ལྷ་ཆབ་སྦྱིན་པ།
༼ཨ་མདོ་རྔ་བ༽
གོ་མཚོན་སྤྲས་པའི་དམར་དམག་གི་མིག་སྡང
བཙན་གནོན་དང་གདུག་རྩུབ་ཀྱི་ཡོལ་བའི་ཧྲག་བར
སྤུ་གྲིའི་སོ་ཁ་ན་རྐང་རྗེན་དུ་བགྲོད་པའི་བདག་གི་དཔའ་བོ་དཔའ་མོ
མིག་བཙིམ་ཡང་སེམས་ལ་འཁོར་འོང་བའི་རྣམ་ཤེས་དེ་དག
ཁྱོད་ཀྱི་པང་ནས་འཚར་ཏེ་ཁྱོད་ཀྱི་པང་ནས་ཆས་སོང
ཁྱོད་ཀྱི་ཞལ་རས་སྒོར་མོ་དེ་ཇི་འདྲའི་ཡིད་དུ་འོང་ནའང
མེ་མདའ་དང་སྒྱོགས་ཆེན་གྱི་དུད་སྨུག་གིས་སྦགས་བྱུང་ཨང
ཁྱོད་ཀྱི་ཞི་འཇམ་གྱི་གཤིས་ཀ་དེ་ཇི་འདྲའི་སྲ་ཞིང་བརྟན་ནའང
དབྱུ་གུའི་ཟོལ་དུ་དགྲ་བོའི་མེ་མདའ་དང་རྩེ་གྲིས་སྐུལ་ཏེ
ཁྱོད་ཀྱིས་རང་གི་སྒྲ་དབྱངས་དེ་མི་འཁྲོལ་ག་མེད་བྱུང་སོང
ཨ་མདོ་རྔ་བ དཔའ་བོའི་སྙིང་སྟོབས་ཀྱི་མེ་ལྕེ་དྲག་ཏུ་འབར་བའི་ཞིང་ཁམས
ཁྱེད་ཀྱིས་བྲིས་པའི་ལོ་རྒྱུས་ཀྱི་ཐིག་ཕྲེང་རེ་རེ་ནི
བདེན་པ་དང་སྙིང་སྟོབས་ལ་བརྒྱུས་པའི་འོད་ཟེར་རེ་རེ་སྟེ
མི་རིགས་ཤིག་གི་སེམས་གཏིང་ལ་ཟུག་པའི་ཁྱོད་ཀྱི་མིང་བྱང་ཡང
རྟག་བརྟན་ཐེར་ཟུག་གི་མར་མེ་ཚེ་འབར་དེ་མ་ཡིན་ནམ
༼དཔའ་བོ་ཕུན་ཚོགས༽
མིག་ཆུ་ཁོག་ལ་མིད་ནས་ཟུངས་ཁྲག་ཕྱི་ལ་བཏོན་ཏེ
ངོ་གདོང་དམར་སྨུག་གི་དཔའ་བོའི་སྣང་བརྙན་དེ་བོད་ལ་བཞག་སོང
མི་ལོ་ཉི་ཤུར་མྱངས་པའི་སྡུག་བསྔལ་ལས་ཀྱང་སྟོབས་ཆེ་བའི
སྙིང་སྟོབས་ཀྱི་མེ་ལྕེ་དེ་འཛམ་བུ་གླིང་ལ་ཁྱབས་སོང
བདག་གི་སྙིང་ཉེ་བའི་རྒྱལ་གཅེས་དཔའ་བོ་ཆུང་ཆུང
ཁྱེད་ཀྱིས་རང་གི་ཚེ་སྲོག་གི་སྒྲོན་མེ་སྦར་ཏེ
གདུག་རྩུབ་ཀྱི་མུན་པ་གཞིལ་བའི་ལོ་རྒྱུས་ཀྱི་རྟོགས་བརྗོད་དེས
བདག་གི་མིག་ཆུ་དང་སེམས་གཅོང་ལ་རང་དབང་མེད་པར་གྱུར་སོང
དགྲ་བོའི་མེ་མདའ་དང་ལྕགས་དབྱུག་གིས་ཁྱེད་ཀྱི་ཚེ་སྲོག་འཕྲོག་ཀྱང
ཁྱོད་ཀྱི་རང་དབང་དང་སྙིང་སྟོབས་དེ་ནམ་ཡང་འཕྲོག་མི་བཏུབ
