གླུ་བ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ལོ་གཅིག་ལྷག་སྔོན། ་་ཤི་སོང་རུང་འགྱོད་པ་ང་མེད་གི་་ དང་། ་་རྨ་ཁ་མེད་པའི་གཅར་རྡུང་་ སོགས་ཀྱི་གཞས་བཏང་བར་བརྟེན། རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་བཙོན་ཆད་བཅད་པ་རེད།
ཁ་སང་ཕ་ཡུལ་གཅིག་པ་ཞིག་དང་ཁ་བརྡ་བྱས་པར། ཁོང་གིས། ཁེ་ཉིན་པར་བཀྲ་ཤིས་དོན་འགྲུབ་ལོ་ཁ་གང་ནས་བཙོན་གྲོལ་གཏོང་གི་ཡོད་པ་རེད་ཟེར། ད་ལྟ་ཕལ་ཆེར་བཙོན་ཁང་ནང་ནས་ཧུད་ཚར་ཡོད་རྒྱུ་རེད་གོ་ཟེར། བཙོན་ཁང་ནས་ཐོན་སྐབས། མི་མང་པོ་འདུ་འཛོམས། ཤོག་སྦག་བཀད་པ། ཁ་དག་འཐེན་པ་སོགས་རྫིག་ཉམས་རྒྱས་སྤྲོས་བྱས་ན་འགྲིགས་ཀྱི་མ་རེད་ཟེར་ནས་འབྲེལ་ཡོད་བཙོན་ཁང་གི་མི་སྣས་བརྗོད་འདུག མཚམས་རེར། སྲིད་དོན་བཙོན་པ་དེ་འདྲ་གློད་སྐབས། མི་མང་པོ་ཡོང་ནས་བསུ་བ་གཟབ་རྒྱས་བྱེད་ཀྱི་ཡོད་པ་འདྲ།
དང་པོ་བཀྲ་ཤིས་དོན་འགྲུབ་བཙོན་དུ་ཚུད་པ་ནས་ཁོང་ལ་དཀའ་ངལ་གཉིས་འཕྲད་འདུག གཅིག རྒྱ་མི་བཙོན་པ་ཚོས་ཁོང་ལ་ཙར་ཙར་བྱས་སྡོད་མ་བཅུག་ཟིག དེ་ནས་རྒྱ་མི་ཚོ་མཉམ་པོ་རྡུང་རེས་བརྒྱབས་ནས་ཟླ་བ་གཅིག་གི་ལོ་ཆད་སྤར་འདུག ཕར་ལ་གནོད་ཙིག་གེ་ཟིག་བྱས་ན་ཡང་ཤེས་ཀྱི་འདུག ཚུར་ལ་གཉོག་ནས་གསོད་ལ་བྱས་པ་ཡིན་ནའང་བཤད་ས་ཡོད་ནི་མ་རེད་ཟེར། སྟབས་ཡག་པ་ཞིག་ལ། བཙོན་ཁང་ནང་ན་ཨ་ཁུ་ངར་བ་ཞིག་ཡོད་གི་ཟེར། ཁོང་གིས་བཙོན་ཁང་དུ་ཆོས་གསུངས་ནས་རྒྱ་མི་ཚོས་ཀྱང་བརྩི་འཇོག་ཡོད་ནི་རེད་ཟེར། ཨ་ཁུ་དེས། ད་ཁྱོད་ངའི་རྫ་དེད་དྲ་ར་ཙིག་གེ་ཟིག་དྲག་ནི་རེད་བཟེས་དེ་ནས་ཚུར་དྲག་དང་ཟིག
དཀའ་ངལ་གཉིས་པ་དེ། ཁོང་ཨ་ཁུ་འབྲོག་པ་ཡིན་ནོ་གི ས་ལས་རྡོ་ལས་བྱེད་མྱོང་ཡོད་ནི་མ་རེད། ཉི་མ་རེ་རེ་ས་ཤིང་རྟ་བཅོ་ལྔ་སྤོར་དགོས་ནི་རེད་ཟེར། དེ་ལྟར་ལས་ཀ་ལས་པར་དཀའ་ནས། ཁོང་གི་ལྫིད་ཚད་རྒྱ་མ་བཅོ་ལྔ་མར་ལྷུང་སོང་ཟིག་ཟེར། རིམ་པས་གོམ་བྱང་ང་སོང་། གསར་རུ་ཡིན་ཚིག་གི ཉིན་རེར་ལས་སླ་པོ་བྱས་ས་ཤིང་རྟ་བཅོ་ལྔ་སྤོར་ཐུབ་གོད་གི་ཟེར། དེར་མ་ཟད། ལས་ཀ་ཡག་པོ་རེད་ཟེར་ནས་སྔོན་མ་ཟླ་བ་གཅིག་སྤར་བ་དེའང་མར་བཅག་པ་རེད།
