༼དུས་ཚོད།༽
ཕྱི་ལོ་ ༢༠༡༡ ཟླ་ ༠༢ ཚེས་ ༢༠ གཟའ་ཉི་མའི་ཕྱི་དྲོ་དུས་ཚོད་ ༢ པའི་ཐོག་ཡིན།
༼འཚོགས་ཡུལ།༽
མེག་ལོའི་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ཡིན་ལ། གོ་སྒྲིག་པ།
སྒྲོན་མེ་རྩོམ་སྒྲིག་ཁང་། འབྲེལ་བ་བྱ་ཡུལ།
0 9816356766
དམིགས་ཡུལ།
འདི་ག་ནས། མི་མང་གི་བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་ཞིག་གོ་སྒྲིག་ཞུ་དགོས་པ་ནི།
ནོར་མི་ཉན་པའི་གདམ་ཁ་དང་རྟིང་རྩོད་འགྲན་བསྡུར་འདི་ཇེ་གསལ་ཇེ་ལེགས་སུ་དམིགས་པ་ཡིན་ལགས།
༼བརྗོད་གཞི།༽
མཐའ་གཅིག་ཏུ་རང་རང་གི་བཀའ་ཁྲིའི་འོས་མི་དེ་བསྒྲུབ་ཐབས་དང་གཞན་གཉིས་དགག་བཞག་གི་ལམ་ནས་རྩོད་གླེང་བྱ་རྒྱུ།
༼བགྲོ་གླེང་བ།༽
༡༽ ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་བ།
བོད་དོན་ལས་འགུལ་བ་གྲྭ་བག་བྲོ།
༢༽ བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བ།
བུད་མེད་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན།
༣༽ བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་བ།
ས་གནས་གཞོན་ལྷན་གྱི་ཚོགས་གཙོ་བསོད་ནམས་རྡོ་རྗེ།
ཁོང་གསུམ་པོ་རྒྱག་རེས་རྒྱག་བཅུག་རྩིས་ཡིན་པས།
བང་ཆེན་ཚགས་པར་ན་འདི་ལྟར་བཀོད་འདུག
རྒྱུད་སྟོད་དགོན་གྱི་ས་ཆའི་བདག་དབང་མིང་བསྒྱུར་རྒྱུ།
རྒྱ་གར་བྱང་རྒྱུད་ཀྱི་ཧི་མ་ཅལ་མངའ་སྡེའི་གཞུང་གིས་དཔལ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་གི་བདག་དབང་དེ་མངའ་སྡེ་དེའི་གཞུང་གི་མིང་དུ་ཁྲིམས་སྲོལ་ལྟར་སྒྱུར་རྒྱུའི་གསལ་བརྡ་ཞིག་བཏང་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧རྒྱལ་བ་ཀརྨ་པའི་གནས་སྐབས་ཀྱི་བཞུགས་གནས་རྒྱུད་སྟོད་གྲྭ་ཚང་དེ་ཕྱི་ལོ་༢༠༠༢ ལོར་མངའ་སྡེ་དེ་གའི་ཡུལ་མི་ལྡི་ལི་རམ་དང་པཱམ་སིང་གཉིས་ཀྱི་མིང་ཐོག་ནས་ས་ཁང་དེའི་བདག་དབང་དེབ་སྐྱེལ་བྱས་ཡོད་པ་དེ། ཟླ་འདིའི་ཚེས་༡༥ མངའ་སྡེ་གཞུང་གི་མིང་དུ་བསྒྱུར་རྒྱུ་ཡིན་ལུགས། རྒྱུད་སྟོད་གྲྭ་ཚང་གི་འབྲེལ་ཡོད་ལས་ཁུངས་སུ་སྔོན་བརྡ་ཞིག་བཏང་ཡོད་ཅེས་མངའ་སྡེའི་ཁྲལ་བསྡུ་འགན་འཛིན་རྒན་པ་སྐུ་ཞབས་ནཱ་རེན་ཤི་ཀུ་མར་གྱིས་བརྗོད་འདུག
༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་༢༠༠༦ དང་༢༠༠༧ ཙམ་ཀོང་རེ་སི་ཆབ་སྲིད་ཚོགས་པས་མངའ་གཞུང་གི་སྲིད་སྐྱོང་སྐབས། མངའ་སྡེའི་བློན་ཆེན་སྐུ་ཞབས་ཝིར་བྷ་དྷར་སིང་མཆོག་ལ་བོད་མིས་ཁྲིམས་འགལ་ཐོག་ནས་ས་ཁང་བདག་དབང་དེབ་སྐྱེལ་བྱས་པ་ཁག་༧༣ གྱི་ཐོ་གཞུང་རྣམས་དྭངས་བླང་གི་ཐོག་ནས་མངའ་གཞུང་ལ་སྤྲད་པའི་འབྲས་བུར། བློན་ཆེན་གྱིིས་སློབ་གྲྭ་དང་དགོན་སྡེ་ཁག་མངའ་སྡེའི་མིང་ཐོག་ནས་བདག་དབང་ལེན་རྒྱུ་དང། རྗེས་སུ་ས་ཁང་དེ་དག་ལོ་ངོ་སུམ་ཅུའི་རིང་ཕྱིར་བཙན་བྱོལ་གཞུང་གི་མིང་ཐོག་ནས་བོགས་མ་གཏོང་རྒྱུ་དང། བོགས་མ་གཏོང་གླ་ས་ཁང་གི་སྤྱིའི་རིན་འབབ་ཀྱི་བརྒྱ་ཆ་༡༠ མངའ་སྡེ་གཞུང་ལ་འབུལ་དགོས་པའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གིས་ཧི་མ་ཅལ་མངའ་གཞུང་ལ་རྩིས་འབུལ་ཞུས་པའི་གོང་འཁོད་ས་ཁང་༧༣ ནས་ས་ཁང་༤༠ བདག་དབང་མངའ་སྡེ་གཞུང་གི་མིང་ཐོག་ཏུ་བསྒྱུར་ཟིན་ལུགས་དང། རྒྱུད་སྟོད་གྲྭ་ཚང་གཙོས་པའི་འཕྲོས་ས་ཁང་རྣམས་ཀྱི་བདག་དབང་མིང་བསྒྱུར་གྱི་བརྒྱུད་རིམ་འགྲོ་བཞིན་ཡོད་ལུགས་སོགས་འཁོད་འདུག ད་ཆ་རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་གི་མིང་དེ་མངའ་གཞུང་གི་མིང་ཐོག་ཏུ་འཕྲལ་དུ་བསྒྱུར་རྒྱུའི་གཏན་ཁེལ་གསལ་བསྒྲགས་བསྐྱངས་དགོས་དོན་ནི། ༧རྒྱལ་བ་ཀརྨ་པ་མཆོག་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་དང། ཉེ་བའི་ཆར་མཚུར་ཕུ་བླ་བྲང་ནས་དངུལ་དམར་འབོར་ཆེན་ཐོན་པའི་དོན་རྐྱེན་ལ་བརྟེན་ནས། རྒྱུད་སྟོད་གྲྭ་ཚང་གི་ས་ཁང་བདག་དབང་དེ་མངའ་གཞུང་གི་མིང་ཐོག་ཏུ་བསྒྱུར་རྒྱུའི་དོ་སྣང་གསར་དུ་སླེབས་པ་ལྟ་བུ་ཞིག་མངོན་གྱི་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༢, ༡༧’ )
ཡང་དགའ་ལྡན་གྲྭ་བག་གྲོ་ཟེར་བ་དེ་ཡིན་པ་འདྲ། ད་ཁོ་ཆོས་རིག་བཀའ་བློན་བྱེད་སྙིང་འདོད་ནས་སྡོད་ཚུགས་ཀྱི་མེད་པ་འདྲ། ཁྱད་མཚར་རེད། མི་འདི་ཚོས་དངོས་ཐོག་བདེན་འཚོལ་ཞེས་པའི་གནས་ལུགས་འདི་རྩ་བ་ནས་ཤེས་ཀྱི་མེད་པ་འདྲ། གཞོན་ནུ་སྔོན་དུ་མ་སོང་བའི་རྒན་འཁོགས་དང་སྐས་ཀ་མ་འཛེགས་པར་ཐོག་ཁར་མི་སླེབས་པའི་དཔེ་འདི་ཁོང་ཚོས་སྣང་མེད་དུ་འཇོག་རྐྱང་བྱེད་ཀྱི་འདུག གང་ལྟར་འདི་ཚོ་ཚང་མ་དབང་ཆ་ལ་བརྔམས་པའི་འདོད་རྔམས་ཅན་ཤ་སྟག་རེད་འདུག
འོ་རེད།ཚང་མར་བཀྲིས་བདེ་ལེགས།
