འདྲ་པར་འདི་ང་ལ་དྲིན་ཆེན་ཞིག་ཡིན་ནམ
གང་ལྟར་འདྲ་པར་ལས་རང་ཉིན་གསལ་བར་མཐོང་ཐུབ
དེ་རིང་མཐོང་བའི་འདྲ་པར་ཐོག་གི་ང
ཨ་ཁ ཡོངས་སུ་རྒས་ཚར་འདུག་གམ
མགོ་སྐྲ་ཆངས་ཤིང་ཁ་སྤུ་རྣམས་ཀྱང་ཇེ་སྦོམ་དང་ཇེ་རིང་དུ་སོང་ནས་འདུག
ད་དུང་གདོང་གི་གཉེར་མ་དག་ཀྱང་ཧ་ཅང་གཏིང་ལ་ཟུགས་འདུག་ཡ
༢
ལོ་ཟླ་དང་དཀའ་ངལ་གང་མང་མང་ཞིག་ཁུར་ཁུར་མཐར
བདེ་སྣང་ངམ་དྲོད་སྐྱིད་ཅིག་ཡོད་ན་བསམས་མོད
དེ་རིང་གི་དུས་ལ་སླེབས་དུས གནམ་ནས་ལྷུང་ཡོང་བའི་གཉའ་ཤིང་འདི་ནི་ཇི་འདྲའི་ཐེགས་དཀའ་བ་ལ་ཨང
ཁུར་ན་འདོད་དང་མི་འདོད
ཁུར་ནས་འཁྱོག་དང་མི་འཁྱོག་ལ་གདམས་ཁ་མེད་པའི་གཉའ་ཤིང་འདི
བསྐོས་ཐང་གང་ཞིག་གི་འབྲས་བུ་ཡིན་ནམ
ཡང་ན་ཆེས་མུན་ཁོངས་ལས་གློ་བུར་འཕུར་ཡོང་བའི་སྐྱོགས་རྡོ་ཞིག
ཨ་ཨ ན་ཟུགས་འདི་དངོས་གནས་བཟོད་མི་ཐུབ་ཀི་ཡ
༣
དབུགས་ཀྱི་རྒྱུ་བ་འདི་ད་ལྟ་རང་འགགས་སོང་ན་ཅི་མ་རུང
སྙིང་གསོན་པོ་འདི་བྲང་ཁོང་ལ་མི་ཤོང་བའི་དེ་རིང་གི་ང
གློག་ཆད་པ་ལྟ་བུའི་རྒྱུ་བ་སྐྱེན་པོ་ཞིག་ངའི་ལུས་སེམས་ལ་བོབས་ཤོག་ཀྱེ
ཐོག་གིས་བརྒྱབས་པ་བཞིན་ལུས་བོ་འདི་རྨང་ནས་གཏོར་ན
རླུང་གིས་ཁྱེར་བ་བཞིན་རྣམ་ཤེས་འདི་འབྱུང་བཞིར་འཐིམ་ན
ཨ་ཨ
བདེ་བ་དེ་ཅི་འདྲའི་བརྗོད་མི་ནུས་པ་ཞིག་ཡིན་ཨང
༤
༼ཀློག་མཁན་ལགས། སྐབས་འདི་ནས་ངའི་ཚོར་བའི་རྒྱུན་འཁྲུགས་ཏེ་འབྲི་མི་ནུས་པས་དགོངས་དག་ཞུ།༽
སྤྱི་ལོ་༢༠༡༠ ལོའི་ཟླ༨ ཚེས ༧ ཉིན་གྱི་ཕྱི་དྲོ་རང་ཤག་ནས་ཤར་མར་ཡི་གེར་ཕབས།
ཨ་རོགས། ཁྱོད་ཁག་མེད་ཀི གཅིག་རྒས་ཡོད་ནོ་ད་བལྟ་ཚུལ་ཙིག་མེད་ཀི རྣམ་པ་མེད་ནི་སྒང་ལ་དེ་མོ་ཙིག་རྒས་འེ་དགོས་ཀི ད་ངས་ཁྱོད་ལ་གཉེར་མ་དག་སྤྱད་ཀྱི་སྨན་ཟིག་བསྐུར། སྨན་རྩིས་ཁང་གི་གཉེར་དག་བྱུག་སྨད་དེ་བཅུགས་དང་དེས་ཀྱང་ཕན་ཀི ད་དུང་ཁ་སྤུ་དག་བྱེད་བྱུང་སྨན་ལ་ཡོད་ནི་རེད། འོ་ཁ་སྤུ་ཚོ་སྐྱེས་ན་སྐྱེས། རྒྱ་གར་བྱང་ཕྱོགས་ན་ཁ་སྤུ་མེད་ན་མི་ཧྲ་ཡ། མི་གཞན་ཚོས་མགོ་ནས་སྤུ་བྱིལ་སོང་ནས་དེར་སེམས་ཁྲལ་བྱེད་ཀྱི་འདུག ཁྱོད་ཀྱི་མགོ་ནས་སྤུ་རྩ་ནས་བྱིལ་ས་མ་རེད། དེ་ཡང་བཟོ་བལྟ་ཞིག་རེད་ཡ།
ད་དུང་གསར་འཇིགས་ཤིག་ཡོད་ཀི སེམས་མ་ཕམ། ཕོ་ཡག་བརྒྱ་ཡི་གྲལ་མཇུག་དང་ཕོ་རྩོག་སྟོང་གི་གྲལ་མགོ་ནས་སྐྱ་ལོག་སེ་འདུག་མི་ཐུབ་ཀི་ན་ས་ཁ་ས་ཐོག ཁྱོད་འདི་བསྟན་པའི་དངོས་གྲུབ་འདྲ་བོ་འདུག
བལྟས་གི་བལྟས་གི་ཀ་ཤི་མི་རིའི་ཁ་ཆེ་ཟིག་ནང་བཞིན་སྔོ་ཤིག་ཤིག་ཡེ་ཀི ཀ་ཤི་མི་རི་དང་ཀང་ར། ལ་དྭགས་བཅས་ལ་མཛའ་སེ་བསྡད་ཡོད་ཀི ཧཧཧ
བདེ་བ་ཞིག་གི་རྗེས་ནས་སྡུག་བསྔལ་ཞིག་འབྱུང་བ་དང་། ཕམ་པ་ཞིག་གི་རྗེས་ནས་རྒྱལ་ཁ་ཞིག་འབྱུང་བ་སོགས་ནི། འཇིག་རྟེན་སྲིད་པའི་འཁོར་ལོ་འདིའི་འཁོར་སྟངས་ཤིག་ཡིན་པ་འདྲ། འཁོར་ལོའི་མུ་ཁྱུད་སྟེང་ཕྱོགས་ཡོད་སྐབས། དགའ་ཆེ་མི་ཉན། འཁོར་ལོའི་མུ་ཁྱུད་འོག་ན་ཡོད་སྐབས། སྡུག་ཆེ་མི་ཉན། དགའ་སྡུག་གི་ཚོར་བ་འདི་བཏང་སྙོམས་ཤིག་གི་ཐོག་ནས་འགྲོ་ཐུབ་ན། ཁ་སྤུ་སྦོམ་པོ་དང་། གཉེར་མ་ཟབ་འཐུག་ལྟ་བུས་ཅང་ཐུབ་ནི་མ་རེད།
ཁྱེད་ཚང་གི་ཨ་ཀ་ཞབས་བརྟན་ལ་སོང་ཤུལ་ནས།
ངས་ཁྱོད་ལ་རྩམ་ལོག་འདྲ་ཞིག་བྱིན་ནོ་འེ་དྲན་ཀི།
སེམས་མ་སྡུག་ར། ཁྱོའི་མོ་སྒོ་ད་རུང་ཉམས་མེད་ཀི།
ཁྱོད་གཉིས་ཀ་ད་སེམས་ཟེར་ནི་ཟིག་མེད་ཀི མྱོ་སྡུག་བསྡད་དུས་ད་དུང་གསར་རུ་ཧྲ་མི་ཧྲ་བཤད་ནས་བསྡད་འདུག སྙན་ངག་དུམ་ཚན་གསུམ་དེར་གཅིག་གཟིགས་དང་། ད་ཁ་ལ་འདྲ་མ་བྱས་ན་ཡུམ་འདིས་ཆི་ཙོ་བྱེད་ཀྱི་མི་ཤེས་ཀི་གོ
ང་སྔོན་ཆད་ཕ་ཡུན་ན་ཡོད་དུས་ནས་རྨོ་རྨོ་མཚོ་དགས་འདི་ལྟར་བཤད་མྱོང། ཁྱོད་ཀྱི་སྨི་མ་མཐུག་ཅིང་མིག་གཉིས་ནག་པོ་ཡོད་པ། ད་དུང་གདོང་དབྱིབས་ཀྱང་རྒྱ་གར་བ་དང་ཅུང་ཟད་འདྲ་བོ་འདུག་ན། ཁྱོད་གལ་སྲིད་རྒྱ་གར་ལ་སོང་ན་མི་རིགས་དེའི་ནང་དུ་འདྲེས་འགྲོ་ས་རེད་ཟེར་མྱོང་། ད་བྱས་དུས་ཁྱོད་ཀྱིས་ཀྱང་དེ་འདྲ་བཤད་ཀིན་འདུག གཞན་མི་ཤེས་ཏེ་ཀ་ཤི་མི་རེའི་ཁ་ཆེ་འདྲ་བོ་འདུག་ཟེར་དུས་ད་ཅིག་འཛའ་གོ་ནས་ཡིན། འཛམ་གླིང་ཕོ་ཡག་མོ་ཡག་ཀ་ཤི་མི་རེའི་མི་རེད་ཟེར་བ་མ་ཐོས་སམ། ཧ་ཧ་ཧ
ཨ་རོ། དྲ་གྲོགས་ཚང་མ་མཉམ་དུ་བསྡུས་ནས། ཡུམ་་་་ ཁྱོད་ལ་བརྟན་བཞུགས་ཤིག་འབུལ་དགོས་ནི་མིན་ན། ཡང་ན་སྒྲོལ་མ་འབུམ་ཁང་ཞིག་བཞེངས་ན། སྒྲོལ་མ་འབུམ་ད་རྡ་ས་ནས་རྙེད་རྒྱུ་མ་རེད་དེ། སྒྲོལ་མ་བརྒྱ་ཁང་ཞིག་གང་མྱུར་བཞེངས་དགོས་ཁ་རེད་ཀོ ། ཧཧ ཧ ཧ ཡུམ་གསར་བུ་སྟག་འདྲ་ཞིག་འདུག མགོ་སེར་མ་ཚོས་་་་ a foxy guy ཟེར་གྱིན་འདུག འཛེགས་འཇུག་ན་འདོད་པའི་ཕོ་གསར་ཞིག་འདུག་ཟེར་གི་མེད་ཀི་ན་ཡུམ་ཨོ་ལེ།
ཨ་རོགས། གཅན་གཟོད་རྒྱམ། སེམས་ཕམ་དགོས་ནི་གཟིགས་རྒས་མེད་ཀི། ཁ་སྤུ་གཙང་མ་ཞིག་བཟོས། གདོང་པ་ཡག་པོ་ཞིག་ཁྲུས་ནས་ངོ་ལྟ་ངོས་ལ་ལྟོས་དང། ང་རང་ཕོ་གསར་ཡག་པོ་ཞིག་འདུག་གདའ་བསམ་ཀི་རེད། དེ་དུས་འགྲིག་བསྡད་ཡོད་རེད།
ཨ་རོ་་་་གཅན་བཟོད་ངོ་མ་ཁྱོད་རྒན་མེད་ཀོ་ཀི་ཡ་་་་མགོ་སྐྲ་ནག་གིས་ཁེངས་ཡོ་ཀི། གདོང་ལ་སྙུམ་ཞིག་བྱུག་ན་ཐང་ཀི་ཡ། ང་ལས་ཁྱོད་ལོ་མང་པོ་ཆུང་གོ་ཀི། ཁྱོད་སེམས་ཆུང་མ་བྱེད་ཡ། ཤ་མང་ཙམ་ཟ་ན་ཧྲ་ཀི་ཡ། ཉེར་ལྡམ་ཁྱོད་ལ་ཕོ་ཉམས་དེ་ཚང་ཡོད་ཀི། མནའ་མ་མེད་ན་་་་ཨ་ལག་ཀླུ་སྨྱོན་ཚང་ལ་གཅིག་སློང་ན་ཆོག་ཀི། རྒན་མོ་འདྲ་ཡོད་ནའང་ཐང་ཀི། སྐུ་རེ་ཞུ། སེམས་ཁྲེལ་མ་བྱེད་ཕ་བཟང་བུ། ཕོ་རལ་གྲི་གཉིས་བཟོ་ལྟ་མི་དགོས་ཀི།
ངའི་འགྲམ་ལ་གུང་གསེང་དུ་ཡོང་མི་དེས་ཁྱེད་རང་ཕྲན་བུ་ངོ་ཤེས་ཡིན་ཟེར་གྱི་འདུག ཁོ་ལ་དྲིས་དུས་ཁྱེད་ཕོ་འགྲིག་ཐག་ཆོད་ཅིག་ཡོད་པ་རེད་ཟེར། ག་རེ་བྱས་སེམས་པ་ཕམ་གི་ཡོད་ན་ཟེར་ནས་དོགས་པ་བྱེད་ཀྱི་འདུག ཧ་ལམ་ཁྱེད་ཚོ་ལ་དྭགས་ལ་འགྲོ་དུས་ཤིག་གི་ལམ་རོགས་ཡིན་རབས་ཤིག་བཤད་ཀྱི་དྲན་སོང་། གང་ལྟར་བཀྲ་ཤིས་བདེ་ལེགས་ཡོད།
ཁྱེད་རང་ལ་དྭགས་ལ་མ་ཕེབས་མ་གཏོགས་ད་ལྟ་ལ་དྭགས་ཀྱི་ཆུ་ལོག་སྐབས་ཀྱི་བརླག་འབོར་ཤོར་བའི་སྤུན་མཆེད་ཅིག་ཡིན་ཞེས་ཤི་འཐམ་རོ་འཐམ་བྱེད་ཉེན་འདུག་གོ གལ་སྲིད་ཕེབས་ནའང་ཁ་སྤུ་བྲེགས་ལ་བོད་ཆས་གྱོན་དགོས་ངེས་འདུག དཔར་རིས་ལ་སྐུ་རྩེད་ཞུས་པ་ཡིན།
སྤྱི་འཐུས་ལྷན་ཚོགས་ནི་རྩོམ་ཡིག་འགྲན་བསྡུར་བྱེད་ས་མིན་ལ། ཞབས་བརྟན་སྒྲུབ་སའམ་རྟགས་བསལ་གཏོང་ས་ཡང་མིན། དེ་བས། བོད་ཀྱི་སྤྱི་འཐུས་ཤིག་ཡིན་ན། གཙོ་བོ་བོད་ཕྱི་ནང་གི་གནས་བབ་ཤེས་མཁན་ཞིག་དང་། རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ་དང་བསྟུན་ནས་བཀའ་ཤག་གིས་ལག་བསྟར་བྱེད་ངེས་པའི་སྲིད་ཇུས་ཁག་ལ་དཔྱད་ཞིབ་དང་ལེགས་སྤེལ་ཉེས་འགོག་གི་བསམ་འཆར་བཤད་ཤེས་མཁན་ཞིག་ཡིན་དགོས་ལ། བོད་ཕྱི་ནང་ཀུན་ལ་ཡོད་པའི་མདོ་སྨད་པ་དག་གི་བདེ་སྡུག་ལ་རྒྱུས་ཡོད་མཁན་ཞིག་དགོས། དེ་བས། ངས་རང་ཉིད་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་མདོ་སྨད་སྤྱི་འཐུས་ཐད་ལ་རང་གི་འོས་མི་འཚམས་སྦྱོར་བྱེད་རྒྱུ་ཡིན།
༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། (རྒྱལ་སྤྱི་དང་བོད་གཞུང་གི་ཆབ་སྲིད་འཕེལ་རིམ་སོགས་ཁྱོན་ཡོངས་ལ་རྒྱུས་མངའ་ཆེ།)
༢ སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། (ཤེས་ཡོན་ཐད་ནས་བཀའ་ཤག་གི་སྲིད་ཇུས་ཁག་ལེགས་སྤེལ་ཉེས་འགོག་གི་ཞབས་ཞུ་ཐུབ་པ་མ་ཟད། ད་ལྟའི་དབར་དུ་སྐད་ཆ་གང་ཞིག་བཤད་རུང་དྲང་བདེན་དང་རང་ཚུགས་ཐུབ་པའི་སྤྱི་འཐུས་ཚད་ལྡན་ཞིག་ཡིན)
༣ སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེས་རིང་། (ཡུན་རིང་སྤྱི་འཐུས་བྱས་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་སྔ་ཕྱིའི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བས། མདོ་སྨད་སྤྱི་འཐུས་ཚོར་ཉམས་མྱོང་བརྒྱུད་བྱེད་ཐུབ།)
༤ སྤྱི་འཐུས་བསྟན་འཛིན་མགོན་པོ། (ཟམ་གདོང་རིན་པོ་ཆེར་རྣམ་པ་ཀུན་ཏུ་དགག་པ་བྱས་པའི་ཐལ་ཆ་ཆེན་པོ་ཡོད་རུང་། རྩ་བའི་ཆ་ནས་ཆོལ་ཁའི་ཕྱོགས་ཞེན་མེད་ལ། བསམ་ཕོད་པ་དང་། བཤད་ཕོད་པ། བོད་དང་རྒྱ་ནག་གི་སྲིད་ཇུས་ལ་རྒྱུས་མངའ་ཆེ།)
༥ མོན་གྷོ་འདོད་རྒུ་གླིང་གི་སྐུ་ཞབས་ཚེ་རིང་བག་གྲོ། (མི་མང་པོ་ཞིག་གིས་ཁོང་ལ་དོ་སྣང་བྱུང་མི་འདུག་མོད། འོན་ཀྱང་། ཁོང་ནི་གཞིས་ཆགས་སུ་སྐྱེས་པ་དང་། མཐོ་སློབ་ཐོན་པ། ཕྱི་རྒྱལ་དུ་བསྐྱོད་པ། མཐོ་སློབ་ཏུ་ཚོང་ལས་སློབ་སྦྱོང་བྱས་པ་ཇི་བཞིན་ད་ཆ་ICICI ཁེ་ལས་ཀྱི་ལས་བྱེད་ཡིན་པ། སྒེར་ངོས་ནས་ཚོང་ལས་སྒྲུབ་པ་སོགས། སྤྱིའི་ཆ་ནས་དཔལ་འབྱོར་འདུ་འགོད་ཐད་ལ་ཉམས་མྱོང་ཆེ་བས། བཙན་བྱོལ་བོད་མིའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བཀའ་ཤག་གི་སྲིད་ཇུས་ལ་གཞོགས་འདེགས་ཐུབ།)
༦ དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། (དུས་བབ་རྩོམ་སྒྲིག་གི་ལས་ཀ་ཡུན་རིང་བྱས་པས། བོད་དང་རྒྱ་ནག རྒྱལ་སྤྱི་བཅས་ཀྱི་སྲིད་ཇུས་ཀྱི་འགྱུར་བར་རྒྱུས་མངའ་ཡོད།)
༧ ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས། (བོད་རྒྱ་ཡིག་རིགས་གཉིས་ལ་ནང་བྱན་ཆུབ་པ་དང་། ཆབ་སྲིད་དབྱེ་ཞིབ་ཐད་ལ་ཐུན་མོང་མ་ཡིན་པའི་རིག་སྟོབས་ལྡན།)
༨ བཀའ་ཁྲིའི་དྲུང་ཡིག་བསྟན་འཛིན་དོན་ཡོད། (ཡུན་རིང་ཟམ་གདོང་རིན་པོ་ཆེའི་ཞབས་ཞུ་བྱས་པས་རིན་པོ་ཆེའི་དགོངས་པར་རྒྱུས་མངའ་ཆེ་བ་དང་། བོད་དབྱིན་ཧིན་གསུམ་ལ་རང་རྐྱ་ཐུབ་པའི་གཞོན་སྐྱེས་ཤེས་ཡོན་པ་གཤོག་པ་ཟུང་ལྡན་ངོ་མ་ཞིག་རེད།)
༩ བུད་མེད་གཅིག་འཚོལ་བཞིན་ཡོད། ་་་་་་་་
༡༠ བོན་གཞིས་ས་གནས་དབྲ་རྩ་སྐལ་བཟང་ལྷ་མོ། (རྒྱུས་མངའ་མེད། བལྟས་ཚོད་ལ་གསར་པ་ཞིག་རེད་འདུག་པས། གོ་སྐབས་ཤིག་སྤྲད་ནས་ཚོད་ལྟ་བྱེད་ན་ལེགས་པར་སྙམ་པ་ཡིན། )
འདི་དག་ནི་བདག་གིས་སྤྱི་འཐུས་ཚོ་ཡིན་ལ། ད་དུང་། གོང་གི་མི་དེ་དག་ལས་སུ་དང་ཡང་བརྗེ་ཆོག་པའི་མི་གསུམ་ནི།
སྨན་རྩིས་ཁང་གི་སློབ་གསོ་དང་སློབ་དཔོན་སྨན་པ་མཁྱེན་རབས་རྒྱ་མཚོ།
ནོར་གླིང་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་སྒྲོལ་མ་སྐྱབས།
ནོར་གླིང་རིག་གཞུང་འགན་འཛིན་སྒྲོལ་སྐྱབས།
བཅས་ཡིན་ནོ། །
བཟོད་པ།
ད་དེ་དུས་བླ་བྲང་ན་ཡོད་སྐབས་དང་བསྡུར་ས་ཆེ་འགྲོ་ར། ན་ནིང་གི་བཟོད་པ་དེ་ར་ཅིག་ཅིག་མིན་ནི་འདྲ་ཞིག་རེད། ད་རྒས་ཡོད་ཀི་ཡ། ངོ་མ་རྒས་ཡོད་ཀི རྡ་སའི་གསར་བུ་ཚོས་བཤད་ན། སྐད་གདངས་ལའང་རྒས་ཉམས་ཡོད་ཀི་ཟེར་བ་ཨེ་བདེན་མི་ཤེས། ད་གང་ལྟར།་ཅིག་རྒས་ད་ཡོད་ཀི མྱི་མ་རྒས་གོང་ལ་སེམས་རྒས་ཟེར་བ་ཞིག་གོ་མྱོང་། ལོ་མ་རྒས་གོང་ལ་གདོང་རྒས་ཟེར་བ་ཁྱོའི་གདོང་འདི་མཐོང་བ་དང་པོ་ཡིན། ངེད་གཉིས་མ་མཇལ་ལོ་དྲུག་ཏག་ཏག་རེད། ད་ཆི་ཁག་རེ། ཨ་བཟོད་པ།
ཨ་རོགས་བཟོད་རྒྱམ། ཀོའུ་བའི་མདུན་རི་ནང་མཉམ་དུ་ཤིང་གཅོད་གི་སོང་ནོ་འེ་དྲན་གི།
ངས་ཁྱོད་ལ་རྟ་མང་གི་གཞས་ཤིག་ལེན།http://www.youtube.com/watch?v=BVugULmgKpM&feature=related
གཅན་བཟོད་རྒྱམ་གྱི་མིང་ཐོས་པ་ནས་བཟུང་ཁོང་གིས་བྲིས་པའི་རྩོམ་བྲིས་ཁག་ལ་དོ་སྣང་བྱ་དགོས་པར་གྱུར། རྒྱུ་མཚན་ནི་ཁོང་གི་ལྷན་རྐྱེས་ཀྱི་རང་གཤིས་ཆོལ་ཁ་དང་ཆོས་ལུགས་དབར་དུ་སྡང་ཟུག་དཀོན་པ་མཐོང་ཐུབ་ཅིང་། ཨ་ལགས་ཕྱག་རིང་ཚང་ལ་ཞུས་ན་གཅན་དགུ་རོང་དོན་འགྲུབ་རྒྱལ་གྱི་མ་འདས་སྤྲུལ་སྐུར་ངོས་འཛིན་ཡང་གནང་སྲིད། གང་ལྟར་རྩོམ་གྱི་ཉམས་འགྱུར་སོགས་གང་ལ་བརྟགས་ནའང་སེམས་པ་རང་བཞིན་གྱིས་འགུག་པའི་འབྲི་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡོད་ཀི། ཡིན་ན་ཡང་ཡག་ཕོ་སྒོའི་ཆ་ནས་ང་གཞོན་དུས་ལ་འགྲན་ཐུབ་ཀི་ན་པེ་ཀ་སོ། ༼ཨ་ཁུ་སྨན་བླའི་མནའ་ཚིག༽ མགོ་ལ་ཞྭ་དཀར་པོ་ཞིག་བཀབ་ན་གཅན་ཚ་རྫོང་གི་ཉེ་གནས་ཞོང་དཔའ་ཟེར་བའི་སྲང་ལམ་ནས་ཕག་ཤ་འཚོང་བཞིན་པའི་ཁ་ཆེ་ཞིག་དང་གཅེས་ཀི་འདྲ་གི།
ཟ་ལེ་རྒྱལ་འཁྲབ་ནས་སྡུག་སྐད་ཞེ་དྲགས་མ་རྒྱག་རོགས།
མི་རྒས་པར་འདུག་ས་ཞིག་མེད་ལ། སྡུག་མི་བཟོད་པར་ད་ལྟ་རང་གློག་ཤི་བ་བཞིན་འགྲོ་རྒྱུ་ཞིག་ཀྱང་ལས་སླ་པོ་མ་རེད། སབ་སིབ་ཀྱི་རྐང་རྗེས་ཤིག་དེད་ཀྱིན། ནམ་ཡང་ཟུབ་ཏུ་མེད་པའི་ཞབས་རྗེས་དཀར་པོ་ཞིག་འཇོག་ཐུབ་པའི་རེ་སྒུག་བྱེད་དགོས་པ་མ་ཡིན་ནམ། ཨ་རོགས། ད་ངོ་གདོང་སྐྱུར་མོ་ཞིག་བསྟན་ཏེ་དྲ་གྲོགས་ཚོར་སེམས་ཁྲལ་མ་བཟོ་རོགས།
ཧ་ཧ་ཧ། ད་དེ་མོ་ཡིན་ན་ཨེ་ཧྲག་གི ཡུམ་བདེན་པ་བཅུ་གཉིས།
