གསར་འགོད་པ་རྡོ་རྗེ་ཚེ་རིང་གིས་མཁོ་སྤྲོད་བྱས།
མིང་ལ་ཆུང་ཚེ་རིང། ༡༩༦༡ལོར་སྐྱེས། སྡོད་གནས་མེ་སོར་གཞིས་ཆགས་རུ་སྡེ་གཉིས་པའི་ཁང་ཨང་༥༨ མཉམ་སྦྲེལ་སྤོས་བཟོ་ཁང་དུ་ལས་ཀ་བྱེད་བཞིན་ཡོད། ཆུང་དུས་གྲྭ་བ་བྱས་མྱོང། ཨ་མ་རྒན་མོ་ཞིག་ལས་ནང་མི་གཞན་མེད། ཁོང་ལ་བཟའ་ཟླ་ཞིག་མཁོ་ཞིང་ཆ་རྐྱེན་ནི། འཚོ་བའི་གནས་བབ་དང་སྐྱེ་གཟུགས་ལ་ཁྱད་པར་མེད། ཁོ་རང་ལས་ལོ་ཅུང་ཆུང་ན་ཡག་ཤོས། ལག་ཤེས་རིགས་མེད་ན་ཡང་ནང་ལས་ཡག་པོ་ཐུབ་མཁན། གཙོ་བོ་ནང་མི་དང་ཁྱིམ་མཚེས་དག་ལ་འཆམ་མཐུན་དང་བྱམས་སྐྱོང་གནང་མཁན་ཞིག
ཁ་པར་ཨང་གྲངས། ༠༩༦༦༣༩༧༦༩༣༨
ད་་གཟབ་གཟབ་མནོང་།
གསར་རྒོད་ཅིག་འདུག མོ་ཧྲེང་དེ་ཚོའི་གོ་སྐབས་ཤོར་དུ་མ་འཇུག་མ་གཏོགས།
གསར་རྒོད་ཅིག་འདུག མོ་ཧྲེང་ཚོས་གོ་སྐབས་དེ་ཤོར་དུ་མ་འཇུག་ལོ།
རྒས་གསོ་ཁང་ན་མང་པོ་འདུག ཡིན་ན་ཡང་ཁོ་རང་གི་ནང་གི་ཆ་རྐྱེན་དེ་གསལ་བོ་གསུང་རོགས་གནང་།
བཟའ་ཟླ་ཐུགས་འདོད་དང་མཐུན་པ་ཞིག་གང་མགྱོགས་རག་པར་སྨོན།
སྔོན་ཐོན་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་དགོས་ན་རང་ཉིད་ཀྱིས་བསམ་པ་དེ་བཤད་ཕོད་མཁན་དང་སྒྲུབ་ཕོད་མཁན་ཁོང་འདྲ་བ་མང་ཙམ་དགོས་ཀྱི་འདུག
གོང་ནས་གངས་ཆེན་ཟེར་བ་དེ་དང་ས་མཐའི་བུ་ཟེར་བ་གཉིས་ཀྱི་བཤད་སྟངས་དེ་ལྟ་བུའི་ཟུར་ཟ་དང་བརྙས་དམོད་གཏོང་དགོས་དོན་མེད་ལ་དེ་ལྟ་ན་ང་ཚོ་ཤེས་ཡོན་པའམ་དྲ་འབུ་དང་གི་གྲལ་དང་གནས་ལའང་འཁོད་པར་མི་རིགས་སོ།།
ཁོང་གི་བྱེད་སྟངས་དེ་ངའི་བློ་ལ་ནི་དཔེ་འགྲོ་བོ་བྱུང་། འཇིག་རྟེན་སྤྱི་ལུགས་ཤིག་སྒྲུབ་པར་འདོད་མོས་ཡོད་མེད་བལྟས་པ་རེད། ཡིན་ནའང་། སྐྱེས་པ་ཞིག་གིས་སྨྱན་སྦྱོར་བྱ་རོགས་བྱས་ན་མ་གཏོགས། ང་ཚོའི་སྤྱི་ཚོགས་ཁྲོད་བུ་མོ་ཞིག་ཡར་ལངས་ནས་ང་ཡིན་ཟེར་ཕོད་མཁན་ཕལ་ཆེར་ཡོང་གི་མ་རེད། ཁ་པར་ཨང་གྲངས་ཀྱི་བརྒྱུད་ནས་ནང་མོལ་བྱ་ཆོག་པ་དེ་ཐབས་མཁས་རེད། གཟབ་གཟབ་མ་བྱས་ན་དཔེ་ཤག་འཕྲོག་མཁན་གྱི་སྐྱེས་མིན་ཁ་བདེ་བོ་ཞིག་དང་ཐུག་ན། དགོས་པའི་བདེ་བ་ཕར་ཞོག །མི་དགོས་པའི་སྨྱོན་པ་བཟོ་གི་ཡ།
ཕོ་རྒོད་ཁོང་གི་འདོད་པ་བཞིན་བཟའ་ཟླ་ཡག་པོ་ཞིག་རེག་པའི་རེ་བ་ཡོད། །
ལོ་བཞི་བཅུ་ཟིན་ཚར་བའི་མི་རྒན་ཞིག་ལ་སོ་སོའི་བསམ་པ་ལྟར་གྱི་བུ་མོ་ཞིག་ཐོབ་རྒྱུ་དཀའ། འོན་ཀྱང་སེམས་ཤུགས་མ་ཆག་མུ་མཐུད་གསལ་སྒྲགས་བྱས་ན་ནམ་ཞིག་དོན་འགྲུབ་པའི་རེ་བ་ཡོད། སྔོན་མ་གྲྭ་བ་ཡིན་ན་ཡང་སྐྱར་གྲྭ་བ་བྱས་ན་ག་འདྲ་འདུག མ་རྒན་བྱམས་སྐྱོང་ཡག་པོ་བྱས་རྗེས་གདན་ས་ཞིག་འཛུལ་ཞུགས་བྱས་ན་ཡག་ཤོས་རེད། དེང་སང་གདན་ས་ཁག་ལ་བོད་པའི་གྲྭ་བ་བཟོ་མཁན་མི་འདུག་ཅེས་སྡུག་སྐད་རྒྱབ་བཞིན་འདུག དེར་རྟེན་གྲྭ་བ་ཡང་སྐྱར་བཟོས་ན་ལེགས་ཤོས་མ་རེད་དམ།
ད་ཡིན་ན་སྤོ་ཏོ་སྨྱོ་བ་འདྲ་་ཤི་ཁར་མ་ཎི་དང་ཁ་འདོན་འདྲ་བྱས་ན་བཟང་བར་མཐོང་་་་་་་་སྐྱེན་དམན་གོ་བདེ་ཞིག་གསགས་གསགས་ཐམས་ཅད་ཡོད་ཙམ་ལ་མེད་པར་བཟོ་བ་གོར་མ་ཆགས།་ཁོང་ལ་མཚམས་པའི་སྐྱེས་དམན་རག་ཁག་པོ་རེད་ཨ་་་སོང་ཙམ་ཁ་ཁུ་སེམས་པོར་བསྡད་ན་བཟང་བར་མཐོང་
སྐྱེས་དམན་གོ་བདེ་ཞིག་གིས་