ད་དུས་ཚོད་དེ་འགག་རྩ་ལ་སླེབས་ཡོད།བཀའ་ཁྲིའི་འོས་མི་གསུམ་པོའི་རྒྱབ་སྐྱོར་བ་ཚོར་བགྲོ་གླེང་འདི་ལྟ་བུ་མང་ཙམ་བྱེད་དགོས།
༡༽དེ་དུས་ང་ཚོས་བསམ་བློ་ལོག་པར་ཕྱོགས་མི་ཉན།
༢༽ཁོངས་སོ་སོར་དགག་བཞག་བྱེད་དུས་མཚང་འབའ་ཞིག་སྔོག་གི་འདུག་པའི་ཚོར་སྣང་ལེན་མི་རུང་།
༣༽ཁུངས་སོ་སོར་དགག་བཞག་བྱེད་དུས་ཆོལ་ཁའི་བསམ་བློ་འཁྱེར་མི་རུང་།
༤༽ཁུངས་སོ་སོར་དགག་བཞག་བྱེད་དུས་ཕུང་དཀྲུགས་ཀྱི་བསམ་བློའི་གོ་བ་ལེན་མི་རུང་།
༥༽རྒྱབ་སྐྱོར་བས་སྒེར་འཁོན་ཞེ་འཛིན་གྱི་བསམ་བློ་སྤེལ་མི་རུང་།
༦༽བློ་རྒྱ་དང་བསམ་རྒྱ་ཡངས་པོ་དགོས་པ།
༧༽གླེང་གཞི་གཙོ་བོ་འོས་མི་གསུམ་པོའི་འདས་པའི་གནས་ཚུལ་དང་།ད་ལྟའི་གནས་བབ།མ་འོངས་ཀྱི་འཆར་གཞི་བཅས་གལ་ཆེན་པོ་རེད།
༨༽འོས་ཆོས་་གཙོ་བོ་དབྱིན་བོད་ཤེས་ཡོན་དང།འཇོན་ཐང་།ལྷག་བསམ།ཉམས་མྱོང་།བྱས་རྗེས།གྲུབ་འབྲས་བཅས་ཀྱི་ཐད་ནས་གླེང་དགོས་པ་གལ་ཆེན་པོ་ཡིན་པར་སྙམ་མོ།
དྲ་གྲོགས་ཚོས་ད་དུང་ཁ་སྣོན་བསྐྱོན་རོགས།
བགྲོ་གླེང་གོ་སྒྲིག་གནང་བར་མངོན་པར་བསྟོད་དོ། བདེན་པ་རྟག་ཏུ་རྒྱལ་གྱུར་ཅིག
ངས་ཁ་སྔོན་དྲ་གྲོགས་ཤིག་གིས་སྤེལ་བའི་གནས་ཚུལ་ཞིག་དྲན་སོང་།
དགའ་ལྡན་བག་གྲོ་ཞུ་བ་ཁོང་གིས་ཆབ་སྲིད་བཙོན་པའི་འཁྱེར་ནས།་ཉི་ཤུ་དགུའི་ཁྱི་བཞིན་ཤར་རྒྱུགས་ནུབ་རྒྱུགས་ཀྱི་ཁྲིམས་ལུགས་ཉམས་ཞིབ་པ་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་འདུག་ཟེར།
འོ་ན་བག་གྲོ་ལགས་ཀྱིས་བློ་སེང་ལ་རྒྱབ་སྐྱོར་བྱེད་དོན་བོད་ཀྱི་རྩ་དོན་ལ་དགོངས་ནས་ལས་འགུལ་སྤེལ་བ་མ་ཡིན་པར།་་དེ་ནི་ཁོང་བཀའ་ཁྲིའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་ལགས་སུ་འཁོན་འཛིན་ཆེན་པོ་ཡོད་པ་དེའི་ཡ་ལན་ལོག་རྗེས།སྒེར་འཁུན་ཞེ་འཛིན་གྱི་དགྲ་ཤ་ལེན་གྱི་ཡོད་པར་བཤད་འདུག
དེ་ཡང་བག་གྲོས་བློ་སེང་ལགས་སུ་རྒྱབ་སྐྱོར་གྱི་གཏམ་འཆལ་གང་སར་སྤེལ་བ་ཙམ་མ་ཟད།་སྲང་ལམ་སྟེང་འབྱར་བའི་བཀའ་ཁྲིའི་འོས་མི་གཞན་རྣམས་ཀྱི་ལོ་རྒྱུས་དང་དཔར་བཅས་ལྐོག་པ་མིན་ན།དམར་རྟགས་བརྒྱབ་པ་བཅས་བྱེད་ཀྱི་ཡོད་ཚུལ་གསུངས་འདུག
དེ་ཡང་ཁོང་གིས་མུ་མཐུད་ནས་འོ་ན་དགའ་ལྡན་བག་གྲོས་བཀྲས་མཐོང་བསྟན་རྣམ་ལགས་སུ་དེ་ལྟར་འཁོན་འཛིན་བྱེད་དོན་གང་ཡིན་ནམ་ཞེས་ན་གཤམ་གནས་ཚུལ་དེས་མཁྱེན་ངེས་རེད།་
དེ་ཡང་ཨ་རིའི་་San Francisco་ལ་ཡོད་པའི་-Wisdom in action (WIA) ཞེས་པའི་ཚོགས་པས་འཛམ་གླིང་ནང་གི་ “Unsung Hero of Compassion” award སྤྱི་ཚོགས་ཞབས་ཞུ་བའི་བྱམས་བརྩེའི་གཟེངས་རྟགས་ཤིག་་༸གོང་ས་མཆོག་གི་མཚན་ཐོག་ནས་གནང་གི་ཡོད་པའི་གནས་ཚུལ་ཐོན་ཡོད།དགའ་ལྡན་བག་གྲོས་གནས་ཚུལ་ཤེས་རྗེས་འཕྲལ་མར་རང་ཉིད་ཆེར་རློམ་བསམ་བློ་ཞིག་གི་ཀུན་ནས་བླངས་ཏེ་གཟེངས་རྟགས་ཤིག་ཐོབ་རྒྱུའི་ཧམ་སེམས་དང་རྨི་ལམ་སྐྱིད་པོ་ཅིག་རྨིས་ནས་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་མཐུད་མི་སྣ་བཀའ་ཟུར་བཀྲས་མཐོང་མཆོག་བརྒྱུད་ནས་འབད་བརྩོན་ཆེན་པོ་བྱས་ཡོད།
འོན་ཀྱང་ཕྱི་ལོ་༢༠༠༥་ལོའི་ཕྱི་ཟླ་་༡༡་ཕྱི་ཚེས་༦་ཉིན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་གླི་ཆེན་ལྔའི་ནང་ནས་མི་སྣ་༤༦ལ་དངོས་སུ་གཟེངས་བསྩལ་ཡོད་ཅིང།གཟེངས་རྟགས་བཞེས་མཁན་གྱི་ཁོངས་སུ་བོད་རིགས་རྒྱ་གར་ཅན་ཌེ་ཀ་སྨན་ཁང་གི་བོད་ཀྱི་ཨ་མ་ཚེ་རིང་སྒྲོལ་མ་ལགས་དང།བདེ་ལེགས་སྨན་ཁང་གི་ཨེམ་རྗེ་ཚེ་བརྟན་ལགས་སོགས་བོད་མི་སྤྱི་ཚོགས་ཞབས་ཞུ་བ་བཞི་ལ་ཐོབ་ཡོད་པ་ལས་དགའ་ལྡན་བག་གྲོ་ལ་ཐོབ་མེད་སྟབས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད།་་་གོང་གསལ་ཚོགས་པ་དེའི་འབྲེལ་མཐུད་འགན་འཁུར་བ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བག་གྲོར་ཤུགས་མ་བརྒྱབ་པའི་མཐོང་ཚུལ་བྱུང་ཡོད།
དུས་དེ་ནས་བཟུང་བག་གྲོས་སྐུ་ངོ་བཀའ་ཟུར་མཆོག་ལ་འཁོན་འཛིན་ཞེ་བཅངས་ཀྱིས་སྐྱོན་བརྗོད་བྱེད་འགོ་བཚུགས་ཡོད།་་འོན་ཀྱང་བཀའ་ཟུར་ཁོང་ལ་སྐྱོན་འཛུགས་བྱེད་གཞི་གང་ཡང་མེད་སྟབས་སྐུ་དྲག་དང་ཁྱིམ་བརྒྱུད་སོགས་ན་ཚ་སྙིང་པ་དེ་དག་སྐྱར་གླེང་བྱས་ནས་མི་མང་དྲིལ་་བསྒྲགས་བྱེད་ཀྱི་ཡོད།
དགའ་ལྡན་བག་གྲོའི་བྱ་སྤྱོད་དེ་དག་གི་རང་མདོག་རང་གིས་སྟོན་པ་ལས་མི་མང་གིས་རྒྱབ་སྐྱོར་དང་ཡིད་རང་བྱེད་མཁན་མེད་པ་རེད།་
