ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྱུར།
སྤྱི་ལོ་༢༠༡༠ལོའི་ཟླ་དགུ་བའི་ནང་། པེ་ཅིང་གིས་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་དེར་དོན་ཚན་གཙོ་བོ་དྲུག་འཁོད་པའི་གནས་ཚུལ་ཞིག་སྤེལ་འདུག་ཅིང་།
གནས་ཚུལ་དེ་ཐོག་མར་སྤེལ་སའི་དྲ་བ་ནས་བླངས་ཚར་འདུག འོད་ཟེར་ལགས་ཀྱིས་གནས་ཚུལ་དེའི་པར་ངོས་ཤིག་ཁོང་གི་ཟིན་བྲིས་སུ་ཉར་འདུག་ཅིང་།
དེ་ལ་མཆན་ཡང་བརྒྱབས་འདུག པེ་ཅིང་གིས་སྤེལ་བའི་གནས་ཚུལ་དེའི་མདོ་དོན་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གཙོས་བའི་ཚོགས་པ་ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་སིམ་འཛུལ་བྱས་ནས། བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་ཀྱི་མ་ལག་ཁག་ཁ་ཐོར་གཏོང་ཐབས་འཁོད་འདུག
ཡིག་ཆ་དེའི་ཁོངས་སུ། པེ་ཅིང་གཞུང་གིས་བཙན་བྱོལ་བོད་མིའི་གཞུང་དང་དེའི་སྒྲིག་འཛུགས་བཅས་གཏོར་ཐབས་ཀྱི་ཐབས་ལམ་དྲུག་འཁོད་འདུག
དང་པོ།
ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བའི་བོད་མིའི་མི་རབས་གཉིས་པ་དང་གསུམ་པ་དག་ལ་དོ་སྣང་དམིགས་བསལ་དང་ཁོང་ཚོ་རྒྱ་ནག་གཞུང་དང་ཐག་ཉེ་རུ་གཏོང་དགོས།
གཉིས་པ།
ཏཱ་ལའི་བླ་མའི་གཞུང་དང་བསམ་ཚུལ་མི་མཐུན་པ་ཡོད་པའི་བོད་མི་སྒེར་བ་དང་ཚོགས་པ་ཁག་ལ་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་བ་མ་ཟད། ཁོང་ཚོ་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་ཡོད་མེད་ལ་མ་བལྟས་པར། ཁོང་ཚོ་ང་ཚོའི་ལག་ཆར་བེད་སྤྱོད་གཏོང་ཐབས་ལ་ཤུགས་སྣོན་རྒྱག་དགོས།
གསུམ་པ།
ཕྱི་ལོ་༡༩༨༠ལོའི་རྗེས་སུ། བོད་ནས་བྲོས་བྱོལ་ལ་འགྲོ་མཁན་ཚོའི་མཉམ་དུ་འབྲེལ་བ་འཛིན་ཐབས་ལ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་དགོས།
བཞི་པ།
པེ་ཅིང་གཞུང་དང་ཐག་ཉེའི་འབྲེལ་ལམ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་སྒེར་བ་ཚོར་རྒྱབ་སྐྱོར་དང་ཁོང་ཚོས་སྤེལ་བའི་ལས་འཆར་དང་འཛུགས་བསྐྲུགས་ཁག་ལ་རོགས་རམ་བྱས་ནས་ཏཱ་ལའི་ཕྱོགས་གཏོགས་གྱི་ནུས་བ་ཁ་འཐོར་ཏུ་གཏོང་དགོས།
ལྔ་པ།