ཨ་རོ་་གཅན་བཟོད་རྒྱམ་་་་་་མདོ་ལྷ་ངས་སྔོན་ཆད་ཁྱོད་མཐོང་མྱོང་མེད་རུང་་་་ཆུང་དུས་ད་ཁྱོད་གསར་ཡག་ཞིག་ཡོད་ཙིག་གོ ཁ་ཡག་མིན། ངོ་མ་ཡིན།
ད་རུང་སེམས་ཤུགས་ཆག་དགོས་པའི་ཚོད་ན་མི་འདུག ཧྲང་ཧྲང་ཡིན་ན་ཆུང་མ་ཞིག་འཚོལ་རན་རེད།
ཧོང་གི་ཧོང་གི་འཕྱིས་དྲག་ན་མི་ཧྲ་ཡ།
དེ་སྔོན་ངའི་ཡིད་ལ་གཅན་བཟོད་་ཁྱོད་་་་ལྭ་མོ་བདེ་ཆེན་གྱི་བླ་རྒན་ནག་རྟིག་གེར་་་་གྲ་ཆས་དང་རྔུལ་ལེན་ཡང་ཚིལ་ལོག་གེར་ཡོད་པ་ཞིག་ཡིན་རྒྱུ་རེད་དྲན་ཡོད། ཧཧཧཧཧཧ
ཚོད་དཔག་སེམས་ཀྱི་འཆར་སྣང་་དང་མཐོང་བ་དངོས་སུ་འཕྲད་པ་གཉིས་ལོག་ག་རེད།
བྱ་དངོས་ཚང་མ་འདི་འདྲ་རེད།
ཨ་རོགས།
འོ་ལེ། བཟོད་པ་འདིས་ང་མི་ཤེས་ཁོ་ཡས།
ཀོའུ་བའི་མདུན་རི་ནང་ཤིང་གཅོད་ཀི་སོང་དུས་ གཅེར་ནོ་འེ་དྲན་གི།
བཀྲ་ཤིས་འཁྱིལ་ན་ཡོད་དུས། ཡང་རྩམ་ལོག་འདྲ་ཟིག་བྱིན་ནོ་འེ་དྲན་གི།
གཅན་གཟོན་རྒྱམ་ཟེར་བ་འདི་གསར་ཡག་ཅིག་ཡོད་ཀི། དེ་སྔ་ངའི་འཆར་སྣང་ཞིག་ལ་གྲྭ་བ་ནག་སྐམ་ཞིག་ཤར་བཞིན་ཡོད།
༧ ཀྱག་ཀྱོག་ཆེ་བའི་ཡུན་ཐུང་མི་ཚེ་འདིའི་ནང་ལ།།
བདེ་སྡུག་རེས་ཀྱིས་མྱོངས་པ་ཆོས་ཉིད་ཅིག་འདུག་པས།།
ཕམ་པའི་ལག་རྗེས་ཉམས་མྱོང་བསླབ་བྱ་ཞིག་ཡོད་ལ།།
དེ་ནི་ཡང་བསྐྱར་བརྒྱལ་པའི་མ་རྩ་དེ་མིན་ནམ།།
དགོངས་དག
ཡང་བསྐྱར་རྒྱལ་པའི་ཞེས་བཅོས་རོགས།
ངས་ཁྱེད་ཀྱི་མིང་དྲ་ཚིགས་སོགས་ལས་སྐབས་འགར་མཐོང་མྱོང་པ་ཙམ་མ་གཏོགས་ངོ་ཤེས་ཀྱི་མེད་མོད། འདྲ་པར་འདི་མཐོང་སྐབས་ཁྱེད་རང་གིས་སྙན་ངག་ཏུ་བྲིས་པ་ལྟར་ངོ་མ་ཡི་ཆད་དང་སྡུག་ཡུས་ཤིག་གི་རྣམ་པ་དམར་རྗེན་དུ་མངོན་གི། འུ་ཚོ་སུ་ཡིན་ཡང་སྐབས་འགར་དགའ་ནས་གད་མོ་ལྷང་ལྷང་དང་སྐབས་འགར་སྐྱོ་ནས་མིག་ཆུ་ཁྲོམ་ཁྲོམ་བྱེད་པ་འདིའི་མིའི་རང་བཞིན་ཞིག་རེེད་ལ། སྐབས་ཐོག་གི་ཕམ་ཁ་ཙམ་ལ་དེ་ཙམ་ཧང་སངས་དགོས་དོན་མེད། ངས་ཚོད་དཔག་ནོར་མེད་ན། ཁྱེད་ཀྱི་ཕམ་ཁ་དེ་བརྩེ་དུང་དང་འབྲེལ་པའི་ཕམ་ཁ་ཞིག་རེད་འདོད། དེ་མིན་ན་ཕོ་ཁྱོ་ག་ལས་དོན་གྱི་ཕམ་ཁས་འདི་འདྲ་ཞིག་བཟོ་ཐུབ་ཀི་མ་རེད་བསམ། ཡིན་ནའང་འུ་ཚོ་སུའང་ཡོད་པའི་ཉམས་མྱོང་ཞིག་ནི། ངོ་མ་བརྩེ་དུང་གི་ཕམ་ཁའམ་བརྩེ་དུང་གིས་བཟོས་པའི་རྨ་ཁ་འདིས་མི་ཕལ་མོ་ཆེར་དུས་ཡུན་ངེས་ཅན་རིང་བརྡབ་གསིག་ཚད་ལས་བརྒལ་པ་གཏོང་བ་བདེན་ཡང། དུས་ཚོད་ཀྱིས་གཙང་ཕྱགས་བྱེད་པ་མ་ཟད། དོན་དམ་པའི་བརྩེ་དུང་ཞིག་གིས་ཁྱེད་རང་ལ་བསྐྱར་དུ་བསུ་མ་བྱེད་བཞིན་ཡོད་པར་ཡིད་ཆེས་གྱིས་ཤིག།
ཨ་རོགས་བཟོད་རྒྱམ། ཁྱོད་སླེབས་སོང་ནོ་རང་ང་མཆན་འདེབས་པ་ཚང་མ་འཚིང་ཀ་ཤིག་ཤིག་རེད། ངས་རིག་མྱོང་རིག་མྱོང་ཟིག་ད་རེད། བལྟས་བལྟས་གི་མཐའ་མ་ཤེས་ཐ། རྒྱ་གར་གྱི་གློག་བརྙན་རྙིང་ཞིག་ནས་མཐོང་མྱོང་། འོ་རེད། གློག་བརྙན་དེའི་མིང་ཤོ་ལེ་ཟེར། ཇག་པ་ལ་ཁ་གཏད་གཅོག་མཁན་ཕོ་གསར་གཉིས་ཀྱི་གཅིག་དེ་རེད། ཨ་མེ་དར་བྷ་ཀྱེ་ཟེར་བ་དེ་ཡིན་ས་ཡོད། ཁྱོད་འདི་བལྟས་ཀི་བལྟས་ཀི་ཨ་མེ་ཏ་བྷ་ཀྱེ་ཆུང་ཆུང་སྐབས་ལ་རིག་ཀི རྒྱ་གར་ལ་མཛའ་སེ་ཡོད་ཀི ཕ་ཡུལ་ས་སོང་ན་ཡང་སྡེ་གཅན་ཚ་གི་བྱི་མོ་བརྒྱ་ཐམ་པས་ཁྱོད་ལ་སྒུག་ཡོད་ཀི་ཟེར།
ཨ་རོ་ཅན་བཟོད་རྒྱམ་ཁྱོད་ངའི་ངོ་ཤེས་རྙིང་པ་ཞིག་རེད་འདུག་ག
ངས་ནམ་རྒྱུན་ཁྱོད་ཀྱི་རྩོམ་དང་མཆན་སོགས་ཀློག་སྐབས་ཁྱོད་གངས་སྐྱིད་ཀྱི་ལས་མེད་མི་རྒན་ཁ་བདེ་ཞིག་ཡིན་པར་རློམ་གྱི་ཡོད། ད་བྱེད་དུས་ཁྱོད་ཅན་ཙའི་ཕོ་གསར་དེ་རེད་འདུག་ག་་་ཨ་རོ་ངས་གཅིག་བཤད། ང་ཚོས་སྐྱེ་རྒ་ན་འཆི་ལ་གདོང་ལེན་བྱེད་མ་ཐུབ་ཚེ་ནང་པ་སངས་རྒྱས་པ་ཡིན་ལབ་ཀྱང་བརྫུན་ལ་འགྲོ་ཉེན་ཡོད།
གསར་བུ་འདི་ཚོས་ད་ཁ་བརྡ་དི་གོ་ད་བྱེད་གི་་་་་བཤུར་དང་ན་རྫོགས་རྒྱུ་ཞིག་མེད་གི་་་་ད་ཁྱོད་ཚོས་བཤུར་མཚམས་བཞག་ནས་སོང་ན་དགའ་རྒྱུ་རེད་གོ་་་དེ་མིན་དུས་སྐྱ་སེར་མ་དུ་ཚོས་སྐྱ་འཐེན་སྣུམ་འཐེན་ཡེད་ནི་རེད་གོ་་་་དཀོན་མཆོག་གསུམ་་་དེ་དུས་སྐད་བརྒྱབ་ཀྱང་སྡུག་གྱོང་ཡིན་ནི་མ་རེད་ན་འོ་ཡ་་་་
བྱུར་རྒན་ཆབ་བོ། བྱུར་རྒྱོ་རྐྱང་རྐྱང་ལ་མགོ་འཁོར་ནས་ད་ཆི་ཟིག བར་བར་ནས་སེང་དར་གྱོན་མཁན་འཇིབ་འཁོར་འདིར་ཡང་འོས་ཤིག་འཕེན་རོགས།
http://www.sponsafier.com/#/gallery/view/364595
ཨ་རྒྱ་བཟོད་པ་ལགས། དེ་འདྲ་ཞིག་གསུངས་མི་ཉན་ཡ། འདི་འདྲ་ཞིག་འབྲི་མི་ཉན་ཡ། སྙན་ངག་ཐུང་ཐུང་འདི་དང་གླེང་མོལ་ཐན་ཐུན་དེ་བརྒྱུད་ནས་གླེང་མི་ཤེས་བ་ཞིག་ཚོར་སོང། གང་ལྟར་ཁྱེད་རང་ངའི་སེམས་ནང་གི་ཁ་མིག་ཡར་ལ་བལྟ་ས་ཞིག་ཡིན་པས། ལམ་སྣ་རེ་དལ་གྱིས་དྲོངས་དང། རྗེས་སུ་ཤུགས་ཀྱིས་འདུར་བཞིན་སྙེགས་ངེས།
གཤེད་མ་ལྟ་བུའི་བསམ་གཞིགས་གློ་བུར་བ་དེས་ཁྱེད་ལ་སྤྲད་པའི་སྡུག་བསྔལ་བརྗོད་ཀྱིས་མི་ལང་ན་ཡང། རིན་ཐང་ཞིག་གི་ཆེད་དུ་གསོན་དགོས་པའི་ཁྱེད་ད་དུང་ཡང་ངེས་པར་དུ་གསོན་དགོས། བསམ་གཞིགས་དེ་བརྗེད་པར་གྱིས། རིགས་ཀྱི་བུ།
འཇིག་རྟེན་ནས་མ་རྒས་པར་འདུག་འདོད་ན་རང་གི་ཤེས་རྒྱུད་སྣུམ་གྱིས་མ་གོས་པའི་རྟགས་ལས་ཅང་མིན། ངས་མང་པོ་མི་ཤེས། མང་པོ་ཡང་མི་འབྲི། གཙོ་བོ་རང་ངོ་རང་གིས་ཤེས་བ་གལ་རེ་ཆེ་ཟེར་བའི་གཏམ་འདི་སེམས་ནས་མ་དོར་ན་འགྲིག་ཙམ་རེད་དྲན་བསྡད་ཡོད།
བུ་རྒས་ཡང་མཇེ་མ་རྒས་ན་འཇིག་རྟེན་འཁྱོང་ལེ་རེད། སེམས་ཁྱྲལ་དགོ་ལེ་མ་རེད།
ཨ་ཁ་གཅན་བཟོད་རྒྱམ་ཁྱོད།
དེ་འདྲ་རང་བསམ་མི་དགོས།
རང་གིས་རང་ལ་དམའ་འབེབས་མི་ཉེན།
རང་གིས་རང་ལ་བསྟོད་པ་འདྲ་ བྱས།
རང་གིས་རང་ལ་བསྔགས་བརྗོད་འདྲ་བྱས།
རང་གིས་རང་ལ་དལ་འབྱོར་བརྙེད་དགའ་ཐོབ་པ་དེ་ཚོར་དགའ་བ་འདྲ་སྒོམ་དང་གཞི་ནས་ཁྱེད་རང་གིས་ཁྱེད་རང་ལ་སྤྲོ་སྣང་ཞིག་འཕེལ་གྱི་རེད།
དེ་མིན་རང་གིས་རང་ལ་སྡུག་ཁུར་ནས་ཕན་པ་གང་ཡོང༌།
ངས་ལྟས་ན་ཁྱེད་རང་དཔར་འདི་བསྐྱོན་དུས་སེམས་སྤྲོ་བོ་མེད་པའི་དུས་ཞིག་དང་འཁེལ་འདུག་དྲན།
མ་གཞི་ནི་ཁྱེད་རང་བལྟ་བཟོ་དོད་པོ་ཞིག་བྱེད་རྒྱུ་འདུག
སླར་ཡང་སྐུ་དཔར་ཞིག་སྐྱོན་དང༌། དེ་དུས་རྐུན་མིག་ནང་བཞིན་མི་ལྟ་བར་མིག་རྩ་འདི་མཐོ་ཙམ་བལྟ་དགོས།
དེ་ནས་ཞལ་དེ་རྨོར་རྡོའི་སྟུ་བཙུམས་པ་ནང་བཞིན་མི་བྱེད་པར། ན་ཆུང་གཞོན་ནུའི་སྟུ་ལྟ་བུའི་བག་བྲོ་ཞིང་འཛུམས་མདངས་ལྡན་པ་ཞིག་བྱེད་དགོས།
དེ་ནས་ཁ་སྤུ་དང་རྒྱ་དེ་རིགས་ཡུན་རིང་མནར་བའི་ནད་པ་ལྟ་བུ་མ་ཡིན་པར་གཙང་བཞར་བྱེད་དགོས།
དེ་ནས་སྟོད་གོས་དེ་ཡང་ཕྱི་རྒྱལ་པའི་ལས་ཁུང་གི་མི་ནང་བཞིན་སྟོད་གོས་བྱུང་ན་དམར་སྨུག་ཅིག་དང༌། དེ་མིན་ན་ནག་པོ་བཀྲག་མདངས་ཅན་ཞིག་གོན་ནས་དཔར་ཞིག་རྒྱབ་གནང་སྟེ་དཔར་ཏེ་དྲྭ་རྒྱའི་སྟེང་དུ་བཀོད་དང༌།
མི་ཚོས་ཧ་ལས་ཧོན་འཐོར་བ་ཞིག་མ་ཆགས་ན་ང་མི་མི་བྱེད།
མ་གཞི་ནས་དྲྭ་རྒྱར་ཡོད་པ་འདི་ཚོ་ཕལ་ཆེར་ལ་ཁྱོད་ནང་བཞིན་སེམས་སྡུག་གིས་ཁེངས་པ་བཤད་ཆོག་གི་རེད། ཁྱོད་གཅིག་པོ་མ་རེད།
མཐའ་མ་འདི་ལ་ཁྱེད་རང་ནམ་རྒྱུན་ཕོ་གསར་རྫིག་པོ་ལས་སོགས་མཐོ་སར་བལྟ་མི་ཉན། རང་ལས་དམའ་སའམ་རང་ལས་མི་མཛེས་པའི་བྷི་ཧར་རི་དང་ཨཕི་རི་ཁའི་མི་ཉམས་ཆུང་དེ་ཚོར་ལྟས་ཏེ་རང་ལ་ལྟོས་དང་གཞི་ནས་རང་ངོ་འཕ྄ྲོད་དེ་དགའ་བ་ས྄ྐ྄ྱེ་་ངེས་རེད།
འདྲེ་རིག་ལྡན་གྱིས་འདེམས་པའི་སྤྱི་འཐུས་འདི་དག་ངོ་མ་ད་བར་སྤྱི་ཚོགས་དང་མི་རིགས་ལ་སེམས་ཁུར་ཅན་དང་། ད་དུང་ལ་རྒྱ་དང་ལྷག་བསམ་ཡོད་མཁན་ཤ་རྟག་རེད། ཁོང་ཅག་འདེམས་པའི་དབང་ཆ་ང་ལ་མེད་ཀྱང་ཐོབ་པའི་སྨོན་ལམ་ངས་ཞུ་ཆོག ད་དུང་བུད་མེད་གཅིག་འཚོལ་བཞིན་ཡོད་སྐད་ལ་དེ་ནི་ཚེ་རིང་སྐྱིད་ལས་ལེགས་པ་ཞིག་ནི་མདོ་སྨད་ལྟ་ཅི་བོད་ཆོལ་ཁ་གསུམ་ལའང་ཡོད་རྒྱུ་མ་རེད། ངས་མོ་བཀའ་ཁྲི་ལ་འདེམས་དགོས་སྙམ་མོད་བཀའ་སྤྱི་གཉིས་ཀྱིས་མོ་རྩོད་གཞི་བྱེད་ནས་བོད་ཀྱི་རྩ་དོན་སྒྲུབ་ཀྱིན་མ་རེད་དྲན་ཏེ་་་་་་་་་་
འབྲོང་འདིས་གཅན་ལ་སེམས་གསོ་དེ་འདྲའི་ཡག་པོ་ཞིག་བཏང་སོང་། ངའི་སེམས་ལ་ཡང་ཕན་སོང་ངོ་།
སྙིང་ཉེ་བའི་དྲ་གྲོགས་ཚོས་བདག་ལ་སེམས་གསོ་དང་རྩེད་མཚར་གང་མང་མང་ཞིག་གནང་བྱུང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། འོན་ཀྱང་རི་མོར་བལྟས་ཏེ་ཡི་གེ་བརྗེད་སོང་བ་འདྲ། ཚང་མའི་ཕོ་སར་རྫིག་པོ་ཡོད་མེད་དང་ལོ་ན་རྒས་ཡོད་མེད་སོགས་ལས་གཞན་ཅང་ལབ་རྒྱུ་མི་འདུག དེ་ཡང་འགྲིག་གི་རེད། ཚང་མར་བཀའ་དྲིན་ཆེ་ཞུ།
བོད་ཀྱི་བུ་ཟེར་བ་འདིས་ང་ལ་བརྙེས་ཙལ་ནས་འདུག་གི་མི་འཇུག་གཱ ཀོའུ་བའི་མདིན་རིའི་ནང་དུ་ཤོང་གཅོད་དུས་ང་ལ་གཅེར་མྱོང་ཡིན་ན་ཅིག ཁྱོད་ཀྱིས་ང་ལ་གཅེར་ཡོད་མེད་གང་ལྟར་ཀྱང་ངས་ཁྱོད་ཤེས་འདོད་འདུག ཁྱོད་ཀྱིས་ང་ལ་ཁྱོད་སུ་ཡིན་ཤོད་དང་། ངས་ཁྱོད་ལ་ཀོའུ་བའི་གན་ཚུལ་ཡིད་འཕྲོག་པོ་དེ་འདྲ་བཤད། ཁྱོད་ཀྱང་ཀོའུ་བའི་གྲྭ་སྨྱོན་ཁ་ལ་ཟ་རྒྱུ་མེད་པར་གོར་ཆགས་སྐམ་པོ་ཆུ་འཁོལ་ནང་དུ་སྣང་ནས་ཟོས་རྗེས་སྡོང་གཅོད་དུ་སོང་མྱོང་མཁན་ཡིན་ཐག་ཆོད། ཧ་ཧ་ཧ་ཧ། དེས་ན་ཁྱོས་གཅོད་པ་རྒྱ་མཚོའི་ཆུམགོ་ཨེ་ཤེས། སྒང་རྩེ་རྩེ་ཨེ་ཤེས། འབྲོག་པ་བཤར་སོ་ཨེ་ཤེས། གསང་གདོང་ཉག་ག་ཨེ་ཤེས། ད་མི་བཤད། ཉན་འདོད་ཡོད་རྗེས་སུ་ག་ལེར་བཤད་ཆོག
འབྲོང་རྒན་དང་འདྲེ་རིག་ལྡན། འབྲོང་ཕྲུག་ཟླ་བ་དང་ཟླ་མེད། ཀླུ་སྨྱོན་དང་མེ་ཏོག་དཀར་དམར་སེར་གསུམ་ལ་སོགས་པར་འཚམས་འདྲི་ཞུ། ང་དེང་སང་ལྡི་ལི་ན་ཡོད། མ་ཇིང་ཀྲེ་ལའི་རྩིས་འཁོར་ནང་དུ་ཕྱི་རྒྱལ་ལ་འགྲོ་བའི་སྐོར་དང་ལག་འཁྱེར་རྫུན་མ་ཇི་ལྟར་བཟོ་དགོས་པའི་སྐོར་མ་གཏོགས་བོད་ཡིག་པོ་གཏགས་སའང་མིའདུག སང་ཉིན་ཕྱིར་དྷ་སར་སཔང་རྗེས་ག་ལེར་ལབ་རྒྱག་ཡ།
མེ་ཏོག་དཀར་པོ་ལགས།
ངས་གཅན་བཟོད་རྒྱམ་ལ་སེམས་གསོ་ཞིག་ཕུལ་ཡོད།
དེ་ཁྱེད་ཀྱི་ཐུགས་ལའང་ཕན་ཐོགས་ཆེན་པོ་བྱུང་སོང༌གསུང་པར།
དེ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།
མ་གཞི་ནས་ངས་ཁོང་ལ་ང་ཡི་སེམས་ཀྱི་གཏིང་ནས་ཕན་སེམས་ཤིག་བཅང་སྟེ་བཤད་པ་ཡིན་པས་དངོས་གནས་ང་རང་ཚོས་སེམས་དཔའ་དཀར་པོས་བཤད་ན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་བསྟན་པ་རེད།
ང་ནི་རང་སེམས་སྤྲོ་བོ་བྱེད་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན།
མི་ཚེ་སྐྱིད་དང་མི་སྐྱིད་ཅེས་པ་ནི་རང་ལ་རགས་ལུས་པ་རེད།
མི་ཚེའི་བདེ་སྐྱིད་ཟེར་བ་ནི་གཞན་ལས་ཡོང་རྒྱུ་ཞིག་ཡོད་པ་མ་རེད།
རང་ལ་རང་གིས་བསྐྲུན་རྒྱུ་ལས་གཞན་ལ་རེ་ས་མེད།
དེ་འདྲ་ཡིན་དུས་ང་ནི་ད་ལྟ་གཅན་བཟོད་རྒྱམ་ལས་ཀྱང་ལོ་ན་ཆུང་བ་ཞིག་ཡིན་པར་ཁོང་གིས་སྐུ་པར་ལ་ལྟས་ན་ཤེས་ཐུབ་པ་ཞིག་འདུག
འོན་ཀྱང་ཁོང་གིས་ང་ལ་འབྲོང་རྒན་ཞེས་བརྗོད་འདུག་ཀྱང༌།
དེ་ཡིས་ང་ཡི་སེམས་ཁམས་ལ་སྐྱོ་སྣང་གང་ཡང་མ་བྱུང༌།
གང་ཡིན་ཟེར་ན་ང་ཡི་སེམས་ནི་ནམ་མཁའ་ལྟ་བུ་རེད།
བཟང་ངན་གང་ཡང་ཤོང་ཐུབ་ཀྱི་རེད། དཔེར་ན། ནམ་མཁའ་ནི་སྤྲིན་དཀར་སྨྲིན་དམར་སྤྲིན་ནག་སོགས་གང་གིས་ཀྱང་བཤིག་ཏུ་མེད་པ་ནང་བཞིན་ང་ཡི་སེམས་ཁམས་ཀྱང་དེ་བཞིན་རེད།
ཁྱེད་རང་ཀྱང་དེ་བཞིན་ཉམས་སུ་ལོང་དང་མི་ཚེའི་བདེ་སྐྱིད་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ ང་ལ་སྙིང་གི་ནད་གཞི་དང༌། སེམས་ཁམས་ལ་སེམས་ནད་སོགས་གང་ཡང་མེད།
ཕྱི་ལུགས་སྨན་པས་ང་ལ་ཁྱེད་རང་དེ་འདྲ་གང་འདྲ་བྱས་ནས་བྱུང་ངམ་བཤད་བྱུང༌། ངས་དེ་བཞིན་བཤད་པས་ཁོང་རང་ཡང་ང་ལ་ཐུགས་རྗེ་ཆེ་ཞེས་གསུང་བྱུང༌།
འབྲོང་ལ་ཡང་སྐྱར་ངོ་སོ་བསྟོད་རྒྱུ་ལས་གཞན་ཅི། སེམས་པ་སྐྱིད་པོ་སྡོད་དགོས་རྒྱུ་གལ་ཆེ་བ་དང་དེ་ཡང་རང་ལ་རགས་ལས་པ་ཤིན་ཏུ་བདེན།
འོན་ཀྱང་ང་ནི་དེང་སང་སེམས་པ་དངོས་གནས་མི་བདེ་བའི་སྒང་ཡིན། རྣམ་པ་མེད་པའི་ཐོགས་བཟོད་པ་རྒྱ་མཚོའི་པར་ནང་བཞིན་ངོ་ལུག་ལུག་ཁ་ཡིན། དངོས་གནས་འབྲོང་ལ་རྗེས་སུ་ཡི་རངས་ཡོད་ཨེ་གོ མུ་མཐུད་ནས་སེམས་སྐྱིད་པོ་བྱས་སྡོད་ལ་གྲོགས་པོ་གཅན་གཙོས་ང་ཚོ་ལ་སེམས་སྐྱིད་པོ་སྡོད་པའི་ཐབས་གཞུངལུགས་ཀྱི་ལུང་དྲངས་མ་ཡིན་པར་ཉམས་མྱོང་འདྲ་ཤོད་རོགས།
ཁ་དྲོ།
མེ་ཏོག་དཀར་པོ་ལགས།
ང་ལ་ངོ་སོ་ས྄ྟོད་མི་དགོས།
ཨ་ཁ་ཁྱེད་རང་ཡང་བཟོད་རྒྱམ་ནང་བཞིན་སེམས་པ་སྐྱིད་པོ་ཡོད་ས་མ་རེད།
ད་གང་བྱེད། ཁྱེད་རང་ལ་སེམས་པ་མི་སྐྱིད་དགོས་པའི་རྒྱུ་མཚན་དེ་འདྲ་འདུག་གམ།
ངས་ཕན་ཐོགས་པ་འདྲ་ཡོད་ན་བྱེད་ངེས་ཡིན།
ད་ངས་ཁ་སྔོན་བཤད་པ་ནང་བཞིན་དྲྭ་གྲོགས་འདི་ཚོ་ཚང་མ་ལ་སེམས་ཀྱི་སྡུག་བསྔལ་ཞིག་ཡོད་ས་རེད།
མ་གཞི་ནས་མཁས་པ་དང་ཡོན་ཏན་ཡོད་མཁན་དེ་ཚོར་ཡོན་ཏན་ཆེ་བ་ནང་བཞིན་སེམས་ཀྱི་སྡུག་བསྔལ་ཀྱང་མི་གཞན་ལས་ཆེ་བ་ཞིག་འདུག