གཞན་ཡང་དྲ་གྲོགས་འགའ་ཤས་ཀྱིས་བརྗོད་པར་གཞིགས་ན།་དགའ་ལྡན་བག་གྲོས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་དོན་གཞན་ཞིག་ནི།་་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཁྲི་ཐོབ་ན་ཕྱག་རོགས་བཀའ་བློན་གྱི་ཁོངས་སུ་བོད་ནས་གསར་འབྱོར་ཞིག་བསྐོ་གཞག་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་བརྗོད་པ་དེར།་་བག་གྲོས་ཡང་སྐྱར་བཀའ་བློན་བྱ་རྒྱུའི་རྨི་ལམ་སྐྱིད་པོ་ཞིག་སྨིས་ནས་བཀའ་བློན་ཐོབ་རེ་ཆེན་པོ་བཅངས་ཡོད་ཚུལ་བརྗོད་པར་ཡང་རྒྱུ་མཚན་མེད་པ་མིན་པ་བཅས་དྲ་གྲོགས་རྣམས་ཀྱིས་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ཁྲོད།སྒེར་འཁོན་ཞེ་བཅངས་བྱེད་མཁན་དགའ་ལྡན་བག་གྲོ་འདྲ་བའི་སྐབས་འཚོལ་བ་ཉུང་ཤས་ཤིག་གིས་མང་གཙོའི་ལས་རིམ་ཆེན་པོ་དེར་འགོག་རྐྱེན་དང་གཏོར་བཤིག་གཏོང་གི་ཡོད་པའི་སྡིག་ཉེས་ཐེར་འདོན་བྱེད་རྒྱུ་གལ་འགངས་ཆེ་བའོ།
།
ཡིག་ཕྲེང་གཉིས་པ་དེར་(ཆབ་སྲིད་བཙོན་པའི་མིང་འཁྱེར་ནས་ཞེས་པ་དང་།
རྒྱུགས་ཞེས་པ་རྒྱུག་ལ་བཅོས་རོགས་ད་དུང་གཞན་ཡང་ནོར་སྲིད་ན་དགོངས་འགལ་མེད་པ་ཞུ།)
དུས་ཐོག་ཆར་བ་རེད། ཧྲ་ཀི རེ་བའི་མིག་གིས་ཁྱེད་ལ་བལྟས་ནས་ཡོད། བུ་རྒོད་པོ།
བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་ནང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་བྱེད་མཁན་བུད་མེད་ཉམས་ཞིབ་པ་ཤར་གླིང་ཟླ་སྒྲོན་ཞེས་པ་དེ་རེད་ཟེར། ཁོ་མོ་ལ་དྲན་སྐུལ་ཞིག་བྱ་རྒྱུར་བགྲོ་གླེང་སྐབས་སྐད་ར་མ་ལུག་དེ་རྩ་བ་ནས་མ་རྒྱག་རོགས། ཁྱེད་རང་གིས་དབྱིན་སྐད་ཤེས་པར་ཧ་རྩ་བ་ནས་ལས་ཀྱི་མི་འདུག ངས་ཀྱང་དབྱིན་སྐད་ཁྱེད་རང་ལས་མི་དམན་ཙམ་ཞིག་ཤེས་ཀྱི་ཡོད། བོད་སྐད་དང་དབྱིན་སྐད་མཉམ་བསྲེས་བྱས་ཏེ་རྒྱག་སྐབས་ང་ཚོ་ཁོང་ཁྲོ་ཟ་ཡོང་གི་འདུག འདིས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་བརྙས་གཅོད་བྱེད་ཀྱི་ཡོད་པའི་ཚོར་སྙང་ཞིག་སྟེར་གྱི་འདུག འདི་དངོས་གནས་བོད་ཀྱི་རིག་གཞུང་ལ་གཏོར་བཤིག་རེད་འདུག ཁ་སྔོན་སྒྲོལ་མ་གླིང་དུ་སྐད་ར་མ་ལུག་རྒྱག་མཁན་ཁྱེད་རང་གཅིག་པུ་རེད། དེ་མིན་ཁྱེད་རང་གིས་བསྟན་འཛིན་རྣམ་རྒྱལ་ཡར་བཀྱག་མར་བརྡབ་གང་བྱས་ཀྱང་ཁྱེད་རང་འདོད་པ་ལྟར་གྱིས། ང་ཚོ་ལ་ཁྱད་མེད། འོན་ཀྱང་དགའ་ལྡན་གྲྭ་བག་གྲོ་ལྟར་ཧམ་ཤེད་རྫུན་སྒྲིག་མ་བྱེད་རོགས། མི་དམངས་མགོ་བོ་རྨོངསབྱེད་ཀྱི་སྐྱག་རྫུན་རྩ་བ་ནས་མ་ཤོད་རོགས། སྐད་ཆ་བདེན་པ་བདེན་ཐུབ་བཤད་དེ་མི་དམངས་རྨོངས་གཉིད་ལས་སད་ཐུབ་པ་བྱེད་དགོས། མགོ་བདེ་དྲན་འཁྲུལ་འདི་བོད་པའི་གུས་སྲོལ་དང་རྩ་བ་ནས་མཐུན་གྱི་མི་འདུག ད་ལན་དེ་ཙམ་ཡིན།
དྲ་གྲོགས་ཚང་མ་བཀྲ་ཤིས་བདེ་ལེགས་ཞུ། ༢༠༡༡་ལོ་བཀའ་ཁྲིས་བསྐོར་ལ་ཚང་མས་བསམ་བློ་ཡག་པོ་ཞིག་བཏང་རོགས། འདི་ནི་དུས་ཚོད་གལ་ཆེན་ཞིག་ལ་ཁེས་ཡོད་བ་ཚང་མས་བརྗེ་མི་ཉན། མི་སྒེར་གྱི་རྩོད་པ་མཚམས་བཞག་ནས་གང་གི་གནས་ཚུལ་དེའི་ཐོག་སྒྲོ་གླིང་བྱེད་རྒྱུ་གལ་ཆེན་གྱི་རང་བཞིན་ནོ།
རེད་ཡ། བཀའ་སྤྱིའི་དངོས་གཞི་འོས་མི་རྣམས་ཀྱི་ཆེད་དུ་བགྲོལ་གླེང་དང་དཔྱད་རྩོམ་སྤེལ་བར་དགའ་བསུ་ཡོད།
མི་སྣ་སུའི་སྐོར་བགྲོལ་གླེང་དང་དཔྱད་རྩོམ་སྤེལ་སྐབས་སུ་ཕྱོགས་ལྷུང་མེད་པར་ཕྱོགས་སོ་སོ་ཡི་སྐྱོན་དང་ཡོན་གཏན་གཉིས་ཆར་མཐོང་ཐུབ་པ་དང་བཤད་ཐུབ་པ་དེ་གལ་ཆེ། སྐྱོན་ཡོན་ཕྱོགས་རེར་དཔྱད་པའི་བསམ་ཚུལ་དེས་སྤྱི་ཚོགས་སུ་ཕན་ལས་གནོད་པ་ཆེ་བ་མཐོང་། ལ་ནི་མི་སུ་འདྲ་ཞིག་ཡིན་ཡང་རང་དོན་དང་རང་ཕྱོགས་སུ་ཞེན་པ་མེད་མཁན་མི་སྣ་ཞིག་མེད། འོན་ཀྱང་རང་སྐྱོན་མིར་གཡོགས་བ་དང་སྒེར་འཁོན་སྤྱི་ཚོགས་སུ་ཁྱེར་བ་སོགས་མི་ལ་སྐྱོན་འཚང་ཁོ་ན་བྱེད་པ་དེས་སྤྱི་ཚོགས་འཆམས་མཐུན་གྱི་སྟོབས་ཤུགས་གཏོར་བའི་རྒྱ་རྐྱེན་ཡིནཔས་ཆེ་སར་ལྟོས་ནས་ཆུང་སར་བློས་གཏོང་ཐུབ་པ་དང་། སྤྱི་ཚོགས་ལ་བསམ་ནས་སྒེར་པ་བློས་གཏང་ཐུབ་པའི་སྐྱེ་བོ་ཞིག་གིས་དཔྱད་གླེང་ལ་སློབ་བྱ་མང་བ་དང་རྒྱབ་སྐྱོར་ཤུགས་ཆེ་བ་ཐོབ་ཀྱི་ཡོད་པར་ཞུ་ག་ལ་དགོས། དེང་སྐབས་དྲ་ཐོག་ཏུ་བཀའ་ཁྲི་འོས་མི་བློ་སེང་ལགས་སུ་རྒྱབ་སྐྱོར་རམ་ཁོང་གི་ཡོན་གཏན་ཆ་ཤས་ཙམ་རེ་བརྗོད་པར་དྲ་བུ་ཁག་ཅིག་སྙིང་ལ་གྲི་མཚོན་བཙུགས་བ་བཞིན་དེ་མ་ཉིད་ཀྱི་སྒྲོ་སྐུར་གྱི་ཁ་ནས་གང་ཐོན་དང་ལག་ནས་གང་ཟིན་གཡུགས་ཀྱི་འདུག། དེའི་རིགས་ནི་བློ་སེང་དང་སྒེར་གྱི་བར་ཤ་འཁོན་དང་ཤིག་འཁོན་ཤིག་ཡོད་དམ་ཕྱོགས་ཞེན་གྱི་ཕྲག་དོག་དབང་གིས་ཡིན་པར་བཤད་ཐུབ་བོ། བློ་སེང་ནི་ངའི་བཀའ་ཁྲིའི་འོས་གཞི་དེ་མིན་ལ་ཁོང་དང་ངེད་གཉིས་བར་འབྲེལ་འདྲེས་གང་ཡང་མེད་ཀྱང་ཁོ་ནི་བོད་མིའི་གཞོན་སྐྱེས་ནང་ནས་ཤེས་ཡོན་རྩེའཕུད་ཀྱི་གྲས་ལ་ངེས་འཛིན་ཞུ་བཞིན་ཡོད། དེ་བཞིན་ཕྱོགས་ལྷུང་ཆེ་བའི་གླེང་བརྗོད་ལ་དུས་ནམ་ཡང་དགའ་བསུ་མི་ཞུའོ།
གོང་དུ་བགྲོལ་གླེང་ཞེས་པ་དེ་ བགྲྲོ་གླེང་ལ་བཅོས་རོགས། ད་དུང་ཡང་མ་དག་པ་ཡོད་ཚེ་ནོར་བཅོས་དངབཟོད་པ་མཛད་
