིས་དགག་ལན་ཞིག་བྲིས་དང་མ་རྒན་ཚ་ནའང་ཚ་གོ་ཆོད་པ་ཞིག་ཡོང་གི་རེད།
དེ་མིན་ཕྲག་དོག་བྱས་ཏེ་བཞུགས་རྒྱུ་ལས་བྱེད་ཐབས་ཡོད་པ་མ་རེད།
ཕྲག་དོག་ཅེས་པའི་དོན་ནི། ཕྲག་ཅེས་པ་ནི་བཟང་པོའི་དོན་དང༌། དོག་ཅེས་པ་ནི་རྒྱ་ཆུང་བ་དང་མི་ཤོང་བའི་དོན་ཡིན།
དོན་དུ་གཞན་གྱི་ཡོན་ཏན་བཟང་པོ་དེ་ཉིད་རང་གི་མིག་ལམ་དང་བློ་ངོར་མི་ཤོང་བའི་ནང་སེམས་ཀྱི་དུག་ཞིག་རེད།
དཔེར་ན། མཁར་རྨེའུ་ཡིས་བྲིས་པའི་ལྷ་སྲས་དར་མའི་སྐོར་གྱི་ལོ་རྒྱུས་གྲགས་ཅན་དེ་ཁྱོད་ཀྱི་མིག་ལམ་དང་བློ་ངོར་མི་ཤོང་བའི་སེམས་སྡུག་ལྟ་བུའོ།
གཡུ་འབྲུག་དཀར་པོ་ལགས་ཁོ་བོ་ལས་བྲེལ་གྱིས་ལན་དུས་ལྟར་མ་བྱུང་བར་དགོངས་ཡངས་གནོང། དངོས་གནས་དཀོན་མཆོག་དཔང་བཙུགས་བྱས་མནའ་བསྐྱལ་ཆོག་ཁྱོད་ལ་གོ་བརྡ་འཕྲོད་ཀྱིན་མི་འདུག
ཁོ་བོས་གོང་དུ་བན་ནག་ཞེས་པ་ཞིག་ཡོད་ཅེས་ཁས་ལེན་རྩ་བ་ནས་བྱས་མེད། ཁྱོད་དང་ཁྱོད་ཅག་གི་རིགས་དེས་ཆགས་སྡང་ཁོ་ནས་ཀུན་ནས་བསླངས་ཏེ། བོན་ནག་ཡོད་པར་བསྒྲུབ་ན་ཁོ་བོས་ཀྱང་བན་ནག་ཅེས་པ་ཡོད་ཆོག་པའི་ཁྱབ་མཚུངས་བསྒྲིག་པ་ཡིན་ཧ་གོ་སོང་ངམ། ད་ལན་མང་པོ་ཞུ་རྒྱུ་མིན། མང་པོ་བཤད་ན་ཁྱོད་མགོ་ཉོག་བཞིན་ཡོད་པ་འདྲ། ཚིག་གི་འགའ་འབྲེལ་རྩོད་ན་དོན་གྱི་ཨ་ཏི་བརླག་འགྲོ་ཟེར་བ་རེད། ངས་གདོད་མའི་ཆོས་ཡོད་ན་བན་ནག་ཡོད་པས་ཁྱབ་མ་ཁྱབ་ཀྱི་སྐད་ཆ་མང་པོ་མི་བཤད་ཁྱོད་ཀྱིས་བན་དེ་ཞེས་པ་དེར་ཚིག་འགྲེལ་ཡག་པོ་ཞིག་རྒྱོབས་དང་། བགྲོ་གླེང་ཞིབ་ཏུ་ཡོང་།
རིག་པ་རལ་གྲི་ལགས་རྒྱུ་མཚན་དང་ཁུངས་ལུང་ཅི་ཡང་བགྲངས་རྒྱུ་མེད་པར་ཕྲག་དོག་དང་ཆགས་སྡང་མེ་རི་བཞིན་མཆེད་ནས་དྲ་ཐོག་འདིར་ཡོང་ནས་ཁུ་ཚུར་གནམ་ལ་ཕྱར་བསྡད་ན་སྡུག་གྱོང་རེད། གོང་དུ་ལ་སྟོད་པའི་གསུངས་པ་བཞིན་སྲིད་པ་རྒྱུད་ཀྱི་ཁ་བྱང་ཞེས་པ་དེར་ཁྱོད་ཙམ་གྱིས་སློབ་སྦྱོང་བྱས་མྱོང་བ་ལྟ་ཞོག མིང་ཙམ་ཡང་ད་རེ་མ་གཏོགས་གོ་མྱོང་མེད་ལས་ཆེ། དཔེ་ཆ་དེ་ནི་གཟུར་གནས་ལོ་རྒྱུས་སྨྲ་བ་ཀུན་གྱིས་ཚད་འཛིན་གནང་སའི་དཔེ་རྙིང་གྲགས་ཆེན་ཞིག་རེད། དངོས་གནས་རིག་པའི་རལ་གྲི་དག་མ་ཞིག་མིན་ན་ཚིག་དོན་ཡང་བཀྲོལ་དཀའ་སེ་ཞིག་ཡོད། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། གཡག་ཞར་རྩྭ་ཟན་འདི་རེ་སྡུག
ལ་སྟོད་རི་ནས་རིག་པའི་མེ་ཆར་ཕབ།།
དམུ་ཐག་བུ་ལོས་རིག་པའི་དབལ་ཁ་སྣུན།།
སྤོབས་པ་མཐའ་ཡས་ལྐུགས་པའི་བརྟུལ་ཞུགས་འཆང་།།
གླག་མོའི་གཤོག་སྣེ་བྲག་གི་ངོས་ལ་བརྡབས།།
རིག་པའི་རལ་གྲི་བྱིས་པའི་ལག་ཏུ་ཤོར།།
ཀརྡོ་རབ་འབྱམས་ལུང་སྟོང་ཀི་སྒྲ་ལྡིར།།
ཨ་ནུ་ཐང་བསོད་རིང་དུ་བྱོལ་ཞེས་སྨྲ།
གཞོན་ནུ་ཟླ་མེད་ཟླ་རོགས་རུམ་དུ་བརྫངས།།
ཞེས་པའང་རེ་ཞིག་ངལ་གསོ་བའི་ཚིགས་སུ་བཅད་པའོ།།
ཕྲག་པ་དོག་པ་ལ་ཡོན་ཏན་མཐོ་དམན་ཅིག་དགོས། མི་སྨྲ་རྟུལ་བཞུགས་བཟུང་ན་ཕམ་པར་འདོད་ན་འཕྲུལ་པ་རེད། ཁྱི་རྟ་སྤྲེལ་གསུམ་བསད་ནས་བོན་ལྷར་མཆོད་ཀྱང་། ཆོས་ལུགས་མིན་ཞེས་སྨྲ་ཕོད། རྒྱལ་པོའི་བཀའ་ཡིས་རབ་འབྱུང་ཆོས་བྱེད་གློ་བུར་ལྟོགས་ཤི་དང་། སྐྱ་ཕབ་བཅུགས་ཀྱང་ཆོས་བསྣུབས་མེད་ལ། རྒྱལ་ཁབ་སྐྱོངས་ཕྱིར་ཡིན་ཞེས་རྫིགས་ཉམས་སྟོན་མཁན་ཁྱེད་རྣམས་ངའི་རྩོད་ཟླར་མི་འོས་པས། རིགས་མཐུན་སྤར་པ་གང་པོ་རྣམས་མཐུ་ཐག་གིས་ད་དུང་དམ་དུ་བཅིངས་ནས་བསྡད་ན་བློ་བདེ་བ་ཡོངས་ངེས། ངས་ངག་བཅད་སླར་ཡང་མི་ཤོར་བའི་སྨོན་འདུན་བཅས།
དྲྭ་གྲོགས་ཚོ། ད་ཚིག་རྩུབ་དེ་དག་མི་དགོས་པ་བྱོས། འདིར་སྐབས་སུ་བབས་པ་ཁྲི་དར་མའི་སྐོར་ཡིས་པས་དེ་འབྲེལ་གྱི་མཆིད་ཚིག་སྤེལ་ན་མི་ལེགས།སམ། དེ་ལྟར་ཐུགས་ལ་ཟུངས། སྐུ་མཁྱེན།
ཨ་རོ་ཀ་རྡོ་རབ་འབྱམས་ཡིན་ན་འབུ་ལི་གཏུབ་རྒྱོ ་ད་ཁྱོད་ཁ་རོག་གེར་ཞིག་བསྡད་ན་ཨེ་ཆོག་གི། མཁར་རྨེའུ་ཁྱོད་གཉིས་ལ་ཡོན་ཏན་མཐོ་དམན་མེད་པར་བྱོས། ད་འགྲིག་ག འཕྲུལ་བ་ཞེས་པ་འཁྲུལ་བ་ཞེས་བྲིས་ལོ།
དེ་མིན་ང་ལ་ཡང་རྩོག་བཤད་མང་པོ་མགྲིན་སྒོ་ལ་འཚང་ཁ་རྒྱག་བཞིན་འདུག་མོད། ད་ཁ་བརྡ་ཚང་གི་སྒྲིག་གཞི་སྣང་མེད་དུ་འཇོག་མི་རུང་བས། ད་རུང་ཅིག་ཅིག་མུག་མུག་ཟེར་ན་ཁ་བརྡ་ཚང་གིས་ཕྱིར་ཕུད་གཏོང་ཉེན་ཡོད་རེད། གཞུང་མཐུན་གྱི་བགྲོ་གླེང་ལ་ཞུགས། ཟུར་ཉན་དེ་ཚོའི་གཏམ་འཆལ་སྣང་མེད་དུ་གཡུག
རྒན་པོའི་བསླབ་བྱ་ཡིན་ལོ། གསར་བུ།
གོང་དུ་དྲི་བ་ཁ་ཤས་ཕུལ་ཡོད་ཀྱང་། དེའི་ལན་གང་ཡང་མེད་པ་ལས་ལྷག་པའི་མི་སྨྲའི་བརྟུལ་ཞུགས་ཟེར་བའི་མཚན་གཞི་ཞིག་དེང་སང་འཇོག་རྒྱུ་དཀོན།
བདེན་པ་རེད། སྲིད་རྒྱུད་ཟེར་ཐོས་པ་ཐེང་དང་པོ་ཡིན། ངས་བོན་གཞུང་དངོས་གནས་ཤེས་ཀྱི་མེད། ནང་ཆོས་ལ་སྦྱང་བ་ཅུང་ཟད་བྱེད་མྱོང་། ང་ནམ་རྒྱུན་ཕྲག་དོག་ཅན་ཞིག་ཡིན། གང་ཡིན་ཟེར་ན། སྐྱོན་ཀུན་ལྡན་གྱི་སེམས་ཅན་ཞིག་རེད། འོན་ཀྱང་བོན་ལ་ཕྲག་དོག་ཁྱོན་ནས་ཟ་མི་འདུག དེ་ཕ་ཆེར་བདེན་པ་ཡིན། བགྲོ་གླེང་དྲངས་པོ་བྱེད་ན་དངོས་གནས་དགའ་མཁན་ཞིག་ཡིན། གྲོང་ཚིག་དང་ཚིག་རྩུབ་རིགས་ལས་ཟོལ་གང་ཐུབ་བྱེད་མཁན་ཞིག་ཡིན།
ངས་བོན་གཞུང་མི་ཤེས་པས་འགྲེལ་ཡང་ག་ལ་ཤེས། འོན་ཀྱང་བོད་ཡིག་ཅུང་ཤེས་པས་གོང་གི་སྲིད་རྒྱུད་ཀྱི་ལུང་དེའི་བོད་སྐད་ཐོག་ནས་དེ་འདྲ་ཞིག་ངས་གོ་འདུག་ཟེར་སྨྲས་པ་ཡིན་པས་དཔེ་ཐོག་གྲོ་བརྡུང་རང་རེད། ད་ཁྱེད་རྣམ་པས་འགྲེལ་བཤད་གསལ་ཐག་ཆོད་ཞིག་བཀྱོན་དང་དེ་ནས་བལྟ། ངས་ཞུ་དགོས་པ་ཞིག་ལ། ལུང་དང་རིག་པས་བགྲོ་གླེང་བྱེད་ན་མ་གཏོགས་ཆོས་ལུགས་དང་འཆོལ་ཁ་ལ་བཀུར་འདེབས་དང་སྨྲ་འབེབས་ཀྱི་ཚིག་བྱུང་ན་དགོངས་པ་ཞུ་ཡིན། ང་སྒེར་ལ་གང་ལབ་ཀྱང་དགེ་སྦྱོང་གི་ཆོས་བཞི་ཉམས་ལེན་གང་ཐུབ་བྱེད་རྐྱང་ཡིན་།
ཀརྡོ་རབ་འབྱམས་པ་ལགས།
༼ཁྱི་རྟ་སྤྲེལ་གསུམ་བསད་ནས་བོན་ལྷར་མཆོད་ཀྱང་། ཆོས་ལུགས་མིན་ཞེས་སྨྲ་ཕོད།༽
ཨ་ཙི་རྩ་བ་ནས་ཉིད་ནས་བསྡོད་དུ་འཇུག་གི་མི་འདུག
བོན་པོའི་ལུང་ཞིག་དྲངས་ན་འཁྱོག་བཤད་བྱས་ཡོང་གི་འདུག
བན་དེའི་ལུང་དྲངས་དུས་ངས་ཤེས་ཀྱི་མེད་ཟེར་ནས་བཞག་སོང༌།
ད་སླར་ཡང་བན་དེའི་མཁས་པས་མཛད་པའི་ལུང་ཞིག་འདྲེན་གྱི་ཡིན།
ཁས་ལེན་ཀྱང་རུང་མ་ལེན་ཀྱང་རུང༌། གོ་བ་ཅི་ཞིག་འགྲེལ་ཀྱང་རུང་མ་འགྲེལ་ཀྱང་རུང༌།
བོན་རྒྱུད་དུ་མ་སྐྱེས་པའི་བན་དེའི་མཁས་པ་ཞིག་གིས་བྲིས་པ་ནས་ལུང་འདྲེན་བྱེད་ཀྱི་ཡིན།
དེ་དུས་མ་ཐོས་མ་མཐོང་མ་གསུང་རོགས།
ལྷ་སྲས་དར་མ་ཞེས་བོན་རྒྱུད་དུ་མ་སྐྱེས་ཤིང་བོན་གྱི་མཁས་པས་མ་མཛད་པའི་ལུང་།
༼བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ།༽
ཞེས་པའི་ལྡེབ་གྲངས་35་་པ་ལས། ༼འོན་ཀྱང་ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ། ༽
ད་ལྷ་སྲས་དར་མ་ཞེས་པའི་མིང་དེ་བསམ་གཏན་མཁར་རྨེའུ་དང་དེ་ཡི་རྗེས་འབྲེང་དང་བོན་པོ་ཚོས་བཏགས་པ་གང་ཡང་མ་རེད། འོན་ཀྱང་བོན་རིགས་ཤིག་གིས་བྲིས་པར་བརྙེད་དེ་དེབ་ཀྱི་མགོ་བརྗོད་དུ་ལྷ་སྲས་དར་མ་ཞེས་བྲིས་པའི་རྒྱུ་མཚན་ལ་བརྟེན་ནས་དྷ་སའི་དཔེ་མཛོད་ནས་པར་དུ་བཏབས་ཀྱང་ཡུན་རིང་པོར་མ་བཀྲམས་པ་རེད། དེ་ཡག་པོ་ཞིག་ཤེས་པར་གནང་རོགས།
བོན་པོས་དམར་མཆོད་འབུལ་རབས་རྐྱང་བཤད་ཀྱི་ཡོད།
འདི་འང་བོན་པོས་བྲིས་པ་མིན་པར་བན་དེ་ཡིས་བྲིས་ཤིང་ལོ་རྒྱུས་རྙིང་པ་དེ་ཚོ་ནས་ཐོན་པ་རེད།་ འདི་ལའང་མ་ཐོས་མ་མཐོང་དྲང་ངེས་ཀྱི་འགྲེལ་བ་མི་བྱེད་པའི་རེ་བ་ཡོད།
མཁས་དབང་དགེ་ཆོས་ཀྱིས་མཛད་པར་གྲགས་པའི་གོང་གསལ་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་པའི་ལྡེབ་གྲངས་71་པ་ལས། བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང༌། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ།
ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང༌།
མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད།
སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ།
བན་དྷེ་ཞིག་གིས་ཆོ་ག་གཏོང༌། དེ་རྗེས་རིམ་བཞིན་མང་པོ་ཞིག་འདུག་པས་གཟིགས་རོགས་གནང།
རིག་པའི་རལ་གྲི་ལགས།
བོན་རྙིང་གྲགས་ཅན་སྲིད་རྒྱལ་ཁ་བྱང་ལས་བོན་བསྣུབས་ཚུལ་སོགས་མཁས་དབང་ལ་སྟོད་ཚང་གིས་ངོ་སྤྲད་ཟིན་ན་ཡང་ཁོ་བོས་ཀྱང་གསལ་གདབ་ཙམ་ཞིག་བྱེད་འདོད་བྱུང་། ཁྱེད་ཀྱིས་༼ གང་བསྣུབས་གང་གིས་བསྣུབ་ཚུལ་ཇི་ལྟར་བསྣུབས་ཞེས་སྐབས་དོན་སོ་སོར་ཕྱེ་ཏེ་བཤད་ ན། གང་བསྣུབས་ན་རྒྱས་འབྲིང་གསུང་རབས་མང་པོ་ཞིག་བསྣུབས། གང་གིས་བསྣུབས་ན་བོན་པོས་བསྣུབས། ཚུལ་ཇི་ལྟར་བསྣུབས་ན། བོན་ཆོས་སུ་བསྒྱུར་ནས་བསྣུབས། གད་མོ་འཆོར་རོ། ༽ཞེས་པར་གང་བསྣུབས་གང་གིས་བསྣུབ་ཚུལ་ཇི་ལྟར་བསྣུབས་ཞེས་སྐབས་དོན་སོ་སོར་ཕྱེ་ཏེ་ངོ་སྤྲད་ན།
དང་པོ་གང་བསྣུབས་ན་གཡུང་དྲུང་གི་བོན་རྒྱས་འབྲིང་བསྡུས་གསུམ་བསྣུབས་པ་རེད། གཉིས་པ་གང་གིས་བསྣུབས་ན་བོད་རྒྱལ་ཁྲི་སྲོང་གིས་དགུང་གྲངས་ཉེར་བརྒྱད་དུས་སུ་བོན་བསྟན་བསྣུབ་འགོ་བཙུགས་པ་རེད། གསུམ་པ་ཚུལ་ཇི་ལྟར་བསྣུབས་ན་རྒྱུ་རྐྱེན་གཉིས་ལས་དང་པོ་མཚན་ཉིད་ནས་ལས་དབང་དང་། སྔགས་ནས་དམོད་རྐྱེན། སེམས་ཕྱོགས་ནས་དུས་ཀྱི་ནུབ་པར་བཤད་དོ། རྐྱེན་ཡང་བོན་གཞུང་རྙིང་གྲས་ཕུར་འགྲེལ་ཞེས་པ་ལས། སྔོན་སྟག་ལས་བདུད་ངམ་རྗེ་བསྒྲལ་བས། ཁྱེད་ཀྱི་བསྟན་པ་ལ་རྐེད་ཉག་བྱེད་པར་ཤོག ཅེས་སྨོན་ལམ་བཏབས་ཡོད་པ་དང་། ཡང་བོན་གྱི་བྱམས་མའི་ལོ་རྒྱུས་ལས། སྤེ་བོན་གྱིས་ཐེའུ་རང་ནས་རྒྱལ་པོ་སེང་ཁྲིའི་སྲས་སུ་བསྒྱུར་བས། ཕྱིས་གྲི་གུམ་བཙད་པོ་འཁྲུངས་པས་ཆད་ཁུངས་ངན་པའོ།
འཕྲལ་གྱི་རྐྱེན་ཡང་དྲན་པའི་བསྒྲགས་བྱང་ཆེན་མོ་ལས། ཆེ་གསུམ་དབང་གིས་མེ་འབར་བ་ལ་ཆུང་གསུམ་གྱིས་ཕྲ་མའི་ཤིང་བསྣན་པ་ཞེས་སོགས་ཏེ། བོན་གཤེན་རྣམས་མཐུའི་དྲེགས་པ་དང་། རྒྱལ་པོ་གླེན་པ་དབང་གིས་དྲེགས་པ་དང་། བློན་པོ་བྱས་པའི་དྲེགས་པ་ཆེ་བ་གསུམ་གྱི་བར་ལ་ཆུང་གསུམ་གྱི་སྙན་པྲ་ཞུས་ཏེ། བློན་པོ་ལི་བཙན་བཞེར་མེ་དང་། ཙང་པ་དམར་དང་། རྒྱ་གར་སྤྲང་པོ་རད་ན་སི་ཏི་གསུམ། རྒྱལ་གྱི་དར་སྙན་འབངས་ཀྱིས་མཆུས་བྲུས་ཏེ། དབུ་ཞྭ་ཆེ་ན་ལུས་པོ་རྔུལ་གྱིས་ལྕི། ཤིག་འཕྱན་རྐང་ལ་ཞུགས་ནས་སྤྱི་བོར་གཙུག་བསྙག་གོ། ཞེས་དང་།
གཡུང་དྲུང་གི་བོན་འདི་ཡང་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་མི་འོང་བར་འདུག རྗེའི་ལ་ཐོད་དང་ཤེལ་གྱི་འགྱིང་དཀར་ལ་སོགས་པའི་རྒྱལ་ཆས་ཀྱང་བོན་པོས་འཁྱེར། ད་ལྟ་ངོ་མཉམ་ཙམ་དུ་འདུག་སྟེ། སྲས་དབོན་གྱི་སྐུ་རིང་ལ་གཤེན་པོས་འཕྲོག་སྲིད་ཅེས་དང་། ཡུལ་མི་ཀུན་གྱིས་ཡང་མགོ་མཐོ་བཤོར་བྱ་བ་སུ་གྲགས་པ་ལ་བཤེར་བྱེད་ལོར། དེ་ལ་རྒྱལ་པོ་གླེན་པ་དུད་འགྲོ་ལྟར་གར་ཁྲིད་དུ་འགྲོ་བས་བདེན་སྙམ་ནས་བོན་རྣམས་རྒྱལ་ཁམས་གཞན་དུ་སོང་ཞིག་པར་ལུང་བསྩལ་ལོ།
རྒྱལ་པོ་ལ་བདེན་པ་མེད་ཀྱང་གཤེན་པོ་རྣམས་བཀའ་ཁྲིམས་ལ་གནས་པས། བོད་ཡུལ་དུ་བསྟན་པ་མཛད་ཅིང་བཞུགས་པ་ལ་རྐྱེན་གསུམ་གྱིས་ཐུགས་མ་བདེ་བའོ། ཞེས་པ་སོགས་བོན་རྙིང་སྲིད་རྒྱལ་ཁ་བྱང་དང་སྐྱབས་སྟོན་ཁྲོ་འགྲེལ། དར་རྒྱས་གསལ་སྒྲོན། བསྒྲགས་པ་གླིང་གྲགས། གླེང་གཞིའི་བྱུང་ཁུངས། བསྟན་འབྱུང་ཡིད་བཞིན་ནོར་བུ།ཁྲོ་བོ་རྒྱུད་དྲུག གཡུང་དྲུང་ལས་དག་སོགས་བོན་གཞུང་ཀུན་ནས་ཞལ་མཐུན་དུ་གྲུབ་པར་ཁྱོད་ཡིད་ཆེས་མ་ཡང་ཞིབ་འཇུག་གི་གཞི་རུ་རློམ་ཏེ་རིག་པས་ཞིབ་བདར་བྱས་ཏེ། གོང་དུ་གྱེར་ནག་ཚང་ཟེར་བའི་མཆན་ཨང་༢༢༠པ་ལས། “ཆོས་འབྱུང་ཁག་ཏུ་གསལ་བ་རྣམས་ཞལ་གསལ་དུ་དྲངས་ཡོད་པ་ནི། སྲོང་བཙན་སྒམ་པོས་བོན་རྣམས་དྲག་ཐབས་ཀྱིས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་དང་སྟོད་ལུང་ལྷ་ས་སོགས་སུ་མགོ་ཡི་ར་བ་དང༌། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་ནས་སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མིག་འབྲུ་དུག་སྟེར་གྱི་ཆོས་ཁྲིམས་བཅས། ཆོས་རྒྱལ་མེས་དབོན་རྣམ་གསུམ་བོད་ལ་སྐུ་དྲིན་ཆེ་རབས་འདི་འདྲ་ཡིན།”ཞེས་དྲངས་ཡོད་པ་སོགས་ཀྱང་བོན་པོ་ཚོས་བཅག་བཅག་མ་ཡིན་པར་ཨུ་ཐུག་གི་གཏམ་ཡིན་ཏེ། ད་དུང་ཁོང་གིས་ “ད་རུང་གཞན་ཡུལ་ནས་ཀྱང་ཁོ་ ཚོས་ངེད་རྣམས་ཕྱི་མིར་བསྙད་དེ་སླར་ཡང་འཕུད་འགོ་འཛུགས་པར་བརྟེན་བཟོད་པའི་ མཐའ་ལ་ལྷུང་བའི་བོན་འབངས་དག་གིས་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཉིད་དེ་རིང་འདི་ནས་མི་འགྲོལ་ཐབས་མེད་དུ་གྱུར་”ཞེས་པའི་གཏམ་སོགས་ལ་ཞིབ་དང་། འདིར་རྒྱལ་ཕམ་དང་ཚིག་ངན་གྱིས་མཚོན་ཆ་འདེབས་སའི་གཡུལ་ས་མ་ཡིན་པར་བདེན་དོན་ལ་བདར་ས་གཅོད་པའི་རིག་པའི་གླིང་ག་ཡིན་ཕྱིན། གོང་གི་ཚིག་དུམ་དེ་ལས་མི་བདེན་པའི་རྫུན་ཚིག་འདྲ་མཆིས་ཚེ་རེ་རེ་བཞིན་མཛུབ་འཛུགས་གནོང་དང་ང་ཚོས་ལུང་རིག་གིས་བདར་ཤ་བྱ་ཆོག་པས་ཐུགས་འཇགས་ཞུ།།
ཡང་ངའི་ངག་བཅད་ཤོར་བཅུགས་བགྱིད། བན་བོན་མ་རྩོད་ཐུགས་རྗེས་གཟིགས། འདིས་གཉིས་ཀ་ལ་གྱོང་མ་གཏོགས་ཁེ་ཡོད་མ་རེད། མིང་ལ་ལྷ་སྲས་དར་མ་ཡིན་ནའང་འདྲ། གླང་དར་མ་ཡིན་ནའང་འདྲ། མ་མཐའ་ལ་མི་འདིས་ནང་བསྟན་བསྣུབས་ཡོད་མ་རེད་ཟེར་ན། བོན་པོའི་མཁས་པ་བློ་ཟུ་བོར་གནས་པ་རྣམས་ལ་ཡང་ངོ་ཚ་བགྱིད་མི་འདུག་གེ འདིར་ལུང་འགྲོ་ས་མེད་པ་ཁྱེད་རང་ཚོས་བཟོས་པ་རེད། ཁྱེད་རང་ཚོས་ཁུངས་སྔ་ཕྱི་གཉིས་པོས་ག་རེ་བཤད་འདུག་ཟེར་ན། རྟ་སྤྲེལ་ཁྱི་གསུམ་གྱི་དམར་མཆོད་ཕུལ་ས་ཡར་ལྷ་ཤམ་བུ་དང་། ཕུལ་མཁན་བན་དྷེ་རེད་ཟེར་ན། ཡང་ཧམ་གསར་པ་ཅིག་མ་རེད་པེ། བློ་རྣལ་དུ་ཕབས་ནས་སོམས་ཤིག
རང་རྩོམ་ལ་བསྐྱར་གསབ་དང་བཅས་ཕར་ཕུལ་ཡོད་པས་བསྐྱར་ཀློག་ཅིག་གནང་གལ་ཆེ་བ་ཞུ་ཡིག་ཏུ།
“ཆོས་ འབྱུང་ཁག་ཏུ་གསལ་བ་རྣམས་ཞལ་གསལ་དུ་དྲངས་ཡོད་པ་ནི། སྲོང་བཙན་སྒམ་པོས་་་རྫུ་འཕྲུལ་གྱིས་་་བོན་རྣམས་དྲག་ཐབས་ཀྱིས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་དང་སྟོད་ལུང་ལྷ་ས་སོགས་སུ་མགོ་ཡི་ར་བ་དང༌། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་ནས་ སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག་་་་ འགྲོ་དུས་་་་ རྒྱལ་པོ་སྲོང་བཙན་གྱི་མངོན་ཤེས་ཀྱིས་མཁྱེན་ནས་ཁོ་གཉིས་ཡར་སྐད་གཏོང་ཤོག་་་་ དད་ལོག་སྐཡེ་བཞིན་སྐབས་ལ་ང་སྤྱན་རས་གཟིགས་དངོས་ནི་ཞེས་དབུ་ཐོད་ཀྱི་འོད་དཔག་མེད་བསྟན་པ་དང་། བྱེས་མ་རྔལ་དུ་བཅུགས་ནས་སང་ཞོགས་ལི་ཡུལ་དུ་གསེར་ཙམ་གྱི་དངོས་གྲུབ་ཐོབ་སོགས་ཆད་འདུག ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་་་་་པ་ཙམ་མིན་པར་ད་ལྟའི་བོན་མཆོད་ཁང་ནང་ལ་བསྒྱུར་ཆོས་མཆོད་བཞིན་པ་མིནམ་་་་་་་་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་་་་་ཙམ་ཨེ་ཡིན་་་་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མིག་འབྲུ་དུག་སྟེར་གྱི་་་་་འབངས་འོག་རྩུབ་དྲག་ནས་རྒྱལ་པོ་འུ་ཐུག་ནས་་་་་་ཆོས་ཁྲིམས་བཅས། འཇོལ་བོན། འཁྱར་བོན། བསྒྱུར་བོན་སྔ་མ་དང་། གཤེན་རབ་གེ་སར་དང་འདྲ་བ་མི་དངོས་བྱུང་མ་བྱུང་རྩོད་གཞི་ཅན་གྱི་ཆོས་ལ་ནི་ང་ལ་ཅང་ཤོད་རྒྱུ་མེད་ཀྱང་། འཇམ་དབྱངས་མི་རུ་སྤྲུལ་པ་ཁྲི་སྲོང་རྗེས་ཀྱི་བོན་གསར་རྣམས་ལ་ནི། ནང་ཆོས་བཀའ་འགྱུར་བསྟན་འགྱུར་བོན་ཆོས་ལ་བསྒྱུར་ནས་་་་་་ཆོས་རྒྱལ་མེས་དབོན་རྣམ་གསུམ་བོད་ལ་སྐུ་དྲིན་ཆེ་རབས་འདི་འདྲ་ཡིན།”་
དར་མའི་རྗེས་སུ་ཁྲི་རལ། ཁྲི་སྲོང་དང་སྲོང་བཙན་ཡང་འདྲུད་ཡོང་བགྱིད། བློས་མ་བཟོད་ནས་བྲིས་པ་འདི་ལ་བློ་ཟུ་བོར་གནས་ནས་དཔྱོད་ཅིག
མུ་ཐུག་གི་བུ་རྒྱུད།
“ཀུན་རྫོབ་ཀྱི་ཆོས་དང་བདག་གཉིས་མཉམ་སྦྱོར་བྱེད་སྟངས་ཤིག་ཡོད་དམ། ཀུན་རྫོབ་ཀྱི་ཆོས་སྤངས་བྱ་ཡིན་ན་ཀུན་རྫོབ་བདེན་པའང་སྤངས་བྱ་ཡིན་དགོས། དེ་ཡིན་ན་བདེན་གཉིས་ཟུང་འབྲེལ་ཞིག་ཡོང་ཐབས་མེད། དེ་མེད་པས་སངས་རྒྱས་འགྲུབ་ཐབས་ཀྱང་མེད།” ཀུན་རྫོབ་སྤངས་བྱ་ཡིན་ཟེར་བ་ནི་བདེན་གཉིས་ཟུང་དུ་སྤྲེལ་བ་ལ་གནོད་བྱེད་ཅི་ཡང་མེད། ཀུན་རྫོབ་བདེན་པ་ལ་བརྟེན་ནས་དོན་དམ་བདེན་པ་རྟོགས་དགོས་ཤིང་ཀུན་རྫོབ་བདེན་པ་ལ་མ་བརྟེན་པར་དོན་དམ་རྟོགས་ཐབས་མེད་པས་ཟུང་འཇུག་གི་ཐ་སྙད་འདི་སྦྱར་བ་རེད། དོན་དམ་བདེན་པ་རྟོགས་ཚར་རྗེས་དང་གང་ཟག་གི་ལུས་རྟེན་ནས་འཕགས་པའི་ལུས་སྟེང་དུ་འཕོ་རྗེས། ཀུན་རྫོབ་ཀྱི་སྣང་མ་ཐམས་ཅད་ལོག་ཅིང་གད་སྙིགས་སུ་གྱུར་ཟིན་པས་དགོས་དོན་མེད། རྒྱུ་མཚན་ནི་ལུས་རྟེན་རེ་ལ་རེ་དང་མཐུན་པའི་བདེན་པ་རེ་ཡོད་པས་ཡིན། ང་ཚོ་སངས་རྒྱས་རྗེས་ད་ལྟ་ང་ཚོའི་མིས་མཐོང་བ་བཞིན་སྣང་བ་འདོད་ཚེ་ཤིན་ཏུ་བླུན་ཏེ། སངས་རྒྱས་ལ་རོ་མི་ཞིམ་པ་རོ་མཆོག་སྣང་གསུངས་བ་ལྟར་ཡོད་ཚད་བདེ་བ་དང་དགའ་བ། དག་པ་སྣང་བས་སོ། འོན་ཀྱང་སངས་རྒྱས་མ་རྒྱས་བའི་སྔ་རོལ་ཏུ་ཀུན་རྫོབ་བདེན་པ་བརྟེན་ནས་དོན་དམ་ཡེ་ཤེས་དང་མཐའ་ཐུག་གི་མྱང་འདས་སྒྲུབ་དགོས་བ་ངས་ལེན་གྱི་ཡོད་ལ། ཡོད་པས་དེ་སྔོན་དབང་ལྔའི་སྤྱོད་ཡུལ་ལ་མ་རིག་པས་སླད་ཞུགས་པས་སྤངས་བྱ་ཡིན་ཡང་དབང་ལྔ་ལ་རྟེན་ནས་མཐའ་ཆོས་སྐུ་སྒྲུབ་དགོས་བ་གོང་དུ་བཀོད་ཟིན་པ་ཡིན། ཉིད་ཀྱིས་དེ་དག་ལས་ཚིག་ཕྲན་གཅིག་ཁྱེར་ནས་ཁྱེད་ཀྱི་ཞེན་འདོད་ཀྱི་གོ་བ་བླངས་ཤིང་དེ་བཞིན་སྒྲུབ་པ་ནི་རྒྱུ་མཚན་ཅི་ཡིན་གསལ་རྟོགས་དཀའ།
༢”ཟག་བཅས་ཀྱི་ཕུང་པོ་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་བསྒྲུབ་པའི་ཐབས་ཟབ་མོ་གསང་སྔགས་བསྐྱེད་རྫོགས་ཀྱི་རིམ་པ་འདི་མ་གོ་བ་འདྲ། སེམས་ལྷ་རུ་སྨིན་ལ་ལུས་ལྷ་རུ་མ་སྨིན་པའི་རྣམ་སྨིན་རིག་འཛིན་དང་། ལུས་སེམས་གཉིས་ཀ་ལྷ་རུ་སྨིན་པའི་ཚེ་དབང་རིག་འཛིན་གཉིས་ལ་སྡུག་ལྡན་གྱི་ཕུང་པོ་དོར་མ་དོར་གྱི་ཁྱད་པར་ལས་སེམས་ལྷ་རུ་སྨིན་མ་སྨིན་ལ་ཁྱད་པར་ཡེ་མེད། དེར་མ་ཟད་ སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། གསང་སྔགས་བསྒྲུབ་པའི་རྟེན་དུ་ག་ལ་འགྱུར། ཅེས་གསུངས་པ་ཡང་། རྩ་རླུང་ཐིག་ལེ་ལ་མ་བརྟེན་པར་བདེ་སྟོང་ཟུང་འཇུག་གི་ཉམས་ལེན་མེད། དེ་མེད་པར་བསྐྱེད་རྫོགས་ཟུང་འཇུག་གི་རྟོག་པ་རྒྱུད་ལ་མི་སྐྱེ་བའི་དོན་ཡིན།
སྟོན་པ་བཅོམ་ལྡན་འདས་དང་གཤེན་རབ་གཉིས་ཀ་ཡང་ལུས་རྟེན་མ་དོར་བར་སངས་རྒྱས་པ་མཛད་རྣམ་ལས་ལེགས་པར་གསལ། སངས་རྒྱས་པའི་མཛད་པ་དང་མྱ་ངན་ལས་འདས་པའི་མཛད་པ་གཉིས་ལོགས་སུ་བགྲང་བ་མ་ཡིན་ནམ། བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་རྗེས་སུའང་གང་སར་ཞབས་ཀྱིས་བཅག་སྟེ་འགྲོ་དོན་དཔག་མེད་མཛད་པའི་རྣམ་ཐར་མཐའ་ཡས་པ་ལ་སྤྱན་གྱི་ཟུར་ཙམ་འཕེན་པར་འཚལ།
ད་ཁ་པར་ཐོངས་ཤིག ཁ་པར་མ་བཏང་ན་འདི་འདྲ་རེད། རྩོད་གྲྭ་མ་འགྲིམས་པའི་རྩོད་པ་ལ་སྣུམ་རྩི་ཞིག་མེད། བཙིར་བཙིར་ན་རྣག་དང་ཆུ་སེར་ལས་གང་ཡང་མི་ཡོང་། བྲེལ་བ་མ་བྱེད། ཐུགས་སེམས་ལྷོད་ལ་ཕོབས།”
དངོས་གནས་ཁྱེད་ལ་འདི་འདྲའི་ང་རྒྱལ་དང་རང་མཐོང་ཞིག་སུ་སྤྲད་པ་རེད། བགྲོད་གླེང་བྱེད་སྐབས་འདི་འདྲིའི་སྐད་ཆ་བཤད་རྒྱུའི་དུས་རབས་ཡོལ་ནས་ལོ་བརྒྱ་ཕྲག་གཅིག་ཙམ་འདས་ཟིན་ཡང་ད་ལྟ་འདི་ལྟར་ཐུག་པ་ཕྲན་གྱི་ལས་བསོད་ཡིན་རྒྱུ་རེད། རྒྱུ་མཚན་ནི་ང་ནི་བསོད་ནམས་ཡིན་པས་རེད། ་བླ་མེད་སྒྲུབ་ལ་བརྟེན་ནས་ཟག་སྐྱེས་ཀྱི་ལུས་ནས་འཕོ་ཞིང་འཕགས་པའི་ལུས་རྟེན་དུ་བསྒྱུར་བས། དེ་དུས་མི་ལུས་མིན་ཏེ། མི་ལུས་ལ་སྡུག་ངལ་གཏན་ཟད་བྱེད་པའི་ནུས་པ་མེད། ཁྱེད་ཀྱིས་”དེར་མ་ཟད་ སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། གསང་སྔགས་བསྒྲུབ་པའི་རྟེན་དུ་ག་ལ་འགྱུར།” སྐུ་ཤ་དང་རུས་པ་མེད་པ་ཟེར་བའི་དོན་ནི་མཐའ་ཐུག་ན་མི་ལུས་མིན་ཞིང་མི་ལུས་ནས་འཕོ་ཟིན་པས་ཡིན། མི་ལུས་ནི་ཟག་སྐྱེས་ཡིན་ཞིང་ཟག་སྐྱེས་ཡིན་ན་སྡུང་ངལ་བ་ཡིན་པས་སོ།
༣་ “སྟོན་པ་བཅོམ་ལྡན་འདས་དང་གཤེན་རབ་གཉིས་ཀ་ཡང་ལུས་རྟེན་མ་དོར་བར་སངས་རྒྱས་པ་མཛད་རྣམ་ལས་ལེགས་པར་གསལ། སངས་རྒྱས་པའི་མཛད་པ་དང་མྱ་ངན་ལས་འདས་པའི་མཛད་པ་གཉིས་ལོགས་སུ་བགྲང་བ་མ་ཡིན་ནམ། བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱས་པའི་རྗེས་སུའང་གང་སར་ཞབས་ཀྱིས་བཅག་སྟེ་འགྲོ་དོན་དཔག་མེད་མཛད་པའི་རྣམ་ཐར་མཐའ་ཡས་པ་ལ་སྤྱན་གྱི་ཟུར་ཙམ་འཕེན་པར་འཚལ།” སངས་རྒྱས་ཆོས་ལུགས་པ་མང་པོས་སྟོན་པ་མྱ་ངན་ལས་འདས་བའི་རྒྱུ་མཚན་གཙོ་བོ་ཞིག་ཁག་གཡོག་ས་ནི་ཁོང་གི་སྐུ་ལ་འཁོར་བའི་དྲི་མས་སླད་པ་ཞུགས་པས་མྱ་ངན་ལས་འདས་བ་འདོད་ལ། སངས་རྒྱས་ཡིན་ན་འབྲས་བུ་ཆོས་སྐུ་རྟག་པ་ཡིན་དགོས་བས་མྱ་ངན་ལས་འདའ་མི་སྲིད་པས། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རང་སྟོན་པ་ལ་སངས་རྒྱས་འཕགས་པ་འབོད་པ་ལས་སངས་རྒྱས་མི་འབོད། འོན་ཀྱང་བསྡུས་ཚིག་ཏུ་སངས་རྒྱས་ཞེས་འབོད། སྟོན་པ་གཤེན་རབ་སངས་རྒྱས་ངོས་ཡིན་ན་མྱ་ངན་ལས་འདའ་དགོས་བ་གང་ཡིན་ནམ།
མཐའ་མ་དེ་ལ་ལན་མེད། རྒྱུ་མཚན་ནི་ང་ནི་བྲེལ་ཚབ་ཀྱི་དབང་གིས་འཇུག་སྒྲིལ་མ་ཐུབ་པས་ཡིན།
མཐའ་མ་དེ་ལ་ལན་མེད། རྒྱུ་མཚན་ནི་ང་དེ་སྔོན་བྲེལ་ཚབ་ཀྱི་དབང་གིས་ཡོད་ཚད་འབྲི་མ་ཐུབ་པས་དེ་ལ་དམིགས་བསལ་གྱིས་ཉིད་ཀྱིས་དོ་སྣང་མ་བྱས་ཀྱང་ཆོག
ལ་སྟོད་བུ་ལགས།
ཁྱེད་ཀྱིས་ཤིས་ཚིག་སྣང་བ་ཐུགས་རྗེ་ཆེ།
གོང་དུ་ཆད་ལྷག་དང་ཡིག་ནོར་ཤོར་ཡང་དག་བཅོས་མི་བྱེད། ཉིད་ཀྱིས་མཁྱེན་པའི་རེ་བ་ཡོད། གལ་སྲིད་དོགས་གཞི་ཡོད་ན་དྲི་བ་ག་དུས་ཡིན་ན་བཏང་ཆོག
ཡང་བསྐྱར་བཤད་རྒྱུ། ཀུན་རྫོབ་ཀྱི་དོན་ཡང་ཡོད་ཚད་རྫུན་པའམ་དང་གཡོ་ཅན། སླད་པ་ཞུགས་པ་དང་སྤུས་གཙང་མིན་པའི་དོན་ཡིན་ཞིང་དེ་ནི་མཐའ་ཐུག་གི་བླངས་བྱ་འདོད་ན། དགེ་ཆོས་ཀྱིས།
མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་ཀུན།།
གུར་དུ་ཕྱེ་ནས་ཚད་མ་འདོད་པ་དེས།།
སྒྱུ་མིའི་གྲོང་ཁྱེར་ཞིགས་པའི་ཐང་སྟོང་དུ།།
མིག་འཕྲུལ་ནོར་བུའི་ཕུང་བོ་སླར་ཡང་རྙེད།། ཅེས་བའི་དོན་ལས་མ་འདས་སོ། བློ་ནས་ཡོད་པ་ཐད་ཀར་བྲིས་བས་ཚིག་ཇི་བཞིན་ཡིན་མིན་མི་ཤེས་མོད་དོན་དེ་ལྟར་ཡིན།
ཀརྡོ་རབ་འབྱམས་པ་ལགས།
༼གཤེན་རབ་གེ་སར་དང་འདྲ་བ་མི་དངོས་བྱུང་མ་བྱུང་རྩོད་གཞི་ཅན་གྱི་ཆོས་ལ་ནི་ང་ལ་ཅང་ཤོད་རྒྱུ་མེད་ཀྱང་།༽
ཁྱོད་ལ་གཤེན་རབ་གེ་སར་དང་འདྲ་བ་མི་དངོས་བྱུང་མ་བྱུང་རྩོད་གཞི་ཅན་གྱི་ཆོས་ལ་ནི་ང་ལ་ཅང་ཤོད་རྒྱུ་མེད་ཀྱང༌། ཞེས་བཤད་པ་ནང་བཞིན་ང་ལའང་བསམ་བློ་དེ་འདྲ་ཞིག་ཡོད།