གང་བྱུང་བ་ཡིན་ནམ། ངས་བྱས་ན་མཁས་པ་དེ་ཚོར་བློ་བདེ་བག་ཕེབས་དང་མི་གཞན་དང་མཉམ་དུ་མི་འགྲོ་བར་རྟག་ཏུ་དེབ་དང་མཉམ་དུ་མི་ཚེ་སྐྱེལ་བར་བརྟེན་མི་གཞན་གྱིས་ཉམས་མྱོང་ལས་བྱུང་བའི་བསླབ་བྱའི་རིགས་རྩ་བ་ནས་ཐོབ་ཀྱི་མེད་པས་རེད།
གཉིས་སུ་དེབ་དེ་དག་ཀྱང་རང་ལྟ་ལ་མཆོག་རབས་དང་གཞན་ལྟ་སྡུག་རབས་རྐྱང་རྐྱང་བཤད་ནས་ཉིན་ཅིག་དེབ་སློག་མཁན་ཡང་དེ་བཞིན་རང་ལྟ་ལ་ཞེན་པའི་ང་རྒྱལ་ཆེན་པ་ཞིག་དང༌། གཞན་ལྟ་ལ་སྡང་བའི་ཞེ་སྡང་དང༌། རང་གཞན་གཉིས་ཀའི་ཡིན་ལུགས་རྣལ་མ་ལ་རྨོང་པའི་གཏི་མུག་དེ་གསུམ་གྱིས་སྡམ་དུ་བཟུང་ནས་བསྡོད་ཀྱི་ཡོད་པ་འདྲ། མེ་ཏོག་དཀར་པོ་ལགས་འདི་ཁྱེད་ལ་ཞུས་མེད་ཞུས་ཕྱོགས་ནོར་ཡོད་ན། གསན་ཕྱོགས་མ་ནོར་བར་གནང་རོགས།
ད་ངས་བྱས་ན་མེ་ཏོག་དཀར་པོ་ལགས་ཁྱེད་ཀྱི་སྡུག་བསྔལ་དེ་མེད་པར་བཟོ་བ་ལ་ལུང་མ་དྲངས་གསུང༌། ་ ད་ངས་བསམ་བློ་ཞིག་གཏོང་དགོས། རྗེས་སུ་འཇལ་ཡོང༌།
འབྲོང་རྒན་ནི་འབྲོང་རྒན་རང་རེད། སེམས་པ་སྐྱིད་པོ་བྱས་ནས་སྡོད་པ་རེད། རང་སེམས་རང་གིས་གསོ་དགོས་པ་རེད་སོགས་བསླབ་བྱ་མང་པོ་ཞིག་བཤད་འདུག སྤྱི་ཚོགས་འབྲེལ་བསྡད་ཡོད་པའི་མི་ཞིག་ཡིན་ཕྱིན་ངེས་པར་སྤྱི་ཚོགས་དེའི་བདེ་སྡུག་སོགས་གང་ཡིན་ཡང་རང་གིས་མྱོང་ཐུབ་པ་ཞིག་ཡིན་དགོས་པ་རེད། འདི་ལྟར་བཤད་ན་སྐད་ཆ་སྦོམ་སོང་ཟིག་མ་ཟེར། དངོས་གནས། ང་མི་ཆུང་རུང་སེམས་ཆེ་ནི་ཞིག་ཡིན། སེམས་ཆེ་ཟེར་བ་དེ་ཡང་སྦྱུགས་སུ་དོག་པོ་ཡིན་མིན་བཤད་ཀིན་མེད། ཐེ་གཏོགས་ཞེས་པ་གལ་ཆེར་འཛིན་མཁན་ཞིག་ཡིན། ཡང་ཐེ་གཏོགས་དང་ཇུས་གཏོགས་གཉིས་ཚིག་དོན་གང་ཐད་ནས་མི་འདྲ། ངས་བཤད་པ་ནི་ཐེ་གཏོགས་ཡིན། མ་གཞི་ནས་རྩོམ་ཡིག་ཅིག་དང་ལྷག་པར་དུ་སྙན་ངག་ཅིག་ཀློག་སྐབས་རྩོམ་པ་པོའི་སྐབས་དེའི་སེམས་ཁམས་དང་མཐུན་པའི་རོལ་མྱོང་ཞིག་ཅིས་ཀྱང་བྱེད་ཐུབ་དགོས་པ་རེད། དེར་ལྟར་ན་རང་ཉིད་ཀྱིས་ཀྱང་རྩོམ་པ་པོ་ནང་བཞིན་གྱི་སྙན་ངག་དེའི་རོ་བྲོ་བ་སོགས་མྱོང་ཐུབ་ཀི་རེད། གཅིག་ཐང་ན་ངའི་སྙན་ངག་དེར་གོ་རྒྱུ་ཅང་མེད་ཀི་སྙམ་སྲིད། ཡིན་ཀྱང་ངས་ནི་ཡང་ནས་བསྐྱར་དུ་བཀླགས་ཀྱང་ཚོར་དེ་ག་རང་ཡོང་གི་འདུག ཡང་འདྲ་པར་ལ་བལྟས་ཏེ་རྒས་ཉམས་ཡོད་མེད་དང་ལོ་ན་ཆེ་ཆུང་སོགས་ཀྱང་གང་མང་མང་ཞིག་གླེང་གིན་འདུག ད་ནི་རི་མོར་བལྟས་རྗེས་ཡི་གེ་ཀློག་པའི་དུས་མ་རེད་དམ། ང་ནི་དྷ་སར་མི་ལོ་བཅུ་གྲངས་བསྡད་མྱོང་མཁན་ཞིག་ཡིན་ལ། རང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་༸གོང་ས་རྒྱལ་དབང་མཆོག་གི་གསུང་ཆོས་ནམ་ཡོད་ལ་སོང་དང་འགྲོ་བཞིན་ཡོད་ལ། དེ་ལྟར་དུ་སེམས་ཀྱིན་ཡང་ཡོད། དེ་བས་ངའི་ཉིན་རེའི་འཚོ་བའི་ནང་དུའང་ཐེ་གཏོགས་ཟེར་བ་འདི་རང་ཤུགས་ཀྱིས་གཙོ་བོར་གྱུར་འགྲོ་གི་འདུག
ང་ལ་མཚམས་ལན་རེར་འདི་འདྲའི་ཚོར་བ་བློ་རྡེག་པ་རེེ་ཡོང་གིན་པ་ཡི་གེར་བྲིས་པ་ཡིན། ནམ་རྒྱུན་གྱི་འཚོ་བའི་ནང་དུ་ཅི་འདྲ་ཞིག་ཡིན་པ་ཡང་གིས་སྐད་ཆ་དྲིས་དང་གསལ་པོ་ཤེས་ཀི་རེད། ངས་བསམས་ན་ང་རང་ནི་མི་སྣང་སྐྱིད། གུ་སུ་ཡངས་པོ། ཤ་དང་གཉེན་ཉེས་ལས་ཀྱང་གྲོགས་ལ་འདང་བརྩེ་བ། ཞི་ཐག་རིང་བ། ཨ་ཁ་ཁ། ད་ཡང་ངས་རང་གིས་རང་ལ་བསྟོད་པ་འཐེན་འགོ་བཙུགས་སོང་། ཀློག་མཁན་ཚོར་དགོངས་དག་ཞུ།
ང་ལ་སེམས་ཁུར་ངང་བསླབ་བྱ་བརྒྱབས་པ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་སྙན་ངག་ལ་རོལ་མྱོང་བྱེད་པ་དེ་བས་ཀྱང་གལ་ཆེ།ང་ཚོས་རྩོམ་ཡིག་གང་དང་ཅི་ཞིག་བྲིས་ཀྱང་རྩོམ་རང་སྟེང་ནས་ཅང་མི་བཤད་པར་རྩོམ་པ་པོ་གང་དེར་ཅིག་བཤད་བསྡད་འདུག འདི་ངའི་ད་དུང་དུ་དྲ་བར་ཞུགས་པའི་མྱོང་བ་རང་ཡིན། འོན་ཀྱང་ངའི་རྩོམ་ཡིག་ལ་དཔྱད་བརྗོད་བྱས་ཟེར་གིན་མེད། སྤྱིར་བཏང་ཙམ་ཞིག་བཤད་པ་ཡིན།
ཨ་ཁ། གཅན་བཟོད་རྒྱམ་ཁྱོད་དེ་འདྲ་རང་གསུང་དགོས་པ་མི་འདུག
འབྲོང་ནི་རི་མཐོ་ས་གཙང་གི་གནས་སུ་རང་འཚོར་ལོངས་སུ་སྤྱོད་བཞིན་ཡོད།
འབྲོང་རྒན་འབྲོང་རྒན་ཟེར་ནའང་ཆོག
ང་ནི་གངས་ཅན་པའི་མཚོན་རྟགས་ཤིག་ཏུ་མ་ཟད་ང་ནི་གསོན་དུས་དྲིན་དུ་བརྩི་ཞིང་ཤི་དུས་འགབ་ལ་བརྩི་བའི་ནོར་བུ་དམ་པ་ཞིག་ཡིན། ང་ཡི་མགོ་ཡི་རྭ་ཅོ་ནས་རྐང་མཐིལ་བར་གྱིས་གངས་ཅན་པར་ཕན་མི་ཐོགས་པ་གཅིག་ཀྱང་མེད། ང་ཡི་རྭ་ཅོ་གཅིག་པུའི་ཡོན་ཏན་ལ་ཆ་བཞག་ནས་བཤད་ན།
ང་ཡི་རྭ་ཅོ་ནི་གངས་རི་དང་གཡའ་རི། བྲག་རི་དང་སྤངས་རི། ནགས་རི་དང་ས་རི་སྟེ།
ལ་བཙེ་དེ་དག་གི་རྩེ་མོར་རྒྱལ་མཚན་དང་ནོར་བུ་ལྟར་མཆོད་ཅིང་བཀོད་དེ།
གྱི་ལིང་རྟ་ཡི་ཐོག་ནས་སྟག་ཤར་གཞོན་ནུས་མདའ་རྩེད་དང་མདུང་རྩེད།
དཀར་དམར་མདངས་ཀྱིས་སྤུད་པའི་སྨན་ཤར་བུ་མོའི་གླུ་ལེན་དང་བྲོ་གར།
སྲིད་པའི་མྱེས་པོ་ཉམས་མྱོང་རྒན་པོས་ཆང་ཞེས་དང་ཇ་གླུ།
ཨ་ཙི་་་་་གསན་དང༌། མི་འདྲ་མི་གཅིག་སྣ་ཚོགས་ཀྱིས་ལ་བཙེའི་བསྟོད་པ་བྱེད་དེ།
དྲི་ཞིམ་སྤོས་ཀྱི་དུད་པས་ལྷོ་སྤྲིན་དུ་འཁྲིགས་ཤིང༌།
འབྲུ་བཅུད་སྟོང་ལ་སྦྱར་བའི་སྐྱེམས་པ་ཆང་གིས་སྦྲང་ཆར་བབས་ཤིང༌།
མངར་གསུམ་འོ་མས་བྲུས་པའི་ཕྱེ་མར་འོ་ཀོན་གྱིས་ཁ་བའི་མེ་ཏོག་འཐོར་ཞིང༌།
ཟལ་མོ་འབྲི་དང་གཡང་དཀར་ལུག་གི་དཀར་གསུམ་གྱིས་གངས་དཀར་སྤུངས་ཏེ།
དགའ་བའི་གླུ་དང་སྐྱིད་པའི་བྲོ་གར་འཁྲབ་སྟེ་གངས་ཅན་པའི་བླ་སྲོག་ལྷུན་པོ་ལྟར་བརྟན་ཅིང༌། དལ་རྟེན་བཅུ་དྲུག་ལང་ཚོ་ལྟར་གཞོན་ཞིང༌།
ཡར་འགྲོའི་རླུང་རྟ་འཛམ་གླིང་ཀུན་ཏུ་རྒྱུ་ཞིང༌།
སྙན་པར་གྲགས་པའི་དབང་ཐང་རྩ་གསུམ་ལྷ་ལ་འགྲན་ཕྱིར་ཀུན་གྱིས།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་དང་བཅས་ཏེ་བསྟོད་ཚུལ་ལ་གཟིགས་དང།
ད་དུང་དེ་ཡིས་ག་ལ་ཚད། ་ གནས་ཁང་སྟེང་གི་ལྷ་རྟེན་དུ་བཀོད་དེ།
ཕོ་ལྷ། མོ་ལྷ། སྲོག་ལྷ། དགྲ་ལྷ། ཞང་ལྷ་ལས་སོགས་བརྟེན་ཏེ་མི་ལ་ན་ཚ་དང༌། པྱུགས་ལ་གོད་ཁ་མི་ཡོང་པའི་བསྲུང་བ་དམ་པར་མདའ་མདུང་གནམ་ལ་སྒྲེང་བ་ལྟ་བུའི་འབྲོང་རྭ་རྣོ་དབལ་དང་ལྡན་པར་བསྟོད་ཚུལ་དེ་ལའང་གཟིགས་དང༌།
ད་མང་པོ་ཞིག་མི་བཤད།
ང་འབྲོང་རྒན་གྱི་ཆོ་རབས་བཤད་ན་ཉིན་མཚན་བཅོ་བརྒྱད་བཤད་ཀྱང་རྫོགས་ཐབས་མེད།
ལྷ་མང་པོ་ཞིག་གི་མིང་འབོད་སྲོལ་ལ་བལྟས་ན་ཁྱོད་ཀྱང་ལྷ་འདྲེ་མང་བོས་རི་ལུང་གང་བསྡད་ཡོད་ས་ཞིག་གི་ཡིན་ས་རེད་པ། གཅན་ཚ་གི་ལས་བྱེད་པ་ཞིག་ཡིན་ནི་མིན་ནམ། ཧ་ཧ་ཧ། ཧྲ་གི་ཡ། ཨ་གོ་རང་གིས་རང་ལ་བསྟོད་ལ་བྱས་ན་ད་སྐྱིད་པོ་ཟིག་ཨེ་རེད། མུ་མཐུད་ནས་འབྲོང་གི་ཁྱད་ཆོས་ཤོད་དང་ངས་སྒུག་ནས་བསྡད་ཡོད། ཨོ་རེད། འབྲོང་བྲེ་སེར་ཟེར་ན་དོན་ཅི་རེད། འབྲོང་རུ་དམར་ཟེར་ན་དོན་རེད། ཐོག་མར་འདི་གཉིས་ཡིན། དེ་ནས་མུ་མཐུད་ནས་དྲི་བ་འདོན་གི་ཡིན།
ཨ་ཁ། ད་འདིས་ཀྱང་ཅིག་འབྲི་བསམ་རུང་འབྲི་རྒྱུ་མ་རྙེད། ང་ལ་ཅིག་བཤད་བསམ་རུང་བཤད་རྒྱུ་མ་རྙེད། ངོ་ཤེས་ཡིན་ཟེར་འདོད་རུང་བཤད་སྟངས་མ་ཤེས། མ་ཤེས་པ་མང་པོ་ཞིག་གིས་མགོ་རྨོངས་པའི་བར་ཁ་ལ་ཆུ་ཤོར་འདི་ཤོར་མེད། རྡོ་རིང་དགེ་བཤེས་ཟེར་ན་སུ་རེད། ངའི་མི་ཚེའི་ནང་དུ་ལམ་རིམ་གསུང་ཆོས་ཞུས་པ་ཐོག་མ་དེ་རྩ་བའི་བླ་མ་གཙུག་གི་ནོར་བུ༸གོང་ས་ཡིད་བཞིན་ནོར་བུ་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཁོང་ཡིན། ད་ཁྱོད་ཀྱིས་ཅི་བཤད་ཀྱིན་ཡོད་པ་ངས་དངོས་གནས་མི་ཤེས་ཀི་ལགས། དེ་བས་གོང་གི་སྙན་ངག་དེར་འགྲེལ་འདྲ་ཨེ་རྒྱོབས་ལྟོས་དང་དེས་ཕན་ཡོང་ང་།
ཡ་་་ད་བཤད་ཀིན་བཤད་ཀིན་སོང་ན་བོད་ཀྱི་བུ་འདིས་ཅི་ཞིག་བཤད་གོ་ནོ་མགོ་ཚོས་པ་མི་འདུག
ཨ་ཁུ་མེད་ཤུལ་ནས་རྩམ་ལོག་བྱིན་ན་ཟེར་གོ་གི
ཤིང་ནགས་དཀྱིལ་ནས་གཅེར་ར་ཟེར་གོ་གི
བཀའ་ཆོས་ཞུ་ས་ནས་རྐུབ་ལ་ལག་པ་འཆང་ཡིན་ཟེར་གོ་གི
འདྲ་པར་མཐོང་ནས་སྙིང་ལ་ན་ཟུག་ལངས་ནོ་ཡང་བཤད་གོ་གི
ཨ་ཨ་ཨ ཨུམ་ཨུམ་ཨུམ
ཁྱེད་རྐུབ་ལ་ལག་པ་འཆང་བས་་་ཁྱེད་རྐུབ་ན་ག་རེ་ཡོད་རེད། ཅིག་བྱས་ན་བོད་ཀྱི་བུ་ཟེར་བ་འདི་ཨ་ཅག་ཁྲབ་ཏོ་ཞིག་ཡིན་ནི་མིན་ནམ།
ཨ་རོ་གཅན་བཟོད་ ་་བོད་ཀྱི་བུའི་སྐད་ཆ་འདི་ཚོས་ག་རེ་ལབ་ཀི་ཡོད་རེད། གསལ་བཤད་ཅིག་གནང་དང་།
ངས་བསམ་ན་འདིའི་མཐེ་མོ་བསྡམས་བཞག་ཡོད་ཀི་པ། ཨ་ལགས་མདོ་བ་ཚང་གིས་ཀྱང་འདུལ་མ་ནུས་པའི་འདྲེ་རྒོད་ཅིག་དེ་དུས་ཤོར་སོང་བ་རེད་ཟེར་སྲོལ་ཡོད། དེ་རིང་བོད་ཀྱི་བུ་འདི་དེའི་ལག་ཏུ་ཤོར་སོང་བ་ཆེས་ཡིན་རེ།
གསར་འགྱུར་འདི་ལ་གཅིག་གཟིགས་དང་།
http://www.tibettimes.net/news.php?showfooter=1&id=3183
གཅན་བཟོད་རྒྱམ་ལགས།
ང་འབྲོང་གི་ཆོ་རབས་བཤད་ནས་ཁ྄ྱེད་སེམས་པ་སྐྱིད་པོ་བྱུང་བ་དེ་ཁྱེད་ལ་ངས་ལེགས་སྐྱེས་ཀྱི་མཆོད་སྤྲིན་ཞིག་ཡིན།
ཁྱོད་ཀྱིས་དྲི་བར།
༼ཨོ་རེད། འབྲོང་བྲེ་སེར་ཟེར་ན་དོན་ཅི་རེད། འབྲོང་རུ་དམར་ཟེར་ན་དོན་རེད། ཐོག་མར་འདི་གཉིས་ཡིན། དེ་ནས་མུ་མཐུད་ནས་དྲི་བ་འདོན་གི་ཡིན།༽
འབྲོང་བྲེ་སེར་ཟེར་ན་ཕ་ནོར་འབྲོང་གི་མིང་རེད།
ད་ངས་བཤད་ཡོང༌།
ང་འབྲོང་ཆེན་གཡའ་དང་གངས་ཀྱི་མཚམས་སུ།
ང་གངས་ཅན་བྱ་ར་ཉུལ་དུས་ཞིག་ལ།
ང་བདག་མེད་ཀྱི་ནེའུ་གསེང་སྤང་ལྗོངས་སུ།
ང་སྐྱིད་ཉལ་དང་བགྲེ་ལོག་རྒྱབ་དུས་ཞིག་ལ།
བསམ་མི་ཤེས་མི་ངན་བརྔོན་པ་ཁྱུ་ཡིས།
མདའ་རྩེ་དང་མདུང་རྩེ་མེ་རྩེ་མང་པོས།
ང་འབྲོང་ཆེན་ལུས་སྲོག་བཤིག་པར་འདོད་ཀྱང༌།
འབྲོང་བྲེ་སེར་དབལ་ཁའི་ཀློང་རུམ་ནས།
འབྲུག་སྔོན་མོ་ལྡིར་བའི་ངུར་སྐད་སྒྲོགས་པས།
མི་བསམ་མི་ཤེས་བརྔོན་པ་བརྒྱལ་ཏེ་ཐལ།
ང་འབྲོང་ཆེན་རུ་དམར་དབལ་རུ་རྣོན་པོས།
སྤང་ཁལ་ཁོལ་དགུང་སྔོན་ནམ་མཁའི་དབྱིངས་སུ།
བྱ་བྱིའུ་ཐེའུ་སྒྲོ་གནམ་ལ་གཏོར་བ་བཞིན།
བརྔོན་རྒྱབ་མི་ཐང་ཡང་པའི་ཀློང་དུ་ཡལ།
ད་ཕྱིན་ཆད་སྲིད་པའི་གཏམ་གྱི་དཔེ་རུ།།
ཕོ་ཚོད་མེད་ཀྱི་འབྲོང་ལ་མདའ་མི་རྒྱབ།
དེ་ཨེ་གོ་ཐལ་དྲྭ་གྲོགས་བཟོད་རྒྱམ་ལགས།
ང་འབྲོང་ཆེན་རྒོད་པོའི་ཆོ་རབས་ཆོ་འབྲང༌།
བཤད་བཤད་ན་སྒྲུང་རིང་པོ་གེ་སར་གྱིས༌།
ད་གཡུག་ཞོག་གཅན་བཟོད་རྒྱམ་འདི་རྒས་སྡུག་ཆེ་བའི་སྒང་ལ།
ཁོ་འབྲོང་ཆེན་གཡུང་དྭགས་ཅིག་གིས་ཡོན་ཏན་ཀྱང་མེད་བསམ་ནས།
མི་སེམས་མི་བདེ་གདོས་ལུས་རྒས་པའི་རྒྱུ་རྐྱེན་དུ་གྱུར་ཏེ།
དྲྭ་གྲོགས་རྣམ་པར་སླར་ཡང་ལས་ཀ་ཐོལ་པ་ཞིག་ཏུ་འགྱུར།
འབྲོང་ལ་ཁ་ཡག་ཙམ་མིན་པར་ངོ་སོ་བསྟོད་ཀྱང་ངོས་ལེན་མ་བྱས་ལུགས་ལ་ལྟོས་དང་། མི་གྱོང་པོ་རྭ་ལྟ་བུ་ཞིག་ཡོད་ཁོ་ཐག་རེད།
གོང་དུ་བཟོད་རྒྱམ་ནས་དྲི་བ་ཡག་པོ་བཀོད་འདུག ཡིན་ན་ཡང་འབྲོང་རྒོད་ནས་དྲི་བའི་གོ་སྐབས་བཟུང་ཤེས་མི་འདུག དེ་བས་ན་ཡང་འདི་ནས་རང་རང་གིས་གང་ཤེས་སེམས་ཅན་དེ་ཚོའི་མིང་འདོགས་སྟངས་སྐོར་ལ་འབྲི་རོགས། གཙོ་བོ་དག་ཡིག་གཞིར་བཟུང་ནས་རང་རང་གིས་གང་མཐོང་བའི་སེམས་ཅན་དེ་གཞི་ལ་བཞག་ནས་འགྲེལ་བཤད་བྱས་ན་ཡག་པོ་རེད་བསམ།
འབྲོང་བྲེ་སེར། འདི་ནི་འབྲོང་སྤྱིའི་མིང་ཡིན་པ་འདྲ་འདུག བོད་ཀྱི་འབྲོང་ཡོངས་སུ་རྫོགས་པ་བྲེ་སྟེ་སྲེ་འམ་ཟེ་དང་དོན་གཅིག རྔོག་མའི་དོན་ཡིན། འབྲོང་གི་རྔོག་མའི་སྤུ་སེར་བོ་ཡིན་པ་འདྲ་འདུག ཧོར་གླིང་གཡུལ་འགྱེལ་ན། ལྟོག་ན་ཕུལ་རུལ་མི་ཟ་བ།། བྲེ་སེར་འབྲོང་གི་ངང་ཚུལ་ཡིན།། ཅེས་ཀྱང་སེར་རོ།
དེ་ནས་འབྲོང་རུ་དམར། འདི་ནི་འབྲོང་བྱེ་བྲག་པ་ཞིག ཆུང་ཆུང་སྐབས་ནས་ཨ་མ་ཤི་ཟིན་པའི་དྭ་ཕྲུག་ཞིག འབྲོང་ཁྱུ་ལ་མི་འགྲོ་ཞིང་ནམ་རྒྱུན་འབྲོང་ཁྱུའི་སྒྲིགས་ལམ་ཀྱང་བརྩི་མི་དགོས་པར། རང་གིས་གང་འདོད་སར་སོང་ནས་དབྱར་ཀར་འདམ་ཉོག་ནང་དུ་གཟུགས་པོའི་སྦྱོང་བརྡར་བྱས་པས། སྤུ་འབྲོང་གཞན་པ་ནང་བཞིན་མེད་པར་གོ་བའམ་པགས་པ་ཤིན་ཏུ་མཁྲེགས་པོ་ཆགས་ཡོད་པས་སྟག་གི་སོས་ཀྱང་མི་ཆོད་པར་བཤད། དགུན་ཁར་ཉག་ཀ་ཁུས་ཀར་འགྱིངས་ནས་རླུང་སེར་བུ་ནང་དུ་རྭ་རྩེད་སྦྱོང་བརྡར་བྱེད། དེ་ཡང་ལག་པའི་རྨྱིག་ཀས་ས་ལ་བརྡབ་ནས་རྡེའུ་གཅིག་གནམ་དུ་གཡུག དེ་རྭ་བར་ནས་ཕར་ཚུར་གཡུག་ནས་རྭ་རྩལ་སྦྱང་། ལྷག་པར་དུ་ལུས་རྩལ་ལ་བྱང་ཆུབ་པ་སྟེ། གལ་ཏེ་སྟག་རྒོད་ཞིག་ཡུབ་ནས་གློ་བུར་ཏུ་ཁོའི་སྐེ་ལ་མཆོང་ན། ཁོའི་ལུས་ཀྱི་འཁྱུག་རྩལ་དེ་ཤིན་ཏུ་མྱུར་བས་རང་གི་རྭ་རྣོན་པོ་སྟག་གི་བྲང་ཁོག་ལ་བཙུགས་ནས་རྭ་རྩེར་རྩེད་མོ་རྩེ་ནས་དུམ་བུར་བཤགས་པར་བཤད། ༼སྟག་གཡག་གི་ལ་རྒྱ་རྩོད༽སྐབས་ཀྱི་འཁྲུགས་འཛིང་ཁྲོད་དུ་ཁོ་ལ་བརྡ་བསྐྱལ་བའི་འབྲོང་སྐད་ཡོད་ཟེར། དེའི་སྐབས་སུ་ཁོ་རང་འབྲོང་ཁྱུ་ལ་ཡོང་ནས་འབྲོང་གི་ཕྱོགས་ནས་དམར་ཡག་སྟག་ལ་དམར་འཛིང་བྱས་པའི་ལོ་རྒྱུས་ཤིན་ཏུ་མང་པོ་ཡོད། འོ་ན་རུ་དམར་ཟེར་དོན་ག་རེ་རེད་ཟེར་ན། སྟག་གཡག་གི་ལ་རྒྱ་རྩོད་དུས་རུ་སྟེ་དམག་འཛིང་ཁྲོད་ཀྱི་དམར་བ་སྟེ་གཟུར་ཤོས་ཡིན་པས་ན་རུ་དམར་ཟེར་བ་རེད།
