སྤོབས་པ་མཐའ་ཡས།
ཉེ་སྔོན་འཚོགས་ཟིན་མ་ཐག་པའི་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུ་དེའི་སྟེང་དུ་མི་སྣ་སུ་ཞིག་ཕེབས་ཡོད་པ་དང་བགྲོ་གླེང་གང་ཞིག་བྱས་ཡོད་མེད་སྐོར་ལ་ཤེས་འདོད་ཅིག་བྱུང་། ཚོགས་པ་དེའི་དྲ་རྒྱར་བལྟས་རྗེས་སུ་ང་ལ་དོག་པའམ་མཚར་སྣང་ཞིག་སླེབས་པ་ནི་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ཡིག་ཆ་གསར་པ་ཞིག་རྙེད་པའི་སྐོར་དེ་རེད། ང་རང་འཚོགས་འདུ་དེར་མེད་ཅིང་ཡིག་ཆ་དེ་མཐོང་མ་མྱོང་བའི་ཐོག་དེར་སོང་མཁན་འགལ་ལ་སྐད་ཆ་དྲིས་ཀྱང་གསལ་པོ་བཤད་མཁན་མ་བྱུང་། གང་ལྟར་ང་རང་ལ་ཡིག་ཆ་དེའི་སྐོར་ཞིག་ཤེས་འདོད་འདུག ཉེ་བའི་ལོ་རབས་ནང་དུ་རྙིང་པ་ཞིག་གསར་དུ་རྙེད་རབས་དཀྲོག་གཏམ་མི་ཉུང་བ་སྤེལ་མྱོང་ཡང་དེ་ཚོ་རྩད་བཅད་སྐབས་སྟག་གི་དཔང་པོ་ལ་གཡག གཡག་གི་དཔང་པོ་ལུག ལུག་གི་དཔང་པོ་ཁྱི། དཔང་པོའི་མཐར་ཐུག་འབུ་ཟེར་བའི་དཔེ་བཞིན་དཔང་རྟགས་དང་ཁུངས་སྐྱེལ་བརྟན་པོ་བསྟན་རྒྱུ་མེད་པ་ཚོའི་སྐད་ཤུགས་རང་བཞིན་གྱིས་མར་ཆག་འགྲོ་བཞིན་འདུག དེང་སྐབས་ཀྱི་ངའི་དོག་པ་དེ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་གསར་རྙེད་ཅེས་པའི་མིང་བྱང་ཅན་གྱི་གཏམ་བཤད་དེ་རེད། ང་ལ་ཤེས་འདོད་ཅིག་བྱུང་བ་དེ་ནི་དཔྱད་ཁྲའམ་བཅད་ཁྲའི་ཡིག་ཆ་དེ་ས་གནས་གང་དུ་མི་སུ་ཞིག་གིས་ཚུལ་ཇི་ལྟར་དུ་དུས་ནམ་ཞིག་ལ་རྙེད་སྐོར་དེ་རེད། དེ་བཞིན་དུ་རྒྱུ་མཚན་གང་ཞིག་གིས་ཡིག་ཆ་དེ་ད་ལྟ་བར་དུ་གྲག་འགུལ་མ་བྱུང་བར་ལུས་པ་ཡིན་ནམ། ལྷ་བླ་མ་བྱང་ཆུབ་འོད་ཁུ་ཚན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ཆེད་དུ་ལས་ཀ་བྱས་ཚུལ་རྣམས་འཁོད་པའི་ལོ་རྒྱུས་ཡིག་ཆ་ཁ་གསལ་བ་དེ་སྙེད་ཅིག་བྱུང་བའི་ཁྲོད་དུ་བོན་པོ་ལ་ཁྲིམས་གཅོད་བཀད་ཁྲའི་ཡིག་ཆ་ཞིག་ཡོད་ཚུལ་མི་གསལ་དོན་ཅི་ཡིན་ནམ། དེ་དང་དེ་ལ་སོགས་པའི་དྲི་རྟགས་མང་པོ་ཞིག་གིས་སོས་དལ་དུ་སྡོད་མི་འཇུག་པས་དྲི་བ་འདི་འདོན་དགོས་བྱུང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཡིག་ཆ་དེ་དེ་ལྟར་གལ་ཆེན་དུ་བརྩིས་ནས་ཀློག་འདོན་བྱེད་པར་བལྟས་ན་ངེས་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ཡིན་པའི་ཁུངས་སྐྱེལ་དཔང་རྟགས་ཀྱང་དེ་དང་ཆབ་ཅིག་ཏུ་བསྟན་རྒྱུ་ཡོད་ངེས་རེད། གལ་སྲིད་མེད་ན་རྒྱལ་པོའི་སྨྲ་བ་ལན་གཅིག་གི་དཔེ་རུ་མི་འཇོག་པར་དྲིས་ལན་དང་དོག་སེལ་མཛད་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་། གལ་སྲིད་མཁར་རྨེའུ་བསམ་གཏན་ལ་ཁུངས་སྐྱེལ་དང་དཔང་རྟགས་བསྟན་མེད་ཕྱིན་ལོ་རྒྱུས་ཀྱི་ཁུངས་སུ་དྲངས་འོས་པའི་ཡིད་ཆེས་བྱེད་ཐབས་མེད་པ་ཞིག་རེད། ལོ་རྒྱུས་ནི་ལོ་རྒྱུས་ཡིན་སྟབས་ལོ་རྒྱུས་ཀྱི་ནག་ཉེས་དེ་ང་ཚོས་འཁུར་མི་དགོས་ཤིང་ལོ་རྒྱུས་ཀྱི་མནར་གཅོད་ཀྱིས་ང་ཚོར་མནར་གཅོད་མི་ཕོག་པའི་ངང་ཚུལ་དེ་ཤེས་པ་གཞིར་བཞག་གི་ཐོག་ནས་ལོ་རྒྱུས་ལ་བགྲོ་གླེང་བྱེད་ཤེས་མཁན་རེ་ཡོད་ན་ལོ་རྒྱུས་ལས་འཕྲོས་པའི་བགྲོ་གླེང་བྱེད་པར་ཕེབས་ཤོག ཡིན་ན་ཡང་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་ནག་ཉེས་ཅན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གཞན་དུ་བསྒྱུར་མ་ཐུབ་ན་ལོ་རྒྱུས་ནི་བསྐྱར་འཁོར་གྱི་རང་བཞིན་ཅན་ཞིག་ཡིན་པས་ལོ་རྒྱུས་ལས་བསླབ་བྱ་ལེན་པ་ནི་སྤྱང་གྲུང་ལྡན་པའི་བྱེད་ཐབས་ཤིག་ཡིན། ཧིན་དྷིའི་མཚན་ཉིད་རིག་པའི་ཡབ་ཆེན་དུ་བརྩི་བའི་Swami Viveknanda (1863-1902)མཆོག་གིས། ཡོད་ཚད་ཚང་མ་བདེན་པའི་ཆེད་དུ་བློས་བཏང་ཆོག བདེན་པ་ནི་གང་གི་ཆེད་དུ་ཡང་བློས་བཏང་བྱེད་མི་རུང་གསུངས་པ་བཞིན་གནད་དོན་གང་ཡིན་ཡང་བདེན་པ་ཞིག་རྟོགས་དགོས་པ་གལ་ཆེན་དོན་ཆེན་ཡིན་སྟབས་ཡིག་ཆ་གསར་རྙེད་སོགས་ཀྱི་སྐད་ཆ་དག་ལ་ཡང་ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་དཔང་རྟགས་མ་རྙེད་བར་དུ་ལོ་རྒྱུས་ཀྱི་ཁུངས་སུ་མི་དྲངས་རྒྱུ་གལ་ཆེན་རེད།
འདིར་དྲ་རྒྱའི་སྟེང་གི་གྲོགས་པོ་ཚོར་དེའི་སྐོར་གསལ་པོ་རེ་བཤད་རྒྱུ་ཡོད་ན་འདིར་གསུངས་རོགས། མ་གཞི་དེང་སང་འཇིག་རྟེན་སྣོད་བཅུད་ཚང་མ་གསར་བ་ཞིག་ལ་འགྱུར་ནས་འདི་འདྲ་འདི་ལ་དོ་སྣང་བྱེད་འདུག་མཁན་མཁར་རྨེའུ་བསམ་གཏན་ངེད་གཉིས་ཙམ་ལས་མེད་པ་འདྲ། ངེད་གཉིས་ལ་མཐུན་པའི་ཆ་ཡང་མང་པོ་ཡོད་ངེས་ཅན་རེད།
མཁར་རྨེའུ་བསམ་གཏན་གྱི་རྩོམ་ཡིག་སྒྲོག་སྦྱང་དེའི་ཁ་བྱང་དབྱིན་ཡིག “Bon Institutions Referred to in the Newly Discovered Decrees of Lha Bla Ye shes ‘od” ཞེས་འཁོད་ཡོད་ཅིང་། བོད་སྒྱུར་ཐད་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།
བོད་ཀྱི་ལོ་རྒྱུས་རྙིང་པའི་ཁུངས་གསར་པ་རྙེད་པ་ནི། རྗེས་སུ་ཡི་རང་གི་གནས་སུ་གྱུར་ནའང་། མཁས་རློམས་བློ་གྱ་གྱུ་ཅན་ཞིག་གིས་གསར་དུ་རྙེད་ནའང་། རང་ཕྱོགས་སམ་རང་མཁོའི་ཡིག་ཆ་རྣམས་བསྡུས་གསོག་བྱས་ནས། ཡ་གལ་ལམ་ཕྱོགས་འགལ་ཡིག་ཆ་གཞན་རྣམས་རྙེད་མ་ཐག་མེར་བསྲེགས་རྩ་མེད་གཏོང་མི་སྲིད་པ་མེད་པའི་གནས་སུ་མཐོང་བས། འབྱུང་འགྱུར་བློ་གསར་རྣམས་ཀྱིས་འདིའི་ཐོག་གཟབ་ནན་ཉམས་ཞིབ་དགོས་གལ་ཆེ་བ་འདུག་སྙམ།
xxxxxཁ་སང་ཁ་ན་ཊར་ཞིབ་འཇུག་སྐོང་འཚོགས་སྐབས་སུ་ལྟོས་དང་མི་གྲངས་སུམ་བརྒྱ་ལྷག་གི་ནང་ནས་དོན་གྱི་མཁས་པ་རྣམས་ཀྱིས་གདེངས་འཇོག་བྱེད་ས་མཁར་རྨེའུ་བསམ་གཏན་ཟེར་བ་དེ་རེད་འདུག མི་ལོ་བརྒྱད་ཅུ་ལ་ཉེ་བའི་མཁས་པ་མཁར་རྨེའུ་ཚང་ཟེར་བའི་མི་ཚེ་ལོ་རྒྱུས་ཞིབ་འཇུག་ལ་སྐྱེལ་བས་ཁོ་ལ་བདེན་པ་རེད་ཡོད་མདོག་ཁ་བོ་རེད། ངས་ལྟས་ན་ཁོ་ལ་ཁ་རྡུང་གཏོང་རྒྱུ་ཅུང་སྔ་དྲགས་པ་འདྲ།
ངས་ཁོང་བོན་པོ་རེད་ཟེར་ནས་སུ་ལའང་ཕྱ་དམོད་བྱས་པ་མེད། མི་ངན་མི་ལྟོ་གོས་དང་རྐུབ་སྟེགས་ཀྱི་ཆེད་དུ་ལོ་རྒྱུས་ནང་གི་མི་ངན་མི་བཟང་དུ་སྒྲུབ་མཁན་དང་། མི་བཟང་བཀའ་དྲིན་ཅན་རྣམས་མི་ངན་དུ་སུས་བསྒྲུབས་ནའང་རྒྱབ་སྐྱོར་མེད་པ་ཙམ་མ་ཟད། ངོ་རྒོལ་མཐར་ཕྱིན་ཡོད།
ང་ནི་མཁར་རྨེའུ་ཡིས་རྒྱལ་བ་ལྔ་བའི་དག་སྣང་སྐོར་དང་། གླང་དར་གྱིས་ནང་ཆོས་མི་ནུབ་པའི་ཚུལ་སྐོར་ལ་ཡིན། ཚེ་སྐྱིད་ལགས་ཀྱིས་ཀྱང་དེ་གཉིས་སྐོར་ལ་གསུང་ཡ་གསར་པ་ཡོད་ས་རེད། ངེས་པར་དུ་གསུངས་རོགས་གནང་མཁས་དབང་རྣམས་དེ་དཔྱད་ཞིབ་ཅིག་ཡོང་བགྱི་རེད། མཁར་རྨེ་ཁོང་བོན་པོ་ཡང་མ་རེད་ཟེར་བ་ནི་། མི་ང་ལྟ་བུ་མཚོན་ན་ནི། ཁོང་ལ་བསྟོད་པ་མ་ཤེས་པ་སྨད་བར་འགྲོ་བར་རྩིས།
ཡང་ཅིག་ཤོད་འདོད་བྱུང་། ཆོས་མེད་མཁན་ཅིག་གིས་ཆོས་ལྡན་རྒྱལ་རབས་ལོ་རྒྱུ་ལུས་སྤྱིས་ཕྱིན་པའི་ཉམས་ཞིབ་ཅིག་ནམ་ཡང་ཡོང་མི་སྲིད་པ་མ་རེད། དཔེར་ན། སྔར་ཡུལ་སེར་གྱི་ཡུལ་དུ་རྒྱལ་པོ་གཟས་གཙང་གི་སྲས་རྒྱལ་སྲས་དོན་གྲུབ་འཁྲུངས་ནས དགུང་ལོ་༢༩རྒྱལ་སྲིད་བཞག་ནས་སྤྲང་འཁྱམས་སུ་ཕྱིན་ནས་མཐར་སྤྲང་པོ་མང་པོའི་དཀྱིལ་དུ་༨༡ལོར་གྲོངས་པ་རེད། ཟེར་བ་ལྟ་བུའི་ཐ་ཤལ་གྱི་རྒྱལ་རབས་སྨྲ་བ་བྱུང་མི་སྲིད་པ་མ་རེད། བོན་ཆོས་མི་ཤེས་པར་བོན་པོའི་རྒྱལ་རབས་ཆ་ཚང་དང་། ནང་པ་མིན་པར་ནང་པའི་རྒྱལ་རབས་ཆ་ཚང་བཤད་མི་ཐུབ་པར་མི་ངེས་སམ། འདི་ནི་བོན་པོ་མིན་པར་བོན་པོའི་རྒྱལ་རབ་སྨྲ་བ་དང་། ནང་པ་མིན་པར་ནང་པའི་རྒྱལ་རབས་སྨྲ་བ་རྣམས་ལ་གཟབ་གཟབ་གནང་དགོས་པའི་དཔེ་ཙམ་མོ། །