སྟོན་པ་ཤཱཀྱ་ཐུབ་པ་དེ་ཧིན་དྷུའི་ལྷ་ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ནང་ཚན་དང་སྟོན་པ་ཤཱཀྱབ་ཐུབ་པ་ཉིད་ཧིན་དྷུ་བ་ཡིན་མིན་དང་བོད་རྒྱུད་ནང་བསྟན་གྱི་གསང་སྔགས་ཀྱི་ཐེག་པ་གཙོས་པའི་ཐེག་ཆེན་གྱི་ཆོས་དེ་དག་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་མཛད་ཡོད་མེད་དང༌།་ དེ་བཞིན་ཀླུ་གྲུབ་ཀྱིས་གསུངས་རབས་ཡུམ་ཀླུ་ཡུལ་ནས་གདན་དྲངས་པ་སོགས་ཀ྄ྱོི་ཆོས་ལ་ནི་ང་ལ་ཅང་བཤད་རྒྱུ་མེད།
༼ཡང་ངའི་ངག་བཅད་ཤོར་བཅུགས་བགྱིད། བན་བོན་མ་རྩོད་ཐུགས་རྗེས་གཟིགས། འདིས་གཉིས་ཀ་ལ་གྱོང་མ་གཏོགས་ཁེ་ཡོད་མ་རེད། མིང་ལ་ལྷ་སྲས་དར་མ་ཡིན་ནའང་འདྲ། གླང་དར་མ་ཡིན་ནའང་འདྲ།༽
མི་ཅི་ཟེར་ལ་མ་ཉན་པར་རང་གིས་གས་བླངས་ཤིང་དམ་དུ་བཅས་པ་རྣམས་བརྟན་པོ་
བྱེད་དགོས་ཀྱི་རེད། དེ་མིན། བོན་གཞུང་ལས། ཁས་བླངས་མ་ཡིན་དམ་བཅའ་ཡིན།
དམ་དང་འགལ་ན་འབྲས་བུ་ཚིག
སྐྱེ་བ་ལྔ་བརྒྱར་ངན་སོང་ལྟུང༌།
གར་སྐྱེས་བསླུ་བ་རྒྱུན་དུ་འོང༌།
ཞེས་བཤད་ཡོད་ཡིད་ཆེས་མེད་ཀྱང་ཁ་བརྡའི་ཚུལ་དུ་དྲངས་པ་ཡིན།
ཁྱེད་ཀྱིས་ང་ཡི་མཆན་ལ་ལན་འདེབས་ཐུབ་མི་འདུག
བོན་ཆོས་དབར་ལ་རྩོད་འདོད་མི་འདུག
འོན་ཀྱང་ཁྱོད་རང་ཐོག་མ་རང་ནས་བོན་ཆོས་དབར་ལ་དཀྲུགས་ཤིང་བྱེད་པར་འདིར་སླེབས་ཏེ་ལམ་སེང་མཆན་མང་པོ་ཞིག་འདེམས་རྒྱུ་ཡོད་པའི་ནང་ནས་ཁྱོད་ཀྱིས་སྤོབས་པ་མཐའ་ཡས་ཀྱི་མཆན་8་པ་དེ་ལ་རྒྱབ་སྐྱོར་གྱིས་འདམས་པ་དེ་ཡིས་ཁྱེད་རང་ལ་ཆོས་ལུགས་དབར་ལ་རྩོད་འདོད་ཡོད་མེད་དེ་རང་ནས་ཤེས་ཐུབ། སྤོབས་པ་མཐའ་ཡས་ཀྱི་མཆན་8་དེ་ཡི་ནང་དོན་ག་རེ་ཡོད་མེད་དེར་གཟིགས་ན་ཤེས་ཐུབ།
བོད་ཀྱི་གཏམ་དཔེར།
མགོ་ཚེས་གཅིག་ནས་འཕྱུགས་ན།
འཇུག་གནམ་གང་བར་དུ་འཕྱུགས།
ཟེར་བའི་དཔེ་ལྟར་བྱུང་བ་རེད།
དེ་དུས་རང་ནས་འཕྱུགས་ཟིན་པ་རེད།
ད་ཁ྄ྱེད་ཀ྄ྱིས་ངག་བཅད་པའི་དམ་བཅའ་གཉིས་ཤོར་ཟིན་མོད་གསུམ་པ་ཞིག་མི་ཤོར་བའི་རེ་བ་ཡོད།
༼བོན་ཀྱིས་རྒྱས་འབྲིང་གསུང་རབས་མང་པོ་ནི།
ཆོས་སུ་བསྒྱུར་ནས་ཡོངས་སུ་བསྣུབས།༽
ལུང་དོན་འདི་ལ་སྦས་དོན་ཟབ་ཙམ་འདུག་ག འགྲེལ་ཚུལ་ཡང་ཕ་ཆེར་བ་བཟློག་ཕྱོགས་རྐྱང་རྐྱང་བཤད་དགོས་ཀྱི་ཡོད་པ་འདྲ། མཁྱེན་ལྡན་རྣམས་ལུང་འདིའི་དོན་རྣམ་པས་འགྲེལ་གྱིན་འདུག
བོན་རྙིང་གྲགས་ཅན་སྲིད་རྒྱལ་ཁ་བྱང་ལས་བོན་བསྣུབས་ཚུལ་སོགས་མཁས་དབང་ལ་སྟོད་ཚང་གིས་ངོ་སྤྲད་ཟིན་ན་ཡང་ཁོ་བོས་ཀྱང་གསལ་གདབ་ཙམ་ཞིག་བྱེད་འདོད་བྱུང་། ཁྱེད་ཀྱིས་༼ གང་བསྣུབས་གང་གིས་བསྣུབ་ཚུལ་ཇི་ལྟར་བསྣུབས་ཞེས་སྐབས་དོན་སོ་སོར་ཕྱེ་ཏེ་བཤད་ ན། གང་བསྣུབས་ན་རྒྱས་འབྲིང་གསུང་རབས་མང་པོ་ཞིག་བསྣུབས། གང་གིས་བསྣུབས་ན་བོན་པོས་བསྣུབས། ཚུལ་ཇི་ལྟར་བསྣུབས་ན། བོན་ཆོས་སུ་བསྒྱུར་ནས་བསྣུབས། གད་མོ་འཆོར་རོ། ༽ཞེས་པར་གང་བསྣུབས་གང་གིས་བསྣུབ་ཚུལ་ཇི་ལྟར་བསྣུབས་ཞེས་སྐབས་དོན་སོ་སོར་ཕྱེ་ཏེ་ངོ་སྤྲད་ན།
དང་པོ་གང་བསྣུབས་ན་གཡུང་དྲུང་གི་བོན་རྒྱས་འབྲིང་བསྡུས་གསུམ་བསྣུབས་པ་རེད། གཉིས་པ་གང་གིས་བསྣུབས་ན་བོད་རྒྱལ་ཁྲི་སྲོང་གིས་དགུང་གྲངས་ཉེར་བརྒྱད་དུས་སུ་བོན་བསྟན་བསྣུབ་འགོ་བཙུགས་པ་རེད། གསུམ་པ་ཚུལ་ཇི་ལྟར་བསྣུབས་ན་རྒྱུ་རྐྱེན་གཉིས་ལས་དང་པོ་མཚན་ཉིད་ནས་ལས་དབང་དང་། སྔགས་ནས་དམོད་རྐྱེན། སེམས་ཕྱོགས་ནས་དུས་ཀྱི་ནུབ་པར་བཤད་དོ། རྐྱེན་ཡང་བོན་གཞུང་རྙིང་གྲས་ཕུར་འགྲེལ་ཞེས་པ་ལས། སྔོན་སྟག་ལས་བདུད་ངམ་རྗེ་བསྒྲལ་བས། ཁྱེད་ཀྱི་བསྟན་པ་ལ་རྐེད་ཉག་བྱེད་པར་ཤོག ཅེས་སྨོན་ལམ་བཏབས་ཡོད་པ་དང་། ཡང་བོན་གྱི་བྱམས་མའི་ལོ་རྒྱུས་ལས། སྤེ་བོན་གྱིས་ཐེའུ་རང་ནས་རྒྱལ་པོ་སེང་ཁྲིའི་སྲས་སུ་བསྒྱུར་བས། ཕྱིས་གྲི་གུམ་བཙད་པོ་འཁྲུངས་པས་ཆད་ཁུངས་ངན་པའོ།
འཕྲལ་གྱི་རྐྱེན་ཡང་དྲན་པའི་བསྒྲགས་བྱང་ཆེན་མོ་ལས། ཆེ་གསུམ་དབང་གིས་མེ་འབར་བ་ལ་ཆུང་གསུམ་གྱིས་ཕྲ་མའི་ཤིང་བསྣན་པ་ཞེས་སོགས་ཏེ། བོན་གཤེན་རྣམས་མཐུའི་དྲེགས་པ་དང་། རྒྱལ་པོ་གླེན་པ་དབང་གིས་དྲེགས་པ་དང་། བློན་པོ་བྱས་པའི་དྲེགས་པ་ཆེ་བ་གསུམ་གྱི་བར་ལ་ཆུང་གསུམ་གྱི་སྙན་པྲ་ཞུས་ཏེ། བློན་པོ་ལི་བཙན་བཞེར་མེ་དང་། ཙང་པ་དམར་དང་། རྒྱ་གར་སྤྲང་པོ་རད་ན་སི་ཏི་གསུམ། རྒྱལ་གྱི་དར་སྙན་འབངས་ཀྱིས་མཆུས་བྲུས་ཏེ། དབུ་ཞྭ་ཆེ་ན་ལུས་པོ་རྔུལ་གྱིས་ལྕི། ཤིག་འཕྱན་རྐང་ལ་ཞུགས་ནས་སྤྱི་བོར་གཙུག་བསྙག་གོ། ཞེས་དང་།
གཡུང་དྲུང་གི་བོན་འདི་ཡང་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་མི་འོང་བར་འདུག རྗེའི་ལ་ཐོད་དང་ཤེལ་གྱི་འགྱིང་དཀར་ལ་སོགས་པའི་རྒྱལ་ཆས་ཀྱང་བོན་པོས་འཁྱེར། ད་ལྟ་ངོ་མཉམ་ཙམ་དུ་འདུག་སྟེ། སྲས་དབོན་གྱི་སྐུ་རིང་ལ་གཤེན་པོས་འཕྲོག་སྲིད་ཅེས་དང་། ཡུལ་མི་ཀུན་གྱིས་ཡང་མགོ་མཐོ་བཤོར་བྱ་བ་སུ་གྲགས་པ་ལ་བཤེར་བྱེད་ལོར། དེ་ལ་རྒྱལ་པོ་གླེན་པ་དུད་འགྲོ་ལྟར་གར་ཁྲིད་དུ་འགྲོ་བས་བདེན་སྙམ་ནས་བོན་རྣམས་རྒྱལ་ཁམས་གཞན་དུ་སོང་ཞིག་པར་ལུང་བསྩལ་ལོ།
རྒྱལ་པོ་ལ་བདེན་པ་མེད་ཀྱང་གཤེན་པོ་རྣམས་བཀའ་ཁྲིམས་ལ་གནས་པས། བོད་ཡུལ་དུ་བསྟན་པ་མཛད་ཅིང་བཞུགས་པ་ལ་རྐྱེན་གསུམ་གྱིས་ཐུགས་མ་བདེ་བའོ། ཞེས་པ་སོགས་བོན་རྙིང་སྲིད་རྒྱལ་ཁ་བྱང་དང་སྐྱབས་སྟོན་ཁྲོ་འགྲེལ། དར་རྒྱས་གསལ་སྒྲོན། བསྒྲགས་པ་གླིང་གྲགས། གླེང་གཞིའི་བྱུང་ཁུངས། བསྟན་འབྱུང་ཡིད་བཞིན་ནོར་བུ།ཁྲོ་བོ་རྒྱུད་དྲུག གཡུང་དྲུང་ལས་དག་སོགས་བོན་གཞུང་ཀུན་ནས་ཞལ་མཐུན་དུ་གྲུབ་པར་ཁྱོད་ཡིད་ཆེས་མ་ཡང་ཞིབ་འཇུག་གི་གཞི་རུ་རློམ་ཏེ་རིག་པས་ཞིབ་བདར་བྱས་ཏེ། གོང་དུ་གྱེར་ནག་ཚང་ཟེར་བའི་མཆན་ཨང་༢༢༠པ་ལས། “ཆོས་འབྱུང་ཁག་ཏུ་གསལ་བ་རྣམས་ཞལ་གསལ་དུ་དྲངས་ཡོད་པ་ནི། སྲོང་བཙན་སྒམ་པོས་བོན་རྣམས་དྲག་ཐབས་ཀྱིས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་དང་སྟོད་ལུང་ལྷ་ས་སོགས་སུ་མགོ་ཡི་ར་བ་དང༌། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་ནས་སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མིག་འབྲུ་དུག་སྟེར་གྱི་ཆོས་ཁྲིམས་བཅས། ཆོས་རྒྱལ་མེས་དབོན་རྣམ་གསུམ་བོད་ལ་སྐུ་དྲིན་ཆེ་རབས་འདི་འདྲ་ཡིན།”ཞེས་དྲངས་ཡོད་པ་སོགས་ཀྱང་བོན་པོ་ཚོས་བཅག་བཅག་མ་ཡིན་པར་ཨུ་ཐུག་གི་གཏམ་ཡིན་ཏེ། ད་དུང་ཁོང་གིས་ “ད་རུང་གཞན་ཡུལ་ནས་ཀྱང་ཁོ་ ཚོས་ངེད་རྣམས་ཕྱི་མིར་བསྙད་དེ་སླར་ཡང་འཕུད་འགོ་འཛུགས་པར་བརྟེན་བཟོད་པའི་ མཐའ་ལ་ལྷུང་བའི་བོན་འབངས་དག་གིས་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཉིད་དེ་རིང་འདི་ནས་མི་འགྲོལ་ཐབས་མེད་དུ་གྱུར་”ཞེས་པའི་གཏམ་སོགས་ལ་ཞིབ་དང་། འདིར་རྒྱལ་ཕམ་དང་ཚིག་ངན་གྱིས་མཚོན་ཆ་འདེབས་སའི་གཡུལ་ས་མ་ཡིན་པར་བདེན་དོན་ལ་བདར་ས་གཅོད་པའི་རིག་པའི་གླིང་ག་ཡིན་ཕྱིན། གོང་གི་ཚིག་དུམ་དེ་ལས་མི་བདེན་པའི་རྫུན་ཚིག་འདྲ་མཆིས་ཚེ་རེ་རེ་བཞིན་མཛུབ་འཛུགས་གནོང་དང་ང་ཚོས་ལུང་རིག་གིས་བདར་
ཁ་སང་དེ་རིང་ལས་བྲེལ་ཆེ། ཡིན་ན་ཡང་ལ་སྟོད་བུའི་མཆན་ཨང་༣༥༠ པའི་རྟགས་གསལ་ཚ་བོ་འདིར་ལན་མ་བཏབ་ན་ཁོང་གཉིད་ཁུག་རྒྱུ་མ་རེད། ལན་བཏབ་ན་ཡང་ཆོས་ལུགས་ཀྱི་དཀྲུགས་ཤིང་ཟེར་ནས་བཀའ་བཀྱོན་གནང་སྲིད་མོད། ཡིན་ན་ཡང་རིགས་ལམ་གལ་ཆེན་འདིའི་གསང་ཚིག་བོན་པོའི་ཆོས་གྲོགས་རྣམས་ལ་ཡང་ལམ་སྟོན་བྱེད་པ་སྤུན་ཟླ་མི་རིགས་གཅིག་བུའི་འདུ་ཤེས་བསམ་པ་ཡིན།
ལ་སྟོད་བུ་ན་རེ། སྤྱིར་ཁྲི་སྲོང་གིས་བོན་གྱི་བསྟན་པ་བསྣུབས་པ་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པའི་ཕྱིར། ཟེར་ན། འོ་ན་ད་ལྟའི་བོན་བསྟན་བསྣུབས་པར་ཐལ། བོན་བསྟན་བསྣུབས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ད་ལྟའི་བོན་བསྟན་ནི་བོན་བསྟན་གྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་པར་ཐལ་སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། སྤྱིའི་སྟོང་བ་ངེས་ན་བྱེ་བྲག་གི་སྟོང་བའི་ཁྱབ་པ་ངེས་པ་ནི་རིགས་པ་སྨྲ་བ་སྤྱིའི་ལུགས་ཡིན་པའི་ཕྱིར། རྩ་བར་འདོད་ན། འོ་ན་ད་ལྟའི་བོན་བསྟན་མ་བསྣུབས་པར་ཐལ། ༼ཁྲི་སྲོང་གིས་སྔར་གྱི་བོན་མ་བསྣུབས་ན་ད་ལྟའི་བོན་ཇི་ལྟར་བྱེད་ནས་བསྣུབ་ཐུབ་བམ། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་རེད།
ཁོང་དུས་རབས་བརྒྱད་པའི་ནང་དུ་འཁྲུངས་པ་རེད། ད་ལྟའི་བོན་འདི་བསྣུབ་པར་བྱེད་པ་ལ་དེ་དུས་གཞི་མ་གྲུབ་པའི་ཕྱིར།༽ ཞེས་རིགས་པ་འགོད་རིགས་པའི་ཕྱིར། ད་ཁ་གདངས་ཤིང་མི་ཅེར་ནས་སྡོད་འ།
ཡང་བོན་བསྣུབས་ཟེར་ན། བོན་ཆོས་ཅན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་ཁྱོད་བསྣུབས་པ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། ཁྱོད་དང་རྟགས་པའི་གཞི་མཐུན་ཡོད་པའི་ཕྱིར། ཤེས་བྱ་དེ་དེ་ཡིན། བོན་ནི་ཤེས་བྱ་ལམ་དང་ནི།། ཞེས་གསུངས་པའི་ཕྱིར། འཁོར་གསུམ་འདི་འདྲ་འཁུར་ནས་ང་ལས་ཀ་ནས་ཕྱིར་མ་སླེབས་པར་དུ་སྒུག་སྡོད་འ།
སྲོང་བཙན་སྒམ་པོས་དྲག་ཐབས་ཀྱིས་བོན་རྣམས་བན་དྷེ་རུ་བསྒྱུར་ཟེར་། བན་དྷེ་ནི་ལེགས་སྦྱར་གྱི་སྐད་བོད་པས་ད་དུང་རབ་བྱུང་ལ་ཐ་སྙད་བེད་སྤྱོད་བྱེད་ཀྱིན་ཡོད་པའི་ཚིག་ཞིག་རེད། སྲོང་བཙན་གྱི་སྐུ་དུས་སུ་བོད་ལ་བོད་ཀྱི་བན་དྷེ་གཞི་མ་གྲུབ་པ་ལ་སྲོང་བཙན་གྱིས་རྫུ་འཕྲུལ་གྱིས་བསྒྱུར་བརསྨྲ་བ་ཡིན་ནམ།
ལི་ཡུལ་ནས་ཕེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་བ་དེ་རྫུ་འཕྲུལ་དུ་བསྟན་པའི་ཚུལ་རྒྱ་རབས་ལས་ཀྱང་གསལ།
སད་མི་བདུན་ཟེར་བ་དེ་ཐོས་མྱོང་ཚོད་རེད། བོད་ཀྱི་བན་དྷེ་ཐོག་མར་ཁྲི་སྲོང་གི་སྐབས་ནས་བྱུང་བ་ཡོངས་གྲགས་རེད། རྒྱ་མཚོ་ཚང་མ་བཏུང་མ་དགོས་པར། ཧུབ་གཅིག་གིས་རོ་རོབ་ཙམ་ཤེས་པ་ལྟ་བུར་། གང་དུ་དྲངས་བའི་ལུང་ཚིག་ཁ་ཤས་དེས་དབུ་ཞབས་ཀྱི་བརྗོད་དོན་ཕྱོགས་ཙམ་དཔག་པར་ནུས།
གང་ལྟར་བོན་ལུང་དེ་དག་དེ་སྔོན་ཐོས་མྱོང་ཙམ་ཡང་མེད། ལུང་ཚིག་དེ་དག་འདིར་བཀོད་སྐབས་དཔྱད་པར་ནུས་སམ་མི་ནུས་མི་ཤེས་རུང་། སྔོན་ཐོས་མྱོང་ཙམ་ཡང་མེད་པ་ཞིག་མཐོང་སྐབས་བལྟ་འདོད་བྱུང་།
ལ་སྟོད་བུ། སང་ཉིན་དགོངས་ཟླ་ངས་གློག་གླད་ཁ་ཕྱེ་ཐུབ་མིན་མི་ཤེས། གནང་ཉིན་ཞོགས་པར་ངས་ངེས་པར་དུ་ཁ་ཕྱེ་ཐུབ། དེ་དུས་གོང་གི་ངའི་རིགས་ལམ་དེ་གཏོར་ཐུབ་པའི་རེ་བ་ཡོད། ངས་ཁྱོད་ལ་དུས་ཚོད་ ༣༣ སྤྲོད། ལན་རིགས་པའི་ལམ་ནས་ཡིན་མ་གཏོགས། ཡང་ཁྱོད་ཀྱིས་ང་ལ་ཆོས་ལུགས་བར་གྱི་དབྱེན་དཀྲུགས་ཟེར་ནས་བཀའ་བཀྱོན་གནང་ན། དེ་ནི་ཁྱོད་ལ་ཟེར་རྒྱུས་ཕུངས་པ་ཡིན། ཁྱོད་ཀྱིས་ང་ལ་ཚིག་དེ་ཐེངས་མང་བསྐྱར་མྱོང་མོད། ཁུངས་འགོད་ཐུབ་ཡོད་པ་མ་རེད། ངས་ཁྱོད་ཀྱི་ཨབ་ཕྲུག་ཚོར་ལན་འདེབས་ཀྱི་མེད། གང་ཡིན་ཟེར་ན། ཕ་ལ་བཟོ་ལྟ་དེ་ལས་མེད་ན། བུ་ཕྲུག་ཚོ་བཤད་མི་དགོས་པ་ཞིག་རེད། རེད་མ་རེད།
དམུ་ཐག་གི་བུ་རྒྱུད་ལགས། ད་དུང་གཅིག་ལྷག་འདུག
“ཁྱོད་ཀྱི་མིག་གིས་མཐོང་བའི་སངས་རྒྱས་ཀྱི་གསུང་རབས་དག་ཀྱང་སྤངས་བྱ་ཡིན་ནམ། དེར་མ་རིག་པས་སླད་ཞུགས་ཚུལ་གང་། བདུད་གདུག་ཏོ་ཅན་དང་བྲམ་ཟེ་རྒན་མོས་མཐོང་བའི་སངས་རྒྱས་ཀྱི་སྐུ་གཟུགས་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་སྣས་ཚོར་བའི་སྤོས་ཀྱི་དྲི་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་ལྕེ་ཡིས་མྱོང་བའི་རོ་མངར་བ་དེ་ཡང་སྤངས་བྱ་ཡིན་ནམ། དེ་ལ་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་སྣ་བས་གོ་བས་སློབ་དཔོན་གྱི་གདམས་ངག་ཟབ་མོ་དེ་ཡང་སྤངས་བྱ་ཡིན་ནམ། དེར་ཡང་མ་རིག་པས་སླད་ཞུགས་ཚུལ་གང་། ཁྱོད་ཀྱི་ལུས་ཀྱིས་ཚོར་བའི་རེག་བྱ་འཇམ་པ་དེ་ཡང་སྤངས་བྱ་ཡིན་ནམ། དེར་ཡང་མ་རིག་པས་སླད་ཞུགས་ཚུལ་གང་།”
དེ་ནི་གྲུབ་མཐའི་གཞུང་ལ་སྦྱང་བ་འཐུས་ཚང་ཞིག་མ་གནང་བའི་འབྲས་རྟགས་ཤིག་ལས་གྲུབ་མཐའ་ཅུང་ཤེས་མཁན་ཞིག་གིས་དེ་ལྟར་སྨྲ་མི་སྲིད་དེ། ཆོས་ལུགས་ལྟར་ན་སོ་སྐྱེས་སམ་མི་ལ་ལྷན་སྐྱེས་ཀྱིས་སངས་རྒྱས་སམ་ལྷ་མཐོང་བའི་ནུས་བ་མེད་པས། ཤཱཀྱ་ཐུབ་པ་སྤྲུལ་སྐུའི་ངོ་བོ་འཇིག་རྟེན་དུ་བྱོན་པ་དང་སྟོན་པ་གཤེན་རབ་ལྷ་ཡིས་མངགས་པའི་ཕོ་ཉའམ་འོད་རྡུལ་ཞིག་བཤད་ཚུལ་བྱུང་བ་རེད། མ་ཟད་བྱམས་མགོན་ཁྱི་མོ་གཟིགས་པའི་གཏམ་རྒྱུད་ཀྱང་དེ་ནས་བྱུང་བ་ཡིན། མི་ལ་སངས་རྒྱས་མཐོང་བའི་ནུས་བ་ཡོད་ན་སྟོན་པ་འཇིག་རྟེན་དུ་སྤྲུལ་སྐུའི་ངོ་བོར་བྱུང་དགོས་དོན་མེད་པས་ཆོས་ལུགས་ཀྱི་གཙོ་བདག་ཚོས་གནས་ཚུལ་དེ་མི་མང་དབང་སྒྱུར་བྱེད་པའི་ཐབས་ཆེས་ཡོད་ན་མེད་ཅིག་ཏུ་གྱུར་བ་རེད། དེ་བརྟེན་ཕྲན་གྱིས་དུས་ཀུན་མི་འདི་ལྟར་སྨྲ་བཞིན་ཡོད།
ཆང་རྗེས་ར་མ་གསོད་པའི་གཏམ་རྒྱུད་དང་།།
བྱམས་མགོན་ཁྱི་མོ་མཐོང་བའི་ལྷ་སྒྲུང་གཉིས།།
རྐུན་རྒྱབ་རྫུན་གྱིས་གནན་པའི་གཞུང་ལུགས་ཏེ།།
གཟུར་གནས་མཁས་བའི་བཞད་འཛུམ་ངོམས་པ་དཀའ།།
ཆོས་ཞེན་མཁན་པོས་རྡོ་གདན་དག་ཞིང་འདོད།།
བོན་ཞེན་མི་ལ་ཞང་ཞུང་ལྷ་གནས་རེད།།
ཚ་གྲང་དཀའ་སྡུག་མྱོང་སའི་ཞིང་ཁམས་ཏེ།།
ངོས་སུ་མཐོང་ན་མི་ཡུལ་དམྱལ་གནས་ཉིད།།
སྔོན་བྱུང་བོད་མིས་རྒྱ་གར་འཕགས་ཡུལ་འདོད།།
རྒྱ་གར་དམ་པས་ཏི་སེ་ལྷ་ཕྲང་ལྟ།།
འདོད་ཞེན་སེམས་ཀྱིས་བཏགས་པའི་དག་སྣང་གཉིས།།
དཔྱོད་ལྡན་མཁས་བས་ཡིད་རྟོན་བྱེད་པ་དཀའ།།
དག་དང་མ་དག་སེམས་ཀྱི་སྣང་ངོ་རེད།།
སྣང་བ་བདེན་རྫུན་རིག་པས་དཔྱད་ནས་ཤེས།།
དཔྱད་ཞིབ་མྱོང་བ་མེད་པའི་དག་སྣང་དེ།།
རྩ་བ་དེད་ན་རང་ཉིད་བསླུ་བྱེད་རེད།།
ཆུ་ཡི་འདོད་བདེ་ཉ་ཡིས་མྱོང་ནས་ཤེས།།
རྩྭ་ཡི་བྲོ་མཆོག་གཡང་དཀར་ལུག་གིས་མྱོང་།།
ཉ་ལུག་བདེ་བའི་མྱོང་འཚོར་བདེན་རྫུན་དེ།།
ཅི་ཙམ་རྩོད་ཀྱང་ཕ་མཐའ་མེད་པ་རྟོགས།།
བདེན་དང་མི་བདེན་རང་གི་མྱོང་བྱ་རེད།།
མྱོང་དང་མི་མྱོང་སེམས་ཀྱི་འཚོར་བ་རེད།།
འཚོར་བ་ནད་ཀྱིས་ཞུགས་པའི་གང་ཟག་དེས།།
ཅི་ཙམ་མྱོང་ཡང་བདེན་དོན་འབྱེད་པ་དཀའ།།
མི་ཚེ་ནད་ཀྱིས་ཟིན་པ་བློ་ཕམ་རེད།།
བློ་ཕམ་རྩ་བ་དེད་ན་ཆོས་ལུགས་རེད།།
ཆོས་ཀྱིས་མྱོས་བའི་སྐྱེས་བོའི་རྣམ་ཤེས་ཅན།།
ཡུལ་གྲུ་གང་དུ་ཕྱིན་ཡང་བློ་ཕམ་རེད།།
མི་ལ་ཆོས་འཛིན་ཆེ་ན་རང་མཐོང་ཆེ།།
རང་མཐོང་རྩ་བ་དེད་ན་མཁྲེགས་འཛིན་རེད།།
མཁྲེགས་འཛིན་མི་ཡིས་སེམས་ཀྱི་འཁྱེར་སོ་ཀུན།།
ཞིབ་ཏུ་ལྟས་ན་འཇིག་རྟེན་བཀག་རྡོ་རེད།།
མི་ལ་ཆོས་འཛིན་ཆེ་ན་མཆོག་དམན་ཆེ།།
མཆོག་དམན་ཕུགས་སུ་དེད་ན་ཕྱོགས་ཞེན་རེད།།
ཕྱོགས་ལྷུང་སྒྲོག་གིས་བཅིང་བའི་མི་མང་རྣམས།།
འཇིག་རྟེན་མཛེས་བ་མཐོང་བའི་བློ་མིག་དཀོན།།
རྟགས་མཐའི་ཆོས་ནད་ཟིན་པའི་ནད་པ་རྣམས།།
བདུད་རྩི་སྨན་གྱིས་ཕན་མེད་རྟོགས་ཟིན་ཡང་།།
དུང་སེམས་སྙིང་རྗེ་གྲོགས་ཀྱིས་སྐུལ་བྱས་བས།།
ཚུལ་གསུམ་རྟགས་ཀྱི་བྱིན་བརླབས་འཇུག་པ་ཤོག།
ང་ལ་ཟག་སྐྱེས་ཀྱི་ལུས་ཕུང་ཡོད་པའི་རྒྱུ་མཚན་དུ་བྱས་ནས་བདེ་སྡུག་གི་མྱོང་བ་ཡོད་ཅིང་། ལུས་ལ་གང་བྱུང་ཡང་སེམས་ཀྱིས་དེ་ལྟར་སྣང་། དེ་ནི་ངའི་ལུས་ཕུང་ལ་མ་རིག་པ་མི་དགེ་བའི་སླད་པ་ཡོད་པས་སྡུག་ངལ་བའི་རང་བཞིན་ཡིན་ཞིང་དེ་ནི་སྤངས་བྱ་ཡིན། རྒྱུ་མཚན་ནི་སངས་རྒྱས་ཀྱི་སྐུ་ལ་གང་ཞིག་མྱོང་ཡང་བདེ་བ་ཡིན་ཞིང་དེ་ནི་ཆོས་ལུགས་པ་རྣམས་ཀྱིས་མཐའ་ཐུག་གི་བདེ་བའམ་འགྱུར་མེད་ཀྱི་བདེ་ཆེན་ཏེ། ཆེས་མཐའ་མའི་ཐོབ་བྱ་ཡིན་པས་སོ། གལ་སྲིད་མི་ལུས་ཀྱི་བདེ་སྡུག་ལ་བདེན་ཁ་སྤྲད་ཚེ་འདོད་ཡོན་དུག་བརྩི་བའི་ཆོས་ལུགས་ཀྱི་བསྟན་བཅོས་དེ་དག་འཇིག་རྟེན་དུ་ཡོང་ཐབས་མེད་ཀྱང་། མི་ལ་བདེ་སྡུག་གི་རེག་བྱ་མྱོང་བྱེད་ཀྱི་འཚོར་ཕུང་ཡོད་པས་ཆོས་ལུགས་པ་རྣམས་ཀྱི་ཅི་ལྟ་བཀག་ཀྱང་རྐྱེན་དང་འཕྲད་ཚེ་ཉོན་མོང་སླར་སྐྱེས་བ་མ་ཟད་མི་ལ་མཁོ་བའི་ཟས་གོས་སོགས་དུས་ནམ་ཡང་ཆོས་བྱེད་མཁན་པོ་རྣམས་ཁ་བྲལ་ཐུབ་མེད། རྒྱུ་མཚན་ནི་ཁོང་འཚོར་ལུས་ཕུང་ཡོད་པས་རེད། མདོར་ན་ཁོང་ཚོར་རང་ནུས་ཅི་ལྕོགས་ཀྱིས་འདོད་ཡོན་ནམ་མིའི་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པའི་རྒྱུ་མཚན་གཙོ་བོ་ནི་མི་ལུས་འདི་མ་རིག་པས་སླད་ཞུགས་ཤིང་། དེའི་བདེ་སྡུག་ལ་བདེན་ཁ་མི་སྤྲད་པར་དེ་བཀོད་སྤྱོད་བཏང་ནས་ཆོས་སྐུ་རྙེད་ཐབས་བྱེད་པའི་འདོད་འདུན་འཛིན་བཞིན་ཡོད།
“སེམས་ལྷ་རུ་སྨིན་ལ་ལུས་ལྷ་རུ་མ་སྨིན་པའི་རྣམ་སྨིན་རིག་འཛིན་དང་། ལུས་སེམས་གཉིས་ཀ་ལྷ་རུ་སྨིན་པའི་ཚེ་དབང་རིག་འཛིན་གཉིས་ལ་སྡུག་ལྡན་གྱི་ཕུང་པོ་དོར་མ་དོར་གྱི་ཁྱད་པར་ལས་སེམས་ལྷ་རུ་སྨིན་མ་སྨིན་ལ་ཁྱད་པར་ཡེ་མེད། དེར་མ་ཟད་ སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། གསང་སྔགས་བསྒྲུབ་པའི་རྟེན་དུ་ག་ལ་འགྱུར།” བསྔགས་བླ་མེད་དམ་རྡོ་རྗེ་ཐེག་པའི་ལུགས་ལ་ཁྱེད་ཀྱིས་བཤད་པ་སེམས་ལྷ་རུ་སྨིན་པའི་ཐབས་ཤེས་ཤིག་གསུངས་བཞིན་ཡོད་ཀྱང་བླ་མེད་ཀྱི་ལུགས་ལ་སྒོམས་སྟངས་འདྲ་མིན་སྣ་ཚོགས་ཡོད་པས་སེམས་ལྷ་ཏུ་བསྐྱེད་མ་བསྐྱེད་ཀྱི་གནས་ལུགས་ཁོ་ན་རྟེན་མི་དགོས་ལ། སེམས་ལྷ་རུ་སྐྱེད་བའི་སྒོམ་ཐབས་ནི་མདོ་བསྔགས་གཉིས་ཀར་ཡོད་པས་གསང་བསྔགས་ཀྱི་སྒོམ་ཐབས་ཐུན་མོང་གང་ཡང་མིན་ནོ། བླ་མེད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ནི་ངས་དེ་སྔོན་ཁ་བརྡའི་ནང་བྲིས་བ་ཞིག་སྐྱར་རྡབ་ཀྱིས་བཀོད་ན་འདི་ལྟར་ཏེ།
“མིའི་རྒྱུད་དུ་ཡོད་པའི་ཉོན་མོངས་སམ་མི་དགེ་བའི་སེམས་བྱུང་ཉུང་དུ་སྟངས་རྒྱུ་ཡོད་ཀྱང་། དེ་རྩ་མེད་དུ་བཏང་དགོས་ཚེ་མིའི་ལུས་ཕུང་མ་བརྗེ་བར་ཡོང་མི་ཐུབ་སྟེ། མིའི་ལུས་ཕུང་ནི་ཉོན་མོང་གིས་གྲུབ་ཅིང་སངས་རྒྱས་ཀྱི་སྐུ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་མཐར་མྱ་ངན་ལས་འདས་བ་དང། ཉོན་མོངས་བའི་རང་བཞིན་ཅན་གྱི་མི་ལུས་འདི་ཡོད་ཚེ། མི་དགེ་བའི་སེམས་བྱུང་ཅི་ལྟར་ཉུང་དུ་བཏང་ཡང་རྐྱེན་དང་འཕྲད་ཚེ་སླར་སྐྱེས་ཤིང་། མི་དགེ་བའི་ལས་བྱེད་དེ། དགེ་སྡིག་གི་འདུ་ཤེས་གཉིས་མི་རྒྱུད་དུ་ལྷན་སྐྱེས་སུ་ཡོད་པས་སོ། དེ་བརྟེན། སྔགས་བླ་མེད་པ་རྣམས་ཀྱིས་མདོ་ཕྱོགས་ལྟར་མི་དགེ་བའི་ལས་སྤངས་ཆེད། མི་དགེ་བ་དང་ཁ་མི་བྲལ་བར། དེ་དང་འགྲོགས་འདྲིས་ཀྱིས་ཉམས་སུ་བླངས་ནས། ལྕགས་གསེར་དུ་སྒྱུར་བ་བཞིན་མི་དགེ་འཛིན་པའི་ཤེས་བའི་རྒྱུ་དབང་རྩ་རྣམས་རེ་རེ་བཞིན་རྒྱུས་ལོན་དང། སྒོམས་སྒྲུབ་ཀྱི་ཐུབ་ལ་བརྟེན་ནས་དཀག་ཅིང་། དགེ་བ་ཁོ་ན་མཐོང་བྱེད་ཀྱི་དབང་རྩ་བཀོད་སྤྱོད་བཏང་ཕྱིན། མཐར་མིའི་ལུས་རྟེན་ནས་འཕོ་ཞིང་འཕགས་པའི་ལུས་རྟེན་དུ་སྒྱུར་བས། ཁོང་ཚོར་མཚོན་ན་དགེ་སྡིག་དང་ཡག་བཙོག་གི་ཁྱད་པར་མེད་པས་ཡོད་ཚད་དགའ་བ་དང་བདེ་བ། དག་པ་སྣང་བ་ཡིན་པ་གསུངས་ལ། དེ་ལྟར་བྱེད་ཐུབ་པའི་བདེན་དཔང་ནི་བོད་ལ་རྗེ་བཙུན་མི་ལ་ལས་སྟོན་དུ་དཀོན་ལ། རྒྱ་གར་དུ་སུམ་བརྒྱ་ཙམ་ཡོད་པ་བཤད། འོན་ཀྱང་རྗེ་བཙུན་མི་ལ་གཞན་གྱིས་གཡོ་དུག་གིས་དཀྲོངས་བས་བློ་ཁེབས་ཀྱི་བདེན་དཔང་དཀའ་ཚུལ་ཉམས་ཞིབ་པ་ཁ་ཤས་ཀྱིས་འདོད།”
ཁོམ་པ་ཡོད་ན་འདི་ལ་གཟིགས་སྣང་ཡོང་བ་ཞུ། http://www.khabdha.org/?p=10055
ངའི་ལུས་ཕུང་ཟག་སྐྱེས་ཉེར་ལེན་གྱི་ཕུང་པོ་ཡིན་པས་དེ་ལ་སྣང་བའི་དབང་ལྔའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ཡི་གེ་ཡང་དེ་ལས་མ་འདས། འོན་ཀྱང་། སྔོན་བཤད་པ་ལྟར་ཀུན་རྫོབ་ཀྱི་བདེན་པ་རྟེན་ནས་དོན་དམ་གྱི་བདེན་པ་རྟོགས་ཐབས་བྱེད་དགོས། རྒྱུ་མཚན་ནི་མི་ལ་དེ་ལས་ལྷག་པའི་དོན་དམ་བདེན་པར་རྟོགས་པའི་ཐབས་ལམ་གཞན་ཞིག་མེད་པས་རེད།
གཞོན་ནུ་ཟླ་མེད་ལགས།
༼ཁ་སང་དེ་རིང་ལས་བྲེལ་ཆེ། ཡིན་ན་ཡང་ལ་སྟོད་བུའི་མཆན་ཨང་༣༥༠ པའི་རྟགས་གསལ་ཚ་བོ་འདིར་ལན་མ་བཏབ་ན་ཁོང་གཉིད་ཁུག་རྒྱུ་མ་རེད།༽།
ཨ་ལས་ད་ཁྱོད་ཀྱིས་ང་ལ་དོ་སྣང་དང་གདེང་འཇོག་ཆེན་པོར་གནང་བ་དེ་ལ་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།ང་ཡིས་རྟགས་བསལ་ཞིག་བཏངས་བ་དེར་ཁྱེད་ནས་རྟགས་བསལ་ཚ་བོ་ཞིག་ཡིན་པའི་ངོས་འཛིན་བྱས་པ་དེ་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌།
ད་ང་གཉིད་སྐྱིད་པོ་བྱེད་ནས་ཁུག་པའི་རེ་བ་ཡོད། གང་ཡིན་ཟེར་ན་ང་ཡིས་དྲི་བར་ཁྱེད་ནས་དོ་སྣང་དང་གདེང་འཇོག་ཆེན་པོར་གནང་བ་དེ་ཡིས་ངོས་རང་
དགའ་ཚོར་ཆེན་པོ་བྱུང་དེ་འདྲ་བ་ཞིག་ང་ལ་དགོས་པ་ཡོད།
ང་ཡི་མཆན་དེ་བྲིས་ནས་ཉིན་མ་ཁ་ཤས་ཤིག་ཕྱིན་སོང་མོད་ལན་ད་ལྟ་གཞི་ནས་འདེབས་ལུགས་དེ་ལ་ལྟས་ན་ཁག་ཅི་ལ་ཡོད།གདན་སའི་དགེ་བཤེས་ཤིག་ལ་ཞལ་པར་བརྒྱུད་ནས་འབྲེལ་བ་བྱེད་རྒྱུ་ལས་སླ་བོ་ཞིག་ཡོད་མདོག་མ་རེད། ཁ་སྔོན་ནས་ངས་ཁྱོད་ལ་ཞུ་རྒྱུ་བྱུང་ཆོས་ལུགས་དང་མི་རིགས་ཀྱི་རྙོག་གཞི་སློང་འདོད་ཡོད་ན་ངས་ཁྱོད་ལ་ལན་འདེབས་ཀྱི་མིན་ཟེར་ཅེས་བཤད་དུས་ཁྱོད་རང་ཉིན་ཤས་ཁ་བཙུམས་ནས་བསྡད་སོང་ཡང་རོ་དེ་ལངས་ནས་འཚང་ག་རྒྱབ་ཡོང་གི་འདུག
༼ལ་སྟོད་བུ་ན་རེ། སྤྱིར་ཁྲི་སྲོང་གིས་བོན་གྱི་བསྟན་པ་བསྣུབས་པ་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པའི་ཕྱིར། ཟེར་ན། འོ་ན་ད་ལྟའི་བོན་བསྟན་བསྣུབས་པར་ཐལ། བོན་བསྟན་བསྣུབས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ད་ལྟའི་བོན་བསྟན་ནི་བོན་བསྟན་གྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་པར་ཐལ་སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། སྤྱིའི་སྟོང་བ་ངེས་ན་བྱེ་བྲག་གི་སྟོང་བའི་ཁྱབ་པ་ངེས་པ་ནི་རིགས་པ་སྨྲ་བ་སྤྱིའི་ལུགས་ཡིན་པའི་ཕྱིར།༽
དེ་ལ་རིག་པ་ཞར་གོག་ཟེར་བ་རེད།
རིགས་པ་སྨྲ་བ་པ་རྣམས་ཀྱི་ལུགས་ལ་དེ་ལ།
ཤེས་བྱ་ཐམས་ཅད་རིལ་རིལ་མ་ཡིན།
བག་ལེབ་ཐམས་ཅད་གོར་གོར་མ་ཡིན།
སྒྲ་རྣམས་བརྗོད་འདོད་རྗེས་སུ་འབྲེང༌། ཅེས་བཤད་སྲོལ་ཡོད།
ད་འོ་ན། ངས་ཁྱོད་ལ་ཁྱབ་འགྲིག་ཅིག་འཕེན་གྱི་ཡིན་བཞེས་རོགས།
སྤྱིར་རྒྱ་ནག་གིས་བོད་མི་བསད་པ་དང་བཙོན་དུ་བཅུག་ཚུལ་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་རྒལ་བ་བྱེད་ཚུལ་སོགས་ལ་བོད་མི་རྣམས་ཀྱིས་བོད་མི་དེ་དག་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱེད་པ་མིག་མཐོང་ལག་ཟིན་རེད་དམ་མ་རེད། ད་ཁྱོད་ལྟར་ན་རྒྱ་ནག་གིས་བོད་མི་བསད་པ་དང་བཙོན་དུ་བཅུག་པ་ལས་སོགས་འདོད་མི་རིགས་པ་ཡིན་ནམ། རྒྱུ་མཚན་ཅི་ཡིན་ཟེར་ན།་ རྒྱ་ནག་གིས་བོད་མི་བསད་པ་ཡིན་ན། བོད་མི་བྱེ་བྲག་པ་ཅིག་ཀྱང་ལྷག་ས་མེད་པའི་ཕྱིར།
གལ་ཏེ་རྒྱ་ནག་གིས་བོད་མི་མ་བསད་ན། འཛམ་གླིང་མི་མང་གི་མདུན་དུ་དགུ་བཅུ་གསུམ་ཚོགས་པ་ལས་སོགས་ཀྱིས་རྒྱ་ནག་གིས་བོད་མི་བསད་སོང་བོད་མི་བཙོན་དུ་བཅུག་སོང་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད་པ་དེ་ཚོ་རྫུན་ཡིན་ནམ།
