སྤོབས་པ་མཐའ་ཡས།
ངེས་པར་འབྱུང་བའི་ཚུལ་ཁྲིམས་གཙང་མའི་འོད༎
སྲིད་པའི་མུན་པ་འཇོམས་པའི་གཉེན་གཅིག་པུ༎
གནས་བརྟན་ཆེན་པོ་ལྷ་ཡི་ལྷར་གྱུར་པ༎
ཞི་བའི་དབྱིངས་སུ་བཞུད་པའི་ཚུལ་འདི་སྐྱོ༎
བདེ་བར་གཤེགས་པའི་རིང་ལུགས་དྲི་མ་མེད༎
འཛིན་སྐྱོང་སྤེལ་ལ་འགྲན་པའི་ཟླ་བྲལ་བ༎
ཡོངས་ཀྱི་དགེ་བའི་བཤེན་གཉེན་ཡོངས་ཀྱི་མགོན༎
འཁྲུལ་ཞིག་ཆོས་ཀྱི་རྒྱལ་པོ་སྙིང་ནས་དྲན༎
དམ་པའི་ཕ་ཁྱིམ་དབེན་པའི་རི་སུལ་དུ༎
སྒྲུབ་པའི་རྒྱལ་མཚན་བཙུགས་པའི་དམ་པ་གང་༎
གློ་བུར་རྒྱུ་བའི་སྐར་མདའ་ཇི་བཞིན་དུ༎
མུན་པའི་འཇིག་རྟེན་གཤགས་ནས་ཞིང་འདི་བསྐྱུར༎
མཁྱེན་དང་བརྩེ་བའི་གདུགས་དཀར་གཅིག་གི་འོག༎
གངས་ལྗོངས་སྐྱེ་རྒུ་སྐྱོབ་པ་རྒྱལ་བའི་དབང་༎
མཛའ་གཅུག་ཐུགས་ཀྱི་ཆུ་བོ་གཅིག་འདྲེས་པས༎
བསྟན་འགྲོར་ཕན་བདེའི་མཛད་པ་གྲངས་ལས་འདས༎
སྙིང་ཐིག་སྙིང་པོའི་བསྟན་པ་ཡིད་བཞིན་ནོར༎
འཆལ་པོའི་ཚོང་རྫས་བྱེད་པའི་དུས་ངན་འདིར༎
མཁས་བཙུན་བཟང་པོའི་རྣམ་ཐར་མ་སྨད་པས༎
སྔ་འགྱུར་བསྟན་པའི་ཆེ་བ་ཁྱེད་ཀྱིས་བསྟན༎
ཐེག་ཆེན་བསྟན་པའི་རྒྱལ་ས་ན་ལན་ཌའི༎
རིང་ལུགས་བཅོས་བསླད་བྲལ་བའི་གྲུབ་པའི་མཐའ༎
གསལ་ཕྱིར་མཁན་རབས་བཅུ་བདུན་བསྔགས་པའི་སྒྲས༎
ཕ་རྗེས་བུ་ཡིས་བསྙེགས་པའི་གདེངས་སྤོབས་སྦྱིན༎
འདོད་ཆུང་འཕགས་པའི་ནོར་གྱིས་ཆོག་ཤེས་པས༎
གསེར་གྱིས་རྒྱ་ཕིབས་བཏུམ་པའི་རྒྱས་སྤྲོས་དང་༎
དངུལ་གྲངས་ས་ཡ་བགྲང་བའི་མ་རྩ་སོགས༎
ཆེ་གཉན་དྲེགས་པའི་བརྟུལ་ཞུགས་རྒྱང་དུ་བོར༎
མཁན་སློབ་ཆོས་རྒྱལ་སྤྲུལ་བའི་ཐུགས་བསྐྱེད་ཀྱིས༎
རྒྱལ་བསྟན་ཐོག་མར་དྲངས་པའི་གཞི་རྩ་སྟེ༎
སྨད་འདུལ་བརྒྱུད་པ་གཙང་མའི་སྡོམ་རྒྱུན་གྱིས༎
བསྟན་ལ་སྲི་ཞུ་བསྒྲུབས་པའི་མཐའ་མ་དམིགས༎
སྔ་འགྱུར་བསྟན་པ་རི་མོའི་མར་མེ་བཞིན༎
བཤད་སྒྲུབ་སྲོག་གིས་བཏང་བ་སྐྱོབ་པའི་སླད༎
བཀའ་གཏེར་གདམས་པའི་བརྒྱུད་པ་འཛིན་སྤེལ་གྱིས༎
འཇའ་ལུས་རིག་འཛིན་འགྲུབ་པའི་ཐེམས་སྐས་བཙུགས༎