་་་མ་རེད་ དེ་ རེད་ལ་བཅོས།
༼ངའི་དོག་པ་དེ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་གསར་རྙེད་ཅེས་པའི་མིང་བྱང་ཅན་གྱི་གཏམ་བཤད་དེ་རེད། ང་ལ་ཤེས་འདོད་ཅིག་བྱུང་བ་དེ་ནི་དཔྱད་ཁྲའམ་བཅད་ཁྲའི་ཡིག་ཆ་དེ་ས་གནས་གང་དུ་མི་སུ་ཞིག་གིས་ཚུལ་ཇི་ལྟར་དུ་དུས་ནམ་ཞིག་ལ་རྙེད་སྐོར་དེ་རེད།༽
དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། ང་ལའང་དོགས་པ་ཡོད་པས་གསལ་བཤད་གནོང་རོགས།
ཚེ་སྐྱིད་ལགས།
ངས་ལྟས་ན་ཁྱེད་ཉིད་དྲ་གྲོགས་རྣམས་ཀྱིས་གོང་དུ་བྲིས་བའི་དོན་ལ་ལྡོག་ཕྱོགས་ཀྱི་གོ་བ་ལེན་བཞིན་འདུག གོང་དུ་བྲིས་བའི་རྩོམ་ཡིག་ནང་སྐུ་ཞབས་རྨེའུ་མཁར་གྱི་གསར་རྙེད་ལོ་རྒྱུས་ལ་ཁུངས་སྐྱེལ་མཛད་ན་ལེགས་ཚུལ་ལས་ཅི་ཡང་མེད་པས་ཁྱེད་ཀྱིས་ཚིག་ངན་བཤད་རྒྱུའི་ཚབ་ཏུ་རྙེད་སྟངས་ཀྱི་རྒྱབ་ལྗོངས་གླེང་མ་ལེགས། དེ་ནི་དོན་གྱིས་རྨེའུ་མཁར་ལ་རྒྱབ་སྐྱོར་དང་རང་གི་ཞེ་འདོད་ལ་གནས་ལུགས་ཀྱིས་འགེབས་སྲུང་བྱེད་པ་ཡིན་པས་ཡིན། ཚིག་ངན་གྱིས་གཞན་ཡིད་འགུགས་མི་ནུས་ལ་ལོ་རྒྱུས་ལ་བཟོ་བཅོས་དེ་བས་སྟངས་མི་ཐུབ། ལས་སླ་བ་ཞིག་ནི་ཚིག་ངན་ཡིན་ཞིང་ཚིག་ངན་གྱིས་ཁུངས་སྐྱེལ་ཅི་ཡང་བྱེད་མི་ཐུབ། དེ་ནི་འུ་ཐུག་པའི་རྟགས་མཚན་ལས་ཅི་ཡང་མ་འདས། ལོ་རྒྱུས་རྙེད་ན་བདེན་དཔང་ལོས་དགོས། གནའ་བོའི་བོད་མི་བཞིན་ཆོས་ལུགས་ཀྱི་ཆེད་དུ་གཏེར་ནས་བཏོན་ཁུལ་གྱིས་ཡིག་ཆ་མང་པོ་རྫུན་བཟོས་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་འོག་ནས་ད་ལྟའི་མི་རབས་གསར་བ་རྣམས་ཀྱིས་གནད་དོན་གང་ལ་ཡིད་ཆེས་བྱེད་དཀའ་སྟེ། རྟགས་དཔྱད་མེད་པར་མིས་མི་ལ་ཡིད་ཆེས་བྱས་བ་ནི་གླན་རྟགས་ཡིན། གནའ་བོའི་བོད་མི་ལ་གཏེར་ཡིག་གིས་ལོ་རྒྱུས་ལ་འཕོ་འགྱུར་བཏང་བའི་ལམ་སྲོལ་ཡོད་ལ་མོའོ་ལ་དྲག་ཤུགས་ཀྱིས་ལོ་རྒྱུས་ལ་བཟོ་བཅོས་བཏང་བའི་རིག་ལམ་ཡོད། སྐུ་ཞབས་ལོ་བརྒྱད་ཅུའི་ཉེ་བའི་མི་སྣ་ཞིག་ཡིན་ཚེ་ང་ལ་དེ་བས་དོགས་པ་ཡོད། རྒྱུ་མཚན་ནི་གནའ་བོའི་བོད་མི་རྣམས་ཆོས་ལུགས་ཀྱི་རྙིང་ཞེན་ལས་གྲོལ་ཐུབ་མེད་ཅིང་ཆོས་ལུགས་ཀྱི་ཆེད་དུ་ཡོད་ཚད་བཏང་བའི་འདོད་འདུན་འདིས་བཀའ་ཆེན་ཀ་ཁོལ་མ་དང་མ་ནི་བཀའ་འབུམ་གཙོ་བོའི་གྱུར་བའི་ལོ་རྒྱུས་རྣམས་གཏེར་ནས་ཐོན་ཚུལ་གྱིས་བཟོ་བཅོས་བྱས་བས་ཁུངས་སྐྱེལ་མེད་ན་ཡིད་ཆེས་མེད། གོང་དུ་ཁ་ཤས་ཀྱིས་ལོ་རྒྱུས་བཤད་ན་བན་བོན་གྱི་ཆོས་ཤེས་དགོས་ཟེར་བ་དེ་ལས་ཀྱང་མོས་མཐུན་མེད། ལོ་རྒྱུས་ནི་བྱུང་རབས་ཡིན་པས་དེའི་བྱུང་བ་མར་བཤད་ཐུབ་མཁན་ཞིག་ཡིན་ན་དེས་འགྲིག་ལ་འབྲི་མཁན་ཡང་བློ་གཟུར་བོ་གནས་བོ་ཞིག་ཡིན་དགོས་བ་ནི་གལ་ཆེ་ནང་གི་འགངས་ཆེན་རེད། བན་གྱི་བན་གྱི་ལོ་རྒྱུས་དང་བོན་གྱིས་བོན་གྱིས་ལོ་རྒྱུས་བྲིས་ཚེ་ཕྱོགས་རིས་བའི་ལྟ་སྟངས་འོག་མི་ལེགས་པ་ཡོད་ཚད་དགོས་དབང་གིས་སྦ་སྐོང་བྱས་ཤིང་བླ་མ་ཚོའི་རྣམ་ཐར་ལྟར་རང་ཕྱོགས་ལ་ངོ་སྟོད་ཁོ་ན་བྱ་ཕྱིན་ཚད་ལྡན་གྱི་ལོ་རྒྱུས་འོང་དཀའ། མི་འོང་ཏེ་ལོ་རྒྱུས་འབྲི་མཁན་ཡིན་ན་ཤེས་བྱ་ཡོད་པའི་ཐོག་གསར་འཁོད་པ་ལྟར་དྲང་ཚུགས་ཐུབ་ཅིང་བཤད་ཟུར་ལས་ཕྱོགས་གང་གི་ཁོངས་གཏོགས་ཡིན་པ་མ་རྟོགས་དཀའ་ཚེ་དོན་དངོས་ཀྱི་ལོ་རྒྱུས་འབྲི་མཁན་དེ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་སྨྲ་པའི་གྲས་ནས་འགོ་ལོ་དང་དུང་དཀར། དགེ་ཆོས་ལྟ་བུ་ཡིན།
ལྷ་བླ་མ་ཡི་ཤེས་འོད་དང་བྱང་ཆུབ་འོད་སོགས་ཀྱིས་གསང་བ་སྔགས་ཀྱི་ཆོས་ཟབ་མོ་ཉིད་དམ་དྲག་མཛད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྐབས་དེར་གསང་སྔགས་ཀྱི་ཆོས་ཉམས་ལེན་གནང་མཁན་ཚོས་གང་འདོད་བགྱིས་པ་ཡིན་ནམ། འོ་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་‘‘ཆོས་ཀྱི་འདུན་ས་’’ཞེས་པའི་ཡིག་སྒྱུར་ཁང་ཡོད་པ་དང་། ཡིག་སྒྱུར་ཁང་དེས་གསང་སྔགས་ཀྱི་ཆོས་བསྒྱུར་བ་ལ་དང་དོད་ཆེན་པོ་བྱས་མེད་པ་འདྲ། ཡོངས་གྲགས་སུ་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡི་ཤེས་འོད་ཞུ་བ་འདི་ནི་བོད་ཀྱི་བཙན་པོའི་རྒྱུད་པ་ཡིན་པ་རེད། རྒྱལ་པོ་གླང་དར་ལ་སྲས་ཡོད་མེད་ཀྱི་སྐོར་ལ་རྩོད་པ་བདོག་ནའང་། ཧ་ལམ་ཁྲི་འོད་སྲུང་འདི་གླང་དར་བཀྲོངས་སྐབས་མ་ཡུམ་གྱི་ཁོག་ཏུ་འཁོར་ཡོད་པ་འདྲ། འདི་ལ་‘ལྟོ་བོར་’ཞེས་ཀྱང་བྱ། དེ་ཡིན་སྟབས་ཡི་ཤེས་འོད་འདི་གླང་དར་གྱི་རྒྱུད་པ་རེད། གང་ལྟར། ལྷ་བླ་མ་ཡི་ཤེས་འོད་སོགས་ཀྱིས་གསང་སྔགས་ཀྱི་ཆོས་དར་སྤེལ་གཏོང་བར་བཀག་འགོག་མཛད་པ་ནི་སྔོན་ཆད་ཡབ་མེས་བཙན་པོའི་རིང་ལ་གསང་སྔགས་ཀྱི་ཆོས་བཀག་འགོག་མཛད་པ་དེ་ལ་ལད་ཟློས་བྱས་པ་ཞིག་ཡིན་ནམ། གནས་སྟངས་འདི་ལ་ཕྱིས་སུ་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་རྙིང་མ་བའི་བླ་མ་ཆེན་པོ་ཁུ་ཟློག་པས་༼༼ངེས་དོན་འབྲུག་སྒྲ་༽༽ཞེས་པའི་དགག་ཡིག་ཆེན་པོ་ཞིག་བྲིས་ཡོད་འདུག འོན་ཀྱང་སྐབས་དེར་སྟོད་མངའ་རིས་སུ་‘‘མཐོ་ལྡིང་གསེར་གྱི་ལྷ་ཁང་’’ཞེས་པའི་ཡིག་སྒྱུར་ཁང་དེའི་ནང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཁོང་གི་སློབ་མ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་ཀྱིས་བོད་ཀྱི་རྒྱལ་བསྟན་གྱི་གདུགས་དཀར་གྱེན་དུ་བསྒྲེངས་པ་འདི་ནི་ལྷ་བླ་མ་བྱང་ཆུབ་འོད་དང་ཞི་བ་འོད་ཀྱིས་མཛད་རྗེས་མ་རེད་ཅེས་སུ་ཞིག་གིས་བསྙོན་ནུས།
དགོངས་དག ནོར་བཅོས
ཚེ་སྐྱིད་ལགས།
ངས་ལྟས་ན་ཁྱེད་ཉིད་དྲ་གྲོགས་རྣམས་ཀྱིས་གོང་དུ་བྲིས་བའི་དོན་ལ་ལྡོག་ཕྱོགས་ཀྱི་གོ་བ་ལེན་བཞིན་འདུག གོང་དུ་བྲིས་བའི་རྩོམ་ཡིག་ནང་སྐུ་ཞབས་རྨེའུ་མཁར་གྱི་གསར་རྙེད་ལོ་རྒྱུས་ལ་ཁུངས་སྐྱེལ་མཛད་ན་ལེགས་ཚུལ་ལས་ཅི་ཡང་མེད་པས་ཁྱེད་ཀྱིས་ཚིག་ངན་བཤད་རྒྱུའི་ཚབ་ཏུ་རྙེད་སྟངས་ཀྱི་རྒྱབ་ལྗོངས་གླེང་ན་ལེགས། དེ་ནི་དོན་གྱིས་རྨེའུ་མཁར་ལ་རྒྱབ་སྐྱོར་དང་རང་གི་ཞེ་འདོད་ལ་གནས་ལུགས་ཀྱིས་འགེབས་སྲུང་བྱེད་པ་ཡིན་པས་ཡིན། ཚིག་ངན་གྱིས་གཞན་ཡིད་འགུགས་མི་ནུས་ལ་ལོ་རྒྱུས་ལ་བཟོ་བཅོས་དེ་བས་སྟངས་མི་ཐུབ། ལས་སླ་བ་ཞིག་ནི་ཚིག་ངན་ཡིན་ཞིང་ཚིག་ངན་གྱིས་ཁུངས་སྐྱེལ་ཅི་ཡང་བྱེད་མི་ཐུབ། དེ་ནི་འུ་ཐུག་པའི་རྟགས་མཚན་ལས་ཅི་ཡང་མ་འདས། ལོ་རྒྱུས་རྙེད་ན་བདེན་དཔང་ལོས་དགོས། གནའ་བོའི་བོད་མིས་ཆོས་ལུགས་ཀྱི་ཆེད་དུ་གཏེར་ནས་བཏོན་ཁུལ་གྱིས་ཡིག་ཆ་མང་པོ་རྫུན་བཟོས་མཛད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་འོག་ནས་ད་ལྟའི་མི་རབས་གསར་བ་རྣམས་ཀྱིས་གནད་དོན་གང་ལ་ཡིད་ཆེས་བྱེད་དཀའ་སྟེ། རྟགས་དཔྱད་མེད་པར་མི་ལ་ཡིད་ཆེས་བྱས་བ་ནི་གླན་རྟགས་ཡིན། གནའ་བོའི་བོད་མི་ལ་གཏེར་ཡིག་གིས་ལོ་རྒྱུས་ལ་འཕོ་འགྱུར་བཏང་བའི་ལམ་སྲོལ་ཡོད་ལ་མོའོ་ལ་དྲག་ཤུགས་ཀྱིས་ལོ་རྒྱུས་ལ་བཟོ་བཅོས་བཏང་བའི་རིག་ལམ་ཡོད། སྐུ་ཞབས་ཁོང་ལོ་བརྒྱད་ཅུའི་ཉེ་བའི་མི་སྣ་ཞིག་ཡིན་ཚེ་ང་ལ་དེ་བས་དོགས