གལ་ཏེ་རྒྱ་ནག་གིས་བོད་མི་དམར་གསོད་དང་བཙོན་དུ་བཅུག་པར་ཁས་ལེན་ཚེ།
མཁས་དབང་ཟམ་གདོང་རིན་པོ་ཆེ་བོན་ཅན།
རྒྱ་ནག་གིས་བཙོན་དུ་བཅུག་པར་ཐལ།
བོད་མི་རྒྱ་ནག་གིས་བཙོན་དུ་བཅུག་པ་གང་ཞིག མཁས་དབང་ཟམ་གདོང་རིན་པོ་ཆེ་ཁ྄ྱོད་བོད་མིའི་བྱེ་བྲག་ཡིན་པའི་ཕྱིར།
ཁྱབ་པ་འགྲིག ཁྱབ་པར་ཐལ་སྤྱི་ཁེགས་ན་བྱེ་བྲག་ཁེགས་པས་ཁྱབ་པ་དང༌། སྤྱི་ཡིས་སྟོང་པ་ངེས་ན་བྱེ་བྲག་གིས་སྟོང་པ་ངེས་པས་ཁྱབ་པ་ཁྱོད་ཀྱིས་འདོད་པ་དེ་ཡིས་ཕྱིར།
ཁྱབ་པ་ཁས། ལན་ཐོབ།
ཨ་མདོ་བའི་སྒྲ་གདངས་དེ་དམར་རྗེན་དུ་སྟོན་ཡོང་གི་འདུག པ—བ—ནོར་བ་མང་པོ་འདུག་དེའི་སྔོན་ཙམ་དུ་ང་ཡི་ཡིག་ནོར་རེ་ཟུང་ལ་ཁྱོད་ཀྱིས་དགག་པ་ཅི་ཙམ་བྱས་མེད་དམ། གཟབ་གཟབ་གནང་རོགས།
ཡང་ཉི་མ་ཁ་ཤས་ཤིག་སྒུགས་རོགས་ལབ་རྒྱུ་རང་རེད།
ད་ར་སྤུས་བཟོས་པའི་འུར་རྡོ་དེ་ར་མའི་མགོ་ལ་རྒྱབ་ཡོད།
གཞན་ཡང༌། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་མ་བཤིག་པར་ཐལ།
ཁྱོད་ཀྱིས་རང་གཞན་གྱི་ལྟ་བར་ཆགས་སྡང་རྨོང་གསུམ་སྦྱང་ཡུལ་གྱི་བོད་ཀྱི་དགོན་པ་དེ་བོད་ཀྱི་དགོན་པའི་བྱེ་བྲག་གང་ཞིག དེ་མ་བཤིག་པའི་ཕྱིར། ཁྱབ་པ་ཡོད་དེ།
སྤྱི་ཁེགས་ན་བྱེ་བྲག་ཁེགས་པས་ཁྱབ་པ་དང༌། སྤྱི་ཡིས་སྟོང་པ་ངེས་ན་བྱེ་བྲག་གིས་སྟོང་པའི་ཁྱབ་པ་ངེས་པ་རིགས་པ་སྨྲ་བ་སྤྱི་ཡི་ལུགས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ཡང་ར་སྤུས་བཟོས་པའི་འུར་རྡོ་ཞིག་ལ་སྟོད་ནས་ར་མགོར་འཕེན་པ་ཡིན།
གཞན་ཡང༌། འདི་ལོར་སྐྱེ་དགུའི་མདོར་ས་འགུལ་གྱིས་རྐྱེན་པས་བོད་མི་མ་ཤི་བར་ཐལ།
འདོད་ཟེར་ན་དེར་འགྲོ་བ་རིགས་དྲུག་གི་ནང་ནས་ཅི་ཞིག་ཤི་བ་ཡིན།་ ༸གོང་ས་མཆོག་གཙོས་བཙན་བྱོལ་བོད་མིས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལས་འགུལ་གང་གིས་ཆེད་དུ་སྤེལ་བ་ཡིན་ཤོད་དང༌།
གལ་ཏེ་བོད་མི་ཤི་བར་འདོད་ན། སྐྱེ་དགུའི་མདོར་ད་ལྟ་བོད་མི་གསོན་པོ་མེད་པར་ཐལ། དེར་བོད་མི་ཤི་བའི་ཕྱིར། ཁྱབ་པ་ཁས།
༼ཡང་བོན་བསྣུབས་ཟེར་ན། བོན་ཆོས་ཅན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་ཁྱོད་བསྣུབས་པ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། ཁྱོད་དང་རྟགས་པའི་གཞི་མཐུན་ཡོད་པའི་ཕྱིར། ཤེས་བྱ་དེ་དེ་ཡིན། བོན་ནི་ཤེས་བྱ་ལམ་དང་ནི།། ཞེས་གསུངས་པའི་ཕྱིར། འཁོར་གསུམ་འདི་འདྲ་འཁུར་ནས་ང་ལས་ཀ་ནས་ཕྱིར་མ་སླེབས་པར་དུ་སྒུག་སྡོད་འ།༽
ཡང་ར་སྤུས་བཟོས་པའི་འུར་རྡོ་ཞིག་ང་ལ་སྤྲོད་ཀྱི་འདུག་རྒྱབ་རྐྱང་ཡིན།
ལྟོས་དང་མི་ཡི་ཡིག་ནོར་ཉུང་ཤས་བྱུང་བར་སྣ་སེང་སྤུ་སེང་བྱས་ཏེ་སྐྱོན་འཛུགས་བྱེད་
རང་གི་ཡིག་ནོར་གཡག་དང་འདྲ་བ་དེ་ཚོ་མིག་ལམ་དུ་མི་སྣང་བ་འདི་ནི་ཧམ་པ་ཆེ་དྲགས་པས་རེད།
བོད་ཀྱི་གཏམ་དཔེར།
མི་ཤེས་ཞབས་བྲོ་རྒྱབ་པ་དེ།
མངོན་བློ་ལངས་ནས་འཕྱར་བ་འདྲ།
ཞེས་པ་དང་འདྲ་བོ་ཞིག་རེད་འདུག
147་གཞོན་ནུ་ཟླ་མེད་ཀྱི་མཆན༼རྒྱུ་མཚན་ནི་བོན་ཡིན་ན་བསྒྱུར་བོན་ཡིན་པས་ཁྱབ། གཞན་རྡོལ་བོན་དང་འཁྱར་བོན་སོགས་ཁྱོད་ཚོས་བོན་ཏུ་ཁས་མི་ལེན། བསྒྱུར་བོན་ནི་ནང་པ་ནས་ཕར་བསྒྱུར་བ་ཙམ་ལ་ཚིག་མི་འདྲ་བ་ཁ་ཤས་ཀྱིས་ཁ་བརྒྱན་པ་ཙམ་ཡིན་པས་གཅིག་པ་རེད།༽
གཞོན་ནུ་ཟླ་མེད་ཀྱི་མཆན།266་ ༼དེའི་དོན་ནི་བོན་སྟེ། ཉམས་ལེན་པ་རང་རང་གི་ནང་རྒྱུད་ཉམས་ལེན་ལ་སྦྱར་དགོས་པས་བོན་ལུགས་ཟེར།༽
རང་གིས་བཤད་པའི་ཚིག་སྔ་ཕྱི་ཐམས་ཅད་ནང་འགལ་དུ་འགྲོ་མཁན་ཞིག་གིས་ང་ལ་རྩོད་འགྲན་བྱེད་ཚུལ་ཞིག་བྱེད་ཀྱི་འདུག ལྟོས་དང་བོན་ཟེར་བ་དེ་བོན་ལུགས་རེད། བོན་སྟེ་ཉམས་ལེན་པ་རང་རང་གི་ནང་རྒྱུད་ཉམས་ལེན་ལ་སྦྱར། ཅེས་པ་གཉིད་ཀྱི་བརླབ་བརྡོལ་རང་རེད།
མཆན་147་་ནང་གི་ཁྱོད་ཀྱི་མཆན་གྱི་ནང་དུ་གང་བྲིས་འདུག་བསམ་བློ་གཞིར་བཞག་ནས་སྐད་ཆ་ཤོད་དགོས་པ་རེད།
ད་འོ་ན། བོན་བོན་ཅན།
ཁྱོད་བསྒྱུར་བོན་ཡང་ཡིན་རྟག་པ་ཡང་ཡིན་ནང་རྒྱུད་ཀྱི་ཉམས་ལེན་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།
བསྒྱུར་བོན་དང་ནང་རྒྱུད་ཀྱི་ཉམས་ལེན་ཡིན་པ་ཁྱོད་ཀྱིས་སྔར་ཁས་བླངས་ཟིན་པ་གང་ཞིག
རྟག་པ་ཡིན་པའང་ཁྱོད་ཀྱི་མཆན་ཕྱི་མ་རུ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར།
ཐལ་འགྱུར་གྱི་ལན་རྣམ་པ་གསུམ་གང་རུང་ལས་མ་འདས་པའི་ལན་ཞིག་ཐོབ།
གལ་ཏེ་ལན་འདེབས་རྒྱུ་མེད་ན་འཁོར་གསུམ་བསྐོར་རྐྱང་ཡིན།
གལ་ཏེ་བོན་བསྒྱུར་བོན་དང་ནང་རྒྱུད་ཀྱི་ཉམས་ལེན་དང་རྟག་པའི་གཞི་མཐུན་ཡིན་ཟེར་ན།
བསྒྱུར་བོན་དང་ནང་རྒྱུད་ཀྱི་ཉམས་ལེན་ཞེས་པའི་དོན་ཞོག དེ་ནས་བོན་དེ་བསྒྱུར་བོན་སོགས་ཡིན་ཚུལ་གྱིས།
དེ་ནས་བོན་རྟག་པ་ཡིན་མིན་ལྟ་ཆོག་གི་རེད།
དེ་ཡང་ར་སྤུས་བཟོས་པའི་འུར་རྡོ་ཡིན།
སྒྲ་རྣམས་བརྗོད་འདོད་རྗེས་སུ་འབྲེང༌།
དེ་དག་ཐམས་ཅད་དེ་ཡི་དོན་ཧ་མ་གོ་ནས་བློ་ཆུང་གཞོན་ནུ་མགོ་འཁྲུགས་པའི་སྐྱོན་རེད།།
༼གཞན་ཡང་མཆན་264་ནང་དུ་ཁྱོད་ཀྱིས་དཔེར་ན་སྤྱི་ཚོགས་ནང་དུ་བོན་ནག་ཟེར་བ་དང༌།༽
ཞེས་པས་ད་ཁྱོད་རང་རྟག་དཀར་དང་རྟག་ནག་རྟག་ཁྲ་སོགས་རྟག་པ་ལ་ཁ་དོག་ཡོད་པར་ཁས་ལེན་གྱིས། བོན་ནི་རྟག་པ་རུའང་ཁྱོད་ཀྱིས་ཁས་བླངས་ཟིན། ནག་པོ་ཡིན་པའང་ཁྱོད་ཀྱིས་ཁས་བླངས་ཚར་བ་རེད།
སྒུགས་ནས་སྡོད་དགོས་པ་མེད་ལན་ཁྱེར་ཤོག
བོན་པོ་ཟེར་བ་དེ་ལྐུགས་པ་རེད་འདུག་གམ་མི་འདུག་ཧ་གོ་ཡོང་གི་རེད།
ངས་ཁྱོད་ཀྱི་རྒན་ཁོག་དེ་ཚོར་ལན་འདེབས་ཀྱི་མེད།
གཞོན་ནུ་ཁ྄ྱོད་ལ་བློ་ཤེད་ཇི་ཙམ་འདུག་བལྟ་ཡི་ཡོད།
ཉིན་མ་ཁ་ཤས་སྒུགས་ལོང་མེད་གདན་སའི་དགེ་བཤེས་ཞིག་ལ་རེ་བཅོལ་རྒྱབ་ནས་འབྲི་དགོས་ན་དང་པོ་ནས་མ་བྲིས་ན་ཡག་གི་རེད།
༄༎ ༎ ར་སྤུས་བཟོས་པའི་འུར་རྡོ།
འུར་རྡོ་ཆུ་མིག་དགུ་སྒྲིལ།
རྒྱབ་པའི་ཁ་ལ་མ་ཕོག
མ་རྒྱབ་སྣ་ལ་ཕོག་སོང༌།
དངོས་གནས་བྱས་ན་ངས་རྟགས་བསལ་དེ་ཀརྡོ་རབ་འབྱམས་པ་ལ་རྒྱབ་པ་ཞིག་ཡིན་ཀྱང་མ་རྒྱབ་གཞན་ག྄ྱི་འགན་ཁུར་ལེན་པ་པོ་གཞོན་ནུ་ཟླ་མེད་ལ་ཕོག་འདུག
ད་སྔོན་ལས་ཡིན་ར྄ྒ྄ྱུ་རེད།
ཚིག་ར྄ྩུབ་བཟོ་འད྄ྲ་བ་མང་པོ་ཞིག་ཤོར་ཡོང་གི་འདུག་དེ་ནི་ར྄ྟོག་གེ་བས་ར྄ྩོད་པའོ་ར྄ྩོད་ལུགས་ཀ྄ྱི་ས྄ྤ྄ྱི་ལུགས་ཤིག་ལས་ཐ་མལ་ག྄ྱི་ཚིག་ར྄ྩུབ་ཞིག་ཏུ་མི་དགོངས་པར་མཁ྄ྱེན།
ཚིག་ལ་མཚོན་ཆ་མེད་ཀ྄ྱང༌།
མི་སེམས་དུམ་བུར་གཏོང༌།
དེ་ང་ཡི་ཡིད་ལ་ལ྄ྷང་ངེར་ད྄ྲན་ཡོང་གི་འདུག་དེ་ཡིས་བ྄ྱས་ནས་ཞུས་པ་ཡིན།
འདི་ནི་མཆན་བར྄ྒ྄ྱད་ཅུ་ར྄ྩ་གཅིག་པ་དེ་ཡིན་ས་རེད། གཞན་ལ་ར྄ྩོད་པ་དང་བཟ྄ློག་པ་ཁ་མཆུ་སོགས་བ྄ྱེད་དུས་ག྄ྲངས་གནས་འདི་འད྄ྲ་ཞིག་དང་འཁེལ་ན་ཡ་པོ་ཡོང་པའི་ར྄ྟགས་མཚན་རེད་ཟེར་བ་ཞིག་ཀ྄ྱང་གོ་བ྄ྱུང་དེ་ཡིས་ཕ྄ྱིར་ན་གོང་གི་ལན་ག྄ྱི་ཁ་བསབ་ཀ྄ྱི་ཆེད་དུ་བ྄ྲིས།
ཨ་ནུ་ཐང་ཀྱེ། ༼ཀུན་རྫོབ་བདེན་པ་ལ་བརྟེན་ནས་དོན་དམ་བདེན་པ་རྟོགས་དགོས་ཤིང་ཀུན་རྫོབ་བདེན་པ་ལ་མ་བརྟེན་པར་དོན་དམ་རྟོགས་ཐབས་མེད་པས་ཟུང་འཇུག་གི་ཐ་སྙད་འདི་སྦྱར་བ་རེད། དོན་དམ་བདེན་པ་རྟོགས་ཚར་རྗེས་དང་གང་ཟག་གི་ལུས་རྟེན་ནས་འཕགས་པའི་ལུས་སྟེང་དུ་འཕོ་རྗེས། ཀུན་རྫོབ་ཀྱི་སྣང་མ་ཐམས་ཅད་ལོག་ཅིང་གད་སྙིགས་སུ་གྱུར་ཟིན་པས་དགོས་དོན་མེད།༽ རང་གི་སྐད་ཆ་་འདིར་ལྟོས་ཤིག ཚིག་སྐྱོན་དང་དོན་སྐྱོན་གྱི་ཕུང་པོ་རི་བོའི་གཏོས་དང་མཉམ་པ་འདི་དག་ལ་ལྟོས་ཤིག ཀུན་རྫོབ་བདེན་པ་ལ་བརྟེན་ནས་དོམ་དམ་བདེན་པ་རྟོགས་སྟངས་ཅི་འདྲ་ཡིན། ཀུན་རྫོབ་བདེན་པ་དང་བདག་ཟེར་བ་འདི་གཅིག་ཏུ་གོ་བ་ཁྱོད་ཀྱིས་ཐོག་མའི་དམ་བཅའ་ཨེ་རེད། ད་འོ་ན་བདག་ལ་བརྟེན་ནས་བདག་མེད་རྟོགས་དགོས་པ་ཨེ་རེད། འདིར་ཡང་བདག་དང་བདག་མེད་ཟུང་འཇུག་ཅེས་ཐ་སྙད་བཏགས་ན་སྐྱོན་གང་འབབ། ཡང་དོན་དམ་བདེན་པ་རྟོགས་ན་ལུས་རྟེན་འཕོ་དགོས་པ་སུའི་ལུགས་ཡིན། གང་ཟག་གི་ལུས་རྟེན་ནས་འཕགས་པའི་ལུས་རྟེན་དུ་འཕོ་བ་ཟེར་རྒྱུ་ཞིག་མེད་དེ་འཕགས་པ་ཡང་གང་ཟག་ཡིན་པའི་ཕྱིར། ཡང་ལུས་རྟེན་འཕོ་ཟེར་བ་འདི་ལུས་རྟེན་བརྗེས་པ་ལ་གོ་བ་ཨེ་རེད། སོ་སྐྱེས་རྣམས་ཀྱི་རྒྱུད་ལ་འཕགས་ལམ་ཐོབ་པའི་སྐབས་ངེས་པར་དུ་འཆི་དགོས་པ་ཨེ་རེད། དེ་མིན་ལམ་གོང་འཕེལ་དུ་སོང་བ་ཙམ་གྱིས་ལུས་རྟེན་འཕོ་ཟེར་རྒྱུ་ཡིན་ན་ཚོགས་ལམ་དང་སྦྱོར་ལམ་ལའང་དེ་དང་མཚུངས་ཤིང་ཚོགས་ལམ་དུའང་ཆེ་འབྲིང་ཆུང་གསུམ་གྱི་ཁྱད་པར་ཡོད་པས་དེ་ཡང་རིགས་པ་མཚུངས།
ཀུན་རྫོབ་ཀྱི་སྣང་བ་ལོག་ཅིང་གད་སྙིགས་སུ་གྱུར་བ་ཡིན་ན། དེའི་སྔོན་དུ་གད་སྙིགས་མ་པའི་ཚུལ་དང་དོན་དམ་རྟོགས་པ་ནས་གད་སྙིགས་སུ་འགྱུར་ཚུལ་ཨེ་ཡོད། ཁྱོད་མེད་བཞིན་དུ་འགྱུར་རྒྱུ་ཞིག་གང་ན་ཡོད། དོན་དམ་བདེན་པ་རྟོགས་པ་ནས་བདག་ཀྱང་གད་སྙིགས་སུ་གྱུར་བ་ཨེ་རེད། སྟོན་པ་བཅོམ་ལྡན་འདས་སངས་རྒྱས་པ་ནས་ཀུན་རྫོབ་ཀྱི་མཛད་པ་གང་ཡང་མ་མཛད་པ་ཨེ་རེད། དོན་དམ་བདེན་པ་རྟོགས་ན་ཁྱོད་ལ་ཀུན་རྫོབ་བདེན་པ་མེད་པའི་ཁྱབ་པ་ཁས་ལེན་རྒྱུ་ཡིན་ནམ། དེ་ལྟར་མིན་ན་གད་སྙིགས་སུ་འགྱུར་ཚུལ་སྨྲོས་ཤིག ཡིན་ན་ནི། འཕགས་པའི་ལུས་རྟེན་དེ་དེའི་མཁྱེན་པ་སོགས་རེ་རེ་ནས་ཀུན་རྫོབ་མིན་པར་འདོད་ན་ལས་གཞན་ཅི་ཞིག་སྨྲ། ༼ལུས་རྟེན་རེ་ལ་རེ་དང་མཐུན་པའི་བདེན་པ་རེ་ཡོད་༽ཅེས་པ་འདི་ཀུན་རྫོབ་བདེན་པར་བཤད་ཀྱིན་ཡོད་དམ་དོན་དམ་བདེན་པར་བཤད་ཀྱིན་ཡོད། དང་པོ་ལྟར་ན་འཕགས་པའི་ལུས་རྟེན་ལ་ཡང་དེ་དང་མཐུན་པའི་ཀུན་རྫོབ་ཀྱི་བདེན་པ་ཞིག་ཨེ་ཡོད།་ ཡོད་ན་ཀུན་རྫོབ་བདེན་པ་མ་སྤངས་པར་ཐལ་ཁྱོད་ཀྱི་ལུས་རྟེན་དང་མཐུན་པའི་ཀུན་རྫོབ་བདེན་པ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་པ་དངོས། གཉིས་པ་ལྟར་ན་དོན་དམ་བདེན་པ་དེ་འདྲ་ཞིག་ཡོད་པས་རྒྱུ་མཚན་གྱིས་ཀུན་རྫོབ་བདེན་པ་སྤངས་དགོས་པའི་རྒྱུ་མཚན་ཅི། སོ་སྐྱེས་ཀྱི་གནས་སྐབས་སུའང་དོན་དམ་བདེན་པ་ཡོད་པ་ཨེ་རེད། ཡོད་ན་ཀུན་རྫོབ་བདེན་པ་གད་སྙིགས་སུ་གྱུར་པ་དང་དགོས་པ་མེད་པ་ཡིན་པར་ཐལ། ཁྱོད་ཀྱི་ལུས་རྟེན་དང་མཐུན་པའི་བདེན་པ་རེ་ཡོད་པའི་ཕྱིར། སོ་སྐྱེས་ལ་དོན་དམ་བདེན་པ་མེད་ན། འོ་ན་སོ་སྐྱེས་ལ་སེམས་ཉིད་མེད་པར་ཐལ།
༼ང་ཚོ་སངས་རྒྱས་རྗེས་ད་ལྟ་ང་ཚོའི་མིས་མཐོང་བ་བཞིན་སྣང་བ་འདོད་ཚེ་ཤིན་ཏུ་བླུན་ཏེ། སངས་རྒྱས་ལ་རོ་མི་ཞིམ་པ་རོ་མཆོག་སྣང་གསུངས་བ་ལྟར་ཡོད་ཚད་བདེ་བ་དང་དགའ་བ། དག་པ་སྣང་བས་སོ།༽འདི་ལོས་བདེན། འོན་ཀྱང་སྣང་ཚུལ་ལ་ཁྱད་པར་ཡོད་པ་ལས་ཁྱོད་ཀྱིས་མིག་གིས་ཀ་བར་བལྟས་པ་དང་སངས་རྒྱས་ཀྱིས་མིག་གིས་ཀ་བར་བལྟས་པ་གཉིས་ལ་ཁྱད་པར་མེད། ཁྱོད་ཀྱིས་མཐོང་བའི་ཀ་བ་དེ་སངས་རྒྱས་ཀྱིས་མ་མཐོང་ན་ཁྱོད་ཀྱིས་མཐོང་བའི་ཀ་བ་མེད་པར་ཐལ་ཅིང་། སོ་སྐྱེས་ཀྱིས་ཀ་བ་མ་རྟོགས་པར་ཐལ་བ་ཟློག་མི་ནུས། དེའི་ཕྱིར་ཀ་བ་སྒྱུ་མ་ལྟ་བུར་རྟོགས་པ་དང་ཀ་བ་བདེན་པར་བཟུང་བའི་ཁྱད་པར་ཡང་འདི་གཞི་འདིའི་ཐོག་ནས་འབྱེད་དགོས། སངས་རྒྱས་རང་སྣང་ལ་བུ་རམ་བཞེས་པས་ཞིམ་རྒྱུ་ཞིག་དང་བཤང་བ་ཟོས་པས་མི་ཞིམ་རྒྱུ་ཞིག་གང་ན་ཡོད་དེ་མེད་མོད། རྒྱུ་མཚན་དེར་བརྟེན་ནས་སངས་རྒྱས་ཀྱིས་བུ་རམ་མངར་མོ་ཡིན་པ་དང་བཤང་བ་མི་གཙང་བ་ཡིན་པ་མ་མཁྱེན་ཟེར་ན་རིགས་འགྲེས་ཀྱི་ཁྱབ་པ་འབུམ་ཕྲག་མང་པོ་འགོད་དུ་ཡོད་ཀྱང་ཁྱོད་ཀྱིས་གོ་བར་རེ་སྟེ་མི་འགོད།
དབང་ལྔའི་སྤྱོད་ཡུལ་ལ་མ་རིག་པས་སླད་ཞུགས་ཚུལ་ད་དུང་གསལ་པོ་ཞིག་བཤད་ཐུབ་མི་འདུག་ཅིང་ཚིག་ཡམ་ཡམ་ཞིག་གིས་གཡོལ་ཐབས་བྱས་འདུག་པས་ངས་ཀྱང་ཁྱོད་ལ་ནན་གྱིས་མི་འདེད།
༼བླ་མེད་སྒྲུབ་ལ་བརྟེན་ནས་ཟག་སྐྱེས་ཀྱི་ལུས་ནས་འཕོ་ཞིང་འཕགས་པའི་ལུས་རྟེན་དུ་བསྒྱུར་བས། དེ་དུས་མི་ལུས་མིན་ཏེ། མི་ལུས་ལ་སྡུག་ངལ་གཏན་ཟད་བྱེད་པའི་ནུས་པ་མེད། ཁྱེད་ཀྱིས་”དེར་མ་ཟད་ སྐུ་ལ་ཤ་དང་རུས་པ་ཁྲག་མེད་ན། གསང་སྔགས་བསྒྲུབ་པའི་རྟེན་དུ་ག་ལ་འགྱུར།” སྐུ་ཤ་དང་རུས་པ་མེད་པ་ཟེར་བའི་དོན་ནི་མཐའ་ཐུག་ན་མི་ལུས་མིན་ཞིང་མི་ལུས་ནས་འཕོ་ཟིན་པས་ཡིན། མི་ལུས་ནི་ཟག་སྐྱེས་ཡིན་ཞིང་ཟག་སྐྱེས་ཡིན་ན་སྡུང་ངལ་བ་ཡིན་པས་སོ།༽འདི་ལ་གོང་དུ་བཤད་ཟིན་པ་དེ་དག་གིས་ཀྱང་འགྲེལ་བཤད་བྱ་ཐུབ་ཅིང་། འདིར་ཡང་ཅིག་བཤད་ན། གསང་སྔགས་སྒྲུབ་པའི་ལུས་རྟེན་ལ་མི་ལུས་མི་རུང་བ་ཨེ་རེད། ཁྱོད་སྡུག་བསྔལ་བ་ཡིན་ན་ཁྱོད་ལ་མཐར་ཐུག་གི་བདེ་བ་འགྲུབ་པའི་ནུས་པ་མེད་པའི་ཁྱབ་པ་ཁས་ལེན་རྒྱུ་ཨེ་ཡིན།
༼སངས་རྒྱས་ཡིན་ན་འབྲས་བུ་ཆོས་སྐུ་རྟག་པ་ཡིན་དགོས་བས་མྱ་ངན་ལས་འདའ་མི་སྲིད་པས། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རང་སྟོན་པ་ལ་སངས་རྒྱས་འཕགས་པ་འབོད་པ་ལས་སངས་རྒྱས་མི་འབོད། འོན་ཀྱང་བསྡུས་ཚིག་ཏུ་སངས་རྒྱས་ཞེས་འབོད། སྟོན་པ་གཤེན་རབ་སངས་རྒྱས་ངོས་ཡིན་ན་མྱ་ངན་ལས་འདའ་དགོས་བ་གང་ཡིན་ནམ།༽འདིར་ཡང་ལྟོས་ཤིག སྟོན་པ་བཅོམ་ལྡན་འདས་ཆོས་ཅན། རྟག་པ་ཡིན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་ཁས། ད་དུང་དེའི་ག་ལ་ཚད། སངས་རྒྱས་འཕགས་པ༼པར༽འབོད་པ་ལས་སངས་རྒྱས་མི་འབོད་ཀྱང་། བསྡུས་མིང་ལ་སངས་རྒྱས་འབོད་པ་འདི་དེ་བས་ཡ་མཚན། བསྡུས་མིང་ལ་སངས་རྒྱས་སུ་བརྗོད་པས་མི་རྟག་པར་འགྱུར་འགྲོ་རྒྱུ་ཞིག་དང་སངས་རྒྱས་ཞེས་བརྗོད་པར་རྟག་པར་འགྱུར་བ་འགྲོ་བ་འདི་ལས་ངོ་མཚར་བའི་གནས་ཤིག་གང་ན་ཡོད། ཤེས་བྱ་རྟག་པ་ཡིན་ཅེས་པར། འོ་ན་ཀ་བ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཞེས་ངར་ངར་རྫིག་རྫིག་གིས་རྩོད་པའི་ཚུལ་དེ་ཡང་ཆོས་གྲྭ་འགྲིམ་པའི་རྟགས་རེད་ཨང་། སངས་རྒྱས་རྟག་པ་ཡིན་ཡང་སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་ཁྱབ་པ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སུ་ཡོད། དེ་ལྟར་ཡོད་ན་དེ་ལ་ཁོ་བོས་གོང་དུ་བཀོད་པའི་ཐལ་བ་དེ་འཕོངས་ཤིག སྟོན་པ་གཤེན་རབ་ཡིན་ཡང་རུང་བཅོམ་ལྡན་འདས་ཡིན་ཡང་ཆོག མྱ་ངན་ལས་འདས་པའི་ཚུལ་བསྟན་པ་དེ་ནི་སྐྱེས་པའི་མཐའ་མར་རྒས་པའི་ཆོས་ཉིད་ཀྱི་དཔེ་བསྟན་པ་ལས། སངས་རྒྱས་པ་ལ་ངེས་པར་དུ་ལུས་རྟེན་འདོར་དགོས་པའི་རྐྱེན་གྱིས་ག་ལ་ཡིན།
༼ཀུན་རྫོབ་ཀྱི་དོན་ཡང་ཡོད་ཚད་རྫུན་པའམ་དང་གཡོ་ཅན། སླད་པ་ཞུགས་པ་དང་སྤུས་གཙང་མིན་པའི་དོན་ཡིན་ཞིང་༽ཉ་དང་ཉུང་མ་བསྲེས་པའི་ཚུལ་འདི་ལ་ཡང་ལྟོས་ཤིག ཀུན་རྫོབ་ཡིན་ན་གཡོ་ཅན་ཡིན་པས་ཁྱབ་པའང་ཁས་མ་བླངས། གཡོ་ཅན་མིན་པའི་ཁྱབ་པའང་ཁས་མ་བླངས། སླད་པ་ཞུགས་པའི་ཁྱབ་པ་དང་སྤུས་གཙང་མིན་པའི་ཁྱབ་པའང་དེ་དང་མཚུངས། ཁྱབ་པ་དང་པོ་ཁས་ལེན་ན། འོ་ན་སྟོན་པ་བཅོམ་ལྡན་འདས་དང་བྱང་འཕགས་རྣམས་རེ་རེ་ནས་ཆོས་ཅན། དེར་ཐལ་དེའི་ཕྱིར། གཉིས་པ་དང་གསུམ་པ་ལ། བཀའ་ཚད་མ་ཆོས་ཅན། དེར་ཐལ་དེའི་ཕྱིར།
༼ཀུན་རྫོབ་ཡིན་དེ་ནི་མཐའ་ཐུག་གི་བླངས་བྱ་འདོད་ན།༽ འདི་ཡང་ཁྱབ་པ་ཁས་ལེན་མཁན་འདྲ་ཨེ་ཡོད། མེད་ན་ནམ་མཁའ་སྟོང་པར་མདའ་འཕངས་པ་དང་མཚུངས་པས་གླེང་རིན་མི་འདུག ཁ་བོས་ནི་ཀུན་རྫོབ་ཡིན་ན་སྤངས་བྱ་ཡིན་པའི་ཁྱབ་པར་མི་འདོད་ལ་བླངས་བྱ་ཡིན་པའི་ཁྱབ་པའང་མི་འདོད་དོ།
དགེ་འདུན་ཆོས་འཕེལ་ཁྱོད་ཀྱིས་རྒྱབ་དུ་འཐེན་མ་ཡོང་། ཁྱབ་པ་འདི་དག་དགེ་འདུན་ཆོས་འཕེལ་གྱིས་ནམ་ཡང་ཁས་ལེན་མི་སྲིད།
ཚིག་ལ་མཚོན་ཆ་མེད་ཀྱང༌། །
མི་སེམས་དུམ་བུར་གཏོང༌། །
ཞེས་པ་འདིས་ང་ལ་བློ་མི་བདེ་བ་ཡོང་བགྱིད་འདུག ཚིག་མཚོན་ཤོར་ཡོད་ན་དགོངས་དག མཁར་རྨེའུའི་སྐོར་ལ་ཤེས་བྱ་དུས་དེབ་ནང་ལ་མིང་མཐོང་དུས་བོད་པ་ཅིག་ཡིན་པའི་ཆ་ནས་ཧ་ཅང་དགའ་པོ་བྱུང་སོང་། ཕྱིས་སུ་རྒྱལ་བ་ལྔ་པའི་དག་སྣང་སྐོར་ཡིན་ཞེས་དཔར་རིས་ཁ་ཤས་དང་། དེ་ནས་དར་མའི་ཆེད་རྩོམ་འདི་མཐོང་ནས་ཧ་ཅང་བློ་ཕམ་པོ་བྱུང་། ད་ཚིག་མཚོན་སུས་བཏབ་འདུག
ངས་བྱས་ན། བོན་བླ་མཁས་གྲུབ་གཉིས་ལྡན་དེ་ཚོའི་རྗེས་སུ་འབྲངས་དགོངས་པ་ལས། མང་བཀུར་མཁས་པ་ཡིན་དང་། བླུན་འཁུར་མཁས་པ་ཡིན་རྩོད་གཞི་ཅན་དང་། བློ་ཟུ་བོའི་མཁས་པ་ཡིན་མིན་བསྒྲུབ་བྱ་ཅན་གྱི་གསུང་སྒྲུབ་བྱེད་དུ་བཀོད་ན་ནོར་བ་མིན་ནམ། བོན་ཐེག་པ་རིམ་དགུར་ཡར་འཛེགས་དགོས་པ་ལས་མར་བབས་ན་རང་གཞན་གཉིས་ལ་གནོད་གཞི་ལས་ཕན་ཐོགས་ཨ་ཡོད། བོན་ཆོས་འདི་བཞིན་རྙིང་ཆོས་ཐེག་པ་རིམ་དགུ་དང་དོ་མཉམ་པ་ཕེབས་ཐུབ་པའི་སྨོན་འདུན་དང་བཅས། ཚིག་མཚོན་ཤོར་ཡོད་ན་སླར་ཡང་དགོངས་དག་ཞུ།
ཀརྡོ་རབ་འབྱམས་པ་ལགས།
༼མཁར་རྨེའུའི་སྐོར་ལ་ཤེས་བྱ་དུས་དེབ་ནང་ལ་མིང་མཐོང་དུས་བོད་པ་ཅིག་ཡིན་
པའི་ཆ་ནས་ཧ་ཅང་དགའ་པོ་བྱུང་སོང་། ཕྱིས་སུ་རྒྱལ་བ་ལྔ་པའི་དག་སྣང་སྐོར་ཡིན་ཞེས་དཔར་རིས་ཁ་ཤས་དང་། དེ་ནས་དར་མའི་ཆེད་རྩོམ་འདི་མཐོང་ནས་ཧ་ཅང་བློ་ཕམ་པོ་བྱུང་།༽
བློ་ཕམ་ནས་བསྡོད་རྒྱུ་ཡོད་པ་མ་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དེ་ཚོར་དགག་ཡིག་བྲིས།
བློ་ཕམ་བྱ་བ་བླུན་པོའི་ལུགས་རེད།
༼བོན་ཆོས་འདི་བཞིན་རྙིང་ཆོས་ཐེག་པ་རིམ་དགུ་དང་དོ་མཉམ་པ་ཕེབས་ཐུབ་པའི་སྨོན་འདུན་དང་བཅས། ཚིག་མཚོན་ཤོར་ཡོད་ན་སླར་ཡང་དགོངས་དག་ཞུ།༽
འོ་ད་སྨོན་ལམ་འདྲ་རྒྱབ་ནས་བཞུགས་ན་མ་གཏོགས་མི་ཡིས་བྱས་པར་སྣང་བར་མི་འགྲོ་རང་གིས་ནི་དགག་ཡིག་འབྲི་མི་ནུས།
ད་བློ་ཕམ་རྒྱུ་ལས་བྱེད་རྒྱུ་ཡོད་པ་མ་རེད།
སངས་རྒྱས་པ་ལ་བཞི་པ་དང༌།
ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་གསུངས་སོ།
དེ་ལ་གོ་བ་ཡག་པོ་ཞིག་ལོང།
དེ་ནས་དོ་མཉམ་རེད་འདུག་རེད་མི་འདུག་ཅིག་རང་སེམས་ར྄ྣལ་དུ་ཕབས་ཏེ་དཔ྄ྱད་ས྄ྒོམ་ཞིག་ག྄ྱིས། དེ་ནས་ཕེབས་ཤོག
ཡང་གཞན་ཞིག་གླེང་འདོད་ཡོད་པས། ཁྱོད་རང་དེ་འདྲ་རྐྱང་རྐྱང་བྱེད་དེ་འགྲོ་རྒྱུ་རེད། གསར་པ་རེ་གླེང་གིན་གླེང་གིན་གཞུག་གུ་ཐམས་ཅད་ཙི་ཙིའི་རྔ་མ་བཞིན་འཇོག་རྒྱུ་ལས་མི་འདུག
ད་དེ་འད྄ྲ་ར྄ྐ྄ྱང་ར྄ྐ྄ྱང་ལ་ཁ་ཡ་བ྄ྱེད་དགོས་ན་ར྄ྒ྄ྱབ་ན་རོགས་རང་རེད་འདུག
ཁ྄ྱོད་ཀ྄ྱི་ཁ་འཛིན་གཞོན་ནུ་ཟ྄ླ་མེད་ལ་ཁུར་པོ་ཆེ་ཐག་ཅོད་ཅིག་བཀལ་ཡོད།
ཡ་ད་ཡིན་ན་ཁྲི་དར་མ་མི་གླེང་ཁོ་ཐག་རེད། ཁ་རྩེང་དྲི་བ་ཁག་ཅིག་ལ་ལན་བྲིས་ཏེ་གླེང་བསླང་བ་ཡིན་ཡང་ད་ནི་གྲགས་འགུལ་གང་ཡང་མི་འདུག རྟགས་བསལ་རྐྱང་རྐྱང་གཏོང་ནས་འདུག་རྒྱུ་ཡིན་པ་འདྲ།
དམུ་ཐག་གི་བུ་རྒྱུད།
༡”སྟོན་པ་བཅོམ་ལྡན་འདས་ཆོས་ཅན། རྟག་པ་ཡིན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་ཁས།”
ཁྱེད་ནི་བོན་པོ་ཡིན་ཞིང་དངོས་གནས་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་འགྲོ་ཕྱོགས་མ་དགོས་སངས་རྒྱས་དང་སངས་རྒྱས་འཕགས་པའི་ཁྱད་པར་ཙམ་ཡང་མ་ཤེས་སྐྱོན་དུ་གྱུར་བས་ང་རྒྱལ་སྐྱེས་ནས་མ་སྡད་པར་མུ་མཐུད་དུ་གྲུབ་མཐའ་གཞུང་ལ་སྦྱང་བའི་རེ་བ་ཡོད། དེ་མིན་ངས་ཁྱེད་ལ་ཡོད་ཚད་དཔེ་ཁྲིད་ཀྱི་ཚབ་ཏུ་འབྲི་མི་ཐུབ། སངས་རྒྱས་མཚན་ཉིད་ནི་འབྲས་བའི་ཆོས་སྐུ་རྟག་པ་ཡིན་ཏེ་སངས་རྒྱས་རྟག་པ་ཡིན་པས་ཕྱིར་ཟེར་ནས་དགེ་ལྡན་པའི་དགེ་བཤེས་མ་དགོས་ཁ་ཏོག་དཀར་དམར་ནས་རྩོད་གཞི་ཞིག་ཡིན་པས་རྒྱས་བ་མི་འབྲི།
༢ “གསང་སྔགས་སྒྲུབ་པའི་ལུས་རྟེན་ལ་མི་ལུས་མི་རུང་བ་ཨེ་རེད། ཁྱོད་སྡུག་བསྔལ་བ་ཡིན་ན་ཁྱོད་ལ་མཐར་ཐུག་གི་བདེ་བ་འགྲུབ་པའི་ནུས་པ་མེད་པའི་ཁྱབ་པ་ཁས་ལེན་རྒྱུ་ཨེ་ཡིན།” སུ་ཞིག་གིས་ཁྱེད་ལ་གསང་བསྔགས་བླ་མེད་སྒྲུབ་པ་མི་ལུས་རྟེན་གྱི་མི་འོས་ཟེར། སངས་རྒྱས་ཆོས་ལུགས་པའི་ཁྲོད་ནས་གསང་བསྔགས་ཁས་ལེན་དང་མི་ལེན་གཉིས་ཡོད་ལ། ལེན་མཁན་རྣམས་ཀྱིས་མིའི་ནང་ནས་དབང་པོ་རྣོ་པོ་དག་གིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྒྲུབ་ཐུབ་ཐབས་ལམ་ཡག་ཤོས་སུ་ཁས་ལེན་ཞིང་། བླ་མེད་ཀྱི་མཐའ་ཐུག་གི་ཐོབ་བྱ་སྐུ་གསུམ་མངོན་དུ་གྱུར་ཚེ་མིའི་ལུས་རྟེན་ནས་འཕགས་པའི་ལུས་རྟེན་དུ་བརྗེས་དགོས་ཤིང་སྒྲུབ་པ་མཉེས་མཁན་རྣམས་བརྗེ་ཟིན་པ་ཡིན། རྒྱུ་མཚན་སྤྱི་སྟངས་ཀྱི་མིའི་ལུས་ལ་སྡུག་ངལ་གཏན་ཟད་བྱེད་པའི་ནུས་པ་མེད་དེ་ཟག་སྐྱེས་ཀྱི་ལུས་ནི་སྡུག་ངལ་བའི་རང་བཞིན་ཡིན་པས་རེད། འཕགས་པའི་ལུས་རྟེན་ཟེར་བའི་དོན་ནི་སོ་སྐྱེས་ཀྱི་ས་ནས་ཡར་འཕགས་པས་འཕགས་པའི་ལུས་རྟེན་ཞེས་སྨྲ་བ་རེད། ཤཱཀྱ་མི་ནེ་ཡང་སོ་སྐྱེས་འཕགས་པའི་ལུས་རྟེན་ཡིན། ངས་བོན་གྱི་ལྷ་ཡི་བརྡ་ཆེད་བེད་སྤྱོད་མེད་པར་སངས་རྒྱས་ཆོས་གཞུང་གི་བརྡ་ཆེད་ཁོ་ན་བེད་སྤྱོད་བྱེད་བཞིན་ཡོད་པས་གོ་དོན་ལེགས་རྟོགས་དཀའ་ཚེ་དྲི་བ་བཏང་བའི་རེ་བ་ཡོད།
༣”ཀུན་རྫོབ་ཀྱི་སྣང་བ་ལོག་ཅིང་གད་སྙིགས་སུ་གྱུར་བ་ཡིན་ན། དེའི་སྔོན་དུ་གད་སྙིགས་མ་པའི་ཚུལ་དང་དོན་དམ་རྟོགས་པ་ནས་གད་སྙིགས་སུ་འགྱུར་ཚུལ་ཨེ་ཡོད། ཁྱོད་མེད་བཞིན་དུ་འགྱུར་རྒྱུ་ཞིག་གང་ན་ཡོད། དོན་དམ་བདེན་པ་རྟོགས་པ་ནས་བདག་ཀྱང་གད་སྙིགས་སུ་གྱུར་བ་ཨེ་རེད།” དོན་དམ་རྟོགས་ན་ཀུན་རྫོབ་ཀྱི་སྣང་འཇིག་ཅིང་རྫོགས་ཆེན་ལྟར་བླངས་སྤངས་བྲལ་ཞིང་སྣང་སྟོང་དབྱེ་མེད་དམ་ཟུང་འཇུག་གི་ཡེ་ཤེས་སྐྱེས་བས་རེད། དེ་ལྟར་མིན་ན་ཆོས་ཀྱི་གནས་ཚད་མཐོ་པོ་མ་སོན་པའི་ངོ་བོར་བླངས་སྤངས་གཉིས་སོ་སོར་ཡོད་དེ་དགེ་བ་བཅུ་བླངས་བྱ་དང་མི་དགེ་བ་བཅུ་སྤངས་བྱ་ཡིན།
དོན་དམ་བདེན་པ་རྟོགས་པས་ཀུན་རྫོབ་ཀྱི་བདག་གཉིས་རང་བཞིན་གྱིས་འགགས་ཏེ་བདག་མེད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་བས་བདག་ཅེས་བ་གནས་ས་མེད་དེ། བདག་མེད་པ་རྟོགས་པས་སོ།
༤”ཀུན་རྫོབ་བདེན་པ་ལ་བརྟེན་ནས་དོམ་དམ་བདེན་པ་རྟོགས་སྟངས་ཅི་འདྲ་ཡིན།” ཆོས་སམ་ཤེས་བྱའི་གནས་ཚད་མཐོ་པོ་མ་སོན་མཁན་ཞིག་ལ་ཀུན་རྫོབ་ཀྱི་སྣང་བ་ལས་དོན་དོམ་བདེན་པའི་སྣང་བ་སྐྱེས་མི་སྲིད་དེ། དོན་དམ་ཀྱི་སྣང་བའམ་མཐའ་ཐུག་གི་བདེན་པ་ནི་མིའི་དབང་ལྔའི་དཔྱོད་ལས་འདས་ཞིང་ཡིད་ཤེས་ལ་རྟེན་ནས་རྟོགས་དགོས་བས་རེད། དེ་ལྟར་མིན་ན་མི་རྣམས་ཀྱིས་ཐོག་མ་ཉིད་ནས་སྟོང་ཉིད་དམ་དོན་དམ་གྱི་རྟོགས་ཡོད་པས་སྟོང་ཉིད་རྟོགས་ཆེད་སྦྱངས་བ་བྱ་དགོས་དོན་མེད་ལ། ཀུན་རྫོབ་སྟེ་མི་རྟག་པའི་སྣང་བ་བདེན་ཁ་སྤྲད་ནས་སྡད་ན་དེས་འགྲིག་པ་ཡིན།
གཞན་ཡང་ད་ལྟ་བོན་པོ་ཁག་ཅིག་གིས་སྔོན་གྱི་ཕྱོགས་ཞེན་ཅན་གྱི་བཤད་སྲོལ་ལྟར་རྙིང་མ་དང་དགེ་ལུགས་གྱི་གྲུབ་མཐའ་འགལ་བ་རྟག་སྤྲོད་དུ་འདོད་ཀྱང་དེ་ནི་གཞུང་ལ་སྦྱངས་མེད་ཅིང་རང་གི་གོམས་ཕྱོགས་ལ་བདེན་ཁ་སྤྲད་དྲགས་པའི་སྐྱོན་རེད། རྗེ་གཙང་ཁ་པས་བཀག་པ་བྱེད་ཡུལ་རྙིང་མ་གཅིག་བུ་མིན་པ་བོད་སྔ་རབས་པའི་གྲུབ་མཐའ་མང་པོ་བཀག་ཡོད། དེ་བཞིན་གྲུབ་མཐའ་གཞན་གྱི་དྲན་དབང་ཚོས་རྗེ་རིན་པོ་བཀག་ཡོད། དེ་ནི་ཡོང་སྲིད་ཅིང་གྲུབ་མཐའ་དང་རིག་གཞུང་འཕེལ་རིམ་གྱི་ཆོས་ཉིད་ཀྱི་འགྲན་བསྡུར་ཞིག་ཡིན་པ་ལས་དེ་ལ་ཕན་ཚུན་གྱིས་ནད་རྙིང་འཛིན་དགོས་དོན་མེད། བོན་པོ་ཚོས་རྫོགས་ཆེན་གྱི་ལྟ་བུ་ཁུངས་བཏུགས་ས་བོན་ཡིན་ཟེར་བ་ལས་རྙིང་མའི་མཁས་བ་ཚོས་དེ་ལྟར་ངོས་ལེན་གནང་བའི་ལོ་རྒྱུས་མེད། ཐེའུ་བཀན་གྱིས་རྙིང་མ་བོན་དང་ཉེ་ཟེར་བའང་བོན་གྱི་ཆོས་འབྱུང་ཁག་ལ་གཞི་བཅོལ་ཞིང་ཐེའུ་བཀན་རང་གིས་བོན་ལ་སྒྱུར་བོན་འདོད་པས་དེ་ལྟར་སྨྲས་བ་ལས་གང་མིན།