དགའ་ལྡན་བག་གྲོ་ཞེས་པ་དེ་ཆབ་སྲིད་བཙོན་པའི་མིང་ཐོག་ནས་འཛམ་གླིང་ཚང་མ་བསྐོར་ཟིན་ནས་ད་བསྐོར་ས་མ་རག་པར་བཀའ་ཤག་ནང་དུ། ཁྲིམས་ལུགས་རིག་པ་བ་བློ་བཟང་སེང་གེ་མཆོག་གི་ཕྱག་མཛོད་གནང་རྩིས་ཡོད་པ་འདྲ། གལ་སྲིད་བློ་བཟང་སེང་གེ་ལགས་སུ་བཀའ་ཁྲི་ཐོབ་ན་བོད་ནས་གསར་དུ་འབྱོར་བའི་མི་འཐུས་ལྟ་བུར་བག་གྲོ་ཁོང་བཀའ་བློན་དུ་བསྐོ་རྩི་ཡོད་སྐོར་དེ་སྔོན་གྲྭ་བ་ཁ་ཤས་ནང་་ཐོན་སོང་བར་བདེན་པ་ཡིན་མིན་མི་ཤེས་ཀྱང་། དེ་འདྲ་ཡིན་ན་ངས་མི་སྒེར་ལ་སྡང་བ་བྱས་པ་མིན་ཡང་བཀའ་ཤག་དེ་བོད་མི་ས་ཡ་དྲུག་གི་ལས་དབང་དང་འབྲེལ་བ་ཡོད་དུས་ཟབ་ཟབ་གནང་དགོས། གསར་འབྱོར་བའི་ནང་དུ་བོད་ཀྱི་རིག་གཞུང་དང་། དེང་རབས་ཀྱི་ཤེས་ཡོན། ཆབ་སྲིད་སོགས་ལ་ཉམས་མྱོང་གིས་ཕྱུག་པ་བག་གྲོ་ལས་ལྷག་པ་མང་པོ་ཡོད་པ་རྣམས་ཟུར་དུ་བཞག་ན་ཁོང་ཚོ་ཡང་བློ་ཕམ་ཡོང་ཟབ་ཟབ་གནང་རོགས། དངོས་གནས་ཉམས་མྱོང་ཡོད་པའི་མི་ཟེར་བ་དེ་མི་འདྲ་གི །བཀའ་ཁྲིའི་འོས་མི་གཞན་པ་གཉིས་ནས་ང་བཀའ་ཁྲི་ཐོབ་ན་ཁྱེད་རང་ལ་གཅིག་སྤྲད་ཆོག་གཉིས་སྤྲད་ཆོག་གསུངས་ཀྱི་མིན་འདུག དངོས་གནས་བྱས་ན་དེ་ཕྲུ་གུ་ལ་མགོ་སྐོར་བཏང་བ་འདྲ་བོ་ཡིན་པ་མཁྱེན་གྱི་ཡོད་རེད། དཔེར་ན་མི་རྒན་པས་ཕྲུ་གུར་བཞས་གཅིག་གཏོང་དང་། ངས་བྱི་རིལ་སྤྲད་ཆོག་ལབ་དུས་ཕྲུ་གུ་དེ་དགའ་ནས་གཞས་གཏོང་བ་སོགས་ཁ་ལ་ཉན་པོ་བྱ་ཡི་ཡོད་པ་བཞིན། བག་གྲོ་ཁོ་ཡང་བློ་བཟང་སེང་གེ་ལགས་ཀྱི་བྱི་རིལ་ཞིམ་ཐག་ཆོད་ནས་རང་གི་ལུས་ལ་གྲྭ་ཆས་གྱོན་པའང་རྗེད་ནས་ཁྱིམ་པ་རྒན་པོ་གཅིག་ལས་ལོད་པའི་ང་རྒྱལ་གཞན་ཕམ་གྱི་ལས་དོན་ལ་དབྱིངས་བཞུགས་ནས་བསྡད་འདུག
ཨོ་ཡག་པོ་འདུག ད་རེའི་གཟའ་ཉི་མར་ཡིན་གཅིག་མིན་གཅིག་བཅར་གི་ཡིན།
ཁྱེད་རྣམ་པས་བགྲོ་གླེང་གོ་སྒྲིག་ཞུ་འཆར་ཡོད་པར་བསྔགས་བརྗོད་ཞུ། འོན་ཀྱང་དེའི་སྐབས་སུ་མི་མང་ལ་དྲི་བ་དྲི་རྒྱུའི་གོ་སྐབས་སྤྲོད་འཆར་ཡོད་ན་འགྲིག་ཀྱང་མེད་ན་དེ་ནི་དགོས་གལ་ཆེ། ང་ནི་ལས་ཀའི་སྒོ་འགའ་ཤས་ལ་འཛུལ་མྱོང་ལ། དེའི་ཉམས་མྱོང་ཐོག་ནས་བཤད་ན། ཤེས་ཡོན་ཡོད་པའི་ཐོག་ལ་ཉམས་མྱོང་ཤིན་ཏུ་གལ་ཆེན་པོ་ཡིན་པ་ར་འཕྲོད་པའི་བོད་འབངས་ཤིག་ཡིན། སོང་ཙང་ངས་བཀའ་ཁྲི་འཚོལ་སྟངས་དེ་གཙོ་བོ་ཤེས་ཡོན་དང་ཉམས་མྱོང་མགོ་མཚུངས་སུ་བལྟས་ཏེ་བྱེད་ཁུལ་ཡིན། དེ་ཡང་ད་ལན་བཀའ་ཁྲི་བཞེངས་མཁན་གསུམ་ཀར་མཁྱེན་ཡོན་གྱི་རྒྱབ་ལྗོངས་མི་འདྲ་བ་ཙམ་མ་གཏོགས་མཁྱེན་ཡོན་ཅན་འགའ་ཤིག་ཡིན་པ་རྩོད་མེད་དུ་གྱུར། སོང་ཙང་ཉམས་མྱོང་ལ་གདེང་འཇོག་གང་འཚམས་གནང་དགོས་གལ་ཆེ།
དེ་མིན་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་བཱ་རཀ་ཨོ་བཱ་མ་(Barack Obama)ཨ་རིའི་སྲིད་འཛིན་དུ་འཁོད་པ་བཞིན། ང་ཚོའི་སྤྱི་ཚོགས་སུའང་མི་རབས་གཞོན་པ་ཞིག་དགོས་ཚུལ་ངང་ངམ་ཤུགས་ཤུགས་སུ་གསུངས་པ་ཤས་ཆེ། འོན་ཀྱང་ཨོ་བཱ་མས་འདས་པའི་ལོ་རབས་ཀྱི་ཁྲོད་དུ་ཨ་རིའི་སྲིད་འཛིན་གྱི་ཞབས་སྟེགས་སུ་མ་ཕེབས་སྔོན་ལ། ལས་དོན་གང་དང་ཅི་གནང་མིན་ཐོག་ལ་བསམ་གཞིག་བྱས་མེད་པར་ཐེ་ཚོམ་ཆེ། ང་ཚོས་ཤེས་དགོས་པ་ཞིག་ལ། ཨོ་བཱ་མས་ཧར་ཝཌ་མཐོ་སློབ་ནས་ཁྲིམས་ཀྱི་ཕྱག་ཁྱེར་བསྣམས་པ་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་དུ་བསྐོས་མེད་པ་གསལ་པོ་རེད། ༼ཟུར་བརྗོད། བཀའ་ཁྲི་ཕེབས་མཁན་རྣམས་དགུང་ལོ་ཆེ་ཆུང་ཁྱད་པར་ཙམ་ལས། མི་རབས་གཉིས་པའི་གྲས་སུ་གཏོགས་པ་འདྲ་མཉམ་རེད།༽
ད་ཡོད་ཨ་རིའི་སྲིད་འཛིན་ཨོ་བཱ་མས་དེ་སྔོན་ཕྱི་ལོ་ ༡༩༨༨ ལོར་ཧར་ཝཌ་ཁྲིམས་ཀྱི་སློབ་གྲྭ་(Harvard Law School)རུ་འཛུལ་ཞུགས་གནང་སྟེ། ལོ་རིམ་དང་པོའི་ལོ་མཇུག་ཏུ་ཧར་ཝཌ་ཁྲིམས་ལུགས་བསྐྱར་ཞིབ་(Harvard Law Review)ཞེས་པའི་རྩོམ་སྒྲིག་པ་དང་། ལོ་རིམ་གཉིས་པར་དེ་གའི་ཚོགས་གཙོར་བདམས་ཐོན་བྱུང་། དེ་ནས་ཁྲིམས་ཀྱི་ཕྱག་ཁྱེར་བཞེས་པའི་རྗེས་ལ་ཕྱི་ལོ་ ༡༩༩༢ ནས་ ༢༠༠༤ བར་དུ་ཁྱོན་ལོ་ངོ་ ༡༢ རིང་ཆི་ཀཱ་གོ་ཁྲིམས་ཀྱི་སློབ་གྲྭའི་མཐོ་སློབ་ཏུ་(University of Chicago Law School)ཁྲིམས་ཀྱི་སློབ་དཔོན་གནང་ཞིང་། དེའི་རིང་ལ་ཁོ་པས་རྩ་ཁྲིམས་དང་འབྲེལ་བའི་སློབ་ཁྲིད་གནང་ཡོད།
དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་ཨི་ལི་ནཽས་(Illinois)མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་བསྐྱར་དུ་བདམས་གནང་བ་མ་ཟད་ཕྱག་ལས་གཟེངས་ཐོན་བྱུང་ངེས་ཀྱིས། ཕྱི་ལོ་ ༢༠༠༢ ལོར་ཐེངས་གསུམ་པར་བསྐྱར་དུ་བདམས་ཏེ། ༡༩༩༧ ཟླ་ ༡ ཚེས་ ༨ ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༤ བར་དུ་ལོ་ངོ་ ༡༢ ཧྲིལ་པོ་མངའ་སྡེ་དེ་གའི་གྲོས་ཚོགས་གོང་མའི་འཐུས་མིའི་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་གོང་མའི་འོས་ཤོག་ཐོབ་སྟེ། སྲིད་འཛིན་ཞབས་སྟེགས་ཀྱི་འགྲན་རྩོད་ལ་མ་ཞུགས་བར་དུ་མུ་མཐུད་ཕྱག་ལས་གནང་ཡོད། མཐར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༤ ཉིན་ཁོ་པར་ཨ་རིའི་སྲིད་འཛིན་ཐེངས་ ༤༤ པའི་འོས་ཤོག་གི་བརྒྱ་ཆ་ ༥༢༌༩ ཙམ་གྱིས་རྒྱལ་ཁ་ཐོབ་སྟེ། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཉིན་ནས་སྲིད་འཛིན་ལས་ཁུངས་སུ་ཕེབས་ནས་ཕྱག་ལས་གནང་དང་གནང་མུས་ཡིན།