་པ་ཡོད། རྒྱུ་མཚན་ནི་གནའ་བོའི་བོད་མི་རྣམས་ཆོས་ལུགས་ཀྱི་རྙིང་ཞེན་ལས་གྲོལ་ཐུབ་མེད་ཅིང་ཆོས་ལུགས་ཀྱི་ཆེད་དུ་ཡོད་ཚད་བཏང་བའི་འདོད་འདུན་འདིས་བཀའ་ཆེན་ཀ་ཁོལ་མ་དང་མ་ནི་བཀའ་འབུམ་གཙོ་བོའི་གྱུར་བའི་ལོ་རྒྱུས་རྣམས་གཏེར་ནས་ཐོན་ཚུལ་གྱིས་བཟོ་བཅོས་བྱས་བས་ཁུངས་སྐྱེལ་མེད་ན་ཡིད་ཆེས་མེད། གོང་དུ་ཁ་ཤས་ཀྱིས་ལོ་རྒྱུས་བཤད་ན་བན་བོན་གྱི་ཆོས་ཤེས་དགོས་ཟེར་བ་དེ་ལས་ཀྱང་མོས་མཐུན་མེད། ལོ་རྒྱུས་ནི་བྱུང་རབས་ཡིན་པས་དེའི་བྱུང་བ་རྣལ་མ་རྟོགས་མཁན་ཞིག་དང་དེ་མར་བཤད་ཐུབ་མཁན་ཞིག་ཡིན་ན་དེས་འགྲིག་ལ། འབྲི་མཁན་ཡང་བློ་གཟུར་བོ་གནས་བོ་ཞིག་ཡིན་དགོས་བ་ནི་གལ་ཆེ་ནང་གི་འགངས་ཆེན་རེད། བན་གྱི་བན་གྱི་ལོ་རྒྱུས་དང་བོན་གྱིས་བོན་གྱིས་ལོ་རྒྱུས་བྲིས་ཚེ་ཕྱོགས་རིས་བའི་ལྟ་སྟངས་འོག་མི་ལེགས་པ་ཡོད་ཚད་དགོས་དབང་གིས་སྦ་སྐོང་བྱས་ཤིང་བླ་མ་ཚོའི་རྣམ་ཐར་ལྟར་རང་ཕྱོགས་ལ་ངོ་བསྟོད་ཁོ་ན་བྱ་ཕྱིན་ཚད་ལྡན་གྱི་ལོ་རྒྱུས་འོང་དཀའ། མི་འོང་ཏེ་ལོ་རྒྱུས་འབྲི་མཁན་ཡིན་ན་གནས་ཚུལ་ཤེས་པའི་ཐོག་གསར་འཁོད་པ་ལྟར་དྲང་ཚུགས་ཐུབ་ཅིང་བཤད་ཟུར་ལས་ཕྱོགས་གང་གི་ཁོངས་གཏོགས་ཡིན་པ་མ་རྟོགས་དཀའ་ཚེ་དོན་དངོས་ཀྱི་ལོ་རྒྱུས་འབྲི་མཁན་དེ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་སྨྲ་པའི་གྲས་ནས་འགོ་ལོ་དང་དུང་དཀར། དགེ་ཆོས་ལྟ་བུ་ཡིན།
སྐབས་དེར་མཁར་རྨེའུ་བསམ་གཏན་ལགས་ནས་ལྷ་བླ་ཡེ་ཤེས་འོད་སོགས་ཀྱིས་སྦྱོར་སྒྲོལ་བཀག་པ་རེད། སྦྱོར་སྒྲོལ་ནི་གསང་སྔགས་ཀྱི་ཉམས་ལེན་ཚད་མཐོན་པོ་ཞིག་རེད་གསུངས་བྱུང་། ཡིན་རྒྱུ་ནི་སྐབས་དེར་པནྡྲི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་གསང་སྔགས་ལ་སྙད་བཏགས་ནས་བུད་མེད་ཐུག་ཚད་ལ་སྦྱོར་བ་དང་མི་གསོན་པོ་སྒྲོལ་བ་ལག་ལེན་བྱེད་རྒྱུ་ཤུགས་ཆེན་དར་བས། ཕོ་བྲང་ཞི་བ་འོད་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་བསྟན་བཅོས་བརྩམས་ཚུལ་ལོ་རྒྱུས་ཁྲོད་དུ་ཡོངས་གྲགས་ཡིན་པ་དང་། མཁར་རྨེའུ་བསམ་གཏན་ལ་སྦྱོར་སྒྲོལ་བཀག་པའི་བསྟན་བཅོས་ཙམ་དུ་མ་ཟད་སྦྱོར་སྒྲོལ་ལག་ལེན་མཁན་དག་ལ་ཆད་པ་ལྕི་མོ་བཀལ་བའི་ལོ་རྒྱུས་ཤིག་རག་པ་རེད་བསམས། དེ་ཡང་སྐབས་དེའི་སྦྱོར་སྒྲོལ་ལག་ལེན་པ་དག་ནི་འཁྱར་བོན་བརྡོལ་བོན་སོགས་བོན་གང་གི་ཁོངས་སུ་གཏོགས་མིན་གསལ་ཁ་མི་ཤེས་ཀྱང་། རྒྱ་གར་རམ་ཡུལ་ག་ཤེད་ཅིག་ནས་པནྡྲི་ཏ་ཤམ་ཐབས་སྔོན་པོ་ཅན་བྱུང་བར་གྲགས་པས་བརྡོལ་བོན་གྱི་ཁོངས་སུ་ལོས་འདུས་བསམས། གང་ལྟར་དེ་དུས་མཁར་རྨེའུ་ཡིས”བོན་པོ་རྣམས་ཁང་པ་གཅིག་ཏུ་བསྡུས་ནས་མེ་ལ་བསྲེགས། བོན་དཔེ་རྣམས་བསྡུས་ནས་ཆབ་ལ་བརྫངས་”ཞེས་པའི་ཚིག་འདི་དག་ནག་པང་གི་སྟེང་དུ་བྲིས་ནས་འདི་ལས་འཕྲོས་ཏེ་སྐབས་དེའི་གནས་སྟངས་སྐོར་འགྲེལ་བཤད་གནང་སོང་།
བརྡོལ་བོན་གྱི་ཁོངས་སུ་་་་་་་་་་་་་འཁྱར་བོན་གྱི་ཁོངས་སུ་་་་་་
”བོན་པོ་རྣམས་ཁང་པ་གཅིག་ཏུ་བསྡུས་ནས་མེ་ལ་བསྲེགས། བོན་དཔེ་རྣམས་བསྡུས་ནས་ཆབ་ལ་བརྫངས་”ཟེར།
དར་མ་འཆད་སྐབས་སུ། ་་་་་་ ཕྱིས་བྱུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར་བཙན་པོ་རིམ་བྱོན་གྱི་དུས་སྐབས་སུ་བོན་ཆོས་བྱེད་མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤྭ་བ་སྟོང་ཕྲག་མང་པོ་བསད་ནས་ལྷ་ལ་མཆོད་ཚུལ་བཤད་ཡོད་ཀྱང་། ་་་་་་་་ ཟེར།
འདི་རིང་ང་འུ་ཐུག་ནས་གཅིག་ཤོད་འདོད་པ་དེ་ནི། དཔེར་ན། ངའི་ཨ་ཕ་གྲོངས་མཁན་དེ་མི་སྐད་སྒྲགས་ཅན་ཞིག་ཆགས་པ་རེད གང་ཡིན་ཟེར་ན། ངའི་ཨ་མ་ལགས་ལ་ཁྱིམ་མཚེས་ཇོ་ལགས་ཀྱིས་བཙན་གཡེམ་བྱས་པ་རེད། ཨ་དགྲ་ཤ་ལེན་ཕྱིར། བཙན་གཡེམ་པ་ཁོ་ཨ་ཕས་དམར་གསོད་བཏང་བ་རེད། ཨ་ཕ་འདི་འདྲ་ཟེ་བྱས་ན་ཨ་ཕ་བཙོན་པ་སྐད་སྒྲགས་ཅན་ཞིག་ཆགས་རེད། འདི་ལྟ་བུའི་ལོ་རྒྟུས་ནང་གི་བཅོས་སྒྲུང་ཤ་སྟགས་ཡར་བསླངས་ནས་བན་བོན་མི་བདེ་བ་བཟོས་ནས། དེང་སང་དུས་ཐུང་བྲེལ་ཟིང་སྐབས་འདིར་བྲིས་གླ་ག་ནས་ཐོབ་བགྱིད་ཡོད་དམ། ཆོས་ཁས་མི་ལེན་ཡང་”ཁ་རོགས་བསྡད་ན་ཁ་མཆུ་མེད་”ཅེས་པའི་དཔེ་ལ་ཉམས་ལེན་མཛད་ན་མི་མཛེས་སམ།
འདི་རིང་ང་འུ་ཐུག་ནས་གཅིག་ཤོད་འདོད་པ་དེ་ནི། དཔེར་ན། ངའི་ཨ་ཕ་གྲོངས་མཁན་དེ་མི་སྐད་སྒྲགས་ཅན་ཞིག་ཆགས་པ་རེད གང་ཡིན་ཟེར་ན། ངའི་ཨ་མ་ལགས་ལ་ཁྱིམ་མཚེས་ཇོ་ལགས་ཀྱིས་བཙན་གཡེམ་བྱས་པ་རེད། ཨ་ཕ་དགྲ་ཤ་ལེན་ཕྱིར། བཙན་གཡེམ་པ་ཁོ་ཨ་ཕས་དམར་གསོད་བཏང་བ་རེད། ཨ་ཕ་འདི་འདྲ་ཟེ་བྱས་ན་ཨ་ཕ་བཙོན་པ་སྐད་སྒྲགས་ཅན་ཞིག་ཆགས་རེད། འདི་ལྟ་བུའི་ལོ་རྒྟུས་ནང་གི་བཅོས་སྒྲུང་ཤ་སྟགས་ཡར་བསླངས་ནས་བན་བོན་མི་བདེ་བ་བཟོས་ནས། དེང་སང་དུས་ཐུང་བྲེལ་ཟིང་སྐབས་འདིར་བྲིས་གླ་ག་ནས་ཐོབ་བགྱིད་ཡོད་དམ། ཆོས་ཁས་མི་ལེན་ཡང་”ཁ་རོགས་བསྡད་ན་ཁ་མཆུ་མེད་”ཅེས་པའི་དཔེ་ལ་ཉམས་ལེན་མཛད་ན་མི་མཛེས་སམ།
འདི་རིང་ང་འུ་ཐུག་ནས་གཅིག་ཤོད་འདོད་པ་དེ་ནི། དཔེར་ན། ངའི་ཨ་ཕ་གྲོངས་མཁན་དེ་མི་སྐད་སྒྲགས་ཅན་ཞིག་ཆགས་པ་རེད གང་ཡིན་ཟེར་ན། ངའི་ཨ་མ་ལགས་ལ་ཁྱིམ་མཚེས་ཇོ་ལགས་ཀྱིས་བཙན་གཡེམ་བྱས་པ་རེད། ཨ་ཕ་དགྲ་ཤ་ལེན་ཕྱིར། བཙན་གཡེམ་པ་ཁོ་ཨ་ཕས་དམར་གསོད་བཏང་བ་རེད། ཨ་ཕ་འདི་འདྲ་ཟེ་བྱས་ན་ཨ་ཕ་བཙོན་པ་སྐད་སྒྲགས་ཅན་ཞིག་ཆགས་རེད། འདི་ལྟ་བུའི་ལོ་རྒྱུས་ནང་གི་བཅོས་སྒྲུང་ཤ་སྟགས་ཡར་བསླངས་ནས་བན་བོན་མི་བདེ་བ་བཟོས་ནས། དེང་སང་དུས་ཐུང་བྲེལ་ཟིང་སྐབས་འདིར་བྲིས་གླ་ག་ནས་ཐོབ་བགྱིད་ཡོད་དམ། ཆོས་ཁས་མི་ལེན་ཡང་”ཁ་རོགས་བསྡད་ན་ཁ་མཆུ་མེད་”ཅེས་པའི་གཏམ་དཔེ་ལ་ཉམས་ལེན་མཛད་ན་མི་མཛེས་སམ།
ཀ་རྡོ་ཀ་བ་ལྟ་བུ་ཁྲེགས། །
ཁ་ནས་ཁ་མཆུ་ལུག་ལུག་བཤད། །
ག་ས་ག་ན་ཀ་རྡོས་གང་། །
ང་ཚོ་མཆན་བུ་གང་དུ་བཏགས། །
མེ་ཏོག་དཀར་པོ་ལགས་ཁྱོད་བདེན་པ་འདུག
ད་དུང་མཇུག་སྡོམ་ཅིག་ཡོད།
ངས་བོན་པོ་ཚད་ལྡན་གྱི་ཆོས་ཚུལ་ནང་ལ་དམར་མཆོད་འབུལ་བགྱིད་ཡོད་པ་ང་ལ་ཚིག་གཅིག་ཀྱང་ཤོད་ཡ་མེད་ལ། ནང་པའི་ཆོས་རྒྱལ་ལམ། ནང་པ་ཚད་ལྡན་ཅིག་གིས་བོན་པོ་ཙམ་ཡིན་པའི་རྒྱུ་མཚན་གྱིས་སྲོག་བཅད་པའང་ཤོད་རྒྱུ་མེད། གཅིག་ཤེས་པ་དེ་ནི། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཞེས་པ་འདི་ནི། གལ་སྲིད་གདོན་གཟུགས་བོན་གྱི་བསྟན་ཅིག་ཡོད་ན་ངེས་པར་དུ་བསྣུབ་དགོས་ལ། དཔེར་ན། ཕྱིས་ཀྱི་བླ་མ་ཞིག་གིས། གདོན་གཟུགས་ནང་པའི་བསྟན་པ་བསྣུབས། །ཞེས་པ་ཞིག་ཡོད་ན། གལ་སྲིད་གདོན་གཟུགས་སུ་ནང་པའི་བསྟན་པ་ཅིག་ཡོད་ན། དེ་ཡང་ངེས་པར་དུ་བསྟན་འགྲོའི་བདེ་དོན་དུ་བསྣུབས་དགོས་ཏེ། དཔེར་ན། ནང་བསྟན་ལས་མཆེད་པའི་ད་ལྟའི་དོ་རྒྱལ་རིགས་ཀྱི་བྱེད་ལས་བཞིན་ནོ། །
ཚེ་རིང་སྐྱིད།
མཁར་དམེ་ལོ་བརྒྱད་ཅུ་ཡིན་ན་ཁ་རྡུང་གཏོང་རྒྱུ་ཕྱི་མེད་ན་སྔ་ཡོད་པ་མ་རེད། གང་ཡིན་ཟེར་ན། ད་ལྟའི་བར་དུ་རྙེད་མ་མྱོང་བའི་ཡིག་འཁྱམ་ཞིག་རྙེད་ཅེས་གསལ་ལ་མ་གསལ་བཤད་ནས་བཞག་ན། དེ་ནི་རྗེས་མ་ཞིག་ལ་ཏན་ཏན་རྙོག་དྲའི་གཞི་ཞིག་ཆགས་རྒྱུ་རེད། དེ་ལས་ཁོང་ཡོད་ཐོག་ལ་ཡི་གེ་དེ་ཅི་ལྟར་རྙེད་པ་དང་། གང་ནས་རྙེད་པ་སོགས་གསལ་བོ་བཟོ་དགོས་པ་རེད། ཁོང་ལ་ཁ་རྡུང་གཏོང་བ་དེ་ཁོང་ལོ་ལོན་ཡིན་པས་དང་། ཡང་ཆོས་རྒྱུད་ཀྱི་དབང་གིས་མ་དགའ་བ་མ་རེད། ཁོང་གིས་གསལ་ཁ་མ་བཟོས་ན་བོད་སྤྱི་ཚོགས་ཆུང་ཆུང་འདི་དཀྲུགས་གཞིར་འགྱུར་སྲིད་ཅེས་ཁ་རྡུང་གཏོང་གི་ཡོད་པ་རེད། ཇི་སྐད་དུ། རྔ་ལ་དབྱུག་གུས་མ་རྡུང་ན།། དེ་ཡི་བར་དུ་སྒྲ་མི་འབྱིན།། མཁས་པར་རྩད་ཅིང་མ་དྲིས་ན།། དེ་ཡི་བར་དུ་གཏིང་མི་དཔོག། ཟེར་བ་ལྟར་རེད།
འོན་ཀྱང་ཁྱོད་ཀྱི་མཆན་ཁ་ཤས་ལས། རང་ཉིད་བོད་ཞེན་ཡོད་པ་དང་། བོད་ཀྱི་སྤྱི་ཚོགས་ལ་ཤ་ཞེན་ཤིན་ཏུ་ཆེ་བ་ཧ་གོ་ཐུབ།
གཞོན་ནུ་རྒན་ཁོག་ཆག་གོ་ཁུ།།
རིག་པ་རྡབ་རྡིབ་ཆག་གོ་ཁུ།།
ཚེ་སྐྱིད་རླུག་པ་ཅན་འདི་ལ།།
མཛངས་མ་ཟེར་ནས་ནོར་གོ་ཁུ།།
ད་དངོས་གནས། སྤྲང་པོ་འདུག་ས་ལ་མ་འཆམ། ཟེར་བའི་གཏམ་དཔེ་དེ་བྱུང་འདུག ཅི་ཡང་མེད་པའི་སྤྲང་རྒན་ཚོས། སྙིང་བོ་གང་ཡང་མེད་པའི་དོན་ལ་རྩོད་ཚུལ་འདིར་ལྟས་དང་། བན་དེ། བོན་པོ། གསར་བ། རྙིང་བ། ཨ་མདོ། ཁམས་པ། ཅི་འདྲའི་ཉི་མ་འཕུད་བྱེད་མང་བ་ལ།
འཇིགས་སྐུལ་མ་བཏང་ཐུགས་རྗེ་གཟིགས། སྐད་ཆ་ལ་བདེན་པ་ཡོད་ན་བཤད་པའི་རང་དབང་ཡོད། འདི་ནི་དམར་བོའི་རྒྱལ་ཁབ་དང་དྲ་རྒྱ་མ་རེད། མི་འདི་ཚོ་ལ་དབང་ཆ་ཡོད་ན་སྲིད་དབང་གཅིག་བསྡུ་ལམ་ལུགས་ལས་སྡུག་ས་རེད། ཟླ་མེད་ལགས། མུ་མཐུད་དུ་ཤོད། གང་འདོད་ཐམས་ཅད་ཅི་འདོད་དུ་ཤོད། བཤད་པའི་ཁྲོད་ནས་བདེན་དོན་གསལ་བ་ལས་མ་བཤད་ན་བདེན་དོན་ཟེར་བ་ལ་ག་ལ་རྙེད། གྲོས་བསྡུར་མེད་ན་བློ་གྲོས་ཡར་རྒྱས་འགྲོ་དཀའ། སྤུན་གྲོགས་ཚོ། སྐད་ཆ་བཤད་པ་མ་དགོས་ཉན་པའི་བློ་སྤོབས་མེད་ན་མ་ཀློག་ན་ཆོག སུ་ཞིག་གིས་བཙན་བཀའ་བཏང་མཁན་མེད་ཅིང་མེད་པའི་གནས་ལུགས་རྟོགས་ན་ལེགས། བོད་སྤྱི་ཚོགས་ལ་ཚད་མཐའ་དྲགས་པའི་བཀག་རྒྱ་དང་སྨྲ་བརྗོད་ལ་ཚོད་འཛིན་ཡོད་པས་ད་ལྟའི་གནས་སྟངས་འདི་བྱུང་བ་ཞིང་འདི་ལྟར་སོང་ན་རང་མགོ་རང་གིས་གཅད་པ་ལས་ཅི་ཡང་མིན། སྨྲ་བརྗོད་ཀྱི་རང་དབང་དང་དད་མོས་ཀྱི་རང་དབང་། མི་སྒེར་གྱི་རང་དབང་ལ་གུས་བཀུར་ཡོད་ཅིང་དེ་ནི་འཇིག་རྟེན་འདིའི་བདེ་བ་དང་བདེན་པ། ཤེས་རིག་དང་འོད་སྣང་གི་འབྱུང་ཁུངས་ཡིན། མི་སུ་ཞིག་གིས་དེ་ལ་བཀག་འགོག་མཛད་ན་དེ་ནི་སྤྱི་ཚོགས་དགྲ་བོ་དང་ཡར་རྒྱས་ཀྱི་འགོག་རྐྱེན། མི་རིགས་ཀྱི་སྲོག་གཅོད་དང་ཤེས་རིག་གི་གཤེད་མ་ཡིན། སུ་ལ་ཕོགས་ན་དགོངས་དག ཁོང་ཁྲོའི་སྒང་ནས་ལན་མ་གནང་བར་བསམ་བློ་རྣལ་དུ་ཕབས་ནས་ཐུགས་བསམ་བཞེས་ཤིང་མོས་མཐུན་མེད་ཚེ་དགག་པ་ཡོད་ན་དགའ་བསུ་ཡོད།
པཎྜི་ཏ་ཤམ་ཐབ་སྔོན་པོ་ཅན་ཟེར་བ་དེ་ཕྱི་འགྱུར་རྣམས་ཀྱིས་ཚད་མར་བྱེད་པའི་གསང་བ་ཡེ་ཤེས་ཡིན་ཟེར་སྲོལ་ཡང་འདུག་པས་དཔྱད་པར་འཚལ།
ཞིབ་ཏུ་བསམས་ན་མཁར་རྨེའུ་བསམ་གཏན་ལ་རྙེད་པའི་ཡིག་རྙིང་དེའི་ནང་གི་བོན་པོ་གསོན་བསྲེགས་བྱས་པ་དེ་དག་ནི་རྒྱལ་བ་གཤེན་རབ་པའི་རྗེས་འབྲངས་བོན་བསྟན་གཞི་ལམ་འབྲས་གསུམ་འགྲན་ཟླ་བྲལ་བ་འདི་ཉམས་ལེན་བྱེད་མཁན་དག་མ་ཡིན་པར་མི་གསོན་པར་སྒྲོལ་བའི་ཆོ་ག་ལག་ལེན་བྱེད་མཁན་གྱི་དམར་མཆོད་པ་ཁག་ཅིག་རེད་ཅེས་ཁ་ཚོན་གཅོད་ཐུབ། རྒྱུ་མཚན་ནི་སྟོན་པ་གཤེན་རབ་ཀྱིས་སྲོག་གཅོད་ཀྱི་སྡིག་ལས་འདི་མཐའ་གཅིག་ཏུ་འགོག་གནང་མཛད་ཡོད། གང་ལྟར་མཁར་རྨེའུ་བསམ་གཏན་གྱིས་བོན་གསོན་བསྲེགས་ཀྱི་བོན་པོ་དེ་བོན་རིགས་གང་གི་ཁོངས་སུ་གཏོགས་མིན་གྱི་གསལ་བ་གང་ཡང་གསུངས་མ་སོང་སྙམ།
ཁ་ཤས་ཀྱིས་སྦྱོར་སྒྲོལ་མི་ལ་བྱས། འགའ་ཤས་ཀྱིས་སྦྱོར་སྒྲོལ་ལ་ཆོས་ལ་བྱས། ཁག་ཅིག་གིས་སྤྱོར་སྒྲོལ་ལོ་རྒྱུས་ལ་བྱས། སྤྱོར་སྒྲོལ་ཡང་དག་མི་བྱེད་མཁན་ཚང་མ་སྐྱེ་རྒྱུད་གཅིག་མིན་འགྲོ་དྲན། མི་ཕན་སྤྱོར་སྒྲོལ་མེད་ན་བདེ།
དྲ་གྲོགས་ཚོ་ཅུང་ཟད་བསྒུག་དང་ངས་བསམ་ཚུལ་ཕྲན་བུ་བཤད་ན་འདོད། མཁར་རྨེ་ལགས་མཁས་པ་རྒན་རབས་པ་དང་སྐུ་ཚེ་གཅིག་ལ་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་མི་བུ་ཕལ་ཆེར་གྱིས་ཤེས་རྒྱུ་རེད། ད་རེབ་ཁོང་གིས་རྙེད་པའི་ཡིག་ཆ་ལ་རིན་ཐང་ཡོད་ངེས་ཡིན་པས་ཡིག་ཆ་དངོས་ལ་ལྟ་འདོད་ཧ་ཅང་ཆེ། དཔེར་ན་ཁོང་གིས་དར་མའི་སྐོར་ལ་དཔྱད་རྩོམ་གནང་བ་དེས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཆུང་ཆུང་ཞིག་བཏང་བ་མི་དྲན་ནམ། ད་ཐེངས་གསར་རྙེད་ཀྱི་ཡིག་ཆ་དེའི་ཁ་བྱང་དང་བརྗོད་དོན་ཕྱོགས་ཙམ་མཐོང་པ་དེ་ཕྲན་གྱི་བསམ་ཚུལ་ཁ་ཤས་དང་ཧ་ཅང་འཕྲོད་པོ་བྱུང་བས་ང་བྲེལ་བ་ལངས་ཀྱིན་ཡོད། ངས་ཅུང་ཟད་ཞིབ་ཚག་པོས་སྒོ་ནས་ཡིག་ཆ་གང་མང་ཀློག་པ་ལས། བཙན་པོ་ཡབ་སྲས་ཀྱི་དུས་སུ་བོན་དགག་པ་ཞིག་མིན་པར་བོད་སིལ་བུའི་སྐབས་བོན་པ་དགག་པ་ཞིག་རེད་སྙམ་ནས་ཡོད། དེའི་རྒྱུ་མཚན་ཡང་བཙན་པོ་ཡབ་སྲས་ཀྱི་ཆོས་གཙུགས་རྡོ་རིང་ཁག་དང་། མཁན་སློབ་ཆོས་གསུམ་གྱི་གསུང་ཁུངས་ལྡན་གང་ནས་ཀྱང་བོན་ཞེས་པའི་ཆོས་ལུགས་ཤིག་གི་མིང་ཙམ་ཡང་རྙེད་མི་ཐུབ་པས་ཡིན། ངའི་བསམ་པར་བོན་ཞེས་པ་བོད་སིལ་བའི་སྐབས་ལྷ་བཙུན་ཡབ་སྲས་ཀྱིས་གསང་སྔགས་བེད་སྤྱོད་ལོག་པར་བྱེད་མཁན་ཁག་བཀག་པ་ལ་སྒྲོ་བཏགས་ནས་སྒྲུང་འདྲ་མིན་བཟོས་པ་ཞིག་མིན་ནམ་སྙམ་གྱིན་ཡོད་མོད། རེ་ཞིག་བདག་གི་གཏམ་འདི་ལ་མང་པོ་ཞིག་འདྲོག་ངེས་ཀྱང་ཞིབ་ཏུ་དཔྱོད་དང་དོགས་པ་ཇེ་མང་ལ་འགྲོ་བ་ཐག་གཅོད།
མཁར་རྨེའུ་ཡིས་སྔོན་ཆད་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་ཤེས་ཀྱང་ཁོའི་ལག་ཏུ་ཡིག་ཆ་དེ་འདྲ་ཞིག་རྙེད་ཡོད་པ་གཏན་ནས་མ་ཤེས། འདིའི་ནང་དོན་རྣམས་ཇི་འདྲ་ཡིན་མིན་ལ་བལྟ་འདོད་ཤིན་ཏུ་ཆེ། ཁོང་ལ་རྒྱུ་མཚན་ཞིག་ཏན་ཏན་ཡོད་ངེས་རེད།
ཡིག་ཆ་ངོ་མ་ཞིག་གསར་པ་རྙེད་པ་ཡིན་མིན་ལ། ལོ་རྒྱུས་ཀྱི་སྤྱི་ཁོག་ཙམ་ཡང་མི་མཐུན་པས་ངོ་མ་ཞིག་ཏུ་ཁས་བླངས་རྒྱུ་ཧ་ཅང་དཀའ་མོ་རེད། གལ་ཏེ་ངོ་མ་ཞིག་རྙེད་པའི་དབང་དུ་བྱས་ཀྱང་ཁུངས་ལྡན་ཞིག་ཡིན་པའི་ངེས་པ་མེད་ལ། ཁུངས་ལྡན་ཞིག་ཡིན་ཀྱང་དུས་ཚིགས་སྦྱོར་སྟངས་ལ་ནོར་བ་མི་ཡོང་བའི་ངེས་པ་གཏན་ནས་མེད། སྤྱིར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་རིང་ལ་བོན་པོ་ཁྲིམས་བཅད་པ་བདེན་ཡང་། ཁྲིམས་བཅད་ཕོག་ཚུལ་ནི། ལོ་ཙཱ་བ་བྱང་ཡེ་ཤེས་སྡེ་ཡིས་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཡི་གེ་སྦྱོར་ཚུལ་གྱི་འགྲོ་སྟངས་བོད་ཡིག་དང་མཚུངས་ཤིང་ཡི་གེའི་གཟུགས་རིས་བོན་པོའི་ཡི་གེའི་གཟུགས་སུ་ཡོད་པ་ཞིག་བརྩམས་ནས་འབུམ་པ་བསྒྱུར། དེ་ནས་རིམ་གྱིས་གཞན་རྣམས་བསྒྱུར་བར་རྒྱལ་པོ་ཡབ་སྲས་མ་མཉེས་པས་ཆོས་བསྒྱུར་བ་བཀག བཀག་ཚུལ་ནི། དམ་པའི་ཆོས་རྣམས་ངའི་ཡབ་མེས་ཀྱིས་བཟོས་པའི་ཡི་གེ་ལས་གཞན་གྱིས་བསྒྱུར་མི་ཆོག་ཅེས་བཀའ་རྒྱ་དང་པོ་གནང་ནས་བཀག དེ་ལ་བོན་པོ་རྣམས༌ཀྱིས་མ་ཉན་པར་བསྒྱུར་བས་བཀའ་རྒྱ་གཉིས་པ་བཏང་། དེ་ལའང་མ་ཉན་པར་ལྐོག་ཏུ་བསྒྱུར་བས་བཀའ་རྒྱ་གསུམ་པ་བཏང་། བཀའ་རྒྱ་གསུམ་པ་དེ་གཏོང་སྐབས་ལྐོག་ཏུ་སྒྱུར་མཁན་གྱི་རིགས་ལ་སྲོག་ཁྲིམས་གཅོད་ཀྱི་ཡིན་ཞེས་བཏང་། དེ་དང་འགལ་བ་ལ་སྲོག་ཁྲིམས་བཅད་པའི་ལོ་རྒྱུས་སྔར་ཡོད་ཡིན། དེའང་ཕྱིས་སུ་འདུ་འགྲིག་གི་ངོ་བོར་གྱུར་ཏེ་བོན་པོ་རྣམས་ལའང་བཀའ་བསྟན་ཟེར་བ་ཞིག་སྟོན་རྒྱུ་ཡོད་པ་དེ་དེའི་དྲིན་རེད། དེ་མིན་གང་ན་ཡོད། དེས་ན་བོན་པོའི་ཆོས་དེ་མང་ཆེ་བ་སླད་སྐྱོན་ཅན་ཡིན་པ་མ་གཏོགས་ནང་ཆོས་ཡིན་ཞེས་བཤད་ནའང་མི་འགྲིག་པ་མེད། དེའི་རྗེས་སུ་བོན་པོ་ལ་ཁྲིམས་ལོགས་སུ་གཅོད་དོན་མེད། དེས་ན་ཡིག་ཆ་དེ་གསར་རྙེད་ཡིན་ཞེས་བཤད་པ་དང་། ཚོགས་འདུའི་སྟེང་སྒྲོག་སྦྱང་བྱས་པ་ཙམ་གྱིས་ཀྱང་ལོ་རྒྱུས་ཀྱི་དཔང་པོ་སྤུ་ཙམ་བྱེད་མི་ཐུབ། སྤྱིར་བོན་པོ་རྣམས་ལ་མནའ་ནས་ད་ལྟའི་བར་གཞུང་ལུགས་བརྫུན་བཟོ་བྱེད་པའི་ལུགས་སྲོལ་ཞིག་ཡོད་པས་ཀྱང་ཆ་འཇོག་གཏན་ནས་བྱེད་མི་ཐུབ་པར་མ་ཟད། འདིར་ཡང་ཁོང་ཚོའི་བརྗོད་སྟངས་ལ་སྐྱོན་འདི་ཡོད་དེ། བོན་པོ་ཐམས་ཅད་ལ༌སྡང་བའི་རྐྱེན་གྱིས་ཁྲིམས་དེ་བཅད་པའི་ཚུལ་གྱིས་བཤད་དེ་ནག་ཉེས་ཆེར་འདོན་བྱས་ཏེ་བཤད་པས་ཀྱང་ཁུངས་མེད་རྫུན་སྒྲིག་ལྟ་བུར་རང་བཞིན་གྱིས་འགྲོ་བར་མཐོང་ངོ་།།