ཁྱོད་ཀྱི་བདེན་པ་དང་གཟི་བརྗིད་དེ་ནམ་ཡང་གཞོམ་མི་སྲིད
འཆི་བ་ལ་འཇིགས་པ་མེད་པའི་རྒྱལ་གཅེས་དཔའ་བོ་ཆུང་ཆུང་ལགས
༼དཔའ་བོ་བཀྲ་བྷེ།༽
སྙིང་ལ་གཟན་པའི་སྐག་སྒྲ་གཉིས་བསྟུད་མར་གྲགས་སྐད
ཁྱོད་ཀྱི་སྙིང་སྟོབས་ཀྱི་མེ་ལྕེ་དེ་ལྷབ་ལྷུབ་ངང་དགུང་དུ་མཆེད་སྐད
ད་དུང་རང་དབང་གི་འབོད་སྒྲ་དེས་རྔ་ཁོག་རིང་མོ་གཤགས་དུས
གཟི་བརྗིད་ལྡན་པའི་མི་རིགས་ཤིག་ཁྱོད་ཀྱི་རྗེས་ན་འཚོ་ཡོད
ཐེ་ཚོམ་མེད་པར་འཆི་ཕོད་ཀྱི་སྙིང་སྟོབས་དེས
ད་དུང་བདག་གི་མི་རིགས་འདིར་གསོན་གནས་ཤིག་ཡོད་པར་མཐོང་བྱུང
བཀྲ་བྷེ་ལགས ཁྱོད་རང་མུན་པར་བཅུག་ཡོད་ཀྱང
གཟི་བརྗིད་ལྡན་པའི་འོད་སྣང་དེས་བདག་གི་མཁའ་དབྱིངས་ཁྱབས་ཡོད
དེ་དེ་བཞིན་ནོ།
རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ལ་སྙིང་ནས་མྱ་ངན་གུས་འདུད་ཞུ་ཞུ།
སྔོན་ཆད་ཀྱི་རྔ་བ་ནི། ཚོང་བའི་ཞིང་ས་རེད། དེང་སང་གི་རྔ་བ་ནི་ལ་རྒྱ་དང་དཔའ་བོ་དཔའ་མོའི་ཞིང་སར་གྱུར། དེ་ཡང་མི་རིགས་ཤིག་བདེ་སྡུག་ལ་རང་གི་གཅེས་སྲོག་གི་བདེན་དཔུང་བྱེད་མཁན་གྱི་རུ་དཔུང་དེ། རྔ་བ་མི་དམངས་ཀྱི་འདུས་བསྡོད་འགྲོ་ལ་རང་དབང་གང་མྱུར་ཐོབ་པར་སྨོན།
ཡ་ལྷ་ཀླུགཉན་གསུམ།ཡུམ་ དུམ་པ། ཁྱོད་དྲ་ཐོག་ན་འདུག དེ་རིང་ཡིན་ན་ངེད་གཉིས་ཀས་ཁ་བརྡ་ཡིད་ཚིམ་པ་་ཞིག་བྱེད་དགོས།
རྔ་བ་ཞེས་པའི་མིང་གི་འདོགས་དོན་ལ་བཤད་སྲོལ་ཞིག་ལ་མངའ་རི་བ་ཟེར་བ་དེ་སྒྲ་ཟུར་ཉམས་ནས་རྔ་བ་ཆགས་པ་རེད་ཅེས་བཤད་སྲོལ་འདུག།ད་བལྟས་ཡོང་དུས་དེ་ཡིན་ས་མ་རེད།རྔ་བ་མ་རེད་དཔའ་བའམ་དཔའ་བོའི་རྫོང་རང་རེད་འདུག་ལ།ད་ནས་བཟུང་ངས་ནི་རྔ་བ་ཞེས་འབོད་ཀྱིན་མིན་ལ་དཔའ་བ་འམ་དཔའ་བོའི་རྫོང་ཞེས་འབོད་ཀྱིན་ཡིན།དེ་ལོན་ཡིན།ཐག་ཉེ་སར་བསམ་བློ་ཞིག་གཏོང་དང་།རང་ལུས་མེར་བསྒྲོན་ཏེ་བོད་ཀྱི