རྣམ་པ་ཚོ། ཨ་རིའི་སྲིད་འཛིན་གྱིས་ཀྱང་སོ་སོའི་ཁྲིམས་ཀྱི་ཤེས་ཡོན་ཕྱག་ཁྱེར་ཡོད་པ་ཙམ་དུ་མ་ཟད། ལོ་ངོ་ ༡༢ སློབ་ཁྲིད་ཀྱི་ཁྲོད་ནས་ཉམས་མྱོང་བསགས་ཤིང་། ལྷག་པར་དུ་མངའ་སྡེའི་གྲོས་ཚོགས་གོང་མ་ནས་ཐེམ་པ་རིམ་འཛེགས་ཀྱིས་འཛིན་སྐྱོང་གི་ཕྱག་ལས་ལོ་ངོ་བཅུ་བརྒལ་བ་གནང་བའི་གཟེངས་ཐོན་ཉེར་ལེན་ལ་བརྟེན་ནས་སྲིད་འཛིན་ཞབས་སྟེགས་སུ་བསྐོས་ཏེ་འགན་བཟོད་པ་ཞིག་བྱུང་འདུག་མ་གཏོགས། འཛིན་སྐྱོང་ཉམས་མྱོང་རྩ་བ་ནས་མེད་པ་ཞིག་ཁྲིམས་ཀྱི་སློབ་སྦྱོང་མཐར་སོན་པ་ཙམ་དང་གཏམ་བཤད་གང་མང་གནང་བ་ཙམ་གྱིས་བསྐོས་མེད་པ་གསལ་པོ་རེད།
སོང་ཙང་མཁས་དབང་བློ་བཟང་སེངྒེ་ལགས་ཀྱི་བཀའ་མོལ་གནང་སྟངས་དང་། ཁྲིམས་ཀྱི་ཡོན་ཏན་ལ་བསྔགས་བརྗོད་ཡོད་ཀྱང་། ངའི་བསམ་པར་བློ་བཟང་ལགས་༸གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་དུ་ཞབས་འདེགས་ཞུ་བློ་མཆིས་ཚེ། སྐབས་ཤིག་རིང་བཀའ་བློན་ཞིག་གམ། གྲོས་ཚོགས་སམ། ཁྲིམས་ཞིབ་ཁང་བཅས་གང་རུང་ཞིག་ཏུ་ཕྱག་ལས་གནང་སྟེ་ལག་རྗེས་ཆེན་པོ་འཇོག་ཐུབ་ན། ཕྱིས་སུ་འོས་ཤོག་གི་བརྒྱ་ཆ་༨༠ བརྒལ་བ་ཐོབ་པའི་མངོན་འདོད་ལས་སླ་པོར་འགྲུབ་ཐུབ་སྙམ། མ་གཞི་ནས་འདས་པའི་ནང་དུ་བློ་བཟང་ལགས་ཨ་རི་ཕྱོགས་ཀྱི་བོད་མི་མང་གི་སྤྱི་འཐུས་འོས་མིར་སླེབས་བཞིན་མ་ཞུགས་པ་དེས་ད་ལན་བཀའ་བློན་ཁྲི་པའི་ཞབས་སྟེགས་སུ་འཁོད་པར་བགེགས་སུ་གྱུར་པར་ངོས་འཛིན་ཞུ་ཡི་ཡོད། བློ་བཟང་ལགས་ཀྱིས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་ཐོག་དེ་འབྲེལ་གསལ་བཤད་ཅིག་གནང་སོང་ཡང་། དེ་སྔོན་སྤྱི་འཐུས་ལ་བཞེངས་འདོད་ཡོད་ན། ད་རེས་བཀའ་ཁྲིའི་སྐབས་སུ་ཧར་ཝཌ་མཐོ་སློབ་ལ་བཞེངས་ཆོག་པའི་བཀའ་འཁྲོལ་ཞུས་ནས་ཐོབ་པ་བཞིན། སྔར་ཡང་ཞུས་ཡོད་ཚེ་གནང་ཡོད་པར་ཚོད་དཔག་བྱེད་ཐུབ། འོན་ཀྱང་དེ་དུས་བློ་བཟང་ལགས་ཀྱིས་བཀའ་ཁྲི་ཞབས་སྟེགས་དེ་ཐུགས་ལ་མ་འཁོར་བ་ཡིན་ཤས་ཆེ།
མཐའ་དོན་བློ་བཟང་ལགས་ལ་རྒྱལ་ཁ་འཐོབ་མིན་མི་ཤེས་ཏེ། ཐོབ་དབང་དུ་བཏང་ཡང་བརྒྱ་ཆ་ ༥༥ ལས་བརྒལ་བར་དཀའ། དེ་ནི་སྔོན་འགྲོའི་འོས་གཞིའི་སྐབས་སུ་བློ་བཟང་གིས་ནུས་ཤུགས་ཆ་ཚང་བཏོན་པའི་གྲུབ་འབྲས་ལ་གཞིགས་པའི་ཚོད་དཔག་ཙམ་ཡིན། ད་ཆ་བཀའ་ཁྲིར་བཞེང་མཁན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀྱང་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་ལ་ཕེབས་བཞིན་ཡོད་སྟབས། དངོས་གཞིའི་འོས་ཤོག་ལ་འཕོ་འགྱུར་ཤུགས་ཆེར་རྒྱུ་ཕལ་ཆེར་ངེས་པ་རེད།
སྐད་ཆ་ཞིག་ཤོད་རྒྱུ་ལུས་འདུག ངའི་འོས་ཤོག་མེད་པ་ནས་ཡོད་པར་གྱུར་བའི་བཀྲས་མཐོང་ལགས་ཀྱི་སྐོར་ཟླ་སྒྲོན་ཟེར་བས་བཤད་རྒྱུ་ཡིན་པ་འདྲ། འོན་ཀྱང་རང་གིས་སྔ་ཕྱི་རྒྱབ་མདུན་ཚང་མ་བློས་དཔོག་ས་ཞིག་མ་གཏོགས་༼ ངས་ཤེས་ཀྱི་མེད་ ༽ལབ་ན་ཡག་གི་རེད། དེ་ཁྱེད་མི་གཅིག་གིས་མ་ཤེས་པ་རེད། ཅི་གང་སྐྱོན་ནི་མ་རེད། དེ་ཡིད་ལ་ཟུངས། ཨོ་དེ་ནས་བྷིབྷིསིས་བཤད་ལྟར་བོད་སྐད་གཙང་མ། ག་ལེ་ག་ལེར་ཤོད།
དེ་ཙམ་ཡིན།
འོ་རེད། ངས་ལབ་ཡས་ཤིག་བརྗེད་འདུག བཀྲས་མཐོང་ལགས་ཀྱི་སྐོར་ལ་བུད་མེད་ཉམས་ཞིབ་པས་དགག་བཞག་སྤོང་གསུམ་གྱི་སྒོ་ནས་རང་ལུགས་ཤིག་འཇོག་རྒྱུ་ཡིན་ཚོད་རེད། ད་དངོས་གནས་ལྟད་མོ་ཡོད་པ་རེད། བུད་མེད་ཁོང་ནུབ་ཕྱོགས་ཀྱི་ཤེས་རིག་ལ་སྦྱངས་མྱོང་བའི་ཉམས་ཞིབ་པའི་མིང་རྒྱབ་ཁུར་བ་ཞིག་གི་ངོས་ནས་བཀྲས་མཐོང་ལ་ཉམས་ཞིབ་ཇི་ལྟར་བྱས་མིན་ང་ཚོས་བལྟ་རྒྱུ་ཡིན། དེ་ཡང་གཙོ་བོ་ནུབ་ཕྱོགས་ཀྱི་ཡོངས་གྲགས་རྩོམ་རིག་གཤིབ་བསྡུར་རིག་པའི་གྲུབ་མཐའ་སྟེ། ཤུགས་རྐྱེན་གཤིབ་བསྡུར་དང་། ཆ་མཉམ་གཤིབ་བསྡུར། རིགས་དོ་གཤིབ་བསྡུར་སྨྲ་བའི་ལྟ་བ་གསུམ་གྱི་སྟེང་ནས་བཀྲས་མཐོང་ལ་དབྱེ་ཞིབ་དང། ཚོད་བགམ། གདེང་འཇོག་སོགས་ཇི་བྱེད་གཞི་ནས་བལྟ་རྒྱུ་རེད། ཁོ་མོས་དམག་ཁས་བླངས། རྡུང་སྐེད་པར་གཟེར་ཏེ་གཡུལ་ས་ནས་ས་བཏང་བྲོས་བྱོལ་ཝ་མོའི་རྣམ་ཐར་མི་འཛིན་པའི་ངེས་པ་མེད་སྙམ། དེ་འདྲ་སོང་ཙང་བྱ་ཐབས་ལས་སླ་ཤོས་ནི་ཁོ་མོས་སྒྲོ་སྐུར་ཡོངས་སུ་སྤངས་ཏེ་དངོས་ཐོག་བདེན་འཚོལ་གྱི་ལྟ་བའི་སྟེང་ནས་ཆོས་ལུགས་ཀྱི་སེམས་ཁམས་ཤིག་བསྐྲུན་ཏེ་ལས་འབྲས་དཔང་འཕེརགྱི་ལན་སྟེ། དྲང་གཏམ་ཁོ་ན་བརྗོད་རྒྱུ་དེ་རེད། དེ་ལྟར་བྱས་ན་ལེགས་པའི་ཆར་བསྟོད་པའི་མཐེ་བོང་སྒྲེང་ཞིང་། ཉེས་པའི་ཆར་སྨད་པའི་ངར་སྒྲ་སྒྲོག་དགོས་པའི་དཔྱད་པ་ཕུལ་དུ་བྱུང་བ་ཞིག་ཆགས་རྒྱུ་ཡིན་པ་སྨྲ་མི་དགོས་པ་ཞིག་རེད། གལ་ཏེ་སྨྲ་རྩལ་ཆེས་ཞན་པའི་དབང་དུ་བཏང་ཀྱང་་ཧམ་ཤེད་རིང་ལུགས་པའི་རྫུ་བག་གྲོགས་སུ་བསྟེན་པའི་ཐབས་སྐྱོའི་བྱ་ཐབས་ལས་རྣམ་པར་་རྒྱལ་ཏེ་དོན་དངོས་ཇི་ཡིན་མི་དམངས་ལ་མཁོ་འདོན་ཐུབ་་རྒྱུ་རེད། དེ་འདྲ་སོང་ཙང་ཅི་འདྲའི་ལྟད་མོ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་མིན་ལ་འཕྱང་མོ་ཉུག་དགོས་དོན་མེད་སྙམ་མོ། །