གསལ་བསྒྲགས་བྱ་སྟངས་འདི་ཡག་པོ་དེ་ཙམ་མི་འདུག དྲ་རྒྱ་དམིགས་བསལ་བ་ཞིག་དགོས་པ་རེད། དེ་ལ་རང་རང་སོ་སོའི་ས་མིག་ཁ་བྱང་རེ་རེ་ཡོད་པ་རེད། གལ་སྲིད་འབྲེལ་བ་བྱེད་འདོད་མཁན་ཚོས་མི་སྒེར་གྱི་གྲངས་ཀ་ལྟ་བུ་དེ་བརྒྱུདནས་འབྲེལ་བ་བྱེད་དགོས་པ་རེད། མི་རང་རང་གི་ཁ་བྱང་གྲངས་ཀ་འདྲ་བ་དེ་དང་ཆ་རྐྱེན་སོགས་དགོས་མཁོ་དང་རང་གི་ངོ་སྤྲོད་ཉུང་ངུ་རེ་ཚགས་པར་སྟེང་དུ་གཏོང་དགོས་པ་རེད་མ་གཏོགས་འདི་འདྲ་མིའི་མིང་དང་འདྲ་པར་ཚགས་པར་སྟེང་ལ་གསལ་བོར་གཏོང་སྲོལ་ངས་ཆེར་མཐོང་མ་མྱོང་།
དྲ་སྟེང་ནས་དགའ་རོགས་འཚོལ་བ་དང་བཟའ་ཟླ་འཚོལ་བ་འདི་གསར་བ་གང་ཡང་མ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་སུའང་རང་ཉིད་ཀྱི་འདོད་མོས་ལྟར་བཟའ་ཟླ་འཚོལ་སྒྲིག་གི་ལས་རིམ་འདིའང་དྲ་ལམ་ནས་མང་དུ་འབྱུང་ཐུབ་ན་འདིའི་རང་ཉིད་ཀྱི་ཁེ་ཕན་བསྒྲུབ་ཐུབ་ལ་བོད་རིག་གནས་འཁོར་བསྐྱོད་ཀྱི་ཁྱབ་རྒྱའང་ཆེ་རུ་འགྲོ་ངེས།
བཟའ་ཟླ་འཚོལ་སྟངས་འདི་ཡག་པོ་འདུག་གལ་སྲིད་ཁོ་རང་དང་འདྲ་བའི་མོ་རེངས་དེ་འདྲ་ཡོད་ན་ལམ་སེང་ཁ་ཐུག་ཁ་པར་ནང་ནས་ཁྱོ་ག་དེ་ལ་སྐད་ཆ་བཤད་ན་འགྲིག་ག། མ་གཞི་གྲྭ་ལོག་དཔེ་ཆ་ཤེས་ཀྱི་ཡོད་ན་མཆོད་གནས་འགྲོ་ཞོར་དུ་ཆུང་མ་འཚོལ་ན་ཕལ་ཆེར་ཐོབ་ཡོང། གོང་དུ་བྲག་སྲིན་མོ་ནས་ཁོ་ལ་ཁ་བརྡུང་བཏང་བ་མ་ལེགས། ཁོང་ལོ་ཆེ་ཡང་གཞོན་ཉམས་དོད་པོ་འདྲ་ཞིག་མི་འདུག་གམ། བྲག་སྲིན་མོ་ཁྱོད་རང་ལ་སྤྲེའུ་ཞིག་ཐུག་ན་ཡང་བྱང་སེམས་དང། འདོད་ཆགས་ངོ་མི་ཤེས་མཁན་ཕྲུ་གུ་དྲུག་སྐྱེ་ཡོང་ངོ། ཁོ་ཁུ་སིམ་མེར་སྡོད་ག་ལ་ཐུབ་ལོ་ག་ཚོད་ཆེན་པོ་ལོན་ཚར་འདུག མཚན་གཅིག་སྐྱིད་པོ་བྱུང་ནའང་ཁེ་བཟང་རེད།
རེད་རེད།
གཞོན་ནུའི་འགྱུར་ཁུག་གི་དྲ་བ་རུ་བཟའ་འཚོལ་སྟེགས་བུ་ཞིག་ཡོད་པ་མ་རེད་པས།
དེར་ཁྱབ་བསྒྲགས་གནང་ན་གང་འདྲ་འདུག
ཐོག་མར་ང་ལ་དྲི་བ་གཅིག་ཡོད། དེ་སྔོན་ཁྱེད་རང་ལ་བཟའ་ཟླ་ཡོད་དམ་མེད། ཡོད་ན་དཀའ་ངལ་གང་འཕྲད་སོང་། མེད་ན་ད་ལྟ་ལོ་ལྔ་བཅུ་ཙམ་ལ་སླེབས་དུས་གློ་བུར་དུ་བཟའ་ཟླ་ཞིག་ཅིའི་ཕྱིར་དགོས་ཀྱི་འདུག་གམ། ང་རང་ལ་ངོ་ཤེས་པའི་ཨ་མ་འཛོམས་སྐྱིད་ཟེར་བ་ཞིག་ཡོད། མོ་རང་ད་ལྟ་རང་ལོ་༤༥ཙམ་རེད། གལ་ཏེ་ཁྱེད་རང་ཐུགས་མཉེས་ན་ངས་མོ་རང་ལ་འབྲེལ་བ་བྱེད་ཆོག། ཨ་ལེ་སྔོན་ལ་ངའི་དྲི་བར་ལན་འདེབས་རོགས་ཞུ་རྒྱུ་ཡིན།།།
མཆན་འབྲི་མཁན་ཚང་མའི་ནང་ན་ཁོང་དངོས་གནས་སེམས་ཁྲལ་བྱེད་མཁན་དེ་རི་བོང་བློ་ལྡན་ཤག དེའི་ཕྱིར་དོ་བདག་ཆུང་ཚེ་རིང་ལགས་ཀྱིས་དྲི་ལན་གང་མགྱོགས་བཏབ་ཏེ་ཨ་མ་འཛོམས་སྐྱིད་དང་འབྲེལ་བ་བྱེད་ཐུབ་པ་བྱ་གལ་སྙམ་པས་དེ་ལུགས་དགོངས་འཇགས་ཞུ
རེད། དོ་བདག་ཆུང་ཚེ་རིང་ལགས་ཀྱིས་དྲི་ལན་གང་མགྱོགས་གནང་དགོས་པ་ལྟར། རི་བོང་བློ་ལྡན་ནས་ཀྱང་ཨ་མ་འཛོམས་སྐྱིད་ཀྱི་ཁྱོ་ག་དང་ཕྲུག་གུའི་སྐོར་གྱི་གསལ་བཤད་ཅིག་མ་གནང་ན་ཕྱི་གསལ་ནང་གསལ་ཡོང་གི་མ་རེད་གདའ།
