མཁན་ ཆེན་ བླ་ མ་ དཔལ་ དགྱེས་ པ་ རྡོ་ རྗེ།
དྲ་ གྲོགས་ རྣམ་ པ། ང་ ཚོའི་ རང་ ཡུལ་ གངས་ ལྗོངས་ ཕྱུག་ མོ་ དགྲ་ ལག་ ཏུ་ ཤོར་ བའི་ རྐྱེན་ གྱིས་ ཕུ་ ནུ་ སྤུན་ ཟླ་ འབུམ་ ཕྲག་ ལས་ བརྒལ་ བ་ ཞིག་ རྒྱ་ གར་ དང་ ། ཨ་ རི། ཡོ་ རོབ་ སོགས་ འཛམ་ གླིང་ ཤར་ ནུབ་ ཀུན་ ཏུ་ ཁ་ ཐོར་ དགུ་ ཐོར་ གྱིས་ གནས་ ཀྱང་ ། དེང་ རབས་ ཚན་ རྩལ་ ལས ་ བྱུང་ བའི་ དྲ་ རྒྱའི་ བརྒྱུད་ ལམ་ དང་ ། ལོ་ ཤས་ གོང་ ནས་ བཟུང་ བོད་ ཡིག་ ཀྱང་ རྒྱལ་ སྤྱིའི་ རང་ བཞིན་ གྱི་ ཡི་ གེར་ གྱུར་ པས་ དབང་ གིས་ མཐོང་ མྱོང་ བ་ དང་ མ་ མྱོང་ བའི་ གྲོགས་ པོ་ དུ་ མ་ ཞིག་ དང་ ། ཁྱད་ པར་ དུ་ ཤེས་ ཡོན་ ཅན་ གྱི་ མི་ རྣམས་ ཁྱིམ་ ཚང་ གཅིག་ གི་ སྦྲ་ ནང་ ལྟ་ བུའི་ དྲ་ ཐོག་ ཏུ་ འཛོམས་ སྟེ། བོད་ ཡིག་ གི་ ལམ་ ནས་ བསམ་ ཚུལ་ བརྗེ་ རེས་ དང་ ། ཆོས་ དང་ ཆབ་ སྲིད་ ཀྱི་ བགྲོ་ གླེང་ སོགས་ མཉམ་ གཅིག་ ཏུ་ བྱེད་ ཐུབ་ པ་ བྱུང་ བ་ ནི་ ཆེས་ དགའ་ བར་ འོས་ པའི་ དོན་ ཞིག་ རེད། དེ ར་ བརྟེན་ ཐོབ་ དང་ གོ་ ས། དབང་ ཆ་ དང་ དཔལ་ འབྱོར་ གང་ གིས་ ཀྱང་ དབང་ ཤེད་ དུ་ མ་ སོང་ བར་ མཐོ་ དམན་ དྲག་ ཞན་ ཚང་ མ་ འདྲ་ མཉམ་ གྱི་ ཐོག་ ནས་ བགྲོ་ གླེང་ ལ་ ཞུགས་ པར་ འོས་ ཤིང་ ། དེ་ ཡང་ བགྲོ་ གླེང་ དེ་ དག་ ཀྱང་ བཀྲ་ ཤིས་ ཚགས་ པར་ དང་ ། ཁ་ གཡང་ དུས་ དེབ་ ཟེར་ བ་ ལྟ་ བུ་ མིན་ པར་ སྤྱི་ ཚོགས་ ཀྱི་ མཐོ་ དམན་ ཀུན་ ནས་ སྐྱོན་ ཡོན་ ཐམས་ ཅད་ འཛེམས་ དོག་ མེད་ པ་ དང་ ། འཁོན་ སེམས་ མེད་ པའི་ ཐོག་ ནས་ གླེང་ རྒྱུ་ ཤིན་ ཏུ་ གལ་ ཆེ་ ཡང་ ། རྟ་ རྒྱུགས་ སར་ དོང་ རྐོ་ བའི་ དཔེ་ བཞིན་ གང་ ཟག་ ལ་ ལས་ མིང་ རྫུན་ བཅུ་ ཕྲག་ དུ་ མའི་ འོག་ ནས་ བོད་ ཡིག་ གི་ དྲ་ རྒྱ ་ འདི་ དག་ སྙིང་ ནད་ རྩོད་ ས་ དང་ ། འཁོན་ དཀྲུགས་ སློང་ ས་ ཞིག་ ལ་ བཙན་ གྱིས་ བསྒྱུར་ ཅི་ ཐུབ་ བྱེད་ ཀྱི་ འདུག་ པ་ དེ་ བློ་ ཕམ་ དགོས་ པའི་ དོན་ ཞིག་ ལས་ སེམས་ དགའ་ འོས་ པའི་ དོན་ ཞིག་ ཅི་ ལ་ ཡིན།
ཁོ་ བོ་ དཔལ་ དགྱེས་ པ་ རྡོ་ རྗེ་ ལ་ མཚོན་ ན་ ཡང་ ། གཅིག་ ནས་ བོད་ མི་ ཞིག་ ཡིན་ པ་ དང་ ། གཉིས་ ནས་ བོད་ ཀྱི་ ཆོས་ དང་ རིག་ གཞུང་ ཆབ་ སྲིད་ སོགས་ ཕྱོགས་ གང་ ཐད་ ལ་ ཡག་ དགའ་ ཉེས་ སྡུག་ གི་ སེམས་ ཞིག་ ཡོད་ པས། སྤྱི་ ཚོགས་ ཀྱི་ མཐོ་ དམན་ གང་ དུ་ སྐྱོན་ ཆེན་ པོ་ རེ་ མཐོང་ ན་ དེ་ དག་ ལ་ བསམ་ ཚུལ་ དྲོན་ མོ་ རེ་ མ་ བརྗོད་ རང་ དབང་ མེད་ པའི་ རྒྱུ་ མཚན་ གྱིས། ལས་ རྒྱུ་ འབྲས་ དང་ ། དངོས་ ཡོད་ གནས་ ཚུལ་ དཔང་ དུ་ བཞག་ སྟེ། རང་ གི་ མིང་ ངོ་ མའི་ ཐོག་ ནས་ བསམ་ ཚུལ་ ལྷུགས་ པོ་ འགའ་ རེ་ བརྗོད་ པ་ ཡིན་ ཡང་ ། བསམ་ ཚུལ་ དེ་ དག་ སེམས་ ལ་ མ་ འཕྲོད་ པའི་ མི་ འགའ་ ཞིག་ གིས། ཐོག་ མར་ རྨི་ ལམ་ དུ་ ཡང་ དྲན་ མ་ མྱོང་ བའི་ སྐུར་ འདེབས་ བྱས། དེས་ ཀྱང་ གནོ ད་ ཆེན་ པོ་ ཞིག་ བསྐྱལ་ མ་ ཐུབ་ པ་ མཐོང་ དུས། མིང་ རྫུན་ བཅུ་ ཕྲག་ བཀོལ་ ནས་ ངའི་ མཆན་ འགའ་ རེ་ བརྐུས་ ཤིང་ དེ་ དག་ གི་ གནད་ འགག་ རྣམས་ བསྒྱུར་ ནས་ མིང་ རྫུན་ ཅན་ དེ་ རྣམས་ ཤུགས་ ཀྱིས་ ང་ ཡིན་ མདོག་ བསྟན་ ཅི་ ཐུབ་ བྱས་ ཤིང་ ། དེ་ ནས་ ཡང་ མིང་ གཞན་ ཞིག་ བཀོལ་ ཏེ་ ཡོད་ ཚད་ ང་ ཡིན་ པའི་ དཔང་ རྟགས་ ཡོད་ ཚུལ་ བཤད། དེས་ ཀྱང་ གནོད་ ཆེན་ པོ་ ཞིག་ བསྐྱལ་ མ་ ཐུབ་ པ་ མཐོང་ དུས་ དཔལ་ དགྱེས་ པ་ རྡོ་ རྗེ་ དང་ ། དཔལ་ དགྱེས། དགྱེས་ རྡོར་ སོགས་ ཟེར་ བའི་ མིང་ དུ་ མ་ བཀོལ་ ཏེ་ བོད་ ཀྱི་ སྤྱི་ ཚོགས་ ཀྱི་ ཆེ་ ས་ ཟབ་ ས་ ཀུན་ ལ་ ཁ་ ན་ མ་ ཐོ་ བའི་ ངན་ སྨྲས་ དང་ སྐུར་ འདེབས་ བྱས་ ནས། གཡེན་ སྦྱོར་ དཀྲུག་ ཤིང་ གི་ འཁོར་ ལོ་ བསྐོར། ད་ དུང་ དེས་ ཀྱང་ མ་ ཚིམས་ པར་ དཔལ་ དགྱེས་ ཀྱི་ མིང་ བེད་ སྤྱད་ ནས་ སྐྱོན་ ངོས་ ལེན་ དང་ བཤགས་ སྡོམ་ བྱེད་ ཁུལ་ སོགས་ བྱས།
དེ་ ལྟ་ ན་ ཡང་ གནས་ ཚུལ་ འདི་ རིགས་ ཁོ་ བོ་ དཔལ་ དགྱེས་ རྡོ་ རྗེ་ གཅིག་ པུ་ མིན་ པས། རྡོ་ རྗེ་ དབང་ ཕྱུག་ དང་ ། སྒོམ་ སྡེ་ ལྷ་ རམས་ པ། སྤྲུལ་ སྐུ་ ཀླུ་ སྨྱོན་ སོགས་ དངོས་ མིང་ གི་ སྟེང་ ནས་ ཡོང་ མཁན་ ཚང་ མ་ ལ་ སྒྲོ་ སྐུར་ དང་ ། གཡེན་ སྦྱོར་ གྱི་ དཀའ་ ངལ་ འདི་ རིགས་ རྒ ྱུན་ དུ་ འཕྲད་ བཞིན་ ཡོད་ པས། བོད་ ནང་ དུ་ ཡང་ དྲ་ ཐོག་ ཏུ་ ཡོང་ མཁན་ རྒན་ པ་ རྣམས་ རིམ་ གྱིས་ དྲ་ རྒྱ་ དང་ ཁ་ གྱེས་ བཞིན་ ཡོད་ ལ། རིག་ པ་ གྲུང་ མོ་ ཅན་ འགའ་ རེ་ སྔར་ ནས་ དྲ་ ཐོག་ ཏུ་ ཡོང་ མྱོང་ མེད་ པའམ། ཡང་ ན་ མིང་ ངོ་ མའི་ ཐོག་ ནས་ ཚོར་ བ་ རྣོན་ པོ་ ཅན་ གྱི་ བསམ་ ཚུལ ་ གང་ ཡང་ འདོན་ གྱི་ མེད་ པ་ རེད། ཁྱད་ པར་ དུ་ དོལ་ རྒྱལ་ གྱི་ སྐོར་ སོགས་ ཚོར་ བ་ རྣོན་ པོ་ ཅན་ རྣམས་ ལ་ དངོས་ མིང་ གི་ ཐོག་ ནས་ བསམ་ ཚུལ་ བཤད་ ན། དེ་ ནས་ བཟུང་ བསམ་ ཚུལ་ བཤད་ མཁན་ དེ་ རྗེས་ འདེད་ བཏང་ ནས། སྤྱི་ ཚོགས་ ཀྱི་ ཐོག་ ནས་ ཕོ་ རོག་ དཀར་ པོ་ བཟོ་ ཅི་ ཐུབ་ བྱེད་ ཀྱི་ ཡོད་ ཚུལ་ དྲ་ རྒྱའི་ དོ་ དམ་ པ་ འགའ་ རེས་ གསལ་ བོར་ བཤད་ སོང་ ཡང་ འདིར་ དེ་ དག་ འགོད་ པ་ འོས་ སུ་ མ་ མཐོང་ །