གྲུབ་མཐའ་རིས་མེད་ནི་ཡོང་འོས་ཤིང་གནང་ཐུབ་སྟེ་རྒྱལ་དབང་ལྔ་བ་དང་བསླེ་ལུང་བཞེད་པའི་རྡོ་རྗེ། པཎ་ཆེན་བཞི་པ་བློ་བཟང་ཆོས་རྒྱལ་ལྟ་བུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྙིང་མ་དང་དགེ་ལུགས་ཀྱི་ལྟ་བ་མཐུན་ཐབས་མེད་ཟེར་བའི་སྨྲ་སྲོལ་ཡོད་པ་ནི་ཚད་ལྡན་གྱི་ལྟ་ཚུལ་ཞིག་མིན། གྲུབ་མཐའ་གང་ཡིན་ཡང་མཐུན་པ་ཆ་དང་མི་མཐུན་པའི་ཆ་གཉིས་ཡོད་ཅིང་ཐམས་ཅད་མཐུན་པ་ཡིན་ན་གྲུབ་མཐའ་རེ་རེ་མིང་བཏགས་དགོས་དོན་མེད། ཡིན་ཡང་བོད་ཀྱི་གྲུབ་མཐའ་ཀུན་ལ་མི་མཐུན་ཕྱོགས་ལས་མཐུན་ཕྱོགས་མང་པས་དུས་ནམ་ཡང་མཉམ་གནས་བྱེད་ཐུབ། མི་མཐུན་པ་རེ་ཟུང་གི་རྒྱུ་མཚན་དུ་བྱས་ནས་མེ་ཆུ་བཞིན་འགལ་བ་གླེང་ན་དགེ་ལུགས་པའི་ནང་ཁུལ་ཀུན་མཁྱེན་དང་བསོད་གྲགས་ཀྱི་ཡིག་ཆར་མི་མཐུན་པ་ཡོད་པས་མཉམ་གནས་མི་ཐུབ་དགོས་ཀྱང་། མཉམ་དུ་གནས་བས་མ་ངེས་སོ། གནའ་བོད་ཀྱི་ཕྱོགས་ཞེན་མཁན་པོ་བཞིན་བསམ་བློ་གུ་དོག་མི་བཏང་བའི་རེ་བ་ཡོད།
རྙིང་མ་བས་སེམས་ལ་རྣམ་རྟོག་བཟང་ངན་ཅི་བྱུང་ཡང་བཀག་འགོག་མེད་པར་བཞག་ཚེ་རང་བཞིན་གྱིས་ཡལ་ཞིང་། རང་བཞིན་གྱིས་ཡལ་བ་དེ་ནི་སྟོང་ཉིད་འདོད། དགེ་ལུགས་པས་དེ་ནི་སྟོང་ཉིད་མིན་ཞིང་སེམས་ཀྱི་མི་རྟག་པའི་ཁྱད་ཆོས་ཕྱི་རོལ་ཏུ་ངོམས་པས་མི་རྟག་པའི་ཁྱད་ཆོས་སྟོང་ཉིད་འཁྲུལ་བ་ན་མི་འོས་ཚུལ་གླེང་བས་ལྟ་བ་ཁྱད་པ་བྱུང་བ་རེད།
དམུ་ཐག་བུ་རྒྱུད། ད་དུང་གཅིག་ལྷག་འདུག
“དབང་ལྔའི་སྤྱོད་ཡུལ་ལ་མ་རིག་པས་སླད་ཞུགས་ཚུལ་ད་དུང་གསལ་པོ་ཞིག་བཤད་ཐུབ་མི་འདུག་ཅིང་ཚིག་ཡམ་ཡམ་ཞིག་གིས་གཡོལ་ཐབས་བྱས་འདུག་པས་ངས་ཀྱང་ཁྱོད་ལ་ནན་གྱིས་མི་འདེད།” དབང་ལྔའི་སྤྱོད་ཡུལ་ལ་མི་རིག་པས་སླད་པ་ཞུགས་ཚུལ་ཙམ་ཡང་མི་ཤེས་ན་དངོས་གནས་བློ་ཕམ་རེད། གྲུབ་མཐའ་སྐོར་ལ་སྐད་ཆ་བཤད་པའི་ལྕེ་མེད་པ་དང་གཅིག་མཚུངས་རེད། སེམས་ཙམ་པས་ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་འདོད་པ་དང་མཐལ་འགྱུར་བས་ཆོས་ཐམས་ཅད་རྟོག་པའི་བཏགས་པ་ཙམ་དུ་འདོད་པའང་མཐའ་བཏུགས་ན་དབང་ལྔ་ལ་བདེན་ཁ་མ་སྤྲད་པས་རེད། དབང་ལྔ་ལ་བདེན་ཁ་མི་སྤྲད་པའི་རྒྱུ་མཚན་ཡང་མ་རིག་པས་སླད་པ་ཞུགས་པས་རེད། མ་རིག་པའི་སླད་པ་ཞེས་བའི་དོན་མི་གོ་ན་ཆོས་གཞུང་ཚིག་མཛོད་དག་ལ་ལྟོས་དང་གསལ་ཆ་དོད་ངེས་རེད། ཁྱེད་ཀྱིས་ང་ལ་མི་འདེད་ཟེར་ནས་སྙིང་རྗེ་སྒོམ་ཚུལ་བསྟན་ཡང་རིག་པ་ཡོད་ན་ག་དུས་ཡོང་ཡང་དགའ་བསུ་ཡོད། མ་གཞི་གནད་དོན་འདི་དག་རྒྱས་དང་ཡང་བཤད་བྱ་བའི་རེ་བ་ཡོད་ཀྱང་ད་ལྟའི་ལས་བྲེལ་དང་ཡིག་རིགས་གཞན་པ་སྦྱངས་བའི་སློབ་བྲེལ་གྱིས་དེད་པས་ཆུ་ཚོད་མི་འདང་བས་བྱ་གཏོལ་ཟད།
ལ་སྟོད་བུ་ལགས། ཁྱོད་རང་གི་མཆན་བུ་འདི་ཡང་ཡང་ཀློག་དང་། ཁྱེད་རང་འཆི་དུས་རང་གི་འཕོ་བ་ལ་ཕན་ངེས་འདུག
༣༥༠༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༢ གི་ཆུ་ཚོད་ ༢༣ སྐར་མ་ ༥༡
ཀརྡོ་རབ་འབྱམས་པ་ ལགས། ༼ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་དྲན་མི་ཤེས་མཁན་ཁྱོད་རང་བོད་མི་ ཡག་རྟགས་ཅིག་མ་རེད། ད་ཁྱོད་ལ་ཅི་ཟེར་འདི་ཟེར་མི་འདུག འོན་ཀྱང་གཅིག་ཤོད་འདོད་བྱུང་།༽
ཁྱོད་རང་ཧ་ཅང་གི་ཧམ་པ་ཆེ་རྟགས་རེད། ཅི་ཡིས་ཕྱིར་ཡག་རྟགས་མ་ཡིན་ཏེ།
ཁྱོད་ཀྱི་དགའ་ས་དེར་ངས་དགའ་ཡི་མི་འདུག་པའི་ཕྱིར་ཟེར་གྱི་ཡོད་དམ། ཁྱོད་ལ་སྒྲུབ་བྱེད་དེ་ལས་ལྷག་པ་ཞིག་ནམ་ཡང་འགོད་རྒྱུ་མི་འདུག
ཕོར་བ་འདི་བོན་ཅན།
གཙང་མ་ཡིན་ཏེ།
ང་ཡི་ཨ་མའི་ཕོར་བ་ཡིན་པའི་ཕྱིར།
ཁྱོད་ལ་སྒྲུབ་བྱེད་དེ་འདྲ་ཞིག་མ་གཏོགས་མི་འདུག
གཡག་ཞར་གྱིས་རྩ་བཟའ་ཚུལ་ལས་མ་འདས།
གལ་སྲིད་གང་ཞིག་གིས་ཁྱོད་ལ་ཕན་བཏགས་ན་ང་ལ་ཕན་བཏགས་པས་མ་ཁྱབ་པའི་མུ།
ཆོས་རྒྱལ་མེ་དབོན་རྣམ་གསུམ་བོན་ཅན།
དེ་དག་གསུམ་པོ་ཆོས་རྒྱལ་རེད་མ་གཏོགས་བོན་རྒྱལ་མ་རེད།
༼ཆོས་རྒྱལ་ཁྲི་སྲོང་སྡེ་ ཚན་གྱིས་སྔར་གྱི་བོན་ཆོས་རྙིང་པ་བཀག་ཡོད་པ་སྲིད་ཀྱང་། ད་ལྟའི་བོན་ཆོས་འདི་་ཆོས་རྒྱལ་འདི་དང་འདི་ཡི་འབངས་འཁོར་གྱི་བཀའ་དྲིན་ལས་ བྱུང་བ་དེ་ཡང་བརྗེད་ཚར་འདུག་གེ བོན་པོ་ཁྱོད་ལྟ་བུ་ནི་སྙིང་རྗེ་བའི་ཡུལ་རེད།༽
ལྟོས་དང་རིག་པ་སྨྲ་བ་ཞིག་གིས་གཏམ་རེད་འདུག་མི་འདུག
ཁྲི་སྲོང་གིས་སྔར་གྱི་བོན་མ་བསྣུབས་ན་ད་ལྟའི་བོན་ཇི་ལྟར་བྱེད་ནས་བསྣུབ་ཐུབ་བམ། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་རེད།
ཁོང་དུས་རབས་བརྒྱད་པའི་ནང་དུ་འཁྲུངས་པ་རེད།
ད་ལྟའི་བོན་འདི་བསྣུབ་པར་བྱེད་པ་ལ་དེ་དུས་གཞི་མ་གྲུབ་པའི་ཕྱིར།
དེ་དུས་ཡོད་ན་ལོས་བསྣུབ།
སྤྱིར་ཁྲི་སྲོང་གིས་བོན་ གྱི་བསྟན་པ་བསྣུབས་པ་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པའི་ཕྱིར།་ གལ་ཏེ་ཁྲི་སྲོང་གིས་བོན་མ་བསྣུབས་ན།་ དེ་དུས་བོན་དཔེ་རྣམས་གཏེར་དུ་སྦས་དགོས་པའི་རྒྱུ་མཚན་གང་ལ་ཐུག་གམ།
དེ་དུས་ཀྱི་བོན་པོར་མྱོངས་པའི་དཀའ་སྡུག་ལ་ད་ལྟ་ང་ཚོས་ཕྱི་མིག་ཅིག་བལྟས་ན་59་ལོ་ཡི་དཀའ་སྡུག་དེ་ཆུང་ཆུང་ཞིག་ཡིན་པར་ཤེས་ཐུབ།
འདིས་གླང་དར་སྨོན་ལོག་ཅིག་ཡིན་པ་ཤུགས་བསྟན་དུ་བསྟན་འདུག ཞོར་ལ་བོན་ལུགས་ལ་རང་ཚུགས་ཐུབ་པའི་ལྟ་སྤྱོད་མེད་པ་བསྟན་པ་དང་། མཁར་རྨེའུའི་རྗེས་འབྲངས་དང་བཅས་པ་ནི། བོད་ཀྱི་སྤྱི་དོན་ལ་བེད་མེད་ཅིག་ཡིན་པའང་བསྟན་འདུག འདི་ཚོ་དཔྱོད་ལྡན་སུས་བལྟས་ཀྱང་བློ་ཕམ་པའི་གནས་ཤིག་རེད། དགོངས་དག ཟེར་ནས་དུམ་སྒྲིག་གིས་མི་ཕན་ན། ཙི་ཙི་རྔ་མ་ལ་བཏགས་འོས་པའི་རང་གི་རྩོམ་ཡིག་འདི་འཁྱེར་ནས་མིག་གིས་མི་མཐོང་སར་སོང་ཤིག
ཨ་ཙི་ཨ་ཙི། རྩོད་དགོས་ན་ད་གཅིག་ལས་གཅིག་ངར་གི ངས་ཁྱེད་ཚོ་ཚང་མར་ཁས་བླངས་པ་ཡིན། ཁྱེད་ཚོའི་ལུས་ཀྱི་བ་སྤུ་གཅིག་ལའང་ང་དོ་གི་མི་འདུག རྒྱལ་སྤྱིའི་ཐོག་ནས་རྩོད་པའི་འགྲན་བསྡུར་ཞིག་བྱས་པ་ཡིན་ནའང་བོད་ཀྱི་བན་དྷེ་ཞིག་གམ་བོན་པོ་ཞིག་ལ་འཐོབ་རྒྱུ་ཡིན་པ་དེ་བརྒྱ་ཆ་བརྒྱ་ངས་ཁག་ཐེག་བྱས་ནི་ཡིན། སྟོན་ནུབ་རིང་པོ་རྟ་ཕོས་མི་ཆོད་རུང་ཁྱེད་ཚོའི་རྩོད་པས་ཆོད་མི་ཆོད་ལ་ཐེ་ཚོམ་ཁོ་རང་མི་འདུག ད་རྩོད་ཡ། མཆན་སྟོང་ཁ་ལོངས་ལོངས་པར་རྩོད།
ཀརྡོ་རབ་འབྱམས་པ་ལགས།
༼ཞོར་ལ་བོན་ལུགས་ལ་རང་ཚུགས་ཐུབ་པའི་ལྟ་སྤྱོད་མེད་པ་བསྟན་པ་དང་།༽
བོན་ལུགས་ལ་ལྟ་སྤྱོད་རང་ཚུགས་ཐུབ་པའི་ལྟ་སྤྱོད་མེད་པ་བསྟན་ཏེ།
རྒྱུ་མཚན་ཞིག་བཀོད་དང༌། མ་གཞི་ནས་ཁྱོད་རང་གི་ཐེག་ཆེན་གྱི་སྐོར་ལ་ཤོད་ཀྱི་འདུག
ཁྱོད་ཀྱི་ལུགས་ལ་ཁྱོད་ཀྱི་ལྟ་བ་དང་སྤྱོད་པ་རེ་རེ་ནས་བོན་ཅན།
རང་ཚུགས་ཐུབ་པའི་ལྟ་བ་དང་སྤྱོད་པ་ཡིན་པར་ཐལ།
འདོད་ན། ཁྱོད་ཀྱི་ལུགས་ཀྱི་ལྟ་སྤྱོད་བོན་ཅན།
བདེན་པར་གྲུབ་པ་ཡིན་པར་ཐལ། རང་བཞིན་གྱིས་གྲུབ་པ་ཡིན་པར་ཐལ།
བོན་པོའི་ལུགས་ལ་བོན་གྱི་ལྟ་སྤྱོད་རང་ཚུགས་ཐུབ་པ་གང་ནས་ཡིན།
བདེན་པར་གྲུབ་པ་མ་ཡིན་པའི་ཕྱིར། རང་བཞིན་གྱིས་གྲུབ་པ་མ་ཡིན་པའི་ཕྱིར།
རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། བདེན་པར་གྲུབ་པ། རང་གི་གདོད་ལུགས་ཀྱི་ངོས་ནས་གྲུབ་པ་ལས་སོགས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་ཕལ་ཆེར་དོན་མཚུངས་པར་འདོད་པས་སོ།
༼མཁར་རྨེའུའི་རྗེས་འབྲངས་དང་བཅས་པ་ནི། བོད་ཀྱི་སྤྱི་དོན་ལ་བེད་མེད་ཅིག་ཡིན་པའང་བསྟན་འདུག ༽
མཁར་རྨེའུ་ཡི་འགྲིན་ཚབ་ངས་བྱེད་མི་ཐུབ་ཁོང་རང་གིས་དགོངས་ཀྱི་རེད། ཐུབ་ན་ནི་དགག་པ་ར྄ྒ྄ྱོབ་ཅེས་བཤད་ཡོད། མ་ཐུབ་ན་ལ྄ྐོག་ལབ་ར྄ྒ྄ྱབ་ཀ྄ྱིན་འདུག་ར྄ྒ྄ྱུ་རེད།
ཁ་སྔོན་ནས་ཁྱོད་ལ་བཤད་ཟིན།
ང་ནི་དྲྭ་རྒྱ་འདིར་ཡོང་དགོས་དོན་མཁར་རྨེའུ་ཡི་རྗེས་སུ་འབྲེང་སྟེ་སླེབས་པ་ཞིག་མིན་ལ། མཁར་རྨེའུ་ལ་རྒྱབ་སྐྱོར་གྱི་ཚུལ་དུའང་སླེབ་པ་ཞིག་མིན།་་ ཁོང་ཚོའང་ཕལ་ཆེར་དེ་ལ྄ྟར་ཡིན་ར྄ྒ྄ྱུ་རེད།
ང་ནི་འདིར་གོང་དུ་སྡིག་པ་མིག་བཙུམས་བྱས་ཏེ་འདིར་བཀོད་པ་ཡིན། མཐོལ་ལོར་བཤགས་སོ། ཞེས་པའི་སྐོར་ལ་གཞན་ཕྱོགས་ནས་ལྷ་སྲས་གླང་དར་མའི་སྐོར་ལ་མི་གླེང་བར་བོན་པོས་དམར་མཆོད་འབུལ་རབས་དང་བསམ་གཏན་གྱིས་བོན་པོ་དཀར་འདོན་བྱེད་ཀྱི་འདུག་ཅེས་པ་སོགས་ལ་བརྟེན་ནས་འདིར་སླེབས་པ་ཡིན། ༼འདི་ཚོ་དཔྱོད་ལྡནའ་སུས་བལྟས་ཀྱང་བློ་ཕམ་པའི་གནས་ཤིག་རེད།༽
བློ་ཕམ་པའི་གནས་ཤིག་གང་རེད་ཅིག་ཤོད་དང༌། བོན་པོས་བོད་ཀྱི་བསྟན་པ་བཤིག་པ་གང་ཡང་བྱུང་མེད།
བཙན་བ྄ྱལ་དུ་ཡོད་པའི་བོན་པོ་ར྄ྣམས་ནི་ད་བར་བོད་གཞུང་དང་༸གོང་ས་མཆོག་གིས་མཛུབ་མོ་གང་བས྄ྟན་ལ་ཤར་བས྄ྐ྄ྱོད་བ྄ྱས་པ་ལས་ནམ་ཡང་དགོངས་གཞི་དང་འགལ་བ་བ྄ྱས་མེད།
ས྄ྔར་བོད་དུ་ཡིན་ནའང་
ཕྱི་ཡི་རྒྱལ་ཁབ་ཀྱི་བུ་མོ་བག་མར་བསུས་ཏེ་དབོན་ཞང་གིས་འབྲེལ་བ་བཙུགས་ཏེ་རང་མི་རིགས་ཀྱི་རྒྱལ་ཁབ་མཐའ་མ་གཞན་གྱི་ཡིན་པར་སྒྲུབ་བྱེད་ཀྱི་ནག་ཉེས་བྱས་པའང་མེད་ལ།
རང་མི་རིགས་ཀྱི་རིགས་གཞུང་གཅེས་ཉར་བྱེད་པ་ལས་གཞན་གྱི་རིག་གཞུང་
དང་དུ་བླངས་ཏེ་མཐའ་མར་མི་རིགས་རང་ཉིད་ལ་ཆོས་རིག་སོགས་གང་ཡང་མེད་པར་དུད་འགྲོ་ལྟ་བུ་ཞིག་ཏུ་གྱུར་ཚུལ་ནམ་ཡང་བྱས་ཉེས་མེད་ལ།
རང་ཉིད་ཀོར་ཙེའི་ཆོས་རིག་བསྲུང་ཕྱིར་རྒྱལ་ཁབ་གཞན་གྱི་དམག་སྣ་ནང་དུ་དྲངས་ཏེ་
བོད་ཁམས་ཕུང་ལ་སྦྱོར་བའི་བྱས་ཉེས་བསགས་པ་གང་ཡང་མེད་ལ།
རང་ཉིད་ལ་ཐོབ་གོ་ས་འཐོབ་ཕྱིར་རྒྱལ་ཁབ་གཞན་ནས་འཇའ་ས་དང་གསེར་ཡིག་བླངས་ཏེ་མཐའ་མ་བོད་འདི་གཞན་གྱི་ཡིན་པར་བསྒྲུབ་བྱེད་ཀྱི་དན་རྟགས་བྱས་པ་གང་ཡང་མེད་ལ།
ནང་ཁུལ་དུ་གཅིག་གསོད་གཅིག་གནོན་དབང་དུ་བསྒྱུར་ཕྱིར་རྒྱལ་ཁབ་གཞན་ནས་དམག་དཔུང་ནང་དུ་ལེན་པའང་མེད་ལ།
རང་ཉིད་ཁོ་ནའི་ཆོས་རིག་དེ་བསྲུང་ཕྱིར་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ག་གེ་མོ་དེ་ཚོར་སངས་རྒྱས་མི་གཟུགས་སུ་སྤྲུལ་ཚུལ་གྱིས་མཐའ་མ་བོད་འདི་གཞན་འོག་ཏུ་ཤོར་པའི་རྒྱུ་རྐྱེན་ཀྱང་བྱས་པ་མེད།
ཆོས་ལུགས་གཞན་ག྄ྱིས་དགོན་པ་གཏོར་ནས་འབངས་མི་བོན་པོར་བས྄ྒ྄ྱུར་བ་དང་དགོས་པ་བོན་དགོན་དུ་བཞེངས་པའང་མེད་ལ
གནམ་རི་སྲོང་བཙན་ཡན་དུ་བོད་ཁམས་འདིར།
སྐྱིད་ལ་ལོ་བརྒྱ་ཐུབ་ཅིང༌།
དགའ་ལ་སྟོན་བརྒྱ་མཐོང་པའི།
བཀྲ་ཤིས་པའི་བོན་ལ་སྤྱོད་པས།
བཀྲ་མི་ཤིས་པའི་ལོ་རྒྱུས་འཆད་རྒྱུ་མེད་དོ།
གཟིགས་དང་གནམ་རི་སྲོང་བཙན་གྱི་འཇུག་ནས་བོད་ལ་མི་བདེ་བ་ཡོང་རྒྱུའི་དབུ་འཁྱུད་དེ་བརྩམས་འདུག
༼དགོངས་དག་ ཟེར་ནས་དུམ་སྒྲིག་གིས་མི་ཕན་ན། ཙི་ཙི་རྔ་མ་ལ་བཏགས་འོས་པའི་རང་གི་རྩོམ་ཡིག་འདི་འཁྱེར་ནས་མིག་གིས་མི་མཐོང་སར་སོང་ཤིག༽
ཁྱོད་ཀྱིས་དགོངས་དག་ག་དུས་ཟེར་ཡོད། ག་པ་ལ་བཤད་ཡོད། གལ་ཏེ་ཁྱོད་ཀྱིས་དགོངས་དག་ཅེས་བཤད་ན་ཅི་ཡིས་ཕྱིར་དགོངས་དག་ཅེས་ཤོད་དགོས་པ་རེད།
ཁྱེད་ཀྱིས་སྔར་བཤད་པ་ཐམས་ཅད་ནོར་བ་དང་འཁྲུལ་པར་སོང་ནས་དེ་དག་གི་ཆེད་དུ་དགོངས་དག་ཞུས་པ་ཡིན་ནམ། ཁྱོད་ཀྱི་ཁ་ན་དུམ་སྒྲིགས་ཤིག་ཡོང་མི་སྲིད་དོ།
མ་གཞི་ནས་ཁྱེད་ཀྱིས་ཁས་བླངས་ཞིང་དམ་དུ་བཅས་པ་དེ་དག་ཐམས་ཅད་ལ་བརྟན་པ་ཞིག་རྩ་བ་ནས་མི་འདུག དམ་བཅའ་གསུམ་བཞི་ཙམ་ཞིག་ཤོར་ཚར་སོང༌།
ད་ཁྱོད་ཀྱིས་ང་ལ་བཙན་བཀའ་འབྲས་སྤུངས་ཚོགས་ཆེན་ཞལ་ངོའི་བཀའ་ལས་ཀྱང་བཙན་བཀའ་ཞིག་བཏངས་ཏེ་ཁ་བརྡའི་དྲྭ་རྒྱ་འདི་ལས་སོང་ཟེར་བ་ཡིན་ནམ།
དེ་ནི་ནམ་ཡང་མི་འགྲོ། ངས་ཁ་བརྡའི་བསྒྲིགས་འཛུགས་ལས་འགལ་བའི་ལས་མ་བྱས་པས་སོ།
ང་ཡི་རྩོམས་འདི་ཁྱོད་ཀྱི་ཙི་ཙི་རྔ་མར་ཐོགས་ཟེར་འདུག་རྔ་མ་དེ་ཕྲ་དྲགས་ནས་འདོགས་ས་ཡང་མི་འདུག་ལ། བཏགས་ཀྱང་ཁྱོད་ཀྱིས་ཁུར་ཐུབ་ས་མི་འདུག
ང་ཚོའི་དབར་ལ་འདུམ་འགྲིག་བྱེད་དགོས་པ་གང་ཡང་མེད།
ཁྱོད་རང་གི་ངོས་ནས་འཁྲུགས་པ་ཤོར་བར་ངོས་འཛིན་གྱི་ཡོད་མོད། ངས་ནི་བགྲོ་གླེང་ཞིག་གི་རྣམ་པར་བཟུང་སྟེ་རྩོད་པ་བྱེད་པ་ལས་འཇིག་རྟེན་པའི་ཁ་རྩོད་དང་རྩ་བ་ཉིད་ནས་མི་འདྲའོ།་ མ་གཞི་ནས་བན་དེ་ཚོས་བོན་པོར་བལྟ་སྟངས་འདི་ལ་བསྒྱུར་བཅོས་ཤིག་མ་བྱས་ཚེ། ནམ་ཡང་མཐུན་ཐབས་མི་འདུག
དེ་ཞུ་འདོད་བྱུང༌། དེ་བན་དེ་ཡོངས་སུ་རྫོགས་པ་ལ་ཞུས་མེད། ཕལ་ཆེ་བ་ཞིག་ལའོ།
ལྷག་པར་དུ་གཞིས་ལ་ཡོད་པ་ཚོར་ཞུས་ཡིན། བཙན་བྱོལ་དུ་ཡོད་པ་རྣམས་ལ་༸གོང་ས༸་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་བཟང་གནང་བ་ལ་བརྟེན་ནས་ཅུང་ལེགས་སུ་ཕྱིན་ཡོད། ༸གོང་ས༸་མཆོག་ལྟ་བུའི་ཆོས་ལུགས་རིས་མེད་ཀྱི་ལྟ་བ་ཞིག་བཟུང་མཁན་ཤིན་ཏུ་དཀོན་ནོ། སྔར་བོད་ལ་ཆོས་རྒྱུད་དང་ཆོས་ལུགས་རིས་མེད་གདན་གཅིག་ཏུ་ཚོགས་པའི་ལོ་རྒྱུས་བྱུང་མེད། ད་ལྟ་བཙན་བྱོལ་དུ་སླེབས་ནས་དེ་ལྟར་ཚོགས་ཐུབ་པ་བྱུང་བ་ནི་༸གོང་ས༸མཆོག་གིས་བཀའ་དྲིན་ཉག་ཅིག་ཁོ་ནའོ། འདི་ནི་ཞོར་འཕྲོས་སུ་ཐལ།
ཨ་ནུ་ཐང་། ༡”སྟོན་པ་བཅོམ་ལྡན་འདས་ཆོས་ཅན། རྟག་པ་ཡིན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། ཁྱབ་པ་ཁས།”འདི་ལ་ལན་འདེབས་རྒྱུ་ཨེ་ཡོད། མེད་ན་ཚིག་རྩུབ་ཁོ་ནས་རིགས་གསུབ་འདོད་མ་བྱེད་ཅིག སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་ཁྱབ་པ་ཡོད་མེད་ལ་དགེ་ལུགས་པའི་དགེ་བཤེས་ཚོས་ད་དུང་རྩོད་བཞིན་ཡོད་ན་དངོས་གནས་ཡིད་མུག་པའི་གནས་རེད། སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཡིན་མིན་ལ་རྩོད་པ་ཨེ་ཡོད། འོན་ཀྱང་དགེ་ལྡན་པ་ཟེར་བ་འདི་ཁྱོད་ཀྱི་བློ་ཚད་དང་འདྲ་བ་ཞེ་ཅིག་ག་ལ་ཡིན། ད་ཁག་ངན་གཞན་ལ་མ་འགེལ་ཅིག
(ཁྱེད་ནི་བོན་པོ་ཡིན་ཞིང་དངོས་གནས་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་འགྲོ་ཕྱོགས་མ་དགོས་སངས་རྒྱས་དང་སངས་རྒྱས་འཕགས་པའི་ཁྱད་པར་ཙམ་ཡང་མ་ཤེས་སྐྱོན་དུ་གྱུར་བས་ང་རྒྱལ་སྐྱེས་ནས་མ་སྡད་པར་མུ་མཐུད་དུ་གྲུབ་མཐའ་གཞུང་ལ་སྦྱང་བའི་རེ་བ་ཡོད། དེ་མིན་ངས་ཁྱེད་ལ་ཡོད་ཚད་དཔེ་ཁྲིད་ཀྱི་ཚབ་ཏུ་འབྲི་མི་ཐུབ།) འདིའི་ནང་ནས་ཚིག་རྩུབ་དག་ལ་ལན་འདེབས་རྒྱུ་མིན། ཁྱོད་ཀྱིས་སངས་རྒྱས་དང་སངས་རྒྱས་འཕགས་པའི་ཁྱད་པར་ཤེས་ན་ངས་ཁྱོད་ལ་གོང་གི་རྟགས་བསལ་དེ་གཏོང་དགོས་དོན་མི་འདུག སངས་རྒྱས་རྟག་པ་ཡིན་ཡང་སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ་པའི་མུ་ལ་སངས་རྒྱས་འཕགས་པ་བཞག་ན་ཁྱོད་ཨེ་འཐད། བཅོམ་ལྡན་འདས་བཞག་ན་ཁྱོད་ཨེ་འཐད། སྤྱན་རིས་གཟིགས་བཞག་ན་ཁྱོད་ཨེ་འཐད། ཤེས་བྱ་རྟག་པ་ཡིན་ཡང་ཤེས་བྱ་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ་པའི་མུ་ལ་ཀ་བ་བཞག་ན་ཁྱོད་ཨེ་འཐད། ཨ་བསོད་བཞག་ན་ཁྱོད་ཨེ་འཐད། འུག་པ་བཞག་ན་ཁྱོད་ཨེ་འཐད། དགེ་ལྡན་པའི་དགེ་ཚོར་འདི་ལ་ལན་མི་འདུག་ཅེས་ཁག་ངན་འགེལ་རྒྱུ་ཨེ་ཡིན། (ད་སྔོན་ལ་སངས་རྒྱས་མཚན་ཉིད་ནི་འབྲས་བའི་ཆོས་སྐུ་རྟག་པ་ཡིན་ཏེ་སངས་རྒྱས་རྟག་པ་ཡིན་པས་ཕྱིར་ཟེར་ནས་དགེ་ལྡན་པའི་དགེ་བཤེས་མ་དགོས་ཁ་ཏོག་དཀར་དམར་ནས་རྩོད་གཞི་ཞིག་ཡིན་པས་རྒྱས་བ་མི་འབྲི།)ཨ་ལ་ལ། ཚིག་གི་སྦྱོར་ལུགས་འདི་འདྲ་བ་ཨ་ནུ་ཐང་གི་རྣམ་རིག་ཅན་དེས་མ་གཏོགས་སུ་ཡིས་ཐོན། དགེ་ལྡན་པའི་དགེ་བཤེས་ལས་ཁ་དོག་དཀར་དམར་བ་རྣམས་མཁས་པ་ཨེ་རེད། ཁྱོད་ཀྱིས་རྒྱས་པ་མ་བྲིས་པ་ག་ལ་ཡིན་ཏེ་འབྲི་རྒྱུ་མེད་སོང་བ་རེད། དགེ་ལྡན་པའི་དགེ་བཤེས་ཚོའི་ཁྲོད་དུ སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་ཁྱབ་པ་ཁས་ལེན་མཁན་འདྲ་ཡོད་ན་དེ་ཁྱོད་ལས་གཞན་སུ། འདི་ཡང་སངས་རྒྱས་དང་སངས་རྒྱས་འཕགས་པའི་ཁྱད་པར་མ་ཤེས་པས་ནོངས། འབྲས་བུ་ཆོས་སྐུ་རྟག་པ་སངས་རྒྱས་ཀྱི་མཚན་ཉིད་དུ་བཤད་པའི་གཞུང་ཞིག་སྟོན་རྒྱུ་ཨེ་ཡོད། ད་ངན་ཁག་འདི་འདྲ་བ་འགེལ་ས་སུ་ཡང་མེད་དེ་ཉེས་པ་ཐམས་ཅད་རང་གིས་ཉེས་པར་འདུག སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ། ཤེས་བྱ་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ། འདི་ནས་དགེ་བཤེས་དག་གིས་རྩོད་དགོས་པ་ཞིག་མ་ཡིན་པར་ཁ དོག་དཀར་དམར་ནས་ཐག་ཆོད་པའི་སྤྱིར་བཏང་གི་ཤེས་བྱ་ཞིག་རེད།
ངས་ཁྱོད་ལ་སྔར་བཀོད་པའི་ཁྱབ་པ་རྣམས་ལ་ཐལ་འགྱུར་གྱི་ལན་གཅིག་ཀྱང་བཏབ་མི་འདུག ངས་ལན་བཏབ་ཟིན་པ་རྣམས་བསྐྱར་ཟློས་བྱས་ཏེ་འགོད་ཡོང་གི་འདུག ད་ཁྱོད་ཀྱིས་ངས་བཀོད་པའི་མཆན་ཨང་ ༣༨༢་པའི་ཁྱབ་མཐའ་དེ་དག་ལ་ལེན་ཐོབས་ཤིག དེས་ཁྱོད་ཀྱིས་འཁྲུལ་རྟོག་ཐམས་ཅད་འགྲོལ་ཐུབ། ངས་ཁྱོད་ལ་ནན་གྱིས་བཤད། དགེ་ལྡན་པའི་དགེ་བཤེས་ཚོར་ཁག་མ་འགེལ་ཅིག དེ་རིང་ཁྱོད་ཀྱིས་ཆོས་ལུགས་ཀྱི་རྩོད་རྙོག་ཅིག་ཀྱང་སློང་ཡོང་གིན་འདུག ངས་ཁ རྩང་ནས་བཤད་ཡོད། ཁྱོད་བཙིར་བཙིར་ན་འདི་འདྲ་ཞིག་ལས་ཐོན་རྒྱུ་མེད། འཚིག་པ་གཡག་ལ་ཟོས། ལུང་ལྕགས་རྟ་ལ་བྲབས་པའི་ཚུལ་དེ་མ་སྟོན་ཅིག ནོར་བ་ཐམས་ཅད་རང་གིས་ནོར་བ་ལས་ང་བོན་པོ་ཡིན་པས་ལན་པ་འདྲ་ཡིན་རྒྱུ་མ་རེད། ད་མང་པོ་མི་བཤད། སྔོན་ལ་གོང་གི་མཆན་དེར་བཀོད་པའི་ཁྱབ་མཐའ་དག་ལ་ལན་ཐོབས་ཤིག ཡང་ཚིག་ཡམ་ཡམ་ཙམ་ལ་བརྟེན་ནས་གཡོལ་ཐབས་མ་བྱེད་ཨང་།
ཀརྡོ་རབ་འབྱམས་པ་ལགས།
“ངས་ངག་བཅད་སླར་ཡང་མི་ཤོར་བའི་སྨོན་འདུན་བཅས།”ཞེས་དང་ “བན་བོན་མ་རྩོད་ཐུགས་རྗེས་གཟིགས། འདིས་གཉིས་ཀ་ལ་གྱོང་མ་གཏོགས་ཁེ་ཡོད་མ་རེད།” ཅེས་བཤད་མཁན་ཁྱེད་རང་མ་རེད་དམ། ད་གལ་སྲིད་ཁྱེད་རང་ཤེས་པ་རང་བཞིན་དུ་གནས་པའི་མི་ཞིག་ཡིན་ན་རང་ཚིག་སྔ་ཕྱིའི་བར་བསམ་བློ་འདོན་བཞིན་སྐད་ཆ་བཤད་རོགས། དེ་མིན་ཁ་དང་ལག་པའི་བར་ན་སེམས་པ་རེ་འགྱུར། ལག་གིས་བྲིས་ཚད་ཐམས་ཅད་རྐང་པས་བསུབ་རྐྱང་བྱེད་བཞིན་ཡོད་ན་མི་རིང་བར་ཁྱེད་རང་“ལྷས་མི་འདོད་གཞལ་ཡས་ཁང་ནས་འདོན། མིས་མི་འདོད་ཧོམ་ཁུང་ནང་དུ་རྫོང་”རྒྱུ་ཉག་ཅིག་རེད། ལྟོས་དང་གཤམ་ལ་ག་རེ་བྲིས་འདུག ད་ཡིན་ན་ཁྱེད་རང་གིས་ངག་བཅད་ཀྱི་དམ་བཅའ་རྒྱང་དུ་གཡུགས་ནས་ཤེས་བཞིན་དུ་རང་གཞན་གཉིས་ཀ་ལ་གྱོང་མ་གཏོགས་ཁེ་མེད་པའི་བྱ་བ་ཞིག་འགོ་བརྕམ་བཞིན་མི་འདུག་གམ།
ངས་ལྟས་ན་དངོས་གནས་ཁྱེད་ཅག་གིས་ད་ནི་ག་རེ་བྱས་ན་ཧམ་བཤད་དང་ཁྲམ་གཏམ་རྐྱང་རྐྱང་གིས་ས་ཆོད་ས་མི་འདུག་སྙམ་ནས། དེ་ལས་ཚིག་ངན་ཁ་ཤས་ཤིག་གིས་ཁ་བརྡ་ཚང་ནས་མཆན་བུ་མཇུག་བསྡུས་ཐབས་བྱུང་ན་སྙམ་པའི་རེ་ངན་འཆང་བཞིན་ཚོད་འདུག
འོན་ཀྱང་འདི་ནས་ལས་སླ་བོའི་སྒོ་ནས་མཚམས་འཇོག་བྱེད་རྩིས་མེད་ལ། དེ་ཡང་ངར་ངར་རྫིག་རྫིག་གང་ཡང་མེད་པ་མ་ཟད་ཁ་ངན་ཚིག་ངན་རྐྱང་རྐྱང་གིས་དུས་ནམ་ཡང་ང་ཚོའི་བདེན་མཐའ་སེལ་ཐུབ་པའི་རེ་བའང་དེ་བས་བྱེད་ཀྱི་མེད། དེས་ན་ང་ཚོས་བཀའ་དང་བསྟན་བཅོས་རིན་པོ་ཆེ་དང་བོད་གངས་ལྗོངས་ལུང་པའི་ས་འོག་དང་གནའ་ཤུལ་རྙིང་པ་སོགས་ནས་ཐོན་པའི་ཡིག་རྙིང་དང་དངོས་རྫས་དེ་དག་དཔང་དུ་འཇོག་ཅིང་ལུང་དང་རིག་པ་ཡང་དག་གི་སྒོ་ནས་ཞིབ་མོ་རྣམ་པར་འཐག་པའི་བགྲོ་གླེང་ལྷུག་པོར་གནང་སར་སླེབས་འདུག་པས་དེ་ལུགས་ཁ་བརྡ་ཚང་ནས་དགོངས་བཞེས་གནང་རོགས་ཞུ་བཞིན་ཡོད། འདི་ནི་ངས་“ཆུ་མ་རྒྱུག་གོང་ནས་ཡུར་བ་རྒྱང་བཀག་”ཙམ་ཡིན།
དམུ་ཐག་བུ་རྒྱུད་ལགས།
ཚིག་རྩུབ་དང་པོ་བཤད་མཁན་ཁྱེད་ཉིད་ཡིན་པ་ལས་ང་མིན། མི་བདེན་ན་མཆན་གྱི་ཨང་གྲངས་ལ་ལྟོས་དང་ཤེས་ནུས། ཁྱེད་གྱིས་གཞན་ལ་ཚིག་ངན་བཤད་ན་ཧ་མི་གོ གཞན་གྱིས་བཤད་པ་ཧ་གོ་བ་ནི་རང་སྐྱོན་རི་བ་མི་མཐོང་ཞིང་གཞན་སྐྱོན་ཁབ་ཀྱང་མཐོང་དཔེ་ལས་མ་འདས། ཡིན་ཡང་ཉིད་ཀྱིས་ཚིག་ངན་མ་བཤད་ཟེར་ནས་བཤད་མཚམས་བཞག་ན་ངས་ཀྱང་འཇོག་ངེས་ཡིན།
ཁྱེད་ཀྱིས་རྟགས་གསལ་བཏང་བ་དེ་ཚོ་ངས་ཆེད་མངགས་ཀྱིས་ལན་རྒྱབ་མེད། རྒྱུ་མཚན་ནི་རྟགས་གསལ་ནི་རིག་པ་སྦྱངས་བྱེད་ཀྱི་ཐབས་ལམ་མམ་བདེན་པ་འཚོལ་བྱེད་ཀྱི་ཆ་རྐྱེན་ཞིག་ཡིན་པ་ལས་མཐའ་ཐུག་གི་བདེན་པ་མིན་པས་ཡིན། རྟགས་གསལ་གྱིས་བདེན་དོན་ཁ་ཡ་མི་བྱེད། ཡིན་པ་མིན་པ་སྒྲུབ་རྒྱུུ་དང་མིན་པ་ཡིན་པ་སྒྲུབ་རྒྱུ་དེ་རྟགས་གསལ་གོམས་པའི་རྟགས་རེད། དེ་ནི་བདེན་དོན་དང་རིང་བས་རྟགས་གསལ་ལ་ངོས་ལེན་མེད། བསམ་བློ་ཐོངས་དང་། ཡིན་པ་མིན་པ་དང་མིན་པ་ཡིན་སྒྲུབ་ན་བདེན་པ་ཞིག་གང་དུ་ཡོད། ཡོད་པ་ནི་རིག་རྩེད་ཙམ་རེད།
ཁ་གསལ་དོད་ན་སངས་རྒྱས་ནི་མཐའ་ཐུག་གི་ཐོབ་བྱ་ཆོས་སྐུ་སྟེ་གཏན་གྱི་བདེ་བ་ཡིན་པས་གཏན་གྱི་བདེ་བ་ནི་རྟག་བརྟན་ཐེར་ཟུག་གི་ངོ་བོ་ཡིན། རྟག་བརྟན་ཐེར་ཟུག་གི་བདེ་བ་ནི་མི་འགྱུར་བ་ཡིན་ཞིང་འགྱུར་མེད་གྱི་བདེ་ཆེན་ནི་སངས་རྒྱས་ཁོ་ན་མ་གཏོགས་སུའང་བདག་བྱ་མིན། སངས་འཕགས་ནི་འགྲོ་དོན་ཆེད་ཟག་སྐྱེས་ལུས་རྟེན་དུ་འོང་ཞིང་སྐྱེས་རྒ་ན་འཆིའི་བདག་ཉིད་ཅན་གྱི་ལུས་ཕུང་གིས་གྲུབ་པས་རྒྱུ་དང་རྐྱེན་ལ་རྟེན་ནས་འཇིག་པའི་ཆོས་ཅན་ཡིན་པས་དེ་སངས་རྒྱས་ག་ལ་འོས། མི་འོས་ཏེ་སངས་རྒྱས་ནི་སྐུ་མཚན་དཔེ་བྱད་ཀྱིས་རྒྱན་ཞིང་དུས་ངེས་པར་མྱ་ངན་འདའ་བ་མི་འདའ་བ་ཡིན་དགོས། དེ་བརྟེན་ཤཱཀྱ་མི་ནེ་སྤྲུལ་སྐུའི་ངོ་བོར་འཇིག་རྟེན་དུ་བྱོན་པ་འདོད། དེ་ཆོས་བདག་གམ་ཆོས་ལུགས་སྤེལ་མཁན་ཚོས་གཅིག་གྱུར་གྱི་ཁ་གཡར་ས་གལ་ཆེན་ཞིག་རེད། ཆོས་ལུགས་གང་ཞིག་གི་སྟོན་པ་ཡིན་ཞིང་རང་ཉིད་དཀོན་མཆོག་ངམ་ལྷས་མངགས་པའི་ཕོ་ཉའམ་དེའི་སྤྲུལ་བ་ཡིན་ཟེར་ཚུལ་གཅིག་མཚུངས་སུ་ཡོད་ཅིང་། འདོད་ཚུལ་དེ་ནི་མི་མང་དབང་སྒྱུར་བྱེད་པའི་ཐབས་ལམ་ཆེས་གལ་ཆེན་ཞིག་རེད། ཆོས་སྟོན་ཚོས་རང་ཉིད་འཇིག་རྟེན་གྱི་བྱེད་པོའམ་ལྷ་བདག དཀོན་མཆོག་གི་སྤྲུལ་བའམ་ཕོ་ཉ་གསོན་པོ་ཞིག་ཡིན་ཟེར་ནས་རང་གི་ལྟ་གྲུབ་ཀྱིས་འཇིག་རྟེན་ལ་ཤུགས་རྐྱེན་སྐྲུན་ཏེ་དཔལ་འབྱོར་དང་བདག་དབང་ཐོབ་ཐབས་བྱས་དང་བྱ་བཞིན་པ་ཡིན། གལ་སྲིད་ཆོས་སྟོན་ཚོས་རང་ཉིད་འཇིག་རྟེན་གྱི་བྱེད་པོའམ་ལྷ་བདག དཀོན་མཆོག་གི་སྤྲུལ་བའམ་ཕོ་ཉ་གསོན་པོ་ཞིག་ཡིན་མ་གསུངས་ཚེ་སྤྱི་ཚོགས་ཁྲོད་རིན་ཐང་དང་ཡིད་ཆེས་བྱེད་མཁན་དཀོན་པས་རེད།
ཀརྡོ་རབ་འབྱམས་པ་ལགས་ཁྱེད་རང་ཉོན་དང་། གོང་དུ་མཆན་ཨང་༼༣༦༩༽པའི་ནང་ལ་“ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་་་་་པ་ཙམ་མིན་པར་ད་ལྟའི་བོན་མཆོད་ཁང་ནང་ལ་བསྒྱུར་ཆོས་མཆོད་བཞིན་པ་མིནམ་་་་་་་་”ཞེས་བཤད་པ་འདི་ནི་དངོས་གནས་ཁྱེད་ཀྱིས་དེང་ཅག་ལ་ད་ལྟ་བར་ཕྱོགས་གང་སར་བསམ་ནས་བཟོད་སྒོམ་གྱི་གནས་སུ་བསྡད་པ་ལ་ད་ནས་མ་འདུག་འདི་ལྟར་སྨྲོས་ཤིག་ཅེས་པ་ལྟ་བུའི་དྲན་བསྐུལ་ནན་མོ་ཞིག་བྱས་འདུག་མོད། དེས་ནས་ངེད་ཅག་གིས་འདི་ནས་དེ་འབྲེལ་གྱི་གཏམ་སྨྲས་པའི་ཚེ་ཁྱེད་ཚོས་ལུང་དང་རིག་པའི་བགྲོ་གླེང་བྱེད་རྒྱུ་ལས་འདས་ཏེ་དོན་མེད་ཆགས་སྡང་གིས་རྒྱུད་འཁྲུགས་ན་འདི་ནས་འགན་ལེན་མེད་པ་མ་ཟད་དགོངས་དག་ཀྱང་དུས་ནམ་ཡང་ཞུ་མི་སྲིད་པ་ཡིན་ཞེས་སྔོན་གླེང་གི་ཟོལ་དུ་སྨྲས་པ་ཡིན་པས་དེ་ལུགས་གྱིས་ཤིགས།