སྐུ་ཞབས་མེག་རྒན་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད། ངེད་གཉིས་ཀྱི་ལྟ་ཚུལ་ལ་མཚུངས་ཆ་མང་པོ་ཡོད་པར་ཐེ་ཚོམ་མི་འདུག ཁྱེད་ལྟ་བུ་རེ་དང་ལྷན་དུ་བགྲོ་གླེང་རེ་བྱ་རྒྱུ་བྱུང་ན་ཧ་ཅང་དགའ། ཁྱེད་ལ་རྗེས་སུ་གོ་སྐབས་རེ་བྱུང་ན་དྲ་བ་འདིའམ་ཡང་ན་དུས་བབ་ཀྱི་ངའི་ཟིན་བྲིས་སུ་ཕེབས་ནས་དགོངས་འཆར་སྐོར་གསུངས་རྒྱུ་མ་བརྗེད་རོགས། སྐལ་བཟང་རྒྱ་མཚོ་ལགས་ཀྱིས་བརྗོད་ཚིག་ཅུང་རྩུབ་དྲགས་འདུག དེ་མིན་བསམ་འཆར་དེ་ཚོས་དངོས་གནས་དོག་པ་བསླངས་ཡོང་གིན་འདུག
དྲང་པོར་བཤད་ན་དུས་རབས་བཅུ་པ་ཡན་ལ་འགྲོ་བའི་ཁུངས་ཞིག་རག་གི་མི་འདུག
ངས་ཀྱང་བསམ་ཚུལ་ཤིག་འདོན་།སྤྱིར་བཏང་བན་བོན་གྱི་རྩོད་རྙོག་འདི་ལ་ཞིབ་དཔྱད་བྱ་དགོས་བ་མང་དུ་འདུག་།ཕྱོགས་རེ་མ་སོང་བའི་ངང་ནས་དཔྱོད་དགོས་།
ཡིན་ནའང་ད་ལྟ་དེ་ལྟ་བུ་ཤིག་ལ་འགྲོ་གིན་མི་འདུག་།བོན་པོ་ཞིབ་མཇུག་བྱེད་དགོས་བའི་དམིགས་ཡུལ་དང་།དེ་བཞིན་དགེ་ཆོས་དང་།དོན་རྒྱལ་སོགས་ལ་དོན་མེད་དུ་བསྟོད་དགོས་བ་དག་།དགེ་ལུགས་པའང་།ཡང་ན་ཁོ་ཚོ་སེམས་སུ་འདོད་པའི་དབང་སྒྱུར་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་དམིགས་ཡུལ་དུ་བཟུང་ནས་ཞིབ་དཔྱད་བྱེད་ཀྱིན་ཡོད་པ་འདྲ་བ་ཞིག་མཐོང་སོང་།དེ་ན་ཞིབ་མཇུག་དེ་ནི་མཐའ་ལ་ལྷུང་བ་ཤིག་རེད་།
སྤྱིར་བཏང་བོད་མང་ཚོགས་དེ་འདྲ་མ་རེད་།གྲུབ་མཐའ་ཕྱོགས་ལྷུང་མི་འདུག་།ཁ་གྲགས་མ་ཐག་ཏུ་ང་དགེ་ལུགས་ཡིན།་རྙིང་མ་ཡིན་ཞེས་ལབ་མཁན་ཉུང་ཉུང་རེད་།ཡིན་ནའང་མང་ཚོགས་ཀྱི་ནང་དུའང་ལྟ་བ་དེ་འདྲ་སླེབས་ཀིན་འདུག་།དེ་བསམ་བཞིན་དུ་།བླ་མས་མིང་ཁུར་བ་དང་།མཁས་མིང་འཛིན་པ་ཁོག་ན་ཆབ་སྲིད་དང་།དཔལ་འབྱོར་ལས་མེད་པ་དག་གི་སྐད་ཆ་ཞིག་ལས་ཅི་ཡང་མ་འདས་།
ད་ཐེངས་་རྒྱལ་སྤྱིའི་ཚོགས་འདུ་སྟེང་དུ་སྐད་ཆ་འདི་འདྲ་ཤིག་བྱུང་སོང་།དགེ་ཆོས་ནི་དགེ་ལུགས་པས་བཟུང་བ་དང་།ཁྲིམས་མུན་ཏུ་བཅུག་པ་རེད་ཟེར་།ང་ཧ་ལས་འདྲ་བ་ཞིག་བྱུང་སོང་།མཁས་བ་འདི་ངས་ཁ་གྲགས་རྒྱུ་མེད་པ་ཤིག་བཟོས་པ་ཡིན་མོད་།འདི་གཙོ་བོ་མ་རེད་།ལྟ་བ་འདི་འདྲ་ད་ལྟ་ཤུགས་ཆེན་པོ་སྤེལ་བཞིན་འདུག་།
འདི་བཤད་མཁན་ནི་མིང་དུ་གྲགས་པའི་རྒྱལ་སྤྱིའི་མཁས་བ་ཞིག་རེད་།
གྲོགས་པོ་ཚོ་།སྔོན་གྱི་བཀའ་འདམས་པའི་མཁས་བ་མི་ཚེ་ཆོས་ཁོ་ན་ལ་བཏང་བ་དག་གིས་འདི་འདྲ་ཞིག་གསུང་ཡོད་པ་རེད་།
མིག་བསྲིངས་བསྐྱོངས་ཞེས་གདམས་ངག་ཁྱད་པར་ཅན་གྱིས་གསུང་ཡོད་པ་རེད་།དངོས་གནས་མིག་རྒྱ་རིང་པོའི་བལྟ་རྒྱུ་གལ་ཆེ།
སྤོབས་པ་མཐའ་ཡས་ལགས། བོན་གྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མ་རེད། དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་མེད་པ། ཆོས་བོན་གཉིས་ཀྱི་ཕྱོགས་ཞེན་གྱི་གཏམ་ཧ་ཅང་མང་བ། རང་སྣང་གང་དྲན་གྱི་བཅོས་སྒྲུང་གི་ལྷད་ཞུགས་པ། འཛམ་གླིང་གི་ལོ་རྒྱུས་གང་ན་ཡང་གསལ་འཁོད་མེད་པ་སོགས་ཀྱིས་གཟུ་བོས་དཔྱད་པ་བྱེད་དཀའ་བ་ཞིག་རེད། འོན་ཀྱང་རང་རེ་བོད་ཀྱི་ལོ་རྒྱུས་གླེང་པ་ལ་བོན་འདི་མ་བཤད་ཐབས་མེད་ཅིག་ཡིན་པས་ཕྲན་གྱིས་དུས་ཡུན་གང་འཚམས་ལ་བོན་གྱི་སྐོར་ལ་བསམ་བློ་བཏང་པ་ཡིན་མོད། ཅི་ལྟར་དཔྱད་ན་དེ་ལྟར་དོགས་པ་ཆེ་རུ་འགྲོ་བ་ལས་ངེས་ཤེས་སྐྱེ་མི་ཐུབ་པར་མ་ཟད། ཐ་ན་བཙན་པོ་ཡབ་སྲས་ཀྱི་དུས་སུ་བོན་ཞེས་པའི་ཆོས་ལུགས་ཤིག་ཡོད་མེད་ལ་ཡང་དོགས་པ་སྐྱེ་བཞིན་ཡོད། རྒྱུ་མཚན་ནི་ངས་གོང་དུ་བཤད་པ་ལྟར་མཁན་སློབ་ཀྱི་གཞུང་དང་། བཀའ་གཙུགས་རྡོ་རིང་སོགས་སྐབས་དེ་དུས་ཀྱི་ཡིན་ངེས་ཀྱི་གཞུང་ཞིག་ནས་བོན་པོ་ཞེས་པའི་ཆོས་ལུགས་ཞིག་གི་མཚན་ཙམ་ཡང་བདག་གིས་མ་རྙེད་པས་ཡིན། གལ་་སྲིད་སྐབས་དེ་དུས་ཀྱི་ཡིན་ངེས་ཀྱི་གཞུང་འདྲ་ན་བོན་གྱི་སྐོར་བཤད་ཡོད་ས་རེ་མཇལ་ན་ཕངས་པ་མེད་པར་བདག་ལ་ངོ་སྤྲོད་རེ་གནང་རོགས་ཞེས་ཞུས་པ་ཡིན། བདག་ལ་ཆོས་བོན་གྱི་ཞེན་ཕྱོགས་གང་ཡང་མེད་པས་དོན་དངོས་ཀྱི་ལོ་རྒྱུས་རེ་ཨེ་རྙེད་བསམ་པ་ཡིན། དེང་སང་ཁ་ཤས་ཀྱིས་གནའ་རབས་བོད་གྱི་ལེགས་བྱང་གང་ཡོད་བོན་གྱི་ཡིན་པར་སྒྲོག་པ་དང་། བོན་གྱི་གཞུང་ལུགས་ཡོངས་རྫོགས་ཆོས་ནས་འདྲ་བཤུས་བྱས་པ་རེད་ཟེར་བ་ལ་ཡང་དོགས་པ་ཡོད་པས་རང་འདོད་ཙམ་བཤད་ནས་མི་སྡོད་པར་དོན་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལོ་རྒྱུས་ལ་དུང་བ་རྣམས་ཀྱི་ལས་སུ་བྱ་བ་ཞིག་ཡིན་པར་སེམས།
ཡང་འདིར་བཤད་རྒྱུ་ཞིག་ལ། ཡིག་ཆ་དེར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས། བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་ཞེས་པ་འདིས་ལྷག་པར་དུ་ཡིད་བརྟན་ཅུང་ཟད་ཀྱང་བྱེད་ས་མེད་པར་བརྫུན་སྒྲིག་རྐུབ་བརྡོལ་ལྟ་བུར་བྱེད་དེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུ་བོད་སིལ་བུར་འཐོར། འོད་སྲུང་གི་རྒྱུད་པ་རྣམས་ཀྱིས་མངའ་རིས་དང་མང་ཡུལ་གྱི་ཕྱོགས་ཙམ་ཞིག་བཟུང་ཞིང་། ཡུམ་བརྟན་གྱི་རྒྱུད་པས་ཀྱང་ལྷོ་བྲག་གི་ཕྱོགས་ཆུང་ངུ་རེ་ལ་མ་གཏོགས་དབང་བསྒྱུར་མི་ནུས་པའི་སྐབས་ཡིན་པས་བོན་ཐམས་ཅད་ལ་ཁྲིམས་སྦྱོར་ཅི་ལྟར་བྱེད། དེ་སྐབས་སུ་མདོ་སྨད་ཀྱི་ཕྱོགས་ཀྱི་དམག་གི་རྒྱུད་པ་མང་ཆེ་བོན་ཆོས་བྱེད་པ་ཡིན་པས་དེ་དག་ལའང་ཁྲིམས་སྦྱོར་ཀྱི་དཔྱད་ཁྲ་ཕོག་དགོས་པར་འགྱུར་དགོས་ལ། མདོ་ཁམས་ཀྱི་ཕྱོགས་ནས་འབངས་གྱེན་ལོག་གིས་འོད་སྲུང་དང་ཡུམ་བརྟན་གཉིས་ལྷ་ས་དང་བསམ་ཡས་སུ་ཡང་སྡོད་མ་ནུས་པའི་རྒྱལ་བོ་མངའ་ཐང་ཧ་ཅང་དམའ་བ་གཉིས་ཆགས་ནས་དེའི་གདུང་རྒྱུད་རྣམས་དེ་ལས་དབུ་འཕང་དམའ་བའི་སྐབས་ཡིན་པས་བོན་ལ་ཁྲིམས་སྦྱོར་གྱི་དཔྱད་ཁྲ་མི་འདེབས་པ་ནི་ཁེག་ཐེག་བྱས་ནས་བཤད་ཐུབ་པ་ཞིག་རེད། རྒྱུ་མཚན་གཞན་གྱི་སྒོ་ནས་ཀྱང་བཤད་རྒྱུ་ཡོད་མོད་དེ་ཙམ་གྱིས་དོགས་པ་སེལ་ནུས་པས་བཞག་གོ།