་བདེ་སྡུག་གླེང་མཁན་ད་བར་གསུམ་བྱུང་སོང་ཨ།གཉིས་དེ་ཨ་མདོ་དཔའ་བ་རྫོང་ནས་མ་རེད་དམ།དཔའ་བ་རྫོང་གི་དཔའ་བོ་དཔའ་མོ་ཚོའི་ད་ལྟ་མྱོང་བཞིན་སྡུག་བསྔལ་དེ་བཤད་ཐུབ་པ་ཞིག་མ་རེད་དེ།དེས་དཔའ་བ་མི་དམངས་ཚོར་རང་གི་མི་རིགས་ཀྱི་ལ་རྒྱ་སྲ་བརྟན་ཡོང་རྒྱུ་དང་།ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་དེ་སྔར་བཞིན་རྒྱ་དམག་གི་མདུན་དུ་དམར་བོ་མེ་དང་འདྲ་བར་འབར་ཐག་གཅོད་རེད་འདུག།དཔའ་བོ་ཚོ་རྒྱལ་གྱུར་ཅིག།དཔའ་བོའི་རྫོང་ཁ་བའི་རྒྱན་དུ་ནམ་ཡང་ནུབ་མེད་ཤོག།
2008 ལོར་རྔ་པ་ནས་བོད་མི་མང་པོ་དམར་གསོད་བཏང་བའི་འདྲ་པར་རྒྱལ་སྤྱིའི་ཐོག་བཀྲ མ་པ་དེས་རྒྱ་ནག་ཁ་གྲག་རྒྱུ་མེད་པར་བཟོས་པ་དང། བོད་གཞུང་ཁ་གྲག་རྒྱུ་ཡོད་པར་བཟོས་པ་རེད། བདེན་དཔང་དེ་མེད་ན་དེ་གཉིས་ཀ་མི་ཡོང། ཕྱོགས་གཉིས་ཀའི་དབུ་ཁྲིད་ཚོས་དེ་ལྟར་བཤད་ཡོད། རྔ་བའི་འཐབ་རྩོད་འདིས་བོད་ཀྱི་སྲིད་དོན་ལོ་རྒྱུས་ནང་གོ་གནས་ངེས་ཅན་ཞིག་ཟིན་ཡོད། འོན་ཀྱང་རྒྱ་ནག་གི་དམ་དྲག་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བཞིན་པ་འདི་སེམས་འཚབ་ཀྱི་རང་བཞིན་རེད། ལྷ་ཆབ་པས། ༼དགྲ་བོའི་མེ་མདའ་དང་ལྕགས་དབྱུག་གིས་ཁྱེད་ཀྱི་ཚེ་སྲོག་འཕྲོག་ཀྱང༽ཞེས་པ་འདི་ད་ཆ་རྒྱ་ནག་གཞུང་གིས་ཁས་ལེན་གྱི་མེད་པར། ཁ་ཚུར་བསྐོར་ཏེ། གྲྭ་ཕུན་ཚོགས་ལགས་ཀྱི་སྲོག་འཕྲོག་མཁན་རྔ་པ་རང་གི་སེར་སྐྱ་མི་མང་རྣམས་རེད་ཅེས་ཤོད་ཀྱི་ཡོད། ངོ་མས་རྒྱ་གཞུང་ལ་ཡ་ང་བག་ཚ་ཞིག་མེད་ཀི་ཡ།
ཨ་ཁུ་ལྷ་ཆབ་འདི་ངོ་མ་་སྣང་བ་འགྲོ་ནི་ཞིག་རེད་ཡ་རྩོམ་ཡིག་ཀྱང་ཡག་པོ་སྤེལ་འདུག