ཨ་མ་འཛོམས་སྐྱིད་ལགས་ཀྱི་སྐྱོ་སྒྲུང་དེ་ངའི་གོ་ཡག་ལ་སྔར་ལོ་གཉིས་གསུམ་གོང་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ལ་མོ་རང་དང་མོ་རང་གི་བཟའ་ཟླ་བཅས་དུས་འཁོར་དབང་ཆེན་དུ་ཕྱིན་ནས་ཉིན་གསུམ་བཞི་རྗེས་ལ་མི་ཚོགས་མང་པོའི་དཀྱིལ་ལ་གསུང་ཆོས་ཞུས་སྐབས་མོ་རང་གི་ཁྱོ་ག་གློ་བུར་དུ་བརླག་སོང་ནས་ད་བར་གར་སོང་ཆ་མེད་དུ་ཕྱིན་ཡོད། མོ་རང་ལ་ཕྲུ་གུ་ཡོད་པའི་སྐད་ཆ་ཡང་མི་འདུག། ད་ལྟའི་ཆར་མོ་རང་གི་མི་ཚེའི་ཉེ་འཁོར་ལ་ཁྱི་རྒན་གཅིག་མ་གཏོགས་མིན་འདིག། འོན་ཀྱང་ཉེ་ཆར་མོ་རང་ལ་ཨ་རི་ནས་ཨ་སྒོར་༡༠༠༠༠ཐམ་པ་དང་ཡི་གེ་ཞིག་འབྱོར་འདུག་པས་ངས་མོ་རང་ནས་ཡི་གེའི་ནང་ག་རེ་བྲིས་ཡོད་མེད་སྐོར་ལ་གནས་ཚུལ་གསལ་པོ་ཤེས་ཐབས་གང་མང་བྱེད་ཀྱང་མོ་རང་གི་རྩ་བ་ཉིད་ནས་ལབ་རོགས་བྱེད་ཀྱི་མིན་འདུག། མ་ཟད་ད་ལྟ་ངས་དངུལ་དང་ཡི་གེ་སོགས་སུས་གཏོང་མིན་སྐོར་ལ་ཡང་གསལ་པོ་ཤེས་ཀྱི་མེད། འོན་ཀྱང་ད་ལྟའང་ངས་མོ་རང་ནས་གནས་ཚུལ་གསལ་པོ་ཧ་གོ་ཐབས་བྱེད་བཞིན་ཡོད། ངས་གང་མགྱོགས་ཨ་སྒོར་དང་ཡི་གེ་དེ་དག་མོ་རང་ལ་སུས་གཏོང་མིན་སྐོར་ལ་ཞུས་ཆོག།།།
ཡར་ཐོན་གྱི་རྣམ་པ་རེད། ཡག་པོ་རེད། འོན་ཀྱང་། སེམས་འཕྲལ་ཆེ་ཤོས་ནི་མོ་ཧྲེང་ཁྲོད་ནས་ཁ་བརྡ་དྲ་རྒྱ་འདི་ལ་བལྟ་མཁན་ག་ཚོད་ཡོད་དམ། ཕལ་ཆེར་བཅུ་ལས་ལྷག་པ་ཨེ་ཡོད་ན། ཕལ་ཆེར་ཁོ་བོས་བསམས་ན་ཆུང་ཚེ་རིང་གི་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་དེ་ཕ་ཡུལ་དྲ་རྒྱ་དང་འཇམ་དབྱངས་ནོར་བུའི་དྲ་རྒྱ་ནང་དུ་བཀོད་ན་གང་འདྲ་འདུག དབྱིན་ཡིག་གི་དྲ་རྒྱ་ཁྲོད་ནས་ཁྱབ་ཆེ་ཤོས་ནི་དེ་གཉིས་ཡིན། ཕལ་ཆེར་བཙན་བྱོལ་སྤྱི་ཚོགས་ནང་ནས་དྲ་རྒྱ་ཁྱབ་ཆེ་ཤོས་དེ་གཉིས་རེད་ཟེར་ན་ཡང་མི་འགྲིག་པ་མེད།
ངས་ནི་དབྱིན་ཇི་མི་ཤེས། བཙན་བྱོལ་བས་ཤུག་རྒྱོབ། ཁོང་ལ་ང་ཚོས་རོགས་མ་བྱས་ན། སུས་བྱེད་རེད།
རི་བོང་བློ་ལྡན་ནི། བཅོས་སྒྲུང་རེད་ཤག །
མཆན་ཉི་ཤུ་རྩ་གཉིས་བཏབ་འདུག ངས་ཁོང་ལ་ད་ལན་ཆུང་མ་མང་པོ་ཞིག་རེག་འདུག་བསམ་སོང་། འོན་ཀྱང་དེའི་ནང་ལ་ཁོང་གི་ཆུང་མ་ཉན་ནི་གཅིག་ར་མེད་ཀི།
ངས་ཀྱང་རི་བོང་བློ་ལྡན་ལ་རེ་བ་ཞིག་བཅངས་པ་ཡིན་ཏེ། ཟླ་ཀླུང་གིས་བཤད་པ་ལྟར་ཁོས་རྟོག་བཟོ་བྱས་ནས་ཆུང་ཚེ་རིང་ལ་མགོ་བསྐོར་གཏང་རྩིས་ཡིན་ས་རེད།
ལོ་ན་ཆུང་བའི་སྐྱེས་དམན་གཟུགས་བཟང་ཞིག་གིས་ཁྱེད་ཀྱི་ཞལ་པར་རྒྱུད་འབྲེལ་བ་གང་མགྱོགས་ཡོང་
བའི་སྨོན་ལམ།
ཧ་ཧ་ཧ། ད་རེ་ཡིན་ན་སྐད་ཆ་སྙན་པ་ལ། ཁ་ཡག་བཤད་པས་གོ་མི་ཆོད།།ཚྭ་ཁུ་འཐུང་བས་སྐོམ་མི་གསོད།། རེམ་ཞིག་ཁོང་ལ་སླུ་ཟླ་ཞིག་འཚོལ་རོགས། གྲྭ་ལོག་རྣམས་ལ་འདོད་ཆགས་ཆེ་ཟེར་བ་ཅིས་མ་བདེན།
ང་ཚོས་ཁོང་ལ་བཟའ་ཟླ་རགས་པའི་སྨོན་ལམ་བརྒྱབ་རྒྱུ་དང། བྱུང་ན་ཁོང་ལ་བཟའ་ཟླ་འཚོལ་རྒྱུའི་ཐད་དཔུང་པ་མཉམ་གཤིབ་ཀྱིས་རོགས་རམ་བྱེད་རྒྱུ་དེ་རེད། ཁོང་རང་གིས་ང་ཚོ་ལ་རེ་བ་བཅངས་ནས་དྲྭ་ངོས་འདིར་ཁ་དཔར་ཨང་གྲངས་དང་བཅས་པ་ཕུལ་ཚར་འདུག་ག