ངས་ འདི་ ལྟར་ བལྟས་ དུས། ང་ ཚོ་ བོད་ པ་ ཚང་ ལ་ རྩོམ་ པ་ པོ་ གྲགས་ ཅན་ གང་ མང་ ཞིག་ ཡོད་ ཀྱང་ ། དེ་ ཚོ་ མིང་ ངོ་ མའི་ ཐོག་ ནས་ དྲ་ ཞབས་ སུ་ ཡོང་ མཁན་ རེ་ ཟུང་ ཞིག་ ལས་ མ་ མཐོང་ བས། ཡང་ ན་ ཁོང་ རྣམས་ ཀྱིས་ དྲ་ རྒྱ་ ལ་ ལག་ པས་ རེག་ གི་ མེད་ པ་ ཡིན་ ནམ། ཡང་ ན་ ཐབས་ ཤེས་ གཞན་ ཞིག་ བྱེད་ ཀྱི་ ཡོད། དྲ་ ཞབས་ སུ་ དྲ་ འཛིང་ བགོ་ མཁན་ གང་ མང་ ཞིག་ ལ་ མཐོང་ རྒྱ་ ཐོས་ རྒྱ་ ཤིན་ ཏུ་ ཆེན་ པོ་ འདུག་ པ་ འདི་ དག་ ཕལ་ ཆེ་ བ་ ཞིག་ ནམ་ རྒྱུན་ གྱི་ རྩོམ་ པ་ རྒན་ གྲས་ རྣམས་ ཡིན་ ངེས། འོན་ ཀྱང་ ཁོང་ རྣམས་ རིག་ པ་ གྲུང་ བས་ ཕ་ རོལ་ པོ་ ཆམ་ ལ་ ཕབ་ རྗེས་ ར ང་ ཉིད་ རྣ་ བ་ འཇམ་ པོ་ བྱས་ ནས་ སྡོད་ ཀྱི་ ཡོད་ ཅིང་ ། ང་ ཐེ་ བའི་ གླེན་ པ་ སྐོར་ ཞིག་ གིས་ རང་ མིང་ དངོས་ སུ་ བཀོལ་ བཞིན་ ཡོད་ སྟབས། ཧ་ ཅང་ ཛ་ དྲག་ པོའི་ བསམ་ ཚུལ་ འདོན་ བསམ་ རུང་ འདོན་ སར་ མི་ འགྲོ་ ཡང་ ། ཚོར་ བ་ རྣོན་ པོ་ ཅན་ གྱི་ མཆན་ བུ་ འགའ་ རེ་ བཏབ་ པར་ མིང་ སྐུ ང་ གི་ མེད། དེ་ ནི་ སྒོ་ གསུམ་ དྲང་ མོ་ ཞིག་ བྱེད་ བསམ་ པ་ ཙམ་ ལས་ གཞན་ མིང་ རྫུན་ བཀོལ་ མ་ ཤེས་ པ་ ག་ ལ་ ཡིན།
ཁར་ སང་ དགའ་ ལྡན་ ཁྲི་ ཟུར་ དང་ དོལ་ རྒྱལ་ ཀྱི་ སྐོར་ དེའི་ འོག་ ན་ ད་ བར་ སྐྱོན་ བརྗོད་ ཀྱི་ མཆན་ ༡༠༥བཏབ་ འདུག་ ཀྱང་ ། དེའི་ ནང་ དུ་ མིང་ ངོ་ མའི་ ཐོག་ ནས་ ཡོང་ མཁན་ ང་ དང་ ལྷ་ སྡེ་ གནམ་ ལོ་ ཡག་ གཉིས་ ལས་ མེད་ ཅིང་ ། ཁོང་ གིས་ ཀྱང་ སྤྱིར་ བཏང་ གི་ བསམ་ ཚུལ་ ཙམ་ ལས་ སྐྱོན་ བརྗོད་ ངོ་ མ་ བྱས་ མི་ འདུག་ པས། དོན་ ལ་ མཆན་ ༡༠༥ནང་ ནང་ དུ་ མིང་ ངོ་ མ་ བཀོལ་ ནས་ སྐྱོན་ བརྗོད་ བྱེད་ མཁན་ ཁོ་ བོ་ གཅིག་ པུ་ ལས་ མི་ འདུག འདིས་ ཅི་ ཞིག་ མཚོན་ གྱི་ ཡོད་ ཟེར་ ན། ད་ ལྟའི་ སྤྱི་ ཚོགས་ ཀྱི་ ཐོག་ ལ་ མངོན་ ལྐོག་ གཉིས་ དང་ ། ཁ་ ཁོག་ གཉིས་ གཉིས་ མ་ གཏོགས་ ས ྒོ་ གསུམ་ དྲང་ མོ་ ཞིག་ འགྲོ་ ས་ མེད་ པ་ གསལ་ པོར་ བསྟན་ པ་ རེད། དེར་ བརྟེན་ མིང་ རྫུན་ གྱི་ འོག་ ནས་ ཁྲག་ དམར་ པོའི་ དྲི་ མ་ བྲོ་ བའི་ མཆན་ འདེབ་ མཁན་ ཚོ་ ལ་ ཅི་ ཡང་ ལབ་ ཤེས་ ཀྱི་ མེད་ ཀྱང་ ། ང་ ཚོ་ མིང་ ངོ་ མའི་ ཐོག་ ནས་ ཡོང་ མཁན་ ཚོས་ བསམ་ ཚུལ་ ཙམ་ བརྗོད་ པ་ ལ་ དྲ་ རྒྱ་ ཡོ ངས་ རྫོགས་ བརྫད་ རྒྱུའི་ རྗེས་ འདེད་ གཏོང་ གི་ ཡོད། འདི་ ནི་ ལས་ རྒྱུ་ འབྲས་ ལས་ འདས་ པའི་ བྱ་ སྤྱོད་ ཅིག་ ཡིན་ རུང་ ། ཕ་ རོལ་ པོས་ ལས་ རྒྱུ་ འབྲས་ ལ་ མ་ བརྩིས་ ན་ བརྩི་ རོགས་ ཟེར་ ནས་ མགོ་ ལ་ འཇོག་ ཐབས་ ཅི་ ཞིག་ ཡོད། མིང་ རྫུན་ བཀོལ་ མཁན་ རྣམས་ ཀྱིས་ མིང་ ནི་ མིང་ རྫུན་ རང་ཡིན་ པས། མི་ གཞན་ ལ་ གློ་ མཆིན་ ཁ་ ནས་ ཐོན་ དགོས་ པའི་ མཆན་ བཏབ་ ཀྱང་ ། དེ་ ཚོ་ ལ་ ཡ་ ལན་ སྤྲོད་ མ་ ཐུབ་ ཅིང་ ། ཡ་ ལན་ སྤྲོད་ མ་ ཐུབ་ པའི་ སྡུག་ གཟེར་ དེ་ ང་ ཚོ་ མིང་ ངོ་ མའི་ ཐོག་ ནས་ སྤྱིར་ བཏང་ གི་ བསམ་ ཚུལ་ ཙམ་ བརྗོད་ མཁན་ ཚོའི་ མགོ་ ལ་ བཙན་ གྱིས་ འཇོག་ པ་ འདི་ རྒྱུ་ འབྲས་ དང་ འགལ་ བ་ མིན་ ན། དེ་ ནས་ འཇི ག་ རྟེན་ ན་ རྒྱུ་ འབྲས་ དང་ འགལ་ ཚུལ་ ཞིག་ མེད་ ངེས་ གཏན་ རེད།
མཐའ་ དོན་ གསལ་ པོར་ ཞུ་ རྒྱུ་ ཞིག་ ལ། ད་ བར་ ཁ་ བརྡ་ དྲ་ ཐོག་ འདིར་ ཁོ་ བོའི་ མཆན་ ལ་ གཞི་ བྱས་ ནས། དེའི་ གནད་ འགག་ རྣམས་ གཡེན་ སྦྱོར་ གྱི་ ཚིག་ དུ་ བསྒྱུར་ ཏེ་ ཁོ་ བོ་ ཡིན་ མདོག་ བྱེད་ མཁན་ དང་ ། ཡང་ ཁོ་ བོའི་ མིང་ དངོས་ སུ་ བཀོལ་ ནས་ ཕུ་ དཀྲུག་ མདའ་ དཀྲུག་ བྱེད་ མཁན་ བཅུ་ ལྷག་ ཅིག་ བྱུང་ སོང་ བ་ རྣམས། མི་ གཅིག་ གིས་ བྱེད་ ཀྱི་ ཡོད་ དམ་ ཡང་ ན་ ཁ་ ཤས་ ཀྱིས་ བྱེད་ ཀྱི་ ཡོད་ ཆ་ མ་ འཚལ་ ཡང་ ། གང་ ལྟར་ ཁ་ ན་ མ་ ཐོ་ བའི་ མཆན་ གྱི་ རིགས་ དང་ ། བླ་ ཆེན་ ཁག་ དང་ ཆོས་ བརྒྱུད་ ཁག་ ལ་ དེ་ ལས་ གནག་ རྒྱུ་ མེད་ པའི་ ཚིག་ མཚོན་ དང་ བཅས་ མཆན་ འདེབ་ མ ཁན་ རྣམས་ ནི་ ཁོ་ བོ་ མིན་ པས་ གཟུ་ བོར་ གནས་ པ་ རྣམས་ ཀྱིས་ མཁྱེན་ རྒྱུ་ གལ་ ཆེ།
འཇིག་ རྟེན་ ལ་ བདེན་ པར་ སྨྲ་ བ་ དཀོན་ ཞིང་ ། དེ་ ལས་ ཀྱང་ ཉན་ མཁན་ དཀོན་ པའི་ དུས་ འདིར་ དྲ་ ཐོག་ ནས་ སེམས་ པ་ བཟང་ པོས་ སྐད་ ཆ་ བཤད་ རྒྱུ་ འདི་ ཡང་ ། སྐྱེ་ བོ་ གཞན་ ལ་ ཕོག་ ཐུག་ གཏོང་ བྱེད་ དང་ ། རང་ གི་ གསེར་ ལས་ རྩ་ ཆེ་ བའི་ དུས་ ཚོད་ འཕྲོ་ བརླག་ ཏུ་ འགྲོ་ བྱེད་ ཅི ག་ ལས་ ཅི་ ཡང་ མི་ འདུག་ པས། ད་ ནས་ བཟུང་ ཁོ་ བོ་ སྒེར་ གྱིས་ གཉེར་ བའི་ དྲ་ རྒྱ་ ཁག་ གི་ ཐོག་ མ་ གཏོགས། ཁ་ བརྡ་ དང་ ། དུས་ བབ་ སོགས་ ཀྱི་ ནང་ དུ་ སྐབས་ ཤིག་ གི་ རིང་ ལ་ འགྲོ་ རྒྱུ་ མིན་ པས། གསལ་ བཤད་ འདི་ དྲ་ ཐོག་ ཏུ་ སླེབས་ པ་ ནས་ བཟུང་ ། དགྱེས་ རྡོར། དཔལ་ རྡོར། དཔལ་ དགྱེས། དཔལ་ དགྱེས་ པ་ རྡོ་ རྗེ། ཤྲྰི་ སྨྱོན་ པ་ སོགས་ བརྒྱ་ སྟོང་ ཅི་ ཙམ་ སླེབ་ ཀྱང་ ཁོང་ རྣམས་ ཀྱིས་ འགན་ ལེན་ རྒྱུ་ ལས། ཁོ་ བོ་ ལ་ ནི་ ལྷ་ བཟོ་ ཀུན་ དགའ་ དང་ ཤིང་ བཟོ་ ཀུན་ དགའ་ ལྟ་ བུའི་ བདག་ གིས་ ཕྲག་ དོག་ ཅི་ ཡང་ མེད་ པས་ གང་ འགའ་ ཇི་ འདོད་ བྱོས་ ཤིག ཁོ་ བོ་ རང་ གིས་ བྲིས ་ པའི་ གསལ་ བཤད་ འདིའི་ འོག་ ཏུ་ ཡང་ ཁོ་ བོས་ མཆན་ གང་ ཡང་ འདེབ་ རྒྱུ་ མིན་ ནོ།།