ད་འདི་ནས་ངས་ཁྱེད་རང་ཚོའི་ལུང་ལ་བརྟེན་ནས་ཁྱེད་རང་ཚོའི་མཆོད་ཁང་ནང་གི་བཀའ་དང་བསྟན་བཅོས་སུ་འཆེ་བ་དག་གི་རང་བཞིན་རོབ་ཙམ་བཤད་ཀྱི་གསན་བཞེས་གནང་དང་རིག་པའི་རྩོད་གྲོགས་རབ་འབྱམས་པ་ལགས།
“སྡེ་སྣོད་གསུམ་དུ་མ་བསྡུས་དང་།
ལམ་གཞན་ཉེ་བར་སྟོན་ཕྱིར་དང་།
ཐེག་ཆེན་སངས་རྒྱས་གསུང་མ་ཡིན།
རིག་བྱེད་མཐའ་ཡི་ལྟ་བ་བཞིན།།” ཞེས་དང་།
“རྫོགས་པ་ཆེན་པོའི་ཆོས་སམ་དེ།
རྒྱ་གར་ཡུལ་འདིར་མིང་ཡང་མེད།
ཆོས་མིན་བསྟན་པ་ཡིན་ནོ་གསུངས།” ཞེས་དང་ཡང་།
“རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ།
ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད།
དེ་དག་བོན་པོའི་གཞུང་ལའང་ཡོད།
འོང་ཀྱང་ཚིག་དོན་ནོར་བ་མང་།”
“ཟོང་དུ་བོང་ཤ་འཚོང་བ་ལ།
རི་དྭགས་རྔ་མ་བསྟན་དང་མཚུངས།
སངས་རྒྱས་གསུང་རབ་མ་ཡིན་ཞེས།
བློ་དང་ལྡན་པས་འཕྲལ་དུ་ཤེས།” ཞེས་སོགས་དང།
“སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།” ཞེས་དང་ཡང་།
“སྤྱིར་ན་གསར་རྙིང་གཉིས་ཀ་ལ།
རྫུན་རྒྱུད་ཡོད་པར་གྲགས་མོད་ཀྱི།” ཞེས་སོགས་དང་།
“བོད་འདིར་རྫོགས་པ་ཆེན་པོ་བྱ་བ་དང་གསང་སྔགས་སོགས་མིང་གིས་བཏགས་པ། རྒྱ་གར་ལ་ཁུངས་བཙལ་ཞིང་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨ། བི་མ་མི་ཏྲ་སོགས་ལ་རྫུན་ཁག་བཀལ་ནས་རང་བཟོས་བྱས་པའི་རྒྱུད་དང་གཞུང་མང་པོ་བྱུང་བ་དེ་ཡང་རང་དགར་གྱུར་ཅིང་འགོག་མཁན་མེད་པ་དང་།” ཞེས་པ་དང་། ད་དུང་བེེ་རོ་ཙ་ནས་རྒྱ་གར་ཁུངས་བཙལ་ནས་རྫོགས་པ་སྤྱི་གཅོད་དང་རིག་པ་ཁུ་བྱུག་སོགས་སེམས་ཕྱོགས་ཀྱི་ཆོས་འགའ་ཞིག་བརྩམས་ཚུལ་དང་། དེ་བཞིན་“འགྲེལ་པ་དང་སྒྲུབ་སྐོར་སོགས་བོད་ཀྱིས་བྱས་པ་རྒྱ་གཞུང་ལ་སྙད་བཏགས་པ་”མང་ཚུལ་དང་། ཇོ་རྗེ་བོད་དུ་ཕེབས་དུས་སྔོན་ཆད་རྒྱ་གར་ན་དར་མ་མྱོང་བའི་ཆོས་ཟབ་མོ་འདི་འདྲ་འདུག་ཅེས་ཧ་ལས་ནས་དཔེ་རྒྱ་གར་བསྐུར་ཚུལ་དང་།
དེ་བཞིན་སྔོན་ཆད་རྒྱ་གར་དུ་ཉན་ཐོས་སེནྡྷེ་པས་ཐེག་ཆེན་ཐུབ་པའི་བཀའ་མ་ཡིན་པར་བསྒྲགས་ནས་ཀླུ་གྲུབ་ལ་སྐུར་འདེབས་ཚན་པོ་ཆེ་བྱས་མ་ཟད། ད་ལྟ་ཡང་ཁྱེད་ཅག་ལས་གཞན་པའི་རྒྱ་གར་དང་འབར་མ་སིང་ག་པུར་སོགས་ཀྱིས་མཚོན་པའི་འཛམ་་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་ཤག་ཐུབ་རྫེས་འཛིན་པ་ཕལ་མོ་ཆེས་ཐེག་ཆེན་སངས་རྒྱས་ཤག་ཐུབ་ཀྱི་བཀའ་རུ་ཁས་ལེན་རྒྱུ་ལྟ་ཅི། ད་དུང་རྒྱ་གར་དུ་དགེ་སློང་སེར་པོ་འབོད་པ་དག་གིས་ཁྱེད་ཅག་ཐུབ་པའི་རྗེས་འཛིན་ངོ་མ་དེ་མ་རེད་ཅེས་ངོ་རྒོལ་བྱེད་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་སོགས་ལ་བསམ་གཞིགས་ཡག་པོ་ཞིག་བགྱིས་ན།།
ཁྱེད་ཅག་གི་མཆོད་ཁང་དུ་བྲག་རི་བཞིན་བརྩེགས་པའི་སྤྱིར་ཐེག་ཆེན་གླེགས་བམ་དང་བྱེ་བྲག་ཏུ་ཟབ་མོ་རྫོགས་ཆེན་པོའི་གཞུང་ལུགས་དེ་དག་བསྒྱུར་ཆོས་ཤ་སྟག་ཡིན་པར་ཁྱེད་རང་ཚོའི་གཞུང་རང་ནས་དངོས་ཤུགས་རྒྱུད་གསུམ་ནས་བསྟན་མི་འདུག་གམ།
ཡ་གྲོགས་པོ་ད་ཁྱེད་རང་གིས་ངས་གོང་དུ་ལུང་དྲངས་པ་དག་ཁས་ལེན་གྱི་ཡིན་པས་ཚང་མ་ཁྱེད་རང་ཚོའི་གཞུང་ནས་དྲངས་པ་ཡིན་དཱ།།
དེ་མིན་མཁར་རྨེའུ་བསམ་གཏན་གྱིས་“བན་དེའི་རྫོགས་ཆེན་གྱི་ཁུངས་བོན་ལ་གཏུགས་ཡོད་པ་ཡོངས་གྲགས་ཡིན། ཞེས་དང་། རྙིང་མའི་ཐེག་དགུའི་བཤད་ཚུལ་དེ་བོན་ཁུངས་ལ་གཏུགས་ཡོད་པས་ཡིན།”ཞེས་བཤད་པ་དག་ཧ་ལམ་ཁྱོད་ཀྱིས་ཁས་ལེན་ཚོད་མ་རེད།
དེ་རིང་ངས་གོང་དུ་ལུང་དྲངས་པ་རྣམས་གཞུང་གང་ནས་གསལ་ཡོད་མེད་གང་ཡང་བྲིས་མེད། རྒྱུ་མཚན་གང་ཡིན་ཟེར་ན་ཁྱེད་ཀྱིས་རྟག་པར་མཁས་མདོག་དང་ཤེས་མདོག་རྐྱང་རྐྱང་བྱེད་བཞིན་འདུག་པས་འདི་ཙམ་མཐོང་ཐོས་བྱུང་ཡོད་ལས་ཆེ་སྙམ། ད་དུང་འདི་དང་འདྲ་བ་གྲངས་མེད་ཅིག་ཁྱེད་རང་ཚོའི་མཁས་པ་དག་གིས་བརྩམས་པར་གྲགས་པའི་གཞུང་དུ་ཡོད་པས་དེ་དག་ལ་མཐོང་ཐོས་སླར་ཡང་བྱེད་ནས་ལན་ལྷུག་པོར་བསྩལ་བའི་རེ་བ་བྱེད་བཞིན་ཡོད། དེ་ཙམ་དུ་མ་ཟད་གོང་དུ་“ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་་་་་པ་ཙམ་མིན་པར་ད་ལྟའི་བོན་མཆོད་ཁང་ནང་ལ་བསྒྱུར་ཆོས་མཆོད་བཞིན་པ་མིནམ་་་་་་་་”ཞེས་ “ཁ་འབུ་ཁུང་ཙམ་གྱི་ནང་ནས་ཚིག་རི་རབ་འདྲ་ཞིག་ཐོན་”ཟིན་པས་ད་ཁྱོད་རང་དལ་དལ་ལྷོད་ལྷོད་ངང་གཟིམས་མི་ཁུག་པར་ང་ཚོའི་མཆོད་ཁང་ནང་གི་བསྒྱུར་བོན་དེ་དག་ངོས་བཟུང་ནས་དེ་གང་ཟག་སུས་བསྒྱུར་བ་དང་། དཔེ་གང་ལས་བསྒྱུར་བ་དང་། དུས་རབས་ག་དུས་བསྒྱུར་བ་སོགས་དེ་དག་གྲོང་ནག་གི་ཕ་རྒན་མ་རྒན་དག་གི་བཤད་སྒྲོས་ཙམ་མིན་པར་ཁུངས་ལྡན་གྱི་ལུང་གང་ལས་གསལ་མིན་སོགས་གཏམ་ལན་གཏམ་གྱིས་འཇལ་དགོས་པ་ཤེས་པར་གྱིས་ཤིགས། དེ་ནས་ངས་ཀྱང་དེ་བཞིན་ཁྱེད་ཚོའི་བསྒྱུར་ཆོས་དེ་དག་གི་རང་བཞིན་ལུང་རིག་གཉིས་ཀྱི་སྒོ་ནས་ཕྱིར་འདོན་བྱེད་ཡོང་ཤེས་སོང་ངམ། ད་དུང་ཁྱོད་ཀྱིས་བཤད་པའི་འཁྱར་བོན་དང་བསྒྱུར་བོན་སྐོར་དེ་ངས་རིང་མིན་ལན་བསྐྱོན་རྩིས་ཡོད་པས་བློ་བདེ་བར་གྱིས།
ད་ལྟ་དུས་ཚོད་ཁོམ་པ་མི་འདུག་རྗེས་སུ་མྱུར་དུ་མཇལ་ཡོང་།
ལ་སྟོད་བུ་ལགས། ལ་སྟོད་སྲས་ལགས། ལ་སྟོད་མཁས་དབང་ལགས། ཁྱེད་ཀྱི་མཆན་བུ་༣༩༡པ་འདི་ངས་ཕལ་ཆེར་ཁས་བླངས་ཐུབ་ལ། ང་ཚོར་དགོས་རྒྱུ་པགས་ལ་པགས་ཁུ་ད་ར་དེ་ནི། ཁྱེད་ཀྱིས། ་་་དེ་བན་དེ་ཡོངས་སུ་རྫོགས་པ་ལ་ཞུས་མེད། ཕལ་ཆེ་བ་ཞིག་ལའོ།
ལྷག་པར་དུ་གཞིས་ལ་ཡོད་པ་ ཚོར་ཞུས་ཡིན། བཙན་བྱོལ་དུ་ཡོད་པ་རྣམས་ལ་༸གོང་ས༸་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་བཟང་ གནང་བ་ལ་བརྟེན་ནས་ཅུང་ལེགས་སུ་ཕྱིན་ཡོད། ༸གོང་ས༸་མཆོག་ལྟ་བུའི་ཆོས་ལུགས་རིས་མེད་ཀྱི་ལྟ་བ་ཞིག་བཟུང་མཁན་ཤིན་ཏུ་དཀོན་ ནོ། སྔར་བོད་ལ་ཆོས་རྒྱུད་དང་ཆོས་ལུགས་རིས་མེད་གདན་གཅིག་ཏུ་ཚོགས་པའི་ལོ་རྒྱུས་ བྱུང་མེད། ད་ལྟ་བཙན་བྱོལ་དུ་སླེབས་ནས་དེ་ལྟར་ཚོགས་ཐུབ་པ་བྱུང་བ་ནི་༸གོང་ས༸མཆོག་གིས་ བཀའ་དྲིན་ཉག་ཅིག་ཁོ་ནའོ། ཞེས་པ་འདི་ང་ལ་དགོས་ཡ་འདི་ཡིན་པས་ཐུགས་རྗེ་ཆེ་གནང་།
ཡང་བྱང་ཕྲུག་དུན་ཙེ་ཚར་གཅོད་ལགས་སུ། ཁྱེད་ཀྱིས་ཕྱོགས་བསྡུས་གནང་བ་འདིས་ང་ལ་བློ་སྐྱེད་བྱུང་སོང་། ངས་ཚིག་མཚོན་ཤོར་ཡོད་ན། དགོངས་དག་ཞུས་པ་མ་གཏོགས། དགག་བཞག་སྤོང་གསུམ་ཞོར་ལ་གནོད་ཡོད་ན་དགོངས་དག་ཞེས་ཞུ་མི་བདེ་བ་ཡིན་པས་ཞུས་མེད་སྙམ། ད་ལྟོ་གོས་ལས་ཀ་དང་། བཟའ་ཟླ་བུ་ཕྲུག་ཚོའི་མཉམ་དུ་དུས་ཚོད་ཀྱང་བཏང་དགོས་འདུག མི་རིང་བར་མཇལ་ཡོང་།
ལ་སྟོད་བུ་འདི་ཅི་འདྲའི་བྱིས་པ་ཞིག་རེད་ཨང་། ངས་ཚིག་རྐང་ཁ་ཤས་བྲིས་པར་ཁོས་ཐིག་ཕྲེང་བརྒྱ་དང་སུམ་ཅུ་མ་ཟིན་ཙམ་བྲིས་འདུག ཡི་གེ་མང་ནས་ག་བ་ཕན་གི་རེད། རིགས་པ་རྣོ་དགོས་པ་རེད། ད་ཁོས་བཀོད་པ་གཅིག་ལ་སུན་ཕྱུང་ན་གཞན་ཚང་མར་དེ་གས་འཐུས། ཁོ་ན་རེ།༼མཁས་དབང་ཟམ་གདོང་རིན་པོ་ཆེ་བོན་ཅན། རྒྱ་ནག་གིས་བཙོན་དུ་བཅུག་པར་ཐལ། བོད་མི་རྒྱ་ནག་གིས་བཙོན་དུ་བཅུག་པ་གང་ཞིག མཁས་དབང་ཟམ་གདོང་རིན་པོ་ཆེ་ཁ྄ྱོད་བོད་མིའི་བྱེ་བྲག་ཡིན་པའི་ཕྱིར།༽འདི་འདྲ་ལ་རྟགས་དང་པོ་མ་གྲུབ་ཟེར་རྒྱུ་རེད། བོད་མི་བཙོན་དུ་བཅུག་པར་ཐལ། བོད་མི་ཞིག་བཙོན་དུ་བཅུག་པའི་ཕྱིར་ན། མ་ཁྱབ་ཟེར་རྒྱུ་རེད། ལྷག་མའི་བེམ་རོ་ག་ཚོད་ཡོད་ན་ཡང་གསོད་མི་དགོས་པར་འགྱེལ་འགྲོ་གི་རེད། ཚགས་པར་ཀློག་དུས་ཕྲད་ལ་གཟབ་གཟབ་བྱོས། བོད་ཡིག་གི་ཕྲད་དེ་ཞང་ཞུང་གི་ཕྲད་དང་འདྲ་གི་མ་རེད། དོན་སྟོན་པའི་ནུས་པ་ཡོད་པ་རེད་ལོ།
རིགས་པ་གཉིས་པར་ལན་བཏབ་པ་ནི་བན་དེས་ཟླས་དྲང་བའི་བོན་དང་། སྤྱིར་བོན་ཆོས་ཅན་གཉིས་དཀྲུགས་འདུག་པས་དཀྲུགས་པ་འདི་འདྲ་ལ་མགོ་འཁོར་ནས་བསྡད་ན་དུས་ནམ་ཡང་བསྡུས་གྲྭ་ནས་འཛིན་གྲྭ་སྟེང་མར་འཕར་རྒྱུ་མེད་དོ།
དེ་ནས་ཁྱོད་རང་གི་ཡི་གེ་ཐ་ར་ཐོ་རེ་ཆགས་འགྲོ་གི་འདུག དེ་ཚོ་ཚ་ག་ཚིག་གེ་མ་བྱེད་པར་ལྷོད་ལྷོད་བྱས་ནས་འབྲི་རོགས། ཁྱོད་ཀྱི་ལག་པའི་ནང་ནས་གཞན་གྱིས་འཕྲོག་ནི་མ་རེད།
བོད་མི། བོད་མི་ཞིག བོད་མི་ཁ་ཤས། བོད་མི་ཕལ་ཆེར། བོད་མི་ཐམས་ཅད། འདི་འདྲ་རེད། ཁྱད་ཚིག་གི་དབང་གིས་དོན་མི་འདྲ་བ་ཆགས་འགྲོ་གི་ཡོད་པ་རེད། མི་ཤེས་ན་དགེ་རྒན་ལ་དྲིས། ཁོང་གིས་ཀྱང་མི་ཤེས་ན་བན་དེ་ཚོར་དྲིས། མཁས་པ་ས་ཁྱབ་གནམ་ཁྱབ་རེད། བན་དེ་ཚོར་དྲིས་ན་མི་འདོད་ཅིང་མི་ཤེས་ན། ལ་སྟོད་རི་སྒང་ལ་བུད་ནས་ཀི་རིང་ཐོབ་དང་། བྲག་ཅ་འཁོར་ནི་རེད། ཧཧཧ
ཨ་ནུ་ཐང་། ད་དེ་འདྲ་ཞིག་ཡིན་རྒྱུ་རེད། རྟགས་བསལ་གཏོང་བ་དེ་ཡིན་པ་མིན་པ་དང་མིན་པ་ཡིན་པར་བསྒྲུབ་བྱེད་ཅིག་ཏུ་ངོས་བཟུང་བ་འདི་ལས་ལྷག་པའི་གསལ་བཤད་ཅིག་དགོས་པ་མི་འདུག ངས་འཕང་པའི་ཐལ་བ་དག་ལ་ལན་མི་ཐེབས་པའང་དེ་ག་རང་དུ་ཟད། རང་གི་འདོད་པ་ཙམ་སྨྲ་རྒྱུ་ལས་ལུང་དང་རིགས་པ་གང་ཡང་འདྲེན་རྒྱུ་མེད། ཁྱོད་འདྲ་བ་ཚོ་དམ་བཅར་བསྡད་ན་ཡིན་པ་མིན་པ་དང་མིན་པ་ཡིན་པར་བསྒྲུབ་མཁན་་ཨ་ནུ་ཐང་ལ་མི་ཤོང་བ་ཡོད་ངེས་ལ་ཐེ་ཚོམ་ཅི། (མཚན་ཉིད་རིག་པ་)ཞེས་པའི་གོ་བ་ཙམ་ཡང་ཆོད་པའི་བློ་གྲོས་མེད་ན་བདེན་པ་གཉིས་ཀྱི་དོན་འགྲོལ་བའི་བློ་སྟོབས་ཤིག་མཁའ་དབྱིངས་ཀྱི་པད་མོའི་ཁ་དོག་རང་རེད། སངས་རྒྱས་འཕགས་པ་གང་ཞིག་སེམས་ཅན་ལ་ཤས་མི་བཟོད་པའི་བརྩེ་བས་འཇིག་རྟེན་ཏུ་རྐང་གཉིས་ཀྱི་ཚུལ་དུ་བྱོན་པ་དེ་དག་གི་སྐུ་གཟུགས་ཀྱང་ཟག་བཅས་སུ་ཁས་བླངས། དེ་དག་གིས་སྐྱེ་རྒ་ན་འཆིའི་ཚུལ་མཛད་པ་ལ་ད་ནི་དེ་དག་སྐྱ་རྒ་ན་འཆིའི་སྡུག་བསྔལ་བར་གྱུར་ཏོ་སྙམ་དུ་བློ་འཁྲུལ། སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་ཁྱབ་པར་སྒྲུབ་བྱེད་དུ་མཐར་ཐུག་གི་བདེ་བ་རྟག་བརྟན་འགྱུར་མེད་བཀོད་པ་དེ་འདྲ་བ་སུས་ཀྱང་འགོད་དཀའ། ཨ་ལ་ལ་། ཨེ་མ་ཧོ།
ཐལ་ཆ་ཆེ་བའི་གཏམ་སྨྲ་བ་ལ་བག་མི་ཚ་བ་འདི་འདྲ་ཞིག་བདག་གི་རྩོད་ཟླར་འོང་བ་ལ་ཡིད་སྐྱོ། བདག་གིས་ཀྱང་ཤིགས་གསོད་པར་སྟར་རེ་ཁྱེར་རོ་སྙམ་དུ་ངོ་གནོང་། སྟོན་པ་ཐུབ་པའི་དབང་པོ་མི་ཡི་གཟུགས་སུ་བྱོན་པ་དང་། དགོས་དབང་གིས་ཉ་སོགས་བྱོལ་སོང་དང་དུད་འགྲོའི་གཟུགས་སུ་བྱོན་པ་དག་ལའང་ཡིད་མི་ཆེས་པའི་གཏམ་ཧར་པོ་ཆེ་འདི་འདྲ་བ་སྨྲ་བའི་རྐྱེན་བདག་གིས་རིགས་པས་བཙིར་བཙིར་བ་དེ་ཡིས་བྱས་པས་འགྱོད་པའང་སྐྱེས། ཆོས་ལུགས་སྤྱི་ལ་བཀྱོན་ཕབས་པ་དེ་ལས་ཆེ་བའི་རྔོ་ལོ་ཞིག་འཕྱར་རྒྱུ་མེད། ལྷ་རང་མགོ་མི་ཐོན་པར་འདྲ་དམ་ལ་འདོགས་དགོས་ཟེར་བ་འདི་་་་་་་་་་་། ད་ངས་ཁྱོད་ལ་མི་རྩོད། ད་ངས་ཁྱོད་ལ་མི་རྩོད།
ཁྱེད་རྣམ་པས་ཆོས་ལུགས་སྲིད་ལུགས་གང་ཞིག་བགྲོ་གླེང་བྱས་རུང་བོད་པ་སྐྱབས་བཅོལ་བའི་ལས་དབང་མ་བརྗེད་རོགས། ཡ་རབ་གུས་ཞབས་ཀྱི་སྤྱོད་ལམ་མ་བརྗེད་རོགས།
ངན་ཚད་དུས་གཅིག་སྤུངས་པའི་དུས་སྐབས་འདིར།
དྲངས་པོའི་བློ་ཡིས་གཟུར་བོར་དཔྱོད་མཁན་དཀོན།
གཟུར་བོར་གནས་པའི་མཛངས་པ་དེ་ལས་དཀོན།
དེ་ཕྱིར་རྩོད་པས་རྒྱལ་ཕམ་དུས་ལས་འདས།
རྩོད་ནས་ཐོབ་དང་ཤོར་བ་མེད་བཞིན་དུ།
ངལ་བས་ཁྲག་རྩ་རྒྱས་པའིམདོ་མེད་རྣམས།
རང་ཕྱོགས་དཀར་རྐྱང་འདོད་ཀྱང་རང་ཚང་གིས།
སྔོན་ལས་ནག་པོར་བཟོ་འདི་མ་མཐོང་ངམ།
ཆོས་ལ་སེམས་ན་ཆོས་བཞིན་སྒྲུབ་ན་ལེགས།
དེ་ལ་བོན་གྱིས་ཕན་གནོད་གང་ཡང་མེད།
བོན་བཞིན་སེམས་ན་བོན་བཞིན་སྒྲུབ་ན་ལེགས།
དེ་ལ་ཆོས་ཀྱིས་ཕན་གནོད་གང་ཡང་མེད།
སོ་སོའི་ལུགས་དེ་སོ་སོའི་ངོ་རུ་བདེན།
ཀུན་གྱིས་མཐུན་ངོར་བདེན་པའི་ཀུན་རྫོབ་ཆོས།
གང་དུ་གཙལ་ཀྱང་མི་རྙེད་བརྙེད་ཀྱང་འཁྲུལ།
དེ་བས་ཆགས་སྡང་ལས་ངན་མ་བསགས་ཀྱེ།
གཞོན་ནུ་ཟླ་མེད་ལགས།
(ཁོ་ན་རེ།)༼མཁས་དབང་ཟམ་གདོང་རིན་པོ་ཆེ་བོན་ཅན། རྒྱ་ནག་གིས་བཙོན་དུ་བཅུག་པར་ཐལ། བོད་མི་རྒྱ་ནག་གིས་བཙོན་དུ་བཅུག་པ་གང་ཞིག མཁས་དབང་ཟམ་གདོང་རིན་པོ་ཆེ་ཁྱོད་བོད་མིའི་བྱེ་བྲག་ཡིན་པའི་ཕྱིར།༽
(གཞོན་ནུ་ཟླ་མེད་ནས།)་༼འདི་འདྲ་ལ་རྟགས་དང་པོ་མ་གྲུབ་ཟེར་རྒྱུ་རེད། བོད་མི་བཙོན་དུ་བཅུག་པར་ཐལ། བོད་མི་ཞིག་བཙོན་དུ་བཅུག་པའི་ཕྱིར་ན། མ་ཁྱབ་ཟེར་རྒྱུ་རེད།༽་ རྟགས་དང་པོ་གྲུབ་པར་ཐལ། བོད་མི་ཞིག་བཙོན་དུ་བཅུག་པར་བོད་མི་བཙོན་དུ་བཅུག་པར་འདོད་རིགས་པའི་ཕྱིར།
ད་འོ་ན་རྒྱ་ནག་གཞུང་གིས་བོད་དུ་བོད་མི་བཙོན་དུ་མ་བཅུག་ན་འགྲོ་བ་གང་ཞིག་བཙོན་དུ་བཅུག་གམ། རྒྱ་ནག་གཞུང་གིས་བོད་དུ་འགྲོ་བ་རིགས་དྲུག་གང་ཡང་བཙོན་དུ་བཅུག་མ་མྱོང་པར་ཐལ།་ རྒྱ་ནག་གཞུང་གིས་བོད་མི་བསད་མ་མྱོང་པར་ཐལ། འདོད་ན། རྒྱ་ནག་གཞུང་གིས་
བོད་མི་བཙོན་དུ་བཅུག་པ་དང་བོད་མི་བསད་པའི་གྲངས་འབོར་དགུ་བཅུ་གསུམ་ཚོགས་པར་སྟོན་རྒྱུ་ཡོད་པའི་ཕྱིར། དེ་དག་རྫུན་ཡིན་ནམ། ཧཧཧཧ། ད་དེ་རེད། བོད་ནས་རྒྱ་གར་དང་བལ་ཡུལ་དུ་བོད་མི་བྲོས་བྱོལ་དུཡོང་མཁན་མེད་པར་ཐལ།
བོད་མི་ཞིག་བྲོས་བྱོལ་དུ་སླེབས་ཀྱང་བོད་མི་མ་སླེབས་པའི་ཕྱིར། ཧཧཧ
ད་འོ་ན་ཁྱོད་ཀྱི་ཕ་ཡུལ་ཨ་མདོར་དེ་སྔོན་མི་ཤི་མ་མྱོང་པར་ཐལ།
མི་ཞིག་ཤི་མྱོང་ཀྱང་མི་ཤི་བར་ཁྱོད་ཀྱིས་མི་འདོད་པའི་ཕྱིར།ཧཧཧ།
ཁྱོད་ཀྱི་ཕ་ཡུལ་གྱི་མི་འཆི་མེད་སྐྱེས་ནས་བརྩན་པའི་སྐུ་ཐོབ་པར་ཐལ།
ཁྱོད་ཀྱི་ཕ་ཡུལ་ཨ་མདོར་དེ་སྔོན་མི་སྐྱེས་མ་མྱོང་པར་ཐལ། མི་ཞིག་སྐྱེས་པ་ལས་མི་སྐྱེས་པ་ཁྱོད་ཀྱིས་མི་འདོད་པའི་ཕྱིར།
ཧཧཧ་ འདི་ལོར་སྐྱེ་དགུའི་མདོར་ས་འགུལ་གྱིས་རྐྱེན་པས་མི་མ་ཤི་བར་ཐལ།
ད་ལན་ཐོབ། ཁྱོད་ལྟར་ན་མི་ཞིག་ཤི་བར་འདོད་ཀྱང་མི་མ་ཤི་བར་འདོད་དགོས་པའི་ཕྱིར།
ད་འོ་ན་གླང་དར་མས་བོད་ཀྱི་ནང་བསྟན་མ་བསྣུབས་པར་ཐལ།
བོད་ཀྱི་ནང་བསྟན་གྱི་བྱེ་བྲག་ཅིག་བསྣུབས་ཀྱང་ནང་བསྟན་མ་བསྣུབས་པའི་ཕྱིར།
ནང་བསྟན་མ་བསྣུབས་བཞིན་དུ་ལྷ་སྲས་ལ་གླང་དར་མ་ཞེས་བྱོལ་སོང་གི་མིང་ངན་འདོགས་དགོས་པའི་རྒྱུ་མཚན་ཞོག
གལ་ཏེ་ནང་བསྟན་མ་བསྣུབས་ན་གོང་དུ་ཁྱོད་ཀྱིས་བོན་དང་བོན་པོ་བསམ་གཏན་མཁར་རྨེའུ་ལ་དམའ་འབེབས་ཀྱི་ཚིག་བརྗོད་པ་ཐམས་ཅད་དོན་མེད་ཀྱི་རི་བོང་ཅལ་འདྲོགས་བྱས་པ་རང་རེད།་ ཁྱོད་རང་གིས་བྲིས་པའི་རི་བོང་ཅལ་འདྲོགས་ཀྱི་སྒྲུང་དུ་གཟིགས།
དྲྭ་རྒྱ་འདིར་བན་བོན་གྱི་དབར་ལ་འཁྲུགས་རྩོད་དང་མི་གཤིས་ལ་དམའ་འབེབས་སོགས་བྱུང་བ་ཡོད་ཚེ་མཆན་བུ་ཐོག་མར་ཁྱོད་ཀྱིས་བྲིས་པས་ཉེས་པ་ཐམས་ཅད་ཁྱོད་ཀྱིས་བྱས་སོ།
ཞིབ་ཕ྄ྲ་དཔ྄ྱད་ལོང་མ་བ྄ྱང་བས་ནོར་བ་ཡོད་ན་ར྄ྗེས་སུ་གསལ་བཤད་ཞུ་གི་ཡིན།
གཞོན་ནུ་ཟླ་མདེ་ལགས་ང་ཡི་མཆན་380་ནང་གི་དྲི་བར་ཁྱོད་ཀྱིས་ལན་འདེབས་ཐུབ་མི་འདུག་ད་དུང་སྒུགས་ནས་བསྡད་ཡོད།་ ཁྱབ་འགྲིག་གིས་རིག་པ་འཕེན་ཡོད་པས་དེ་ཚོར་ལན་ཡོད་ན་འབྲི་རོགས།
ལན་མེད་ན་མེད་ཅེས་བཤད་ནའང་འགྲིག ཁྱོད་ཀྱིས་ཐོག་མ་ནས་ང་ཡི་མཆན་ལ་འཇུས་ཏེ་གང་བཤད་ཅི་བཤད་བྱེད་རྒྱུའི་བསམ་ངན་འཆང་བ་ཞིག་ངས་ཐོག་མ་ནས་ཧ་གོ།་ འོན་ཀྱང་ཁྱོད་ནི་བགྲོ་གླེང་འདི་ཡི་མི་གཏེ་བོ་ཞིག་ལ་ངོས་འཛིན་གྱིས་ངས་དེ་ཙམ་དོ་སྣང་བྱས་མེད།་ འབྲི་རྒྱུ་ཡོད་མདོག་རིག་པ་ཡོད་མདོག་བྱེད་མཁན་ཞིག་ཡིན་པས་ང་ཡིས་དྲི་བར་ལན་མེད་པ་གང་ཞིག་བྱུང་སོང༌། ཡི་གེ་མང་ན་སྐྱོན་ཡོད་པ་མ་རེད། ཁྱོད་རང་ལ་ཀློག་འདོད་མེད་ཀྱང་ཀློག་མཁན་མང་པོ་ཡོད་རེད། རྩོམས་པ་པོ་མང་པོ་ཞིག་གིས་རང་ལ་དཀའ་གནད་འཕྲད་ས་ཞིག་བྱུང་ན་དེར་ཡི་གེ་མང་བར་དྭོགས་ནས་མ་བྲིས་སོ། ཞེས་བཤད་སྲོལ་ཞིག་འདུག་དེ་དང་འདྲ་བོ་ཞིག་ཁྱེད་ཀ྄ྱིས་བྱེད་ཀྱི་འདུག
བོན་ཞེས་སྨོད་ཀྱང་གལ་ལ་ཐུག་པའི་དུས།
བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི།
ལ་སྟོད་བུ། མི་བྱེ་བྲག་པ་ཞིག་ཤི་བས་མི་ཤི་བར་འཇོག་ཟེར་ན། འཛམ་བུ་གླིང་དུ་མི་མེད་པར་ཐལ། མི་ཤི་ཚར་བའི་ཕྱིར། མི་བྱེ་བྲག་པ་ཞིག་མེད་པར་གྱུར་བས་མི་མེད་པར་འཇོག་པར་ཐལ། མི་ཤི་བ་ལ་རིགས་པ་མཚུངས་པའི་ཕྱིར། ཡང་འཛམ་བུ་གླིང་དུ་མི་མེད་པར་ཐལ། འཛམ་བུ་གླིང་དུ་མི་བྱེ་བྲག་པ་ཞིག་མེད་པར་གྱུར་བའི་ཕྱིར་ཏེ། གླང་དར་མེད་པར་གྱུར་བའི་ཕྱིར། འདོད་ན་ལ་སྟོད་པ་ཁྱོད་མི་མ་ཡིན་པར་ཐལ། འཛམ་བུ་གླིང་དུ་མི་མེད་པར་གྱུར་་བའི་ཕྱིར། དེར་ཐལ། མི་བྱེ་བྲག་པ་ཞིག་མེད་པར་གྱུར་བའི་ཕྱིར།
ཡང་ལ་སྟོད་ན་མི་མེད་པར་གྱུར་བར་ཐལ། ལ་སྟོད་ནས་མི་གཅིག་མེད་པར་གྱུར་བའི་ཕྱིར། མི་གཅིག་མེད་པར་གྱུར་བར་ཐལ། མི་གཅིག་ཤི་ཟིན་པའི་ཕྱིར། མི་གཅིག་བུ་དེ་ལ་སྟོད་མིའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན་ལ་སྟོད་ན་མི་མེད་པར་ཐལ།
རིགས་པ་སྨྲ་བ་ཡོངས་ཀྱིས། སྤྱི་ཁེགས་ན་བྱེ་བྲག་ཁེགས་པར་འཇོག་ཀྱང་། ལ་སྟོད་གླེན་པས་བྱེ་བྲག་ཁེགས་ན་སྤྱི་ཁེགས་པར་འཇོག་པ་འདི་ཡང་ཡ་མཚན་པ་ཞིག་ཅི་སྟེ་མིན། བོན་པོ་མེད་པར་ཐལ། བོན་པོ་བྱེ་བྲག་པ་ཞིག་མེད་པའི་ཕྱིར། བོན་པོ་བྱེ་བྲག་པ་ཞིག་ཤི་ཟིན་པའི་ཕྱིར། དག་ཡིག་རྣམས་ན་ལྐུག་པའི་ལྐུག་ནི་ལ་ལྐུག་ཡིན།། ཟེར་བ་ཅི་མི་བདེན། ལ་སྟོད་ན་ཁྱོད་ལྟ་བུ་རྐྱང་འེ་རེད།
ཕ་ཡུལ་གཅིག་པ་གཞོན་ནུ་ཟླ་མེད་དང་ངོ་མི་ཤེས་ལ་སྟོད་བུ་གཉིས་ལ་གཞས་ཤིག་འབུལ།
http://www.youtube.com/watch?v=1GGCckcgCac&feature=related
ཀརྡོ་རབ་འབྱམས་པ་ལགས། ཁྱེད་རང་“ལྟོ་གོས་ལས་ཀ་དང་། བཟའ་ཟླ་བུ་ཕྲུག་ཚོའི་མཉམ་དུ་དུས་ཚོད་ཀྱང་བཏང་དགོས་”པ་དེ་འདྲ་དངོས་གནས་ཡིན་ན་ཁག་མི་འདུག གང་ལྟར་ཁྱེད་རང་སྔར་བཤད་ཚར་བ་དེ་དག་ཁྱེད་རང་གིས་འགན་ལེན་དང་བདག་པོ་བྱེད་རྩིས་ཡོད་ན་ང་ལ་སྔ་ཕྱིའི་ཁྱད་པར་གང་ཡང་མེད་པས་དེ་ག་རང་གིས་འགྲིག་འདུག
འོན་ཀྱང་ངས་འདི་ནས་ད་དུང་གོང་དུ་ཁྱེད་ཀྱིས་བཀོད་པའི་མཆན་ཨང་༼ ༣༦༢ ༽ནང་དུ་“ཁྱི་རྟ་སྤྲེལ་གསུམ་བསད་ནས་བོན་ལྷར་མཆོད་ཀྱང་། ཆོས་ལུགས་མིན་ཞེས་སྨྲ་ཕོད།” ཅེས་པའི་ཧམ་བཤད་དེ་ལས་འཕྲོས་ཏེ་དམར་མཆོད་འབུལ་མཁན་དེ་སུ་ཡིན་མིན་གྱི་སྐོར་ཅུང་ཙམ་ཞིག་ཁྱེད་ཀརྡོ་གཙོས་པའི་བོན་པོས་དམར་མཆོད་འབུལ་བར་དངོས་ཤུགས་རྒྱུད་གསུམ་ནས་བསྒྲུབ་ཁུལ་བྱེད་པ་པོ་དག་ལ་གླེང་རྒྱུ་ཡིན་པས་དེ་ཕྱོགས་ནས་ཀྱང་མཁས་གྲུབ་སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས།
མ་རབས་ལུགས་དང་འདི་མི་མཚུངས།
རྩོད་ཚེ་ཀླུ་གྲུབ་ཡབ་སྲས་ལའང་།
མཆིལ་ལྷམ་འགྲམ་པར་བརྒྱབ་པ་སོགས།
དེ་ལྟའི་ཀུན་སྤྱོད་ཡོད་ཅེས་ཐོས།
རྩོད་པས་འཁོན་དུ་མི་འཛིན་པ།
མཁས་པ་རྣམས་ཀྱི་སྤྱི་ལུགས་ཡིན།།
ཞེས་གསུངས་པ་བཞིན་འཁོན་འཛིན་དང་ཁོང་ཁྲོ་མི་གནང་བར་རྣལ་མའི་བགྲོ་གླེང་གནང་རོགས་ཞེས་ཞུ་བཞིན་ཡོད།
ཐོག་མར་སྔར་བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང༌། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ་བ་དང་། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང༌། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད་པའི་སྲོལ་དག་ནི་བོད་ཀྱི་གནའ་བོའི་ཡུལ་སྲོལ་ལས་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་གང་ཡང་མ་ཡིན་པར་གོང་དུ་རབ་དང་རིམ་པས་བཤད་ཟིན་ན་ཡང་ད་དུང་ཁྱེད་ཚོས་ཨུ་ཚུགས་ཀྱིས་དེ་ཉིད་བོན་གྱི་ཆོས་སྲོལ་ཡིན་པར་སྨྲ་བཞིན་འདུག་སྟབས། གཟིགས་རྒྱ་དང་ཐོས་རྒྱ་ཆེས་ཆེར་ཡངས་པའི་མཁས་དབང་ལ་སྟོད་བུས་མཆན་ཨང་༼༣༦༦༽ནང་དུ་དེ་སྐབས་དམར་མཆོད་བཏང་མཁན་ནམ་ཆོ་ག་བྱེད་མཁན་དེ་བན་དྷེ་ཞིག་ཡིན་པའི་ཚུལ་དག་བོད་གངས་རིའི་ཁྲོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པར་གྲགས་པའི་རྒྱལ་རབས་༼དེབ་ཐེར་དཀར་པོའི་༽ནང་དུ་གསལ་བར་ལྡེབ་གྲངས་དང་བཅས་པ་ཁྱེད་ཅག་ལ་ངོ་སྤྲད་ཟིན་མོད།
ད་ནས་གལ་སྲིད་ལུང་དེ་དག་༼དེབ་ཐེར་དཀར་པོའི་༽ནང་དུ་འདུག་ན་ཁྱེད་ཚོས་“རྟ་སྤྲེལ་ཁྱི་གསུམ་གྱི་དམར་མཆོད་ཕུལ་ས་ཡར་ལྷ་ཤམ་བུ་དང་། ཕུལ་མཁན་བན་དྷེ་རེད་ཟེར་ན། ཡང་ཧམ་པ་གསར་པ་ཅིག་མ་རེད་པེ། བློ་རྣལ་དུ་ཕབས་ནས་སོམས་ཤིག”ཅེས་པའི་སྡིགས་མོ་འདི་དགེ་ཆོས་ལ་བྱེད་དགོས་པ་ལས་ལ་སྟོད་བུ་ལ་བྱེད་པ་ནི་ཚིག་པ་མི་ལ་ཟ། ལོང་ལྕག་རྟ་ལ་བྲབས་པ་རེད་མི་འདུག་གམ།
མ་གཞི་ཁྱེད་ཚོས་སྔར་བོད་གངས་རིའི་ལྗོངས་སུ་དམར་མཆོད་འབུལ་མཁན་ཡོད་ཚད་བོན་ལུགས་སུ་སྙད་འདོགས་རྒྱུའི་གྲ་སྒྲིག་ཡོད་ཚོད་འདུག་པས། ད་འོ་ན་ཨ་ཙ་ར་དམར་པོ་དང་། ཤམ་ཐབ་སྔོན་པོ་ཅན་བྱ་བ་བོད་དུ་འོངས་ནས་རྙེད་བཀུར་གྱི་ཆེད་དུ་སྦྱོར་སྒྲོལ་སོགས་སྒྲ་ཇི་བཞིན་དུ་བྱེད་པའི་ལག་ལེན་སྤེལ་ནས་བོད་རྣམས་དེ་ལ་འཇུག་པ་མང་བས་དེ་དག་ལ། པུ་ཧྲང་གི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས།
“སྒྲོལ་བ་དར་བས་ར་ལུག་དམྱལ་ཐག་བཅད།
སྦྱོར་དར་བས་མི་རིགས་འཆོལ་བར་འདྲེས།
སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད།
བཾ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་།
མཆོད་སྒྲུབ་དར་བས་མི་རྣམས་གསོན་སྒྲོལ་བྱུང་།
སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་།
མེ་གསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕངས། དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི།”ཞེས་དང་ཡང་།
“སྒྲོལ་བས་སྲོག་ཆགས་བསད་པའི་རྣམ་སྨིན་གྱིས།
ལས་ཀྱི་སྲིན་པོར་སྐྱེ་བ་སྙིང་རེ་རྗེ།
ཤ་ཁྲག་གཅིན་གྱིས་དཀོན་མཆོག་གསུམ་མཆོད་ཅིང་།
ལྡེམ་དགོངས་མི་ཤེས་དྲང་ཐད་ཆོས་སྤྱོད་པ། ་ གནོད་སྦྱིན་སྲིན་པོར་སྐྱེ་བའི་ཐེག་ཆེན་པ།”ཞེས་སོགས་དང་།
ད་དུང་ཕོ་བྲང་ཞི་བ་འོད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་སྔགས་ལོག་སུན་འབྱིན་གྱི་ཆེད་དུ་སྤྲིང་པར་གྲགས་པའི་བཀའ་ཤོག་དེ་དག་གི་ནང་གསལ་ལྟར་སྔར་བོད་དུ་དུད་འགྲོ་སེམས་ཅན་གསོད་ནས་ཤ་ཁྲག་དམར་མཆོད་འབུལ་བ་དེ་དག་བོན་པོས་བོན་ལྷར་དམར་མཆོད་འབུལ་བ་རེད་དམ་ལེགས་པར་སོམས་ཤིག ད་ཁྱོད་ཀྱིས་ཨ་ཙ་ར་དང་ཤམ་ཐབ་སྔོན་པོ་ཅན་དག་བོན་པོ་དང་དེས་མཆོད་ཡུལ་དུ་བཟུང་བའི་གསང་སྔགས་ཀྱི་ལྷ་ཡོད་ཚད་བོན་ལྷར་འདོད་རྒྱུ་ཡིན་ནམ།
དེ་མིན་ངེད་བོན་པོ་ཚང་ལ་སྔ་ཕྱི་བར་གསུམ་དུ་རང་དགར་གྱི་དམར་མཆོད་འབུལ་བ་ལྟ་ཅི། དེ་ལྟ་བུའི་གསང་སྔགས་ཀྱི་སྦྱོར་སྒྲོལ་སྒྲ་ཇི་བཞིན་སྤྱོད་མཁན་ཞིག་བྱུང་མྱོང་བའི་ལོ་རྒྱུས་མེད་པ་གསལ་གསལ་ཐིང་ཐིང་ཡིན།།