ཡང་འདི་ལ་བཤད་རྒྱུ་ཞིག་ལ། ཡིག་ཆ་དེའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས། བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་ཞེས་པའི་ཐ་བསྙད་ལ་བརྟགས་ཚེ། འདིས་ལྷག་པར་དུ་ཡིད་བརྟེན་ཅུང་ཟད་ཀྱང་བྱེད་ས་མེད་པའི་བརྫུན་རྐུབ་ཆེན་པོ་བརྡོལ་བའི་རང་བཞིན་དུ་ཤེས་པར་འགྱུར་ཞིང་། སྐབས་ཀྱི་དུས་སྐབས་ལའང་ཅུང་ཟད་མ་བསམ་པའི་གཏམ་དུ་སྣང་སྟེ། སྐབས་དེར་འོད་སྲུང་གི་རྒྱུད་པ་རྣམས་ཀྱིས་མངའ་རིས་སོགས་ཀྱི་ཡུལ་རྒྱ་ཆུང་བ་ཞིག་བཟུང་། ཡུམ་བརྟན་གྱི་རྒྱུད་པ་རྣམས་ཀྱིས་ལྷོ་བྲག་གི་ཕྱོགས་ཙམ་བཟུང་ནས་སྡོད་ཅིང་། དབུ་འཕང་ཧ་ཅང་དམའ་ཞིང་མངའ་འབངས་ཡང་ཤིན་ཏུ་ཉུང་བའི་སྐབས་ཡིན་པས་བོན་ལ་ཁྲིམས་སྦྱོར་གྱི་དཔྱད་ཁྲ་འབེབས་པའི་ནུས་པ་མེད་ལ། གལ་ཏེ་ནུས་ཀྱང་ལྷ་བླ་མ་ཡེ་ཤེས་འོད་ནི་རང་བཞིན་གྱིས་རྒྱུད་ལ་སྙིང་རྗེ་ལྡན་ཞིང་། ཡབ་མེས་ཀྱི་ཡིག་ཚང་ཀློག་ནས་ཡིད་སྐྱོ་ནས་ཆོས་ཁོ་ན་ལ་སེམས་གཏད་ཅིང་། རང་ལས་འབངས་མི་སེར་བསམ་པའི་སྐྱེས་བུ་བླ་ན་མེད་པ་ཅིག་ཡིན་པ་ཡོངས་གྲགས་ཡིན་པས་ཁྲིམས་སྦྱོར་གྱི་ལས་བྱེད་པའི་གནས་ཅུང་ཟད་ཀྱང་མེད་དོ།། དབང་དང་ནུས་པ་ཧ་ཅང་ཆུང་བ་ཞིག་གིས་དབང་དང་ནུས་པ་ཆེ་བ་ལ་ཁྲིམས་སྦྱོར་བྱེད་མི་ནུས་པ་ནི། དཔེར་ན། ད་སྐབས་བོད་ཀྱིས་རྒྱ་མི་ལ་ཁྲིམས་སྦྱོར་བྱེད་མི་ནུས་པ་བཞིན་ནོ།། བོན་ལ་ཁྲིམས་སྦྱོར་ཟེར་བའང་མ་བརྟགས་པའི་གཏམ་དུ་སྣང་སྟེ། དེ་སྐབས་སུ་མདོ་སྨད་ཀྱི་དམག་རྒྱུད་ཀྱི་མི་རྣམས་མང་ཆེ་བ་བོན་ཆོས་བྱེད་པ་ཡིན་པས་དེ་དག་ལའང་ཁྲིམས་དེ་འཕོག་དགོས་པར་འགྱུར་བའི་གནོད་པ་རྣམས་མི་འདོད་བཞིན་དུ་ཁས་བླངས་དགོས་པར་འགྱུར་བས་སོ།།
ཁ་བརྡ་དྲ་ཚིགས་ཀྱི་ལྷན་རྒྱས་ལགས་ནས་སྐལ་བཟང་རྒྱ་མཚོ་བདག་གིས་ཁ་སང་དགུང་བཏང་བའི་སྔ་མ་དེ་བསུབ་ཆོག་ན་བསུབ་རོགས། དེ་ལག་ཤོར་དུ་སོང་ནས་བོར་བརླག་ལྟ་བུ་ཞིག་བྱུང་ནས་ཕྱི་མ་བྲིས་པ་ཡིན། འདི་གཉིས་དོན་གཅིག་པ་ཡིན་ལགས།
ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་བོན་ཁྲིམས་སྦྱོར་གྱི་དཔྱད་ཁྲ་གསར་རྙེད་ཅེས་པ་ཁུངས་རྣམ་དག་ཤོད་སྟོན་ཅི་ཡང་མེད་པ་དེ། རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུ་ཞེས་པའི་སྐོང་འཚོགས་ཞིག་གི་སྟེང་བརྒྱུད་སྒྲོག་སྦྱངས་བྱས་པར་བཤད་པས། དེ་ལྟར་བོད་རིག་པའི་འཚོགས་འདུ་ཞིག་འཚོགས་པ་དེ་སུས་བཀོད་སྒྲིགས་བྱས་ནས་འཚོགས་པ་ཡིན། སྒེར་བ་ཡིན་ནམ་གཞུང་འབྲེལ་ཡིན། དགོས་པ་ཅིའི་ཕྱིར་དུ། བོད་རིག་པའི་འཚོགས་འདུ་ཞིག་ཡིན་ན་བོད་ཀྱི་རིག་གཞུང་སྤྱི་ལ་མཁས་པ་རྣམས་འཚོགས་དགོས་པས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྤྱི་ལ་མཁས་པའི་མཁས་པ་སུ་སུ་དེའི་སྟེང་དུ་གདན་འདྲེན་ཞུས༌ཡོད། བོད་ཀྱི་རིག་པའི་བྱེ་བྲག་ལོ་རྒྱུས་ལྟ་བུ་ལ་འཚོགས་པ་ཡིན་ན། བོད་ཀྱི་ལོ་རྒྱུས་ལ་མཁས་པ་མང་པོ་གདན་འདྲེན་ཞུ་དགོས་པས་སུ་སུ་ཞུས་པ་ཡིན། དེ་བོད་ཀྱི་ལོ་རྒྱུས་གཅིག་ལ་ཞིབ་འཇུག་བྱེད་པར་འཚོགས་པ་ཡིན་ནམ། ལོ་རྒྱུས་མང་པོ་ཞིག་ལ་ཞིབ་འཇུག་བྱེད་པར་འཚོགས་པ་ཡིན། ཡང་ན་བོན་གྱི་ལོ་རྒྱུས་ཤེས་པའི་ཆེད་དུ་འཚོགས་པ་ཡིན། ལོ་རྒྱུས་ཀྱི་ཆེད་འཚོགས་པ་ཡིན་ན། ལོ་རྒྱུས་མཁས་པའི་མི་ག་ཚོད་ཅིག་གདན་འདྲེན་ཞུས་ནས་འཚོགས་སོང་། ལོ་རྒྱུས་མི་ཤེས་པ་རིག་གནས་སུམ་རྟགས་དང་སྙན་ངག་ལྟ་བུ་རེ་ཤེས་པའི་ཁྲོད་དུ་ལོ་རྒྱུས་སྒྲོག་སྦྱངས་བྱས་ནས་ཅི་བྱེད། མིང་ཆེན་པོ་བཏགས་པའི་འཚོགས་འདུ་དེ་ལྷ་བླ་མ་ཡེ་ཤེས་འོད་ལ་ནག་ཉེས་འགེལ་བའི་ཆེད་དུ་འཚོགས་པ་ཡིན༌ནམ།
འདི་དག་གི་དཀའ་རྙོག་གི་རང་བཞིན་ཅན་ཡིན་པས་འདིའི་སྐོར་ལ་བོད་གཞུང་ནས་ཀྱང་བརྩད་གཅོད་ངེས་པར་བྱེད་དགོས་པར་འདུག༌ལ། རྗེས་སུ་ཡིག་ཆ་འདི་འདྲའི་རིགས་གལ་ཏེ་སུས་བརྙེད་ཟིན་ན་ཡང་། བདེན་མིན་གསལ་མཐའ་མ་ཆོད་ཀྱི་བར་དུ་སྒྲོག་སྦྱངས་སོགས་བྱས་མི་ཆོག་པར་ཁྲིམས་བཟོ་ལྷན་ཁང་ནས་ཁྲིམས་བཟོས་ཀྱིས་ལག་བསྟར་བྱེད་པའམ། ཡང་ན་གཞུང་གིས་སྟངས་འཛིན་ཐད་ཀར་ངེས་པར་བྱེད་དགོས་པ་ཞིག་རེད་སྙམ་མོ།།
ཡང་ལོ་བརྒྱད་ཅུ་པ་ཚེ་ཟད་ལ་ཉེ་བ་ཞིག་གིས་དུས་སྐབས་འདི་ལྟ་བུ་ཞིག་ལ་བོན་དང་བན་གྱི་ལོ་རྒྱུས་ལ་བརྡབ་གསིག་གཏོང་བར་བལྟས་ན་ཁྱོད་ཀྱིས་མི་ཚེ་ལ་ལོ་རྒྱུས་ཞིབ་འཇུག་བྱས་ཟེར་བའི་ཚིག་དེ་ཡང་ད་དུང་སྐམ་པོར་འདུག་པས༌རིན་ཐང་མེད་པ་ཤེས་ནུས་ལ། ལོ་རྒྱུས་ཀྱི་བདེན་པའང་ད་དུང་མཐོང་མི་འདུག་ཅེས་བཤད་ཆོག དེ་མ་མཐོང་བ་ཡང་ཁྱོད་ལ་དཔྱད་སྟོབས་ཀྱི་ཤེས་རབ་མེད་པས་ཀྱང་ཡིན་སྲིད་ལ། གཙོ་བོ་ནི་ཁྱེད་རང་བོན་པོའི་ཕྱོགས་བཟུང་གི་ཕྱོགས་རིས་ཀྱིས་དབང་དུ་ཧ་ཅང་སོང་བའི་རྐྱེན་གྱིས་ལོ་རྒྱུས་ཀྱི་བདེན་པ་མ་མཐོང་བ་ཡིན་པར་ངེས་ཏེ། ཕྱོགས་སུ་ལྷུང་བའི་སེམས་ཀྱིས་ནི། །བདེན་པའི་དོན་གང་མཐོང་བ་མེད། །ཅེས་གསུངས་པ་ལྟར་རེད། ཡང་ཅིག་བཤད་ན་ཁྱོད་ལ་བོན་མ་གཏོགས་བོད་མི་དགོས་སམ། ཞེས་པའི་དྲི་བ་འདི་རང་བཞིན་ངང་གིས་འདྲི་དགོས་བྱུང་། འཇིག་རྟེན་གཏམ་དཔེར། རྡོ་གཅིག་གིས་བྱ་བརྒྱ་འུར་སེ་བཏང་། ཟེར་བ་ལྟར་ཁྱེད་ཀྱི་སྒྲོག་སྦྱངས་གཅིག་པོ་དེས་བན་བོན་གཉིས་ཀྱི་དབར་ཟིང་ཟིང་ལིང་ལིང་དུ་བཏང་འདུག་པས་ལྟོས་ར། དགོས་པ་ཡོད་དམ། ཁྱེད་ཀྱིས་འདོད་པ་དེ་འགྲུབ་བམ། དེང་སང་གི་གཞོན་སྐྱེས་རྣམས་ལ་ས་འོག་གཏེར་བཏོན་དང་རྨི་ལམ་གྱི་ལུང༌སོགས་ཀྱི་བརྫུན་བཟོས་ཀྱིས་མགོ་བསྐོར་དང་བསླུ་ཁྲིད་ནམ་ཡང་གཏོང་མི་ཐུབ་པ་ཤེས་ཨེ་སོང་། ཁྱེད་ཀྱིས་ལོ་རྒྱུས་ཤེས་པ་དེ་འདྲ་བ་གཞོན་སྐྱེས་ཚོའི་ནང་ན་ཕོ་མོ་མང་པོ་འདུག་ག །ད་ཁྱོད་ཀྱི་སྔར་ཡོད་ཀྱི་སྙན་གྲགས་དང་སྔར་བྱས་རྗེས་ཅུང་ཙམ་རེ་བཞག་ཡོད་ན། དེ་རྣམས་ཀྱང་ཝ་མོ་སེང་གེར་བརྫིས་པའི་ལས་དོན་ཞིག་ཡིན་པ་ཡོངས་ཀྱིས་ཤེས་སོང་ལ། དག་འདོན་སོགས་མེད་པར་ད་དུང་འདི་བྱས་ནས་ཕར་ལ་སོང་ན་བློ་ཕམ་ངང་གིས་འབྱུང་བའི་ལོ་རྒྱུས་ནག་པོ་ཞིག་ཁྱོད་ཀྱི་སྟེང་དུ་འབྱུང་རྒྱུ་ཡིན་ལ། དེ་ནི། མི་ལ་བསམ་པ་གནག་ན། སྦྱོར་བ་རང་ལ་སྨིན། ཟེར་བ་ལྟར་རེད།
སྤྱིར་ཁྱེད་ལོ་ན་རྒན་པ་དང་། མི་ཚེ་ལ་ལོ་རྒྱུས་འཚོལ་སྡུད་བྱས་པར་བཤད་པས། དེ་ལ་དཔག་ནས་བཤད་ན། ང་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཞིང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པའི་དོན་ལྟར་གྱི་ཕྱོགས་བྲལ་གཟུ་བོར་གནས་པའི་ཡོན་ཏན་གྱི་དྲི་བཟང་གིས་བརྒྱན་པ་ཞིག་ཡིན་ཆོག་ཀྱང་། གནས་ཚུལ་འདི་ལས་ཁྱོད་ནི་མནའ་བོའི་བན་བོན་གྱི་ནད་རྙིང་ངན་པ་ཕྱིར་སློང་མཁན་གྱི་སྟུག་དྲི་དྲོ་བའི་ཕྱོགས་འཛིན་ཅན། མིང་གི་དོན་མེད་པའི་མི་ཞིག་ཡིན་པ་གཞི་ནས་ཤེས་སོང་ལགས།
སྐལ་བཟང་རྒྱ་མཚོ་།
ང་ཡང་ཚོགས་འདུ་ལ་སོང་བ་ཡིན་།མཁར་རྨེའི་འགྲོ་གླེང་ལ་འགྲོ་མ་ཐུབ་།
བོད་ཀྱི་ཤེས་རིག་ཚོགས་འདུ་དེ་ཚོགས་ཆུང་མང་པོ་བགོས་ནས་ཚོགས་པ་ཤིག་རེད་།དེ་བས་ཚོགས་འདུ་ཚང་མ་འགྲོ་ཐུབ་ཀྱིན་མེད་པས་།་གསལ་བོ་བཤད་རྒྱུ་མེད་།སྤྱིར་ཚོགས་འདུ་ཟེར་བ་འདི་སྐྲག་དགོས་བ་ཞིག་མ་རེད་།མཁས་བླུན་མང་པོ་ཚོགས་ས་ཤིག་རེད་།སྐད་ཆ་མང་པོ་བཤད་ས་ཤིག་རེད་།སྐད་ཆ་འགའ་ཤས་ལ་ཡིད་བརྟན་ཅི་ཡང་མི་འདུག་།
ང་ཚོགས་འདུ་མང་པོ་འགྲོ་མྱོང་།ད་ཐེངས་དམིགས་གསལ་གྱི་འགྲོ་མ་བསམ་མོད་།ཡང་སློབ་གྲྭས་བཏང་བྱུང་།དེ་བས་སོང་བ་ཡིན་།
མི་འགའ་ཤས་རྩོད་པ་རྒྱག་གིན་སླེབས་སོང་།ཕྲན་ལ་ཤ་ཞེན་ཆེ་བའི་ཕྱི་རྒྱལ་གྱི་སློབ་དཔོན་ཞིག་ཡོད་པ་དེས་།་མངོན་སུམ་དོད་པས་རྩོད་པ་མ་རྒྱག་ཅེས་སློབ་སྟོན་བྱས་བྱུང་བས་།དམིགས་གསལ་གྱི་རྩོད་པ་མ་རྒྱབ་།