གནས་བརྟན་ཆེན་པོའི་རྣམ་ཐར་དང་འབྲེལ་དེ༎
རྗེས་དྲན་ཚིག་གི་མེ་ཏོག་ཆུན་པོ་འདི༎
རྒྱུ་མཚན་ཤེས་པའི་དད་པས་སྤེལ་བའི་དགེ༎
ཐུབ་པའི་བསྟན་པ་གསལ་བའི་རྒྱུར་གྱུར་ཅིག །
མི་གནས་མྱ་ངན་འདས་པའི་སར་གཤེགས་ཤིང་༎
གང་འདུལ་སྤྲུལ་བ་རྟག་ཁྱབ་ལྷུན་གྲུབ་གྱིས༎
ནམ་མཁའ་སྲིད་དུ་གང་གི་འཕྲིན་ལས་ཀྱིས༎
འགྲོ་ཁམས་སྲིད་པའི་གྲོང་ལས་ཐར་མཛད་གསོལ༎
དམ་པ་གང་གི་མཚན་བྱང་འདོགས་པ་ཡི༎
ཡང་སྤྲུལ་བྱིས་པ་མགོ་གཡོགས་ལམ་ལུགས་གྱིས༎
དཔལ་འབྱོར་ཡོང་སྒོ་ཆབ་སྲིད་གོ་གནས་སོགས༎
རྩོད་པའི་ཡང་སྲིད་འབྱོན་པར་མ་གྱུར་ཅིག །
༄༅ ། ། རིས་མེད་བསྟན་པའི་གསལ་བྱེད་༸་དཔལ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་མཐོང་ཐོས་བྱུང་བར་ཡིད་སེམས་གཏིང་ནས་སྐྱོ། སྤོབས་པ་མཐའ་ཡས་ཞུ་བས་གོང་དུ་གང་སྨོན་པ་རྣམས་དེ་དེ་བཞིན་དུ་འགྲུབ་པར་ཤོག ཐུགས་རྗེ་ཆེ། ། ཨོྃ་མ་ཎི་པདྨེ་ཧཱུྂ། །
གང་གི་ཡང་སྤྲུལ་གཞོན་ནུ་ཞིག།།
རིས་མེད་བསྟན་པའི་མགོན་དཔུང་དུ།།
མྱུར་དུ་འཆར་ཅིང་གནའ་དེང་གི།
རིག་པའི་གནས་ལ་ཀློང་རྡོལ་ཤོག།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །
འཁྲུལ་ཞིག་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཐུགས་ཀྱི་བཞེད་དགོངས་ཐམས་ཅད་སྒྲུབ་པ་དང་། །
གདུལ་བྱ་སྲིད་ཞིའི་མཐའ་ལས་སྒྲོལ་བའི་ཕྱིར། །
ཡང་སྲིད་ཉི་གཞོན་མྱུར་དུ་བྱོན་འགྱུར་ཅིག །
འཁྲུལ་མེད་ཡང་སྲིད་ཉི་མ་གཞོན་ནུའི་དཔལ།།
མི་རིང་བསྟན་འགྲོའི་དཔལ་དུ་རབ་བཞད་དེ།།
ལྔ་བདོའི་སྨག་རུམ་ལྷག་མེད་འཇོམས་པ་ཡི།།
མཛད་ཕྲིན་གོང་མའི་རྗེས་སུ་བསྙེག་གྱུར་ཅིག།
བསྟན་དང་འགྲོ་བའི་དཔལ་མགོན་སྐྱས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་རྫོགས་པ་བློ་ཕམ་ཡོད།རིན་པོ་ཆེ་ཁོང་ནི་སྐྱི་འཆི་ལ་རང་དབང་ཐུབ་པའི་དམ་པའི་སྐྱེས་བུ་ཞིག་ཡིན་པས་ང་ཚོ་ཐ་མལ་པ་ཞིག་གིས་སྡུག་བསྔལ་བྱ་དགོས་བ་ཞིག་མ་རེད།འོན་ཀྱང་བོད་བསྟན་སྲིད་ཉམས་དམའ་བའི་སྐབས་འདིར་ཁོང་ལྟ་བུ་དམ་པའི་སྐྱེ་བུ་རྣམས་སྐུ་ཚེ་འཚོ་ཞིང་བཞུགས་ན་ང་ཚོའི་ལམ་སྟོན་དང་སྣེ་ཁྲིད་བྱ་བ་ལ་ཕན་ཐོགས་ཡོད།གནས་ཚུལ་གཞན་ཞིག་ལ་ཉེ་ཆར་རྒྱལ་དབང་ཀརྨ་པའི་ཞབས་སྟེགས་ཐོག་ལ་དབུ་མཛད་བྷ་ཡེ་ཀརྨ་ཟེར་བ་ཞིག་དང་ཁོང་གི་སྐུ་སྲུང་བ་ཁ་ཤས་བསྡད་འདུག་ཟེར་དེ་ནི་རྒྱ་མི་ཆོས་མེད་སྨྲ་བ་ཚོ་ལས་ཐབས་སྐྱོ་བ་ཞིག་རེད།སོ་སོ་རྒྱལ་དབང་ཀརྨ་པའི་ཞབས་སྟེགས་ཐོག་ལ་འདུག་པའི་ཐོབ་ཐང་ཡོད་མེད་ཤེས་བཞིན་དུ་རྒྱལ་དབང་ཀརྨ་པའི་ཞབས་སྟེགས་ཐོག་ས་བསྡད་པ་ནི་སུས་ཀྱང་བློ་ཡུལ་ལ་མི་ཤོང་བའི་ཧང་སང་བའི་གནས་ཚུལ་ཞིག་རེད།
བླ་མ་ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་འགྲུབ་པར་ཤོག
མ་གཞི་འབྲུག་པ་འབྲས་ལྗོངས་རོང་པ་དེ་ཚོ་ལ་དབང་ཆ་བསླེབས་ན་འདྲ་མི་འདྲ་བྱེད་ཀྱི་རེད་་་་་་་་་་་་་་ལོ་སྔོན་ལ་བསུབ་མི་ཐུབ་པའི་ནག་ཉེས་བཟོས་སོང་ཨ།
དམ་པ་ཁོང་ལ་རྗེས་དྲན་ཞུ་
I like SPOBS PA THA YAS la’s compose.
དམ་པ་ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་པར་ཤོགས།
ངེས་པ་ལྔ་ལྡན་ལོང་སྐུའི་ཞིང་ཁམས་སུ།
སྤྲོས་བྲལ་ཆོས་དབྱིངས་དགའ་མར་རྟག་རྩེན་ཡང་།
སྙིགས་ལྔས་བཅོམ་པས་བདག་ཅག་ཀུན་ཌའི་ཚལ།
གསོས་པའི་ཡང་འཁྲུལ་ཟླ་གསར་མྱུར་བྱོན་ཤོག
ད་འོ་ན་ཡང་རྒྱ་རི་ཚང་གིས་ཆབ་སྲིད་འཁྲབ་ཡ་རག་སོང་།རྙིང་མའི་བླ་རྒན་རེ་གཤེགས་སོང་དུས་རྒྱ་རི་ཚང་དགའ་ཡོ་ཡོད་རེད།
དམ་པ་ཁོང་གི་ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་པར་ཤོགས།
འོ་ན་ད་ཡང་སྤྲུན་སྐུ་རྫུན་མ་བཟོ་རན་ནི་རེད།
རྒྱ་རི་གཡོ་སྒྱུར་འཁྲབ་རན་ནི་རེད་ཡ
རྙིང་མ་པས་ཆབ་སྲིད་སྒྲུབ་རྒྱུ་མིན་ཟེར་ནས་འདུག་གི་རེད། བོད་ཤོར་ནས་མྱི་ལོ་ལྔ་བཅུ་རེད་མོད། བཙན་བྱོལ་ནང་གི་རྙིང་མ་པས་ལས་འགུལ་གཅིག་གི་ནང་ན་ཡང་འདི་བྱས་པ་རེད་དང་དེ་བྱས་པ་རེདཟེར་བ་ཞེ་དྲག་གོ་མ་མྱོང་།འོན་ཀྱང་མ་མཐོང་ཕྱིར་ན་མེད་པ་མིན། གསུངས་ཡོད་རེད།