ད་དོན་དག་གཞན་ཞིག་ནི། ཐོག་མའི་དུས་ཟླ་བ་གཅིག་ནང་ལ། ཐེངས་གསུམ་ལ་ཁོང་ལ་ལྟ་སྐོར་བྱས་ན་འགྲིགས་ནི་རེད་ཟེར། ལྟ་སྐོར་བྱེད་མཁན། གྲྭ་པ། བུ་མོ། གཞན་ངོ་མི་ཤེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་ས་རེད་ཟེར། ཁམས་ཀྱི་བླ་མ་ཞིག་གིས་ཀྱང་། ཁྱེད་ཚོའི་ཞི་ལི་དེས། དམག་སྟོང་དམག་ཅིག་གི་གོ་ཆོད་ད། དེ་ལ་ཡིན་གཅིག་མིན་གཅིག་ལྟ་གི་འགྲོ་གི་ཡིན་ཟེར་ནས་སྔོན་མ་ཟིག་ལ་བཤད་གི་ཡོད་ད་ཟེར། རྗེས་ནས། ལྟ་མཁན་མང་པོ་ཡོང་གི་ཡོད་པས་ཡིན་ན་ཐང་། ཟླ་རེར་ཐེངས་གཅིག་རེ་མ་གཏོགས་ལྟ་གི་ཡོང་བཅུག་གི་མི་འདུག་ཟེར། ད་བཙོན་གྲོལ་ཐོབ་པའི་གཏམ་བཟང་དང་། བཙོན་ཁང་གི་གནས་ཚུལ་ཁ་ཟིན་སྣ་ཟིན་དང་བཅས་པ་རྫོགས་སོ།
འདི་ལྟར་བྲིས་ན། ཁྱེད་རང་གིས་བརྒྱ་ཆ་ག་ཚོད་ཅིག་གོ་ཐུབ་མིན་དང་། ཁྱེད་རང་གི་ཕ་ཡུལ་གང་དུ་ཡིན་མིན་ཡང་འབྲི་ཐུབ་ན་ཐུགས་རྗེ་ཆེ། ངས་ཡུལ་ལུང་གང་གི་མི་ཨམ་སྐད་ལ་འདྲིས་ཆ་ཆེ་མིན་ལྟ་གི་ཡོད། འབྲུག ཁུ་ནུ། ལ་དྭགས། པི་ཏི། མངའ་རིས་སོགས་ཀྱི་མི་ཡོད་ན་ལྷག་ཏུའང་དགའ་བསུ་ཞུ་གི་ཡིན།
༡ ཙར་ཙར་ནི་བརྙས་བཅོས་དང་ཐུབ་ཚོད།
༢ ཙིག་གེ་ཟིག་ནི་ ཆུང་ཆུང་ཞིག
༣ གཉོག་ནི་རྡུང་བ།
༤ རྫ་དེད་དྲ་ར་ནི་རྗེས་ལ་དེད་དང་།
༥ བཟེས་ནི་ཟེར་བའི་འདས་པ།
༦ ཙིག་གེ་ཟིག་དྲག་ནི་རེད་ནི་ཅུང་དྲག་གི་རེད།
༧ ཡིན་ཚིག་གི་ནི་ཡིན་པས་སམ་ཡིན་ཙང་།
ཡང་གཡུ་རལ་དགུང་དུ་གསིག་པའི་གངས་སེང་ཞིག་ཕྱིར་གངས་འདབས་སུ་ལོག་བྱུང་། ངོ་མ་དགའ་ནི་ཟིག་རེད།
གཞས་པ་བཀྲས་ཆུང་སོགས་ཀྱིས་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རོལ་གཞས་འདུ་འཛོམ་དེ་འདྲ་བསྐངས་དང་སྐོང་བཞིན་འདུག