འགའ་ཤས་ཀྱིས་ཕྲན་ལ་ལན་འབྲི་གིན་ཡིན་ཞེས་འཇིགས་སྐུལ་བའང་འགའ་རེ་འདུག་།སྒུག་འདུག་གིན་ཡིན་།ཐུགས་རྗེ་ཆེ་ཞེས་ལབ་པ་ཡིན་།
ཚོགས་འདུའི་སྟེང་དུ་།རྒྱལ་སྤྱིའི་བོན་རིག་པའི་ཤེས་རིག་ཚོགས་པ་ཤིག་ཀྱང་བཙུགས་པ་ཁྱབ་བསྒྲགས་བྱས་སོང་།འཛུགས་མཁན་ནི་།མཁར་རྨེའི་དང་།ཚེ་རིང་ཐར་གཉིས་རེད་འདུག་།དེ་བཞིན་རྗེས་མ་ཞིག་ལ་རྒྱལ་སྤྱིའི་བོན་གྱི་ཤེས་རིག་ཚོགས་འདུག་ཅིག་ཀྱང་མཚོགས་རྒྱུ་མིན་ནམ་སྙམ་པ་བྱུང་།གསལ་བོ་མེད་།
ཡིག་ཆ་གསར་རྙེད་དེ་དཔར་སྐྲུན་བྱེད་ཐུབ་ན་དགའ་བསུ་ཡོད། དེ་ནས་གང་གང་བདེན་པ་དང་རྫུན་པ་ཡིན་མིན་མཁས་བླུན་ཚང་མས་ཞིབ་དཔྱད་བྱས་ནས་གང་འཚམས་གསལ་བོ་ཆགས་གི་རེད།
བོན་གྱི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་གཉིས་ཀ་རྫུན་ན་རྫུན་མཉམ་དང་བདེན་ན་བདེན་མཉམ་རེད། བོན་གྱི་ལོ་རྒྱུས་ལ་མིག་གིས་བལྟ་མ་མྱོང་བ་ཚོས་ཁ་ཕོ་ཆེན་པོ་བཤད་ཀྱིན་འདུག ལོ་རྒྱུས་ཟེར་བ་འདི་བསམ་བློ་བཏང་ནས་ཡོང་རྒྱུ་ཞིག་ག་ལ་ཡིན། དང་པོ་རྒྱུ་ཆ ལ་གཟིགས། དེ་ནས་དེ་དང་འབྲེལ་ཡོད་ཁག་ལ་ཞིབ་འཇུག་བྱས། གཞི་ནས་ལོ་རྒྱུས་ཀྱི་གོང་བསྒྲིགས་རྒྱུ་ཞིག་རེད། སྙན་ངག་འབྲི་བ་ལྟ་བུ་ཞིག་ག་ལ་ཡིན།
བོང་རྫི་ལགས་ནས་གསལ་བྱེད་བྱས་པ་དེས་ངའི་དོགས་ཁག་ཅིག་ཁེགས་སོང་། ཐུགས་རྗེ་ཆེ་རྗེས་ནས་དངོས་སུ་ཐུག་པའི་གོ་སྐབས་བྱུང་ན་མཉམ་དུ་བགྲོ་གླེང་བྱས་ཆོག
ཕུར་བ་སྐྱབས་ལགས། སྤྱིར་སྙན་ངག་འབྲི་བ་ཡིན་ན་ལོ་རྒྱུས་ལ་གོང་བསྒྲིགས་མ་བལྟས་པའི་ངེས་པ་ཡང་མེད་ལ། གཙོ་བོ་ནི་ཁྱེད་ཀྱིས་བོན་གྱི་ལོ་རྒྱུས་དང་བན་གྱི་ལོ་རྒྱུས་གཉིས་བདེན་ན་བདེན་མཉམ་དང་བརྫུན་ན་བརྫུན་མཉམ་ཡིན་འདུག་པ་ཅི་ལས་ཤེས། དེ་ཡིན་ན་ལོ་རྒྱུས་ཚང་མ་བདེན་ན་བདེན་མཉམ་དང་བརྫུན་ན་བརྫུན་མཉམ་རེད་ཟེར་རྒྱུ་ཡིན་པེ། དེ་ཡིན་ན་བདེན་པ་གཅིག་གཞི་ལ་བཞག་ནས་ཡིན་མིན་རྩོད་རྒྱུ་མེད་དམ། དཔེར་ན། ཕ་མེས་བཟང་པོས་རང་གི་གཅེས་པའི་ནོར་བུ་དེ་བུ་དང་ཚ་བོ་ནས་བརྒྱུད་དེ་མི་རབས་ཕྱི་མ་ལ་འཇོག་པ་ལྟར། བན་གྱི་ཆོས་འདི་དག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ནས་ད་ལྟའི་བར་མན་ངག་དང་ཕྱག་རྒྱུན་ཕྲ་བ་རྣམས་ཀྱང་རྒྱུན་མ་ཆད་པར་བརྒྱུད་ནས་འོང་ཡོད་པ་འདི་རྣམས་ཀྱང་།བོན་པོ་ཁག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཕྱིན་ཏེ་འདི་དག་ཀྱང་བོན་གྱི་ཡིན་པའི་འགྲེལ་བཤད་སྣ་ཚོགས་བྱེད་པ་ཀྱིན་འདུག་པ་དངོས་སུ་ཐོས། འདི་ཡང་ལོ་རྒྱུས་ཡིན་པས་ཁྱེད་ཀྱིས་འདི་ཡང་བདེན་ན་བདེན་མཉམ་དང་བརྫུན་ན་བརྫུན་མཉམ་རེད་ཅེས་ཤོད་རྒྱུ་ཡིན་པེ། དེ་ལྟར་ཡིན་ན། འོ་ན་མཁས་པ་དང་བླུན་པོ་གཉིས་ཀྱང་མཁས་ན་མཁས་མཉམ་དང་བླུན་ན་བླུན་མཉམ་རེད་ཅེས་ཤོད་དགོས་པར་འགྱུར་ཞིང་། དེ་ལྟར་ན་འཇིག་རྟེན་ན་བདེན་པ་བརྫུན་དང་མཁས་བླུན་སོགས་ཀྱི་ཁྱད་པར་མེད་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་རོ།།
སྐལ་བཟང་རྒྱ་མཚོ་ལགས།
བོན་པོ་ཁག་ཕྱི་རྒྱལ་དུ་ཀླུ་གྲུབ་དང་ཐོགས་མེད་གཉིས་ཀྱིས་གསུངས་པ་རྣམས་བོན་གྱི་ཡིན་ཚུལ་སྒྲོགས་མཁན་དེ་སུ་ཡིན་མིན་ངེས་པར་དུ་ཤོད་དགོས། བླ་མའམ་ཆོས་ཤོད་པ་པོ་དེ་ཡི་མཚན་དང་སྡོད་གནས་གང་དུ་ཡོད་མེད་ཁྱེད་རང་གིས་ཤོད་དང་ང་ཚོས་ཞིབ་འཇུག་བྱེད་ཆོག་གི་རེད། བོན་པོ་ཁག་ཅེས་བོན་པོ་མང་པོ་ཡོད་རབས་སུ་བཤད་པའི་བོན་པོ་དེ་རྣམས་དང།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཞེས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་རྣམས་རེ་རེ་ནས་བཤད་གནང་རོགས།
དེ་མིན་ཁ་བདག་མེད་ཀྱིས་གང་བཤད་ཡིན་རྒྱུར་བསམ་མི་རུང། གཏམ་ལ་ཁུངས་ལུང་ཡོད་དགོས།་་ དེ་ལ་ངེས་པར་དུ་ལན་གནང་རོགས་ཞུ་གི་ཡོད།་་་ལན་མེད་ན་དེ་ནི་རྫུན་གཏམ་དང་ངག་འཁྱལ་སྐུར་འདེབས་སྒྲོ་འདོགས་བྱེད་པར་ངོས་འདིན་ཞུ་རྒྱུ་ཡིན།
ཧཧཧཧཧ།
སྐལ་བཟང་རྒྱ་མཚོ་ལགས།
བོན་པོ་ཁག་ཕྱི་རྒྱལ་དུ་ཀླུ་གྲུབ་དང་ཐོགས་མེད་གཉིས་ཀྱིས་གསུངས་པ་རྣམས་བོན་གྱི་ཡིན་ཚུལ་སྒྲོགས་མཁན་དེ་སུ་ཡིན་མིན་ངེས་པར་དུ་ཤོད་དགོས། བླ་མའམ་ཆོས་ཤོད་པ་པོ་དེ་ཡི་མཚན་དང་སྡོད་གནས་གང་དུ་ཡོད་མེད་ཁྱེད་རང་གིས་ཤོད་དང་ང་ཚོས་ཞིབ་འཇུག་བྱེད་ཆོག་གི་རེད། བོན་པོ་ཁག་ཅེས་བོན་པོ་མང་པོ་ཡོད་རབས་སུ་བཤད་པའི་བོན་པོ་དེ་རྣམས་དང།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཞེས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་རྣམས་རེ་རེ་ནས་བཤད་གནང་རོགས།
དེ་མིན་ཁ་བདག་མེད་ཀྱིས་གང་བཤད་ཡིན་རྒྱུར་བསམ་མི་རུང། གཏམ་ལ་ཁུངས་ལུང་ཡོད་དགོས།་་ དེ་ལ་ངེས་པར་དུ་ལན་གནང་རོགས་ཞུ་གི་ཡོད།་་་ལན་མེད་ན་དེ་ནི་རྫུན་གཏམ་དང་ངག་འཁྱལ་སྐུར་འདེབས་སྒྲོ་འདོགས་བྱེད་པར་ངོས་འདིན་ཞུ་རྒྱུ་ཡིན།
བོན་དང་བོད་གཅིག་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་མཁན་ཡོད་པས་དེ་ལྟར་ན་གཉིས་ཆར་གྱི་ལོ་རྒྱུས་བདེན་མཉམ་རྫུན་མཉམ་ཡིན་རྒྱུ་རེད། དེ་ལས་གཞན་བོན་ཞེས་པ་གཡུང་དྲུང་བོན་རྐྱང་པ་ལ་བྱས་ན་ཁྱད་པར་ཅུང་ཟད་རེ་ཡོད་རྒྱུ་རེད། ངས་བསམ་ན་ད་ལྟ་བར་གྱི་རང་རེའི་ལོ་རྒྱུས་ནང་ནོར་བ་གཅིག་ཀྱང་མེད་ས་ཞིག་གཏན་ནས་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་ན་འདི་རེད་ཅེས་སྟོན་དང་མངོན་པར་བསྟོད་ཆོག ངས་བསམ་ན་བོན་གྱི་ལོ་རྒྱུས་ལ་བཤད་བྱ་ལོ་རྒྱུས་ཧ་ཅང་རིང་ཡང་འཆད་བྱེད་ཡིག་ཆ་ལ་ལོ་རྒྱུས་ཤིན་ཏུ་ཐུང་བར་སེམས་པ་དེ་ཡིན། གཏེར་ཆོས་མ་ཡིན་པའི་བཙན་པོ་ཡབ་སྲས་ཀྱི་སྐུ་དུས་སམ་དེའི་གོང་གི་ཡིན་ངེས་ཀྱི་གཞུང་ལུགས་སམ་རྡོ་རིང་ཞིག་ནས་བོན་པོ་ཞེས་པའི་ཆོས་ལུགས་ཤིག་གི་མིང་རྙེད་རྒྱུ་མ་རེད། རྒྱུ་མཚན་དེས་ཕྲན་གྱིས་གནའ་རབས་བོན་གྱི་ལོ་རྒྱུས་ལ་ཡིད་ཆེས་རྙེད་དཀའ་བར་བཤད་པ་ཡིན། སྤྱིར་བོན་ཙམ་མ་ཡིན་པར་ཆོས་ཀྱི་ལོ་རྒྱུས་ལ་ཡང་མི་བདེན་པའི་ཆ་ཧ་ཅང་མང་པོ་ཡོད་དེ། དཔེར་ན་གཉའ་ཁྲི་རྒྱ་གར་གྱི་བརྒྱུད་པ་ཡིན་པར་བཤད་པའི་སྒྲུང་ལྟ་བུ་རེད། དེས་ན་ཆོས་ལུགས་པའི་བཤད་ཚད་བདེན་ལ་བོན་གྱི་བཤད་ཚད་རྫུན་མ་རེད་ཅེས་བཤད་ན་ནམ་པ་ཀུན་ཏུ་ཕྱོགས་ཞེན་ལ་འགྲོ་བ་ལས་ཉམས་ཞིབ་མ་རེད། ཉམས་ཞིབ་བྱས་ནས་ཞིབ་ཆ་བཏོད་ཡོང་དུས་སུ་ཞིག་ཁོང་ཁྲོ་ལངས་ཡང་དོན་མེད་རང་རེད་སྙམ། གཏེར་མ་རྣམས་སུ་ཁར་སང་དེ་ནས་ཡོང་བ་ལྟ་བུའི་ཞིབ་གསལ་ཆེ་ཡང་འདི་ནི་ངས་ཡང་ཡང་བཤད་པ་ལྟར་ལོ་རྒྱུས་འཆད་པའི་སྐབས་ཁས་ལེན་ཐབས་མེད་པ་ཞིག་རེད། གལ་སྲིད་དེ་ཁས་བླངས་ཕྱིན་ཧམ་ཆེན་རྣམས་ཀྱིས་གང་བཤད་བཤད་ལོ་རྒྱུས་ལ་འགྲོ་རྒྱུ་རེད། འོན་ཀྱང་གཏེར་མ་རྣམས་དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱས་ན་དོན་དངོས་ཀྱི་ལོ་རྒྱུས་མང་པོ་རྙེད་པ་ལ་ཕན་ཐོག་ཡོད་པ་ཞིག་ཡིན་པ་ཡང་ཞར་ལ་ཤེས་དགོས་པ་ཤིག་རེད།
It is a great pleasure to know that you have made tutorial in tibetan n chinese wikipedia. It will be indeed a great use for me and also to my friends. So i will be really thankful if you can send it to me.