ད་ལྟ་དམ་དྲག་འོག་ཡོད་པའི་རྔ་བ་ནི་རྔ་བ་རྫོང་ལ་གོ་དགོས་པ་རེད།སྤྱིར་དེང་སང་རྔ་བ་ལབ་ན་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཡོངས་ལ་གོ་འགྲོ་གི་ཡོད།དེ་ནི་རྒྱ་ནག་གི་དབང་བསྒྱུར་བསླེབས་རྗེས་རྔ་བ་ཞེས་པའི་མིང་དེ་ཁུལ་ཡོངས་ལ་བཏགས་པ་རེད།རྒྱ་སྐད་དུ་༼ཨ་པཱ༽ཞེས་འབོད་ཀྱིན་ཡོད་ལ་དེ་ནི་རྔ་བ་ཞེས་པའི་སྒྲ་ཕར་རྒྱ་སྐད་ལ་ཟུར་ཆགས་པ་ཞིག་ཡིན་ཚུལ་བཤད་ཅིང་།རྔ་བ་ཞེས་མིང་གི་ཐོག་ས་ངོ་མ་དེ་རྔ་བ་རྫོང་རང་རེད།
ཟླ་བ་ཆོས་འཛོམས་ལགས་་ལ་ཞུ།
《རྔ་བ་》་ཞེས་པའི་མིང་འདི་ཐོག་ས་གཙོ་བོ་དེ་《རྔ་བ་རྫོང་》ལ་གོ་དགོས་པའི་རྒྱུ་མཚན་ག་རེ་བཤད་ཀྱི་ཡོད།
སྤྱི་བཏང་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་བཅུ་སུམ་ཡོད་རེད་དེ་ཚོ་ཚང་མ་《རྔ་བ》རེད།
རང་ཉིད་ལ་དཔའ་བོའི་འདས་མ་ད་གསུམ་མེད་མཁན་ཞིག་གིས་དཔའ་བོ་ནི་ཅི་ཞིན་ཡིན་མིན་ནག་ཁུངས་ཡིན་པས། དཔའ་བོ་ཡིན་མིན་ནི་དཔའ་བོའི་ཚོར་བ་མེད་ཀྱང་ས་བོན་ཡོད་མཁན་ཞིག་གིས་འབྲི་རྒྱུ་ལས། གང་དྲན་བྱུང་རྒྱལ་ཞིག་གིས་བྲིས་ཆོག་པ་ཞིག་གང་དུ་ཡོད།
དྲ་གྲོགས་རྣམས་ཕེབས་པར་དགའ། སྔ་དུས་རྔ་བར་གྲགས་པའི་སྒྲ་བཤད་སོགས་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་པ་སོགས་འདིར་གླེང་དགོས་དོན་མེད་པར། བདག་གིས་རྔ་བ་དཔའ་བོའི་ཞིང་ཞེས་ཆེད་དུ་འབོད་དོན་ནི། ཉེ་རབས་ཀྱི་ལོ་རྒྱུས་སྟེང་བྱས་རྗེས་བླ་ན་མཐོ་བའི་རྒྱལ་གཅེས་པ་གཅིག་མིན་གཉིས་མིན་ཏུ་བྱུང་དང་འབྱུང་བཞིན་པའི་རྣམ་པ་བསྟེན་ནས་ཡིན། འདི་འདྲའི་བློས་གཏོང་གི་སྐབས་སུ་ཡུལ་ཁ་ཤས་ཀྱིས་ཁུ་ཚུར་ཕད་ཟད། མཛུབ་མོ་ཞིག་ཀྱང་ཡར་སློང་ནས་སྐད་འབོད་བྱས་པའི་ལོ་རྒྱུས་མེད་པ་དེ་ཚང་མར་གསལ་ཨང་།
ཡང་ཞུ་རྒྱུ་ཞིག་ལ། རིན་པོ་ཆེར་འབོད་པ་ལགས་ཀྱིས་ངས་རྒྱལ་གཅེས་དཔའ་བོར་ཡི་རངས་ཙམ་བྱས་པར་མིག་སེར་རྒྱག་གི་འདུག་སྟེ། མ་དགའ་དབུས་ལ་སོང་ནས་མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད། རང་རང་ལ་བོད་མི་རིགས་དང་རྒྱལ་བ་རིན་པོ་ཆེར་དབུ་སྐོར་གཏོང་རྒྱུའི་ཐབས་ལས་མེད་པར། འདི་ལྟར་བོད་མི་རིགས་ལ་བྱས་རྗེས་འཇོག་མཁན་ཚོར་གུས་འདུད་ཞུས་པར་ཕྲག་དོག་བྱེད་དོན་མི་འདུག་ག
ཁྱེད་ལ་ཆབ་སྲིད་དང་མི་རིགས་ཀྱི་འཐབ་རྩོད་ཐད་ཀྱི་བློ་ཁོག་ཅུང་ཙམ་ཡོད་པ་ཡིན་ན། ༼ ཡུལ་ཁ་ཤས་ཀྱིས་ཁུ་ཚུར་ཕད་ཟད། མཛུབ་མོ་ཞིག་ཀྱང་ཡར་སློང་ནས་སྐད་འབོད་བྱས་པའི་ལོ་རྒྱུས་མེད་པ་དེ་ཚང་མར་གསལ་ཨང་།༽ཞེས་པ་འདི་འདྲའི་སྐད་ཆ་ཞར་ཡང་ཁ་ནས་ཐོན་མདོག་མེད། འདིས་མངོན་པར་བསྟོན་བཞིན་པ་འདྲ་ཡང་མཉམ་དུ་ཁ་ཁར་གཏོར་གྱིན་པ་ནི་ཤེས་དགོས་པ་ཞིག་རེད་ལ། མདོར་དེད་ན་རྒྱུ་དངོས་སྲོག་གསུམ་བཏང་བའང་མིང་ཐོབ་ཞིག་ཏུ་རེ་བས་བསམ་བློ་མི་བསྐྲུན་པའང་ཅི་ལ་སྲིད་དམ། དེའི་ཕྱིར་ན། ཚོར་བའི་ཚིག་ཙམ་བརྡོལ་མཁན་ཚོར་ཁུངས་གཏུག་ས་མེད་པ་ནི་ས་རིས་ཐང་གསལ་རེད་ལ།
ཡིན་ནའང་། ཉན་སྟངས་ནོར་མི་ཉན་པ་ཞིག་ནི་རྔ་བ་དཔའ་བོའི་ཞིང་ཡིན་མིན་རྩོད་ཀྱི་མེད་པ་དེ་ག་རང་ལགས་སོ།
༼ རང་རང་ལ་བོད་མི་རིགས་དང་རྒྱལ་བ་རིན་པོ་ཆེར་དབུ་སྐོར་གཏོང་རྒྱུའི་ཐབས་ལས་མེད་པར། ༽ཞེས་པ་འདིའི་ཁུངས་སྐྱེལ་གནང་རོགས་ཞུ། ངའི་མིང་ལ་བློ་གྲོས་བསྟན་འཛིན་ཟེར་གྱི་ཡོད། ལྷ་རམས་གྲུབ་མཚམས་ལྡི་ལིར་ཆོས་སྤྱོད་ཁང་དུ་དཔེ་སྒྲིག་གི་འགན་ཁུར་བཞིན་ཡོད་ལགས། གནས་ཚུལ་འདི་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་གསལ་བོ་ཤེས་ཀྱི་ཡོད། ཁྱེད་ཀྱི་སྐད་ཆ་འདིའི་ཁུངས་མ་སྐྱེལ་ན། ངས་ཅི་ཞིག་བྱེད་དགོས་མིན་ཁྱེད་ནས་གདམ་ག་བྱོས།
ངས་ཁྱེད་ལ་བགྲོ་གླེང་གི་ཁུལ་བྱས་པ་ལས། ཕྲག་པ་དོག་དགོས་དོན་མེད་ལ། ཡུལ་གང་ཞིག་ཅི་ལྟར་ཡིན་མིན་ལ་རྩོད་པ་བྱེད་དགོས་དོན་ཀྱང་མེད། གོང་གི་ངའི་ཚིག་དེས་ཁྱེད་ལ་ཕོགས་སོང་ན་ཕོགས་དགོས་དོན་གླེང་ན་འགྲིག་གཱ།