ང་ རང་ སྒེར་ གྱིས་ གཉེར་ བའི་ ཨེ་ མ་ ཧོའི་ རིག་ མཛོད་ ཆེ་ ཆུང་ ཁག་ གི་ འདི་ དག་ ཡིན་ ཞིང་ ། འདི་ དག་ གི་ ནང་ གི་ མེད་ པ་ རྣམས་ ནི་ ཁོ་ བོ་ དང་ འབྲེལ་ བ་ གང་ ཡང་ མེད་ པར་ ཐག་ བཅད་ ནས་ བཤད་ པ་ ཡིན་ པས་ དེ་ ལུགས་ ཀུན་ གྱི་ ཐུགས་ ལ་ འཛིན་ རོགས་ ཞུ།
http://www.amahoweb.org/?p=2735
http://www.amahonet.blogspot.com/p/blog-page.html
མཐའ་ དོན་ རང་ གིས་ ནི་ གོང་ དུ་ སྨྲོས་ ཟིན་ པ་ ལྟར། བསམ་ པ་ བཟང་ པོའི་ ཁ་ ཏ་ དང་ ། ཁ་ ལག་ གཙང་ མའི་ མཆོད་ པ་ ཟེར་ བའི་ དཔེ་ ལྟར་ ཡིན་ རུང་ ། ཀྱེ་ མ་ འཕགས་ པ་ ཀླུ་ སྒྲུབ་ ལུགས།། ལ་ ལའི་ སྨན་ ལ་ ལ་ ལའི་ དུག་ ཟེར་ བ་ ལྟར། འགའ་ ཞིག་ གིས་ སེམས་ ལ་ མ་ འཕྲོད་ པ་ རེ་ བ ྱུང་ ཡོང་ ན། ང་ ཚོ་ བོད་ རིགས་ སྤུན་ ཟླ་ ཡོངས་ རྫོགས་ ཤ་ རུས་ གདུང་ རྒྱུད་ གཅིག་ པ་ ཡིན་ པས་ ཆ་ ནས་ རྣམ་ པ་ ཚོ་ དགོངས་ པ་ མ་ ཚོམས་ རོགས་ ཞེས་ ཞུ་ རྒྱུ་ དང་ ། འགའ་ ཞིག་ གིས་ མིང་ རྫུན་ བཀོལ་ ནས་ བསམ་ བཞིན་ ཇེ་ ཆེ་ ཇེ་ གཉན་ ཇེ་ ཟབ་ ལ་ བཏང་ སྟེ། དྲ་ འཛིང་ ཡོང་ ཐབས་ བྱས་ པ་ རྣམས་ ནི་ ཁོ་ བོ་ དང་ འབྲེལ་ བ་ གང་ ཡང་ མེད་ པས་ སྤུན་ གྲོགས་ ཚོས་ དགྲ་ གཉེན་ མ་ ནོར་ བ་ བྱེད་ རོགས་ ཞུ་ རྒྱུ་ ཡིན། ཞེས་ རིག་ འཛིན་ བླ་ མ་ དཔལ་ དགྱེས་ པ་ རྡོ་ རྗེས་ ཁ་ བརྡའི་ དབུ་ འཛིན་ པ་ རྣམས་ དང་ ། བཟང་ ངན་ གྱིས་ འབྲེལ་ བའི་ དྲ་ གྲོགས་ ཡོངས་ ལ་ གུས་ ཕུལ། །
འོ་བླ་རྒན་འདི་བདེན་གི ཁོང་བླ་མ་ཡག་པོ་ཞེ་དྲག་ཡོད་རེད།
ཡ་ཁོ་རེ་ མཁན་ཆེན་བླ་མ་དགྱེས་པ་རྡོ་རྗེ། ཁྱོད་ཀྱི་ཡི་གེ་ཚང་མ་ཀློག་མི་བདེ་བ་བཟོས་འདུག་པས། ཅི་བྲིས་ཡོད་ན་མི་ཤེས་ ཀློག་འདོད་མ་བྱུང་མ་སོང་ གལ་སྲིད་བརྗོད་བྱ་ཟབ་མོ་འདྲ་ཡོད་ན་ཀུན་དང་མཐུན་པ་མི་ཆོས་རྩ་བར་བཞག་ན་ལེགས། འོ་ཡ་ ད་སྡོད་ཅིག
ང་དྲྭ་ཐོག་འདིར་གསར་དུ་སླེབ་དུས་སྒོམ་སྡེ་ལྷ་རམས་པ་ཕྱིར་འབུད་བྱེད་པའི་སྒང་ཡིན་པ་དྲན། སྒོམ་སྡེ་ཁོང་དང་འབྲེལ་བ་ཅུང་ཟད་ཀྱི་བརྒྱུད་རིམ་ལས་བློ་སྐྱེད་ཀྱང་མང་དག་ཅིག་འཐོབ་མྱོང་། དེ་དག་ལས་དགེ་ལྡན་པས་སྟོང་ཉིད་མེད་དགག་ཏུ་འདོད་པའི་སྒྲུབ་བྱེད་ཅིག་གསུངས་མྱོང་བ་ནི་ད་ལྟ་ཡང་དེ་ག་རང་ཡིན་སྙམ་སྙམ་གྱི་འཐད་འཛིན་གྱི་བསམ་པ་དམ་སྒྲེང་སྒྲེང་ཞིག་སེམས་ཀྱི་གཏིང་རིམ་ཞིག་ན་ཟུག་ནས་འདུག ཟབ་དོན་གྱི་གནད་རྙེད་པའི་གོ་སྐབས་ཤིག་ཀྱང་དྲྭ་ཐོག་ཏུ་འདུག་བསམས་ཏེ་དགའ་ཚོར་གྱིས་སེམས་པ་མྱོས་མྱོང་། འོན་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་རྗེས་ནས་ཁོང་དྲྭ་ཐོག་ཏུ་ཡོང་རྒྱུ་མེད་པར་གྱུར། ངས་ངོ་ཤེས་འགའ་ཞིག་ལ་སྒོམ་སྡེ་ཁོང་ལ་རྐྱེན་ཆག་ཅི་ཞིག་བྱུང་ཡོད་མེད་ཀྱི་སྐོར་དྲི་བ་ཡང་འདྲི་མྱོང་།