རི་མགོའི་སྤྲུལ་སྐུ་འདྲ་བོ་ཆབ་སྲིད་པ་མགོ་བདེ་ཁ་ཤས་རྒྱ་རི་སྒྲོལ་མ་དང་།རྒྱ་རི་ བློ་གྲོས་གཉིས་ཀྱིས་ཨ་སྒོར་ཁ་ཤས་རེ་སྤྲད་བཞག་དུས་དེ་ལ་ཉན་ནས་གཡོ་སྒྱུ་འཁྲབ་ནི་རེད། བདུད་འཇོམ་རྫུན་མ་གཅིག་བཟོས་རྒྱལ་བ་མགོ་སྒོར་བཏང་ཡོད་རེད། པད་ནོར་རིན་པོ་ཆེ་ཁ་གཏད་རྒྱབ་ཡོད་རེད། དིལ་མགོ་མཁྱེན་བརྩེའི་ཡང་སྲིད་ཡིན་ཟེར་བ་དེ་ཡང་རྙིང་མ་པས་ཡིད་ཆེས་མེད་པ་ཞིག་བཟོས་ཡོད་རེད།
ད་རུང་འཁྲབ་ནི་རེད། རྒྱ་རི་ཚང་གིས་དགོན་པའི་ལྷ་ཁང་དུ་ཆང་ས་བརྒྱབ་པ་རེད། དེ་ལ་འཁྲུལ་ཞིག་རིན་པོ་ཆེས་ཐུགས་ཕམ་གནང་གི་འདུག་ཟེར། ཕི་་་་ཕི་་ གསུང་གི་འདུག་ཟེར།
འདི་ཚོ་ཚང་མ་ཕུག་དེད་ན་རྒྱ་རི་མི་ཚང་གཅིག་གི་ཁེ་བཟང་གི་ཆེད་དུ་རྙིང་མ་བཙོང་གི་ཡོད་པ་རེད།
ཕྱིན་ཆད་རྙིང་མ་པས་ཆབ་སྲིད་མ་བསྒྲུབ་ནས་སྒྲུབ་རྒྱུ་མིན་ན་འདྲ། མ་འགྲུབ་པ་ན་ཡིན་ན་འདྲ། ཁྱིམ་ཚང་རེའི་ཁེ་ཕན་གྱི་ཆེད་དུ་ནང་ཁུལ་ལ་གཡོ་སྒྱུ་ཆབ་སྲིད་འཁྲབ་མ་བསྡད་ན་བཟང་གི
བོད་སྤྱི་པའི་དོན་ལ་ཐུག་དུས་ཆབ་སྲིད་མི་སྒུབ་ཟེར་བ་འདྲ་བོ། རྒྱ་རི་སྒྲོལ་མ་འདྲ་བོ་ཅིག་གིས་་ལབ་དུས་ཡོད་ཚད་བློ་གཏོང་ཐུབ་པ་འདྲ་བོ། རི་མགོ་སྤྲུལ་སྐུ་དང་། འཁོར་ཆེན་རིན་པོ་ཆེ་ལྟ་བུ་རེ་ཟུང་གི་རྙིང་མ་ཡོངས་རྫོགས་ཙོར་པོ་མ་བཟོས་ན་ཡག་ས་རེད།
སྔོ་མ་ཨོ་རྒྱན་སྟོབ་རྒྱལ་་རྒྱ་རི་བློ་གྲོས་གཉིས་ཀ་མཉམ་དུ་འགྲོ་ནས་འཁྲུལ་ཞིག་རིན་པོ་ཆེ་མགོ་སྐོར་བཏང་གི་ཡོད་རེད། རྒྱ་རི་བློས་གྲོས་ཁོང་རང་ཀི་པུ་འུ་སྤྲུལ་རྐུ་བཟོས་ཡོད་རེད། ད་རུང་རྙིང་མ་བླ་མ་ཆེན་པོ་ཁ་ཤས་ཁོ་རང་ཚོས་རྫུན་མ་བཟོ་ཡོད་རེདཟེར་གི་ཡོད་རེད།
ཁ་སང་རྒྱ་རིས་བྲོས་གྲོས་ཀྱིས་ཨོ་སྟོབ་ལ་ཁ་པར་བརྒྱབ་གི་འདུག་ཟེར། ད་ཡང་རྒྱ་རི་ཚང་ཉེ་བརྒྱུད་ཡར་མར་ཕོ་རྟགས་ཅན་འདྲ་སྐྱེས་སོང་ན་འཁྲུལ་ཞིག་མ་གཏོགས་འགྲོ་ས་མེད་པ་བཟོ་ནི་ཡིན་ཟེར་ནས་བཤད་འདུག