གངས་དཀར་པོའི་དཔའ་རྒོད་ངར་མ་དེས།
གངས་དཀར་པོའི་སྡུག་མངལ་གླུ་རུ་ལེན།
རྒྱ་ནག་པོའི་མུན་པའི་བཙོན་ཁང་ནང་།
སྐུ་ལུས་ལ་ངལ་བ་ཅི་འདྲ་བྱུང་།
བོད་དོན་གྱི་ཆེད་དུ་ཡིན་ནམ། གང་ལྟར་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དཀའ་སྡུག་གི་སྨག་རུམ་འགྲིམ་བཞིན་པའི་ཨ་མདོའི་གླུ་བ་བཀྲ་ཤིས་དོན་འགྲུབ་མཆོག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ངའི་སེམས་ཁོང་གི་ཨ་མདོའི་ཕོ་རྒོད་ལགས། སྙིང་གཏམ་རེ་བཤད་ན། འུ་ཚང་གི་ཁྱིམ་མཚེས་རྣམས་དུས་བསྟུན་འཚོ་སྐྱིད་ཀྱི་ལས་ལ་འབད་དུས། ཁྱེད་ཀྱིས་མེ་མདའི་སོ་ཁ་ན་ཀ་ཁའི་དབྱངས་རྟ་ཤུགས་ཀྱིས་གྱེར། བྱིས་པ་ཚོས་བོད་ཡིག་ཕར་ཞོག་བོད་སྐད་མི་ཤེས་དུས། དུ་དུང་ཁྱེད་ཀྱིས་བོད་པ་དང་བོད་ཡིག་གི་དོན་དུ་བཙོན་དོང་དུ་འཕག་འཚག་རྒྱག་དགོས་པ་ཅི་ཡིན་ནམ། ང་ཚོས་རང་ལམ་རང་གིས་བཅད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ང་ཚོས་དུས་བསྟུན་འཚོ་སྐྱིད་ཀྱི་ལས་ཀ་བྱེད་ཤེས་སམ་་་་་་་་་་་་་་་་་་་་་་་་་་་་་་་་་་
ཡུམ་མི་ཡག་ཀི་ན། གཏམ་བཟང་མང་ནི་ཟིག་བཤད་རྒྱུ་ཡོད་ན་ཉི་མ་གར་འགྱོ་མི་ཤེས་ཀི་ཡ། དེ་མིན་ན་བཙན་བྱོལ་ནང་ནས་མི་ཚེ་འཁྱོལ་ཐབས་ཀ་ནི་ཟིག་རེད།
དངོས་གནས་གཏམ་བཟང་རེད།
ཁམས་ཀྱི་བླ་མ་ཞིག་གིས་ཀྱང་། ཁྱེད་ཚོའི་ཞི་ལི་དེས། དམག་སྟོང་དམག་ཅིག་གི་གོ་ཆོད་ད། དེ་ལ་ཡིན་གཅིག་མིན་གཅིག་ལྟ་གི་འགྲོ་གི་ཡིན་ཟེར་ནས་སྔོན་མ་ཟིག་ལ་བཤད་གི་ཡོད་ད་ཟེར།
དངོས་གནས་དྲང་གནས་དཔའ་བོ་རེད
འགའ་ཞིག་གིས་སོག་རྫོང་གི་དཔའ་བོ་ཁེར་སྐྱེས་རེད་ཟེར། མདོ་ཁམས་ཀྱི་ཡར་ལངས་ལ་བསྐུལ་མ་དྲག་པོ་བྱུང་བ་སྨོས་མ་དགོས། སྟོང་ཐུབ་དཔའ་བོའི་ང་རོ་ཐེངས་གཅིག་གིས། ། དམར་པོའི་དཔོན་འབངས་སྙིང་རྩ་འདར་བར་བྱས། ། ད་དུང་འཇིགས་པ་མེད་པའི་གཡུ་རལ་བཅས། ། བཙོན་ཁང་ཆེན་པོའི་ནང་དུ་གཅིག་པུར་འགྱིང་། ། ལོ་རྒྱུས་རི་བོར་བདེན་པའི་རྡོ་རིང་བཀོད། །ཁོང་བཙོན་ལས་ཐར་བར་བཀྲ་ཤིས་བདེ་ལེགས་ཞུ། །ཤི་ཡང་གསོན་ཡང་། འགྲིགས་ཀྱང་ནོར་ཡང་དེ་ཁོ་ནས་ཆོག་པའི་རླབས་ཆེན་གྱི་བྱས་རྗེས་གནང་ཚར་བ་རེད།