དོན་ལྡན་BBCལགས།
ད་ཁྱེད་ཀྱིས་ཟླ་སྒྲོན་ཟེར་བའི་བུ་མོ་དེར་བཀལ་ཀྱང་མི་ཐེགས་པའི་ཁུར་བོ་དེ་འདྲ་མ་བསྐྱོན་ཡ། རྡ་རམ་ས་ལ་ཆེ་ས་ནས་ཆེན་པོ་རེད་མ་གཏོགས། ཆུང་ས་ནས་ཆུང་ནི་རེད། ཉམས་ཞིབ་ཀྱི་མིང་འདི་དང། མཁས་དབང། རྩོམ་པ་པོའི་མིང་འདི་ཚོ་ཕལ་ཆེར་སྲང་བར་གྱི་ཁྱི་ཡན་ཆད་ལ་བཏགས་མྱོང་ནི་རེད། དེ་བས་ཕ་འདེད་ཕུགས་འདེད་མ་བྱེད་ཡ། མོ་ཚ་ཀ་ཚུག་གེ་ཆགས་སོང་ན་ཡག་པོ་མ་རེད།
བློ་སེང་གི་པཱ་སི་སེར་པོའི་ལྕགས་ཀྱུ།
བཀའ་ཁྲིའི་གོ་གནས་འཛིན་རྒྱུར་མང་ཚོགས་ཀྱི་སེམས་པ་འགུག་རྒྱུའི་ལྕགས་ཀྱུ་མང་པོ་ཞིག་དགོས་ཞིང་། བློ་སེང་ནི་ད་སྔ་དེའི་ཐད་ལ་མཁས་ཤོས་བྱུང་པ་རེད། བློ་སེང་གིས་རྒྱལ་སྤྱིའི་ཁྲིམས་རྩོད་མཁས་པ་ཡིན་ཟེར་ནས་ཤེས་ཡོན་ངོམས་ན་ཁོང་ལ་དེའི་སློབ་སྦྱོང་གི་ལག་འཁྱེར་ཡོད་པས་ངོམས་མི་ཆོག་པ་ཅི་ཡོད། རྒྱ་ནག་གི་ཨོ་བཱ་མ་བྱེད་རྒྱུ་ཡིན་ཟེར་ན་དེ་ནི་ཀུ་རེ་ཡིན་ཡང་ཆོག ཡང་ན་རེ་བ་ཡིན་ཡང་ཆོག དེ་འདྲའི་སྐད་ཆ་ཙམ་བཤད་པར་ཅི་ཉེས། ཁོང་ནི་སྐུ་དྲག་གི་རྒྱུད་པ་མིན་ཡང་ཆོག བུ་རྒོད་པོ་རང་སྐྱེས་ཡིན་ཡང་ཆོག ཁོང་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་ཁྲོད་ནས་འཇོན་ཤོས་ཀྱི་གྲས་མ་རེད་ཅེས་སུས་དགག་ཐུབ་བམ། ཡིན་ནའང་ཁོང་གི་ལྕགས་ཀྱུ་ཞིག་གིས་ངའི་སྙིང་ལ་བསྙབས་བྱུང་། དེ་ནི་ཁོང་གི་རྒྱལ་ཞེན་གྱི་ལྕགས་ཀྱུ་དེ་རེད། རྒྱལ་ཞེན་གྱི་ཐོག་ནས་བསླུ་བྲིད་གཏོང་བ་ནི་ཆབ་སྲིད་ཀྱི་ནག་ཉེས་ཡོད་ཚད་ལས་ཆེས་རྫབ་ཅན་དུ་མཐོང་མཁན་ཞིག་ཡིན་པས། བློ་སེང་གི་རྒྱལ་ཞེན་གྱི་ལྕགས་ཀྱུ་དེར་དོགས་འདྲི་ཞིག་བྱེད་འདོད་བྱུང་།
སྤྱིར་བཏང་རྒྱལ་ཞེན་ཟེར་བ་ནི་སེམས་ཀྱི་གནས་སྟངས་ཞིག་དང་ཀུན་སློང་ཞིག་ཡིན་པས། ཚན་རིག་གི་འཕྲུལ་ཆས་ལ་བརྟེན་རུང་དེ་ལ་ཚད་གཞལ་ཐབས་ཞིག་མེད་ཀྱང་སྲིད། ཡིན་ནའང་སེམས་ཀྱི་གནས་སྟངས་ནི་སྤྱོད་ལམ་གྱི་ཐོག་ནས་མངོན་མི་སྲིད་པ་ཞིག་མིན་ཕྱིར། བློ་སེང་གི་རྒྱལ་ཞེན་གྱི་མཚོན་རྟགས་གང་དག་ཡིན་པ་གླེང་རྒྱུ་དང་འཚོལ་རྒྱུ་གལ་ཆེ།
གོ་ཐོས་ལྟར་ན། བློ་སེང་གིས་ཁོང་ནི་རྒྱལ་ཁབ་གཞན་གྱི་མི་སེར་གྱི་ཁོངས་སུ་མ་ཞུགས་པར་ད་དུང་ཡང་ལག་འཁྱེར་སེར་བོའི་སྒང་ན་བསྡད་ཡོད་ཅེས་བཤད་ཀྱི་ཡོད་པ་རེད་ཟེར། དེ་ནི་ངོ་མ་ཡིན་ནམ། ངས་ཁོང་ལ་ཐད་ཀར་དེའི་སྐོར་ལ་སྐད་ཆ་ཞིག་འདྲི་འདོད་ཆེ་མོད། ད་བར་དུ་གོ་སྐབས་བྱུང་མ་སོང་།
དེ་བས་དེ་རིང་ཁོང་ལ་ཁ་པར་བཏང་ནས་འདིའི་སྐོར་ལ་བརྩད་གཅོད་ཅིག་བྱེད་དགོས་བསམ་ནས། གོའུ་གཱིལ་བརྒྱུད་དེ་ཁོང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་བཙལ་བ་ཡིན། སྐར་ཆ་བཅུ་ཙམ་ལ་བཙལ་ཡང་རྙེད་མ་སོང་། དྲ་ཐོག་ནས་སྐར་མ་བཅུ་ཙམ་ལ་བཙལ་ཡང་མི་རྙེད་པ་འདིས་ང་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བའི་འོས་སྡུའི་སྐོར་ལ་འདང་བརྒྱག་ཏུ་བཅུག་སོང་།
བོད་འབངས་དཀྱུས་མ་ཞིག་གིས་ད་ལྟ་ནས་ཁོང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་རྙེད་རྒྱུར་དཀའ་ངལ་འདི་ཙམ་ཆེ་ན། རྗེས་མ་ཁོང་བཀའ་ཁྲིར་ཆགས་ན་ག་འདྲ་ཡིན་སྲིད་དམ། གོའུ་གཱིལ་འཚོལ་ཆས་ཀྱི་སྟེང་ནས་བཀའ་ཁྲིའི་འོས་གཞི་ཞིག་གི་ཁ་པར་ཨང་གྲངས་སྐར་མ་བཅུ་ལ་བཙལ་ཡང་མི་རྙེད་པ་འདི་ནི་གསར་འགྱུར་ཞིག་མ་རེད་དམ། དྲན་སོས་པ་ཞིག་ལ་ཁོང་གིས་རྩོམ་ཡིག་ཅིག་ཏུ། གོའུ་གཱིལ་འཚོལ་ཆས་གཞི་ལ་བཞག་སྟེ་བོད་དོན་གྱི་གནས་བབས་ཀྱི་མཐོ་དམན་ལ་ཚད་འཇལ་བྱས་སོང་།
དེས་ན་ང་ཚོས་ཁོའི་སྲི་ཞུའི་ཆོད་སེམས་ལ་ཚད་འཇལ་ཇི་ལྟར་བྱེད་རྒྱུ་ཡིན་ནམ། དྲ་རྒྱའི་སྟེང་ན་བློ་སེང་ལ་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་རྩ་ནས་མེད་པ་ཡིན་མི་སྲིད་ལ། ཁོང་ལ་འབྲེལ་བ་བྱེད་སའི་ཐབས་ལམ་གཞན་མེད་པའང་མ་རེད། ངའི་དྲི་བ་ནི། ཁ་ཤས་ཀྱིས་བཤད་ན་བློ་སེང་ནི་མི་རབས་གསར་པ་རེད། དེང་རབས་ཀྱི་མི་རེད། ད་ཐེངས་ཀྱི་བཀའ་ཁྲིའི་འོས་བསྡུ་ལ་སྔར་དང་མི་འདྲ་བར་མང་ཚོགས་ཀྱི་ཁྲོད་དུ་དོ་སྣང་སླེབས་རྐྱེན་གཅིག་ནི་དེང་རབས་ཀྱི་འཕྲིན་ལམ་གྱི་ནུས་པ་ལ་ཐུག་ཡོད་པ་རེད་ཅེས་ཟེར། ཡིན་ནའང་ངའི་དངོས་ཡོད་ཀྱི་ཉམས་མྱོང་གིས་ང་ལ་གསལ་བཤད་ཅི་ཞིག་བྱེད་དམ་ཟེར་ན། ངའི་འོས་ཤོག་སློང་མཁན་གྱི་བཀའ་ཁྲིའི་འོས་གཞི་དེ་ལ་དྲ་ཐོག་ནས་ལམ་སེང་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་ཞིག་ཀྱང་རྙེད་མི་ཐུབ་པ་འདི་རེད། ཡིག་རྨོངས་པ་ཞིག་གིས་ཁོང་ལ་འབྲེལ་བ་ཇི་ལྟར་བྱེད་དམ། འདི་ནི་བློ་སེང་གིས་བཀའ་ཁྲིའི་འོས་ཤོག་སློང་བའི་འཐུས་ཤོར་ཞིག་ཡིན་ནམ།