ཁ་སྔོན་གླག་ཅེས་པའི་ཁ་ཕོ་ཅན་ཞིག་གིས་བོན་པོས་དམར་མཆོད་འབུལ་བར་སྒྲུབ་བྱེད་ཀྱི་ལུང་ཡིན་མདོག་གིས་བོན་གྱི་མངལ་གསོལ་གྱི་ཕྱག་དཔེ་ཞིག་ནས་ལུང་དུམ་བུ་ཞིག་དྲངས་བྱུང་མོད་ཀྱང་། དེ་ལ་ངས་གོང་དུ་མཆན་ཨང་༼༣༡༡༽ནང་དུ་ལན་ཁ་གསལ་བྲིས་ཡོད་ན་ཡང་ལན་གང་ཡང་འབྱོར་མ་སོང་བས་ཁོ་ཡང་མི་སྨྲ་རྟུལ་བཞུགས་བཟུང་ནས་ཕམ་པའི་གནས་སུ་བསྡད་ཡོད་ཚོད་རེད།
མཇུག་ཏུ་ངས་ཁྱེད་ཅག་ལ་ངལ་གསོའི་ཚུལ་དུ་པཎྜི་ཏ་དྷརྨ་རཀྵ་ཏས་གདམས་པའི་ཚིག་བཅད་ཁ་ཤས་ཤིག་མཆོད་པ་འབུལ་རྒྱུ་ཡིན་པས་དགྱེས་བཞེས་གནང་རོགས་ཞུ།།
“བཟང་པོ་ལྟ་བུར་ཀུན་གྱིས་བཅོས་ན་ཡང་།
ལོག་ལྟའི་གནས་སུ་བདག་ལྟ་འཁྲུགས་པ་ཡིས།
སྟག་མོ་བུ་གཟན་ལྟ་བུར་འཇིགས་པ་དེ།
བཀའ་སྡོད་བསྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡི།།
ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང་།
བྱི་ལ་བཞིན་དུ་བསམ་པ་མ་རུང་པའི།
དམ་པའི་གཟུགས་བརྙན་གསོ་རུ་་མེད་པ་དེ།
མ་མོ་རྣམས་ཀྱིས་ཁ་རུ་གདབ་བྱ་ཡིན།།
ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་།
ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི།
ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ།
གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན།།
ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་།
ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་།
སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་དེ།
དྲང་སྲོང་རྣམས་ཀྱིས་དམོད་པས་གདབ་བྱ་ཡིན།།
རྟགས་དང་ལྡན་ཡང་ཚུལ་ཁྲིམས་མི་བསྲུང་ཞིང།
འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས།
དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན།། ཞེས་གསུངས་སོ།།
མི་རིང་བར་སླར་མཇལ་ཡོང་།” ཐ་ཚན་མུ་ཙུག་སྨར་རོ།།
དམུ་ཐག་བུ་རྒྱུད།
ཁྱེད་ཀྱི་རྟགས་གསལ་བཏང་བ་ལེན་མི་ཐེབས་རྒྱུ་གང་ཡང་མེད་ཅིང་ལན་དགོས་བ་ཐམས་ཅད་བཏབས་ཚར་བ་ཡིན། ཁྱེད་ཀྱི་ཉ་ཉོག་འདྲེས་བའི་མགོ་སྐོར་བཏང་བྱེད་ཚིག་སྟེ། ཤེས་བྱ་རྟག་པ་ཡིན་མིན་གྱི་ཁྱབ་ཐལ་ལ་ལེན་འདེབས་རིན་མེད་ཅིང་དོན་གྱིས་སྟོང་བས་ཡིན། འོན་ཀྱང་ལན་འདེབས་དགོས་ན་འོག་ཏུ་འདེབས་ངེས་ཡིན་པས་མཐོང་རྒྱུ་ཞིག་ཡོད་པ་འདོད་ལྟོས་ན་ལགས། ཁྱེད་ལ་རིག་པ་མེད་པར་ལུང་སྐམ་པོ་ཞིག་དྲངས་ནས་རྩོད་དགོས་ན་ཤོག་དང་ལུང་གིས་རྩོད་དགོས། ལུང་རིག་ཟུང་འབྲེལ་གྱིས་ངས་དེ་སྔོན་རྩོད་ཟིན་ཞིང་མ་འོངས་བའང་རྩོད་ངེས་ཡིན། ཁྱེད་ཀྱིས་བཤད་པའི”སངས་རྒྱས་རྟག་པ་ཡིན་ཡང་སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ་པའི་མུ་ལ་སངས་རྒྱས་འཕགས་པ་བཞག་ན་ཁྱོད་ཨེ་འཐད། བཅོམ་ལྡན་འདས་བཞག་ན་ཁྱོད་ཨེ་འཐད། སྤྱན་རིས་གཟིགས་བཞག་ན་ཁྱོད་ཨེ་འཐད། ཤེས་བྱ་རྟག་པ་ཡིན་ཡང་ཤེས་བྱ་ཡིན་ན་རྟག་པ་ཡིན་པའི་མ་ཁྱབ་པའི་མུ་ལ་ཀ་བ་བཞག་ན་ཁྱོད་ཨེ་འཐད། ཨ་བསོད་བཞག་ན་ཁྱོད་ཨེ་འཐད། འུག་པ་བཞག་ན་ཁྱོད་ཨེ་འཐད།” སུ་ཁྱེད་ལ་རྟག་པ་ཡིན་ན་སངས་རྒྱས་ཡིན་པའི་ཁྱབ་བ་འདོད། སངས་རྒྱས་རྟག་པ་རེད་ཟེར་བ་ལས་རྟག་པ་སངས་རྒྱས་རེད་ཀྱིན་མེད་པས་རྟག་པ་ཡིན་ན་སངས་རྒྱས་ཡིན་པའི་མ་ཁྱབ་སྟེ། འདས་བ་བྱས་ཀྱི་ཆོས་ཐམས་ཅད་རྟག་པ་ཡིན་ཡང་སངས་རྒྱས་མིན། དེ་ནི་རྩོད་མི་དགོས་བའི་བསྡུས་གྲྭའི་རིག་པའི་རྩེད་མོ་ཙམ་རེད། ཡིན་པ་མིན་པ་སྒྲུབ་རྒྱུ་དང་མིན་པ་ཡིན་པ་སྒྲུབ་ན་བསྡུས་གྲྭ་སྦྱངས་བའི་རྟགས་རེད་ནས་གྲྭ་ས་ཁག་ཏུ་རླུང་ལྟར་གྲགས་ཀྱིན་ཡོད་པ་ལས་ངས་གསར་གཏོད་བྱས་ཤིང་ཁྱབ་མཐའ་རིག་པ་ལ་ཞྭ་མོ་སྐོན་པ་ཞིག་མིན། མི་བདེན་ན་བདེན་ས་ཁག་ཏུ་སྐད་ཆ་དྲིས་དང་གསལ་ཆ་ཡོང་ངེས་རེད། ད་དུང་ཡིད་མི་ཆེས་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་སྙིང་ངག་སྤྱི་དོན་ལ་ལྟོས་དང་ཁོང་གིས་དེའི་སྐོར་གསལ་བོ་བཤད་ཡོད།
འདི་ལ་ངས་དང་པོ་ཁྱེད་ཀྱིས་འཁྱོག་བཤད་དང་གོ་ནོར་ཐེབས་པ་སེམས་ནས་མཆན༣༧༠ནང་འདི་ལྟར་”སངས་རྒྱས་ཆོས་ལུགས་པ་མང་པོས་སྟོན་པ་མྱ་ངན་ལས་འདས་བའི་རྒྱུ་མཚན་གཙོ་བོ་ཞིག་ཁག་གཡོག་ས་ནི་ཁོང་གི་སྐུ་ལ་འཁོར་བའི་དྲི་མས་སླད་པ་ཞུགས་པས་མྱ་ངན་ལས་འདས་བ་འདོད་ལ། སངས་རྒྱས་ཡིན་ན་འབྲས་བུ་ཆོས་སྐུ་རྟག་པ་ཡིན་དགོས་བས་མྱ་ངན་ལས་འདའ་མི་སྲིད་པས། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རང་སྟོན་པ་ལ་སངས་རྒྱས་འཕགས་པ་འབོད་པ་ལས་སངས་རྒྱས་མི་འབོད། འོན་ཀྱང་བསྡུས་ཚིག་ཏུ་སངས་རྒྱས་ཞེས་འབོད། སྟོན་པ་གཤེན་རབ་སངས་རྒྱས་ངོས་ཡིན་ན་མྱ་ངན་ལས་འདའ་དགོས་བ་གང་ཡིན་ནམ།” སངས་རྒྱས་འཕགས་པ་ཟེར་བ་ལས་སངས་རྒྱས་ཞེས་མི་འབོད་ཅེས་བའི་དོན་ནི་ལོངས་སྐུའི་ངོ་བོ་གནས་བའི་སངས་རྒྱས་མི་འདོད། འོན་ཀྱང་བསྡུས་ཚིག་དང་གྲགས་པའི་དབང་གི་དེ་ལྟར་འབོད་ཅེས་བཤད་ཟིན་ཡང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་སྐྱར་གསལ་བཤད་བྱས་བ་ཡིན། ཁྱེད་ཀྱིས་ངར་བཙུར་ཚུལ་བཤད་ཀྱིན་ཡོད་མོད་ཁྱེད་ཀྱིས་བཙུར་ཚུལ་ནི་དེ་འདྲ་རེད་དམ།་
“རང་གི་འདོད་པ་ཙམ་སྨྲ་རྒྱུ་ལས་ལུང་དང་རིགས་པ་གང་ཡང་འདྲེན་རྒྱུ་མེད། ཁྱོད་འདྲ་བ་ཚོ་དམ་བཅར་བསྡད་ན་ཡིན་པ་མིན་པ་དང་མིན་པ་ཡིན་པར་བསྒྲུབ་མཁན་་ཨ་ནུ་ཐང་ལ་མི་ཤོང་བ་ཡོད་ངེས་ལ་ཐེ་ཚོམ་ཅི། (མཚན་ཉིད་རིག་པ་)ཞེས་པའི་གོ་བ་ཙམ་ཡང་ཆོད་པའི་བློ་གྲོས་མེད་ན་བདེན་པ་གཉིས་ཀྱི་དོན་འགྲོལ་བའི་བློ་སྟོབས་ཤིག་མཁའ་དབྱིངས་ཀྱི་པད་མོའི་ཁ་དོག་རང་རེད། སངས་རྒྱས་འཕགས་པ་གང་ཞིག་སེམས་ཅན་ལ་ཤས་མི་བཟོད་པའི་བརྩེ་བས་འཇིག་རྟེན་ཏུ་རྐང་གཉིས་ཀྱི་ཚུལ་དུ་བྱོན་པ་དེ་དག་གི་སྐུ་གཟུགས་ཀྱང་ཟག་བཅས་སུ་ཁས་བླངས། དེ་དག་གིས་སྐྱེ་རྒ་ན་འཆིའི་ཚུལ་མཛད་པ་ལ་ད་ནི་དེ་དག་སྐྱ་རྒ་ན་འཆིའི་སྡུག་བསྔལ་བར་གྱུར་ཏོ་སྙམ་དུ་བློ་འཁྲུལ། སངས་རྒྱས་ཡིན་ན་རྟག་པ་ཡིན་པའི་ཁྱབ་པར་སྒྲུབ་བྱེད་དུ་མཐར་ཐུག་གི་བདེ་བ་རྟག་བརྟན་འགྱུར་མེད་བཀོད་པ་དེ་འདྲ་བ་སུས་ཀྱང་འགོད་དཀའ། ཨ་ལ་ལ་། ཨེ་མ་ཧོ།
ཐལ་ཆ་ཆེ་བའི་གཏམ་སྨྲ་བ་ལ་བག་མི་ཚ་བ་འདི་འདྲ་ཞིག་བདག་གི་རྩོད་ཟླར་འོང་བ་ལ་ཡིད་སྐྱོ། བདག་གིས་ཀྱང་ཤིགས་གསོད་པར་སྟར་རེ་ཁྱེར་རོ་སྙམ་དུ་ངོ་གནོང་། སྟོན་པ་ཐུབ་པའི་དབང་པོ་མི་ཡི་གཟུགས་སུ་བྱོན་པ་དང་། དགོས་དབང་གིས་ཉ་སོགས་བྱོལ་སོང་དང་དུད་འགྲོའི་གཟུགས་སུ་བྱོན་པ་དག་ལའང་ཡིད་མི་ཆེས་པའི་གཏམ་ཧར་པོ་ཆེ་འདི་འདྲ་བ་སྨྲ་བའི་རྐྱེན་བདག་གིས་རིགས་པས་བཙིར་བཙིར་བ་དེ་ཡིས་བྱས་པས་འགྱོད་པའང་སྐྱེས།”
ཁྱེད་རྩོད་འདོད་མེད་ན་ཨུ་ཚུགས་ཀྱིས་རྩོད་ས་འཁྲིད་ཡོང་དགོས་དོན་མེད་ལ་ཁྲིད་ཀྱང་ཐུབ་ཀྱི་མ་རེད། ཁྱེད་ཀྱིས་ང་ལ་ལུང་རིག་གི་རྒྱབ་ལྗོངས་གང་མེད་པར་རང་འདོད་ཀྱིས་སྐད་ཆ་བཤད་བཞིན་འདུག་པ་ཟེར་བ་ནི་དོན་དངོས་ཁྱེད་ཉིད་ཨུ་ཐུག་ཅིང་སྨྲ་བ་ཟད་པའི་རྟགས་མཚན་ཞིག་ལས་གང་ཡང་མིན། ངས་ལུང་རིག་གི་རྒྱབ་ལྗོངས་མེད་པར་རང་འདོད་ཀྱིས་སྐད་ཆ་ཅི་ཞིག་བཤད་ཟིན། ལུང་དང་རིག་པ་ཟེར་བ་ནི་གཞན་ཞིག་ནས་འཁྱེར་ཡོང་རྒྱུ་ཁོ་ན་མིན་པར་གཞན་གྱི་ལུང་ལ་རང་གི་རིག་སྟོབས་ཞུགས་པ་གོ་དགོས་བ་ལས་གཞན་གྱིས་བཤད་པ་ཁོ་ན་སྨྲས་ན་ལས་ཟློས་ལས་རིག་པ་མིན། དེ་ནི་ལུང་ཡིན་ཞིང་ལུང་གི་ནང་ནས་ལུང་སྐམ་པོ་ཟེར་བ་དེ་ཡིན།
སངས་རྒྱས་ཀྱི་མཚན་ཉིད་འབྲས་བུ་ཆོས་སྐུ་རྟག་པ་ཡིན་ཏེ་སངས་རྒྱས་རྟག་པས་ཕྱིར་ཟེར་བ་ནི་ལུང་མིན་ན་ཅི་ཞིག་རེད། ངའི་རང་བཟོ་མིན།
ཤཱཀྱ་མི་ནེ་མི་ལུས་རྟེན་དུ་སྤྲུལ་ནས་ཡོང་བ་སངས་རྒྱས་ཆོས་ལུགས་པའི་ཁྲོད་ནས་འདོད་མཁན་དང་མི་འདོད་མཁན་གཉིས་ཡོད། བྱེ་བྲག་སྨྲ་བས། “ཁ་ཅིག་གིས་སྟོན་པ་མྱ་ངན་ལས་འདས་བའི་ཚེ་གདུལ་བྱ་འགའ་ཞིག་གི་ངོར་གཟུགས་སྐུའི་བཀོད་བསྡུས་པ་ཙམ་གྱི། དོན་ལ་མྱ་ངན་ལས་འདས་པ་མེད་ཅེས་སྨྲ་བ་ནི་ཉ་དང་ཉུང་མ་བསྲེས་བའོ། སངས་རྒྱས་འཕགས་པས་སྡུག་ཀུན་མ་ལུས་བར་སྤངས་ཀྱང་། དེའི་རྒྱུད་ལ་སྡུག་བདེན་ཡོད་པ་མི་འགལ་ཏེ། སྡུག་བདེན་ལ་དམིགས་པའི་ཉོན་མོངས་མ་ལུས་བ་སྤངས་པ་ན་སྡུག་བདེན་སྤངས་པར་འཇོག་པའི་ཕྱིར། གཟུགས་ཀྱི་སྐུ་ནི་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དང་ཚེ་གཅིག་གིས་བསྡུས་པའི་ཕྱིར་སངས་རྒྱས་དཀོན་མཆོག་མིན་ཡང་སངས་རྒྱས་སུ་ཁས་ལེན་ལ། སངས་རྒྱས་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ཟད་མི་ཤེས་བའི་ཡེ་ཤེས་ལ་འདོད་དོ།” འདི་ནི་ཨ་ནུ་ཐང་བསོད་ནམས་ཀྱིས་རང་བཟོ་བྱས་བ་མིན་པར་ཤཱཀྱ་མི་ནེ་སེམས་ཅན་སྣང་ངོར་འཁྲུངས་ཞིང་དེ་ལྟར་མྱ་ངན་ལས་འདའ་བ་མི་འདོད་མཁན་སངས་རྒྱས་ཆོས་ལུགས་པ་ཚོས་གྲས་ནས་ཡོད་པས་རེད། དེ་བཞིན་སློབ་པ་འཕགས་པ་རྣམས་ཟག་སྐྱེས་ཡིན་པས་དགེ་འདུན་དཀོན་མཆོག་མིན་ཡང་དགེ་འདུན་ལ་འདོད། དགེ་འདུན་དཀོན་མཆོག་ནི་དེའི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འདོད་དོ། དེ་དག་ཕྲན་གྱིས་བདེན་དུ་འདོད་ཅིང་རང་གི་རིག་སྟོབས་དང་ལྷན་སྒྲུབ་ཅིང་ཁྱེད་ལ་བཤད་པ་རེད།
གནས་ལུགས་ཡོད་ཅིང་ཡོང་འདོད་ཡོད་ན་མུ་མཐུད་དུ་ཤོག རྩོད་ཅིང་མུ་མཐུད་དུ་རྩོད།
གཞོན་ནུ་ཟླ་མེད་ལགས།
ང་ཡི་མཆན་380-402-403་རྣམས་སུ་བཀོད་པའི་དྲི་བར་ད་དུང་ཡང་ལན་མི་འདུག
དྲི་བ་དེ་དག་ལ་ལན་འདེབས་རྒྱུ་མེད་ན་ཁྱོད་རང་འུ་ཐུག་ཐབས་ཟད་པ་ཡིན་པའི་རྟགས་མཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡིན་ནོ།
གཞོན་ནུ་ཟླ་མེད་ཀྱིས་ང་ཡིས་དྲི་བར་ལན་འདེབས་མ་ཐུབ་པར་ཐལ།
ང་ཡི་དྲི་བ་བྱེ་བྲག་པ་ཞིག་ལ་ལན་བཏབས་པ་དེ་ནི་སྤྱིར་ང་ཡིས་དྲི་བར་ལན་བཏབས་པར་མི་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་ཀྱིས་ཇ་མ་བཏུངས་པར་ཐལ། ཇ་བྱེ་བྲག་པ་ཅིག་བཏུངས་པ་ལ་ཁྱོད་ཀྱིས་ཇ་བཏུངས་བར་མི་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་ཁྱོད་ཀྱིས་གྲྭ་སར་ཕྱིན་ནས་སློབ་སྦྱོང་མ་བྱས་པར་ཐལ། སློབ་སྦྱོང་བྱེ་བྲག་པ་ཞིག་བྱས་པར་སློབ་སྦྱོང་བྱས་པར་ཁྱོད་ཀྱིས་མི་འདོད་པའི་ཕྱིར།
འོ་ན་ཁྱོད་ཀྱི་མཆན་ཞིག་གིས་ནང་དུ་དང་པོ་ཕ་ཡུལ་ནས་ཡོང་ནས་ར྄ྡ་སར་༸གོང་ས༸མཆོག་མཇལ་རབས་དང་དེ་ནས་གྲྭ་སར་ཕྱིན་ནས་སློབ་སྦྱོང་བྱས་རབས་སོགས་བཤད་འདུག་པས་དེ་རྫུན་ཡིན་པར་ཐལ། ཁ྄ྱོད་ཀ྄ྱིས་ས྄ློབ་ས྄ྦ྄ྱོང་མ་བ྄ྱས་པའི་ཕ྄ྱིར་ར྄ྟགས་ཁས།
ཁྱོད་ཀྱི་མིག་གིས་མི་མཐོང་མ་མྱོང་པར་ཐལ། མི་བྱེ་བྲག་པ་ཞིག་མཐོང་པར་མི་མཐོང་བར་ཁྱོད་ཀྱིས་མི་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་བོན། ཁྱོད་རྒྱ་གར་ཡུལ་དུ་མ་སླེབས་པར་ཐལ།
རྒྱ་གར་ཡུལ་གྱི་བྱེ་བྲག་པ་ཞིག་ལ་སླེབས་པར་རྒྱ་གར་གྱི་ཡུལ་དུ་སླེབས་པར་ཁྱོད་ཀྱིས་མི་འདོད་པའི་ཕྱིར།
གཞོན་ནུ་ཟླ་མེད་བོན་ཅན། ཁྱོད་ཀྱིས་ཁ་ཟས་བཟའ་མ་མྱོང་པར་ཐལ། ཁ་ཟས་བྱེ་བྲག་པ་ཞིག་ཟས་པར་ཁ་ཟས་ཟོས་པའི་གོ་མི་ཆོད་པ་ཁྱོད་ཀྱིས་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་བོན་ཅན། ཁྱོད་ཨ་མ་ལས་མ་སྐྱེས་པར་ཐལ། ཨ་མ་བྱེ་བྲག་པ་ཞིག་ལས་སྐྱེས་པར་ཨ་མ་ལས་སྐྱེས་པར་ཁྱོད་ཀྱིས་མི་འདོད་པའི་ཕྱིར།
ད་ཕ་མེད་མ་མེད་ཀྱི་སྤྲེལ་ཕྲུག་ཡིན་པར་ཐལ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ད་དུང་མང་དུ་ཡོད་པས་དེ་ཡིས་རིགས་འདྲེས་ཤེས་པར་མཛོད་ཅིག
ཨ་ནུ་ཐང་། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། རྟག་པ་ཡིན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར་ཞེས་ངས་ཐལ་ངག་ཅིག་བཀོད་པ་དེར་ཁྱོད་ཀྱིས་ངར་ངར་རྫིག་རྫིག་གིས། ༼སུ་ཁྱེད་ལ་རྟག་པ་ཡིན་ན་སངས་རྒྱས་ཡིན་པའི་ཁྱབ་བ་འདོད། སངས་རྒྱས་རྟག་པ་རེད་ཟེར་བ་ལས་རྟག་པ་སངས་རྒྱས་རེད་ཀྱིན་མེད་པས་རྟག་པ་ཡིན་ན་སངས་རྒྱས་ཡིན་པའི་མ་ཁྱབ་སྟེ། འདས་བ་བྱས་ཀྱི་ཆོས་ཐམས་ཅད་རྟག་པ་ཡིན་ཡང་སངས་རྒྱས་མིན། དེ་ནི་རྩོད་མི་དགོས་བའི་བསྡུས་གྲྭའི་རིག་པའི་རྩེད་མོ་ཙམ་རེད།༽ཟེར་བ་འདིར་ལྟོས་ཤིག བསལ་བ་ནས་རྟགས་ལ་ཁྱབ་པ་སློང་བ་འདི་སུའི་ལུགས་རེད། ཨ་བསོད་ཆོས་ཅན། རྟག་པ་ཡིན་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་སློང་བའི་ཚེ་རྟག་པ་ཡིན་ན་ཤེས་བྱ་ཡིན་པའི་ཁྱབ་ཅེས་ཁྱབ་པ་སློང་དགོས་པ་ཨེ་རེད། དེ་ལྟར་ན་དེ་ལྟའི་ཐལ་འགྱུར་ལ་ཁྱབ་པ་མ་བྱུང་ཞེས་ལན་མི་ཐེབས་པ་འདྲ། ཧ་ཧ་ཧ་་་་་་ དེ་འདྲ་ཡིན་ན་ཁྱོད་ཀྱིས་བཤད་པ་ལྟར་མཚན་ཉིད་རིག་པ་འདི་ཡིན་པ་མིན་པ་དང་། མིན་པ་ཡིན་པ་སྒྲུབ་བྱེད་དུ་འགྱུར་རྒྱུ་རང་རེད། ད་གདན་ས་ཁག་ཏུ་མཚན་ཉིད་སྦྱོང་རྒྱུ་མཚམས་བཞག་ན་མ་གཏོགས་ལོག་པ་འབའ་ཞིག་བསྒྲུབ་བཞིན་ཡོད་པ་འདྲ། ཡང་གདན་སའི་དགེ་བཤེས་ཚོའི་ཞབས་ནས་འཐེན་ཡོང་གི་འདུག་གཱ། ངས་ཁྱོད་ལ་བཤད། གདན་ས་ཁག་ན་ཁྱོད་ལྟར་ཁྱབ་པ་བསལ་བ་ནས་རྟགས་ལ་ཡར་སློང་མཁན་གྱི་དགེ་བཤེས་ཤིག་ཡོད་ན་རི་བོང་ལ་རྭ་ཅོ་འདོམས་པ་བཅོ་བརྒྱད་ཡོད་པའི་ཁྱབ། ཅེས་ཁས་ལེན་རྒྱུ་ཡིན། བདག་གི་ཡིད་སྐྱོ་ཞིང་འགྱོད་པ་སྐྱེ་བའི་རྒྱུ་ཡིན་ཁྱོད་ཀྱིས་འདི་ལྟར་སྨྲས་སྨྲས་པ་དེ་ཡིས་སོ། ལུང་ལ་འགྲེལ་རྒྱུ་ཕར་ཙམ་ཞོགས། ཐོག་མར་ཁྱབ་པ་སློང་སྟངས་ལེགས་པོ་ཞིག་སྦྱོངས་ཤིག་ཨང་།
རྩོད་ཟླ་ལགས་སུ།
ད་ངའི་འདོད་ཚུལ་ཁྱེད་ཚོས་ཤེས་དཀའ་བས་མཇུག་སྡོམ་རོབ་ཙམ་བྱས་ན། གླང་དར་གི་མིང་དངོས་ལྷ་སྲས་དར་མ་་ཡིན་པ་ཁས་བླངས་ཐུབ་ཀྱང་། གླང་དར་ཁོང་མཁར་རྨེའུས་ནང་བསྟན་ཤིག་མཁན་སྨོན་ལོག་མིན་པ་བཤད་པར་ང་མི་འདོད།
ངའི་སྐད་ཆ་འདྲི་སྟངས་ཅིག་ནི། གཤེན་སྟོན་གེ་སར་དང་འདྲ་བར་ཤོད་དུས། ལན་དུ་ཤཀ་ཐུབ་ལྟར་གནས་འདི་འདྲ་བ་ལ། དུས་འདི་འདྲ་ཅིག་ལ། ཡབ་ཡུམ་གྱི་མཚན་ནམ། རྫུས་སྐྱེས་སོགས་འཁྲུངས་སྟངས་འདི་ལྟར་རེད་མི་ཤོད་པར། ཧིནརྡུའི་ཆོས་ལུགས་པས་ཤཀ་ཐུབ་ཁྱབ་འཇུག་དགུ་པའི་ལུང་དྲངས་ན། སྨད་མི་ཤེས་ན་བསྟོད་པར་འགྲོ་སྟངས་དེ་ཆགས་མ་སོང་ངེ་།
རྒྱལ་བློན་གྱིས་ཡུལ་སྲོལ་ལྟར་དུད་འགྲོ་བསད་ནས་མནའ་འབོར་བ་དང་། དེ་དང་དུས་གཅིག གནས་གཅིག དགོས་པ་གཅིག་གིས་ཆེད་དུ་བོན་པོས་བོན་ལྷ་མཆོད། འདིར་བན་དྷེ་ནི། རབ་འབྱུང་ལ་མིན་པར་ནང་པ་ཙམ་ལ་གོ་བས་བན་དྷེས་རང་གི་སྐྱབས་གསུམ་ལ་སྒྱབས་འགྲོ་ལ་གནས་བཞིན་པའི་ཐོག་ནས་གསོལ་ཁ་བཏང་ཞེས་ཟེར་ན་ང་ཡང་འདོད། དེ་མིན་པར་དུད་འགྲོ་དམར་བསད་བཏང་བའི་ཁྲག་གིས་བན་དྷེའམ་ནང་པས་༼ཡུལ་ལྷ་ཤམ་བུ་༽མཆོད་ཟེར་ན་ཧམ་པ་གསར་པ་ཡིན་སྟངས་འདི་འདྲ་རེད་གདའ། དྭོགས་སློང་ལ་ཐུགས་རྗེ་ཆེ།
མཐའ་དོན། བན་བོན་མཛའ་མཐུན་ཡུན་གནས་རྟག་བརྟན་ཤོག །
༼ ལ་སྟོད་བུ། མི་བྱེ་བྲག་པ་ཞིག་ཤི་བས་མི་ཤི་བར་འཇོག་ཟེར་ན། འཛམ་བུ་གླིང་དུ་མི་མེད་པར་ཐལ།མི་ཤི་ཚར་བའི་ཕྱིར།༽
ད་འོ་ན་ཁྱོད་ལྟར་ན་འཛམ་བུའི་གླིང་ན་མི་མ་ཤི་ཡང་མི་ཞིག་ཤི་བར་ཐལ།
འདོད་པའི་ཕྱིར། འདོད་ན། འཛམ་བུའི་གླིང་ན་མི་ཞིག་མེད་པར་ཐལ། དེར་མི་ཞིག་ཤི་བའི་ཕྱིར། རྟགས་ཁྱོད་ཀྱིས་ཁས་བླངས། ཁྱབ་པ་རིགས་པས་གྲུབ་པའི་ཕྱིར། དེ་ནི་ཁྱབ་འགྲིག་གི་རིགས་པ་ཡིན་ནོ། ད་ལན་ཐོབ།
༼ཡང་འཛམ་བུ་གླིང་དུ་མི་མེད་པར་ཐལ། འཛམ་བུ་གླིང་དུ་མི་བྱེ་བྲག་པ་ཞིག་མེད་པར་གྱུར་བའི་ཕྱིར་ཏེ། གླང་དར་མེད་པར་གྱུར་བའི་ཕྱིར། འདོད་ན་ལ་སྟོད་པ་ཁྱོད་མི་མ་ཡིན་པར་ཐལ། འཛམ་བུ་གླིང་དུ་མི་མེད་པར་གྱུར་་བའི་ཕྱིར། དེར་ཐལ། མི་བྱེ་བྲག་པ་ཞིག་མེད་པར་གྱུར་བའི་ཕྱིར།༽
ད་འོ་ན་འཛམ་བུའི་གླིང་དུ་མི་མེད་པར་ཐལ།་མི་ཞིག་མེད་པའི་ཕྱིར།མི་ནི་ཚོགས་པ་ཡིན་ལ་མི་ཞིག་ནི་མི་བྱེ་བྲག་པ་གཅིག་ཡིན་པས། གཅིག་མེད་དུ་མ་འགྲུབ་མི་སྲིད་པའི་ཕྱིར།
༼ཡང་ལ་སྟོད་ན་མི་མེད་པར་གྱུར་བར་ཐལ། ལ་སྟོད་ནས་མི་གཅིག་མེད་པར་གྱུར་བའི་ཕྱིར། མི་གཅིག་མེད་པར་གྱུར་བར་ཐལ། མི་གཅིག་ཤི་ཟིན་པའི་ཕྱིར། མི་གཅིག་བུ་དེ་ལ་སྟོད་མིའི་བྱེ་བྲག་ཡིན་པའི་ཕྱིར།དོད་ན་ལ་སྟོད་ན་མི་མེད་པར་ཐལ།༽་
ལ་སྟོད་ན་མི་གཅིག་མེད་པར་གྱུར་བ་རྟགས་ལོ་དགུ་ལ་མ་གྲུབ།་་ལ་སྟོད་ན་མི་གཅིག་ཡོད་པའི་ཕྱིར་སྟེ།དེ་འཇོག་རྒྱུ་ཡོད་པའི་ཕྱིར།་དེར་ཐལ་ཁྱོད་ལ་རྟགས་བསལ་ཚ་ཐག་ཆོད་གཏོང་མཁན་གྱི་ལ་སྟོད་བུ་དེ་ཡིན་པའི་ཕྱིར། ༼རིགས་པ་སྨྲ་བ་ཡོངས་ཀྱིས།སྤྱི་ཁེགས་ན་བྱེ་བྲག་ཁེགས་པར་འཇོག་ཀྱང་། ལ་སྟོད་གླེན་པས་བྱེ་བྲག་ཁེགས་ན་སྤྱི་ཁེགས་པར་འཇོག་པ་འདི་ཡང་ཡ་མཚན་པ་ཞིག་ཅི་སྟེ་མིན།༽་
ངས་ནམ་ཡང་བྱེ་བྲག་ཁེགས་ན་སྤྱི་ཁེགས་པའི་ཁྱབ་པ་འདོད་མ་མྱོང་བས་གཞོན་ནུ་ཟླ་མེད་ཁེར་རྐྱང་དུ་ལུས་པ་ཁྱོད་ལ་ལྷ་འདྲེ་ཡིས་ལུང་དུ་བསྟན་པ་ཡ་མཚན་ཡིན་པར་ཤེས་པར་གྱིས། དེ་མིན་ན་ང་ཡི་མཆན་འདི་ཞེས་བྱ་བར་དེ་ལྟར་ཁས་བླངས་འདུག་པའི་དཔང་རྟགས་ཁྱེར་ཤོག
་༼བོན་པོ་མེད་པར་ཐལ། བོན་པོ་བྱེ་བྲག་པ་ཞིག་མེད་པའི་ཕྱིར། བོན་པོ་བྱེ་བྲག་པ་ཞིག་ཤི་ཟིན་པའི་ཕྱིར།༽རྟགས་ལོ་དགུ་ལ་མ་གྲུབ་ཅེས་ལན་འདེབས་རྒྱུ་ཡིན། བོན་པོ་བྱེ་བྲག་པ་ཞིག་མ་ཤི་སྟེ། བོན་པོ་བྱེ་བྲག་པ་ཞིག་ཡོད་པའི་ཕྱིར། དེར་ཐལ། བོན་པོ་བྱེ་བྲག་པ་ཞིག་གིས་ཁྱོད་ལ་རྟགས་བསལ་ཚ་ཐག་ཆོད་ཅིག་བཏངས་པའི་ཕྱིར།
༼དག་ཡིག་རྣམས་ན་ལྐུག་པའི་ལྐུག་ནི་ལ་ལྐུག་ཡིན།། ཟེར་བ་ཅི་མི་བདེན། ༽
དག་ཡིག་རྣམས་ན་ལྐུགས་པའི་ལྐུགས་ནི་ལ་ལྐུགས་ཡིན། ཟེར་བ་ཅིས་མི་བདེན་ཨ་མདོ་ན་ཁྱོད་ལྟ་བུ་རྐྱང་རྐྱང་ཨེ་རེད། ལྟོས་དང་དགག་བཞག་བྱེད་སའི་ལྷ་སྲས་དར་མའི་སྐོར་གྱི་རྩོམས་པ་པོ་ཡི་མཚན་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་གིས་ད་དུང་ཁོང་གི་རྩོམས་ལ་དགག་ཚུལ་བྱེད་པ་དང་ལ་སྟོད་པ་ལ་ལྐུགས་པ་ཟེར་མཁན་ཁྱོད་མ་གཏོགས་སུ་ཡོད་སྲིད།
ཁྱོད་ཀྱི་མཆན་ནང་དུ་གླེང་གཞིར་གྱུར་པའི་རྩོམས་པ་པོ་འདི་ཡི་མཚན་ཙམ་ཀྱང་འབྲི་མི་ཤེས་མཁན་ད་དུང་ང་ལ་དགག་བཞག་བྱེད་ཀ་འདྲ། ཧཧཧཧ་ དཔེ་མཚོན་དུ་ཞུས་ན། –མཁར་དམེ—མཁར་རྨུའི–ཁྱོད་དག་ཡིག་ལ་མཁས་པ་ཡིན་ན་དེ་དག་གི་གོ་དོན་འགྲེལ་བཤད་ཞིག་བྱེད་དང༌། ལྐུགས་པ་ནི་ལྐུགས་པ་རང་རེད། མི་གཤིས་ལ་དམའ་འབེབས་བྱེད་ཚུལ་དེ་ལས་ལྷག་པ་ཡོད་པ་མ་རེ། དེ་ཁྱོད་ཀྱི་སེམས་རྒྱུད་ཀུན་སློང་ལ་ཇི་ལྟར་ཡོད་པ་ཕྱིར་བཏོན་པ་རེད། ཁ་བརྡ་ཚང་གི་སྒྲིག་གཞི་དང་འགལ་བ་རེད་དོ།
༼ལ་སྟོད་ན་ཁྱོད་ལྟ་བུ་རྐྱང་འེ་རེད།༽
རེད་རེད་ལ་སྟོད་ན་ཁྱོད་ཀྱི་ངོར་རྟགས་བསལ་ཚ་ཐག་ཆོད་གཏོང་མཁན་རྐྱང་རྐྱང་རེད།
མཆན་412་༼ལ་སྟོད་བུ། མི་བྱེ་བྲག་པ་ཞིག་ཤི་བས་མི་ཤི་བར་འཇོག་ཟེར་ན། འཛམ་བུ་གླིང་དུ་མི་མེད་པར་ཐལ།མི་ཤི་ཚར་བའི་ཕྱིར།༽
ེདེ་བསུབ་རོགས་གནང་གཏོང་ནོར་ཤོར་འདུག
དམུ་ཐག་གི་དབུ་རྒྱུད་ལགས།
ད་ནི་ཁྱེད་ལ་རིག་ལམ་གྱི་དགག་བྱ་ཟད་ནས་ཚིག་སྣེ་ཙམ་འཇུས་ནས་སྐྱོན་འཚོལ་གྱི་འདུག ད་དུང་མར་ཕྱིན་ན་ཁྱེད་ཀྱིས་ངའི་བྲིས་བའི་ཡིག་ནོར་ལ་འཇུས་ནས་དགག་པ་སྐྱོན་པ་ངོས་འབྲེལ་རེད། རྒྱུ་མཚན་ནི་ད་ནས་རྒྱུ་རྐྱེན་དེ་དག་ཚང་ཡོང་གི་འདུག གལ་སྲིད་ཁྱེད་ཀྱིས་ང་མ་མཐོང་བ་རེད་མ་གཏོགས་ངའི་གདོང་དང་བྱད་གཟུགས་ལ་བརྙས་འཚོལ་ཡོང་བའི་སྔ་ལྟས་ད་ནས་འགོ་གཙུགས་པ་སྦག་བོས་ཟ་མ་མ་ཟས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས་བའི་དཔེ་ལས་མ་འདས། གང་ལྟར་ངས་བཤད་ཟིན་ཞིང་བཤད་འདོད་པ་ནི་འདི་ལྟར་རྟགས་གསལ་བཏང་གི་མིན། དེ་ནི་རིག་རྩེད་ཙམ་ཡིན་ཞིང་དེས་བདེན་དོན་ལས་རིག་པ་གལ་ཆེ་འདོད་པས་ཡིན། ད་ལྟ་ངེད་གཉིས་རྩོད་བཞིན་པ་ནི་རིག་རྩེད་མིན་ཞིང་དོན་གྱི་བདེན་དོན་འཚོལ་རྒྱུ་དེ་ཡིན་པས་ཡིན། གསལ་རྟགས་ཟེར་ནས་ཡོད་ཚད་ཀུན་ལ་འཁྱེར་ནས་འོང་ན་རྟགས་མཐའ་ལྷུང་ཉེ་ཆེ་བས་དེ་ལྟར་མི་སྣང་བའི་རེ་བ་ཡོད། རྟགས་ལ་མི་འདོད་ན་རྟགས་མ་གྲུབ་པའི་ལན་འདེབས་དགོས་བ་རིག་ལམ་ལ་མྱོང་བ་ཡོད་མཁན་ཀུན་གྱིས་ཤེས་ཤིང་རྩོད་དགོས་བའི་གནས་སུ་མཆིས། གནད་དོན་གཞན་ལ་རྩོད་པ་ཡོད་ན་ཤོག་དང་། མུ་མཐུད་དུ་འགྲོ། གཞན་ལ་རྩོད་པ་མེད་ཅིང་འདོད་མོས་མེད་ན་ཡོང་དགོས་དོན་མེད་དེ། དགེ་ཆོས་ཀྱིས། འདོད་ན་བཙན་གྱིས་བཀག་པའི་དོན་ཡང་མེད།། མི་འདོད་བཙན་གྱིས་ཁྲིད་པའི་དོན་ཡང་མེད།། ཅེས་བ་རང་ཡིན།
༄༅། །མི་མཇེད་འདུལ་ལ་ལུང་གིས་རབ་བསྔགས་པའི།
སྲིད་ཞིའི་གཙུག་རྒྱན་སྟོན་མཆོག་གཤེན་རབ་དང་།
དམ་ཆོས་མངའ་བདག་ཐུབ་དབང་ལྷ་མིའི་མགོན།
མཆོད་དོ་གསོལ་ལོ་དྲང་མཁན་གཟུ་དཔང་མཛོད།།
རྣམ་ཀུན་ཕལ་གྱི་རྩོད་པར་མི་མཚུངས་པའི།
འདི་འདྲས་འཁོན་དུ་འཛིན་པ་མི་འབྱུང་བ།
མཁས་པ་དམ་པའི་སྤྱི་ལུགས་ཡིན་ནོ་ཞེས།
དོན་ལྡན་བཤེས་ཀྱིས་གདམས་འདི་ཅིས་མི་བདེན།།
ཐོས་བསམ་ཡིན་བཞིན་ནོར་ལ་ཐག་རིང་ཞིང་།
ཆེ་དྲེགས་ནད་ཀྱིས་ཁྲག་རྩ་ཆེར་རྒྱས་པའི།
བླུན་པོ་རང་སྣང་མཐོ་བ་དེ་དག་གི།
སེམས་རྒྱུད་འཁྲུགས་པ་སྲིད་ཀྱང་ཅི་བྱར་ཡོད།།
རྩོད་པ་འདི་ཡིས་རྒྱལ་ཁ་ཁྱོད་ཐོབ་ཅེས།
གཟེངས་རྟགས་ཨང་ཀི་འབུལ་མཁན་མེད་ན་ཡང་།
འདི་ན་རྒྱལ་ཕམ་འབྱེད་པའི་དུས་མེད་ཅེས།
སྐད་ཅོར་འབྱིན་པ་རིག་རལ་ཧམ་པ་ཚ།།
མཆན་ཨང་ལྔ་བརྒྱའི་གྲངས་ཀ་ལོན་དུས་ཀྱང་།
འདི་ན་འཚང་བའི་བན་དྷེའི་ཨབ་ཕྲུག་ཚོས།
ཤ་ཁྲག་དམར་མཆོད་དཀར་ནག་དབྱེ་བ་དང་།
བརྡོལ་འཁྱལ་བསྒྱུར་སོགས་བོན་ལ་སྙད་པ་དག
ལུང་རིག་ཚད་མའི་བགྲོ་གླེང་མི་འདུག་ན།
རྒྱལ་ཁའི་རྒྱལ་རྔ་བྱང་ཕྲུག་བདག་གིས་བརྡུང་།
ཁ་བརྡ་ཚང་ལ་ཁ་དྲོ་བརྗོད་བཞིན་དུ།
གཏམ་མཇུག་བསྡུ་རྒྱུའི་གཏམ་འདི་ངོ་མ་ཡིན།།
འདི་ན་ངེད་ཅག་ཐེག་ཆེན་གྲུབ་པའི་མཐར།
ཞུགས་ནས་ཐོས་བསམ་བྱེད་པའི་སྐལ་བཟང་དག
སྔོན་ལས་བཟང་པོའི་འབྲས་བུ་ཡིན་བཞིན་དུ།
སྔོན་ལས་ནག་པོར་བཟོ་བའང་སུ་ཡིས་མཐོང་།
བོན་བན་དག་མཉམ་རོ་གཅིག་ཡིན་ནོ་ཞེས།
རིས་མེད་མཁས་གྲུབ་དུ་མས་གདམས་ན་ཡང་།
ཕན་གནོིད་འབྲེལ་མེད་སྨྲ་བའི་ཁ་ཕོ་འདི།
རིག་རལ་རིག་པ་རལ་བའི་རྟགས་སུ་འཁུམས།།
བོན་བན་བདེན་མིན་རྩོད་ཚེ་བདེན་པ་དང་།
ཀུན་རྫོབ་བརྟག་པས་མི་རྙེད་བདེན་པ་གཉིས།
སྒྲ་མཐུན་དོན་འཕགས་ཚུལ་དེ་མ་དགོངས་པར།
ལུང་སྟོང་ཀི་ཅོས་བཀང་བ་སྙིར་རེ་རྗེ།།
ཉ་ཉུང་མཉམ་བསྲེ་བྱེད་པའི་རིག་རལ་པས།
མཉམ་མེད་ཤཀྱས་སྨྲས་ཚད་རྫུན་ཡིན་ཏེ།
ཀུན་རྫོབ་ཡིན་ཕྱིར་བདེན་པ་མ་ཡིན་ཞེས།
སྐུར་འདེབས་ལས་ལ་འཇུག་རྒྱུ་ཡིན་ནམ་ཅི།།
ད་དུང་ཆགས་སྡང་ལས་ངན་མ་བསགས་ཞེས།
མི་ལ་གདམས་པ་གནང་བའི་ཁུལ་བྱེད་པ།
མཁས་མང་བཞད་གད་སློང་ཕྱིར་ཡིན་ནམ་ཅི།།
དེ་མིན་བདེ་མོའི་མལ་དུ་སྐྱིད་པོར་གཟིམས།།
ཨ་རོགས་ད་ང་འགྱོ་རན་སོང་། ཁྱོད་བདེ་མོ་གྱིས།།