དངོས་གནས་གཏམ་བཟང་རེད། བོད་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་འབེན་དུ་འཇོག་མཁན
དོན་གྱི་དབའ་བོ་བཀྲ་ཤིས་དོན་འགྲུབ་ལགས་བཙོན་གྲོལ་ཐོབ་པར་ངོ་མས་དགའ་བོ་བྱུང་།ཁོང་གི་བྱ་བ
ལམ་འགྲོ་དང་སྐུ་གཟུགས་བདེ་ཐང་ཡོང་པས་སྨོན་འདུན་ཞུ །།
ཁོང་སྐུ་ཚེ་བརྟན་པ་དང་བོད་ཀྱི་རྩ་དོན་ཐད་ལས་འགུལ་གང་ཞིག་སྤེལ་ཡང་ལམ་འགྲོ་ཆུ་རྒྱུག་རྒྱུག་ཡོང་བར་སྨོན།
དང་པོ་བཀྲ་ཤིས་ཞུ་བ་ཁོང་སུ་ཡིན་ངོ་ཤེས་མ་སོང་སྟེ་གླུ་པ་ཞིག་ཡིན་ཚོད།
གཉིས་པ་ཁོང་གི་སྐོར་བོད་སྐད་ནང་བྲིས་མིན་འདུག་པས་ཕྱེད་ཤེས་ལ་ཕྱེད་མ་ཤེས།
གང་ལྟར་བོད་པ་ཞིག་བཙོན་ལས་གྲོལ་བ་འདྲ་བས་དགའ་བསུ་ཞུ།
དངོས་གནས་གཏམ་བཟང་རེད།
ཁ་བ་གངས་ཅན་བའི་དབའ་རྒོད་ཟེར་ན་དངོས་གནས་ཁོང་རེད། ཁོང་ལོ་གསར་བའི་ནང་གློད་གྲོལ་ཐོབ་པར་བཀྲ་ཤིས་བདེ་ལེགས་་གྲངས་མེད་ཞུ། རྒྱ་དམག་སྟོང་གི་སྙིང་རྩ་དེ་དབའ་རྒོད་ཁོང་གིས་ངར་སྐད་གཅིག་གིས་གཏུབ།
གངས་རིའི་དཔའ་རྒོད་གླུ་བ་བཀྲ་ཤིས་དོན་འགྲུབས། བཙོན་གྲོལ་ཐོབ་པ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་་་་་་་་་་་་
ཁ་བ་ཅན་གྱི་དབའ་རྒོད་ཁོང་བཙོན་གྲོལ་ཐོབ་པ་ལ་སྙིང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་་་་་་་་་་
དཔའ་རྒོད་ལགས། ཁྱེད་ཀྱིས་རྨ་ཁ་མེད་པའི་གཅར་རྡུང་དྲག་པོ་དེ་སེམས་ཀྱི་མ་བཟོད་པར་རྨ་ཁ་མེད་པའི་གཅར་རྡུང་རབ་དང་རིམ་པ་མྱོང་མཐར། མུ་ནག་གི་བཙོན་ལས་གྲོལ་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་འཚམས་འདྲི་ཞུ་གི་ཡོད། འདི་ནི་ཁྱེད་ཀྱི་ཆོད་སེམས་བརྟན་པོ་ཞིག་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་བཙན་པོ་ཞིག་གི་བསླངས་པའི་མི་རིགས་ལ་བཅིངས་པའི་ལར་ཞེན་དེ་རེད། ལར་ཞེན་འདིས་ཁྱེད་ཀྱི་དཔའ་རྟགས་གངས་ལྗོངས་ནས་མཆེད་དེ་ཕྱི་རྒྱ་མཚོའི་ཕར་ངོགས་སུ་ཁྱབ་ཡོད། ཨ་མའི་བུ།