ངས་ནི་ཁོང་ལ་ཐད་ཀར་རམ་ཡང་ན་བརྒྱུད་ནས་འབྲེལ་བ་བྱེད་ས་ཞིག་བཙལ་བ་ཡིན། ངས་ནི་ཁོང་ལ་ལག་འཁྱེར་སེར་པོའི་སྐོར་ནས་དྲི་བ་ཞིག་འདྲི་བའི་རེ་བ་བཅངས་པ་ཡིན། ངས་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་སུ་རུང་གིས་ང་ལ་འདིའི་ཐད་ནས་རོགས་རམ་ཞིག་གནང་སྲིད་པའི་
རེ་བ་བཅངས་པ་ཡིན།
དུས་བབ་ཀྱི་ཆུ་ཐིགས་སྔོན་མོའི་ཟིན་བྲིས་ལས། མདང་དགོང་གི་བློ་བཟང་སེང་གི་བགྲོ་གླེང་་ཧཧཧ་ http://www.tibettimes.net/blogs.php?id=132&post_id=13386ཟེར་བ་དེ་ནས་ཁུངས་ལྡན་གྱི་གནས་ཚུལ་ཞིག་ཨེ་ཡོད་བསམ་ནས་བཙལ་བ་ཡིན།
དྲ་གྲོགས་ཞིག་གིས་ཟམ་གདོང་རིན་པོ་ཆེས་མེ་ནེ་སོ་ཊ་རུ་བློ་སེང་གི་སྐོར་ལ་འགྲེལ་བཤད་ཅིག་བརྒྱབ་པའི་དྲ་ཐག་འདིར་གཟིགས་དང་དེ་ནས་གནས་ཚུལ་གསལ་ཙམ་རྟོགས་ཐུབ་ཟེར།
http://www.youtube.com/user/MinnesotaBhoemi#p/u/0/VG1Wf8S0o6s
ཡང་དྲ་གྲོགས་ཞིག་གིས་བློ་སེང་གིས་ཁོང་གི་པཱ་སི་སེར་པོའི་ངོ་བཤུས་དང་བཅས་པ་བཀའ་ཁྲི་འོས་བསྡུའི་དྲ་ཐོག་ཏུ་བཞག་སོང་ཟེར། དེ་ཡང་བཙལ་དུ་ཕྱིན་ཀྱང་མཐོང་མ་སོང་། གནས་ཚུལ་འདི་དག་ངས་འགྲོ་ཞོར་འདུག་ཞོར་གྱི་དུས་ཚོད་ཐུང་ངུ་རེའི་ནང་བཙལ་ནས་མ་རྙེད་པ་ཞིག་ཡིན་རྒྱུ་རེད་བསམ་གྱི་ཡོད། ཡིན་ནའང་ངའི་སེམས་ཀྱི་རྨོངས་པའི་སྨག་རུམ་ཇེ་མཐུག་ཏུ་གྱུར་སོང་།
རྩ་ཁྲིམས་དང་བཅའ་ཁྲིམས་བཟོ་མཁན་གྱི་སྤྱི་འཐུས་གྲོགས་པོ་ཞིག་གིས་ཟེར་ན། པ་སི་སེར་པོ་འཛིན་གྱི་ཡོད་མེད་ལ་མ་ལྟོས་པར་རྒྱལ་ཁབ་གཞན་ཞིག་གི་མི་སེར་ཡིན་བཞིན་དུ་བོད་ཀྱི་བཀའ་ཁྲིར་བསྡད་ཆོག་པའི་སྐད་ཆ་དེ་རེད། ངས་དེ་ཇི་ལྟར་ཡིན་མིན་ལ་བོད་གཞུང་གི་དྲ་རྒྱའི་སྒང་ལ་བོད་ཀྱི་རྩ་ཁྲིམས་མཇལ་དུ་ཕྱིན་པ་ཡིན། དྲ་ཐོག་ནས་བོད་ཡིག་ཏུ་རྩ་ཁྲིམས་མཇལ་ཐུབ་མ་སོང་། བརྒྱུད་རིམ་འདི་དག་གི་ཁྲོད་དུ་ཁ་སང་ཁང་གསར་རྡོ་རྗེ་ལགས་ཀྱིས་གསལ་བསྒྲགས་ཤིག་ལས་བྱུང་བའི་སེམས་ངལ་ http://www.tibettimes.net/news.php?id=4045ཞེས་པ་དེ་བཞིན་དུ་ངའི་སེམས་ངལ་ཆེ་ནས་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་ཇེ་མང་ནས་ཇེ་མང་དུ་གྱུར་སོང་། བློ་སེང་གི་པཱ་སི་སེར་པོའི་སྐོར་ལ་ཆ་རྒྱུས་ཡོད་མཁན་ཚོས་གནས་ཚུལ་གསལ་ཙམ་གནང་རོགས་ཞུ། ད་ནི་ང་གོའུ་གཱིལ་ཙམ་མིན་པར་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་དྲ་ཐོག་ཏུ་སོང་སྟེ་བློ་སེང་གི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་བཙལ་ངེས།
གནས་ཚུལ་གསལ་བོ་མ་ཤེས་ནས་བསམ་ཚུལ་བཤད་ཐུབ་ཀྱི་མི་འདུག་ལ། ངས་དུས་རྒྱུན་དུ་མིག་བཤེར་བྱེད་སའི་དྲ་ཐོག་ནས་བསམ་ཚུལ་མ་གཏོགས་གནས་ཚུལ་གསལ་བོ་ཤེས་རྒྱུའི་ལམ་ཁ་ཆེན་པོ་མེད་པའི་ཚོར་སྣང་འདྲ་ཞིག་སྤྲད་སོང་།
ྣརྣམ་དཔྱོད་ལྡན་པ་ཁུག་རྟ་ལགས་སུ་ཆེད་ཞུ། ངས་བུད་མེད་ཉམས་ཞིབ་པར་ཁུར་པོ་ལྕི་པོ་ཞིག་བསྐུར་བ་མ་ཡིན་པར་ཁོ་མོའི་ཁུར་པོ་ཡང་དུ་བཏང་བའི་ཁུལ་ཡིན། གང་ཡིན་ཞེ་ན། ལན་གྱི་གཙོ་བོ་ནི་ལེགས་ཉེས་གང་ལ་ཐུག་ཀྱང་བདེན་པ་དྲང་བཞག་ཅིག་བརྒྱབ་ན་འགྲིགས་ཚུལ་བཤད་ཡོད། དེ་ལས་ཀྱང་རྙོག་གྲ་ཚ་བའི་ཕྱོགས་འཐེན་རྨོངས་ངན་གྱི་དྲི་མས་སྦགས་པའི་དྲི་བ་ཆོ་མེད་དེ་འདྲ་སླེབས་པ་ཡིན་ན། ཁོ་མོ་ལ་ཐབས་ལམ་ཡག་ཤོས་གཅིག་རང་ཡོད་པ་ནི་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་སྡོད་རྒྱུ་དེ་ཡག་ཤོས་རེད་སྙམ། དེ་ཡང་མུ་སྟེགས་པས་སྟོན་པ་ལ་དྲི་བ་ཆོ་མེད་ཞུས་པ་ལ་སྟོན་པས་ལན་མ་བསྐྱོན་པར་བཞུགས་པ་ལས་ལུང་མ་བསྟན་གྱི་ལྟ་བ་དྲུག་ཅུའི་ཐ་སྙད་བྱུང་བ་ལྟ་བུའོ། །དེ་ཡང། རིན་ཆེན་ཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུངས་པ། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་པ་ལྟར་ཁོ་མོས་ཀྱང་ང་ལ་འདི་སྐོར་གྱི་ལན་མེད་དོ་ཞེས་བརྗོད་ན་རྒྱལ་ཁའི་མཐར་ཐུག་པ་དེ་ཐོབ་པ་མ་ཡིན་ནམ།
bbcརང་རེད་འདུག་བཤད་ནས་རྫོགས་རྒྱུ་མི་འདུག་ཡིན་ནའང་དོན་དག་མེད་པ་ཡང་བཤད་མི་འདུག་ཐམས་ཅད་བདེན་མིན་ཡང་ཤེས་ཀྱི་མི་འདུག་དེ་ལྟར་མ་རེད་ཀྱང་བརྗོད་ཐུབ་པ་མི་འདུག
གོ་སོང་ལགས། མ་འོངས་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་BBCལགས།