ཕྲག་དོག་དང་ང་རྒྱལ་བྱེད་དགོས་པའི་རྒྱུ་མཚན་རྩ་བ་ནས་ཡོད་མ་རེད།
ཡིན་ན་ཡང་གོང་གིིས་བཤད་སྟངས་བལྟ་ན་བོད་ཀྱི་དཔའ་བོ་དཔའ་མོ་ཡོགས་སུ་རྫོགས་པ་རྔ་བ་རྫོང་ཁོ་ན་རང་ཡིན་ས་རེད་བསམ་བསམ་བཤད་ཀྱི་འདུག་དེ་འདྲ་འུ་ཡིན་ནམ།
དེ་ཡང་《མཛུབ་མོ་ཞིག་ཀྱང་ཡར་སློང་ན་སྐད་འབོད་བྱས་པའི་ལོ་རྒྱུས་མེད་འདུག》ཞེས་གསུང་སོང་།
སྐད་འབོད་བྱས་པའི་ལོ་རྒྱུས་ཡོད་ཚོད་ཁྱེད་ཀྱི་མིག་གི་མཐོང་དགོས་པ་དང་སྣ་བའི་གོ་དགོས་པའི་རྒྱུ་མཚན་ཡོད་མ་རེད།
༢༠༠༨ལོ་བོད་ས་ཁུལ་ཡོངས་རྫོགས་ལ་སྐད་འབོད་བྱས་ཡོད་རེད་ཡིན་ནའང་ཁྱབ་ཆེ་ཆུང་གི་ཁྱད་པ་རེད་མ་གཏོགས་བོད་མི་རིགས་སུ་དང་སུ་ཡིན་ཀྱང་བོད་ཀྱི་ལ་རྒྱ་ཡོད་དང་ཡོད་བཞིན་པ་རེད།
ལུང་པ་གཅིག་ལ་མ་ལྟོས་ཀུན་ལ་ལྟོས།
སྦྱིན་པ་ཟེར་བ་འདིས་སྙན་ངག་ཐ་ཐོར་རེ་བྲིས་རྗེས་ཅིག་ཡིན་བསམས་ནས་སྡོད་ཐག་ཆོད་བསྡད་འདུག ཧཧཧཧ
སྙན་ངག་མ་རེད་བསྟོད་ངག་རེད།
བན་ནག་ཚང་ནས་གསུང་སྟངས་ལ་བལྟས་ན་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་དཔའ་བོ་རེད་ཟེར་ཉན་ས་མ་རེད་ད་
འཐེན་འཁྱེར་ཕྱོགས་ལྷུང་གི་སྐད་ཆ་ད་དུང་མཇུག་རྫོགས་མ་སོང་ངམ། རང་ཉིད་ལ་ཡང་བཤད་རྒྱུ་ཡོད་ན་བྲིས་ན་མ་འགྲིག་པ་ཅི་ཡང་ཡོད་མ་རེད། འབྲི་རྒྱུ་དང་བཤད་རྒྱུ་ག་ཚོད་ཡོད་ན་ཤོད་ཤོག
ལྷ་ཆབ་སྦྱིན་པའི་རྩོམ་ཡིག་དེ་ངོ་མ་སྣང་བ་འགྲོ་སོང་། ཆབ་སྲིད་དང་བོད་དོན་ཆེད་ཕྱག་ལས་ཆེ་འབྲིང་ཆུང་གསུམ་བྱེད་མཁན་སུ་ཡིན་ལ་བསྟོད་བསྔགས་བྱེད་དགོས་པ་གལ་ཆེན་རེད་
ད་དུང་མུ་མཐུད་དེ་བོད་དོན་ཆེད་ཕྱག་ལས་གནང་མཁན་རྣམ་པའི་ཆེད་ང་ཚོས་བྱེད་ཐུབ་པ་ག་རེ་ཡིན་ནམ། རྗེས་དྲན་བྱེད་རྒྱུ་དེ་རེད། དེ་ལ་ཡང་དགག་པ་བྱེད་ཀྱི་ཡོད་ན་ཐལ་དྲགས་པ་རེད་དོ