ཨ་མདོའི་གླུ་ཚིག་ གདོངས་དམར་བོད་དང་ གངས་རིའི་ལ་རྒྱ་རེད་
ཁམས་པའི་གླུ་ཚིག་ བླ་མའི་བཀའ་དྲིན ཨ་མ་དྲན་གླུ་རེད་
་དབུས་པའི་གྷགླུ་ཚིག་ མཆོད་ཆང་ཞེསདང་ ཆུང་སྒྲིག་དྲན་གླུ་རེད
ངོ་མ་གཏམ་བཟང་རེད། གསར་འགྱུར་གལ་ཆེན་འདིའི་རིགས་ཨམ་སྐད་ནང་བྲིས་ནས་ག་རེ་ཡིན་ནམ།
གནས་ཚུལ་ཤིན་ཏུ་བཟང་། ཐུགས་རྗེ་ཆེ།
༼༽ ནང་ཡོད་པའི་ཚིག་གྲུབ་རྣམས་ཀྱི་དོན་ཆ་ཚང་བ་ཞིག་གོ་མི་ཐུབ་པས་འབྲེལ་བརྗོད་ཞིག་གནང་རོགས།
༼ལོ་ཁ་གང་༽ ཟེར་ན་ལོ་ཟིན་ནས་ཞེས་པའི་དོན་ཡིན་ནམ།
༼ཧུད་ཚར་༽ ཟེར་ན་ཐོན་ཚར་ཞེས་པའི་དོན་ཡིན་ནམ།
༼ཙར་ཙར་བྱས་སྡོད་མ་བཅུག་ཟིག༽
༼ཕར་ལ་གནོད་ཙིག་གེ་ཟིག་བྱས་ན་ཡང་ཤེས་ཀྱི་འདུག ཚུར་ལ་གཉོག་ནས་གསོད་ལ་བྱས་༽
༼རྫ་དེད་དྲ་ར་ཙིག་གེ་ཟིག་དྲག་ནི་རེད་བཟེས་དེ་ནས་ཚུར་དྲག་དང་ཟིག༽
༼ཁྱེད་ཚོའི་ཞི་ལི་དེས། དམག་སྟོང་དམག་ཅིག་གི་གོ་ཆོད་ད། དེ་ལ་ཡིན་གཅིག་མིན་གཅིག་ལྟ་གི་འགྲོ་གི་ཡིན་ཟེར་ནས་སྔོན་མ་ཟིག་ལ་བཤད་གི་ཡོད་ ད་ཟེར།༽
i like it
ཁ་བརྡ། | གཏམ་བཟང་། now im your rss reader
བོད་ཞེན་ཅན་གྱི་སེངྒེ་དེ་སྡོད་ས་ན་གངས་རྩ་བ་ནས་མེད། གངས་སེང་དེང་སང་འདམ་ནང་དུ་སྡོད་དགོས་པ་རེད།
མཁས་ཆོས་ཀྱིས། འདམ་སེང་ལས་ གངས་སེང་ མེད་པར འདོད། དགག་ལན་ཅིག རྩོམས་ དང་། དགེ་ཆོས་ལགས་ དུར་ས་ནས ལངས་ མི་ཐུབ་པར་ ཅིག་ གྱིས་དང་། ང་ལ་ ལྟད་མོ་ འདི་ལས་ ཆེ་བ་ཞིག ཡོང་ས་ མ་རེད།
བོད་པ་ལགས།
རྩོམ་མཇུག་ཏུ། ཨམ་སྐད་ཁ་ཤས་ལ་འགྲེལ་བཤད་བརྒྱབས་ཡོད་ཀྱང་། ཡང་སྐྱར་ཁྱེད་ཀྱི་ཐུགས་འདུན་ལྟར་འདིར་འགྲེལ་བཤད་བྱས་པ་གཤམ་གསལ།