སྟག་གཡག་གི་ལ་རྒྱ་རྩོད་པའི་སྐོར་ལ་སྒྲུང་མང་པོ་ཡོད་ན་མུ་མཐུད་འགོད་རོགས། དེ་ནས་དམར་ཡག་སྟག་དང་། གཡང་དཀར་ལུག ཕོ་ཐུང་སྤྱང་། ཁ་དཀར་སྤྱང་སོགས་ལ་ཡང་འགྲེལ་བཤད་ཡོད་པར་མཁྱེན།།
ནོར་བཅོས་
གཡུང་དྭགས་ཟེར་བར་རི་དྭགས་ཞེས་བཅོས་རོགས།
ཨ་ཙི་གྲོགས་མེ་ཏོག་དཀར་པོ་ལགས་དགོངས་དག
གྲོགས་གཅན་བཟོད་རྒྱམ་ཁོ་ཕྱི་གདོས་ལུས་གཉེར་མ་ཆུ་རིས་བཞིན་དུ་ཤིགས་སེ་ཤིགས།
ནང་རང་སེམས་རྒས་པའི་སྡུག་བསྔལ་ན་བུན་བཞིན་དུ་ཁྲིགས་སེ་ཁྲིགས།
དེ་འདྲའི་དུས་པོ་ཆེ་ཞིག་ལ་ང་ལ་སེམས་གསོའི་ཕྱིར་དུ་སྒྲུང་རིང་ཞིག་གཏོང་རོགས་ཟེར་ནས་རེ་བ་བྱས་པ་དེར། ངས་རེ་སྟོང་དུ་མ་སོང་བ་ཞིག་ང་འབྲོང་ཆེན་རྒོད་པོའི་ཆོ་རབས་ཀྱི་དུམ་བུ་ཞིག་བཤད་བཤད་ནས་ཁྱེད་ལ་ཤུགས་ལབ་རྒྱབ་རྒྱུ་ཕྱིས་སོང་བས་དགོང་འགལ་མེད་པ་ཞུ།
ཁྱོད་ཀྱིས་ཟེར་བ་ལྟར་དངོས་གནས་རེད་ང་འབྲོང་རྒོད་རྩལ་ཆེ་ལ་ག྄ྱོང་པོ་རྭ་ལྟ་བུ་ཞིག་ཡིན།
ཁེར་རྐྱང་འབྲོང་རྒོད་གཡའ་སྤང་གི་མཚམས་སུ་རྒྱུ་ཞིང་གཡའ་ཆུ་གྲང་མོ་འཐུང༌།
རྩུབ་ཆེན་ཕོ་རྫ་ཡི་སྟེང་ནས་ངར་སྐད་སྒྲོགས་ཤིང་གཅན་གཟན་རྒྱལ་དུ་འཇུག
རྣོ་གྱོང་གི་དབལ་རུ་གནམ་དུ་ཟེང་ཞིང་ནམ་མཁའི་བྱ་ཡང་གཡོལ་ཐབས་བྱེད།
ནེའུ་གསེང་ལྗོང་དུ་རྒྱུ་ཞིང་སྤང་རྒྱན་གྱི་མེ་ཏོག་དཀར་པོར་བརྩེ་བས་རོལ།
མེ་ཏོག་དཀར་པོ་ལགས་ཁྱེད་ཀྱི་མཚན་ལ་བསམ་ན་ང་ཡི་ཡིད་ངོར་ཁྱེད་ནི་མ་མཇལ་ཡིད་ཀྱི་ལྷ་མོ་ཞིག་ཡིན་རྒྱུ་རེད་དྲན། གཅིག་བྱས་ན་གྲྭ་རྒོད་ཕག་ལྟ་བུ་ཞིག་གམ།
ཡང་ན་གཅན་བཟོད་རྒྱམ་ལྟ་བུ་ཞིག་ཡིན་མིན་སུས་ཤེས། མ་གཞི་ནས་ང་ཡི་དྲྭ་གྲོགས་ཤིག་གིས་ཁྱེད་ཞལ་འཚོ་ཟེར། ཁོང་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡིན།
ད་གཡུག་ཞོག་སྐད་ཆ་སྙན་མོ་འདྲ་བཤད་ན་དགའ་བ་ལགས་དེ་མིན་ང་ཡང་ཡུན་རིང་མི་འགོར་བར་དྲྭ་གྲོགས་འདི་ཚོ་དང་འདྲ་བའི་སེམས་སྡུག་གིས་ཁེངས་ནས་ང་ཡི་གྲོགས་མོ་དང་ཁ་བྲལ་ཉེན་འདུག
ཡང་གཞོན་ནུ་ཟ྄ླ་མེད་ལའང་ས྄ྐད་ཞིག་བས྄ྐུར་དགོས་འདུག
དེ་ས྄ྔའི་ལོན་དེ་ཡག་པོ་ཞིག་འཕ྄ྲོད་ཡོད་ས་མ་རེད།
འབ྄ྲོང་བ྄ྲེ་སེར་ཟེར་ན་ཕ་ནོར་འབ྄ྲོང་རེད་ཅེས་བཤད་ཡོད།
རུ་དམར་ཟེར་ན། རུ་ཞེས་པ་ནི་རྭ་ལ་ཟེར། ས྄ྔོན་ག྄ྱི་ཚིག་འཕ྄ྲེང་ནང་དུ་ཡོད།
དམར་ཟེར་བ་ནི་འབ྄ྲོང་གི་རྭ་ཅོ་ར྄ྣོ་ལ་ངར་པ་མེ་རི་ལ྄ྟ་བུ་ཞིག་རེད་ཅེས།
ང་ཡི་ལུང་པའི་འབ྄ྲོང་ར྄ྒོད་དང་མནམ་དུ་འག྄ྲོགས་པའི་ར྄ྒན་ར྄ྒོན་ཛེ་ཚོས་བཤད་ཀ྄ྱི་འདུག
མ་གཞི་ནས་ལུང་པ་རེ་ལ་ཤོད་ལུགས་མི་འད྄ྲ་བ་ས྄ྣ་ཚོགས་ཡོད་ཀ྄ྱི་རེད།
ཕོ་རེ་ལ་ར྄ྒ྄ྱོ་ལུགས་རེ། ས྄ྨན་རེ་ལ་ཟེད་ལུགས་རེ།
ཟེར་་བ་ལ྄ྟ་བུ་རེད།
ཨ་ཁ་ཡང་ས྄ྐད་ཆ་ར྄ྩོག་པ་ཞིག་ཤོར་སོང༌།
མ་གཞི་ནས་བ྄ློ་མི་བདེ་ས་ག྄ླེང་ལང་མང༌།
ཟེར་བ་དེ་བདེན་པ་རང་རེད
དེ་རིང་ཁ་བརྡའི་ནང་དུ་མཆན་མི་འགྲོ་གི
འབྲོང་གིས་རང་བསྟོད་འབྲོང་གི་ཆོས་པ་མང་དུ་བརྗོད་ཀྱང་དོན་གྱི་དྲི་བར་གཡོལ་ཙམ་བྱས་འདུག་སྙམ། ང་དོན་གྱིས་དབེེན་པའི་སྒྲུང་ལ་ཆེར་མི་དགའ། སྤོ་མ་ལངས། འབྲོང་བྲེ་སེར་དང་རུ་དམར་གཉིས་གཉིས་པ་ཟླ་མེད་ཀྱིས་ལན་བསྐྱོན་འདུག དེའི་ནང་ནས་ཀྱང་བྲེ་སེར་དེ་ག་རང་ཡིན་འདུག་མོད། འབྲོང་རུ་དམར་ཟེར་བའི་དོན་ནི་ལ་ཁ་སྣོན་གྱི་ཚུལ་ལྟ་བུ་ཞིག་ནི། ཟླ་མེད་ཀྱི་འབྲོང་རུ་དམར་དེ་ད་འབྲས་སྒོ་ཀླུ་འབུམ་ཁང་ཚན་གྱི་སྤྱི་སྒྲུང་ཞིག་ཡིན་ནམ་སྙམ། ཀོའུ་བའི་བསམ་གཏན་ནག་རིལ་གྱིས་ཀྱང་འདི་དང་གཅིག་མཚུངས་ཟེར་གྱིན་འདུག འོན་ཀྱང་རུ་ནི་རྭ་དང་དམར་ནི་ཁྲག་གིས་བགོས་པས་ན་གསོད་མཁན་ཏེ། དཔེར་ན་ལག་དམར་ལྟ་བུ། འབྲོང་རུ་དམར་ཡང་གོང་དུ་ཁྱོད་བཤད་པ་བཞིན་སྟག་འཐབ་འབྲོང་འཐབ་ཀྱིས་འཐབ་པ་རྣམས་བསད་ཅིང་རུ་ཐུར་ལ་ཁྲག་གིས་བགོས་པས་ན་རྭ་དམར་སྟེ་རུ་དམར་ཟེར་བ་ཡིན་སྙམ། ཆབ་སྤེལ་བའི་ཡིག་རྙིང་གི་འབྲེལ་ཞིག་ན་འདི་དང་འདྲ་སེ་བ་ཞིག་ཡོད་སྙམ་ཡང་ང་དེང་སང་ལྡི་ལིར་ཡོད་པས་ཡིག་ཆ་འདྲེན་པའི་སླབས་མེད།
འབྲོང་རྒན་འདིས་ཚིག་མང་པོ་ཞིག་བྲིས་འདུག འོན་ཀྱང་གཤམ་ནས་དོན་དག་དངོས་འབྲི་སྐབས་ཡང་ཡི་གེ་ཚང་མ་ཐོར་ནས་ཀློག་ཐབས་མི་འདུག བསྐྱར་འབྲི་ཡོང་བའི་རེ་བ་ཆེ།
ཟླ་མེད་ཀྱིས་བཤད་པ་བཞིན་ཁ་དཀར་རྐྱང་དང་གཡང་དཀར་ལུག དམར་ཡག་སྟག ད་དུང་མདོ་རིག་རྟ། ཁྱུང་དཀར་མཛོ། ད་དུང་མཛོ་མོ་འབྲི། ར་མ་དང་བོང་བུ། བ་དང་གླང་སོགས་
ཀྱང་
ཞིབ་ཏུ་གླེང་བར་བྱའོ།།
ཡང་འབྲོག་པ་ཁ་ཤོས་ཀྱིང་མི་འདི་ཚོ་རོང་བ་རྐྱང་རེད་པས་བོད་ཀྱི་སྒོ་ཕྱུག་སེམས་ཅན་གྱི་སྐོར་ག་ན་ཤེས་དགོངས་སྲིད་ཀྱང་། ང་ཚོ་ཚང་མས་རྡོག་བསྒྲིལ་གྱིས་བསམ་ཚུལ་དཀྱིལ་གཅིག་དུ་རིག་རིག་བཟོས་ཏེ་དོན་གྱི་སྙིང་བོ་ལེན་པར་འདོད་པ་ལས། རོང་འབྲོག་གི་ལ་རྒྱ་རྩོད་ལ་ནམ་ཡང་མི་འདོད་དོ།།
གཅན་བཟོད་རྒྱམ་ལགས།
ང་ཡི་ཡི་གེ་དེ་Microsoft Himalaya་ནང་དུ་བྲིས་ཡོད་པས་དེ་གང་བྱས་ནས་འཐོར་བ་རེད་དམ།
ཁྱེད་ལ་ལམ་སྟོན་འདྲ་ཡོད་ན་གསུང་རོགས།
མ་གཞི་ནས་ངས་ཁྱེད་ལ་སེམས་གསོ་དང་འབྲེལ་བའི་བསམ་ཚུལ་འགའ་ཞིག་ཕུལ་ཡོད་ཀྱང༌།
ད་བྱས་དུས་དོན་གྱིས་སྟོང་པ་ཡིན་ས་རེད། མང་པོ་ཞིག་མི་འབྲི། ངས་དུས་ཚོད་མང་པོ་ཞིག་བཏང་ཡོད།
དེ་དོན་ཞིག་མ་གྲུབ་པ་འདྲ། ད་བདེ་མོ་གྱིས། ངས་རི་བོ་གངས་ཅན་པའི་ཕ་ནོར་འབྲོང་ལ་བསྟོད་པ་བྱས་པ་ལས་ངས་ང་རང་ལ་བསྟོད་པ་དེ་འདྲ་བྱས་མེད་སྙམས།
སྙན་ངག་མཁྱེན་གྱི་ཡོད་བཞག་བྱས་པ་ཡིན།
ད་ཤད་ཀིན་བཤད་ཀིན་རྫ་ལ་སོང་།
རྫ་ཁྲ་ཡག་བྲེ་སེར་འབྲོང་རྒོད་བཤད།
འབྲོང་ཟེར་བ་རྣ་བས་ཐོས་ཙམ་ལས།
མིག་ཁྲ་རིས་དངོས་སུ་མཐོང་མ་མྱོང་།
བློ་གསལ་བ་གཞོན་ནུ་ཟླ་མེད་ཀྱིས།
འབྲོང་རུ་དམར་རྭ་རྩལ་ཤུན་ཏུ་ཆེ།
ནགས་རྒྱ་རྫོང་སྟག་དམར་ཐིག་ལེ་ཅན།
རྭ་རྣོན་པོས་དུམ་བུར་བཤག་རབས་བརྗོད།
ལྟོས་དང་ལྟད་མོ་འདི་ལྟར་ཡོད་ཡ། ཚིག་སྙན་ནོ། དག་ཆ་ཧྲ་ནོ། ཁ་ལ་བདེ་ནོ། དོན་དག་ཡོད་ནོ། འདི་འདྲ་བྲིས་དང་ཧྲ་གི་མོ། དེ་མིན་ད་ངེད་ཚོས་ག་དུས་ཡིན་ན་ཡང་ཆོད་ཁ་དང་ཆོས་ལུགས། སྲིད་དོན་སོགས་ཉག་ག་ཉོག་གེ་རྐྱང་རྐྱང་བཤད་པ་ལས། ད་འཚོ་བའི་སྐོར་བཤད་ན་ཧྲ་ཀ
དེ་རིང་ངས་བོང་བུ་བཤད་ཀྱི་ཡིན། འབྲོག་པ་རྣམས་ལ་མཁོ་མིན་ཇི་ལྟར་ཡང་། ཆོལ་ཁ་གསུམ་གྱི་རོང་བ་རྣམས་ལ་ཤིན་ཏུ་མཁོ་བའི་སེམས་ཅན་གཅིག་ཡོད་པ་བོང་བུ་རེད། བོང་བུ་ལ་ཁྱད་ཆོས་ཁ་ཤས་ཡོད། ཁལ་བཀལ་ན་རྡ་ལེ་རྡེ་ལི་ཁལ་རིགས་གང་ཞིག་ཡིན་ན་ཡང་འཁུར། ཕྱི་ཚོང་ལ་འགྲོ་སྐབས་ཚོང་ཟོང་འཁུར། ནང་ནས་ནང་མི་དང་མཉམ་དུ། དགུན་དཔྱིད་གཉིས་ལ་ཞིང་ཁར་ལུད་འཇོག་རོགས་བྱེད། དུས་བཞིར་རོང་བའི་ཞིང་གི་ཆེད་དུ་སྟི་ལུད་བཏང་ནས་ལུད་གསོགས་རོགས་བྱེད། ད་དུང་སྟོན་ཁར་སྟོན་ཐོག་བསྡུད་རོགས་བྱེད། བོད་པ་ཚང་ལ་ལས་ཀའི་ཞབས་ཞུ་རེད།
ཡང་ཁྱད་ཆོས་གཞན་དག་ཞིག་ཡོད་པ་ནི། ༡ གལ་ཏེ་ཁྱོད་ཀྱི་ནང་མི་དང་ལྷན་དུ་ཡོད་ན། བོང་བུས་ངོ་ཚ་མི་འཛེམས་པར་རྒྱོ་རྒྱག ༢ གལ་ཏེ་འགག་ཕྲང་དོག་མོ་ཞིག་ཡོད་ན། བོང་བུས་གཟབ་གཟབ་མི་བྱེད་པར་བསམ་བཞིན་དུ་ཁལ་རྫོགས། ༣ གལ་ཏེ་སྐྲག་དགོས་ས་ཞིག་ཡོད་ན། བོང་བུས་གསང་བ་མི་བྱེད་པར་ཕེ་འདེབས། ༤ གལ་ཏེ་གཙང་མ་བྱེད་དགོས་ས་ཞིག་ཡོད་ན། བོང་བུས་བསམ་བཞིན་ཕྱེན༼སྟུག་དྲི༽གཏོང་། ད་དུང་་་་་་
ཡང་བོང་བུ་ལ་ཁྱད་ཆོས་ཞིག་ཡོད་པ་ནི། བོང་བུས་རིགས་རིས་ལ་མི་འཛེམས་པར་རྒོད་མར་འཛག་ན། རྨིག་ཆུང་དྲེལ་སྐྱེས། རྨིག་ཆུང་དྲེལ་ནི་ཇི་ལྟར་རྒོད་ན་ཡང་ཨ་ཕ་བོང་བུ་ལོས་ཡིན། ད་དུང་བོང་མ་དང་ལྷན་དུ་འཛེགས་ན་བོང་ཕྲུག་སྐྱེས། ད་དུང་བོང་བུས་འཛེག་ན་བོང་མཇེ་སྡེར་མ་ཆགས། ཁྱོད་ཚོས་བོང་མཇེ་སྡེར་མ་འེ་ཤེས།
འབྲོང་རྒན་ལགས། ཁྱོད་ཀྱིས་ཡི་གེ་འབྲི་དུས་གོང་མ་དེ་ཚོ་ཐོར་མི་འདུག ཕལ་ཆེར་བྲིས་ཀྱིན་བྲོས་ཀྱིན་ཐོར་སོང་བ་འདྲ་བོ་འདུག ངས་ནི་དྲ་ཐོག་ནས་ཐད་ཀར་འབྲི་བཞིན་ཡོད། ཐོར་གྱི་མི་འདུག དེའི་སྐོར་ངས་མི་ཤེས་ལགས།
གཞན་ངས་འབྲོང་རྒྱན་གྱིས་འབྲོང་ལ་བསྟོད་པ་བྱེད་པ་དེ་ལས་གཞན་འབྲོང་རྒན་མིང་ཅན་གྱི་མི་གང་ཡིན་པ་དེར་ཅང་བཤད་ཀྱི་མེད་ལ། ལར་ནས་ཀྱང་བཤད་མི་སྲིད། བདེ་མོ་འཇོག་རྒྱུ་ཅིག་ཅིག་སྔ་སོང་ཟིག་པ།
ཡ་ལ་་་་་་་་ཡ་ལ་དགོ
རྟ་མ་རྒྱུགས་ཐོར་མོར་ཁག་རེད།།
མགོ་སྤུག་གིན་འདུག་ནོ་དཔེ་ཡིན།།
རྟ་རྒྱུགས་ཀིན་སྡོད་དང་ལོབཡས་གྱོ།།
རོགས་མ་བརྩེ་ཞི་མོར་ཁག་མེད།།
མགོ་སྒུར་གིན་འདུག་ནོ་དཔེ་ཡིན།།
རོགས་བརྩེ་གིན་སྡོད་དང་ལོབས་གྱོ།།
ཟླ་མེད་འདིས་འབྲོང་རུ་དམར་ཙོ་ཡག་པོ་ཞིག་བཤད་སོང་སྟེ། བོང་བུ་བཤད་དུས་ཡང་འདིས་ད་ར་འཐུང་དང་ནས་ཡིན་ས་རེད། ཁ་བཙོག་རྐྱང་བྲིས་འདུག་གཱ བོང་མཇེ་སྡེར་མ་ཙོ་ད་ཅང་མ་རེད།་ད་དུང་རྟ་མཇེ་འཁོར་ལོ་ཡོད་པ་རེད། ད་དི་ཁ་རེས་ཆི་གྱི
འདོ་རིག་རྟ་ཞེས་པའི་རྟ་ཡིག་གི་སྔོན་དུ་འདོ་ཡིག་འདི་ཅིའི་བྲིས་པ་ཡིན་ནམ། སུས་བཤད་ཀྱི།
དེ་རིང་གྲང་གློག་གཏོང་རྒྱ་ཤུགས་ཆེ་དྲག་ནས་ཆུ་ཚོད་བཞི་བར་གཉིད་སད། གཉིད་མ་སད་སྔོན་དུ་རྨི་ལམ་གཅིག་བཏང་། རྨི་ལམ་ནང་དུ་འཁྱགས་པ་ཆགས་ཟིན་པའི་རྡོ་ཞིག་ལག་ཏུ་བཟུང་ནས་གྲང་འདར་བྱེད་བཞིན་འདུག གཉིད་སད་དུས་འཁྱགས་པ་ཆགས་ཟིན་པའི་རྡོ་དེ་ནི་གཞན་མ་ཡིན་པར་རང་གི་རྐུབ་རེད་འདུག ལག་པས་རྐུབ་ལ་འཐམ་ནས་གྲང་འདར་རྒྱག་བཞིན་གཉིས་ལས་སད། ཡི་གེ་འདི་བཞག་ནས་ཡང་བསྐྱར་ཉལ་གི་ཡིན།
ཤམས་ཐབས་ཉིས་ལྟེབ་བྱས་ནས་རྐུབ་ལ་ཁོབས་དང་། ད་དུང་དྲོད་ཡལ་མེད་ན་ཐང་ཡ། རྐུབ་ལ་གཅེས་སྤྲས་བྱེད་དགོས་པ་རེད་མ་གཏོགས། མ་འོངས་དགོས་གལ་ཆེ་ནི་རེད། གྲྭ་རྐྱང་དང་མྱི་རྐྱང་ཡིན་དུས་གལ་ཆེན་ཡིན་པ་མི་རུང་གཞུག་ནས་མི་འགྱོད་པ་ད་ནས་བྱེད་དགོས་པ་རེད། ཤུ་རེ་ཁོ། ཕ་ཡུལ་འདྲ་ཞིག་ཡིན་རྒྱུ་ན། ཧུ་གཟེ་ཚ་བོའི་ཐོག་ནས་གཉིད་ཐེངས་གཅིག་ནམ་ས་སེ་གཙོང་གི་རེད། འདུག་མ་ཏུབ་ན་ད་ཆི་ཡི་གི ནམ་གུང་རེ་གུང་ང་ཡར་ལངས་ནས་ཡི་གེ་འབྲི་དགོ་ཏུག་ཙེ།
ཡང་དྲི་བ་གཅིག་ཡོད། སྒོ་ཕྱུག་གི་ནང་ནས་གང་ཞིག་གསོ་སྐྱོང་སླ་བ་དང་གང་ཞིག་གསོ་སྐྱོང་བྱེད་དཀའ་ཡོད་པ་རེད། ཅུང་ཞིབ་ཚགས་ཀྱིས་འབྲེལ་ན་ཡག་པོ་འདུག
མཇེ་ངན་ལངས་དུས་བུ་མོ་དྲན། །
ལས་ཀ་དཀའ་དུས་བོང་བུ་དྲན། །
ཨ་ཁུ་གཞོན་ནུ་ཟླ་མེད་འདི། །
ལས་དབང་བཙོག་པའི་བླ་རྒན་ཞིག །
རྩམ་དགའ་མ་མཇལ་ཡུན་ཙམ་འགོར།།
རྩམ་པ་ཟ་བཞིན་གང་དུ་ཡོད།།
ཆང་ཞིག་འཐུང་ན་མི་བཟང་ངམ།།
བཟོད་རྒྱམ་དྷ་སར་འབྱོར་ནས་ཡོད།།
གཅན་བཟོད་རྒྱམ་གྱི་དབུ་སྐྲ་དེ་རྩ་ཀུ་ཤ་ཐུར་དུ་བརྐྱང་པ་འདྲ་པོ་འདུག རྫི་མ་སྟུག་པོ་ཡིན་སྟངས་དེར་ལྟ་ན་ཚུལ་ཁྲིམས་གཙང་བའི་བླ་རྒན་ཞིག་གློ་བུར་དུ་གྲོང་ཁྱེར་ནང་སྒེར་དོན་ཞིག་གི་སླེབས་པར་འདྲ་པོ་འདུག
བཞིན་རས་ལ་སྙུམ་ཞག་མེད་སྟངས་དེར་ལྟས་ན་རྒྱ་གར་དུ་འབྲས་རྡལ་གཉིས་ཀྱི་མི་ཚེ་སྟོངས་ཟད་ཕྱིན་ཡོད་པའི་རྣམ་པ་གསལ་པོར་བསྟོན་འདུག མཆུ་ཏོ་དམར་ནག་འདྲེས་མའི་ཚུལ་ལ་ལྟས་ན་མི་ཚེ་ལྟོ་བ་སྟོང་པ་ལྷག་པའི་ཟོ་འདྲ་འདུག
བཟོད་རྒྱམ། གསོ་སྐྱོང་སླ་བ་ཟེར་ནི་མ་རེད། གསོ་ག་ཡང་མོ་ཟེར་ནི་རེད། གསོ་ག་ཡང་མོ་ད་གླང་ཏི་ཡིན་རྒྱུ་རེད་པ། ཁ་དཔེ་ལ་ཡང་། གླང་ཏི་འདོགས་སའི་ཀ་ཞིག་ཡོད། དམག་པ་འདུག་སའི་གྱལ་ཞིག་ཡོད་ཟེར་ནི་རེད་མོ། གསོ་ཀ་རྗིད་མོ་རྩིད་པུ་དང་། ཐོང་ང་གཉིས་རེད། ལྟོས་ལྟོས་ལ་དཔྱིད་ཀ་ཐོན་ན་རྙིང་ཤུར་རྒྱབ་ནས་ཤི་འགྲོ་གི་རེད། ཕག་ཕྲུག་ནང་ནས་ཚང་ལི་དེ་གསོ་ཀ་ལྗིད་ནི་རེད། ཚང་ལི་ཟེར་ན་ཤེས་ཀ ཕག་མ་གཅིག་གིས་ཕག་ཕྲུག་དགུ་སྐྱེས་པའི་དབང་དུ་བཏང་ན་ཐོག་མར་སྐྱེས་མཁན་དེ་ལ་ཚང་ལི་ཟེར་ནི་རེད། ཚང་ལི་དེ་ཕག་ཕྲུག་གཞན་ལས་ཆུང་བ་ཡོད། ག་དུས་ཡིན་ན་ཡང་ཆུང་ཆུང་བྱས་ནས་སྡོད་ཀྱི་རེད། མ་ཟད་ལྟོ་ཡང་མང་པོ་ཟ་ཐུབ་ནི་མ་རེད། དེ་མིན་བོང་དྲེལ་དེ་ད་གསོ་ཁ་ཡང་། དེ་ལ་ཧྭོ་ལིས་མ་ཡང་ཟེར། ཁ་དཔེ་ལ། དྲེལ་ཧྭོ་ལིས་མ་ཡི་རྗེས་ལ་མ་འགྱོ། བླ་ཆེན་དཔོན་ཆེན་གྱི་སྔོན་ལ་མ་འགྱོ་ཟེར་ནི་རེད།
སེམས་པ་དམར་པོས་ངའི་པར་འདི་ལ་འགྲེལ་བཤད་ཡག་པོ་བརྒྱབས་སོང་། བཀའ་དྲིན་ཆེ། ད་སྙན་ངག་ལ་འགྲེལ་ཅིག་རྒྱོབས་དང་།
རེད་རེད། ཟླ་མེད་ཀྱིས་བཤད་པ་བདེན་པ་རེད། གསོ་ག་ཡང་ལྗིད་ཟེར་གི་རེད། ཡང་ཤེས་ཚོད་ལ་གསོ་ག་ལྗིད་ཤོས་དེ་བ་ལི་མ་བ་སྐམ་བེའུ་མེད་མཁན། སྐམ་པ་དེ་ཚོ་ཡིན་ས་ཡོད། ཕོ་བར་བལྟས་དང་ན་སང་ཉིན་བེའུ་རྩེབས་ལོས་འཇོག་འདོད་ལ། དབྱར་དགུན་སྟོན་དཔྱད་ཁྱད་པར་མེད་ལ་ཕུག་མ་དང་བུད་ཙེ་གཡོས་ཏེ་པན་ཙོ་སྟེར་དགོས་ནི་རེད། པན་ཙོ་བཟོ་སྟངས་སུས་བཤད་ཤེས་ཡ།
རྩི་པུ་དང་ཐོང་ང་དེ་ཚོར་སྙིང་རྗེ་གྱེར་མ་༼དྲེས་མ་༽སྐམ་རེ་ཕྱིན་དང་ན་ཆོག་ནི་རེད། ཕག་ཕྲུག་ཆུང་ཤོས་ལ་ཚང་ལི་ཟེར་བ་གོ་མ་མྱོང་། ནམ་ཡང་ལག་ཆགས་རྒྱུ་མེད་པར་ཆུང་ཆུང་གིས་སྡོད་ཀི་རེད་ན་ཟེར་ན་བདེན་པ་འདྲ། དེ་འདྲ་ངས་ཀྱང་མཐོང་མྱོང་ང་། མག་པ་འདུག་སའི་གྱ་དང་གླང་ཙི་འདོག་སའི་ཀ་དེ་ན་ཨ་ན་མ་ན་ཞིག་མ་རེད་པ། གསོ་ག་ཡང་ལྗིད་ལ་བཤད་ཀི་མེད་པ་འདྲ།
ཡ་ད་འུ་ཆོས་གཅིག་གི་སྟེང་ནས་བགྲོ་གླེང་བྱེད། ཐོག་མར་འབྲི་གཡག་གི་ཁྱད་ཆོས་དང་གསོ་སྐྱོང་བྱེད་སྟངས་དང་བེད་སྤྱོད་ཀྱི་སྐོར། ད་དུང་གལ་ཆེ་ཤོས་དེ་ནི་འབྲི་ལ་ཐོའུ་མ། གཡག་ལ་གཡག་ཐོ་དང་སོ་བཞི། སོ་དྲུག་སོགས་ལོ་ཆེ་ཆུང་གིས་ཁ་ལྟ་སྟངས་སོགས་གླེང་རྒྱུའུ་ཡད་ལ། རྗེས་སུ་རིམ་པས་གཞན་ཚོའི་སྐོར་གླེང་ན་ཅི་འདྲ་འདུག ངས་ནམ་རྒྱུན་ང་ཚོའི་མིག་ཁ་ནས་བལྟས་བལྟས་ལ་བརྗེད་ཀྱིན་པའམ་ཡལ་བཞིན་པའི་ཆེས་ཞིབ་ཚགས་རང་དང་རྒྱུ་མཚན་དང་དོན་སྙིང་ཅན་གྱི་མིང་དང་ཐ་སྙད་འདི་ཚོ་ང་ཚོ་ཚང་མ་མཉམ་རུབ་ཀྱིས་ཡིག་ཐོག་གཅིག་ཕབས་ཐུབ་ན་བསམ་བསྡད་པ་ཡིན། དེ་བས་ང་ཚོས་རང་གིས་གང་ཤེས་དང་གང་གོ་བ་རྣམས་འདིར་བཀོད་དེ་བགྲོ་གླེང་གནང་ན་ཡག་པོ་འདུག་བསམ་བྱུང་། ཡ་ད་ཐོག་མར་ཟླ་མེད་ཁྱོད་ཡིན་ད། འབྲི་ཡི་སྐོར་ནས་བཤད་རྒྱུའུ་བྱོས། དེ་ཆོག་ག
དགོངས་དག་ད྄ྲྭ་ག྄ྲོགས་ར྄ྣམས་ང་ཡི་མཆན་འདི་འདི་ནང་མ་བཅུག་རང་བཅུག་ཆགས་སོང༌། ལ྄ྷ་ས྄ྲས་དར་མའི་ས྄ྐོར་ག྄ྱི་མཆན་འབ྄ྲི་ས་དེར་འད྄ྲི་ས་མི་འདུག་ཁ་བར྄ྡ་ཚང་གིས་ས྄ྒོ་ར྄ྒ྄ྱབ་ཚར་ཡིན་ས་རེད།
ཁ་བརྡ་ཚང་ལགས། ངས་སྔོན་ནས་བསམ་འཆར་ཕུལ་ཡོད། ཡིན་ནའང་ཁྱེད་ཚོས་དགོངས་པ་བཞེས་མ་བྱུང༌། ངས་ཆོས་ལུགས་དང་མི་རིགས་དབར་ལ་དཀྲུགས་ཤིང་འགྲོ་གཞིའི་རིགས་རྣམས་ཟུར་དུ་བཞག་ནས་ང་ཚོས་མཐུན་ཕྱོགས་ཀྱི་ལོ་རྒྱུས་ལ་སྒྲོགས་གླེང་འདྲ་མི་བྱེད་དམ་ཞུས་པ་མ་ཟད་ཁ་བརྡ་ཚང་ལའང་འབོད་་བས྄ྐུལ་ཞུས་ཡོད་འོན་ཀྱང་དོན་འབྲས་སྨིན་པ་མ་བྱུང་བའི་ཁར། འཇམ་རྣོན་དང་སྤོབས་མཐའ་གཞོན་མེད་ལས་སོགས་ཁ་རུབ་ནས་ང་ལ་སྐད་ཆེན་པོས་ཁྱོད་ག་བ་འགྲོ་གི་ཡིན། ད་ཤོག—-་ད་ཐོན་ཤོག—-ལ་སྟོད་ལ་ནས་བབས་ཡིན་པས། ཟེར་ནས་ཞེ་བོ་གཅིག་བཤད་རྒྱུ་ཡོད་མདོག་གིས་གཏམ་བཤད་འཐེན་བྱུང༌། དེ་ནས་ངས་སླར་ཡང་འདི་ཡི་ས྄ྐོར་མ་བཤད་རང་བཤདརེད།
ཡིན་ནའང་ངས་ཁོང་ཚོས་གླེང་བླངས་ཤིང་བཤད་པའི་སྐད་ཆའི་འཇུག་ལ་འཇུས་ཏེ་དགག་པ་བྱེད་པ་ལས་ངས་ཐོག་མར་ག྄ླེང་བླངས་ནས་སྐད་ཆ་བཤད་པ་ཕལ་ཆེར་གཅིག་ཀྱང་མེད་ཟེར་ནའང་མ་འགྲིག་པ་མེད།
དེ་ཡིན་དུས་ང་ཡི་མཆན་དེ་ཚོ་མ་བསུབ་རོགས་ཞུ་རྒྱུ་ཡིན།
ཨོ་བཟོད་རྒྱམ་ལགས། ཁྱོད་ཀྱིས་བོང་བུའི་འགྲེལ་བཤད་རྒྱོབ་ཟེར་བ་ལ། ངས་བོང་བུའི་འགྲེལ་བཤད་རྒྱག་མ་དགོས་པར་སྡེ་ཚན་འདིའི་ནང་དུ་བོང་བུ་ཞིག་ཁྲིད་ནས་ཡོང་ཡོད། ཡག་པོ་ལྟོས་འ། གོང་གི་བོང་བུ་གོང་ཁེ་བོ་ཡོད་ད།
རེད་རེད། བོང་བུ་མ་གཞི་ནས་གོང་ཁེ་བོ་རེད། ང་མ་སྐྱེས་གོང་གི་དུས་ར་མ་གཉིས་ལ་བོང་བུ་གཅིག བཟང་ངན་དང་ཡག་སྡུག་བཤད་རྒྱུ་མེད་པར་བརྗེ་རྐྱང་བྱེད་ཀྱི་རེད། བོང་བུ་གཉིས་དང་ར་མ་གཉིས་ལ་བྲི་གཅིག ར་མ་གཅིག་དང་རྩི་པུ་གཅིག་ལ་ལུག་གཅིག རྟ་གཅིག་ལ་ར་མ་བདུན། མཛོ་གཅིག་ལ་ར་མ་དྲུག འདི་ཚོ་ཚང་མ་ས་ཤིང་སྒེར་ལ་བགོས། ཁྱིམ་རེར་ལམ་རེ་དང་མི་རེར་ཟོག་རེ་སྤྲད་དུས་ཀྱི་ཨ་པ་གུང་ཁྲན་ཙང་གིས་ང་ཚོར་བགོས་པའི་སྐལ་བ་རེད། འབྲི་ཡི་སྐོར་མི་བཤད་ན། གེ་གུག་ཁེ་ཧྥང་གི་སྐབས་ཀྱི་གནས་ཚུལ་བཤད་ཡ། ང་དུས་སྐྱེས་མེད་པས་ཁེ་ཧྥང་གི་བགོས་སྐལ་རེག་ཡོད་ནི་མ་རེད་ཅེས་ནང་མི་ཚོས་གཞུག་ནས་ཀྱང་རྒྱུན་པར་བཤད་གི་འདུག དེ་བས་ང་ནི་ངེད་ཚང་གི་སྐལ་བ་རེད་མཁན་གཅིག་པུ་རེད་ཡིན། དེའི་སྟབས་ཀྱིས་ང་ཆུང་དུས་ནས་ཟོག་རྫི་ར་རྫི་བོང་རྫི་ལུག་རྫི། ཨ་རྫི་བོར་མ་སོང་གི་བསམ་པ་མེད། ཆེས་སྐྱིད་ཤོས་དེ་བོང་རྫི་རེད། བོང་རྫིར་སོང་ན་བོང་བུར་ཞིན་རྒྱུ་དང་བོང་བུས་བོང་འཛགས་བྱེད་པའི་ཆེས་ངོ་མཚར་བའི་ལྟད་མོར་བལྟ་རྒྱུ། གསོ་ནི་རེད་ཡ།
འོ་ཉིན་གཅིག་གི་རིང་ལ་འཁྱམས་འཁྱམས་ནས་ཕྱིར་ནང་དུ་སླེབས། གློག་ཀླད་ཁ་ཕྱེས་ནས་དེ་རིང་བོན་ཕྲུག་རིགས་ཡག་རིགས་རྒོད་ཚོས་མེས་དབོན་རྣམ་གསུམ་ནས་བོན་པོ་རྣམས་ལ་མེ་རྒྱག དང་ཆུ་བསྐྱུར་བྱེད་པའི་སྒྲུབ་བྱེད་ཞིག་ཁས་ཡོངས་ཡོད་ཀྱི་རེད་བསམ་སོང་། བློ་ཕང་བ་ཞིག་ལ། འདི་འདྲའི་བོན་པོ་མང་པོ་ཡོད་ན་ཡང་རང་གི་ལོ་རྒྱུས་ན་གང་ཡོད་པའི་ཡི་གེ་ན་གཅིག་ཀྱང་རེག་མི་འདུག ངོ་ཚ། དེར་མ་ཟད་ང་མེད་ཤུལ་ཏུ་ག་རེ་འདྲ་ཞིག་འབྲི་བཞིན་བསྡད་པ་སུས་ཤེས། ཁ་བརྡ་ཚང་གི་སྒྲིག་གཞི་དང་འགལ་བ་རྐྱང་བྲིས་ནས་ཕར་ཕྱོགས་ཀྱི་མཆན་སྒོ་བརྒྱབ་འདུག འདི་ཚོའི་སྒྲིག་གཞི་ཟེར་བ་ཞིག་རྩ་ནས་ཤེས་ཀྱི་མ་རེད། མི་ཤེས་ཟེར་མི་རུང་། ཁོང་ཁྲོ་ཟ་ཡོང་གི་རེད། མ་བཤད་ན་མི་ཤེས། བཤད་ན་མི་ཉན། འདི་འདྲ་རྐྱང་རེད། འདི་འདྲ་རྐྱང་རྐྱང་བྱས་ན་རྒྱལ་ཁྲིམས་ལ་ཐོག་ཐོག་པ་རེད་པ།
ཁོང་ཚོས་ཧུ་རོ་པ་རོ་བྱས་ནས་ཡི་གེ་ཞིག་རེག་འདུག འདི་ནི་རྒྱབ་རྟེན་དུ་དྲང་བའི་ལུང་གཉིས་པ་དེ་རེད། དང་པོ་ཕན་མ་ཐོག་པས་གཉིས་པ་འདིས་ཕན་འེ་ཐོག་བསམ་པ་ཡིན་རྒྱུ་རེད། དྲ་གྲོགས་ཚོ། ཡག་པོ་གཟིགས་འ། ཆོས་རྒྱལ་མེས་དབོན་རྣམས་གསུམ་ནས་བོན་པོ་ཚོ་ལ་མེ་རྒྱག་ཆུ་བསྐྱུར་གྱི་སྒྲུབ་བྱེད་དུ་འེ་འགྲོ་ལྟོས། ལུང་འདི་ཁས་ཡོང་མཁན་ལ་སྟོད་བུ་རེད། ཁོ་ད་ཡོད་བོན་པོ་ནང་གི་འ་ཡོད་ད་ཡོད་པོ་ཡིན་ཟེར་བཞིན་ཡོད་ས་རེད། ལུང་འདྲ་ཁ་ནང་ན་སྐྱོར་རྒྱུ་འདུག དེ་མིན་གཞན་དག་གི་ཁ་ན་ལུང་ཟེར་བ་ཚིག་གཅིག་ཀྱང་མི་འདུག་པས་དཔྱད་རིན་གང་ཡང་མི་འདུག
སྲིད་པ་རྒྱུ་ཀྱི་ཁ་བྱང་ལས།
༼སྤེ་ནེ་གུ་དང༌། འབེ་ཤོད་གྲམ་དང༌། ལྟ་རུ་བསེ་ཡག་དང༌། བུ་སྔུན་ཁྲ་འཛིན་དང་བཞི་ཡིས། རྗེ་ལ་བཟློག་པའི་རྐོ་ལོང་ལང༌། བསེ་ཡི་འདན་དཀར་དང༌། རྔ་གཤང་ཕྲུག་ཅིག་བརྫང་སྟེ། གྲུ་ནང་དུ་བཅུག་ནས་ཡར་ཆབ་གཞུང་ལ་བསྐྱོན་ཏེ་བཏང༌།
འབེན་གང་ཙམ་དུ་སླེབས་པ་དང༌། སྤེ་ནེ་གུའི་བསེའ་ཡི་འདན་དཀར་བཙུག་སྟེ་ལྷ་ལ་བོས། བཙད་པོ་རྗེ་ལ་དབུ་ཡོག་དེད་པས། ཡར་ཆབ་ཙང་པོ་གྱེན་དུ་ལོག
རྒྱལ་ཁམས་ཆུའི་གང་བར་བྱས། ༽
གཟིགས་དང་བོན་གཤེན་དེ་དག་བཙན་པོས་ཆུ་ལ་བསྐུར་པ་རེད།
གོང་གི་འདི་བོན་པོ་ཆུ་ལ་བསྐུར་བའི་སྒྲུབ་བྱེད་ཀྱི་ལུང་རེད། དེ་ནི་བོན་པོ་བཞི་(གྲུ་ནང་དུ་བཅུག་ནས་ཡར་ཆབ་གཞུང་ལ་བསྐྱོན་ཏེ་བཏང༌།) གྲུ་ནང་དུ་བཞག་པ་ལ་ཆུ་ལ་འཕངས་པར་གོ་བ་བླངས་འདུག ཆུ་ལ་བསྐྱུར་དགོས་ན་གྲུ་ནང་དུ་བཞག་ནས་ཅི་བྱེད། དེ་ལས་སྐེ་ལ་རྡོ་བཏགས་ནས་ཆུ་ནང་ལ་གཡུག་ན་དེ་ག་རེད། འདི་འདྲ་གོ་ལོག་རྐྱང་རྐྱང་བླངས་ནས་ཉི་མ་བསྐྱལ་གྱི་ཡོད་པ་རེད། འདི་ཚོས་བསམ་ཚུལ་བཤད་ཤེས་པ་མ་གཏོགས། སྒྲུབ་བྱེད་ཟེར་བ་དུས་ནམ་ཡང་ཤེས་ཀྱི་ཡོད་ཚོད་མི་འདུག་པས། ད་ནས་བཟུང་འདི་ཕྱོགས་ལ་སྒྲུབ་བྱེད་ཀྱི་རེ་བ་མེད། ངས་གུ་ཡངས་ཙམ་བྱས་ནས་སྒྲུབ་བྱེད་ཀྱི་ཡི་གེ་ཡིན་ན། བན་ཕྱོགས་བོན་ཕྱོགས་གང་གི་ཡིག་ཆ་ཡིན་ན་ཡང་འགྲིག་པར་རྩིས་བཞིན་ཡོད། འོན་ཀྱང་བན་ཕྱོགས་ཀྱི་ཡི་ཆ་ཕར་ཞོག བོན་ཕྱོགས་ཀྱི་ཡི་ཆ་ཡང་གྲུ་ནང་དུ་བཞག་པ་ལ་ཆུ་ལ་འཕངས་པའི་གོ་བ་ལེན་གྱི་འདུག
གོང་གི་ལུང་དྲང་པ་དེར་ལྟོས་དང་། བོན་པོ་བཞི་བོ་དེ་སྤྱོད་པ་ག་ཚོད་ངན་པ་འདུག (འབེན་གང་ཙམ་དུ་སླེབས་པ་དང༌། སྤེ་ནེ་གུའི་བསེའ་ཡི་འདན་དཀར་བཙུག་སྟེ་ལྷ་ལ་བོས། བཙད་པོ་རྗེ་ལ་དབུ་ཡོག་དེད་པས། ཡར་ཆབ་ཙང་པོ་གྱེན་དུ་ལོག རྒྱལ་ཁམས་ཆུའི་གང་བར་བྱས། ) གཟིགས་དང་། འདི་ཚོས་སྔགས་ངན་ག་རེ་འདྲ་ཞིག་བྱས་པ་ཡིན་ན། རྒྱལ་ཁམས་ཆུས་གང་བར་བྱས་པ་རེད་ཟེར། མི་དང་འགྲོ་བ་གཞན་དག་ག་ཚོད་ཀྱི་སྲོག་བཅད་ཡོད་པ་རེད། ད་དུང་ཁོ་ཚོས་སྲོག་གཅོད་ལ་འཛེམས་ཀྱི་རེད་ཟེར། གོང་གི་ལུང་འདི་ལ་སྟོད་བུས་བོན་པོའི་གཞུང་ལུགས་ནས་ལུང་དྲང་ནས་བོན་པོ་བཞི་ཡིས། བོད་ཀྱི་ཡུལ་ཁམས་ཡོངས་རྫོགས་ཆུས་བསྣུབས་པར་སྒྲུབ་པ་རེད། སྙིང་རྗེས།
འདི་ཚོས་བསྟོད་པ་བྱས་པའི་ཁུངས་རེད། འོན་ཀྱང་འུག་པའི་རྫུན་དྲུག་ཟེར་བ་དེ་དང་གཅིག་པ་རེད། འུག་པ་ཁྱོད་ཀྱི་མིག་སེར་བོ་ཅི་ལྟར་ཆགས་པ་རེད། མར་ཟ་རྒྱུ་མང་དྲག་པ་རེད། འུག་པ་ཁྱོད་ཀྱི་ལག་པར་སེག་རིས་ཅི་ལྟར་བྱུང་བ་རེད། སྣུམ་མཐོང་མ་མྱོང་བས་རེད། འུག་པ་ཁྱོད་ཀྱི་མགོ་ལེབ་ལེབ་ཅི་ལྟར་ཆགས་པ་རེད། མགོ་ལ་ཆོས་པོ་ཏི་ཁས་ཡ་མང་དྲག་པ་རེད། འུག་པ་ཁྱོད་རྣ་རིང་པོ་ཅི་ལྟར་བྱུང་བ་རེད། ཆོས་སྐད་རྣ་བས་མ་གོ་བ་རེད་སོགས་སོ།
སྲིད་པ་རྒྱུ་ཀྱི་ཁ་བྱང་ཆེན་མོ་ལག་ཏུ་བཟུང་སྟེ་བན་བོན་གང་ཡིན་དབྱེ་བ་མེད་པའི་དྲ་གྲོགས་མང་པོ་ཁ་གཏད་ན་ཀེར་གྱིས་ལངས་བསྡད་འདུག་གཱ ཧྲ་གི་ཧྲ་གི
སྤྱིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་སྒོས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི་བོན་བསྟན་བསྣུབས་པའི་གཏེ་བོ་དེ་ཡིན་པར་བཤད། ཞང་རྒྱལ་ལུག་མྱི་སྐྱ་བསད་ཅིང་ཞང་ཟུང་ཐམས་ཅད་བོད་ཀྱི་འབངས་སུ་བཅུག བོན་ཀྱི་མཁས་གྲུབ་རྣམསསད་ཅིང་མཐར་སྤྱུགས། བཀའ་བསྟན་རྣམས་མེར་བསྲེགས་ཅིང་ཆུར་བསྐྱུར་བ་སོགས་བཤད། འབྲོང་བུ་ཚེ་རིང་རྡོ་རྗེས་ཁྲི་སྲོང་ལྡེའུ་བཙན་དང་འབྲེལ་ནས་འདིའི་སྐོར་ལ་དཔྱད་རྩོམ་ཡག་པོ་ཞིག་བྲིས་འདུག དེའི་ནང་དུ་གལ་སྲིད་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་ཅིང་བཀའ་བསྟན་མེར་བསྲེགས་པ། བོན་གྱི་མཁས་གྲུབ་རྣམས་བསད་ཅིང་མཐར་སྤྱུགས་པ་སོགས་བོན་བསྣུབས་གང་ནུས་དང་གང་ཏུབ་བྱས་ཡོད་པ་བདེན་ཚེ། ཁྲི་སྲོང་ཁོང་གིས་མཛད་པའི་༼བཀའ་ཡང་དག་པར་སྡུད་པའི་ཚད་མའི་མདོ་༽༼ཁྲི་སྲོང་ལྡེའུ་རང་གིས་མཛད།༽ན་དེ་ཚོའི་སྐོར་ཚིག་ཟུར་ཙམ་ཡང་མེད་ཁར། “བོན་”ཐ་སྙད་གཅིག་ཀྱང་བཙལ་ནས་བརྙེད་དུ་མི་འདུག་པས་ན། འདི་ལ་ཞིབ་ཏུ་བརྟག་དགོས་སྐོར་བྲིས་འདུག དེ་ལས་ལྡོག་སྟེ་ཁྲི་སོང་གི་མཛད་པའི་༼བཀའ་ཡང་དག་པར་སྡུད་པའི་ཚད་མའི་མདོ་༽ན་མ་ཎི་ཆོས་ལུགས་ཞེས་པ་ཞིག་ལ་དཔྱད་ཅིང་དགག་པའི་ཚུལ་མང་དུ་བསྟན་འདུག་པར་བཤད། ད་དངོས་གནས་དོན་དངོས་རང་ལ་སྙེགས་པར་འདོད་པ་ཚོས་ཡིག་ཚགས་རྙིང་གྲོས་དེ་ཚོར་ཟིབ་གཟིགས་གནང་སྟེ་དཔྱད་ཞིབ་གནང་ན་དོན་དངོས་ལ་དབབ་པའི་གཞི་ཟིག་རྙེད་པ་ལས། རྩོམ་ཡིག་འགའ་རེ་དང་གཞན་ཕྱོགས་ཞེན་ཆེན་པོ་ཡོད་མཁན་ཚོས་རྗེས་སུ་འབྲངས་ནས་ཁ་ནས་གང་བྱུང་དང་ལག་ནས་གང་ཐོན་བྲིས་ན། ཆོས་ལུགས་དབར་གྱི་རྙོག་དྲ་ཆགས་པའི་གཏེ་བོ་ཉན་རྒྱུ་རེད་འདོད་ཀི གཞན་ཟླ་མེད་ཀྱིས་བཤད་པ་བཞིན་ཡི་གེར་གོ་ལོག་དང་ལོག་འགྲེལ་མི་བྱེད་རྒྱུ་དེ་བས་ཀྱང་གལ་ཆེར་སྙམ། ང་ནི་ཆོས་ལུགས་དབར་གྱི་སྙོག་དྲ་འདི་མོ་འདི་གླེང་རྒྱུ་རྩ་ནས་མོས་པ་མེད་ན། དེ་རིང་འདིར་ཚིག་འགའ་བྲིས་པས་གཞན་སུ་ལའང་ཕོག་ཐུག་མི་འབྱུང་བར་ཤོག
ཨོ་རེད། ཟླ་མེད་ལགས། འབྲོང་བུ་ཚེ་རིང་རྡོ་རྗེ་ཡི་དཔྱད་རྩོམ་དེ་ཁོང་དཔེ་དེབ་༼སྐལ་བའི་གཏམ་གླེང་དམར་ལྡིང་མ།༽ཞེས་པར་འདུག འདི་ལ་དྲ་གྲོགས་ཚོས་གཟིགས་ཞིབ་གནོངས་དང་། དཔྱད་གཞི་དང་དོགས་སློང་ཡག་པོ་གནང་འདུག་པར་བདག་སྙམ།
xxxxx
མ་གཞི་ཁ་བརྡ་ཚང་གིས་ག་རེ་བྱས་ནས་མཆན་བུའི་སྒོ་བཀག་པ་ཡིན་མི་ཤེས། ག་རེ་བཤད་རྒྱུ་ཡོད་ན་བཤད་འཇུག་དགོས་པ་རེད། བཤད་ཆོག་པ་འདི་དྲ་རྒྱ་འདི་ཚོའི་ཡོན་ཏན་རེད། དེ་བཀག་ནས་ཕན་གྱི་མ་རེད། ངས་བཤད་འདོད་པ་མང་པོ་ཞིག་བཤད་ཚར་མ་སོང་། ལྷག་པར་ཡང་བན་བོན་གྱི་འབྲེལ་བའི་སྐོར་དེ་ལ་བཤད་དགོས་པ་དང་དཔྱད་དགོས་པ་མང་པོ་འདུག བན་བོན་གཉིས་ཀ་མ་འཛོམ་ན་བཤད་ཐུབ་གི་མི་འདུག་ལ་དཔྱད་ཐུབ་གི་མི་འདུག གཏམ་བཤད་གྱི་རིན་ཐང་དང་ལོ་རྒྱུས་ཀྱི་བདེན་དོན་ཟེར་བ་དེ་བཤད་ཅིང་དཔྱད་པའི་ཁྲོད་ནས་རྙེད་གི་རེད། ངས་ང་ཚོས་མཉམ་དུ་ཅིག་བཤད་ཐུབ་པ་འདི་གོ་སྐབས་ཡག་པོ་ཞིག་བརྩིས་ཡོད། བོན་གྱི་ཕྱོགས་ནས་བན་དེས་བོན་ལ་ཡག་པོ་མ་བྱས་ཚུལ་གཅིག་པོ་བཤད་ནས་འགྲིགས་གི་མི་འདུག བོན་གྱིས་བན་དེ་ལ་ཡག་པོ་ག་རེ་བྱས་ཡོད་མེད་དེ་ཡང་བཤད་དགོས་ཀྱིན་འདུག མིའི་འབྲེལ་བ་ཟེར་བ་དེ་ཕྱོགས་གཉིས་ཀ་ལ་བརྟེན་ནས་ཡར་རྒྱས་འགྲོ་དགོས་པ་རེད། ཁར་སང་རྒྱལ་དབང་བཅུ་གསུམ་པས་རྒྱལ་རོང་ལ་དམག་བཏང་ནས་བོན་པོའི་རྐེ་བཅད་ཚུལ་སོགས་རྫུན་ཆེན་པོ་དང་སྐུར་འདེབས་ཆེན་པོ་བྱེད་མཁན་ཡང་བྱུང་སོང་། དེ་ཚོ་ཡག་པོ་མ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དམག་གིས་འབྲི་ཆུ་མན་ཆོད་ལ་གོམ་པ་སྤོ་ཐུབ་གི་མ་རེད། དེ་འདྲའི་སྐུར་འདེབས་བྱས་ན་བོན་པོ་ཡིན་ཟེར་མཁན་ཁོ་རང་ཚོ་ལ་ཡག་པོ་ཡོད་པ་མ་རེད། ང་ཚོའི་ས་ན་བན་བོན་བར་ལ་འགལ་བ་འདྲ་གང་ཡང་མེད། བོན་གྱི་ལྷ་ཁང་ཆུང་ཆུང་ཞིག་གི་རྩར་ཆུ་མིག་ཡོད་པ་དེ་ལས་ཁྲུས་བྱས་པ་དང་ཁར་བཏུང་ན་ནད་སེལ་བ་ལ་ཕན་གྱི་རེད་ཟེར་ནས་མཚམས་ལ་འགྲོ་སྲོལ་ཡོད།