གང་ལྟར་ཀྱང་། རྒྱབ་སྐྱོར་གྱི་གཏམ་བཤད་གནང་མཁན་གསུམ་གྱིས་སོ་སོའི་ལྟ་ཚུལ་གསལ་བོར་བཤད་དེ། ཕན་ཚུན་ལ་དགག་གཞག་གནང་དགོས་བྱུང་རུང་། འཛིན་ས་དང་བརྟེན་སའི་གཞི་ཞིག་གི་སྟེང་ནས་འགྲོ་ཐུབ་པ་བྱེད་རྒྱུ་ནི་ཐེངས་འདིའི་གལ་ཆེའི་དོན་དག་རེད། དེ་མིན་པར། རླུང་ལ་གཤོག་པ་མེད་པར་ནམ་མཁའ་འུར་གྱིས་གང་སྟེ། དོན་མེད་ཀྱི་གཏམ་མགོ་མཐོ་ཡོང་ན། བཀའ་ཁྲིའི་རྒྱབ་སྐྱོར་གྱི་དགོས་དོན་མ་འགྲུབ་པ་རེད། གཟབ་གཟབ་གནང་རོགས།
ལྕགས་འགྲམ་ལགས་སུ་ཆེད་ཞུ། ཁྱེད་རང་གིས་བློ་སེང་ལགས་སུ་དྲི་དགོས་ཡས་ཡོད་པ་མ་རེད། ཁོང་གིས་ད་བར་སྤ་སེ་སེར་པོ་བདག་ཉར་བྱེད་དགོས་པའི་རྒྱུ་རྐྱེན་གཅིག་རང་ཡོད་པ་ནི། ཁོ་པས་དེ་སྔ་ཧྥུལ་བྷིརཌ་སློབ་ཡོན་གྱི་ཐོག་ནས་ཧ་ཝ་ཌའི་སློབ་གྲར་ཐོ་འགོད་བྱས་པའི་རྐྱེན་གྱིས་རེད། ཐོ་འགོད་དེ་ལྟར་བྱས་པའི་རིགས་ལ་ཨ་རིའི་མི་སེར་སྤ་སེ་རག་རྒྱུའི་གོ་སྐབས་རྩ་བ་ནས་ཡོད་པ་མ་རེད་ཟེར། དེ་འདྲ་ཡིན་ཙང་སྤ་སེ་སེར་པོ་ཉར་བ་དེ་ཡག་ནས་ཉར་དང་མ་ཉར་ཐབས་མེད་ཆགས་པ་གང་ཡིན་ཁ་ཚོན་གཅོད་དཀའ། དེ་འདྲ་སོང་ཙང་བརྟག་དཔྱད་གནང་རོགས།
BBCའདི་དངོས་གནས་མི་རྣམ་དཔྱོད་ཅན་ཞིག་རེད་འདུག དཔྱད་གཏམ་ག་དུས་སྤེལ་རུང་གོ་རིམ་ལྡན་པ་དོན་དག་ཆེན་པོ་དངོས་གནས་བློ་སྐྱེས་མང་པོ་སྟེར་གྱིན་འདུག་ཐུགས་རྗེ་ཆེ་མུ་མཐུད་དེ་སྤེལ་རོགས།
དྲ་གྲོགས་ཚོའི་བཀྲས་མཐོང་ཨ་རིའི་མི་སེར་སྤ་སུ་ཡོད་པ་དང་།
སྐྱེ་རྨན་བོད་པ་མིན་པ་ཨེ་ཤེས་།ཧཧཧཧཧཧ
ཨ་ཁ། ཡང་དྲ་སྟེང་འདིར་རྨོངས་ཞེན་ཅན་གྱི་རྒན་འཁོགས་སློབ་གྲྭའི་སློབ་མ་སླེབས་འདུག ཁོ་ཚོའི་གུ་དོག་པའི་སེམས་ཁམས་དང་ཆུ་ཚད་སོགས་ལ་ལྟོས་དང་། དངོས་གནས་ངོ་ཚ་དགོས་ཡས་རེད་མི་འདུག་གམ། རྒྱུ་མཚན་ཡང་དག་ཤོད་དགོས་པ་ལས་དོན་མེད་ཀུ་ཅོ་རྒྱག་པ་འདིས་རང་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པ་ཙམ་དུ་ཟད་དོ། །དེ་ཡང་ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པ་འདི་ལྟ་བུ་ལ་ཟེར་བ་རེད།
ཉིན་གུང་གི་ཇ་གསེང་གི་བར་ནས་བློ་སེང་གི་ཁ་པར་ཨང་གྲངས་བཙལ་དུ་ཕྱིན་པ་ཡིན། གོང་དུ་བཤད་པ་ལྟར་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་དྲ་རྒྱའི་སྒང་ལ་བཙལ་དུ་ཕྱིན་པ་ཡིན།
ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་ཁ་པར་ཨང་མཛོད་དུ། (Harvard Telephone Directory)
སློབ་གྲྭ་དེའི་སློབ་མ་དང་དགེ་རྒན། ལས་བྱེད་བཅས་སུ་རུང་གི་ཁ་པར་ཨང་གྲངས་བཙལ་ས་འདུག https://www.directory.harvard.edu/phonebook/submitSearch.do
Name: Lobsang Sangay
Appointment Title: Research Associate
Department: HLS^E Asian Legal Stds
Office Phone: +1 617 495 9387 Pound 429A
University Mailing Address:
Harvard Law School
Pound Hall, Room 419
1563 Massachusetts Ave
Cambridge MA 02138
Email: sangay@law.harvard.edu
ངས་ཁོང་ལ་ཁ་པར་ཡང་བཏང་པ་ཡིན། ཨ་རིའི་ཆུ་ཚོད་བཅུ་གཅིག་ཟིན་ལ་ཉེ་བ་ཙམ་དུ་ཁ་པར་བཏང་པ་ཡིན། དེ་དུས་ཁོང་ཡིག་ཚང་དུ་བཞུགས་མི་འདུག ཁོང་གི་ཁ་པར་དུ་ལན་འཇོག་ས་ནས་བློ་སེང་རང་ཉིད་ཀྱི་སྐད་ཀྱིས་བློ་བཟང་སེང་གེ་ཞེས་ཁ་པར་དེ་ཁོང་ལ་འཕྲོད་པའི་སྒྲ་སྟེར་མོད། ཡིན་ནའང་ལན་འཇོག་སའི་སྒམ་ཁ་བཀང་འདུག ང་ཚོར་གནས་ཚུལ་གསལ་བོ་ཞིག་ཤེས་པའི་ཐོག་ནས་བསམ་ཚུལ་བཤད་རྒྱུའི་གཤིས་ཀ་ཞིག་འཇགས་རྒྱུ་གལ་ཆེན་པོ་རེད་བསམ། ཁོང་ལ་མུ་མཐུད་དུ་འབྲེལ་བ་བྱས་ཏེ་རང་ཉིད་ཀྱིས་ཤེས་འདོད་པའི་གནས་ཚུལ་དེ་གསལ་བོ་བཟོ་ངེས་ཡིན།
དབུ་ལེའོ། དབུ་ལེའོ། བཞུགས་མཁན་ཡོད་པས། གྲྭ་བག་གྲོ་ལགས། ཁྱེད་རང་སྐུ་བཞུགས་གནང་ཡོད་པས། སང་ཉིན་ཁྱེད་རང་གིས་བཀའ་ཁྲི་འཚོལ་སྟངས་ཀྱི་འགྲན་རྩོད་བགྲོ་གླེང་ནང། ང་ལ་བློ་བཟང་སེང་གེས་ཆོས་རིག་བཀའ་བློན་གྱི་གོ་གནས་གནང་གི་རེད། འདི་འདྲའི་སྐྱིད་པ་ལ་ཨང་། ཞེས་ཁ་ནས་མ་ཤོར་བ་བྱེད་རོགས་གནང་། ཁྱེད་རང་གིས་དྲང་པོ་ཤོད་དང་། བཀྲས་མཐོང་གི་དཔར་ག་ཚོད་དབྲལ་བ་ཡིན། དགེ་སྐོས་ལགས་ཀྱི་མདུན་མནའ་བསྐྱལ་བ་དེ་བདེན་པ་ཡིན་ནམ། གྲྭ་དམངས་མདུན་མནའ་བསྐྱལ་བ་རེད་ཟེར་མཁན་འདུག་པས་བདེན་པ་ཡིན་ནམ། ལྕགས་གུར་གཞིས་ཆགས་ཞེས་པར་ཁྱེད་རང་ནས་ཕྲུ་གུ་ཆུང་ཆུང་ནང་བཞིན་འིན་་་འིན་་་འིན་ཞེས་ངུས་པ་རེད་ཅེས་ངའི་གྲོགས་པོ་རྣམས་ཀྱི་ཟེར་གྱི་འདུག་པས་བདེན་པ་ཡིན་ནམ། ག་རེ་བྱས་ནས་ངུས་པ་ཡིན། སང་ཉིན་རྡ་སའི་མི་དམངས་མདུན་ངོས་ལེན་གསལ་པོ་ཞིག་གནང་རོགས། རིག་གནས་གསར་བརྗེའི་སྐབས་ཀྱི་ཧུར་བརྩོན་ཅན་པ་ལགས། ཁྱེད་རང་གི་གནས་ཚུལ་ཚང་མ་ང་ཚོ་སྡོད་ས་ནུབ་ཕྱོགས་སུ་ཡང་རྒྱ་གྲགས་བོད་གྲགས་རེད་འདུག་གོ །སང་ཉིན་ནི་ངོས་ལེན་ཞུ་ཡས་ཀྱི་གོ་སྐབས་ཡག་ཤོས་དེ་རེད།
དྲ་གྲོགས་དམ་པ་ལགས་བཀྲིས་བདེ་ལེགས།
དངོས་གནས་རེད།
བག་གྲོས་ཐལ་ཆེ་དྲགས་པའི་བྱ་སྤྱོད་དེ་ཚོ་ཉེན་ཁ་ཆེན་པོ་རེད།
རྗེས་སུ་མཇལ་ཡོང་།