ད་དེ་རིང་དཔལ་དགྱེས་པ་རྡོ་རྗེ་ཁོང་ཡང་དྲྭ་ཐོག་འདི་ནས་ཕྱིར་བུད་དགོས་པར་གྱུར། ང་དྲྭ་ཐོག་འདིར་བསླེབས་ནས་བཟུང་ཁོང་དང་ཁ་བརྡ་དང་གླེང་སློང་བྱས་པ་ཞིག་གཏན་ནས་དྲན་གསོས་ཀྱི་མི་འདུག ངའི་མཐོང་ཚུལ་ནང་དགྱེས་རྡོར་ཁོང་རྨི་ལམ་དང་འཁྲུལ་སྣང་གི་ཟ་ཟིར་ཡིད་ཆེས་སམ་རྨོངས་དད་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་ལ། སེམས་གཏམ་དྲང་པོར་སྨྲ་མཁན་ཞིག་ཀྱང་རེད་འདུག་ཨང་སྙམ་པ་ཙམ་ཞིག་བྱུང་བ་ལས། སེམས་ལ་ཟུག་ཆེས་པའི་ལེགས་བཤད་དང་ངན་བཤད་འདི་བྱས་སོང་བསམ་པ་ཞིག་ནི་དྲན་ཡུལ་ན་མི་འདུག
གང་ལྟར་ཡང་རང་གི་དངོས་མིང་བཀོལ་ནས་ནང་གི་བསམ་པ་བརྗེན་གཅེར་དུ་སྟོན་མཁན་གྱི་དྲྭ་གྲོགས་ཁྱེད་འདི་ལྟར་བུད་དགོས་པར་གྱུར་པ་བློ་ཕམ་པོ་བྱུང་། ཁྱེད་ཀྱི་བྱ་གཞག་ལམ་འགྲོ་ཡོང་བར་སྨོན།
ཉིན་ཞིག་ཨ་ལགས་ཀླུ་སྨྱོན་ཡང་འདི་ལྟར་བུད་སོང་ན། ཁ་བརྡ་དྲྭ་རྒྱ་ལ་དྲོད་ཁོལ་མེད་ཁོ་ཐག་ཡིན།
སྟབས་ལེགས་ནས་ཨ་ལགས་ཀླུ་སྨྱོན་གྱི་བཟོད་བསྲན་དེ་སྲབ་མོ་ཞིག་མིན་པ་འདྲ།
དཔལ་དགྱེས་རྡོར་གྱི་ཡི་གེ་འབྲི་སྲོལ་ཡིན་པ་འདྲ། ཡི་གེའི་བར་ཐག་སོ་སོར་འཕྲལ་ཏེ་བཞག་པ་ནི་བོད་མི་རིགས་འདི་ཡི་རིག་གཞུང་གལ་ཆེ་ཞིག་ལ་ལྷད་བཅུག་འདུག་སྙམས་པ་འདུག
གང་ལྟར་ཁྱེད་ཀྱིས་མཚན་དངོས་སུ་བེད་སྤྱད་ནས་སྨྲས་ཀྱང་རུང་རྫུས་ནས་སྨྲས་ཀྱང་རུང། ཁྱེད་ཀྱིས་བྱས་ཉེས་དག་ཟུབ་ཐབས་ནམ་ཡང་མེད། ལྷག་པར་དུ་བོན་པོར་ལྟ་བུར་ཆ་བཞག་ན་དེ་སྔ་ཕྱིན་ཆད་དུ་དབུ་རྒྱལ་བ་རིན་པོ་ཆེ་ནས་གང་གིས་ཐུགས་བཞེད་དང་མཐུན་པའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་སོགས་ལ་ཐུགས་ཚིགས་བཟོས་པ་གཏན་ནས་མེད་ཅིང། ལྷག་པར་དུ་སྔོན་རབས་རྒྱ་ནག་ནས་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་སྐྱོངས་ཕྱིར་མི་དཔུང་རྒྱུ་དཔུང་བསྡུས་པའང་མེད་ལ། བར་དུ་སོག་དམག་བལ་དམག་ནང་དུ་དྲངས་ཏེ་བོད་མི་རིགས་ལ་དཀའ་ཚིགས་བཟོས་པའང་མེད། ཕྱིས་བཙན་བྱོལ་དུ་ཕེབས་དུས་དཀའ་ངལ་ཆེ་བའི་སྐབས་སུ་ཐེ་ཝེན་ཏེ་བོད་སོག་ལས་ཁུང་ནས་དངུལ་དངོས་བླངས་པའང་མེད་པས། མདོར་ན་བོན་གྱི་དུས་དང་རྣམ་པ་ཀུན་ཏུ་རང་མི་རིགས་ལ་ཞབས་འདེགས་ལས་ཞབས་འདྲེན་ཞུས་པ་གང་ཡང་མེད། འོན་ཀྱང་བོད་མི་རིགས་འདི་ཡི་ནང་དུ་ཆེས་མི་ཉུང་བ་དཔེར་ན། དཔལ་དགྱེས་པ་རྡོར་རྗེ་དང་སྤོབས་པ་མཐའ་ཡས་ལས་སོགས་ཀྱིས་རྟག་ཏུ་བོན་པོར་ངན་སྨྲས་དང་ཚད་