xxxxxx
གཞོན་ནུ་ཟླ་མེད་ལགས། དེབ་དེ་ནི་ལོ་བརྒྱད་ཀྱི་སྔོན་དུ་ཀློག་ཅིང་དེ་དང་འབྲེལ་བའི་དཔྱད་རྩོམ་ཞིག་བྲིས་ཟིན་མོད། དོགས་ཕོགས་འགྲོ་བ་སེམས་ནས་དྲ་རྒྱར་བཀོད་མེད།
ཨ་ནུ། ཁྱོད་ཀྱི་ཚུལ་གསུམ་གྱི་སྐོར་བཤད་ནས་ལ་སྟོད་བུ་ལྟ་བུ་ལ་ཞར་ར་གནམ་བསྟན་པའི་ལོ་རྒྱུས་རེད། ཁོ་ཚོས་ཚུལ་གསུམ་ཟེར་ན་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་བཤད་ཀྱི་ཡོད་ས་རེད་དྲན་གི་རེད། ཁྱོད་ཀྱིས་གོང་དུ་ལྟོས་དང་། ངས་ཁ་སྔོན་གསལ་གསལ་དག་དག་ཁྲོས་མའི་ལུང་དང་། སྟག་ལྷའི་ལུང་དྲང་ཡོད་པ་རེད། ད་ལུང་དེ་ག་བ་ཡོད་པ་རེད་ཟེར། འདི་འདྲའི་ལྐུག་པ་རེད། སྟག་ལྷའི་ཆོ་ག་ལས་ཟེར་ནས་དྲང་ན་དེར་ཡོད་པ་མ་གཏོགས་གསང་སྤྱོད་ན་ཡོད་ཀྱི་མ་རེད། གང་ལས་དྲང་ན་དེར་ཡོད་པ་རེད་མ་གཏོགས་ད་ཁས་ཤོག་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། ད་དུང་ལྟོས་དང་ལྟད་མོ་འདུག་ག རྟགས་འདི་འདྲ་བཀོད་ཀྱི་རེད། ཆོས་རྒྱལ་མེས་དབོན་རྣམས་གསུམ་བོན་ཅན། བོན་པོ་ཆུ་ལ་འཕངས་ཏེ། གྲུ་ནང་དུ་བཞག་པར་གསུངས་པའི་ཕྱིར་ཟེར། ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་བོན་ཅན། བོན་པོ་རྣམས་ཆུ་ལ་གཡུག་ཏེ། དེ་ལྟར་བཀའ་བགྲོས་ཆོས་བློན་ཚོས་མཛད་པར་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་གསུངས་པའི་ཕྱིར་ཟེར། གོང་གི་འདི་དག་ལ་གཟིགས་དང་། ཚུལ་གསུམ་ཇི་ལྟར་བཤད་དགོས་པ་རེད། གོ་བརྡ་སྤྲོད་ས་འགྲོ་གི་མ་རེད། གལ་ཏེ་ངས་ལ་སྟོད་བུ་ཟེར་བ་འདིའི་བཤད་པ་མི་འགྲིག་ཚུལ་སུན་འབྱིན་བྱས་ན། ཁོས་ང་ལ་བོན་པོ་ལ་མི་དགའ་བ་བྱས་སོང་ཟེར་ནས་འཇིགས་སྐུལ་བྱེད་ཀྱི་རེད། ངས་ལ་སྟོད་ལ་དགག་པས་བོན་པོ་ལ་དགག་པར་མི་འགྲོ་ཟེར་ན། གཞོན་ནུ་བོན་ཅན། བོན་ལ་དགག་པ་བྱེད་པར་ཐལ། ལ་སྟོད་ལ་དགག་པ་བྱེད་པའི་ཕྱིར་ན། ངས་མ་ཁྱབ་ཟེར་གྱི་རེད། ཡང་ཁྱབ་པར་ཐལ། ལ་སྟོད་བོན་ལ་དད་པའི་ཕྱིར་ཟེར་ན། ཡང་ངས་མ་ཁྱབ་ཟེར་གྱི་རེད། འདི་ཚོ་བཤད་ན་ཞ་ར་གནམ་བསྟན་རེད། ད་བསྡད་གི་བསྡད་གི་འདི་ཚོས་སྡེ་དྲ་བདག་ལ་ཡང་ཁ་རྡུང་བཏང་ཡོང་གི་འདུག ཨེ་མ་ཇི་འདྲའི་ལྐུག་པ་རེད་ཨང་།
སྟག་གཟུགས་འོར་མོ་ལུང་རིང་ཟེར་ན་གཞི་མ་གྲུབ་ཟེར། རྟག་གཟིགས་ཟེར་དགོས་པ་རེད་ཟེར། ཕལ་ཆེར་དེང་སང་གི་བོན་པོ་ཚོས་ས་མགོ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་འདྲ། ཁ་སྔོན་ཞིག་ལ་ཡང་ཅིག་གིས་བོན་པོའི་བཀའ་བསྟན་ཟེར་བ་མ་རེད། བོན་པོའི་བཀའ་བརྟན་ཟེར་བ་རེད་ཟེར་ནས་འུ་ཚུགས་རྒྱགས་གི་འདུག འདི་ཚོས་ས་མགོ་དང་ར་མགོ་རྩོད་པ་ལས་སྟོན་པ་གཤེན་རབ་མི་བོ་གང་དུ་འཁྲུངས་པའི་གནས་རྩད་གཅོད་བྱས་ན། དད་ལྡན་ཚང་མ་ལོ་རེད། ལོ་རྒྱུས་རེད་གང་ལ་ཡང་མིག་ལ་སྟོན་རྒྱུ་དང་ཐོད་པས་གཏུགས་རྒྱུ་ཡོད་པ་རེད། འཇོན་གྱི་མ་རེད། དེ་བཙལ་བ་ལ་ནི་བན་དེ་ཚོས་བཀག་འགོག་ཡོད་ཀྱི་མ་རེད།
གནའ་སྔོན་པ་རྒྱ་གར་ལ་ཡོང་པའི་ལམ་ཁར་སྟོད་གངས་རིན་པོ་ཆེ་ལ་བསྐོར་བ་འགྲོ་དུས། མི་ཁ་ཤས་གཡོན་སྐོར་ལ་འགྲོ་གི་བསྡད་འདུག ཁོ་ཚོས་བཤད་ན་དེ་གའི་ཐག་ཉེས་ཞིག་ཏུ་འཁྲུངས་སྐོར་བཤད་ཀྱི་འདུག གང་ལྟར་ང་ཚོའི་གནས་རྩ་ཆེན་དུ་ཡིད་ཆེས་བྱེད་ས་ཁོང་ཚོས་ཀྱང་བྱེད་ཀྱི་འདུག གསལ་བོར་མི་ལ་ནི་བསྟན་ཡ་མི་འདུག
གང་ཡིན་ན་ཡང་དེ་ག་ཡིན་ས་རེད། ལུང་ཡོད་ཟེར། ཁས་ཤོག་ཟེར་ན་བསྟན་རྒྱུ་མེད། རྟག་གཟིགས་འོར་མོ་ལུང་རིང་ཡོད་ཟེར། གང་ན་ཡོད་ཟེར་ན་བསྟན་རྒྱུ་མི་འདུག སྟོན་པ་གཤེན་རབ་འཁྲུངས་པ་རེད་ཟེར། ག་དུས་ཟེར་ན་ཡང་བཤད་ཡ་མི་འདུག སྤྱི་ཚོགས་ནང་ལ་རྙོག་དྲ་རྐྱང་ཤོད་པ་ལས་དེ་ཚོ་རྩད་བཅད་ན་རང་གཞན་རོགས་གསུམ་ལ་ཕན་གི་རེད་པ།
ད་རུང་ཞང་ཞུང་རྒྱལ་ཁབ་ཆེན་མོ་ཡིན་ན་ཅིག་ཟེར། རྒྱལ་ས་ག་བ་ཡོད་པ་རེད་ཟེར་ན། ཡང་བཤད་ཡ་མི་འདུག བོད་ལ་རེད་ཟེར་ན་ཁོང་ཁྲོ་ཟ། གང་རེད་ཟེར་ན་བསྟན་ཡ་མེད། འདི་འདྲ་རེད།
འོ་ཡང་ལ་སྟོད་ནས་ངས་རྙོག་དྲ་བསླང་གི་འདུག་ཟེར། འདིའི་ནང་དུ་ཁོས་ངའི་མིང་སྔོན་ལ་བཏོན་འདུག་གམ། ངས་ཁོའི་མིང་སྔོན་ལ་བོས་འདུག མཆན་ཨང་ལ་གཟིགས། འདི་འདྲ་རེད། ཐོག་མར་ངའི་མིང་གི་བོས་ནས་བཤད་ན་ངས་ཁ་འདམ་འབག་གིས་སྦྱར་མེད་པས་ལོས་བཤད། ངས་ཁྱོད་ལ་གཙོ་བོས་ཅི་ལྟར་བཀའ་སྩལ་བ།། དེ་དག་ཐམས་ཅད་བདག་གིས་བགྱིས་ཟེར་ཐུབ་ཀྱི་མ་རེད་ཡ། ད་ཁོང་གིས་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོའི་ལུང་གི་གོ་བ་ལོན་མི་འདུག་ཟེར། ངས་སྲིད་པ་རྒྱུད་ཀྱི་ཁ་བྱང་ལ་འགྲེལ་རྒྱག་འོག་ནས། ལ་སྟོད་ཀྱི་དཔེ་ཆའི་མིང་ཙམ་ཡང་ཤེས་ཀྱི་མ་རེད། ཁོས་སྲིད་པ་རྒྱུ་ཀྱི་ཁ་བྱང་ཆེན་མོ་ཟེར་མོད། ངས་ཁོ་ལ་དེ་འདྲ་གཞི་མ་གྲུབ་ཟེར་ན་ཁོང་གི་ཅི་ལན་འདེབས། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཟེར་བ་རེད། བྱིས་པ་འཛིན་གྲྭ་དང་པོ་ཅན།
སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། སྤེ་ནེ་གུ་དང༌། འབེ་ཤོད་གྲམ་དང༌། ལྟ་རུ་བསེ་ཡག་དང༌། བུ་སྔུན་ཁྲ་འཛིན་དང་བཞི་ཡིས། རྗེ་ལ་བཟློག་པའི་རྐོ་ལོང་ལང༌། (རྗེ་སྟེ་རྒྱལ་བོ་ལ་བཟློག་པའི་རྐོ་ལོང་ལང་བ་སྟེ། རྒྱལ་བོ་ལ་ངོ་ལོག་བྱས་པ་ན། རྒྱལ་བོས་འོག་ཏུ་བཀོད་པའི་གདན་དཀར་དང་། རྔ་གཤང་ཕྲུག་གི་ན་བཟའ་སོགས་རྫོང་བ་བྱིན་ནས། གྲུ་ལ་བཞག་ཏེ་ཐག་རིང་ཏུ་རྒྱང་ཕུད་བཏང་པ་) བསེ་ཡི་འདན་དཀར་དང༌། རྔ་གཤང་ཕྲུག་ཅིག་བརྫང་སྟེ། གྲུ་ནང་དུ་བཅུག་ནས་ཡར་ཆབ་གཞུང་ལ་བསྐྱོན་ཏེ་བཏང༌། (མདའ་རྒྱང་གང་ཙམ་སོང་བ་ན། སྤེ་ནེ་གུའི་བསེའ་ཡི་གདན་དཀར་སྟེང་དུ་བུས་མོ་བཙུགས་ནས་ལྷ་ལ་གསོལ་བ་བཏབ་ནས་དམོད་བོར་བས། ཡར་ཆབ་གཙང་པོ་གྱེན་དུ་ལོག་ནས། བོད་རྒྱལ་ཁམས་ཡོངས་སུ་རྫོགས་པ་ཆུས་གང་བར་བྱས་པ་སྟེ་ཆུས་བསྣུབས་བྱས་པའི་དོན་ལ་འོག་གི་ལུང་འདི་བྱུང་)འབེན་གང་ཙམ་དུ་སླེབས་པ་དང༌། སྤེ་ནེ་གུའི་བསེའ་ཡི་འདན་དཀར་བཙུག་སྟེ་ལྷ་ལ་བོས། བཙད་པོ་རྗེ་ལ་དབུ་ཡོག་དེད་པས། ཡར་ཆབ་ཙང་པོ་གྱེན་དུ་ལོག རྒྱལ་ཁམས་ཆུའི་གང་བར་བྱས། ༽
ཡང་ལ་སྟོད་བུ། ད་ངས་ཁྱོད་ཀྱི་ལུང་དོན་ཡོངས་སུ་རྫོགས་པ་བཀྲལ་ཡོད། ངས་ཁྱོད་ཀྱི་ལུང་དྲང་ན་དེ་ཡོད་པ་མ་རེད་དང་། དེ་བན་དེ་ཚོས་བཟོས་པ་རེད་ཟེར་མེད་ད། ཁྱོད་ཚོ་ལ་ཁྱོད་ཚོའི་ལུང་དྲང་ན་ཡང་དེ་བན་དེ་ཚོས་བཟོས་པ་རེད་ཟེར། ད་ཅུང་ཟད་འགོར་ན་འདི་ཚོས་བོན་པོའི་བཀའ་བསྟན་ཚང་མ་བན་དེ་ཚོས་བཟོས་པ་རེད་ཟེར་བའི་ཉེན་ཁ་འདུག དེ་རིང་ཉིན་གུང་བར་དུ་ངས་ཁྱོད་ཚོ་ལ་ཁ་རྩོད་རྒྱག་རྒྱུ་ཡིན། དེ་ནས་ང་ཕྱི་ལ་འགྲོ་རྒྱུ། ཡོད་ན་ཚུར་ཐོན་ཤོག་འ།
ཁ་བརྡ་ཚང་ལགས། ཉེ་ས྄ྔོན་ལྷ་སྲས་དར་མའི་སྐོར་ལས་འཕྲོས་ཏེ་བན་བོན་གྱི་སྐོར་སོགས་ལ་མང་པོ་ཞིག་བཤད་པའི་མཐར་ཁ་བརྡ་ཚང་ནས་མཆན་བུ་འགོད་ར྄ྒ྄ྱུ་བཀག་སོང༌། འོན་ཀྱང་༼ཆེས་ཕམ་དུས་ཀྱི་སྐད་ཆའི་ཚོམ་བུ་༽ཞེས་པར་སླར་ཡང༌།
གཞོན་ནུ་ཟླ་མེད་དང༌། གཅན་བཟོད་རྒྱམ། ཨ་ནུ་ཐང་བསོད་ནམས། སྤོབས་པ་མཐའ་ཡས་ལས་སོགས་ཀྱིས་བན་བོན་གྱི་དབར་ལ་ཆེས་དབྱེན་དཀྲུགས་ཀྱི་ཚད་མེད་པའི་སྐད་ཆ་ཞིག་བཤད་ཡོང་གི་འདུག
ད་ཁྱེད་ནས་གུས་པར་འདི་བྱ་འདི་བྱེད་ཀྱི་བཀའ་ལན་ཞིག་གནང་རོགས། དེ་ལ྄ྷན་ནས་འདིར་འདི་ལྟ་བུའི་སྐད་ཆ་བཤད་ཆོག་ན་ངས་ཁོ་ཚོར་དགག་པ་རྒྱབ་རྒྱུ་ཡིན།
དེ་ལྷན་ནས་མཆན་དེ་དག་བསུབ་ཅིང་སླར་དགག་པ་རྒྱབ་མི་ཆོག་ཅེས་གསུང་ན་ངས་ཀྱང་འདིར་དེའི་རིགས་འབྲི་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན།
ངེས་པར་དུ་ཁ་བརྡ་དྲྭ་རྒྱའི་དབང་འཛིན་པ་རྣམས་ནས་གུས་པར་བཀའ་ལན་ཞིག་གནང་རོགས། འདི་ནི་ངས་ཁྱེད་རྣམས་ཀྱི་ཁྲིམས་ལ་བརྩི་བཀུར་ཞུས་པའི་རྒྱུ་མཚན་ཡིན།
མཆན་འགོད་སའི་གནས་སོ་སོའི་དབང་གིས་བ྄ྱུང་བ་ཡིན་ནམ། དེ་མིན་ཁ྄ྱེད་ར྄ྣམས་ནས་འདི་རིགས་བཤད་མི་ཆོག་པའི་བཀའ་བཏང་ཟིན་པ་རེད།
འོན་ཀ྄ྱང་འདིར་ས྄ླར་ཡང་ཁ྄ྱི་ས྄ྤ྄ྱང་དེ་དག་གིས་ས྄ྐད་དུས་གཅིག་ཏུ་བས྄ྒ྄ྲོགས་ཏེ་ནམ་ལང་འདུག
དགོངས་པ་བཞེས་རོགས།
ཀ་ཡེ། ལ་སྟོད་བུ་ལགས། ངས་ནི་ནམ་ཆོས་རྒྱུད་དབར་ལ་དབྱེནདཀྲིག་ཟེར་བའི་སྐད་ཆའི་ཚིག་ཟུར་ཙམ་ཡང་གླེང་མ་མྱོང་། རྒྱལ་ལ་ཉོད་ཀྱིས་གླེང་སོང་ཟེར་ན་ནི་བྱ་ཐབས་ཟད། དེང་གི་དུས་སུ་གནས་གང་ལ་ཡང་དཔྱད་གཞིའི་གནས་ཞིག་དགོས་པ་རེད། དེ་བས་ཀྱང་དཔྱད་གཞིའི་གནས་དེ་ཡང་ཐོང་མོང་གི་དཔྱད་གཞིའི་གནས་ཙམ་ཡིན་དགོས་ལ། བྱེ་བྲག་པའི་གཞི་གང་ཞིག་ལ་ངས་ནི་དཔྱད་པ་གཏོང་མི་ཤེས་ལ་དཔྱད་འདོད་ནི་དེ་བས་ཀྱང་མེད་པས་དེ་ལྟར་མ་ཟེར་རིགས་ཀྱི་བུ། ཁྱོད་ལ་དཔྱོད་པའི་གཞི་གང་དེར་དཔྱད་པ་ཕྲ་མོས་གནད་ལ་ཐཔངས་པོ་རེ་བཤད་རྒྱུ་ཡོད་ན་ནི་དེར། དེ་མིན་ཚོད་ཚོད་ལ་རང་འདོད་གང་དྲན་དུ་སྨྲོས་ཏེ་དོན་མེད་མི་ལ་གཉོན་འཛུགས་མ་བྱེད་ཤིག་ཀྱེ།
དཀྲོགས་གཏམ་ཡིན་དང་མིན་ནི་དོན་དངོས་ལ་དབྱེ་ཞིབ་བྱོས་དང་ཤེས་པར་འགྱུར་རོ།།
དྲ་གྲོགས་གཞན་པ་ཚོར་ཅང་མི་བཤད གཅན་བཟོད་རྒྱམ་པས་དབྱེན་དཀྲིགས་ཅི་ཞིག་བྱས་འདུག དོན་དུ་ཁྱོད་བཤད་རྒྻྱུས་ཕོངས་བ་མ་ཡིན་ནམ། གཅན་བཟོད་རྒྱམ་མིང་ཅན་གྱིས་དབྱེན་དཀྲིགས་ཀྱི་ཚིག་ཅི་ཞིག་སྨྲོས་འདུག་ཤོད་དང་། དྲ་གྲོགས་གཞན་ཚོས་ཁྱོས་བཙིར་ཏག་གཏོང་རྒྱུ་མང་དྲག་པ་མིན་ནམ། བཤད་རྒྱུས་ཕོངས་པ་ཡིན་ན་དེར་ཟད། དེ་མིན་གང་འདོད་ཀྱི་གཏམ་མ་སྨྲ་ཤིག་ཀྱེ། ལ་སྟོད་པ་ལགས།
སེམས་ཀྱི་ཕྱི་ནང་གཅིག་པའི་སྤུན་ཟླ་ཚོ།།
བསམ་ཚུལ་མི་མཐུན་གླེང་འདོད་ཡོད་དུས་སུ།།
ཁོག་རྒྱ་ཆེ་ཙམ་གནོངས་དེ་ཕན་ཚུན་ལ།།
རིགས་ཀྱི་འདུ་ཤེས་ཟབ་མོའི་སྙིང་བསྐྱོར་ནས།།
བགྲོ་གླེང་ལྷུག་པོར་བྱོས་ཤིག་བདག་གི་རེ།།
xxxxx
xxxxx
xxxxx
དགོངས་དག་ཞུ། མདང་དགོང་ཆང་གིས་བཟི་ནས་ཕྱིར་ནང་དུ་ཡོང་དུས་ལ་སྟོད་བུ་ཡི་མཆན་བུ་དེ་མཐོང་བ་རེད། དེ་ནས་དེར་གསལ་བཤད་ཚིག་གསུམ་ཞུས་པའི་ཁུལ་ཡིན་ཏེ། ད་ནངས་ཞོགས་པར་ལྟ་དུས་ཡི་གེ་མང་པོ་ཞིག་གཏགས་ནོར་ཐེབས་འདུག ཀློག་མཁན་ཚོར་དགོངས་དག་ཞུ།
རྡོར་དབང་དང་ཁ་བརྡར་ངའི་རྩོམ ཞིག་བསྐུར་ཡོད།
xxxx
ཡང་ནད་རྙིང་ཞིག་གི་དབུ་བཙུགས་འདུག ཡུལ་གཅིག་པའི་གྲོགས་པོ་སྤོབས་པ་ལགས། ད་མཚམས་འཇོག་བྱས་ན་མི་ལེགས་སམ། ནང་གཏམ་ཡིན་ད
གོང་དུ་མཆན་འདེབས་མཁན་ཚོར་ཁ་བརྡས་ཚིག་འགའ་ཞུ་གི་ཡིན།
དང་པོ།
གོང་གི་མཆན་འགའ་བསུབ་པ་མ་ཟད་མཆན་རྒྱག་མཁན་འགའ་ཡང་གནས་སྐབས་རིང་བཀག་ཡོད།
གཉིས་པ།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གསུམ།
བགྲོ་གླེང་དེ་ཆོས་ལུགས་དབྱེན་དཀྲུགས་ཀྱི་གཞི་རུ་གྱུར་ན། དེ་ལ་ཁ་བརྡས་དགའ་བསུ་མི་ཞུ།
དེའི་རིགས་ཀྱི་མཆན་དང་མཆན་རྒྱག་མཁན་གཉིས་ཀ་གཏན་འགོག་བྱེད་སྲིད།
བཞི།
གོང་དུ། སྤོབས་པ་མཐའ་ཡས་ལགས་ཤེས་རབ་དར་རྒྱས་ཟེར་མཁན་ཞིག་རེད་ལབ་མཁན་འགའ་ཤས་བྱུང་འདུག
སྤོབས་པ་མཐའ་ཡས་ལགས་ཤེས་རབ་དར་རྒྱས་མིན། འདི་ཡང་གསལ་བཤད་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
( གསལ་བཤད། གཤམ་གྱི་འཕྲིན་འདི་ནི་ཁ་སང་ཤེས་རབ་དར་རྒྱས་ནས་ཁ་བརྡའི་རྩོམ་སྒྲིག་པ་རབ་གསལ་ལགས་ལ་སྤྲིངས་པ་ཞིག་རེད། ཕྲན་ལའང་དཔར་བཤུས་ཤིག་བསྐུར་ནས་སླེབས་སོང་། ཕྲན་ལ་ཡི་གེ་འདིའི་པར་བཤུས་ཡོང་ཁུངས་ནི། ཁ་སྔོན་གཡག་ཟེར་བ་སོགས་དྲ་མྱུལ་བ་ཁ་ཤས་ཀྱིས་ཁ་བརྡ་དྲ་རྒྱའི་བརྒྱུད་ལམ་ནས་ཤེས་རབ་དར་རྒྱས་བོན་པོའི་བསྟན་པ་ལ་སྡང་ཟུག་ཆེ་རབས་སོགས་ངན་སྨྲས་བྱེད་གྱིན་པ་ཤེས་རབ་དར་རྒྱས་ལ་ཨི་མེལ་ལམ་ནས་བརྡ་ལན་སྤྲད་པ་ཡིན་པས། ཡིག་ལན་དང་ལྷན་གཤམ་གྱི་འཕྲིན་འདིའང་ཕྲན་ལ་སྤྲིངས་་འབྱོར་བྱུང་།