༡ ལོ་ཁ་གང་ ཟེར་ན་ལོ་གྲངས་ཡོངས་སུ་ཚང་བ་ལ་ཟེར། དེ་བཞིན་ཟླ་གྲངས་ཡོངས་སུ་ཚང་བ་ལ་ཟླ་ཁ་གང་ཟེར།
༢ ཧུད་ཚར་ ཟེར་ན། བཏང་ཚར་བའི་དོན་རེད། ཧུད་ནི་ཡིག་སྐད་དུ་ཕུད་ཀྱི་དོན་རེད། ཧུད་ལ་ཨམ་སྐད་ནང་དོན་དག་ཁ་ཤས་ཤིག་ཡོད་པ་རེད། གོས་ཧུད། རྟ་སོགས་བཏགས་པ་ལས་ཧུད། ཆུའི་ཧར་ཁའམ་ཕར་ཁར་ཧུད། མགྲོན་པོ་སོགས་ཁྱི་ཁ་ལས་ཕར་སྐྱེལ་ཐུང་བྱེད་པ་ལ་ཧར་ཧུད། བཙོན་ཁང་ནས་བཏང་བ་ལ་བཙོན་ཁང་ནས་ཧུད། ཟེར་བ་ལྟ་བུའོ།
༣ ཙར་ཙར་བྱས་སྡོད་མ་བཅུག་ཟིག བརྙས་བཅོས་དང་ཐུབ་ཚོད་བྱས་ནས་སྡོད་མ་བཅུག་པ་རེད་ཟེར་བའི་དོན།
༤ ཕར་ལ་གནོད་ཙིག་གེ་ཟིག་བྱས་ན་ཡང་ཤེས་ཀྱི་འདུག ཚུར་ལ་གཉོག་ནས་གསོད་ལ་བྱས་ཟེར་བའི་ནང་གི། གནོད་ཙིག་གེ་ཟིག་ནི་གནོད་ཆུང་ངུ་ཞིག་ཅེས་པའི་དོན་རེད། གཉོག་ནས་གསོད་ལ་བྱས་ནི་རྡུང་ནས་གསོད་ལ་ཁད་བྱས་པའི་དོན་རེད།
༥ རྫ་དེད་དྲ་ར་ཙིག་གེ་ཟིག་དྲག་ནི་རེད་བཟེས་དེ་ནས་ཚུར་དྲག་དང་ཟིག་ནི། རྫ་ནི་རྗེས་རེད། ངའི་རྗེས་དེད་དང་ཅུང་ཟད་དྲག་གི་རེད་ཟེར། དེ་ནས་བཟུང་ཅུང་དྲག་ག་བྱུང་འདུག་ཟེར་བའི་དོན་རེད།
༦ཁྱེད་ཚོའི་ཞི་ལི་དེས། དམག་སྟོང་དམག་ཅིག་གི་གོ་ཆོད་ད། དེ་ལ་ཡིན་གཅིག་མིན་གཅིག་ལྟ་གི་འགྲོ་གི་ཡིན་ཟེར་ནས་སྔོན་མ་ཟིག་ལ་བཤད་གི་ཡོད་ ད་ཟེར། ཞི་ལི་ནི་བུ། གོ་ཆོད་ད་ནི་གོ་ཆོད་སོང་། དངོས་སུ་ན་ཁ་སྐད་དུ། གོབས་ཆོད་ད་ཟེར། སྔོན་མ་ཟིག་ནི་སྔོན་མ་ཞིག་ལ་ཟེར་བའི་དོན། བཤད་གི་ཡོད་ད་ནི་སྔོན་མ་ཞིག་ལ་བཤད་ཀྱི་འདུག་ཟེར་བའི་དོན།
ངོ་མས་གཏམ་བཟང་རེད་་་་་་རང་རིགས་དཔའ་རྒོད་ཅིག་བཙོན་རྒྱ་ལས་ཐར་བར་དགའ་སྤྲོ་བའི་གནས་རང་རེད།
གངས་ཅན་བདེ་སྡུག་ཡིད་ཀྱིས་མ་བཟོད་པས། །
བདེན་གཏམ་གླུ་རུ་གྱེར་བའི་རྒྱ་སྟག་རྒོད་པོ། །
ད་སྐབས་བཙོན་ལས་ཐར་བའི་གཏམ་བཟང་འདི་ནི། །
ས་མཐའི་བུ་ཡི་རྣ་བར་བདུད་རྩི་ཉིད། །
དཔའ་རྒོད་ཁོང་གི་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ།