ད་འོ་ན་རྒྱ་རིས་ཤུགས་རྒྱབ་ན་མཚན་གཅིག་རེས་བཞི་རེ་ཤུགས་རྒྱབ་དགོས་པ་རེད།
འཁྲུལ་ཞིག་ཚང་བླ་མ་བཟང་པོ་རེད་་བློས་གྲོས་ཨུ་སྟོབ་ཁོ་གཉིས་ཀས་མགོ་སྐོར་གཏོང་བ་དེ་ཚོ་སྡུག་པ་ཁོ་རང་ངཉིས་ལ་ཡོད་རེ།
དམ་པ་ཁོང་ལྟ་བུ་ནི་བོད་ཀྱི་ནང་ཆོས་ཀྱི་བསྟན་པ་ཉག་ཕྲ་བའི་གནས་སྐབས་སུ་ཁ་ཞེ་གཉིས་མེད་ཀྱིས་བསྟན་པ་ཉམས་གསོ་ཆེད་ཕྱག་ལས་གནང་མཁན་ཞིག་ཡིན་པས། བླ་ཆེན་ཁོང་ལྟ་བུ་ཞིང་ལ་གཤེགས་པར་མྱ་ངན་གུས་འདུད་གྲངས་མེད་ཞུ་རྒྱུ་མ་ཟད། མ་འོངས་ཡང་སྲིད་དེ་ཡང་སྐུ་སྐྱེ་སྔོན་མའི་མཛད་པ་རྣམ་ཐར་བཞིན་དུ་སྐྱོང་མཁན་བཞིན་དུ་བྱོན་པའི་སྨོན་ལམ་ཡོད།
དམ་པ་ཁོང་ནི་རིས་མེད་བསྟན་པ་ཡོངས་ལ་དག་སྣང་བྱང་མཁན་སྐྱེ་བུ་དམ་པ་བསམ་གྱི་མི་ཁྱབ་པ་ཀུན་གྱི་མིག་དཔེར་འོས་པ་ཞིག་རེད། དེ་ལྟ་བའི་སྐྱེ་ཆེན་དམ་པ་ཞིག་སྐུའི་བཀོད་པ་འདུས་ཚུལ་བསྟན་པ་ནི་བོད་བརྒྱུད་ཆོས་པ་ཡོངས་ཀྱི་སྒོས་ཆག་ཆེན་པོ་ཞིག་རེད་བསམ། འོན་ཀྱང་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཕན། །ཞེས་གསུངས་པ་ལྟར་མྱ་ངན་བྱེད་པས་གང་ཡང་མི་ཕན་པས་དེའི་ཚབ་ཏུ་སླར་ཡང་ཡང་སྲིད་འཁྲུལ་བྲལ་ཞིག་མགྱོགས་མྱུར་ཕེབས་ཏེ་གོང་མའི་རྣམ་ཐར་བདག་གིར་བཞེས་པར་སྨོན་འདུན་ཞུ་ན་བསམ། །
ཕྱུག་པོའི་ཤོག་དངུལ་ཕྱག་མཛོད་མདུན་དུ།།
མགོ་བདེའི་གོམས་འགྲོས་བླ་ཆེན་མདུན་དུ།།
ཕ་ཡང་བླ་མ་མ་ཡང་མཁའ་འགྲོ།
ད་ནི་བུ་ལ་སྤྲུལ་སྐུའི་ས་མིག།
འཁྲུལ་ཞིག་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ང་ལ་གློག་ཕྲིན་འདིའི་ཐོག་ཏུ་འབྲེལ་བ་ཞིག་ངེས་པར་གནང་རོགས་ཞུ། ཁྱེད་ལ་ཞུ་རྒྱུ་འགའ་ཡོད་ལགས། ཐུགས་རྗེ་ཆེ། chodenchoden70@yahoo.com
ད་རྒྱ་རི་རིན་པོ་ཆེ་ཁོང་དང་། ཁོང་གི་ཁྱིམ་རྒྱུད་ཀྱི་བུ་དང་བུ་མོ། མནའ་མ་མག་པ་ཚང་མས་འགྱིབ་ཤུབ་མ་གྱོན་པར་གཡབ་རེས་རྒྱག་རྒྱུ་ཇེ་མང་ལ་གཏོང་རན་སོང་ཡ། སུས་སྔོན་ལ་བུ་ཞིག་མགྱོགས་མྱུར་གྱིས་སྐྱེ་ཐུབ་ཀི་བལྟ་ཡ། ད་རྟ་རྒྱུག་བཤིབ་ཡ།