ད་དུང་ཁོ་འདོད་ཆགས་ཆེ་མདོག་དང་གྲྭ་ལོག་ཟེར་ནས་དམའ་འབེབ་བྱེད་ན་ཅང་རུང་ངམ། གསོད་པ་ཀུན་གྱི་ནང་ནས་མི་ཡི་སེམས་གསོད་པ་དེ་ནི་ཤིན་ཏུ་ཡ་ང་ལ་རབ་ཏུ་སྤང་བར་བྱ་བ་ཁོ་ནའོ། གྲོགས་པོ་ཚོ་ད་ངས་བྱས་ན་ད་དེ་རིགས་ཤོད་རྒྱུ་གནས་སྐབས་མཚམས་འཇོག་གནང་ནས་ཁོང་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་རམ་དང་ཡང་ན་སྨོན་ལམ་བརྒྱབ་རྒྱུ་དེ་རེད། ཉན་རང་དགྲ་བཅོམ་དང་ཐེག་ཆེན་འཕགས་པ་ཡིན་ན་མ་གཏོགས་འདོད་ཆགས་མེད་མཁན་སྐྱ་སེར་སུ་ཞིག་ཡོད། འདོད་ཆགས་ལོས་ཤས་ཆེ། ཤ་ཚ་ང་རང་ཚོ་ཚང་མ་འདོད་ཁམས་པ་རེད་པ། འདོད་པ་ལ་ཁམས་མཆོག་ཏུ་བལྟ་བའི་སྲེད་ལྟ་མངོན་འགྱུར་བ་ཡོད་མཁན་ཤ་སྟག་མ་ཡིན་ནམ། ཆུ་ཚེ་རིང་ལགས། ཁྱེད་ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས།་་་་ ཁྱེད་ལ་གཏན་གཏན་བཟའ་ཟླ་རགས་ངེས། ཁྱེད་གྲ་སྒྲིག་བྱེད་ནས་སྡོད། གུ་ཡངས་བློ་བདེ་བྱེད་ནས་སྡོད།
ཡང་མཇེས་སྟུ་འཚོལ་བའི་ལམ་ལུགས་འདི་དངོས་གནས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་ཆེ་ཤོས་ཡིན་པ་འདི་ག་ལེར་གསལ་སྟོན་བྱས་པ་འདྲ་ཞིག་རེད། ཆུང་ཚེ་རིང་ལགས་ཐུགས་ཁག་མེད་པ་རེད། ལམ་ལུགས་འདི་བོད་པའི་སྤྱི་ཚོགས་ནང་གསར་གཏོད་གནང་མཁན་ཁོང་ཐོག་མ་རེད་སྙམ། དཔེར་ན་། ནུབ་ཕྱོགས་སྤྱི་ཚོགས་ནང་ལ་ཆ་མཚོན་ན། འདི་གསར་གཏོད་དང་ཡ་མཚན་གང་ཡང་མིན་ལ་རྒྱུད་ལམ་འདྲ་མིན་ཐོག་གཉེན་སྒྲིག་མ་བྱས་པའི་ཕོ་རེང་དང་མོ་རེང་ཕན་ཚུན་འཚོལ་རེས་བྱེད་པ་དང་། མ་ཟད་ཚོགས་པ་འགའ་རེས་འདི་ཚོར་རྒྱབ་སྐྱོར་བྱེད་པ་དང་ཕན་ཚུན་དགའ་རོགས་བསྒྲིག་རྒྱུའི་ཐབས་ཤེས་བྱེད་པ། དཔེར་ན་། མོ་རེང་འགའ་གྲལ་དུ་བཞག་ནས་ཕོ་རེང་གཅིག་གིས་རང་མོས་དེ་འདེམས་སྒྲུག་བྱེད་དུ་འཇུག་པ་དང་། ད་དུང་ཕན་ཚུན་དགའ་རོགས་འགྲིག་རྒྱུ་དང་གཉེན་སྒྲིག་བྱེད་ཐུབ་རྒྱུའི་ཆེད་ལུང་པ་གཞན་ནམ་ས་གནས་གཞན་དུ་གུང་སེང་དང་སྤྲོ་སྐྱིད་གཏོང་རྒྱུའི་འགྲོ་སོང་ཡང་གཏོང་བ་སོགས་བྱེད་ཀྱི་འདུག། འོན་ཀྱང་ཆུང་ཚེ་རིང་ལགས་ལ་དེ་འདྲའི་ཆ་རྐྱེན་རེག་རྒྱུ་ནི་ལྟ་ཞོག་བཀའ་བཀྱོན་མེད་ན་ཨོའོ་ཙི་རེད་པ། མཐར་ཁོང་ལ་རང་རིགས་ཀྱི་ལ་རྒྱ་ལྡན་ལ་བཟང་སྤྱོད་ལྡན་པའི་བུད་མེད་ཞིག་རྙེད་རྒྱུར་ངས་རེ་སྨོན་ཞུ་བཞིན་ཡོད་ལགས།
ས་བསྒྲགས་གནམ་བསྒྲགས་མ་བྱས་པར། དགོས་མཁོ་དང་ཆ་རྐྱེན། དེ་བཞིན་རང་གི་གནས་སྟངས་མདོར་བསྡུས་ཙམ་མ་གཏོགས། རང་གི་ངོ་རྟགས་ངོ་མ་དེ་སྤྱི་ཚོགས་ནང་བསྒྲགས་མེད་ན་བུ་མོ་ཞིག་རག་སྲིད་པ་རེད།
འདི་ཁོ་རང་གཅིག་པུའི་དོན་དག་མ་རེད། སྐྱ་ཡ་བུ་མོ་དེའི་མི་ཚེ་ཡང་ཡིན་སྟབས་གཅིག་བྱས་ན་མོ་རང་གིས་འདི་ལྟར་སྒྲོག་འདོད་མེད་སྲིད། ད་ནི་མོ་རང་འགྲོགས་འདོད་ཀྱང་རང་བཞིན་གྱིས་གཉའ་ཆག་སྤྱད་ཅིག་བཟོས་འདུག་སྟབས། གཉེན་འབྲེལ་འདི་འཛིན་རྒྱུ་ཁག་པོ་ཆགས་ཡོད་ཀྱི་རེད།
ཁ་བརྡ་སྟེང་ན་མ་གཞི་ནས་ཕོ་སྐྱེས་ཚོ་མ་གཏོགས་བུད་མེད་ཞེ་དྲག་མེད་སྟབས། བརྒྱུད་ལམ་ཡང་ནོར་འདུག
ངས་ཀྱང་ཁོང་ལ་བཟའ་ཟླ་ཡག་པོ་ཞིག་གང་མགྱོགས་འཚོལ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ། གོང་དུ་དྲ་གྲོགས་མངའ་རིས་འཕྲིན་ལས་ལགས་ནས་ (སྔོན་མ་གྲྭ་བ་ཡིན་ན་ཡང་སྐྱར་གྲྭ་བ་བྱས་ན་ག་འདྲ་འདུག མ་རྒན་བྱམས་སྐྱོང་ཡག་པོ་བྱས་རྗེས་གདན་ས་ཞིག་འཛུལ་ཞུགས་བྱས་ན་ཡག་ཤོས་རེད། དེང་སང་གདན་ས་ཁག་ལ་བོད་པའི་གྲྭ་བ་བཟོ་མཁན་མི་འདུག་ཅེས་སྡུག་སྐད་རྒྱབ་བཞིན་འདུག