མེད་སྐུར་འདེབས་བྱེད་ཀྱིན་པ་འདི་ནི་ནམ་ཡང་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་རིས་སུ་འཁོད་པའི་བྱས་ཉེས་ཤིག་ཡིན་པར། དྲ་ཐོག་འདིར་ཕེབས་མཁན་ཕལ་ཆེ་བས་ཤེས་བཞིན་ཡོད། ངོས་རང་ལྟ་བུར་ཆ་བཞག་ནའང། བོན་གྱི་རྗེས་འཛིན་ཞིག་ཡིན་རུང་བན་བོན་གྲུབ་མཐའ་ཀུན་ལ་དག་སྣང་ཡོད་པས་མ་ཟད་ང་ཡི་མ་ཡུམ་དྲིན་པོ་ཆེའང་བན་དེ་ཡིན་པས་རྟག་ཏུ་མ་ཡི་ཆོས་ལ་གུས་བརྩིས་བྱེད་བཞིན་ཡོད། ་འོན་ཀྱང་སྐབས་རེར་བོན་པོར་ངན་སྨྲས་བྱེད་མཁན་བྱུང་ཚེ་དེ་དག་ལ་གསལ་བཤད་ཀྱང་ཞུ་བཞིན་ཡོད། འོན་ཀྱང་ད་བར་ཁ་བརྡའི་དྲ་རྒྱའི་ལམ་ལུགས་སྲོལ་ལས་འགལ་བ་ནམ་ཡང་བྱས་པ་མེད་ཅིང། མ་ཟད་ཁ་བརྡའི་དྲ་རྒྱཌྷའི་དོ་བདག་པས་ནམ་ཡང་བཀའ་སྐྱོན་ཕེབས་མྱོང་མེད། གང་ལྟར་ཁྱེད་ཀྱིས་བྱས་ཉེས་མང་པོ་བསགས་ཡོད། ་བོན་ཞེས་པར་མིང་རྫུས་ནས་རྒྱལ་དབང་ཀརྨ་པ་མཆོག་ལ་ཚད་མེད་པའི་སྐུར་འདེབས་ཞུས་སོང། བོན་པོ་ལྟ་བུར་ཆ་བཞག་ན་སྤྱིར་བཀའ་རྒྱུད་དང་ཡང་གོས་རྒྱལ་དབང་སྐུ་གོང་མ་མཆོག་དང་ད་ལྟ་བཞུགས་བཞིན་པ་སོགས་དང་འབྲེལ་ལམ་ཐུགས་གནང་ཤིན་ཏུ་ནས་ཆེ་བས་དེ་ལྟར་སྨྲ་མཁན་གྱི་བོན་པོ་བ་ཞིག་ནམ་ཡང་ཡོད་མི་སྲིད། འོན་ཀྱང་ཁྱེད་ནས་དེ་ལྟར་སྨྲས་པ་ནི་ཆོས་སྤོང་གི་ཚོགས་ངན་ཟད་མི་ཤེས་པ་བཟོས་ཡོད། འོན་ཀྱང་རང་གིས་བྱས་པ་རང་ལ་སྨིན་པ་ལས། སུ་གཅིག་གི་མགོ་ལ་བཀོན་རྒྱུ་མེད།
གང་ལྟར་ཁྱེད་དྲྭ་རྒྱ་འདི་ནས་མཚན་དངོས་དེ་ཞུད་རུང། བཏགས་མིང་དེ་རིགས་ནམ་ཡང་བཞུད་རྩིས་མེད་པའི་ཡིད་ཆེས་ཡོད། མ་གཞི་ནས་རྩོམ་གྱི་འགྲོས་ལ་བརྟག་པ་བྱེད་དུས་སྔར་གྱི་རྩོམ་དང་ཕྱིས་བྱུང་རྩོམ་དེ་གཉིས་བསྡུར་དུས་། བོད་ཀྱི་གཏམ་དཔེར། ལྷམ་ཀོག་སྐམ་པོའི་ནང་དུ། མཛུབ་མོ་རློན་པ་འགུལ་བ་ཧ་མི་གོ་བ་མི་འདུག
དྲྭ་གྲོགས་ལ་སྟོད་བུ། ཁྱེད་རང་གིས་བཤད་པའི་སྐད་ཆ་ལ་ཡི་ཆེས་དང་རྒྱབ་སྐྱོར་ཡོད། མ་གཞི་དེང་སང་རང་རེ་བོད་པ་བོད་ཡིག་ཁྱར་ཁྱོར་ཤེས་རློམས་བྱེད་མཁན་ཁག་ཅིག་ཕྱེད་སྨྱོ་བ་ལྟ་བུ་གྱུར་ནས་སྐྱེ་བུ་དམ་པ་དང་། ལྷ་བླ་མཆོད་ཡོན་སོགས་ལ་རྒྱ་མི་གུང་ཕྲན་ལས་ལྷག་པའི་སྨོས་ཚིགས་དང་། བཀུར་བར་འོས་པའི་གྲུབ་མཐའ་ཁག་དབར་བསམ་བཞིན་དུ་དབྱེན་དཀྲུགས་བྱས་པ་སོགས་མདོར་ན་ཁ་བརྡའི་དྲྭ་རྒྱའི་སྟེང་འགྲོ་སྐབས། ཡང་ཚིགས་ངན་གང་ཞིག་བྲིས་ཡོད་ན་བསམ་ནས་ཐེ་ཚོམས་དང་བཅས་ཁ་ཕྱེ་དགོས་པའི་དུས་ལ་བབས་འདུག་པས་དྲྭ་གྲོགས་ལྷན་རྒྱས་ནས་རྟག་ཏུ་ཡིད་གཟབ་གནང་གལ་ཆེ།