ཨ་ནུ་ཐང་། ད་ཁྱོད་ལ་མི་རྩོད། ངེད་ཀྱི་ལུགས་ལ་བསལ་བ་ནས་རྟགས་ལ་ཁྱབ་པ་སློང་བའི་སྲོལ་ཞིག་མེད། དེར་མ་ཟད་ངེད་ཀྱིས་རྟགས་བསལ་གཏོང་བ་འདི་ཡིན་ལུགས་ཤིག་རྒྱུ་མཚན་ལ་རྟེན་ནས་གཏན་ལ་འབེབས་པ་ཡིན་མོད། ཁྱོད་ཀྱིས་ནི་དེའི་ལྡོག་ཕྱོགས་སུ་འདོད་ཀྱིན་འདུག ད་བྱས་དུས་ཁྱོད་ཆོས་གྲྭ་འགྲིམ་མ་མྱོང་མཁན་ཞིག་ཡིན་པ་ལྷང་ལ་བུད་འདུག དེའི་ཕྱིར་ངས་ཁྱོད་ལ་མི་རྩོད་ཅེས་བཤད་པ་ཡིན། གོང་དུ་ངས་དྲིས་པའི་སྐད་ཆ་དག་ལ་ལན་མེད་པར་ཁ དང་སྣ་ལ་མཛུབ་མོ་བཙུགས་ཏེ་ཚིག་ཡམ་ཡམ་ཞིག་གིས་གཡོལ་ཐབས་བྱས། ད་ཁྱོད་ཀྱིས་མ་འོངས་ལུང་བསྟན་འདྲ་ཞིག་བཤད་དེ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དེ་མ་བྱེད། ཁྱོད་ཀྱི་ཡིག་ནོར་ལ་འཇུས་ན་འཇུས་ཚོད་ཅིག་ག་ལ་ཡོད། ཡིག་ནོར་ཡོད་པ་དེ་ཡང་ཆེ་བའི་རྟགས་སུ་བྱེད་དགོས་པ་ཨེ་རེད། རང་སྐད་ཡིག་ཐོག་ཏུའང་འབེབ་མི་ཤེས་ན་གནས་ལུགས་ཤིག་ཡིག་ཐོག་ཏུ་འབེབ་པ་ལྟ་ཅི། ད་ངས་ཁྱོད་ཀྱི་སྐྱོན་རེ་རེ་བཞིན་དུ་རྒྱུ་མ་ཕུ་འདེད་བྱས་བྱས་པའི་མཐར་ཁྱོད་ནི་སྐྲག་ཐག་ཆོད་དེ་ ད་ངའི་ཡིག་ནོར་རྣམས་ཀྱང་ཐེར་འདོན་བྱེད་མི་ཡོང་ངམ་སྙམ་ནས་སྐད་ངན་འདི་འདྲ་ཞིག་ཤོར་འདུག
གནད་དོན་གཞན་ལ་རྩོད་པ་ལོས་ཡོད། ངས་གོང་དུ་ཁྲི་དར་མའི་སྐོར་ལ་ལན་འགའ་ཞིག་བྲིས་ཡོད། དེར་གཟིགས་ནས་བསམ་ཚུལ་བཤད་རྒྱུ་ཡོད་ན་དགའ་བསུ་ཞུ།
གཞོན་ནུ་ཟླ་མེད་ལགས།
ད་ང་གཉིས་ནས་ང་དང་ཁྱོད་ཅེས་རྩོད་གཞིར་བཟུང་སྟེ་འབྲི་བར་བརྩམས་པར་ཕན་པ་དེ་ཙམ་ཞིག་ཏུ་མ་མཐོང༌། ལྷག་པར་དུ་བན་བོན་གྱི་དབར་ལ་སྐྱོན་འདེབས་རེས་བྱེད་པ་ནི།
བན་དེའི་གཞུང་། ལྟུང་བྱེད་བཅུ་བཞིའི་རྣམ་བཤད་ཅེས་པ་ལས།
གཞན་གྱི་གྲུབ་མཐའ་ལ་སྨོད་པ་དེ་ཡང་དེ་ཡི་ནང་ཚན་ཞིག་ཡིན་པས་ང་གཉིས་ནས་ཀྱང་ཉེས་པ་མི་བསགས་སམ། ཁྱེད་ལ་འདོད་པ་ཡོད་ན། ཚིག་རྩོད་ཙམ་ཅིག་མིན་པར། དོན་མཐུན་གྱི་བགྲོ་གླེང་འདྲ་ཡོད་ན་མི་ལེགས་སམ། བྱུང་ན་ཁྱེད་ཀྱིས་བན་དེའི་གཞུང་ནས་བོན་པོར་བསྔགས་པའི་ཚིག་འདྲ་ཡོད་ན་འདིར་དྲངས། ངས་ཀྱང་བོན་པོའི་དཔེ་གཞུང་ནས་བན་དེར་བསྔགས་པའི་ལུང་ཚིག་དེ་རིགས་འདིར་ཁྱེར་ཡོང་ན་ག་འདྲ་འདུག་གམ། དེ་ཡིས་རང་གཞན་གཉིས་ཀའི་རྒྱུད་ལ་དག་སྣང་གི་བློ་གྲོས་འཕེལ་བར་མ་ཟད། གཞན་ལའང་དེ་ཡིས་ཡིད་རངས་ཀྱི་དགེ་བའི་སེམས་ཤིག་སྐྱེ་ངེས་ཡིན་པས་དེ་ལུགས་ཐུགས་ལ་ཐོགས།
བདག་ཅག་གི་ས྄ྟོན་པ་ར྄ྫོགས་པའི་སངས་ར྄ྒ྄ྱས་གཤེན་རབ་མི་བོས་འདི་ལ྄ྟར་གསུངས།
ཕ་མ་འཐུར་ན་སྲི་ཞུ་མེད།
གཟའ་ཚང་འཐུར་ན་བསོད་ནམས་མེད།
ཕུ་ནུ་འཐུར་ན་ཆབ་སྲིད་མེད།
སྟོང་སྡེ་འཐུར་ན་འགྲོ་ལམ་མེད།
ཞང་བློན་འཐུར་ན་ཁ་འཛིན་མེད།
བོན་དང་འགལ་ན་ཚེ་སྲོག་མེད།
དེ་འདྲ་ཞིག་འདུག་པས་དགོངས་འཇགས་ཞུ།
དམུ་ཐག
སྐད་ཆ་རྫིག་པོ་མ་བཤད། “ད་ཁྱོད་ལ་མི་རྩོད། ངེད་ཀྱི་ལུགས་ལ་བསལ་བ་ནས་རྟགས་ལ་ཁྱབ་པ་སློང་བའི་སྲོལ་ཞིག་མེད། དེར་མ་ཟད་ངེད་ཀྱིས་རྟགས་བསལ་གཏོང་བ་འདི་ཡིན་ལུགས་ཤིག་རྒྱུ་མཚན་ལ་རྟེན་ནས་གཏན་ལ་འབེབས་པ་ཡིན་མོད། ཁྱོད་ཀྱིས་ནི་དེའི་ལྡོག་ཕྱོགས་སུ་འདོད་ཀྱིན་འདུག” ད་དངོས་གནས་འཁྲུལ་འདུག ཁྱེད་ཀྱིས་རྟགས་གསལ་དང་མཚན་མ་རིག་པ་གཉིས་གོ་དོན་གཅིག་ཏུ་གོ་ནས་འཁྲུལ་འདུག མཚན་མ་རིག་པ་ནི་གནས་ལུགས་དང་རྒྱུ་མཚན་ལ་རྟེན་ནས་ཆོས་ཉིད་གཏན་ལ་འབེབས་པའི་རིག་པ་ཡིན་མོད། བསྡུས་གྲྭའམ་བོད་ཀྱི་རྟགས་གསལ་ནི་རིག་པ་སྦྱངས་བྱེད་དེ། མཚན་མ་རིག་པའི་དོན་ལ་འཇུག་བྱེད་ཀྱི་སྔོན་འགྲོ་ལྟ་བུ་ཡིན། རིག་ལམ་ནི་གསལ་དུ་བཤད་ན་སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ལྟར་རིག་པ་སྦྱངས་བྱེད་ཅིག་རེད། ངས་དེ་སྔོན་ཁྱེད་ལ་བཤད་ཟིན་པ་ལྟར་ཁ་དོག་དཀར་དམར་སྐབས་ནས་དགེ་རྒན་གྱིས་སློབ་མ་ལ་ངོ་སྤྲོད་བྱེད་རྒྱུ། ཡིན་པ་མིན་པ་སྒྲུབ་རྒྱུ་དང་མིན་པ་ཡིན་པ་སྒྲུབ་ཐུབ་ན་བསྡུས་གྲྭ་སྦྱང་བའི་རྟགས་ཡིན་ཟེར་ནས་ངོས་སུ་གསུངས་བ་ད་ལྟའང་རྣ་ལམ་དུ་གྲགས་ཀྱིན་འདུག་ལ། དེ་ནི་གྲྭ་ས་ཀུན་ཏུ་དེ་ལྟར་གྲགས་ཡིན་ཡོད། ཡིད་མི་ཆེད་ན་ཤེས་མཁན་ལ་སྐད་ཆ་དྲིས་དང་། དུ་དུང་མི་ཆེས་ཚེ་གཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་ལྟོས་དང་དེ་ལས་གསལ། གནས་ལུགས་དེ་ཙམ་མ་ཤེས་ན་བོད་ཀྱི་རིག་ལམ་སྦྱངས་བའི་དགོས་བ་མི་འདུག རིག་ལམ་སྦྱངས་བ་མ་དགོས་རིག་ལམ་གྱི་འགྲོ་ཕྱོགས་ཙམ་ཡང་མ་རྟོགས་པའི་རྟགས་རེད། ད་དུང་རྟགས་གསལ་གྱི་སྐོར་ལ་སྐད་ཆ་བཤད་པ་ནི་ཞྭ་རས་ཁ་དོག་སྟོན་པ་དང་གཅིག་མཚུངས་རེད། ཁྱེད་ཀྱིས་ཁ་མཚོན་གཅད་ནས་བཤད་པ་ནི་ཅི་འདྲའི་་བློ་སྤོབས་ལྡན་པ་ཞིག་རེད་ཨང་། ཆོས་གྲྭ་འགྲིམ་མ་འགྲིམ་དང་རྟགས་གསལ་གྱི་གོ་ཡོད་མེད་ལྟ་དགོས་ན་ཤོག་དང་། རྟགས་གསལ་རྐྱང་པའི་སྒང་ནས་འགྲོ་དགོས། ངས་དེ་ལྟར་བྱས་ན་རིག་རྩེད་ཙམ་ལས་ཚུ་ཚོད་སྟོང་བའི་རྒྱུ་ཞིག་རེད་སྙམ་ནས་འདོད་པ་མེད་པ་མ་གཏོགས་ཁྱེད་ཀྱི་ཉག་ཉོག་གི་རྟགས་གསལ་བཏང་བ་ལེན་མ་ཐེབས་གང་ཡང་མིན་ལ། མི་ཐད་དགོས་དོན་ཡང་མེད། ངས་ཁྱེད་ལ་རྟགས་ལ་མ་གྲུབ་པའི་ལེན་དགོས་ཟེར་ནས་བཤད་ཟིན་ཡང་ཉན་ཤེས་མེད་པ་ནི་བློ་ཕམ་རེད་ལ། ཡི་གེ་ཡི་གོ་བ་ཡང་ཡག་པོ་ལོན་གྱི་མེད་པ་ནི་ཅི་འདྲའི་སྐྱོ་ཞིང་བླུན་པ་ལ། ཁྱེད་དང་བཤད་ན་ཆུ་ཚོད་ཟད་པའི་རྒྱུ་ལས་ཅི་ཡང་འདུག ཁྱེད་ཀྱིས་མཚན་མ་རིག་པའི་གོ་དོན་དང་རྟགས་གསལ་གྱི་གོ་དོན་འཁྲུལ་བ་ཅི་འདྲའི་ཀླད་མེད་ཅིག་རེད་ཨང་། ཁྱེད་དང་བཤད་ནས་བསྡད་ན་བློ་ཕམ་ལས་བློ་སྐྱེད་གང་རེག་བྱ་མི་འདུག འུ་ཐུག་ནས་རྟགས་ལ་ཁྱབ་པའི་ལེན་འདེབས་བཞིན་འདུག་ཟེར་ནས་ཚིག་སྣེ་ཙམ་འཇུས་ཤིང་གསལ་བཤད་བྱས་ཟིན་ཡང་ད་དུང་ལོག་འགྲེལ་བྱས་བ་ནི་ཐབས་ཟད་ཀྱི་ན་ཚ་ལས་ཅི་ཡང་མིན། ངེད་གཉིས་ཁྱབ་ཐལ་རྩོད་ཀྱིན་མེད་པས་ངས་ལན་གང་ཕྱོགས་ནས་རྒྱབ་ན་འདོད་ན་དེ་ཕྱོགས་ནས་རྒྱབ་ན་ཆོག་ལ་རང་དབང་རེད། གནས་ལུགས་དེ་ཙམ་མ་ཤེས་ན་བླུན་པོ་རེད། རྩོད་པ་རྩོད་མཁན་ཐམས་ཅད་བོད་ཀྱི་རྟགས་གསལ་རིག་པའི་གཞུང་ལུགས་དང་བསྟུན་ནས་འགྲོ་དགོས་སམ། མི་དགོས་ཏེ་རྩོད་པ་རྩོད་སྟངས་ཀྱི་རིག་པ་བརྒྱ་ཕྲག་ལས་སྟོང་ཕྲག་མང་པ་ཡོད་པས་ཡིན།
ཁྱེད་ཀྱིས་ངས་བྲིས་བའི་ཡིག་ནོར་གསལ་དུ་འདོན་བའི་ཞེ་སྣང་ཅི་ཡང་མེད་དེ། འུ་ཐུག་ན་ཁྱེད་ཀྱིས་དེ་ལྟར་བྱེད་ངེས་ཟེར་བ་ཡིན། ཁྱེད་ཀྱིས་ངའི་ཡིག་ནོར་བཏོན་ན་ཞེ་སྣང་ཅི་ཡང་མི་དགོས་ཏེ། ཁྱེད་ལ་ཡིག་ནོར་ང་ལས་རྡབ་གཉིས་ཀྱིས་མང་པ་ཡོད་པས་ཡིན། བྲིས་བའི་སྐབས་སུ་ཡིག་ནོར་མི་ཤོར་མཁན་ཞིག་འཇིག་རྟེན་འདིར་བྱོན་མེད་ལ་མ་བྱོན་པའི་རྒྱུ་མཚན་ཡང་མི་ཐམས་ཅད་ལ་ནོར་འཁྲུལ་ཡོད་པས་ཡིན། འོན་ཀྱང་དེས་རྒྱུ་མཚན་དུ་བྱས་ནས་ཡིག་ནོར་མངགས་དྲགས་ན་ཕ་རོལ་བས་མི་རྟོགས་ཤིང་མིག་ལྟོས་ངན་པ་འཇོག་པས་གང་ཐུབ་ཀྱིས་གཟབ་གལ་ཆེ་བ་ནི་གནད་འགགས་སུ་མཐོང་།
མ་གཞི་ངས་ཁྱེད་ལ་འདི་འདྲའི་བཤད་སྟངས་བེད་སྤྱོད་བྱེད་རྒྱུའི་འདོད་པ་ཡེ་ནས་མེད་མོད། ཁྱེད་ཀྱི་ཚིག་སྦྱོར་དེ་ལྟར་ཡིན་པས་རིག་འགྲེལ་གྱི་སྒོ་ནས་སྤེལ་བ་ཡིན།
ནོར་བཅོས
དམུ་ཐག
སྐད་ཆ་རྫིག་པོ་མ་བཤད། “ད་ཁྱོད་ལ་མི་རྩོད། ངེད་ཀྱི་ལུགས་ལ་བསལ་བ་ནས་རྟགས་ལ་ཁྱབ་པ་སློང་བའི་སྲོལ་ཞིག་མེད། དེར་མ་ཟད་ངེད་ཀྱིས་རྟགས་བསལ་གཏོང་བ་འདི་ཡིན་ལུགས་ཤིག་རྒྱུ་མཚན་ལ་རྟེན་ནས་གཏན་ལ་འབེབས་པ་ཡིན་མོད། ཁྱོད་ཀྱིས་ནི་དེའི་ལྡོག་ཕྱོགས་སུ་འདོད་ཀྱིན་འདུག” ད་དངོས་གནས་འཁྲུལ་འདུག ཁྱེད་ཀྱིས་རྟགས་གསལ་དང་མཚན་མ་རིག་པ་གཉིས་གོ་དོན་གཅིག་ཏུ་གོ་ནས་འཁྲུལ་འདུག མཚན་མ་རིག་པ་ནི་གནས་ལུགས་དང་རྒྱུ་མཚན་ལ་རྟེན་ནས་ཆོས་ཉིད་གཏན་ལ་འབེབས་པའི་རིག་པ་ཡིན་མོད། བསྡུས་གྲྭའམ་བོད་ཀྱི་རྟགས་གསལ་ནི་རིག་པ་སྦྱངས་བྱེད་དེ། མཚན་མ་རིག་པའི་དོན་ལ་འཇུག་བྱེད་ཀྱི་སྔོན་འགྲོ་ལྟ་བུ་ཡིན། རིག་ལམ་ནི་གསལ་དུ་བཤད་ན་སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ལྟར་རིག་པ་སྦྱངས་བྱེད་ཅིག་རེད། ངས་དེ་སྔོན་ཁྱེད་ལ་བཤད་ཟིན་པ་ལྟར་ཁ་དོག་དཀར་དམར་སྐབས་ནས་དགེ་རྒན་གྱིས་སློབ་མ་ལ་ངོ་སྤྲོད་བྱེད་རྒྱུ། ཡིན་པ་མིན་པ་སྒྲུབ་རྒྱུ་དང་མིན་པ་ཡིན་པ་སྒྲུབ་ཐུབ་ན་བསྡུས་གྲྭ་སྦྱང་བའི་རྟགས་ཡིན་ཟེར་ནས་ངོས་སུ་གསུངས་བ་ད་ལྟའང་རྣ་ལམ་དུ་གྲགས་ཀྱིན་འདུག་ལ། དེ་ནི་གྲྭ་ས་ཀུན་ཏུ་དེ་ལྟར་གྲགས་ཀྱིན་ཡོད། ཡིད་མི་ཆེས་ན་ཤེས་མཁན་ལ་སྐད་ཆ་དྲིས་དང་། དུ་དུང་མི་ཆེས་ཚེ་གཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་ལྟོས་དང་དེ་ལས་གསལ། གནས་ལུགས་དེ་ཙམ་མ་ཤེས་ན་བོད་ཀྱི་རིག་ལམ་སྦྱངས་བའི་དགོས་བ་མི་འདུག རིག་ལམ་སྦྱངས་བ་མ་དགོས་རིག་ལམ་གྱི་འགྲོ་ཕྱོགས་ཙམ་ཡང་མ་རྟོགས་པའི་རྟགས་རེད། ད་དུང་རྟགས་གསལ་གྱི་སྐོར་ལ་སྐད་ཆ་བཤད་པ་ནི་ཞྭ་རས་ཁ་དོག་སྟོན་པ་དང་གཅིག་མཚུངས་རེད། ཁྱེད་ཀྱིས་ཁ་མཚོན་གཅད་ནས་བཤད་པ་ནི་ཅི་འདྲའི་་བློ་སྤོབས་ལྡན་པ་ཞིག་རེད་ཨང་། ཆོས་གྲྭ་འགྲིམ་མ་འགྲིམ་དང་རྟགས་གསལ་གྱི་གོ་ཡོད་མེད་ལྟ་དགོས་ན་ཤོག་དང་། རྟགས་གསལ་རྐྱང་པའི་སྒང་ནས་འགྲོ་དགོས། ངས་དེ་ལྟར་བྱས་ན་རིག་རྩེད་ཙམ་ལས་ཚུ་ཚོད་སྟོང་བའི་རྒྱུ་ཞིག་རེད་སྙམ་ནས་འདོད་པ་མེད་པ་མ་གཏོགས་ཁྱེད་ཀྱི་ཉག་ཉོག་གི་རྟགས་གསལ་བཏང་བ་ལེན་མ་ཐེབས་གང་ཡང་མིན་ལ། མི་ཐད་དགོས་དོན་ཡང་མེད། ངས་ཁྱེད་ལ་རྟགས་ལ་མ་གྲུབ་པའི་ལེན་དགོས་ཟེར་ནས་བཤད་ཟིན་ཡང་ཉན་ཤེས་མེད་པ་ནི་བློ་ཕམ་རེད་ལ། ཡི་གེ་ཡི་གོ་བ་ཡང་ཡག་པོ་ལོན་གྱི་མེད་པ་ནི་ཅི་འདྲའི་སྐྱོ་ཞིང་བླུན་པ་ལ། ཁྱེད་དང་བཤད་ན་ཆུ་ཚོད་ཟད་པའི་རྒྱུ་ལས་ཅི་ཡང་འདུག ཁྱེད་ཀྱིས་མཚན་མ་རིག་པའི་གོ་དོན་དང་རྟགས་གསལ་གྱི་གོ་དོན་འཁྲུལ་བ་ནི་ཅི་འདྲའི་ཀླད་མེད་ཅིག་རེད་ཨང་། ཁྱེད་དང་བཤད་ནས་བསྡད་ན་བློ་ཕམ་ལས་བློ་སྐྱེད་གང་ཡང་རེག་བྱ་མི་འདུག འུ་ཐུག་ནས་རྟགས་ལ་ཁྱབ་པའི་ལེན་འདེབས་བཞིན་འདུག་ཟེར་ནས་ཚིག་སྣེ་ཙམ་འཇུས་ཤིང་གསལ་བཤད་བྱས་ཟིན་ཡང་ད་དུང་ལོག་འགྲེལ་བྱས་བ་ནི་ཐབས་ཟད་ཀྱི་ན་ཚ་ལས་ཅི་ཡང་མིན། ངེད་གཉིས་ཀྱིས་ཁྱབ་ཐལ་རྩོད་ཀྱིན་མེད་པས་ངས་ལན་ཅི་ལྟར་འདོད་ན་དེ་ལྟར་རྒྱབ་རྒྱབ་ན་འགྲིག་ལ་རང་དབང་རེད། གནས་ལུགས་དེ་ཙམ་མ་ཤེས་ན་བླུན་པོ་རེད། རྩོད་པ་རྩོད་མཁན་ཐམས་ཅད་ཀྱིས་བོད་ཀྱི་རྟགས་གསལ་རིག་པའི་གཞུང་ལུགས་དང་བསྟུན་ནས་འགྲོ་བཞིན་འདུག་གམ། མི་འདུག་སྟེ་རྩོད་པ་རྩོད་སྟངས་ཀྱི་རིག་པ་བརྒྱ་ཕྲག་ལས་སྟོང་ཕྲག་མང་པ་ཡོད་པས་ཡིན།
ཁྱེད་ཀྱིས་ངས་བྲིས་བའི་ཡིག་ནོར་གསལ་དུ་འདོན་བའི་ཞེ་སྣང་ཅི་ཡང་མེད་དེ། འུ་ཐུག་ན་ཁྱེད་ཀྱིས་དེ་ལྟར་བྱེད་ངེས་ཟེར་བ་ཡིན། ཁྱེད་ཀྱིས་ངའི་ཡིག་ནོར་བཏོན་ན་ཞེ་སྣང་ཅི་ཡང་མི་དགོས་ཏེ། ཁྱེད་ལ་ཡིག་ནོར་ང་ལས་རྡབ་གཉིས་ཀྱིས་མང་པ་ཡོད་པས་ཡིན། བྲིས་བའི་སྐབས་སུ་ཡིག་ནོར་མི་ཤོར་མཁན་ཞིག་འཇིག་རྟེན་འདིར་བྱོན་མེད་ལ་མ་བྱོན་པའི་རྒྱུ་མཚན་ཡང་མི་ཐམས་ཅད་ལ་ནོར་འཁྲུལ་ཡོད་པས་ཡིན། འོན་ཀྱང་དེས་རྒྱུ་མཚན་དུ་བྱས་ནས་ཡིག་ནོར་མངགས་དྲགས་ན་ཕ་རོལ་བས་མི་རྟོགས་ཤིང་མིག་ལྟོས་ངན་པ་འཇོག་པས་གང་ཐུབ་ཀྱིས་གཟབ་གལ་ཆེ་བ་ནི་གནད་འགགས་སུ་མཐོང་།
མ་གཞི་ངས་ཁྱེད་ལ་འདི་འདྲའི་བཤད་སྟངས་བེད་སྤྱོད་བྱེད་རྒྱུའི་འདོད་པ་ཡེ་ནས་མེད་མོད། ཁྱེད་ཀྱི་ཚིག་སྦྱོར་དེ་ལྟར་ཡིན་པས་རིག་འགྲེལ་གྱི་སྒོ་ནས་སྤེལ་བ་ཡིན།
དམུ་ཐག་ལགས།
ད་ལྟ་སེམས་རྣལ་དུ་ཕབས་ནས་བསྡད་ཚེ། དངོས་གནས་ངེད་གཉིས་ཀྱིས་ཕན་ཚུན་ལ་ཚིག་རྩུབ་བཤད་པ་ནི་དགོས་མེད་ཀྱི་གནད་དོན་ཞིག་ཡིན་པས་ངས་དེ་ལྟར་བཤད་པ་ཉིད་ཀྱི་སེམས་ལ་མི་ཕོགས་རྒྱུའི་རེ་བ་ཡོད། ངས་སྔོན་དུ་ཚིག་སྦྱོར་དེ་ལྟར་སྤེལ་དགོས་དོན་ཡང་ཁྱེད་ཀྱིས་བྲིས་བ་དེ་ཀློག་རྗེས་ངར་འཛིན་གྱི་བསམ་བློ་ཞིག་སྐྱེས་ནས་ཁྱེད་ཀྱི་འབྲི་སྟངས་བཞིན་བྲིས་བ་ཡིན། ངེད་གཉིས་ཕན་ཚུན་ལ་ཕན་མ་ཐོགས་ཀྱང་གནོད་བྱེད་དུ་འགྱུར་དགོས་མི་འདུག་ལ། བོད་ཡིག་བེད་སྤྱོད་བྱེད་མཁན་དཀོན་པའི་དུས་འདིར་ངེད་གཉིས་ཀྱིས་རང་ཡིག་བེད་སྤྱོད་བཏང་ནས་ཕན་ཚུན་ལ་སྐད་ཆ་བཤད་པ་ནི་དངོས་གནས་དགའ་འོས་བ་ཞིག་རེད། དེ་ནི་སྐད་ཡིག་གཞན་དང་མི་འདྲ་བར་རང་ཡིག་ཡིན་པས་ཅི་འདྲའི་དུང་སྣང་ལྡན་པ་ཞིག་རེད། ངས་རང་ཡིག་བེད་སྤྱོད་བཏང་ནས་ཁྱེད་ལ་སྐད་ཆ་བཤད་པ་དགའ་བོ་བྱུང་། ཐུགས་རྗེ་ཆེ། ང་དང་གླེང་མོལ་གནང་ཐུགས་རྗེ་ཆེ། སེམས་གཏིང་ནས་ཐུགས་རྗེ་ཆེ། ཁ་ཡི་སྐད་ཆ་མིན། སེམས་གཏིང་ནས་ཡིན།
ཡ་གྲོགས་པོ་ཚོ། ང་འདིར་མ་སླེབས་ནས་ཉིན་ཤས་སོང་མོད་ཁྱོད་ཚོས་ད་དུང་ཡང་འདིའི་སྟེང་དུ་ཅིག་ཤོད་སྡོད་ཀྱིན་འདུག ཁྱོད་ཚོས་མང་པོ་ཞིག་བཤད་འདུག ངས་གོང་གི་མཆན་ཚང་མ་ཀློག་ཀྱང་ཐུབ་མ་སོང་། ངས་སྔོན་མ་བྲིས་པའི་མཆན་ཐ་མ་དེ་འགོད་ས་ནོར་ནས་གཞན་ཞིག་ལ་བཀོད་འདུག མཆན་གྱི་ནང་དོན་དེ་བརྗོད་གཞི་འདིའི་སྟེང་དུ་བཤད་མཚམས་འཇོག་པའི་རེ་འདུན་བཏོན་པ་ཞིག་ཡིན། བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་ཡག་པོ་ཡོད་ན་སྐུ་ཚེགས་ལ་མ་འཛེམས་པར་འདིར་འགོད་ཐུབ་ན་ང་ཚོས་མཉམ་དུ་བཏོན་ནས་བརྗོད་གཞིའི་འདིའི་སྟེང་གི་བགྲོ་གླེང་གནས་སྐབས་སུ་མཇུག་དྲིལ་ན་མ་རེད་པས། སྐབས་གཞན་དང་གཞན་ནས་ཡང་བསྐྱར་བགྲོ་གླེང་བྱེད་ཆོག་གི་རེད་པ། སྤྱིར་ན་ང་ཚོ་སུ་ཡིན་ཡང་བོན་ཟེར་ན་འདྲ་བན་ཟེར་ན་འདྲ་ནང་པ་སངས་རྒྱས་པའི་བསྟན་པ་གཅིག་པ་དང་བོད་ཀྱི་རིག་གཞུང་ཡིན་སྟབས་འདི་ཉིད་དར་རྒྱས་སོང་ན་སྙམ་པའི་འདོད་འདུན་སུ་ཡིན་ཡང་ཡོད་ཡོད་པ་རེད། བསྟན་རྒྱས་སྨོན་ལམ་རེ་འགོད་ཐུབ་ན་འགོད་རོགས་ཟེར་དོན་དེ་ཡིན། ད་ནི་མཆན་མང་དྲགས་ནས་ངའི་གློག་ཀླད་ཐེབ་ཆག་འདིའི་ནང་དུ་བསྒུགས་ན་མ་གཏོགས་འཆར་ཡང་ཐུབ་ཀྱིན་མི་འདུག
ལ་སྟོད་བུ་ན་རེ། གཞོན་ནུ་ཟླ་མེད་ལགས། ང་ཡི་མཆན་380-402-403་རྣམས་སུ་བཀོད་པའི་དྲི་བར་ད་དུང་ཡང་ལན་མི་འདུག དྲི་བ་དེ་དག་ལ་ལན་འདེབས་རྒྱུ་མེད་ན་ཁྱོད་རང་འུ་ཐུག་ཐབས་ཟད་པ་ཡིན་པའི་རྟགས་མཚན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡིན་ནོ། ཟེར་ན། ཁྱོད་ཀྱིས་མཆན་མང་པོ་ཅི་ཙམ་བཏབ་ན་ཡང་། བྱེ་བྲག་ཁེགས་པས་སྤྱི་ཁེགས་པའི་རིགས་པ་ཡིན་པས། བྱེ་བྲག་གཅིག་ཁེགས་ན་ཚང་མ་ཁེགས་འགྲོ་གི་རེད། ཡང་ཁྱོད་ཀྱིས་རྟགས་མ་གྲུབ་སྟེ། ཁོ་བོས། (ངས་ནམ་ཡང་བྱེ་བྲག་ཁེགས་ན་སྤྱི་ཁེགས་པའི་ཁྱབ་པ་འདོད་མ་མྱོང་བས་གཞོན་ནུ་ཟླ་མེད་ཁེར་རྐྱང་དུ་ལུས་པ་ཁྱོད་ལ་ལྷ་འདྲེ་ཡིས་ལུང་དུ་བསྟན་པ་ཡ་མཚན་ཡིན་པར་ཤེས་པར་གྱིས། དེ་མིན་ན་ང་ཡི་མཆན་འདི་ཞེས་བྱ་བར་དེ་ལྟར་ཁས་བླངས་འདུག་པའི་དཔང་རྟགས་ཁྱེར་ཤོག)ཟེར་ན། ཁྱོད་ཀྱི་རྩོད་པ་འདིའི་རྩ་བའི་འབྱུང་རྐྱེན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོན་པོ་བསྣུབས་པའི་སྒྲུབ་བྱེད་ལ། བོན་ཕྱི་རབས་པ་བསྣུབས་པར་ཁྱོད་རང་མ་འདོད། སྔ་རབས་པ་བསྣུབས་པའི་རྒྱུ་མཚན་དང་། དེ་ཡང་བོན་སྔ་རབས་པ་བོན་པོའི་བྱེ་བྲག་ཡིན་པའི་རྒྱུ་མཚན་གྱིས་མིན་ན་ཅི་ཞིག་ལ་བོན་བསྣུབས་པ་རེད་ཟེར་བ་ཡིན། ད་དེ་ཚོ་བཞག་ནས་དེ་མ་ཐག་གི་ཁྱོད་ཀྱི་རིགས་པ་རྣམས་ལ་ལྟོས་དང་། (གཞོན་ནུ་ཟླ་མེད་ཀྱིས་ང་ཡིས་དྲི་བར་ལན་འདེབས་མ་ཐུབ་པར་ཐལ།
ང་ཡི་དྲི་བ་བྱེ་བྲག་པ་ཞིག་ལ་ལན་བཏབས་པ་དེ་ནི་སྤྱིར་ང་ཡིས་དྲི་བར་ལན་བཏབས་པར་མི་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་ཀྱིས་ཇ་མ་བཏུངས་པར་ཐལ། ཇ་བྱེ་བྲག་པ་ཅིག་བཏུངས་པ་ལ་ཁྱོད་ཀྱིས་ཇ་བཏུངས་བར་མི་འདོད་པའི་ཕྱིར་རྟགས་ཁས།
གཞོན་ནུ་ཟླ་མེད་ཁྱོད་ཀྱིས་གྲྭ་སར་ཕྱིན་ནས་སློབ་སྦྱོང་མ་བྱས་པར་ཐལ། སློབ་སྦྱོང་བྱེ་བྲག་པ་ཞིག་བྱས་པར་སློབ་སྦྱོང་བྱས་པར་ཁྱོད་ཀྱིས་མི་འདོད་པའི་ཕྱིར།
)ཁྱོད་ཀྱི་རྟགས་བསལ་འདི་རྣམས་ཁྱོད་ཀྱིས་ལག་པས་བྲིས་པ་འེ་རེད། ད་ཁྱོད་ཀྱི་དྲི་བ་བྱེ་བྲག་པ་ཞིག་ལ་ལན་བཏབ་ན་ཁྱོད་ཀྱི་དྲི་བ་ལ་ལན་བཏབ་པ་དང་། ཁྱོད་ཀྱི་ཇ་བྱེ་བྲག་པ་ཞིག་བཏུང་ནས་ཇ་འཐུང་བ། སློབ་སྦྱོང་བྱེ་བྲག་པ་ཞིག་བྱས་ན་སློབ་སྦྱོང་བྱས་པར་ཁྱོད་རང་གིས་ཁས་ལེན་པ་མ་ཡིན་ནམ། ནང་འགལ་གྱི་འཁུར་བོ་འདི་ཁྱོད་དང་གླང་བོ་གཉིས་མ་གཏོགས་སུ་འཁྱོགས། ཡང་ཁྱོད་ཀྱིས། (རྟགས་ལོ་དགུ་ལ་མ་གྲུབ་ཅེས་ལན་འདེབས་རྒྱུ་ཡིན། བོན་པོ་བྱེ་བྲག་པ་ཞིག་མ་ཤི་སྟེ། བོན་པོ་བྱེ་བྲག་པ་ཞིག་ཡོད་པའི་ཕྱིར། ) ཟེར་ན། འོ་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བོན་པོ་བྱེ་བྲག་པ་ཞིག་ཆུ་ནང་དུ་མ་བསྐྱུར་བར་ཐལ། བོན་པོ་བྱེ་བྲག་པ་ཞིག་མ་ཤི་བའི་ཕྱིར། འདོད་ན་དངོས་འགལ་ཁྱོད་རང་གིས་ལུང་དྲང་པ་པའི་སྲིད་པའི་རྒྱུད་ཀྱི་ཁ་བྱང་ལས། ༼སྤེ་ནེ་གུ་དང༌། འབེ་ཤོད་གྲམ་དང༌། ལྟ་རུ་བསེ་ཡག་དང༌། བུ་སྔུན་ཁྲ་འཛིན་དང་བཞི་ཡིས། རྗེ་ལ་བཟློག་པའི་རྐོ་ལོང་ལང༌། བསེ་ཡི་འདན་དཀར་དང༌། རྔ་གཤང་ཕྲུག་ཅིག་བརྫང་སྟེ། གྲུ་ནང་དུ་བཅུག་ནས་ཡར་ཆབ་གཞུང་ལ་བསྐྱོན་ཏེ་བཏང༌། འབེན་གང་ཙམ་དུ་སླེབས་པ་དང༌། སྤེ་ནེ་གུའི་བསེའ་ཡི་འདན་དཀར་བཙུག་སྟེ་ལྷ་ལ་བོས། བཙད་པོ་རྗེ་ལ་དབུ་ཡོག་དེད་པས། ཡར་ཆབ་ཙང་པོ་གྱེན་དུ་ལོག རྒྱལ་ཁམས་ཆུའི་གང་བར་བྱས། ༽ཞེས་གསུངས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བོན་པོ་དེ་བཞི་བོན་པོའི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར། དེ་བཞི་བོན་པོ་ཡིན། དེ་བཞི་བོན་པོ་དང་བདག་གཅིག་ཏུ་འབྲེལ། དེ་བཞི་མ་ཡིན་ཞིང་བོན་པོ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། འོ་ན་བོན་པོའི་བྱེ་བྲག་ཡིན་ན་མི་ཤི་བས་ཁྱབ་པར་ཐལ་ལོ།
ད་ཁྱོད་ཀྱི་མཆན་རེ་རེ་ནས་འགོག་དགོས་པ་མི་འདུག གཅིག་བཀག་ན་ཐམས་ཅད་ཁེགས་འགྲོ་གི་རེད། རྒྱུ་མཚན་ཚང་མ་ཕྱོགས་གཅིག་ལ་རྟེན་པ་མ་གཏོགས་རིགས་པའི་རྣམ་གྲངས་མ་འདྲ་བ་གང་ཡང་མི་འདུག དེ་ནས་དག་ཡིག་དེ་བསྐྱོར་སྟངས་ནོར་འདུག ལྐུག་པའི་ལྐུག་ནི་ཨ་ལྐུག་ཡིན། ཟེར་མི་འདུག ལྐུག་པའི་ལྐུག་ནི་ལ་ལྐུགས་ཟེར་འདུག། དེ་ནི་དག་ཡིག་ཙམ་རེད། མི་གཞི་དམའ་འབེབས་ཅང་མ་རེད།
ང་ལ་ཕྲད་པས་ཁྱོད་ཡར་རྒྱས་ལ་མང་པོ་སོང་ཡོད་པ་རེད། དང་པོ་ཁྱོད་ཀྱིས་འདིའི་ནང་དུ། མི་སུ་འདྲ་ཞིག་ཡིན་ན་ཡང་༼ཕ་དགྲ་བོན་གཤེད༽ཟེར་ནས་རི་པིན་གྱི་སྐད་འདྲ་བོ་ཞིག་རྒྱག་གི་ཡོད་པ། ད་དེ་རྩ་ནས་མེད་པ་ཆགས་འདུག་ཀ དེ་ཡང་ཡར་རྒྱས་རེད། ཡང་ཁྱོད་ཀྱིས་འདིའི་ནང་གི་མཆན་པ་ཡར་ཡར་རེད། མས་མས་རེད་ཟེར་ནས་དབྱེན་འབྱེད་མང་པོ་བཤད་ཀྱི་ཡོད་པ། དེ་ཡང་དེང་སང་མེད་པ་ཆགས་འདུག་ཀ དེ་ཡང་བློ་བསྐྱེད་རེད། དེ་ནས་ཁྱོད་ཀྱིས་ཁ་གྲགས་ཚད་ལ་བན་བོན་བར་གྱི་དབྱེན་དཀྲུགས་ཟེར་གྱི་ཡོད་པ། དེང་སང་དེ་ཡང་མེད་པ་ཆགས་འདུག ང་ལས་རེག་པའི་བློ་བསྐྱེད་རེད། རྒྱུ་མཚན་གང་ཡིན་ཟེར་ན། ཁྱོད་ལ་རིགས་པ་ཚ་བོ་ཞིག་བཏང་པ་ཙམ་རེད། དབྱེན་འབྱེད་ག་བ་བྱས་འདུག་ཟེར་ནས་ཁྱོད་ཀྱིས་རྩ་ནས་རེག་གི་མ་རེད།
ལྷག་པར་དུ་དེ་རིང་ཁྱོད་ལ་ཐོད་རྒལ་གྱི་བློ་བསྐྱེད་ཞིག་རེག་འདུག་པ་ནི་གོང་དུ། ཁྱོད་ཀྱིས་གོང་དུ་མཐུན་ཕྱོགས་ནས་གླེང་ཟེར། འདི་ངོ་ནས་ཡར་བསྐྱེད་ཟེར་བ་རེད། རྣམ་འགྲེལ་ལས་སེམས་ཀྱི་རང་བཞིན་འོད་གསལ་བ།། དྲི་མ་རྣམ་ནི་བློ་བུར་བ།། གསུངས་པ་རེད། ཡར་རྒྱས་ལ་འགྲོ་རྒྱུ་རྩ་ནས་མེད་མཁན་ཞིག་ག་ལ་ཡོད། ཚང་མ་ཡར་རྒྱས་ལ་སོང་ནས་མཐར་སངས་རྒྱས་དགོས་པ་རེད།
ད་ངས་ཞར་ལ་སངས་རྒྱས་ཀྱི་སྒྲ་བཤད། འདི་གོང་དུ་ཁ་ཤས་ཀྱིས་རྩོད་ཀྱི་འདུག་པས། ཁོང་ཚོའི་ཁ་སྣོན་ཙམ་ཡིན། རྣམ་དཔྱད་རིག་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་།། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར།། ཞེས་གསུངས་པ་ལྟར། མ་རིག་པའི་གཉིད་ལས་སངས་པའི་ཕྱིར་སངས་སྟེ་བློ་བུར་དང་རང་བཞིན་གྱི་དྲི་མ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་སྐུ་སྟོན། ཤེས་བྱ་ལ་བློ་རྒྱས་པའི་ཕྱིར་རྒྱས་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་སྟོན། དང་པོ་ནི་རྟག་པ་དང་ཕྱི་མ་ནི་འདུས་བྱས་ཡིན་པར་ཁས་ལེན། སྐུ་དེ་གཉིས་ཀ་དང་ལྡན་པ་སྤྲུལ་བའི་སྐུ་ནི་རྒྱལ་བ་ཤྰཀྱ་ཐུབ་པ་ལྟ་བུ་ཡིན། མཆོག་གི་སྤྲུལ་སྐུ་ཟེར་བ་ཡིན། བོན་ལུགས་ལ་སྐུ་དེ་གཉིས་ཀ་དང་ལྡན་པ་ནི་སྟོན་པ་གཤེན་རབ་མི་བོ་ལྟ་བུ་ཡིན། མཆོག་གི་སྤྲུལ་སྐུ་ཡིན། འོན་ཀྱང་ཁོང་གཉིས་ཀ་འདུས་བྱས་ཡིན་པར་ཁས་ལེན་དགོས། །
འོན་ཀྱང་ཁོང་གཉིས་ཀ་འདུས་བྱས་ཡིན་པར་ཁས་ལེན་དགོས། ཆོས་འཁོར་བསྐོར་བ་བོ། ཆོས་ཀྱི་དུང་འབུད་པ་པོ། གདུལ་བྱ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བོ་པོ། བཅས་ཡིན་པར་ཁས་ལེན་དགོས་སོ། སརྦ་མངྒ་ལམ།།
དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས།
མ་འཇལ་ཡུན་རིང་སོང་ཁྱེད་སྐུ་གཟུགས་བདེ་ཐང་གི་ཐོག་འདིར་ངེད་ཚོའི་གཏམ་གཞགུ་འཛུམས་ཀྱིས་བསྡུ་བབར་ཕེབས་ཏེ་གཞན་ལའང་དེ་བཞིན་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ངོས་ནས་ཀྱང་དེ་སྔོན་རབབ་དང་རིམས་པར་དེ་ལྟ་བུའི་བསམ་འཆར་འགའ་ཞིག་ཕུལ་ཀྱང་དེ་ཙམ་གྱིས་དགོས་དོན་མ་གྲུབ།
ངོ་མ་རེད། ང་ཚོ་ནི་སྤྱི་ཚོགས་ཀྱི་ནང་དུ་ཅུང་ཡི་གེ་འབྲི་ཤེས་པ་དང་བསམ་ཚུལ་ཤོད་ཕོད་པ་ལས་སོགས་ཡོན་ཏན་ཀྱང་མི་དམན་པར་ཡོད་མཁན་ཡིན་པས་ནམ་ཡང་ལོག་པར་ཕྱོགས་པའི་སྣེ་འཁྲིད་ཅིག་བྱེད་ན་ག་ལ་འོས། དེའི་ཕྱིར་རྩོད་པ་ཐམས་ཅད་ཀྱང་མི་རིགས་དང་མི་རིགས་དབར་ལ་དང་ཆོས་ལུགས་དང་ཆོས་ལུགས་ཀྱི་དབར་ཆོལ་ཁ་དང་ཆོལ་ཁའི་དབར་རམ་ལུང་ཚན་སོགས་ཀྱི་དབ྄ྱེན་དཀྲུགས་སུ་མི་འག྄ྲོ་བ་་ཞིག་ང་ཚོའི་ལས་འགན་ཞིག་རེད་དྲན། ཁྱེད་ཀྱིས་དགོངས་འཆར་གནང་བ་བཞིན་གནམ་ལ་ཉི་ཟླ་གཉིས་ས་ལ་བན་བོན་གཉིས་ནམ་ཡང་འདུ་འབྲལ་མེད་པར་གནས་པའི་གནའ་སྔ་མོ་མེས་པོ་རྣམས་ཀྱིས་མནའ་དམ་ཐ་ཚིག་བཞག་པ་བཞིན་ང་ཚོས་ཀྱང་དེ་བཞིན་གནས་པའི་ཐབས་ལམ་འཚོལ་རྒྱུ་ནི་གལ་ཆེ་བར་མཐོང༌། དེས་ན།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས།
སྐུ་གདུང་གསུང་རབས་ལྷ་སྲིན་དཔང་དུ་བཙུགས་ནས།
བན་བོན་གཉན་སྲིད་བྱས་ཏེ། གནམ་ས་མ་འགྱུར་ཡི་བར་དུ། གནམ་ལ་ཉི་ཟླ་ཕྲུགས་ཅིག་ལྟར་དུ། ས་ལ་བན་བོན་སྡེ་ཅིག་བྱས་ནས། ཐེ་ཚོམ་ཆགས་སྡང་སྒྲོ་སྐུར་སྤང་པ་དང༌། བན་བོན་ནང་འཁྲུགས་མི་བྱེད་པ་དང༌། འཕྲག་དོག་རྩོད་པ་ཟུག་རྔུ་སུ་བྱེད་ཟེར་ནས། དཔང་པོ་བཞག་སྟེ། མཐོ་སྲིད་པའི་རྩེ་མོ་ནས་བདེར་གཤེགས་སྐུ་གསུམ་མན་ཆད་དུ། དམའ་དམྱལ་བའི་རྨིང་གཞི་ཡན་ཆད་ཀྱི་ལྷ་སྲིན་སྡེ་བརྒྱད་དཔང་པོར་བཞག་ནས་གཉན་སྲིད་བྱས། ཞེས་གསལ་བར་བསྟན་པ་ལྟར་
དྲྭ་གྲོགས་ཀུན་གྱིས་དེ་ལྟར་གནས་པའི་ཤིས་ཚིག་འདྲ་ཡོད་ན་ཤིན་ཏུ་ལེགས། ཁ་བརྡ་ཚང་ལའང་དེ་བཞིན་ཐུགས་རྗེ་ཆེ་ཞུ།