དེ་རིང་རབ་གསལ་གྱིས་གནང་བའི་དྲིས་ལན་དུ་ཤེས་དར་གྱི་འཕྲིན་འདི་ཁ་བརྡའི་མཆན་ཁོངས་སུ་ཡོད་ཅེས་གསུངས་འདུག ཡིནའང་། ཕྲན་ནས་ད་བར་མཆན་ཁོངས་སུ་འཕྲིན་འདི་བཀོད་ཡོད་པ་མ་མཐོང་བས་འདིར་དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་ཡིན། འབྲོང་ར་སྨུག་པོའམ་ རི་སྤྱང་ཁེར་འགྲོ་རུ་འབོད་པ་ནས། )
—————————————
ཁ་བརྡ་རྩོམ་སྒྲིག་པ་རབ་གསལ་ལགས་དང་ཁ་བརྡ་ཀློག་མཁན་རྣམས་ལ་སྤྲིངས་པ།
ཤེས་རབ་དར་རྒྱས།
ཉེ་ལམ་ནས་ཁོ་བོ་སྟེ་ཤེས་རབ་དར་རྒྱས་ཀྱི་མིང་འབྲེལ་རྩོམ་ཡིག་འགའ་ཞིག་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། དེ་ཙམ་དོ་སྣང་མ་བྱས། རྒྱུ་མཚན་ནི་གནས་ཚུལ་འདི་འདྲ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མ་དགའི་ཐོག་ནས་མང་པོ་ཡོང་དང་འབྱུང་བཞིན་པ་དེ་རེད། གནས་ཚུལ་གང་ལ་བསམས་ཀྱང་ཁོ་བོ་བོན་གྱི་བསྟན་པ་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ཁོ་བོའི་ཁ་ཞེ་མཐུན་པའི་གྲོགས་པོ་རྣམས་ལ་དྲིས་དང་གསལ་བོར་ཤེས་ངེས་ཡིན། སྤྱིར་ན་གནས་ཚུལ་འདི་ལྟ་བུ་བྱུང་བ་ན་རྩོམ་སྒྲིག་པ་རབ་གསལ་ལགས་ལ་འདྲི་རྒྱུ་གལ་ཆེ་ལ། དྲིས་དང་ཁོས་རྩོམ་ཡིག་དེ་དག་གི་ཡོང་ཁུངས་གསལ་བོར་ཤེས་ངེས་ཡིན་པར་མ་ཟད། ལན་དྲང་པོར་རྒྱག་དགོས་པ་ཡང་ཁོའི་ལས་འགན་ཡིན། དེར་མ་ཟད། སྤོབས་པ་མཐའ་ཡས་ཞེས་པ་དེས་ཀྱང་རང་ཉིད་ཀྱི་མིང་དངོས་སྨོས་ཏེ་སུ་ཡིན་མིན་གསལ་འདོན་བྱེད་མི་ཐུབ་ཀྱང་མི་ལ་ཁག་ངན་དཀྲིས་དུས། ཤེས་རབ་དར་རྒྱས་དང་སྤོབས་པ་མཐའ་ཡས་གཉིས་མི་གཅིག་ཡིན་མིན་ཙམ་ཞིག་མ་མཐར་ཡང་གསལ་བཤད་བྱེད་དགོས་པ་རེད། བོན་བསྟན་ལ་ཞེན་པ་དཀར་བའི་གྲོགས་པོ་རྣམས་ལ་སླར་ཡང་ཞུ་རྒྱུར། ཁོ་བོ་ཤེས་རབ་དར་རྒྱས་རྡ་སར་འཛིན་གྲྭ་ལྟ་བུ་ཞིག་ལ་སློབ་ཁྲིད་བྱས་ཏེ་བསྡད་ཡོད་ལ། སློབ་ཚན་གྲ་སྒྲིག་དང་དཔེ་ཀློག་ཕྲན་བུ་རེ་ལ་མགོ་འཁོར་ཏེ་དྲ་རྒྱ་སོགས་ཀློག་ཙམ་ཡང་མ་བྱས་པར་དུས་རིང་འགོར་སོང་། མཐའ་བསྡོམས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཁོ་བོ་ཤེས་རབ་དར་རྒྱས་མིན་ལ། ཁོ་བོ་ཤེས་རབ་དར་རྒྱས་གཞན་གྱིས་རྩོམ་སྐུལ་མ་བྱས་ན་རྩོམ་ཡིག་རང་འགུལ་གྱིས་སྤེལ་བའི་འདུན་པ་ཡང་མེད་པར་གྱུར་ཡོད། མ་གཞི་ནས་ཁོ་བོས་ཡག་པོ་ཞིག་འབྲི་ཡང་མི་ཤེས། གལ་ཏེ་བྲིས་པའི་དབང་དུ་བཏང་ན། བོད་ཡིག་ཀློག་མཁན་ལ་སྤྲོ་སྣང་ཕྲན་བུ་ཡིན་ཡང་སྤྲོད་ཨེ་ཐུབ་ཀྱི་རེ་བ་བྱེད་མཁན་ཞིག་དང་ཤུགས་རྒྱག་མཁན་ཞིག་ཡིན་སྙམ་ཡོད། འདི་ནི་དགོས་དབང་གིས་འབྲི་དགོས་བྱུང་སོང་ལ། རྩོམ་སྒྲིག་པས་ཀྱང་དྲ་ཐོག་ཏུ་འགོད་པའི་རེ་བ་ཡོད་པར་མ་ཟད། སྤོབས་པ་མཐའ་ཡས་ཟེར་བའི་རྩོམ་ཡིག་གི་ཡོང་ཁུངས་ཀྱང་གསལ་བཤད་བྱ་དགོས་ངེས་རེད། ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། གསལ་བཤད་འདིས་བོན་བསྟན་ལ་ཞེན་པ་དཀར་བ་དག་གི་ཐུགས་དོགས་གཙང་བསལ་ཐུབ་པའི་རེ་བ་ཡོད་ཅིང་། ཁོ་བོ་རྩོད་པ་རྩོད་ལན་ལ་མགོ་འཁོར་མེད་པའང་མཁྱེན་འཚལ།
xxxxxxx
xxxxxx
འབྲོར་རྭ་སྨུག་པོ་ལགས།
དེ་རིང་ཁྱེད་ལ་དྲིས་ལན་གནང་མཁན་དེ་རབ་གསལ་ལགས་མིན།
དེ་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ཡིན།
ཤེས་རབ་དར་རྒྱས་ཀྱི་གསལ་བཤད་དེ་ཁ་བརྡའི་མཆན་གྱི་ཁོངས་སུ་ཡོད།
ཁུངས་སྣེ་འདི་ཡིན། http://www.khabdha.org/?p=10958 འདི་ནས་གཟིགས་རོགས།
༡༤༽ ཤེས་རབ་དར་རྒྱས་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༦ གི་ཆུ་ཚོད་ ༨ སྐར་མ་ ༡༠
ཁ་བརྡ་རྩོམ་སྒྲིག་པ་རབ་གསལ་ལགས་དང་ཁ་བརྡ་ཀློག་མཁན་རྣམས་ལ་སྤྲིངས་པ།
ཤེས་རབ་དར་རྒྱས།
ཉེ་ལམ་ནས་ཁོ་བོ་སྟེ་ཤེས་རབ་དར་རྒྱས་ཀྱི་མིང་འབྲེལ་རྩོམ་ཡིག་འགའ་ཞིག་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། དེ་ཙམ་དོ་སྣང་མ་བྱས། རྒྱུ་མཚན་ནི་གནས་ཚུལ་འདི་འདྲ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མ་དགའི་ཐོག་ནས་མང་པོ་ཡོང་དང་འབྱུང་བཞིན་པ་དེ་རེད། གནས་ཚུལ་གང་ལ་བསམས་ཀྱང་ཁོ་བོ་བོན་གྱི་བསྟན་པ་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ཁོ་བོའི་ཁ་ཞེ་མཐུན་པའི་གྲོགས་པོ་རྣམས་ལ་དྲིས་དང་གསལ་བོར་ཤེས་ངེས་ཡིན། སྤྱིར་ན་གནས་ཚུལ་འདི་ལྟ་བུ་བྱུང་བ་ན་རྩོམ་སྒྲིག་པ་རབ་གསལ་ལགས་ལ་འདྲི་རྒྱུ་གལ་ཆེ་ལ། དྲིས་དང་ཁོས་རྩོམ་ཡིག་དེ་དག་གི་ཡོང་ཁུངས་གསལ་བོར་ཤེས་ངེས་ཡིན་པར་མ་ཟད། ལན་དྲང་པོར་རྒྱག་དགོས་པ་ཡང་ཁོའི་ལས་འགན་ཡིན། དེར་མ་ཟད། སྤོབས་པ་མཐའ་ཡས་ཞེས་པ་དེས་ཀྱང་རང་ཉིད་ཀྱི་མིང་དངོས་སྨོས་ཏེ་སུ་ཡིན་མིན་གསལ་འདོན་བྱེད་མི་ཐུབ་ཀྱང་མི་ལ་ཁག་ངན་དཀྲིས་དུས། ཤེས་རབ་དར་རྒྱས་དང་སྤོབས་པ་མཐའ་ཡས་གཉིས་མི་གཅིག་ཡིན་མིན་ཙམ་ཞིག་མ་མཐར་ཡང་གསལ་བཤད་བྱེད་དགོས་པ་རེད། བོན་བསྟན་ལ་ཞེན་པ་དཀར་བའི་གྲོགས་པོ་རྣམས་ལ་སླར་ཡང་ཞུ་རྒྱུར། ཁོ་བོ་ཤེས་རབ་དར་རྒྱས་རྡ་སར་འཛིན་གྲྭ་ལྟ་བུ་ཞིག་ལ་སློབ་ཁྲིད་བྱས་ཏེ་བསྡད་ཡོད་ལ། སློབ་ཚན་གྲ་སྒྲིག་དང་དཔེ་ཀློག་ཕྲན་བུ་རེ་ལ་མགོ་འཁོར་ཏེ་དྲ་རྒྱ་སོགས་ཀློག་ཙམ་ཡང་མ་བྱས་པར་དུས་རིང་འགོར་སོང་། མཐའ་བསྡོམས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཁོ་བོ་ཤེས་རབ་དར་རྒྱས་མིན་ལ། ཁོ་བོ་ཤེས་རབ་དར་རྒྱས་གཞན་གྱིས་རྩོམ་སྐུལ་མ་བྱས་ན་རྩོམ་ཡིག་རང་འགུལ་གྱིས་སྤེལ་བའི་འདུན་པ་ཡང་མེད་པར་གྱུར་ཡོད། མ་གཞི་ནས་ཁོ་བོས་ཡག་པོ་ཞིག་འབྲི་ཡང་མི་ཤེས། གལ་ཏེ་བྲིས་པའི་དབང་དུ་བཏང་ན། བོད་ཡིག་ཀློག་མཁན་ལ་སྤྲོ་སྣང་ཕྲན་བུ་ཡིན་ཡང་སྤྲོད་ཨེ་ཐུབ་ཀྱི་རེ་བ་བྱེད་མཁན་ཞིག་དང་ཤུགས་རྒྱག་མཁན་ཞིག་ཡིན་སྙམ་ཡོད། འདི་ནི་དགོས་དབང་གིས་འབྲི་དགོས་བྱུང་སོང་ལ། རྩོམ་སྒྲིག་པས་ཀྱང་དྲ་ཐོག་ཏུ་འགོད་པའི་རེ་བ་ཡོད་པར་མ་ཟད། སྤོབས་པ་མཐའ་ཡས་ཟེར་བའི་རྩོམ་ཡིག་གི་ཡོང་ཁུངས་ཀྱང་གསལ་བཤད་བྱ་དགོས་ངེས་རེད། ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། གསལ་བཤད་འདིས་བོན་བསྟན་ལ་ཞེན་པ་དཀར་བ་དག་གི་ཐུགས་དོགས་གཙང་བསལ་ཐུབ་པའི་རེ་བ་ཡོད་ཅིང་། ཁོ་བོ་རྩོད་པ་རྩོད་ལན་ལ་མགོ་འཁོར་མེད་པའང་མཁྱེན་འཚལ།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ང་ཚོས་ཚབ་ཆེན་ཞིག་བཤད་བཞག་པ་གང་ཡང་དྲན་གྱིན་མི་འདུག ང་ཚོས་ལོ་རྒྱུས་ནང་ལ་གང་བྱུང་མ་བྱུང་ལ་རྩོད་གླེང་རེ་བྱས་ཡོད། ལོ་རྒྱུས྄་ཀྱི་་སྟེང་དུ་མི་ཞིག་གིས་བསག་པའི་སྡིག་པ་དེ་ང་ཚོས་འཁུར་ནི་དགོས་རྒྱུ་མ་རེད། སུས་སུ་ལ་ཕོག་ཐུག་བཏང་ཡོད་རྒྱུ་རེད་བསམ་ན་སེམས་ཀྱི་ཟུར་ན་ཡང་མེད། ངས་ནི་བསམ་བློ་དེ་འདྲ་ཞིག་འཁུར་ནས་སྐད་ཆ་བཤད་ཡོད། གལ་སྲིད་སུའི་ཐུགས་ལ་གནོད་སོང་ན་སྙིང་ཐག་པ་ནས་འགྱོད་བཤགས་ཞུ།
ཁ་བརྡ་ཚང་གི་རྩོམ་སྒྲིག་ཚོགས་ཆུང་ལགས། ངས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལ་བསྐུར་བའི་རྩོམ་ཡིག་དེ་ད་དུང་བཀོད་མ་སོང་། མཆན་བུར་བཀོད་དེ་རེ་བ་ཞུས་པ་ཡང་བཀོད་མ་སོང་། དགེ་རབ་མེད་ན་ད་ངའི་རྩོམ་ཡིག་དྲ་ཐོག་ལ་འཇོག་མཁན་ཀྱང་མི་འདུག སྐྱོ་བ་ལ། ཏག་ཏག་ཉི་མ་ཧྲིལ་བོ་གཅིག་འགོར་ཐལ།
རི་བོང་ཞིག་རྩྭ་ཟ་བཞིན་ཆུ་ཁ་ཞིག་ཏུ་སླེབས། གདོང་ལོ་སྐམ་པོ་ཞིག་ཆུ་ནང་དུ་ཟགས་པ་(ཅལ)སྒྲ་གྲགས། རི་བོང་ཞེད་ཐག་ཆོད་ནས་འདྲོགས། དངངས་འཚབ་ཀྱིས་བྲོས། དེར་མཐུད་ཅལ་སླེབས་སོང་ཞེས་བསྒྲགས་བཞིན་བྲོས། རི་དྭགས་སྐྲག་ཤོར་ཚོ་གཅིག་རྗེས་གཅིག་ལ་འདྲོགས་ནས་བྲོས། ཅལ་སླེབས་སོང་ཅེས་སྐད་སྒྲ་སྒྲོག་བཞིན་བྲོས། བྲོས་བྲོས་བའི་མཐར་རི་འདབས་སུ་སླེབས། ཨ་ཁུ་འབྲོང་དང་ཕྲད། འབྲོང་གིས་ཁྱོད་ཚོ་ཅིའི་ཕྱིར་འབྲོ་ཅེས་དྲིས། ཚང་མས་ཁ་གཅིག་གྲགས་ཀྱིས་ཅལ་སླེབས་སོང་ཟེར། ཅལ་ཟེར་བ་དེ་ག་འདྲ་ཞིག་འདུག་དྲིས་པས་སུ་ལ་ཡང་བཤད་ཀྱི་མེད་པར་ཕར་བལྟ་ཚུར་བལྟ་བྱས། ཡང་གཅིག་གི་གཅིག་གིས་བཤད་སོང་ཟེར་ནས་གཅིག་རེ་གཅིག་རེ་དྲིས་པ་ན། མཐར་རི་བོང་ལ་ཐུག རི་བོང་ནས་ངས་མཐོང་མ་སོང་མོད། ཡིན་ན་ཡང་ཅལ་ཟེར་བ་འདྲ་ཞིག་གོ་སོང་ཟེར། དེ་ནས་འབྲོང་གིས་ང་ཚོ་བལྟ་རུ་འགྲོ་ཟེར་ནས་གཅིག་རྗེས་གཅིག་ལ་མཐུད་ནས་བལྟ་རུ་སོང་། ཆུས་ཁར་སླེབས་པ་ན་ཅལ་རྩ་ནས་མ་རྙེད། མཐར་ལོ་མ་ལྷུང་ནས་ཅལ་སྒྲ་སྒྲོག་བཞིན་པ་ཐོས་པས། ཅལ་ནི་ལོ་མ་ལྷུང་བའི་སྒྲ་ཡིན་པ་གཞི་ནས་ཤེས། ཚང་མས་བརྟག་དཔྱད་མེད་པར་རི་བོང་གི་ཁ་ལ་བལྟས་ནས་འདྲོགས། རི་བོང་ཅལ་སྒྲ་ཙམ་ལ་འདྲོགས་ལངས་ནས་རི་ལུང་དཀྲུགས་པས། (རི་བོང་ཅལ་འདྲོགས) ཞེས་བཏགས།།
གཅན་བཟོད་རྒྱམ་ལགས།
གོང་གི་ཁྱེད་ཀྱི་སྙན་རྩོམ་དེ་ཁ་བརྡའི་གློག་འཕྲིན་(info@khabdha.org)སྒང་ལ་འབྱོར་མི་འདུག
དེར་བརྟེན། པར་དེ་ང་ཚོས་འགོད་ཐབས་མེད།
རྗེས་ཕྱོགས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལ་བསྐུར་ན།
གློག་འཕྲིན་ཁ་བྱང་།
info@khabdha.org
khabdha@gmail.com
གཉིས་ཀྱི་གང་རུང་ལ་བསྐུར་ན་འགྲིག
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
གཡུ་འབྲུག་དཀར་པོ་ལགས།
༼པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདང་སྟེང་དུ། །བོན་སྟོན་གཡུང་དྲུང་གཤེན་རབ་བཞུགས་སུ་གསོལ། །ཟེར་བ་ཞིག་ཡོད་ཚུལ་ཐོས་ཀྱང་། ཐོས་པ་ཙམ་ལས་དངོས་སུ་མཐོང་མ་མྱོང་། དེ་འདྲ་ཞིག་ཡོད་པ་ཨེ་བདེན། བདེན་ན་དེའི་གོ་དོན་གང་ཡིན། དམུ་ཐག་བུ་བརྒྱུད་དང་ལ་སྟོད་ཀྱིས་གསུངས་རོགས།༽
ཁྱེད་ཀྱིས་ང་ལ་དེ་ཡི་སྐོར་ཤེས་རྟོགས་ཡོད་མེད་ཀྱིས་དྲི་བ་དྲིས་པར།
དེ་འདྲའི་ལུང་ཚིག་གཅིག་བོན་གྱི་ཆོག་གཞུང་དང་ལོ་རྒྱུས་སོགས་སུ་ནམ་ཡང་མ་གོ། བོན་པོས་ནམ་ཡང་བོན་སྟོན་གཡུང་དྲུང་གཤེན་རབ་ཞེས་བཤད་སྲོལ་མེད། མ་ཟད་ཤཱཀ་ཐུབ་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྤྲུལ་པ་ཞིག་ཡིན་པར་གསུངས་ཡོད་པས་དེ་འདྲ་ནམ་ཡང་ཡོད་མི་སྲིད།
༼དེ་ལྟར་བསམ་དགོས་དོན་ཡང་། རེབ་གོང་དྲ་བའི་སྟེང་དུ་བན་དེའི་མཁན་སློབ་ཆོས་གསུམ་གྱི་ནང་གསེས་མཁན་ཆེན་ཞི་བ་འཚོ་ནི། བོད་རིགས་ཡིན་པ་དང་། བན་བོན་གྱི་དབར་དབྱེན་དཀྲུགས་བྱེད་མཁན་ཡང་ཡིན་ཚུལ་ཞིག་བརྗོད་པ་མཐོང་བས་རེད།༽
མཁན་ཆེན་ཞི་བ་འཚོའི་སྐོར་ལ་བོན་པོས་ཇི་ལྟར་ལྟ་ཚུལ་ཞིག་འཇུ་མི་ཕམ་པས་མཛད་པའི་༼དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་༽ཞེས་པ། ༼ཝར་ན་མཐོ་སློབ་སྔ་འགྱུར་རྙིང་མའི་བདེ་དོན་ལྷ་ཁང་༽ནས་1999པར་དུ་སྐྲུན་པའི་དེབ་ཀྱི་ལྡེབ་གྲངས་204་ལས་གསལ་པར་བྲིས་འདུག དེར་གཟིགས་རོགས།
ཁོང་གིས་བོད་ན་མུ་སྟེགས་དངོས་སུ་མེད་ཀྱང་བན་དེ་བོན་པོ། ལར་རྒྱ་གར་ན་ཕྱི་བ་ནང་པ། ་ རྒྱ་ནག་ན་ཧཱ་ཤང་ཧཱོ་ཤང་ཞེས་ཟུང་དུ་བྱུང་བའང་རྟེན་འབྲེལ་གྱིས་ཡིན་པར་གསུངས་སོ། ཞེས་ཁ་སྔོན་འཇམ་དཔལ་རྣོན་པོས་བཤད་པ་ལྟར་རེད།
ད་འདི་འདྲ་བྲིས་ན་རྫོགས་ཐབས་མི་འདུག་ ད་དུང་དེ་ལས་འཕྲོས་ཏེ་བཤད་ན།
སྟག་ཚང་ལོ་ཙཱ་བས་མཛད་པའི། གྲུབ་མཐའ་ཀུན་ཤེས་ཀྱི་འགྲེལ་བ་ཝར་ནའི་མཐོ་སློབ་ས་སྐྱའི་བདེ་དོན་ལྷན་ཁང་ནས་པར་དུ་སྐྲུན་པའི་དེབ་ཀྱི་ལྡེབ་གྲངས་68་ལས་ བོན་པོར་ལྟ་ཚུལ་དང་ཕྱི་ནང་གི་ཁྱད་པར་སོགས་ཡོད་འདུག་དེར་གཟིགས
ད་དུང་དེ་ཡིས་ག་ལ་ཚད།་ འཇམ་དབྱངས་བཞད་པས་མཛད་པའི་༼གྲུབ་མཐའི་རྣམ་བཤད་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་
མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚོ་སྐྱེ་
རྒུའི་རེ་བ་ཀུན་སྐོང་ཞེས་བྱ་བ་བཞུགས་སོ། ༽ དེར་གཟིགས་དང༌། སྟག་ཚང་པ་ལ་དགག་ཚུལ་གྱིས་༼དེས་ན་སྟག་ཚང་པས་བོན་པོས་མ་ངེས་ཟེར་བ་ཡང་མི་འཐད་དེ། སངས་རྒྱས་པ་ལས་ཕྱི་རོལ་དུ་གྱུར་པས་ཕྱི་རོལ་པ་ཡིན་ཡང༌། ༽
ཞེས་སོགས་མང་པོ་ཞིག་བྲིས་འདུག ད་དུང་མང་པོ་འདུག་ང་ལ་ཁོམས་པ་ཞེ་དྲགས་མི་འདུག་དགོངས་པ་མ་ཚོམས།