I also would like to inform you that if you can make a tibetan handwriting and a sanskrit handwriting which was originated from tibet then it will be more useful. I can help in preparing those handwritings. If you are really interested then do keep in touch.
My emai l id is om_sothi@yahoo.com.
With regards,
Kalsang gyatso
དྲ་གྲོགས་རྣམ་པ་ལགས། ད་ང་ཚོས་འདི་ལྟར་ཕན་ཚུན་ལན་བརྒྱག་ཐུབ་དང་ཁ་གཅོག་ཐུབ་ཙམ་བྱས་ན་ཡིད་ཚིམ་པའི་ལེགས་བཤད་ཀྱི་སྐྱེས་ཅུང་ཟད་ཀྱང་ཕན་ཚུན་སྩོལ་བ་མེད་པར་མ་ཟད་དོན་མེད་ངག་འཁྱལ་ལྟ་བུར་འགྱུར་ཞིང་མཁས་པ་རྣམས་ཁྲེལ་བའི་རྒྱུ་ཡང་ཡིན་པས་ཚང་མའི་ཐུགས་ལ་འཛིན་རྒྱུ་ནི། རྗེ་བདག་ཉིད་ཆེན་པོས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་རྣམ་པར་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་སྨྲ་བ་མཁས་ལེན་ན་ནི་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་འདི་རེད། ཅུང་ཞུ་རྒྱུ་ནི་གངས་རིས་བསྐོར་བའི་ཡུལ་ཁམས་ཐམས་ཅད་ལ་བོད་ཅེས་བཏགས་པ་ནི་ཡུལ་བྱེ་བྲག་པའི་མིང་ཡུལ་སྤྱི་ལ་ཐོགས་པ་ཡིན་ལ། དེབ་དཀར་ལས་ཀྱང་གསུངས། ཡུལ་བྱེ་བྲག་པ་དེ་བོད་ཀ་གཡག་དྲུག་གི་ཡུལ་ལ་བཤད། དེ་དེང་དུས་དབུས་གཙང་གཉིས་ཀྱི་ཡུལ་ཕྱོགས་ཙམ་རེད་ཟེར་ནའང་ཆོག་པ་འདྲ། བོན་དར་སའི་འབྱུང་ཁུངས་གཙོ་བོ་དེ་ཞང་ཞུང་གི་ཡུལ་ཡིན་ལ། ཞང་བོད་གཉིས་ཀྱི་ས་མཚམས་ནི་མ་ཕམ་གཡུ་མཚོ་ཡོད་སའི་ཕྱོགས་ཡིན་པ་ནི། ཞང་བོད་གཉིས་ཀྱི་ས་མཚམས་ན། །མ་ཕམ་གཡུ་མཚོ་བྱ་བ་ཡོད། །ཅེས་བཀའ་ཐང་སྡེ་ལྔ་ལས་གསུངས། འོན་ཀྱང་མཚོ་དེ་གང་གི་ཕྱོགས་ཡིན་མིན་གསལ་བོར་མི་འདུག་པས་དཔྱད། ཡང་རྒྱལ་པོ་འོ་དེ་སྤུར་རྒྱལ་ནས་རིམ་པར་ཐེན་དགུ་དང་། སྲས་པོ་མཆེད་བཞི་དང་། ཡབ་ལྷ་བདལ་དྲུག་བྱ་བའི་བར་དུ་བརྒྱུད། ཡབ་ལྷ་གདལ་དྲུག་ལ་སྲས་མཆོག་སྤུན་བདུན་འཁྲུངས་པའི་བར་བ་དེ་ཡབ་ཡུམ་ལ་གནོད་ནས་ཞང་པོའི་ཡུལ་དུ་སྤྱུགས་པ་དམུ་བཟའ་ལྡེ་མོ་བཙུན་དང་བཤོས་པའི་སྲས་ནི་གཉའ་ཁྲི་ཡིན་པར་བཤད་པས་གཉའ་ཁྲི་བོད་ཀྱི་རྒྱལ་པོའི་ཐོག་མར་བཤད་པ་དེ་ཡང་ན་འོ་ལྡེ་སྤུར་རྒྱལ་དང་ནོར་བའམ། བོད་ཀ་གཡག་དྲུག་གི་རྒྱལ་པོའི་ཐོག་མ་ལ་བཤད་པའི་དགོངས་པ་མ་ལོན་པ་གང་ཡིན་སོགས་དཔྱད་པར་བྱའོ།། འོ་དེ་སྤུར་རྒྱལ་གྱིས་བོད་ཡོངས་སྟེ་གངས་ལྗོངས་ཡོངས་ལ་དབང་བསྒྱུར་བར་བཤད་ལ། དེའི་གོང་དུའང་ཡོངས༌ལ་དབང་བསྒྱུར་མཁན་གྱི་རྒྱལ་པོ་དྲུག་བྱུང་བར་ཡང་བཤད༌ལོ་རྒྱུས་རིང་། དེ་དག་གི་སྐབས་སུ་ཡུལ་མིང་མི་འདྲ་སོགས་ཀྱིས་བཤད་ཚུལ་དེ་ཤེས་འདོད་ན་བཀའ་ཐང་སྡེ་ལྔར་བལྟ་བར་བྱ། རྒྱལ་པོ་དྲུག་པོ་དེ་རྒྱལ་པོ་མི་འདྲ་བའི་གདུང་རབས་དྲུག་ཨེ་ཡིན་སྙམ་པ་ཞིག་རེད། གནམ་གྱི་ཁྲི་བདུན་གྱི་དང་པོ་ལ་བཤད་པ་དེ་ལ། གཉའ་ཁྲི་བཙན་པོ་ཉ་ལ་སྐྱེས། །ཞེས་ཉ་ཁྲི་ཞེས་ཀྱང་མིང་འདོགས་པར་བཤད། དེ་ལྟར་རིམ་པར་རྒྱལ་རབས་བྱོན་པར་ཆ་བཞག་ན་ཞང་ཞུང་རྒྱལ་རབས་བཅོ་བརྒྱད་དེའང་ཡུལ་བྱེ་བྲག་གི་རྒྱལ་པོ་ཡིན་པར་མཐོང་ཀྱང་ད་དུང་བརྟག་པར་བྱ་བའི་གནས་སོ། །བོད་ཀྱི་ས་རྒྱ་དང་དེའི་སྐོར་ཅུང་ཟད་ཅིག་བདག་གིས་སྡེ་དགེའི་བསྟན་འགྱུར་དཀར་ནོར་བུའི་འཕྲེང་བར་བཀོད་ཚར་བས་དེ་ལ་གཟིགས་པར་ཞུ། དཔེ་དེ་ཉོ་བསམ་ན་ཤེས་རིག་དཔར་ཁང་གི་དཔེ་དེབ་ཚོང་ཁང་ན་ཡོད་ཅེས་ཞུ་བ་ལགས།
སྤོབས་པ་མཐའ་ཡས་ལགས། ཁྱེད་ལོ་རྒྱུས་ཀྱི་ཕྱོགས་ལ་དགོངས་ཟབ་བཞེས་པར་བདག་གིས་མཐོང་བས་འདིའི་ཕྱོགས་ལ་སློབ་སྟོན་ཡོད་ན་གནང་རྒྱུ་ཞེས་ཞུ་བ་ལགས།
བློ་བཟང་སེང་གེ་ལ་བོད་ཆེ་ཆུང་སྐོར་གྱི་རྩོམ་ཡིག་ཅིག་ཡོད་རབས་གོ་སོང་། དེ་དྲ་གྲོགས་ཚོས་མཚམས་སྦྱོར་རེ་གནང་ཐུབ་བམ།
དཔལ་དགྱེས་པའི་རྡོ་རྗེ་ཟེར་བ་དེ་ཉོན་ཞིག
ཁྱོད་ཀྱིས་༼གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་རུ་འཛིན་པ་ཚོས་༽ཞེས་ཚིག་ཐག་ཆོད་པོས་བཤད་པར་བྱ་བ་ལ་འདིར་ད་ལམ་གསལ་བཤད་དགོས་པ་ནི་དོལ་རྒྱལ་བསྟེན་མཁན་གྱི་བོན་པོ་དེ་དག་སུ་ཡིན་ངོས་འཛིན་གནང་རོགས། ང་ཚོ་བོན་པོ་རྣམས་ཀྱིས་དེ་འདྲ་ཡོད་པའང་མ་ཤེས། དེ་ལྟར་ངོས་འཛིན་གནང་རྒྱུ་མེད་ན་ནག་ཉེས་འཛུགས་སའི་བོན་པོ་དག་ལ་ངེས་པར་དུ་དགོངས་སེལ་ཞུ་དགོས་མ་གཏོགས་ཁྲིམས་ལ་གཏུགས་རྒྱུ་ཉག་ཅིག་ཡིན།
དྲ་ལམ་འདི་ཉུལ་བའི་བོན་པོ་དག་གིས་ཀྱང་དཔར་དགྱེས་རྡོར་མིང་པས་བོན་ལ་མ་ཉེས་ཁ་གཡོག་གི་ནག་ཉེས་བཙུགས་པ་འདི་ངེས་པར་དུ་ཤེས་དགོས་ལ། དེ་དོན་བདེན་པའི་གསལ་བཤད་ཀྱང་ལེན་དགོས་པས་དེ་མུར་འཇོག་ག་ལ་རུང་། དེ་མིན་ཁ་བརྡའི་དྲ་བ་ཟེར་བ་འདི་ཨ་མདོ་ཁ་ཤས་ཀྱིས་བོན་ལ་ནག་ཉེས་འཛུགས་སར་འགྱུར་ཉེན་འདུག་པས། ཉིན་ཞིག་དེ་ལྟར་ཡིན་ཚུལ་རེ་རེ་བཞིན་སྒྲུབ་བྱེད་འགོད་ངེས་ཡིན། དུས་ལ་བབས་ཚེ་སྣང་དག་མེད། ད་ཚོད་བཟུང་ན་ཡིན་འགྲོ། མཆན་འདི་བསུབ་པ་བྱས་ཚེ་དྲ་བ་གཞན་དུ་འགོད་ངེས་ཡིན།
ལྷག་བསམ་ནས་གསུངས་པར་རྒྱབ་སྐྱོལ་ཡོད།