དེར་རྟེན་གྲྭ་བ་ཡང་སྐྱར་བཟོས་ན་ལེགས་ཤོས་མ་རེད་དམ།) ཞེས་གསུང་འདུག་འདི་འདྲ་བའི་བསམ་བློ་ཞིག་ང་ཚོའི་སྤྱི་ཚོགས་ནང་ལ་ལྷེབ་ཡོང་གི་འདུག་ན། དྲ་གྲོགས་རྣམས་པས་རིག་པ་རྣལ་དུ་ཕབ་ལ་དེ་འདྲ་བའི་མི་ཞིག་ལ་གྲྭ་བ་ཞེས་པའི་ཐ་སྙད་འཇུག་དང་མིོ་འཇུག གདན་ས་ཁག་རྣམས་གྲྭ་པར་ཇི་ཙམ་ཕོངས་ན་ཡང་དེ་འདྲའི་གྲྭ་པ་དགོས་དང་མི་དགོས། དམ་ཆོས་འདུལ་བའི་ལུགས་ལ་དེ་འདྲ་རུང་དང་མི་རུང་། འདི་ནི་ངས་བསམ་ན་ཆུང་ཚེ་རིང་གི་བཟའ་ཟླ་འཚོལ་བ་ལས་ཀྱང་གལ་ཆེ་བ་འདུག་བསམ།
ག་བ་ག་བ། གདན་སའི་ནང་ལ་ཡང་བསྐྱར་བསླེབ་ན་སྐྱེས་བུ་དམ་པ་ཞིག་ཡོང་རྒྱུ་ཁག་པོ་རེད། ཡིན་ཡང་ཁོང་ལ་སྐྱེས་དམན་ཞིག་དགོས་མཁོ་ཡོད་པ་འདྲ། བཙན་བྱོལ་ཁྲོད་དུ་ན་ཆུང་བུད་མེད་ཆ་སྙོམས་ཀྱིས་རྩིས་ན་གྲངས་འབོར་མང་བས་ཕོ་རྫིག་ཁོང་ལྟ་བུས་ཀྱང་སེམས་པ་བཟང་བའི་ན་ཆུང་ཞིག་ལ་རེ་བ་བརྒྱབ་པ་ལྟར་མི་རེག་པའི་དཀའ་ངལ་ཡོད་པ་ཡོད་པ་མ་རེད། སྐོམ་པ་ཆུ་འདོད་ལྟར་འགྲུབ་པའི་རེ་སྨོན་ཞུ།
ཆུང་ཚེ་རིང་ལགས་ངས་ཁྱོད་ལ་གཏམ་བཟང་ཞིག་ཡོད་དེ་ནི་དེང་སྐབས་ལ་དྭགས་གླེ་རུ་ཚོང་ལས་ཙག་ཙིག་གཉེར་བཞིན་པའི་ཨ་ཅག་མཚོ་མོ་ལགས་ཀྱི་སྐོར་རེད། མོ་རང་ལ་དྲ་རྒྱའི་ནང་གི་ཆུང་ཚེ་རིང་སྐོར་ངོ་སྤྲོད་བྱས་པ་ཡིན་མོ་རང་སྔོན་དུས་དགའ་བོ་བཞི་ཙམ་བྱུང་ཡོད་ཀྱང་མི་ཚེ་མཉམ་དུ་སྡད་ན་བསམ་པའི་བུ་ཞིག་ཐོབ་མ་བྱུང་ཟེར། རྩེ་མོ་དང་བཅས་འདི་ལྟར་ཟེར་ཆུང་ཚེ་རིང་ཁོ་ངས་བསྒུག་སྡད་པ་འདྲ་བོ་འདུག མོ་རང་ལོ་སུམ་ཅུ་སོ་དགུ་ཡིན་གལ་སྲིད་ང་གཉིས་མཉམ་དུ་སྡད་ན་ཆུ་ཕོར་བ་གང་ལས་མེད་ཀྱང་སྣང་བ་སྐྱིད་པོ་བྱས་ནས་མཉམ་དུ་རོལ་རྒྱུ་ཡིན། ཁོ་པ་གྲྭ་ལོག་ཡིན་ཙང་ཆོས་ནང་ནས་གསུང་པ་བཞིན་ང་ལ་བྱམས་པོ་བྱེད་སྲིད་དེ་མིན་དེང་སང་ཕོ་གསར་གང་བྱུང་ལ་བློས་འགེལ་ཐུབ་རྒྱུ་དཀའ་བོ་རེད་ཅེས་ལབ་ཀྱི་འདུག མོ་རང་ལ་ངས་ཁ་པར་ཨང་གྲངས་སྤྲད་ན་འགྲིག་ས་རེད་པས་དྲིས་སྐབས་ཉིན་ཤས་རིང་མནོ་བསམ་ཡག་པོ་ཞིག་གཏོང་གི་ཡིན་ལྡི་ལི་རུ་དགའ་བོ་ཞིག་ཡོད་ཁོ་ལ་སྐད་ཆ་ཞིག་འདྲི་དགོས་ཡོད། མེ་སོར་ལ་ངོ་ཤེས་པ་ཁ་ཤས་ཡོད་ཁོ་ཚོའི་རྒྱུད་ནས་ཁོ་པ་ལ་རྒྱུས་ལོན་བྱེད་ཀྱི་ཡིན། ན་ཚ་སྡུག་པོ་དེ་འདྲ་མེད་ན་ཕལ་ཆེར་འགྲིག་ས་རེད་ཟེར་གྱི་འདུག་ཆུང་ཚེ་རིང་ཁྱོད་དགའ་བར་གྱིས་ཤིག
དེ་ལྟར་མ་བྱུང་ན་ཁྱོད་དང་པོ་གྲྭ་བ་བྱས། དེ་ནས་གྲྭ་བ་ལོག ཆུང་མ་མ་ཐོབ་ནས་ལོ་རྒན་བཞི་བཅུ་ཟིན། ད་དུང་དཀའ་ངལ་ག་ཚོད་འཕྲད་ཡོད་སུའི་བརྗོད་ནུས། ད་ཕལ་ཆེར་འཁོར་བ་ལ་ངེས་འབྱུང་སྐྱེས་ཡོད་ཀྱི་རེད་། གྲྭ་བ་རྒྱག་དུས་མི་སྐྱ་དྲན། མི་སྐྱ་ལྟོག་དུས་གྲྭ་བ་དྲན། ཟེར་བ་བདེན་པ་རེད་འདུག་དེར་རྟེན་གདན་ས་ཁག་ལ་བོད་པའི་གྲྭ་བ་དགོས་པ་དང་། ཁྱོད་འཁོར་བ་ལ་ངེས་པར་འབྱུང་བའི་བསམ་པ་ཡོད་པ་བཅས་གྲྭ་བ་བཟོས་ན་ཡག་ས་མ་རེད་དམ།
བོུ་ཞིག་ངས་མཐོང་སོང་ཡིན་ནའང་ལོ་ཏོག་ཙམ་ཆུང་དྲགས་ན་མ་གཏོགས་ཆེ་ས་མ་རེད། བོུས་དེ་སྔོན་མ་ངར་བོད་ནས་ཡོང་མཁན་ཕོ་གསར་ཡག་པོ་འདྲ་འདུག་ན་ཁོང་ལ་གཏུགས་རོགས་གསུང་སོང་། མོ་ལོ་སུམ་ཅུ་ནས་སོ་ལྔ་ཡས་མས་དབར་རེད། དཔལ་འབྱོར་གྱི་ཐོག་ནས་ཧ་ཅང་སྐྱོ་པོ་རེད། ཡིན་ནའང་ཁོང་ཚང་སྔོན་གཤིན་པའི་རིགས་རེད་ཟེར་ནས་ཞན་ཆ་འདྲ་བརྩི་སྲོལ་འདུག གོང་གི་ཕོ་ཧྲིང་དེར་རྣམ་རྟོགས་འདྲ་མེད་ན་ངས་སྐད་ཆ་བཤད་ཆོག