དཔའ་རྒོད་དེ་ཡི་བྱ་བཞག་ཚང་མ་འགྲུབ་པར་ཤོག
བསྟན་འཛིན་སྒང་གཞིས་ཁོངས་སུ་ཆེས་གདུག་རྩུབ་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མི་དེ་ཚོར་བོད་ཀྱི་བཀའ་ཤག་དང་སྤྱི་
འཐུས་ལྷན་ཚོགས་ཁྲིམས་ཞིབ་ལས་ཁུངས་ནས་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་ནན་པོ་གནང་དགོས་ཀྱི་རེད་དེ་བཞིན་སུལ་ཇ་སློབ་གྲའི་རྒན་བདག་གིས་སློབ་མ་བརྡུངས་བསད་བྱས་པའི་གནས་ཚུལ་ལ་ཡང་ཐག་གཅོད་ནན་པོ་མ་གནང་ཚེ་ཉེས་ཅན་པ་སླར་ཇེ་མང་དང་འཚབ་ཆེའི་གནས་ཚུལ་ཇི་འབྱུང་ཆ་མ་མཆིས་ཤིག་རེད་ས་གནས་སོ་སོར་ད་ཡོད་འགོ་འཛིན་དང་སྤྱི་ཁྱབ་བཀོད་གཏོང་བ་དེ་ཚོས་མིང་འཁུར་ཕོགས་བཟས་གཉིད་ཉལ་སྐྱག་པ་བཏང་གཤམ་འོག་མི་ཁག་གཅིག་ལ་གསོད་རྡུང་དང་བུད་མེད་ནུས་མེད་ལ་ཁྲིམས་འགལ་རང་སྣང་གང་ཤར་དེ་ཁོ་ན་བྱེད་དུ་བཅུག་པ་ལས་བོད་ཀྱི་རྩ་དོན་དང་ཡང་སྒོས་ས་གནས་མི་མང་བདེ་རྩར་བསམ་ཤེས་མེད་པའི་མི་དེ་ཚོར་དོ་སྣང་ཆེན་པོ་གནང་དགོས་རེད་ལ་རྒྱ་དམར་གྱི་མནར་གཅོད་མ་བཟོད་པར་སེམས་ཐག་ཆེན་པོ་ཆད་ནས་དཀའ་ཁྲི་ཁྱད་བསད་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ཁ་ཕྱོགས་ནས་ཡོང་བར་གཅེས་སྤྲས་བྱས་ནས་ངང་རིང་སློབ་གསོའི་ཐབས་ལམ་སྤྱོད་པ་ལས་བརྡུངས་བསད་བྱས་ཆོག་པའི་འགན་དབང་རྒན་བདག་ལ་ཡོད་མི་རུང་བ་དེ་གང་ནས་བྱུང་བ་རེད་དམ་༢གོང་ས་མཆོག་ལ་བོད་གཞུང་ལས་བྱེད་པ་དང་བོད་རྒྱལ་ཡོངས་གཞུང་དམངས་ནས་ཁས་ལེན་གང་འདྲ་ཞུས་ཡོད་དམ་དྲན་ཨེ་གསོས་བསམ་ཞིབ་ཡག་པོ་བྱས་ནས་དགྲ་བོ་རྒྱ་དམར་ལ་ཐབས་བརྒྱ་བྱུས་སྟོང་གིས་རྒོལ་བསམ་སྲ་བརྟན་གྱི་བྱ་སྤྱོད་དགོས་པ་ལས་ནང་ཁུལ་གཅེས་འཛིན་བྱ་ཐབས་བཟུང་དགོས་རེད་ང་ཚོའི་ཁྲོད་ལ་གང་སར་གཏོར་བཤིག་གི་བྱ་སྤྱོད་སྤེལ་མི་བཏང་ཡོད་པར་དོགས་གཟོན་ལྷོད་མེད་དང་བལྟ་ཞིབ་ནན་པོ་གནང་དགོས་པ་ཚང་མའི་དགོངས་པར་འཚལ་ལོ་།།