བྱུང་ན་ང་ཚོས་ཕྱི་ནང་གི་གྲུབ་མཐའ་ངོས་འཛིན་ཚུལ་སོགས་ཀྱིས་མཚོན་པའི་ཕྱི་ནང་གཉིས་ཀྱི་ཁྱད་པར་སོགས་ལ་གྲོགས་གླེང་འདྲ་བྱེད་ཐུབ་ན་དགེ་མཚན་ཆེན་པོ་མཐོང་གི་འདུག ཁྱེད་རང་ཚོ་བོན་པོའི་གྲུབ་མཐའ་དང་བོན་གྱི་རྣམ་བཞག་སོགས་ལ་གཟིགས་རྒྱ་ཆེ་ཙམ་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་འདུག་དྲན། ངོས་ནས་ཆོས་རྒྱུད་བཞི་ཀའི་དཔེ་གཞུང་སོགས་ལ་མི་དམན་པ་ཞིག་ལྟ་རྒྱུའི་གོ་སྐབས་བྱུང་ནས་ད་ལྟ་ཁྱེད་རྣམས་ལ་ཁྲ་ལམ་མེར་འབུལ་རྒྱུ་བྱུང་བ་འདི་ང་རང་ལ་ང་རང་གིས་སྤོབས་པ་སྐྱེ་ཡོང་གི་འདུག ང་ཚོ་ངེས་པར་དུ་གཟིགས་རྒྱ་ཆེ་ཙམ་རེ་དང༌། དགོངས་པ་རྒྱ་ཆེ་ཙམ་རེ་བཞེས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་ངོ། གཞི་ནས་དགག་བཞག་གི་བྱ་བར་འཇུག་ནའང་བྲོ་བ་ཡང་འདྲ་གི་མི་འདུག བོད་ཀྱི་གཏམ་དཔེ་ལའང་། ཕ་རོལ་འདོད་པ་ཧ་མ་གོ་བར། དགག་པའི་ཉི་མ་ཅི་ལ་འཆར། ཅེས་བཤད་སྲོལ་ཞིག་ཡོད་རེད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལགས། ཁྱེད་ཚོ་བདེན་པ་ཡིན། ངས་བསྐུར་ས་དེ་ནམ་མཁའ་ཞེས་པའི་མཚན་ཐོག་ཏི་བསྐུར་བ་ཡིན། ཁ་བྱང་འདིའི་ཐོག་ཏུ་ཡིན།
amchod92(at)googlemail.com
རྗེས་མ་ནས་ཁྱེད་རྩོམ་སྒྲིག་ཚོགས་ཆུང་གི་ཁ་བྱང་ཐོབ་ཏུ་སྐུར་ངེས་ཡིན། ཐུགས་རྗེ་ཆེ་ཞུ།
ཨ་ནུ་ཐང་བསོད་ནམས་ལགས།
༼ལ་སྟོད་བུ་ལགས།
ང་ལ་དྲི་བ་ཞིག་ཡོད། འཇང་གི་གཏོ་ལུགས་ཀྱི་སྟོན་པ་གཤེན་རབ་དང་བོན་གྱི་སྟོན་པ་གཤེན་རབ་གཉིས་གཅིག་པ་རེད་དམ། མདོར་ན་ཏོག་ལུགས་དང་བོན་གཉིས་གཅིག་པ་རེད་དམ་ཐ་དད་རེད། ངས་དངོས་གནས་གསལ་བོ་མི་ཤེས། དེའི་སྐོར་ལ་གསལ་ཆ་ཡོད་ཚེ་ཅུང་ཙམ་གསུངས་བའི་རེ་བ་ཡོད། ཐུགས་རྗེ་ཆེ།༽
བོན་དང་གཏོ་པའི་ཆོས་ལུགས་གཉིས་དབར་ལ་ཁྱད་པར་ཆེན་པོ་ཡོད་འདུག
འོན་ཀྱང་མེ་ཆུ་ནང་བཞིན་ཀྱང་མ་རེད། འབྲེལ་བ་ཞིག་གཏན་གཏན་འདུག
ཁྱེད་རང་དེ་ཡི་སྐོར་ལ་མང་ཙམ་མཁྱེན་འདོད་ཡོད་ན། ༼བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས་ཀྱི་ཁྱད་ཆོས་དཔྱད་བསྡུར།༽་ཅེས་པའི་དེབ་ཅིག་ལྷག་པ་ཚེ་རིང་གིས་བརྩམས་པ། མི་རིགས་དཔེ་སྐྲུན་ཁང་གི་པར་དུ་སྐྲུན་པ། ཕྱི་ལོ་2003་ལོར་བོད་ནས་ཐོན་པ་ཞིག་འདུག་པས་དེར་གཟིགས་དང་རྒྱས་མཚམས་འདུག ང་ལ་ཁོམས་པ་འདྲ་ཡོད་ན་ཁྱེད་ལ་གཙོ་གནད་ཆེ་བ་ཁག་ཅིག་རྗེས་སུ་ཞུ་ཆོག
ལ་སྟོད་བུ་ལགས། ཁྱེད་ཀྱིས་ངའི་ལན་གསུངས་པར་ཐུགས་རྗེ་ཆེ་ཞུས། དེ་སྔོན་ཡང་ངས་ངའི་ལུང་པར་བོན་ཟེར་བ་དེ་འདྲ་ཞིག་ཡོད་པས། ཁྱེད་ཀྱིས་གསུངས་པའི་བོན་དང་གཅིག་པ་ཡིན་མིན་ཞུས་པ་ཡིན་ན་ཡང་། ཁྱེད་ཀྱིས་ང་ལ་མི་ངན་གྱི་མིང་ཞིག་བཏགས་ནས་ངའི་དྲི་བར་ཁ་ཡ་གནང་མ་སོང་། དེ་རིང་ཡང་དེ་འདྲ་ཞིག་ལས་མི་ཡོང་སྙམ་ཡང་དེ་རིང་ནི་ཁྱེད་ཁ་སྔོན་གྱི་ལ་སྟོད་བུ་ལས་བསྒྱུར་བ་ཕྱིན་འདུག་པས་དགའ་པོ་བྱུང་།
ལ་སྟོད་བུ་དང་དམུ་ཐག་བུ་བརྒྱུད་གཉིས་ཀས། དྲི་བ་དང་པོའི་ལན་གསལ་པོར་གནང་སོང་ན་ཡང་། གཉིས་པའི་ལན་ནི་བོན་རྙིང་ལ་ཁ་གཡོགས་ནས་ལན་གསལ་པོ་ཞིག་གནང་མ་སོང་། དེ་བཞིན་བོན་པོ་ཚོས་ཞི་བ་འཚོ་ལ་དགའ་གི་མེད་པ་དེ་ནི་ཞི་བ་འཚོས་བོན་པོ་ལ་མ་དགའ་བས་ཡིན་ཚུལ་ཞིག་ཀྱང་གསུངས་སོང་། ངས་ནི་བོན་པོ་ཚོས་ཞི་བ་འཚོ་ལ་མ་དགའ་བའི་རྒྱུ་མཚན་དྲི་གི་མེད། བོན་པོ་ཚོས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་མེད་སྐོར་དྲི་གི་ཡོད། དགའ་མ་དགའ་དེ་སོ་སོའི་དབང་ཆ་རེད། ཡིན་ན་ཡང་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཆོག་གི་མ་རེད། ལོ་རྒྱུས་ལ་འཁྱོག་བཤད་བྱས་མེད་ཟེར་ན་གཤམ་གྱི་དེ་གཟིགས་རོགས།
དུས་དེ་ཙམ་ན། དབུས་ཀྱི་ལྷ་ས་བྱ་བར་མི་སྡེ་ཞིག་ཅི་བྱ་བར་མ་བཏུབ་སྟེ། སྤེ་ནེ་གུ་བྱ་བའི་མོ་མ་ཞིག་ལ་མོ་བཏབ་པས། ཁྱེད་ཀྱི་མི་སྡེ་ཕུང་བ་ནི་སུས་ཀྱང་མ་ལན་ཏེ། ཕ་མེད་པའི་བུ་ཞིག་ཡོད་པ་དེའི་ནལ་སྣ་ཟུག་པ་ཡིན་ཟེར་རོ། དེ་གང་ཡིན་བྱས་པས། ཁྱེའུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ལྕག་སྣ་བཙུགས་ནས་འདི་ཡིན་ཟེར་རོ། དེ་ལ་ཅིས་ཕན་དྲིས་པས། བོན་པོ་རུས་སྣ་མི་འདྲ་བ་བཅོ་ལྔས་སེལ་ཆེན་ཞིག་གྱིས་ལ། ནལ་བུ་གླང་ཁམ་པ་ཞིག་ལ་བསྐྱོན་ལ། ཁ་ནུབ་ཏུ་སྟོན་ལ་སྐད་རིགས་མི་གཅིག་པའི་ཡུལ་དུ་སྤྱུགས་ན་ཕན་ཟེར་ནས། ཁ་ཆེ་བྱེ་བྲག་སྨྲ་བའི་ཡུལ་དུ་སྤྱུགས་སོ། ཁྱེའུ་ཡང་ལས་འཕྲོ་ཅན་ཞིག་བྱུང་སྟེ། རྒྱ་གར་གྱི་ཡུལ་དུ་ཆོས་བསླབ་ནས། ལོ་ཙཱ་བ་བཟང་པོ་ཞིག་བྱུང་ནས། མིང་ཡང་བྷོ་ཏི་ས་ཏྭར་བཏགས་སོ། ཁོ་སྤྱུགས་པའི་རྐྱེན་མོ་མ་བོན་པོས་བྱས་པས། རྒྱལ་བློན་གྱི་བར་དུ་ཕྲ་མ་གསོལ་བ། བོན་སྣུབས་ལ་ཆོས་མཛོད། བཀའ་ནི་དམ་པའི་ཆོས་བདེན། བོན་འདི་མངའ་ཐང་མཐོ་ན། རྒྱལ་སྲིད་དང་རྒྱལ་ཁམས་ཡོངས་ལ་གནོད་པ་མཆིས་པས། བོན་སྣུབས་དགོས་ཟེར་ཏེ་ཕྲིན་བརྫངས་སོ། རྒྱལ་པོས་ཕྲ་མ་ལ་མ་གསན་པར། འོ་ཉི་ཟླ་ཡང་སྣུབ་བམ། དུས་ལ་བབ་སྟེ་ནུབ་པ་སྲིད་པ་ལས། ཆེད་དུ་སྣུབ་ཏུ་མི་རུང་གསུངས། དུས་དེ་ཙམ་ན། ཉི་ཟླའི་འོད་ཀྱང་ཤི་བ་ཞིག་བྱུང་། མོན་གྱི་རྒྱལ་པོ་པན་ར་ལིང་གི་རྨི་ལྟས་སུ། གསེར་གྱི་ཉི་མ་སྟོང་གསུམ་ཡོངས་ལ་དྲོ་བ་ཞིག་ཤར་བས། སའི་གཏིང་དུ་ནུབ་པ་ཞིག་རྨིས་ནས། རྨི་ལམ་དེ་རྒྱལ་པོ་ཧ་ལ་ཡ་ག་ལ་བཤད། དེས་བློན་པོ་དེ་ཤི་དེ་ཙོ་ལ་བཤད། དེ་གཅིག་ནས་གཅིག་ཏུ་ཐོས་ནས་རྒྱལ་པོའི་སྙན་དུ་གསན་ནས། བོད་ཀྱི་རྒྱལ་པོའི་ཐུགས་དགོངས་ནས་སྨྲས་པ། ནལ་བུ་འདི་འདྲ་རྒྱལ་ཁམས་སུ་སྤྱུགས་པས། ཟམ་འཕྲང་དང་ལྷོ་བལ་གྱི་ཚད་པས་མ་ཤི་བར། རྒྱ་གར་གྱི་ཡུལ་དུ་ཆོས་བསླབ་ནས། མཁས་པར་གྱུར་ནས་བདག་ལ་ཕྲ་མ་གསོལ་ལུགས་སམ། བོན་སྐྱོང་རྒྱལ་པོ་བཀྲོངས་ལུགས་སམ། མོན་གྱི་རྒྱལ་པོའི་རྨི་ལྟས་འོངས་ལུགས་སམ། གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནུབ་ནུབ་འདྲ་གསུངས་ནས་བསྣུབས་སོ།
རྒྱས་པར་གཟིགས་འདོད་ན་འདིར་བསྣུན། http://www.rgbm123.com/forum/171/
ནོར་བཅོས།
མུ་ཐག་གི་བུ་རྒྱུད་ལགས།
དགོངས་དག གོང་གི་དྲི་བར་ཡིག་ནོར་ཆད་ལྷག་ཤོར་བས་གོ་རྒྱུ་ཁག་པས་ཡང་སྐྱར་འདྲི་རྒྱུ་ཡིན།
Daoism དང་གཏོ་ལུགས་གཉིས་ཉིད་ཀྱི་གཅིག་ཏུ་འདོད་དམ་ཐ་དད་དུ་འདོད། གཏོ་ལུགས་སམ་ཏྭའུ་ནི་Daoismནས་བྱུང་བ་འདོད་དམ།
སྤོབས་པ་མཐའ་ཡས་ལགས། བོན་དཀར་དང་བོན་ནག་ཟེར་བ་འདི་བྱེད་ལས་ཀྱི་ཆ་་ནས་འདོགས་མཁན་ཚོ་གཅིག་དང་ངས་ཞུས་ཟིན་པ་ལྟར་གསར་རྙིང་གི་ཆ་ནས་འདོགས་པ་གཉིས་ཡོད་པར་བརྟེན་འདི་གཉིས་གང་དུ་འདོད་དགོས་མིན་ཁོ་བོས་མི་ཤེས། གཅིག་ནས་བོན་པོ་རང་ལ་འདིའི་ས་མཚམས་ཤིག་མེད་པ་དང་། གཉིས་ནས་བན་དེའི་གཞུང་དུའང་འདིའི་དབྱེ་མཚམས་ཤིག་མེད་པས་རེད། ཁ་དོག་གི་ཆ་ནས་བཏགས་པ་འདིར་རྒྱུ་མཚན་གྱི་རྒྱབ་ལྗོངས་གཞན་ཞིག་ཡོད་པར་བརྟེན་ཚེ་ཏན་ཞབས་དྲུང་གིས་ཀྱང་བོ་གཙོ་དམིགས་ས་དེ་ལ་དམིགས་ནས་ཁ་གསལ་གཏིང་གསལ་གྱིས་གསུང་ཡོད་པ་རེད། བོན་གསལ་རྙིང་གཉིས་རྩ་བའི་ཁུངས་གཅིག་པ་རེད། གསར་མ་ཟེར་ན་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་གཤེན་དྲན་པ་ནམ་མཁའ་ནན་བན་བྱས་ཤིང་ཁོང་གིས་རྒྱལ་པོའི་ཁམས་དང་བསྟུན་ཏེ་པདྨ་འབྱུང་གནས་བརྩི་མཐོང་བྱས། དེའི་རྒྱུད་འཛིན་རིམ་པར་བྱུང་དེ་པདྨ་འབྱུང་གནས་བསྟེན་ཅིང་ཁོང་གིས་མཛད་པའི་གཞུང་ཉམས་སུ་ལེན་མཁན་ལ་བོན་གསར་མ་ཟེར་བ་རེད། བླ་རྒྱུད་ཁྲོད་མི་འདྲ་བ་འགའ་རེ་ཡོད་ཀྱང་ཕལ་ཆེ་བ་གཅིག་པ་རེད། བོན་གྱི་དབུ་མའི་གཞུང་དུ་རང་སྟོང་དང་གཞན་སྟོང་ཞེས་པའི་ཐ་སྙད་ཅིག་མེད་པར་བརྟེན་ཚད་ཅི་འདྲ་ཞིག་ལ་རང་སྟོང་དང་ཅི་འདྲ་ཞིག་ལ་གཞན་སྟོང་ཟེར་བ་ཁོ་བོས་མི་ཤེས། གོ་ཐོས་ལ་ཇོ་ནང་པས་གཞན་སྟོང་འདོད་པ་རེད་ཟེར། ཉིད་ཀྱིས་འདི་གཉིས་ཀྱིས་ཚད་ཅིག་གསུང་ཐུབ་ན་ངས་འགྲེལ་བཤད་རྒྱག་བདེ་བོ་ཡོང་ས་རེད། སྲོག་ཆགས་དམར་མཆོད་བྱེད་མི་ཆོག་པའི་ཁྲིམས་ཡོད་མོད་དེ་རྗེ་འབངས་ཚང་མར་ཁྱབ་པ་ཞིག་དང་དུས་དང་གནས་སྐབས་གང་ལའང་དམིགས་བསལ་མེད་པ་ཞིག་རེད་མི་འདོད། ལྷག་པར་དུའང་འདི་ལྟ་བུའི་མཛད་སྒོ་གལ་ཆེན་ཁག་ལ་དམིགས་བསལ་ཡོང་དགོས་པ་ཞིག་དང་དེས་མཛད་སྒོ་འདི་ཤིན་ཏུ་གཉེན་པ་བསྟན་ཐུབ་པའི་ཁྱད་པར་ཡང་ཡོད་པ་རེད། འདིའི་སྐོར་ལ་ཁོ་བོས་རིགས་འགྲེས་པ་ཙམ་ལས་ད་ལྟ་གཞུང་ལུགས་འདི་དང་འདི་ཞེས་པར་འབྲེལ་ཏེ་བཤད་ཐུབ་ཀྱི་མི་འདུག འོན་ཀྱང་གོ་སྐབས་འདྲ་བྱུང་ན་ལོ་རྒྱུས་ཀྱི་དཔེ་ཆར་བལྟས་ཏེ་ཉིད་ལ་བསམ་ཚུལ་གང་ཐུབ་འབུལ་ངེས་ཡིན། སྟོན་པ་གཤེན་རབ་མ་བྱུང་བའི་སྔོན་གྱི་བོན་ལ་བོན་ནག་དང་དེས་སྲོལ་བཏོད་པའི་བོན་ལ་བོད་དཀར་ཟེར་ན་འགྲིག་དང་མི་འགྲིག་ཐ་སྙད་འདོགས་མཁན་གྱིས་ལན་འདེབས་དགོས་པ་ཞིག་རེད་སྙམ། བོན་པོ་རང་གི་ཡིག་ཆ་ གང་ཞིག་ཏུའང་འདི་འདྲའི་ཐ་སྙད་ཅིག་མེད་པར་བརྟེན་བོན་པོའི་ངོས་ནས་ངོས་འཛིན་འདི་འདྲ་ཞིག་བྱེད་རྒྱུ་རེད་ཅེས་ཐག་མི་ཆོད།
གཡུ་འབྲུག་དཀར་པོ་ལགས། ངས་ཁྱོད་ལ་བོན་པོས་བྲིས་པའི་ལོ་རྒྱུས་ཡིག་ཆ་ཡིན་ན་དེའི་ནང་དུ་གང་བྲིས་པ་ཚང་མ་བདེན་པ་ཡིན་པའི་ཁྱབ་ཅེས་བཤད་མི་ཐུབ། རང་རེའི་ལོ་རྒྱུས་ཡིག་ཆ་ཚང་མ་དེ་བཞིན་རེད། འདི་ལ་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཕོག་རྒྱུ་ཡོད་ན་འུ་ཅག་བན་བོན་ཚང་མ་ཉེས་ཅན་རེད། ཁྱོད་ཀྱིས་དྲངས་པའི་ལོ་རྒྱུས་ཀྱི་དུམ་བུ་དེའི་ནང་དུ་ཁྱོད་ཀྱིས་བལྟས་ན་འཁྱོག་བཤད་བྱས་པ་ཡོད་ངེས་རེད། ལྷག་པར་དུ་ཚན་རིག་པའི་མིག་གིས་བལྟས་ན་དེ་བས་མང་བ་ཡོད་རྒྱུ་རེད། ལོ་རྒྱུས་འཌྷདི་འབྲི་བ་པོའི་མིག་ནང་དུ་འདི་ལའང་བདེན་དོན་དང་འགྲེལ་སྟངས་གཞན་ཞིག་ཡོད་ངེས་རེད། ལར་ནས་ལོ་རྒྱུས་ཀྱི་དུམ་བུ་འགའ་རེ་ཁྱེར་ཡོང་ནས་ལོ་རྒྱུས་ཡོད་ཚད་ལ་ནག་ཉེས་བཙུགས་ན་དེ་ནི་བྱེད་སྟངས་ཡག་པོ་ཞིག་མ་རེད། དེར་བརྟེན་ངས་ཁྱོད་ལ་རང་རེའི་ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་ལོ་རྒྱུས་ལ་འཁྱོག་བཤད་མ་བྱས་པ་ཞིག་ཡོད་བོན་པོས་ཀྱང་ལོ་རྒྱུས་ལ་འཁྱོག་བཤད་བྱས་མེད་ཅེས་ལན་འདེབས་རྒྱུ་ཡིན།
དབང་ཆེན་ལགས། བཟང་པོའི་རིགས་ལ་སྐོར་གསུམ་ཟེར་བ་འདི་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་ཟེར་བ་ཨེ་ཡིན། དེ་མིན་བཟང་པོའི་རིགས་ལ་སྐོར་གསུམ་ཟེར་བ་ཞིག་བོན་པོའི་གཞུང་དུ་མཐོང་མ་མྱོང་། ལར་ནས་བོན་པོའི་གཞུང་དུ་མི་གསལ་བའི་བོན་པོའི་སྐོར་གྱི་ཐ་སྙད་མང་པོ་ཞིག་བན་དེའི་གཞུང་དུ་ཡོད་པས་གཞུང་དེ་ག་རང་ལ་གཟིགས་ན་ལེགས་པར་སེམས། འདི་ཡང་བོན་ལ་དཀར་ནག་གཉིས་དང་བརྡོལ་འཁྱར་བསྒྱུར་གསུམ་གྱི་ཐ་སྙད་སྦྱར་བ་དང་མཚུངས་པ་མིན་འགྲོ།
ཡུལ་སྲོལ་དང་ཆོས་ལུགས་མཉམ་བསྲེས་བྱེད་མཁན་གང་སར་མཐོང་རྒྱུ་ཡོད། འོན་ཀྱང་དོལ་པོའི་ཡུལ་དུ་འདི་འདྲ་བ་ཡོད་པ་གཏན་ནས་གོ་མ་མྱོང་། དེར་མ་ཟད་དོལ་པོའི་ཡུལ་འདི་ཞང་ཞུང་གཙང་རིགས་ཀྱི་ལྷ་རྒྱ་ཁྱབ་བསྟེན་པའི་ཡུལ་ཞིག་ཡིན་པས་འདི་འདྲ་ཡོང་མི་སྲིད་སྙམ། ཁོ་བོར་དོལ་པོ་བ་ངོ་ཤེས་ཤིང་འདྲེས་ཆེ་བ་ཧ་ཅང་མང་པོ་ཡོད། རབ་བྱུང་ན་ཁྱོད་ཀྱི་མིག་གིས་མཐོང་བའི་དོལ་པོའི་ས་ཆ་དེའི་མིང་སོགས་གསུང་ན་ལེགས། འདིས་ང་ལའང་ཕན་ཐོགས་ས་རེད། རོང་མཚམས་སུ་འདི་འདྲ་མང་པོ་ཡོད་པ་རེད། སྤྱན་རིས་གཟིགས་དང་བཅོམ་ལྡན་འདས་ཀྱི་སྐུ་འདྲ་བཤམས། དེའི་མཐུན་དུ་སྲོག་ཆགས་འདྲ་མིན་བསད་དེ་མཆོད་པ་འབུལ་མཁན་ཡང་ཡོད་པ་རེད། བོན་བརྒྱས་གསུང་པ་དེ་ལ་ཁྱོད་གོ་ལོག་ཐེབས་འདུག་སྙམ། ཁོང་གིས་བདུད་བོན་གསུང་པ་ལས་རྡོལ་བོན་ཅེས་གསུང་ཡོད་རྒྱུ་མ་རེད། གལ་སྲིད་གསུང་ཡོད་ན་ཁོང་ནོར་བ་རེད། བདུད་བོན་ཅེས་པ་སྟོན་པ་གཤེན་རབ་མ་བྱུང་གོང་གི་ཆོས་ལུགས་ཤིག་རེད། དེའི་དམར་མཆོད་ཀྱི་ཆོ་ག་སྟོན་པ་གཤེན་རབ་ཀྱིས་དགག་སྟེ་དཀར་མཆོད་དུ་བསྒྱུར་བའི་ལོ་རྒྱུས་ཀྱང་ མདོ་དྲི་མེད་གཟི་བརྗིད་དང་། མདོ་གཟེར་མིག་ བཅས་སུ་ཞིབ་པར་གསུང་ཡོད།
ཨ་ནུ་ཐང་བསོད་ནམས་ལགས། ཁྱོད་ཀྱི་དྲི་བར་ལན་འདེབས་པ་ལ་ ཏཱའུ་ ཆོས་ལུགས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཙམ་མེད་ན་འགྲིབ་ཐབས་མི་འདུག་ཅིང་། དེ་འདྲའི་ཆ་རྐྱེན་ཁོ་བོར་མེད་པས་ལན་འདེབས་ཐབས་བྲལ། ཁོ་བོའི་བསམ་པར་གཏོ་པའི་ཆོས་ལུགས་ཅེས་ཐུའུ་བཀཱན་གྲུབ་མཐའ་ནས་བཤད་པ་དེ་དང་ ཏཱའུ་ཆོས་ལུགས་གཉིས་གཅིག་པ་རེད་འདོད། རྒྱུ་མཚན་འདྲི་རྒྱུ་ཡིན་ན་ཁོ་བོར་ཡང་ཐུའུ་བཀཱན་གྲུབ་མཐའ་ལས་གཞན་གྱི་རྒྱབ་རྟེན་གང་ཡང་མེད། དགོངས་དག
ལན་འདེབས་རྒྱུ་ལུས་སོང་བ་ཡོད་ན་རྗེས་སུ་ཞུ་ཐབས་བྱེད་ངེས་ཡིན། ཐུགས་རྗེ་ཆེ།
ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ཞུ་མཁན་གང་མང་ཞིག་བྱུང་བར་བརྟེན།
མཁར་རྨེའུ་བསམ་གཏན་གྱི་རྩོམ་དེའི་མཆན་སྒོ་བསྐྱར་དུ་ཕྱེས་ཡོད་པ་མ་ཟད།
རྩོམ་དེ་དང་འབྲེལ་བའི་མཆན་འདི་རུ་ཡོད་པ་རྣམས་ཕར་གིར་བཞག་ཡོད།
དེ་དོན་དགོངས་འཇགས་གནང་རོགས།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།