ཏཱ་ལའི་བླ་མའི་ཉེ་འགྲམ་དུ་ལས་ཀ་བྱེད་མཁན་དག་དང་འབྲེལ་ལམ་འཛིན་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོང་ཚོ་པེ་ཅིང་གཞུང་དང་ཐག་ཉེ་རུ་གཏོང་དགོས།
དྲུག་པ།
ཐག་ཉེ་བོ་དང་དུས་ཚོད་བབ་བསྟུན་གྱིས། ཏཱ་ལའི་བླ་མའི་རྗེས་འཇུག་གཤའ་མ་ཚོས་སྤེལ་བའི་ཁ་བྲལ་གྱི་ལས་འགུལ་ཁག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས་ཤིང་།
དེ་དག་ཕྱོགས་ཡོངས་ནས་ནུས་མེད་དུ་གཏོང་ཐབས་ལ་འབད་དགོས།
རྒྱ་ནག་ནས་པན་ཅིན་གྱི་ཐབས་ཇུས་དེ་དག་གསར་འགྱུར་རྒྱུད་ལམ་ཁག་ཏུ་བཀོད་པ་དེ་ཁྱད་མཚར་ཞིག་རེད
ཁ་བརྡ་རྩོམ་སྒྲིག་པས་གནས་ཚུལ་འདི་བཀོད་པ་ཐུགས་རྗེ་ཆེ། འདི་ནི་བོད་མི་ཡོངས་ཀྱིས་ངེས་བར་དུ་ཤེས་དགོས་བའི་གནད་དོན་གལ་ཆེན་ཞིག་ཡིན།
རེད་ཡ་རྒྱ་ནག་གིས་ལས་སྟངས་འདི་འདྲ་ཞིག་ཡིན་པར་སྔོན་བོད་ན་ཡོད་དུས་ནས་ཤེས་ཡོད། ཡིན་ཡང་ང་ཚོ་བཙན་བྱོལ་བོད་མིའི་ནང་ལ་རྒྱ་དགའ་བོད་སྡུག་གི་ལས་སྟངས་ཐབས་སྡུག་ཞིག་ཡོད་པར་སྔོན་ཤེས་མ་སོང་།ད་ནི་འགྲོ་སའི་ཡུལ་དང་འདུག་སའི་གནས་མེད། སློབ་གྲྭ་གཞན་ཞིག་གི་ནང་ཞུགས་མི་ཐུབ་པ་ནི་བཀའ་ཁྲི་རིན་པོ་ཆེ་ནས་གསར་བོ་གསུང་སོང་། ཕྱིར་བོད་ན་ལོག་ན་ག་འདྲ་འདུག
༼ནང་བཀྲ་མ་ཤིས་ན། ཕྱིའི་དོན་མི་འགྲུབ།༽ ཅེས་པའི་དཔེ་ལྟར་རྒྱ་གཞུང་གིས་ཐབས་བྱུས་སྣ་ཚོགས་ལ་བརྟེན་ནས་བོད་རིགས་ཚོའི་ནང་དུ་ནང་དཀྲུགས་བྱས་དང་བྱེད་བཞིན་ཡོད་པས། ང་ཚོས་ཀྱང་དཀྱེལ་ཡངས་ཀྱི་བསམ་བློ་ཞིག་ལ་བརྟེན་ནས། བོད་རིགས་ཀྱི་འདུ་ཤེས་རྣལ་མ་ཞིག་ལ་བརྟེན་ནས་མཐུན་སྒྲིལ་གྱི་ལག་གདེང་སྦྲེལ་རྒྱུ་གལ་ཆེན་པོ་རེད།
ནང་བཀྲ་ཤིས་བ་ལ། ནང་གི་གནད་དོན་དེ་ཚོ་ཡག་པོ་མཁྱེན་པའི་ཐོག་ནས་བཀྲ་ཤིས་བ་ཞིག་བྱུང་ན་སྔ་ཕྱི་གཉིས་ཀར་ཕན་ཐོགས་ཡོད་རེད།
ནང་བཀྲ་ཤིས་དགོས་རེད་ལབ་ནས། སྒོ་ཟོག་ཕྱུག་རྫིས་དེད་པ་བཞིན་མགོ་སྒུར་ནས་འགྲོ་བ་ལས། ནང་ཅུང་ཙམ་རེ་བཀྲ་མ་ཤིས་ན་ཡང་། དོན་གྱི་དམིགས་རྩ་དེ་མ་བརླག་པར་འཐབ་རྩོད་བྱས་ན་དེས་ཕན་པ་ཆེ། མདོ་དོན། པེ་ཅིང་གཞུང་གིས་ཐབས་ཇུས་ག་རེ་འཐེན་ན་ཡང་། རང་གི་ཕ་གསོད་ཀྱི་ལག་དམར་ལ་ལག་པ་མི་གཏོང་བ་ནི་བོད་མི་རྣལ་མ་དེའི་ཤ་གསེང་རུས་གསེང་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་ཁྲག་རྒྱུན་གསོན་པོ་དེ་ཡིན། རང་གི་གཉེན་སུ་ཡིན་དང་རང་གི་དགྲ་སུ་ཡིན། གྲོང་གསེབ་ཀྱི་བྱིས་བ་ཆུང་ཆུང་དེ་ཚོས་མཁྱེན་གི་ཡོད་རེད་དྲན།