འདི་བདེན་པ་ཡིན་མིན་དོགས་པ་ཆེ། ངོ་མ་ཆུང་མ་ཞིག་བཙལ་གྱིན་ཡོད་ན་འདི་རྣམ་པ་གསར་བ་ཞིག་ཡིན་པས་འདི་ལ་ངེས་པར་དུ་དྲ་གྲོགས་ཚོས་རག་ཅི་ཐུབ་བྱེད་དགོས་ཀྱི་འདུག
ལྷག་པར་དུ་ཨ་རི་ནས་རག་ཐུབ་ན་དགེ་མཚན་ཆེ་བ་འདུག
འདི་ནི་དྲ་ཐོག་ནས་དྲ་གྲོགས་ཚོས་འགན་ཞིག་ལེན་ཐུབ་པར་བྱེད་དགོས་ཀྱི་འདུག་བསམ་ཡོད།
ངའི་ཉམས་མྱོང་གི་ཐོག་ནས་ཞུས་ན་ཁོང་ལ་ཚེ་གང་གྲོགས་ཤིག་ཁག་པོ་རེད། ཡང་མིན་ན་གདོང་སྤག་ཐུག་ཙམ་དགོས། ཡང་མིན་ན་རྩ་ག་ཡངས་ཙམ་དགོས། ཉམ་ཆུང་ཡ་རབས་རིགས་ལ་བུ་མོས་མིག་ལོག་ལྟ་གི།
ད་དངོས་གནས་མཛེས་མ་རྒྱུ་དག་ལྡན་པ་འཚོལ་དགོས་རེད་བསམ་ཞིབ་ནན་རན་གནང་དགོས་ཞག་གསུམསྙིང་གྲོགས་ལྟ་བུ་ཕན་ཐོགས་ཡོད་མ་རེད་ད་གྲོགས་ལགས་གཤིབ་རྒྱུན་རིང་ན་མི་སེམས་རྟོགས་ལམ་་ལམ་རིང་ན་རྟ་ཤུགས་ཤེས་་ཟེར་བ་ལྟར་གཉིས་མོས་དང་ཕན་ཚུན་ཡིད་ཆེས་དང་བརྩེ་བ་རྒྱུན་བཅང་གནང་རེསདང་མི་ཚེ་མཐའ་སྐྱེལ་ལས་ཧ་གསར་ཚ་པོ་མེད་མཁན་ཞིག་རྙེད་འཕྲད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་་མི་ཚེ་སྐྱེལ་རོགས་དགོས་ངེས་ཅན་རེད་ཕོ་གསར་ལགས་རྒྱུས་མངའ་དང་ཁོག་ཚོད་མ་ལོན་པའི་གྲོགས་མོ་མ་ཐུག་པ་ཤོག་།།
རི་བོང་བློ་ལྡན་ལགས། ངས་ཁོང་ལ་སྐད་ཆ་དྲིས་པ་ཡིན། དེ་སྔོན་ཁོང་ལ་བཟའ་ཟླ་མེད་ཞེས་བརྗོད་ཀྱི་འདུག ཁྱེད་རང་གི་ངོ་ཤེས་པའི་ཨ་མ་འཛོམས་སྐྱིད་ལགས་ཁྱེད་དང་མཉམ་དུ་བསྡོད་སྐབས་མཁྲེགས་རྩལ་གང་འདྲ་འདུག་གམ། གལ་སྲིད་ཁྱེད་ལ་མཁྲེགས་སྤྱོད་འདོད་ཁེངས་པ་བྱུང་ཡོད་ན་ང་ལ་ངོ་སྤྲོད་གནང་རོགས་ཞེས་ཟེར་གྱི་འདུག རྒྱུ་མཚན་ངར་ཁྱེདལས་ཞེ་་དྲག་གི་དཔལ་འབྱོར་གནས་སྟང་ཡག་པ་ཡོད་གསུངས་ཀྱི་འདུག
དྲ་ལམ་འདིར་རྩེད་ར་ཞིག་ལས་ཆུང་ཚེ་རིང་གི་བསམ་དོན་ཇི་བཞིན་འགྲུབ་དཀའ། དེ་བས་རྡོ་རྗེ་གདན་ནས་ཕྱག་དང་བསྐོར་བ་བྱེད་ཞོར་སྒྲིབ་སྦྱོང་འདྲ་བྱེད་ན་ཡག་གི་མ་རེད་དམ། གཅིག་བྱས་ན་དེ་ནས་རེག་མདོག་ཁ་བོ་རེད།
ངས་དོ་དགོང་གང་ཡང་མི་འདོད་རྒྱུན་རིང་པོའི་བཟའ་ཟླ་འཚོར་
དགའ་ལྡན་ལགས། ཆུང་ཚེ་རིང་གིས་དངོས་གནས་དེ་འདྲ་ཟེར་གྱི་འདུག་གམ། གལ་སྲིད་དེ་དངོས་བདེན་ཞིག་ཡིན་ན་དེ་སྔ་ཆུང་ཚེ་རིང་ལགས་ཀྱིས་འཚོལ་རྒྱུའི་བཟའ་ཟླ་ཡི་ཆ་རྐྱེན་དུ་ལག་ཤེས་སྒྱུ་རྩལ་རིགས་མེད་ནའང་ནང་ལས་ཡག་པོ་ཐུབ་མཁན་དང་གཙོ་བོ་ནང་མི་དང་ཁྱིམ་མཚེས་དག་ལ་འཆམ་མཐུན་དང་བྱམས་སྐྱོང་གནང་མཁན་ཞིག་བྱུང་ན་ལེགས་གསུངས་པ་མ་གཏོགས་འཁྲིག་སྤྱོད་ཀྱི་རྩལ་གང་འདྲ་ཡོད་མིན་དང་འཁྲིག་པའི་བདེ་བ་ཡོངས་སུ་སྤྲོད་ཐུབ་མིན་སོགས་ལ་དོ་སྣང་བྱེད་པ་ཞིག་ངས་དྲན་གྱི་མིན་འདུག། ཆུང་ཚེ་རིང་ལགས་ལ་དེ་འདྲའི་འཁྲིག་རྩལ་ལྡན་པའི་བཟའ་ཟླ་ཞིག་དགོས་མཁོ་ཡོད་ན་མེ་སོར་དང་བེང་ལོརར་སོགས་ནང་སྨད་འཚོང་མ་ཁོང་ལས་ལོ་མང་པོའི་ཆུང་བ་འཁྲིག་སྤྱོད་ཀྱི་བྱ་བ་ལ་མྱོང་བ་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་སྟེ་ཁོང་གི་ཕོ་མཚན་སྟེང་སྨད་ཚོང་མ་ཚོའི་བྷ་ག་དྲོད་འཇམ་ལྡན་པ་དེས་རེག་ཐེངས་རེ་ལ་སྐར་ཆ་ཁ་ཤས་ནང་ཁུ་བ་ཚ་ཚང་ཕྱིར་འཕྱུང་ཐུབ་པའི་ནུས་རྩལ་ལྡན་པའི་སྨད་ཚོང་མ་མང་པོ་ཡོད་པས་ཁོང་ཚོ་དང་འབྲེལ་བ་བྱེད་ཐུབ་ན་ཡག་པོ་མཐོང་། ང་དང་ཨ་མ་འཛོམས་སྐྱིད་བར་ལ་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད། ང་རང་ལ་བ་ཕྱུགས་གཉིས་ཡོད་པས་ཞོགས་པ་རྟག་པར་མོ་རང་གི་ནང་ལ་འོ་མ་བསྐྱལ་བ་མ་གཏོགས་གཞན་མོ་རང་ནང་ལ་འགྲོ་རྒྱུའི་རྒྱུ་མཚན་གང་ཡང་མེད། ཆུང་ཚེ་རིང་ལགས་ལ་ང་ལས་དངུལ་འབབས་ཆེ་བ་ཡོད་པ་དེ་ངས་ངོས་ལེན་བྱེད་ཀྱི་ཡོད་ལ་དེ་ང་ལ་བཤད་དོན་ཡང་མེད།།།།
རི་བོང་བློ་ལྡན་ལ་བ་ཕྱུགས་གཉིས་ཡོད་ན།
དོལ་སྨྱོན་ང་འོ་མ་ག་ཚོད་འཐུང་འཐུང་རེད་ཤག
འཛམ་གླིང་གི་འགྱུར་འགྲོས་དང་མཐུན། རང་དོན་རང་གི་བྱས་ན་གཞན་གྱི་བཤད་ཚད་ལ་དོ་སྣང་བྱེད་དགོས་དོན་མེད།
སྔར་མེད་གསར་བཏོད་རེད།
གྲོགས་པོ་ལགས་སུ་ཞུ་རྒྱུའི་སྙིང་དོན་ནི་གྲོགས་མོ་ཡག་པོ་འཚོལ་དགོས་པའི་གནད་དོན་འདི་གལ་འགངས་ཧ་ཅང་ཆེན་པོ་
ཆེན་པོ་ཆེན་པོའི་ནང་གི་ཆེན་པོ་རེད་དོ་གྲོགས་པོ་ལགས་།།ཨ་གསར་ཚ་པོས་མི་སྐྱེལ་མི་ཐུབ་པ་ཐག་གིས་ཆོད་པ་རེད་དོ་གྲོགས་བཟང་ལགས་ཁྱེད་ཀྱིས་ཨ་གསར་ཚ་པོ་གནང་མི་རུང་བ་ཞིག་རེད་ད་གྲོགས་པོ་ལགས་གདོང་གི་རྣམ་པ་དང་གཟུགས་
མཛེས་བཟོ་ལྟ་ཁ་མཁས་གཏམ་སྙན་ལ་དབུ་མི་འཁོར་བའི་རེ་བ་ཡོད་ང་ནི་ཉམས་མྱོང་ཆ་ཚང་ཡོད་པའི་རྒས་ཁོག་ཡིན་པས་ཕན་ཚུན་གཉིས་མོས་རྨང་གཞིའི་ཐོག་གཉེན་སྒྲིག་གནང་ནས་མི་ཚེ་བདེ་སྐྱིད་དང་ལྡན་པ་སྐྱེལ་ཐབས་ལ་མནོ་སེམས་ནན་པོ་གཏང་རྒྱུ་དེ་གཉིས་ཀས་ཧ་རེ་ཧུ་རེ་གནང་མི་རུང་བའི་ལས་འབྲས་ལ་བརྩི་སྲུང་ཡག་པོ་བྱས་ན་འདི་ཕྱི་གཉིས་ཡོད་ཀྱི་ལས་བཟང་རེད་གཉིས་ཀས་བྲེལ་འཚུབ་མ་གནང་བར་གྲོས་མོལ་ཡང་སེ་ཡང་སེ་གནང་ནས་ཕན་ཚུན་བརྟག་དཔྱད་ནན་ཏན་དང་
བོད་མིའི་ཡ་རབས་སྤྱོད་བཟང་གི་མིག་དཔེ་མཚོན་པའི་ནང་ཚང་ཡག་པོ་ཞིག་དང་བོད་ཀྱི་རྩ་དོན་མངོན་འགྱུར་ཡོང་བར་འབད་པ་ཧུར་ལེན་གནང་མཁན་གྱི་ཁྱིམ་ཚང་དྲོ་སྐྱིད་ལྡན་པ་ཞིག་ཡོང་བའི་སྨོན་འདུན་བརྒྱན་ཏེ་གཅེན་པོ་བཟང་པོ་ནས་ཕུལ་།བཀྲ་ཤིས་བདེ་ལེགས་ཞུ་འོ་་།།
ཆུང་ཚེ་རིང་ལགས། ཁྱེད་རང་དངོས་ནས་བཟའ་གྲོགས་ནང་མི་ལ་བྱམས་སྐྱོང་གནང་མཁན་ཞིག་འཚོལ་འདོད་ཡོད་ན། དེང་སང་གི་སློབ་སྦྱོང་གནང་མྱོང་མེད་མཁན་བོད་རིགས་དང་འབྲུག་རིགས་ཤིག་འཚོལ་དང་། དེས་ཁྱེད་ཀྱི་རེ་འདུན་འགྲུབ་ངེས། དེ་བས་ཀྱང་ཁྱེད་ལ་མ་རྒན་མོ་ཞིག་ཡོད་འདུག་པས་མ་རྒན་མོ་ལ་ཞབས་ཏོག་གང་དྲག་ཞུ་མཁན་གྱི་བཟའ་གྲོགས་ཤིག་འཚོལ་རོགས། དེང་སང་གི་སློབ་སྦྱོང་གནང་མྱོང་མཁན་གྱི་བུད་མེད་རྣམས་ཀྱིས་ནི་འཁྲིགས་སྤྱོད་ཀྱི་ཞབས་ཏོག་ལེགས་པར་འགྲུབ་ངེས་ཀྱང་མ་རྒན་མོ་ལ་ཞབས་ཏོག་ཕར་ཞོགས། ཐ་ན་ཁྱེད་རང་ལ་ཡང་འཁྲིགས་སྤྱོད་ལས་གཞན་པའི་ཞབས་ཏོག་འགྲུབ་དཀའ། དེའི་ཕྱིར་ཁྱེད་ཀྱི་བཟའ་གྲོགས་འཚོལ་སྟངས་འདི་རེ་ཞིག་བཞག་ནས་རྡོ་རྗེ་གདན་སོགས་འབྲུག་མོ་དང་བོད་མོ་མང་དུ་འཛོམས་སར་གནས་མཇལ་སོགས་ལ་ཕེབས་ན་གང་འདྲ་འདུག
ངས་གོ་ཐོས་ལྟར་ན་ད་ལོ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལོ་ལྟར་ཞལ་འཛོམས་དེ་ལ་དྭགས་ལ་འཚོགས་རྒྱུ་ཡིན་ཟེར། དེར་འབྲུག་མོ་དང་བོད་མོ་ལ་དྭགས་མོ་སོགས་མང་པོ་ཞིག་འཛོམ་ངེས། སྐུ་ཉིད་ཀྱང་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཞལ་འཛོམ་ལ་ཕེབས་ན་མི་རིགས་སམ། དེ་ནས་ཁྱེད་རང་ལ་མཁོ་བའི་བཟའ་ཟླ་ཞིག་རག་སྲིད།
མ་རེད་མ་རེད་ད་ལྟ་ཅུང་ཙམ་ངང་སྒུག་གནང་དང་།
ལོ་ནི་ཆེ་ཙམ་ཆགས་ཟིན་པས་བྲེལ་བ་དེ་ཙམ་མི་དགོས།
གང་ཡིན་ཟེར་ན་འདི་ལོ་བོད་ནས་ལྷད་མེད་པའི་བོད་ཀྱི་བུད་མེད་མང་པོ་ཡོང་གི་རེད།
དེ་དུས་མིག་གྲུང་ཙམ་དང་རྣ་ཅོག་གསང་ཙམ་བྱས་ནས་དོན་གཉེར་བྱས་ན་འབྲས་མི་སྨོན་རང་སྐྱིད་
ཞིག་ཡོང་ངེས་ཡིན་པས་བློ་བདེ་པོ་བྱེད།
སེམས་ཁྲལ་རྩ་བ་ནས་མི་དགོས།
བརྒྱ་བཤད་སྟོང་བཤད་གང་བྱས་ཀྱང་ཁོ་ལ་ཆུང་མ་འཚོལ་རོགས་བྱེད་འདོད་མཁན་ཞིག་མེད་པ་འདྲ། དགུང་ལོ་ལྔ་བཅུ་ཅན་གྱི་ཆུང་ཚེ་རིང་གིས་ཀྱང་སྔོན་ཐོན་བཅས་པའི་ཞོར་རེད། རང་གི་གཟུགས་པོའི་གནས་སྟངས་དང་དཔལ་འབྱོར་གནས་བབས་སོགས་ཅུང་ཁ་གསལ་བོ་ཞིག་མ་གསུང་ན་བཟའ་ཟླ་འདོད་པའི་སྐྱེས་སྨན་ཚོའང་ཐེ་ཚོམ་ངང་ལྷག་ངེས་རེད་ལ་ཁོང་ལ་རོགས་བྱེད་འདོད་ཡོད་མཁན་ཚོས་ཀྱང་རོགས་བྱེད་སྟངས་མ་ཤེས་པ་ཆགས་ཀི་རེད། ཁ་གསལ་བོ་གསུངས་ན་ཏན་ཏན་ཅིག་རག་མདོག་ཁ་བོ་རེད་དེའི་རྗེས་ལ་ཁོང་དང་ཁོང་ལྟ་བུའི་སྔོན་ཐོན་ཅན་མང་པོ་ཞིག་རིམ་གྱིས་ཡོང་གི་རེད། དེ་ལྟར་བྱུང་སོང་ན་མ་འོངས་པ་ན་ཁོ་རང་ཀུན་གྱི་མིག་དཔེ་ལྟ་ས་ཞིག་ཆགས་པ་མ་རེད་དམ།
བྱེད་སྟངས་འདི་རིགས་སྔོན་ཐོན་མི་རིགས་ཀྱི་རྗེས་སུ་འབྲང་པ་ཞིག་རེད། དཔེ་མི་སྲིད་ཡག་པོ་མཐོང་སོང་། ཡིན་ ན་ཡང་བཟའ་ཟླ་འཚོལ་སའི་དྲ་ཚིག་དངོས་གནས་ཤིག་དགོས་རེད་དེ་ང་ཚོའི་བོད་པ་ཚོ་ལ་ད་ལྟ་བར་དེ་བཟོ་མཁན་སུ་ཡང་ཡོད་ཚོད་མི་འདུག ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་སྐད་ཡིག་ཅི་རིགས་ཐོག་ནས་བཟའ་ཟླ་དང་དགའ་རོགས་དགོས་པའི་གསལ་བསྒྲགས་བཀོད་སའི་དྲ་རྒྱ་ཆེས་མང་པོ་མཐོང་རྒྱུ་འདུག །དྲ་ཚིག་རེ་རེ་ལ་ཕོ་མོ་ཅི་རིགས་མི་སྣ་བརྒྱ་ལྷག་གི་སོ་སོའི་མིང་དང་ལོ་གྲངས། རྒྱལ་ཁབ་གང་ཡིན། མི་རིགས་དང། ཤ་མདོག་ གཟུགས་ཚད། སྐྲ་མདོག། སོགས་ལོ་རྒྱུས་དང་རང་རང་གི་གནས་སྟངས་དང་འབྲེལ་མཐུད་ཨང་གྲངས་དང་ཨི་མེལ། དེ་བཞིན་རང་ལ་དགོས་པའི་བཟའ་ཟླ་དེ་ལ་ལོ་སྣ་སོགས་ཆ་རྐྱེན་དགོས་པ་ཁག་དང་སོ་སོའི་སྐྱེ་གཟུགས་ཀྱི་འདྲ་པར་དང་ལྷན་དུ་བཀོད་པའི་ཁྱབ་བསྒྲགས་ཆེས་མང་པོ་མཐོང་རྒྱུ་འདུག། དེ་བཞིན་ང་ཚོ་བོད་པ་ཚོས་ཀྱང་དེ་དག་དང་རྗེས་སུ་མཐུན་པ་ཞིག་དྲ་རྒྱ་དམིགས་གསལ་ཞིག་བཟོས་ཏེ་འཛམས་གླིང་ཤར་ནུབ་ལ་ཁ་འཐོར་པའི་བོད་རིགས་སྤྱི་ཚོགས་སུ་དྲ་རྒྱའི་ལས་གཞི་ཞིག་གཉེར་ཐུབ་ན་སྤྱིར་མི་རིགས་མི་ཉམས་གོང་འཕེལ་ལ་ཕན་པ་མ་ཟད་བོད་པའི་སྤྱི་ཚོགས་སུ་བོད་པ་མི་ཉུང་བ་ཞིག་ལ་མི་ཚེའི་བྱ་བཞག་གི་བྱ་བ་གལ་ཆེན་དང་པོ་དེ་དགོས་མཁོ་བསྐོང་པའི་ཞལ་འདེགས་ཞུ་སའི་ལས་གཞི་གལ་ཆེན་ཞིག་ཆགས་ཀྱི་རེད་བསྙམས།
སྔོན་འཐོན་པ་ཆུང་ཚེ་རིང་ལགས་ལ་འདི་ཕྱོགས་ཨོ་སི་ཀྲི་ལའི་ཡ་ནས་བོད་པའི་བུ་མོ་ཞིག་ངོ་སྤྲོད་ཞུ་རྒྱུའི་ཆེད་འདྲི་རྩད་ཐབས་འཚོལ་བྱེད་རྒྱུ་ཡིན།