གཞོན་ནུ་ཟླ་མེད་ལགས།
གོང་དུ་དྲྭ་གྲོགས་མང་པོ་ཞིག་གིས་དགོངས་འཆར་གནང་བ་བཞིན་སླར་ཡང་ངས་ཁྱེད་ལ་ངས་བསམ་ཚུལ་འདི་ཞུ་འདོད་བྱུང༌། བགྲོ་གླེང་འདི་ཡི་མཆན་དང་པོ་དེ་ཁྱེད་ཀྱིས་བཏབས་པས་གཏམ་གཞུག་མཛུམས་ཀྱིས་བསྡུ་རྒྱུའང་ཁྱེད་ལ་ལས་འགན་ཆེན་པོ་ཞིག་ཡོད་པས་དེར་དགོངས་བཞེས་འདྲ་མི་འདུག་གམ།
ཐ་ཚན་མུ་ཙུག་སྨར་རོ།
ཁོ་བོས་འདིར་རེ་སྒུག་བྱས་ནས་ཉིན་གསུམ་བཞི་ཙམ་འདས་སོང་སྤོབས་པ་མཐའ་ཡས་གཞི་ནས་ཕེབས་སོང་། ཡིན་ན་ཡང་ཁོང་གིས་ཁོ་བོས་བཏོན་པའི་དྲི་བ་ཁག་ལ་ལན་ཅི་ཡང་མེད་པར་ཁ་འཇམ་ཚིག་འཇམ་ཞིག་བཤད་ནས་འཇུག་སྒྲིལ་ཁུལ་བྱས་འདུག དེ་ཡང་བསམ་པ་ཡར་བསམ་དང་སྐུད་པ་ཡར་འཁེལ་ཞེས་པ་རེད།
ད་དུང་ཁོང་གིས་”སྤྱིར་ན་ང་ཚོ་སུ་ཡིན་ཡང་བོན་ཟེར་ན་འདྲ་བན་ཟེར་ན་འདྲ་ནང་པ་སངས་རྒྱས་པའི་བསྟན་པ་གཅིག་པ་དང་བོད་ཀྱི་རིག་གཞུང་ཡིན་སྟབས་འདི་ཉིད་དར་རྒྱས་སོང་ན་སྙམ་པའི་འདོད་འདུན་སུ་ཡིན་ཡང་ཡོད་ཡོད་པ་རེད། བསྟན་རྒྱས་སྨོན་ལམ་རེ་འགོད་ཐུབ་ན་འགོད་རོགས་ཟེར་དོན་དེ་ཡིན།”ཞེས་པའི་འབོད་སྐུལ་ཞིག་དང་ཆབ་ཅིག་བོན་བན་གཉིས་ཀ་ནང་པ་སངས་རྒྱས་པའི་བསྟན་པ་གཅིག་པ་བྱས་པས་མཐུན་སྒྲིལ་གྱི་གཏམ་ཞིག་ཀྱང་གསུངས་འདུག ཀུན་ལ་མཐུན་པའི་སེམས་གྲོགས་ལ་མཐུན་པའི་ཚིག་ཟེར་བ་རང་རེད།
ད་ཡིན་ན་ཁོང་གིས་རེ་སྐུལ་ནང་བཞིན་ཁོ་བོས་ཀྱང་མཆན་ཕྱི་མར་བོན་བསྟན་རྒྱས་པའི་སྨོན་ལམ་ཞིག་བཀོད་འཆར་ཡོད་པས། དྲ་གྲོགས་ཚོར་མོས་མཐུན་མེད་མཁན་ཡོད་ན་ཕྱག་བཀྱག་རོགས་ཞུ་ཞུས་པ་ཡིན། སྐར་མ་ལྔ་ལ་སྒུག་རྒྱུ་ཡིན་པས་དགོངས་འཇགས་ཞུ། དེ་བཀོད་ཚར་ནས་ཚང་མས་མཚམས་འཇོགས་གནང་རོགས་ཞུས་པ་ཡིན།
ཨ་ཙི་་་་་་་ད་མཚམས་འཇོག་རྒྱུའི་ནས་་་བན་བོན་གྱིས་ཕྱོགས་རིས་མཚམས་འཇོག་བྱས་ཀྱང་ལྷ་སྲས་དར་མའི་སྐོར་ནས་བགྲོ་གླེང་བྱས་ན་མི་འགྲིག་ག་དྲ་ལམ་རྩོམ་པ་པོ་རྣམས། ཡ་ཡ་ཡ་་་བློ་བསྐྱེད་འདྲ་རེག་པའི་རེ་བ་ཡོད་མོད་།་་་ད་ཚར་ནི་རེད། མ་གཞི་ལ་སྟོད་ཚང་འདི་ཡང་ད་འགྲོ་འདོད་ནས་བྲེལ་ལངས་བསྡད་ཡོད།
ད་སྤོབས་པ་འགྲོ་སོང་ན་ཨབ་ཕྲུག་ཚོས་མོས་མཐུན་མི་བྱེད་རང་བྱེད་རེད། བདེ་མོ་བྱོས།
༄༅། ། བདུད་བཟློག ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།
༄༅། ། རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། ། བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ།
ཁ་བྲོ་བཀྲ་ཤིས། ང་བོད་དུ་འགྲོ་སྐབས་གསེར་རྟ་མཁན་པོ་འཇིགས་ཕུན་ཟེར་བ་དེའི་དགོན་པར་སོང་། ཁོང་གི་དགོན་པར་ཆོས་རྒྱུད་སོ་སོའི་ལྷ་ཁང་ལོགས་སུ་ཡོད་པའི་དཀྱིལ་འཁོར་ལྟ་བུའི་ལྷ་ཁང་ཆེན་པོ་ཞིག་བཞེངས་འདུག དེའི་གྲས་སུ་བོན་གྱི་ལྷ་ཁང་ཞིག་ཀྱང་འདུག སྟོན་པ་གཤེན་རབ་དབུས་སུ་བཞག་ནས་བོན་ལུགས་ཀྱི་འདྲ་སྐུ་སྤུས་དག་མང་པོ་ཞིག་བཞེངས་འདུག ཁོང་རང་ཞལ་བཞུགས་དུས་བོན་འདི་ཕ་མེས་ཀྱི་ཆོས་རྒྱུད་ཡིན་པ་དང་སྟོན་པ་གཤེན་རབ་འདི་སྟོན་པ་ཤཱཀྱ་ཐུབ་པ་དང་དབྱེར་མེད་ཡིན་པས་ཧ་ཅང་གལ་ཆེན་གནད་ཆེན་ཡིན་ཡིན་གཅིག་མིན་གཅིག་བཞེངས་དགོས་གསུངས་ཤིང་།ཉག་རོང་ནས་བོན་གྱི་བླ་མ་ཁ་ཤས་གདན་དྲངས་ནས་ཞལ་བཀོད་བཞིན་བཞེངས་པ་རེད་ཟེར། ངས་ཧ་ཅང་ཡག་པོ་རེད་དྲན་སོང་།
ང་བོད་དུ་འགྲོ་དུས་མཁན་པོ་འཇིགས་ཕུན་ཟེར་བ་དེའི་དགོན་པར་སླེབས། དེ་ན་ཆོས་རྒྱུད་སོ་སོའི་ལྷ་ཁང་ཡོད་པའི་ལྷ་ཁང་ཆེན་པོ་ཞིག་བཞེངས་འདུག དེའི་གྲས་སུ་བོན་གྱི་ལྷ་ཁང་ཞིག་ཀྱང་འདུག ལྷ་ཁང་གཞན་དག་དང་བསྡུར་ན་མཐོ་དམན་དང་ཆེ་ཆུང་གང་ཡང་མི་འདུག སྟོན་པ་གཤེན་རབ་དབུས་སུ་བཞག་ནས་བོན་ལུགས་ཀྱི་ལྷ་སྐུ་སྤུས་དག་མང་པོ་ཞིག་བཞེངས་འདུག ཁོང་རང་སྐུ་མ་གཤེགས་གོང་ཞིག་ལ་དེ་ཧ་ཅང་གལ་ཆེན་ཡིན། བོན་འདི་ཕ་མེས་ཀྱི་ཆོས་ལུགས་ཡིན། སྟོན་པ་གཤེན་རབ་འདི་སྟོན་པ་ཤཱཀྱ་ཐུབ་པ་དང་དབྱེར་མེད་ཡིན་སྟབས་ཡིན་གཅིག་མིན་གཅིག་བཞེངས་དགོས་གསུངས་ནས་ཉག་རོང་ཁོག་ནས་བོན་གྱི་བླ་གྲྭ་ཁ་ཤས་གདན་དྲངས་ནས་ཞལ་བཀོད་བཞིན་བཞེངས་པ་རེད་ཟེར། ངས་ཧ་ཅང་ཡག་པོ་རེད་དྲན་སོང་།
ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།
ད་ཡིན་ན་ཚང་མས་མོས་མཐུན་ཡོད་ས་རེད། སྤོབས་པ་དང་ཁྱུང་སྲས་གཉིས་མ་གཏོགས་ཕེབས་མ་སོང་། མཆན་ཕྱི་མར་བསྟན་པ་རྒྱས་པའི་སྨོན་ལམ་བཀོད་རྒྱུ་ཡིན་པས་ཚང་མས་མགྲིན་གཅིག་ཏུ་ཀློག་གནང་རོགས་ཞུ།
ཡ་ཡ་ཡ་་་་་འབུ་ལི་གཏུབ་རྒྱུ་འདི་སུ་ཞིག་ཡིན་ན་སྤོབས་པ་དང་མང་ར་བ་གཉིས་གང་ཟག་གཅིག་ཡིན་ས་རེད་པ་ཁམས་ནས་ཁམས་ནོ་ཁམས་ནི་ཞིག་བཤད་ནས་ཁམས་ནག་གི་ལྭ་བཟོ་སྟངས་ལ་ལྟོས་ན། མིན་མིན་ད་དོན་མེད་དོགས་གཞི་མི་སློང་། ཚང་མས་བཀྲ་ཤིས་འཇུག་བསྡོམས་ཀྱི་གཏམ་ཐུང་རེ་བཤད་ན་ཅི་འདྲ་རེད།
༄༅། །གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་ཞེས་བྱ་བ་བཞུགས་སོ།
ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང༌། །རྣམ་དཀར་དགེ་ཚོགས་སྒྲུབ་པའི་ནུས་མཐུ་དང༌། །བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང༌། །བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༌། །བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག །ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི། །མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག །དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི། །མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང༌། །རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང༌། །སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག །དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །ནད་མུག་འཁྲུགས་རྩོད་རབ་ཏུ་ཞི་བ་དང༌། །ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག། །། ཅེས་བསྟན་འབར་གྱི་སྨོན་ལམ་འདི་ཉིད་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་སྦྱར་བའོ།། །།
རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་འདིའི་མན་ནས་ཁ་དགེ་བཀྲ་ཤིས་པའི་གཏམ་རེ་གསུངས་རྒྱུ་ཡོད་ན་མ་གཏོགས་ཚིག་ངན་དང་གསེག་གཏམ་གང་ཡང་མི་སྤེལ་བའི་རེ་བ་དང་འབོད་སྐུལ་ཞུས་པ་ཡིན། ཐུགས་ཆེ་གནང་།
ཐ་ཚན་མུ་ཙུག་སྨྲར་རོ།
ཁ་ཉིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་དུ་བོད་ནས་ཕེབས་པའི་བོན་གྱི་སྤྲུལ་སྐུ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ཞུ་བ་ཞིག་དང་མཇལ་སོང་། ཚོགས་འདུའི་བྲེལ་ཟིང་གི་དབང་གི་ལྷོད་མཇལ་ཞིག་མ་བྱུང་ཡང་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ནས་ཁོ་བོ་ཁོང་ལ་ངོ་སྤྲོད་ཅིག་གནང་སོང་། ཉིན་འགའི་རྗེས་སུ་ཚོགས་འདུ་གྲོལ་ཏེ་ཕྱིར་ལོག་ཁར་ཡང་སྐྱར་ཁོང་དང་མཇལ་ནས་བདེ་མོ་འཇོག་དུས་རྒྱུ་རྐྱེན་མི་ཤེས་པར་རང་དབང་མེད་པར་སེམས་པ་སྐྱོ་གདུང་གིས་མནར་ཞིང་མིག་མཐའ་མཆི་མས་སྦངས་སོང་། གང་ལྟར་བོན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་རིང་ཞིང་མཛད་འཕྲིན་འཕེལ་བ་དང་། བོན་བསྟན་ཕྱོགས་བཅུར་རྒྱས་པའི་སྨོན་ལམ་འདེབས།
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས་སྐུ་ཁམས་བཟང་།
སྐུ་ཉིད་ཀྱིས་འདིར་བཀོད་པའི་མཆན་ཨང་སྔོན་མ་དེ་དག་ཙམ་མ་ཟད། ༼ལྷོ་ཕྱོགས་ཕོ་ཉ་༽ཞེས་པའི་ཚག་ཤོག་ཐོག་དགྲ་འདུལ་གཉེན་སྐྱོང་སོགས་དང་བོན་གྱི་སྐོར་གླེང་མོལ་བྱས་པ་རྣམས་དང་། དེ་རིང་འདིར་“སྤྱིར་ན་ང་ཚོ་སུ་ཡིན་ཡང་བོན་ཟེར་ན་འདྲ་བན་ཟེར་ན་འདྲ་ནང་པ་སངས་རྒྱས་པའི་བསྟན་པ་གཅིག་པ་དང་བོད་ཀྱི་རིག་གཞུང་ཡིན་སྟབས་འདི་ཉིད་དར་རྒྱས་སོང་ན་སྙམ་པའི་འདོད་འདུན་སུ་ཡིན་ཡང་ཡོད་ཡོད་པ་རེད། བསྟན་རྒྱས་སྨོན་ལམ་རེ་འགོད་ཐུབ་ན་འགོད་རོགས་ཟེར་དོན་དེ་ཡིན།”ཞེས་གསུངས་པའི་གཏམ་གཉིས་ཀྱི་བར་ལ་དཔྱད་ཞིབ་ཞིག་བྱས་ན། དངོས་གནས་ཁྱེད་ཀྱིས་བོན་བན་བར་གྱི་ལྟ་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ་དེ་རིང་ད་གཏམ་མཇུག་མཛུམ་གྱིས་བསྡུ་རྒྱུ་ཡིན་ཚོད་རེད་འདུག་པས་ངོས་ནས་ཀྱང་ཁྱེད་ལ་དགའ་བསུ་ཞུ་བཞིན་ཡོད་མ་ཟད། ད་དུང་ཀརྡོ་རབ་འབྱམས་པས་ “བན་བོན་མཛའ་མཐུན་ཡུན་གནས་རྟག་བརྟན་ཤོག”ཅེས་སྨོན་པ་སོགས་ཀྱིས་མཚོན་དྲ་ཐོག་འདི་ནས་རྩོད་ཟླ་ཚང་མས་གཡུང་དྲུང་བོན་གྱི་ཕྱོགས་ལ་ཤིས་སྨོན་དང་བསྟོད་བསྔགས་དུ་མའི་སྒོ་ནས་མཆན་རྩོམ་གྱི་མཇུག་བསྡུ་བཞིན་པ་འདི་དག་ལ་བསམ་ན། ང་ཚོས་དེ་རིང་འདིར་བགྲོ་གླེང་བྱས་པ་དེས་མང་པོ་ཞིག་ལ་ཐུགས་ཕན་འདི་ལྟར་སོས་ཤིང་ང་ཚོའི་བསམ་དོན་འགྲུབ་པ་དེ། གཅིག་ནས་ང་ཚོས་ཉིན་ཤས་རིང་སོ་སོའི་ལས་ཀའི་བར་སེང་རྣམས་སུ་ངལ་བ་དུ་མ་ཁུར་དུ་བླངས་པའི་འབྲས་བུ་ཞིག་དང་། གཉིས་སུ་ནི་ཕ་རོལ་པོ་ཞིག་གིས་ངན་སྨྲས་དང་མཚང་འདོགས་ཅི་ལྟར་བྱས་རུང་བདེན་པའི་དོན་ལ་སྒྲིབ་ཐབས་མེད་ཟེར་བ་བཞིན་གཡུང་དྲུང་གི་བོན་རིན་པོ་ཆེའི་བདེན་པའི་རང་ཞལ་གསལ་ཞེས་པ་འདི་འདྲ་ལོས་ཡིན་སྙམ་ནས་སྤོབས་པ་དང་དགའ་ཚོར་འཕར་མ་ཞིག་སྐྱེས་བྱུང་།
སྤོབས་པ་མཐའ་ཡས་ལགས་སྐུ་ཉིད་ཀྱིས་“བསྟན་རྒྱས་སྨོན་ལམ་རེ་འགོད་ཐུབ་ན་འགོད་རོགས་”ཟེར་བ་ཞིག་ཁ་སང་སྔོན་མ་ནས་མཆན་བུ་གཞན་ཞིག་གི་ཐོག་ནས་མཐོང་བྱུང་ཡང་།
དེའི་གཤམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་ཉུང་བསྡུས་ཤིག་བཀོད་ཟིན་པས་ངས་སླར་ཡང་འགོད་པའི་ངལ་བ་བྱས་མེད། མ་གཞི་དེ་ཁྱེད་ཀྱིས་འགོད་ས་ནོར་འདུག་དགོངས་དག་ཅེས་པ་ཞིག་ཀྱང་བྲིས་འདུག་པས་དེ་བས་ཀྱང་ངས་འགོད་ཚོད་ཐེག་མ་བྱུང་།
ད་དེ་རིང་མང་ར་བ་སོགས་མང་པོ་ཞིག་གིས་འགོད་བཞིན་ཡོད་ཚོད་འདུག་ནའང་། བྱང་ཕྲུག་བདག་གིས་ཀྱང་ཁྱེད་དང་། དྲ་གྲོགས་ཀརྡོ་རབ་འབྱམས་པ་དང་། རིག་པའི་རལ་གྲི་སོགས་ལ་དམིགས་བསལ་མཐའ་མའི་གྱེས་ཕྱག་ཞིག་གི་ཚབ་ཏུ་གཡུང་དྲུང་བདེན་པའི་རྒྱལ་རྔ་བརྡུང་བཞིན་༸བོན་གྱི་གྲྭ་ས་ཁག་ཏུ་རྒྱུན་འདོན་བྱེད་བཞིན་པའི་༼བསྟན་པ་རྒྱས་པའི་སྨོན་ལམ་༽ཞིག་འབུལ་རྒྱུ་ཡིན་པས་གསོལ་བ་རྩེ་གཅིག་ཏུ་འདེབས་ནས་དལ་འདོན་གནང་རོགས་ཞུ།།
ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང་།
རྣམ་དཀར་དགེ་ཚོགས་བསྒྲུབ་པའི་ནུས་མཐུ་དང་།
བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས།
ཅི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག
བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན།
བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང་།
བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང་།
བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག
ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི།
རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི།
མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག
དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག
དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི།
མཚུངས་མེད་བླ་མའི་ཞབས་པད་བསྟན་པ་དང་།
རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང་།
སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག
དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན།
ནད་མུག་འཁྲུགས་རྩོད་རབ་ཏུ་ཞི་བ་དང་།
ཕན་བདེ་སྐྱིད་པའི་མ་འབུམ་ཤར་ནས།
མཐར་ཐུགས་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག
ཀརྡོ་རབ་འབྱམས་པ་ལགས་ངས་ད་དུང་དགོས་དབང་གིས་ཁྱེད་ལ་ལན་གཅིག་མཇལ་རྩིས་ཡོད་པས་དགོངས་འཇགས་ཞུ།།
དྲྭ་གྲོགས་རྣམ་པ་ཚོས་ཁ་དགེ་བཀྲ་ཤིས་པའི་ངང་ནས་བགྲོ་གླེང་གཏམ་གྱི་མཇུག་སྡོམ་ཞུས་པར་ཐུགས་རྗེ་ཆེ།
མ་འོང་པ་ལའང་བན་བོན་དང་ཆོལ་ཁ་ལུང་ཚན་མི་རིགས་དབྱེ་འབྱེད་མེད་པའི་བགྲོ་གླེང་འདྲ་ཡོད་ན་དེ་དུས་མཇལ་བའི་སྨོན་འདུན་དང༌། དེ་ལྟར་བྱེད་དགོས་པའང་ང་ཚོ་ཕྱི་རབས་པ་རྣམས་ཀྱི་ལས་འགན་ཞིག་ཏུ་ཡིན་པར་ཐུག་དབུས་སུ་འཇོག་གལ་ཆེ་བར་མཐོང་ངོ།
དགའ་ལ་སྟོན་བརྒྱ་མཐོང་ཅིང༌།
སྐྱིད་ལ་ལོ་བརྒྱར་ཐུབ་སྟེ།
དགའ་སྐྱིད་མཛོམས་པའི་ཉི་མ།
མྱུར་ནས་མྱུར་དུ་འཆར་ཤོག
རྩེད་མོ་ཁ་ཡི་བརྒྱན་རེད།
མེ་ཏོག་སྤང་གི་བརྒྱན་རེད།
དྭངས་གཙང་སེམས་ཀྱི་དཀྱིལ་དུ།
མི་བརྒྱན་གཅིག་ཀྱང་མི་འདུག
ཀ་བ་ལྟ་བུའི་དམ་བཅའ།
ཁ་བཤད་ཙམ་གྱིས་མིན་པར།
ག་དུས་ཡིན་ཀྱང་སེམས་ལ།
ང་ཁྱོད་མེད་པར་འཛིན་རོགས།
ཀླུ་སྨྱོན་ལགས།
ཁྱེད་ནས་ཀྱང་འདིར་བགྲོ་གླེང་འཇུག་སྡོམ་གྱི་བྱ་བར་ཁ་དགེའི་གཏམ་བཟང་དང་བཅས་ཏེ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཁྱེད་ནི་མིང་རྫུས་ཀྱིུ་འོག་ནས་མིན་པར་མཚན་དངོས་ཀྱིས་དྲྭ་རྒྱ་མང་པོའི་ནང་དུ་འཇིག་རྟེན་དང་ཆོས་ལུགས་ཚན་རིག་དང་དངོས་སྨྲ་དེང་དུས་དང་གནའ་དུས་ཐ་ན་ཕོ་མོའི་དབར་ག྄ྱི་མཛའ་འབ྄ྲེལ་ལས་སོགས་ཀྱི་སྐོར་ལ་རྩོམས་རིགས་སྣ་མང་འབྲི་མཁན་གྱི་བོད་ཀྱི་རིགས་གཞུང་ལ་ཞབས་འདེགས་ཞུ་མཁན་ཞིག་དང་མ་ཟད་ཁྱེད་ཀྱི་རྩོམས་དང་མཆན་བུར་མི་ཚོས་དོ་སྣང་ཆེར་བསྐྱེད་ཀྱིས་དྲྭ་རྒྱ་འདིར་ཁྱེད་ལ་མཆན་བུ་འགོད་མཁན་མང་ཤོསཤིིག་ཏུ་མཐོང༌། རྒྱུ་མཚན་ནི་ཁྱེད་ལ་མི་རིགས་དང་ཆོས་ལུགས་ཆོལ་ཁ་སོགས་ཀྱི་དབྱེ་འབྱེད་ཀྱི་བསམ་བློ་མེད་པས་ཡིན་པར་ངས་ངོས་འཛིན་ཞུ་བཞིན་ཡོད། མ་འོང་པ་ལའང་དོན་ཡོད་རྩོམས་ཀྱི་བགྲོ་གླེང་འདྲ་འབྱུང་ཚེ་གཟུགས་ཅན་ལུས་ཀྱི་མ་མཇལ་ཀྱང་གཟུགས་མེད་ཡིད་ཀ྄ྱིས་མཇལ་བའི་སྨོན་འདུན་དང་བཅས།
ལ་སྟོད་བུ་ནས།
ཐ་ཚན་མུ་ཙུག་སྨར་རོ།
ངས་ཀྱང་བཀྲ་ཤིས་པའི་མེ་ཏོག་སིལ་མ་ཞིག་བཏོར།
ཨོ་ཁྱེད་རྣམས་པ་ཚོས་འཇུག་བསྡུ་བཞིན་འདུག ང་ཅུང་ཙམ་རྗེས་སུ་ཐེབས་སོང་།
ང་ལ་ད་དུང་དྲི་བ་ཞིག་ཡོད། བོན་གྱི་ཆོས་གཞུང་དུ་བསྔགས་ཡིག་མང་པོ་ཞིག་ཡོད་པས་དེའི་རྒྱུ་མཚན་ག་རེ་ཡིན་ནམ། ཤེས་མཁན་འདྲ་ཡོད་ན་ལན་གནང་ཡོང་བ་ཞུ་ཞུ། ཐུགས་རྗེ་ཆེ། དེ་ང་ཚོའི་མ་འོངས་བའི་བགྲོ་གླེང་གི་བརྗོད་གཞི་བྱས་ཆོག
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༧ གི་ཆུ་ཚོད་ ༠ སྐར་མ་ ༢༧
༄༅། །གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་ཞེས་བྱ་བ་བཞུགས་སོ།
ན་མོ་བསླུ་མེད་སྐྱབས་མཆོག་རྣམས་ཀྱི་བྱིན་རླབས་དང༌། །རྣམ་དཀར་དགེ་ཚོགས་སྒྲུབ་པའི་ནུས་མཐུ་དང༌། །བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན། །བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་བ་དང༌། །བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༌། །བསྟན་པ་སྲིད་མཐའི་བར་དུ་གནས་གྱུར་ཅིག །ཁྱད་པར་རྗེ་བཙུན་མཉམ་མེད་བླ་མ་ཡི། །རིང་ལུགས་འཁྲུལ་མེད་གཤེན་བསྟན་སྨན་རི་བའི། །མདོ་སྔགས་ཉི་ཟླ་ཟུང་འབྲེལ་བསྟན་པའི་མཆོག །དུས་ཀུན་ཉམས་མེད་ཡུན་རིང་གནས་གྱུར་ཅིག དེ་ཉིད་འཛིན་སྐྱོང་སྤེལ་བའི་སྲོལ་འཛིན་པའི། །མཚུངས་མེད་བླ་མའི་ཞབས་པད་བརྟན་པ་དང༌། །རྣམ་དག་འདུས་སྡེ་དར་ཞིང་རྒྱས་པ་དང༌། །སྙན་པའི་གྲགས་ཆེན་ས་སྟེང་ཁྱབ་གྱུར་ཅིག །དེ་ལ་བརྟེན་ནས་མཁའ་མཉམ་འགྲོ་བ་ཀུན། །ནད་མུག་འཁྲུགས་རྩོད་རབ་ཏུ་ཞི་བ་དང༌། །ཕན་བདེ་སྐྱིད་པའི་ཉི་མ་འབུམ་ཤར་ནས། །མཐར་ཐུག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག། །། ཅེས་བསྟན་འབར་གྱི་སྨོན་ལམ་འདི་ཉིད་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་སྦྱར་བའོ།། །།
ཐ་ཚན་མུ་ཙུག་སྨར་རོ།
ཀརྡོ་རབ་འབྱམས་པ་ལགས།
ངས་གོང་དུ་མཆན་ཨང་༼༤༡༡༽ནང་ཁྱེད་ཀྱིས་བཀོད་པའི་མཆན་རྩོམ་དེར་ལན་ཞིག་བསྐྱོན་བའི་འདུན་པ་ཅི་བས་ཆེ་བ་མ་ཟད། ད་དུང་བརྡོལ་འཁྱལ་བསྒྱུར་གསུམ་གྱི་སྐོར་ལ་གྲ་སྒྲིག་ཨང་གསར་ཞིག་བྱས་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་དེ་རིང་འདི་ལྟར་སྤུན་ཟླའི་མི་རིགས་ལ་སྤུན་མི་རིགས་ཀྱི་འདུ་ཤེས་དང་། བོན་བན་དགོངས་གཅིག་ལ་དགོངས་གཅིག་གི་འདུ་ཤེས་གསར་པ་ཞིག་གིས་ངེད་ཅག་ཕན་ཚུན་ངོ་གདོང་འཛུམ་གྱིས་བསུ་བཞིན་རེ་ཞིག་གནས་འདི་ནས་གྱེས་ཕྱག་འབུལ་རེས་ཀྱི་ཆེས་དགའ་འོས་པའི་མཇུག་སྡོམ་གྱི་མཛད་སྒོ་ཞིག་རྣམ་པ་ཚོས་དབུ་བརྩམས་དུས། ངས་ད་དུང་རྩོད་རྙོག་དེ་དག་གི་སྐོར་གླེང་སློང་ན་བོད་ཀྱི་ཁ་དཔེ་ལ་“བཀྲ་ཤིས་པའི་ལ་མོ་གསོལ་ས་ལ། ལས་ངན་པའི་ཀི་སྒྲ་འདེབས་”ཞེས་པ་ལྟ་བུ་ཅིས་མི་ཡོང་སྙམ་ནས་སྔར་གྱི་འཆར་གཞི་དེ་དག་རིང་དུ་དོར་སྟེ།
ངེད་ཅག་སུས་ཀྱང་སླད་ཕྱིན་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་ཞེན་སོགས་ཀྱི་མཚོན་མདོར་ན་སྤུན་ཟླའི་མི་རིགས་བར་གྱི་དམ་ཚིག་ལ་སེལ་ལྷད་འཇུག་པའི་གཏམ་བཤད་ལས་འདས་ཏེ་དོན་ཡོད་ཀྱི་བགྲོ་གླེང་ངོ་མའི་ཆེད་དུ་གནས་གཞན་ནས་སླར་ཡང་མཇལ་བའི་སྨོན་འདུད་བཟང་པོ་དང་བཅས་ཏེ་
སྐྱེ་ཡུལ་བྱང་ཕྱོགས་ཧི་མ་ལ་ཡའི་ཉེ་འདབས་སུ་སྐྱེས་ཀྱང་ལས་དབང་གིས་ནུབ་ཕྱོགས་ཡོ་རོབ་ཀྱི་གླིང་ཕྲན་ཞིག་ཏུ་གྱར་བའི་བྱང་ཕྲུག་བདག་དེས་ཕུལ།།
གྱེར་ཝེར་རོ། གྱེར་ཝེར་རོ། གྱེར་ཝེར་རོ།། ཐ་ཚན་མུ་ཙུག་སྨར་རོ།། །།
དྲ་གྲོགས་རྣམས་ཀྱིས་བློ་ཁ་རྩེ་གཅིག་དང་འདོད་པ་རྩེ་གཅིག མོས་བ་རྩེ་གཅིག་དང་དམིགས་དོན་རྩེ་གཅིག་གི་སྒོ་ནས་འཇུག་སྒྲིལ་བཞིན་ཡོད་པས་ཕྲན་གྱིས་ཀྱང་དེ་ལྟར་མོས་མཐུན་ཡོད་ལ་གུས་བཀུར་ཡོད། མ་ཟད་ང་ཚོ་དེ་རིང་བྲལ་ཡང་སང་ཉིན་འཛོམས་པའི་དཔེ་ལྟར་ཡང་བརྗོད་གཞི་གཅིག་གི་སྟེང་དུ་བགྲེ་གླེང་ནང་ཐུག་པའི་བཀྲ་ཤིས་ཡོད། ད་ལྟ་ང་ཚོས་འདི་ལྟར་བོད་ཡིག་དྲ་ནང་རྒྱུད་ནས་གླེང་མོལ་རྒྱུན་རིང་བྱས་བ་ལོ་རྒྱུས་ཐོག་དང་པོ་ཡིན་པས་ང་ཚོ་ཚང་མ་གསར་ཞུགས་པ་ཡིན་པས་ཉམས་མྱོང་ཞན་པའི་ནོར་འཁྲུལ་དང་སྐྱོན་ཆ་རེ་ཟུང་བྱུང་ཡོད་ཀྱང་མ་འོངས་བར་འདི་ལས་ཡར་རྒྱས་དང་འཐུས་ཚང་། ལོ་རྒྱུས་དང་རིག་གཞུང་། རིག་པའི་རྒྱབ་ལྗོངས་མང་པའི་ཡིད་ཆེས་ཡོད་ལ་དེ་ལྟར་ཡོང་བའི་རྨི་ལམ་ཡོད།
དྲ་ནང་དུ་ཞུགས་མཁན་ཀུན་དང་ལྷག་པར་ཕྲན་གྱི་རྩོད་གྲོགས་དམ་པ་ལ་སྟོད་དང་དམུ་རྒྱུད་གཉིས་ལ་བཀྲ་དྲིན་ལེགས་འབུལ་ཞུ་བཞིན་ཡོད། ཁྱེད་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ངས་དེ་སྔོན་སྦྱང་ཟིན་པའི་གནད་དོན་མང་ཞིག་ལ་ཕྱི་ལྟ་དང་བསམ་བློ་བཏང་བའི་གོ་སྐབས་བྱུང་བ་མ་ཟད། རྣམ་པ་གཉིས་ལ་བརྟེན་ནས་གནས་ཚུལ་མང་པ་ཞིག་ལ་རྒྱུས་ལོན་ཐུབ་པས་སེམས་རྩ་ནས་བཀྲ་དྲིན་ལེགས་འབུལ་བྱེད་ཀྱིན་ཡོད་ལ། ཁྱེད་གཉིས་ཀྱིས་མུ་མཐུད་དུ་དྲ་ནང་དུ་ཞུགས་ཏེ་བསམ་ཚུལ་སྤེལ་བའི་སྨོན་ལམ་ཡོད། དེ་དང་ལྷན་ཅིག་མང་ར་བ་དང་སྤོབས་པ་མཐའ་ཡས་གཉིས་ལ་དམིགས་བསལ་གྱི་ལྟ་སྟངས་རེ་ཡོད་པས་ལྟ་སྟངས་དེ་བོད་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་སྨོས་མེད་ཡིན་པས་མུ་མཐུད་དུ་དེ་ལྟར་ཡོང་བའི་རེ་བ་ཡོད། ད་བདེ་མོ།
ཉག་བླ་པདྨ་བདུད་འདུལ་གྱི་གསུང་ཞིག་ཏུ། བོནཆོས་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༎ཞེས་པ་ཞིག་ཡོད་པ་དྲན་གྱིན་འདུག་པས་དེ་བཞིན་དུ་སྐྱབས་སུ་མཆིའོ༎
ཡ་་་དྭ་་་བན་བོན་གི་སྟག་འདྲ་གཟིག་འདྲ་ཚོའི་རྩལ་གྱི་ཆ་ཕྲ་ཙམ་རེ་མཇལ་རྒྱུ་བྱུང་བ་སྐལ་བ་བཟང་སྙམ།
གཏམ་གྱི་མཇུག་འདིར་ངས་ཀྱང་ཤིས་ཚིག་རྐང་གཅིག་སྣོན་པ་བྱེད་རྒྱུ་ཡིན།
ཆུ་དང་ཉ་མོ་འགྲོགས་པ་བཞིན། །
བན་བོན་ལྷན་དུ་གནས་གྱུར་ཅིག །
སྤྲིན་དང་གཡུ་འབྲུག་འགྲོགས་པ་བཞིན། །
བན་བོན་ལྷན་དུ་གནས་གྱུར་ཅིག
ཆུ་དང་འོ་མ་འདྲེས་པ་བཞིན། །
བན་བོན་ལྷན་དུ་འདྲེས་གྱུར་ཅིག །
མཆན་ཨང་༤༢༣ དེ་རྩོད་པའི་མཇུག་སྐྱོང་སྟངས་རེད། རྩོད་པ་མཇུག་གྲུབ་རྗེས་དེ་འདྲ་ཞིག་གིས་མཇུག་སྐྱོང་གི་རེད། འདི་གདན་སའི་ཕྱག་སྲོལ་རེད། ངས་རང་གི་སྙན་ཚིག་ཁ་ཤས་ཞིག་ལས་གདན་སའི་ཕྱག་སྲོལ་དེ་ཚོ་རྩ་ཆེན་པོར་འཛིན་གྱི་ཡོད།
ད་དེས་མ་ཆོག་ན་འཇིག་རྟེན་འཁོར་བའི་གཏམ་མཇུག་བསྡུས་སྟངས་བྱེད་ཀོ།
བདེ་མོ་གཅིག་ལ་བདེ་མོ།།
ངའི་སྡེ་ཆེན་རོགས་ལོ་བདེ་མོ།།
ངས་བདེ་མོ་འཇོག་འདོད་མེད་རུང་།།
རོགས་བརྒྱ་བོ་སྡེ་ནས་གྲོལ་དུས།།
ངའི་ཁ་ནས་བདེ་མོ་ཤོར་ཀི།
བརྗོད་བྱ་གཞན་པ་རྣམས་མཇུག་བསྡུས་ན་ལེགས། འོན་ཀྱང་ཁྲི་དར་མའི་སྐོར་འདི་ད་དུང་བགྲོ་གླེང་མང་ཙམ་གནང་རྒྱུའི་རེ་བ་ཡོད། གོང་དུ་ཁྲི་དར་མའི་སྐོར་ལས་དྲི་བ་ཁག་བཅུ་གཉིས་ལ་རང་གི་བསམ་ཚུལ་ལྟར་གྱི་ལན་ཕུལ་ཡོད་ཀྱང་ད་བར་དུ་དེ་ལ་ཁ ཡ་བྱེད་མཁན་སུ་ཡང་མི་འདུག རྣམ་པ་ཚོས་དེར་ལན་ཅིག་གཟིགས་རོགས་གནོངས།
ཁ་བརྡ་ཚང་ལ་བཀྲ་ཤིས་ཤོག
བཀྲ་ཤིས་ཕྱ་གཡང་འཁྱིལ་བའི་བཀྲ་ཤིས་ཤོག
ང་ལ་ཡང་བདེ་མོ་འཇོག་པའི་གོ་སྐབས་ཤིག་གནང་རོགས་ཞུ།
སྤྱིར་ང་རང་ཕྱོགས་རིས་དང་ལ་རྒྱ་ཚ་དྲག་པས་ཡིན་པ་འདྲ། ངས་ནམ་ཡང་ང་ལ་ཕྱོགས་རིས་མེད་ལ་རྒྱ་ཡང་མེད་ཅེས་ལབ་མ་མྱོང་ལ་རྗེས་སུ་ཡང་དེ་ལབ་མི་སྲིད་པ་ཞིག་ཡིན་པ་འདྲ། དངོས་གནས་ཕྱོགས་རིས་དང་ལ་རྒྱ་ཡོད་བཞིན་དུ་མེད་ཁུལ་གྱི་རྫིག་ཉམས་དེ་ངས་ནམ་ཡང་སྟོན་འདོད་མི་འདུག་པས་ཡིན།
ཡིན་ཡང་ང་ཙམ་ལ་ཕྱོགས་རིས་དང་ལ་རྒྱ་ཡོད་ཀྱང་ཕན་འབྲས་ཤིག་ཁག་པོ་ལྟ་བུ་རེད།
དེའི་ཕྱིར་བགྲོ་གླེང་འདིར་ཐོག་མར་སྐད་ཆ་ཁ་ཤས་གླེང་སློང་བྱ་ཆེད་དུ་གླེང་བ་ཡིན་མོད། བསྟན་བཤིག་ཏུ་རྩིས་ཕྱིར་ཕུད་བཏང་སོང་། དེ་ནས་ངས་ཀྱང་དེ་རིང་བར་འཚང་ཁ་རྒྱབ་མེད། དེ་རིང་ཡོང་དུས་ཚང་མས་བགྲོ་གླེང་འཇུག་བསྡུས་ནས་ཆས་ཟིན་འདུག
བཀའ་དྲིན་ཆེ་ཤུལ་ན་ང་ལ་དགོས་རྒྱུ་དེ་ཚང་མ་ལྷག་འདུག བློ་བསྐྱེད་གང་འཚམས་རེག་སོང་། བཀའ་དྲིན་ཆེ།
དྲ་གྲོགས་ཚོ། བཀའ་དྲིན་ཁ་བརྡ་ཚང་། བདེ་མོ། བཀྲ་ཤིས་བདེ་ལེགས།
མཐོ་བརྗེད་གངས་ཀྱི་རི་བོའི་ཕངས་བ་ནས།།
བཙན་བརྗེད་བཀའ་ཡི་ཐོགས་མདའ་རེ་རེས་ཀྱང་།།
དཀར་ནག་རྒྱ་སོགས་དབང་དུ་བསྒྱུར་མཛད་པ།།
ཆོས་ཀྱི་རྒྱལ་པོ་རིམ་བྱོན་སྙིང་ནས་དད།།
སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བའི།།
ལྷ་སྲས་དར་བའི་སྙིང་ལ་ལྕགས་མདའ་དེ།།
ལོ་གསུམ་མ་སྔ་ལོ་གསུམ་མ་འཕྱི་ཞིང་།།
བཟང་ངན་ཅི་ཡིན་ཆ་མ་ཆོད་དོ་ལོ།།
ངེད་ཅག་གི་རྒྱལ་རབས་ལྷ་སྒྲུང་དང་སྦྲེལ་ནས་ཡོདཔས་དོན་ངོ་མའི་རྒྱལ་རབས་ཤིག་སུས་ཤེས། མི་རྗེ་སྲོང་བཙན་ལྟ་བུ་ནི་དོན་གྱི་མི་བུ་ཞིག་ཡོད་བཟོ་འདུག
མདའ་དང་འཕང་དེ་ག་ན་ཉོ་ཐུབ༏