གནད་དོན་འདི་ཚོའི་གྲས་ལ། བོད་རིགས་རྩོམ་འབྲི་བ་ཚོས་ལན་ཚ་བོ་དང་རྣོན་པོ་དེ་འདྲ་འབྲི་དགོས་རེད། དེ་ཙམ་ཡིན།
དེ་ལྟ་བུའི་ངན་ཇུས་དེ་ལ་མགོ་བོ་སྒུར་མཁན་དང་། བྱེད་སྟངས་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན། མཐུན་རྐྱེན་སྒྲུབ་མཁན་ཇེ་མང་འགྲོ་བཞིན་པ་དཔེར་ན་ད་སྐབས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་ཕྱིར་ཕ་ཡུལ་ལ་ལོག་མཁན་སྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག གོ་ཐོས་ལ་ཕ་ཡུལ་དུ་སོང་བའི་སྐབས་སུའང་རྒྱ་ནག་གིས་གྲོང་ཁྱེར་ཁ་ཤས་ནང་ལྟ་སྐོར་དུ་ཁྲིད་དེ་རྒྱལ་ནང་སྐྱིད་པོ་ཡོད་རབས་ཀྱི་སྐྱག་རྫུན་མང་དག་གཅིག་གིས་མགོ་སྐོར་བཏང་དང་གཏོང་བཞིན་པ་སོགས་ཡོད་ཀྱང་། དེའི་ཁ་གཏད་དུ་ང་ཚོས་བྱེད་དགོས་པ་དེ་གང་ཡིན་ཤེས་དགོས་པ་གལ་ཆེའི་ནང་གི་དོན་ཆེན་ཡིན་པས། དྲ་ངོས་འདི་གཅིག་བུ་མ་ཡིན་པར་མི་མང་ནང་དུའང་ཁྱབ་བསྒྲགས་གང་ཐུབ་བྱ་གལ་ཆེ་བར་མཐོང་སོང་།
ངན་ཇུས་འདི་དག་ལམ་ལྷང་མི་འབྱུང་བའི་ཆེད་་དུ། མི་རབསa་གསར་བ་དག་གིས་དེ་༧གོང་ས་མཆོག་གི་དགོངས་དོན་དར་སྤེལ་ཆེད་རྒྱ་ནང་སུམ་འཛུལ་དང་རྒྱ་རིགས་ཤེས་ཡོན་པ་དང་ན་གཞོན་རྣམས་ཁ་དཀྲུ་ཐུབ་དགོས། འདི་ནི་ཁ་གཏད་གཅོག་སྟངས་ཡག་ཤོས་དེ་ཡིན།
རྒྱ་ནག་གིས་སྲིད་ཇིས་འདི་ཁྱབ་བསྒྲགས་བྱེད་དགོས་བའི་རྒྱུ་མཚན་ནི་བོད་མིའི་ཁྲོད་གོ་རྟོགས་སྤེལ་ཆེད་དུ་རེད། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཕྱི་སྡོད་བོད་པ་རྣམས་ལ་ཁྱེད་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མིན་ལ་ལྟོས་བ་རྒྱ་ནག་གཞུང་གིས་དགའ་བསུས་སྣེ་ལེན་བྱེད་ཅིང་རང་གི་ཁེ་ཕན་ཆེད་རྒྱ་ནག་གཞུང་མཉམ་གནས་བྱེད་ཐུབ་པའི་ལམ་ཁ་ཡོད་པ་ཤེས་རྟོགས་ཆེད་དྲ་ཐོག་ཏུ་བཀོད་པ་འདོད། རྒྱ་ནག་གིས་དེ་ལྟར་བྱས་ཚེ་ཕྱི་སྡོད་བོད་པ་མང་པོ་ཞིག་གི་བློ་སེམས་འགུག་པའི་ནུས་བ་ཡོད་པ་མཐོང་ནས་གསར་བསྒྲགས་གནང་བ་རེད། ཡིན་དང་ཡིན། རྒྱ་ནག་གཞུང་ནི་སྤྱང་གྲུང་ལྡན་པའི་སྲིད་གཞུང་ཞིག་ལས་འཆར་གཞི་མེད་པ་ག་ལ་ཡིན།