དཔའ་བོ་ཞིག་ལ་བསྟོད་ས་ནས།
སྡར་མ་ཞིག་གིས་རང་མདོག་བསྟན།
རྨ་བྱའི་སྒྲོ་མདངས་བསྟོད་ས་ནས།
ཁྭ་ཏས་རང་བསྟོད་མི་མཛའ་འང་།
དྲྭ་གྲོགས་ཚོར་ཞུ་རྒྱུ། འདིར་རྒྱལ་གཅེས་དཔའ་བོ་ག་གེ་མོར་བསྟོད་བསྔགས་བྱེད་བཞིན་པ་ལས་གཞན་གང་ཡང་མ་རེད། དེར་བརྟེན་ཐུགས་དཀྱེལ་ཡངས་ཙམ་གནང་རོགས། ལྷག་པར་དུ་དྲྭ་གྲོགས་ཕན་ཚུན་གྱིས་སྒེར་གྱི་ཁོར་ཡུག་ལ་ཚོར་བ་རྣོ་བའི་སྐད་ཆ་མ་བཤད་ན་ཕྱོགས་ཀུན་ནས་དགེ་མཚན་ཆེ། ཐུགས་རྗེ་ཆེ།
བན་ཚང་ལགས་ལ་ཞུ་རྒྱུ།ངས་གོང་དུ་བྲིས་པ་དེ་ཡག་པོ་ཀློག་རོགས།དེ་ནས་བསམ་ཚུལ་ཡོད་ན་གསུང་རོགས།དེ་འགྲོ་སྟངས་ཤིག་རེད།ངས་ད་ལྟ་དམིགས་བསལ་དམ་དྲག་འོག་ཡོད་པ་དེ་ནི་རྔ་བ་རྫོང་རང་རེད།རྔ་བ་ཞེས་མིང་ཐོག་མར་ཐོགས་ས་དེ་རྔ་བ་རྫོང་རང་རེད།འདི་ལ་ལོ་རྒྱུས་བཤད་རྒྱུ་མང་ཡང་ཁོམ་གི་མི་འདུག།རྒྱ་ནག་གི་དབང་བསྒྱུར་བསླེབས་རྗེས་རྫོང་ཁག་༡༣ལ་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཞེས་སྲིད་འཛིན་མིང་བཏགས་པ་རེད།དེ་ནས་བཟུང་རྔ་བ་ཞེས་པའི་མིང་དེ་ཁུལ་ཡོངས་ལ་གོ་སོང་བ་རེད།ས་གནས་ཁག་ལ་ས་གནས་ཀྱི་རྫོང་གི་མིང་ཡོད་པ་མཛོད་དགེ་རྫོང་དང་ཁྱུང་མཆུ་རྫོང་།ཛམ་ཐང་རྫོང་།ཟུང་ཆུ་རྫོང་སོགས་མང་པོ་རེད།
འདི་ནས་བཙན་བྱོལ་དུ་བོད་ཆོལ་ཁ་གསུམ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་རེད་ཅེས་བརྗོད་ཀྱིན་ཡོད་ཀྱང་།དོན་ལ་སྟོད་མངའ་རིའི་སྐོར་གསུམ་ན་སྐད་འབོད་ཀྱི་སྒྲ་ཞིག་གོ་རྒྱུ་མི་འདུག་ལ།དབུས་ངོགས་ཀྱི་ལྷོ་ཁ་ས་ཁུལ་དང་།གཙང་གི་ངོགས།ཁམས་ཀྱི་བདེ་ཆེན་ས་ཁུལ།རྒྱལ་རོང་བཅས་ན་ངོ་རྒོལ་འདྲ་གོ་རྒྱུ་འདུག་གམ།གོ་ཡོད་ན་གསུང་རོགས།ཤེས་ན་འདོད་ཀི
གོང་གི་རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com