དཔལ་དགྱེས་པའི་རྡོར་རྗེ་ལགས། ཁྱེད་ནས་ད་ལྟ་བར་དུ་ཁ་བརྡའི་ནང་ཕེབས་ཏེ་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རྩོམ་ཡིག་དུ་མ་ཞིག་སྤེལ་ནས་མང་པོ་ཞིག་ལ་བློ་སྐྱེད་སྦྱིན་ཐུབ་ཡོད་པས་དེ་ནི་ཁྱོད་ཀྱི་གཟིགས་བརྗིད་ཅིག་ཡིན། མ་གཞི་ངས་ཀྱང་མིང་བརྫུས་མ་ཞིག་བཀོལ་ནས་དག་ལ་མ་དག་གི་མཆན་འདེབས་ཁུལ་བྱ་ཡི་ཡོད། ངའི་མིང་རྙིང་པ་མང་པོ་ཞིག་ཀྱང་མི་གཞན་གྱིས་བཀོལ་བཞིན་འདུག་ཀྱང་། སྟབས་ལེགས་ནས་ཁོང་ཚོས་༧གོང་ས་མཆོག་གི་དབུས་ཆོས་ལུགས་་རིས་མེད་ཀྱི་བླ་ཆེན་རྣམས་ལ་མཚན་དམོན་ཞུ་གི་མིན་འདུག །སྐབས་རེ་དྲྭ་རྒྱ་འདིར་སློབ་དཔོན་རིན་པོ་ཆེའི་རབས་གནས་མ་འཕོགས་པའི་ཁ་ངན་མང་པོ་ཞིག་འཛོམས་བཞིན་འདུག་པས་ཨ་ཁ་བསམ་གྱི་འདུག
དཔལ་དགྱེས་བ་རྡོ་རྗེ་ཡིས་དེ་སྔ་ཁོང་གི་ངོ་དེབ་སྟེང་ནས་རྒྱལ་བ་ཀརྨ་པ་ལ་སྐུར་འདེབས་བྱས་སོང་། དེའང་མི་གཞན་པ་ཡིན་ནམ། ངོ་མ་ཡ་མཚན་རེད་ཡ།
ག་རེ་གསུངས་ཀྱི་ཡོད་ན། ཡི་གེ་ཀློག་མི་ཐུབ་པ་ཞིག་བཟོས་འདུག
ངས་ཨེ་མ་ཧོའི་རིག་མཛོད་ད་ལྟ་རང་ལྟ་ཡིན། དྲ་བདག་དགྱེས་པ་རྡོ་རྗེའམ་མཁན་ཆེན་བླ་མ་རེད་འདུག དེའི་ནང་ཧང་སང་དགོས་པའི་རྫུན་རྩོམ་མང་པོ་འདུག དེང་དུས་ཉེར་གཅིག་དུས་རབས་སམ་ཆ་འཕྲིན་གྱི་དུས་རབས་ཡང་ན་ཀླད་གསར་གྱི་དུས་རབས་མངོན་དུ་ཕྱོགས་པ་འདི་ཡི་ནང་དུ། ད་དུང་ལྷག་པའི་ཀླད་པ་ལྗང་ཁུ་ཅན་གྱི་རྫུན་གཏམ་ནི་དགོད་བྲོ་བའི་རང་བཞིན་རང་རེད། གཟིགས་དང་ཁོང་གི་༼རྨི་ལམ་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་༽ཞེས་པའི་མིང་རྫིག་དེ་ནས་བླངས་པའི་ཟུབ་ཅན་གྱི་རྫུན་གཏམ་ལ་གཟིགས་དང་།
རང་གི་རྨི་ལམ་ལུང་བསྟན་མ་མཐུན་ན། །
ཀརྨ་གྲགས་ཆེན་ཡིན་ནས་དད་རྒྱུ་དང་། །
གྲོགས་པོ་རྒྱུ་ཆེན་རིགས་ནས་བརྩེ་གདུང་ཞིག །
མ་བྱུང་ད་བར་ལ་རྒྱའི་དཔལ་ལ་ཆགས། །
ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་བ་དང་། །
བལ་ཡུལ་རྒྱལ་འབངས་རང་མྱིས་བསད་པ་དང་། །
རང་ཡུལ་སྐྱེ་དགུར་ས་ཡོམ་གནོད་པ་དག །
བདག་ལ་སྔོན་ནས་རྨིས་ཀྱང་བཅོས་ཐབས་བྲལ། །
གཅིག་ན་བདག་ནི་གྲོགས་མེད་གཅིག་པུར་དགའ། །
གཉིས་སུ་སྙིགས་དུས་སྐྱེ་བོ་མགུ་ཐབས་དཀའ། །
གསུམ་ན་དམ་པ་རྣམས་ནི་སྨྲ་བ་ཉུང་། །
དེས་ན་ཡིད་ཆེས་རྨི་ལམ་བྱེད་པར་དཀོན། །
ཧཧཧཧཧ། ག་འདྲའི་འདུག ཁོང་ཉིད་སངས་རྒྱས་རང་རེད་མི་འདུག་བས། ད་ཉེར་གཅིག་ཀླད་གསར་དུས་རབས་འདི་སླར་ཡང་མུ་ནག་གི་དུས་རབས་སུ་རྫོང་ཐུབ་ས་རེདཔས།
ཡ་ཡ་དེ་རིང་དངོས་ནས་སྐད་ཆ་ཚང་མ་དོན་ཡོང་གི་འདུག་བ། དཔལ་རྡོར་ལགས། ཉེས་པ་དང་ལེན་དགོས་པ་ཆོས་ལུགས་གཅིག་གི་ངོས་ནས་འོས་འགན་ཆེ་ཤོས་རེད། འགྱོད་བཤགས་བྱས་ནས་དགེ་བ་བསགས་དགོས་ལུགས་སྐུ་ཉིད་མཁྱེན་གསལ་ལྟར་རེད། དེ་སྔོན་ངས་ཁྱོད་ལ་ཞུས་ཡིན། མི་ལ་སྐྱོན་བརྗོད་བྱེད་པ་ལ་དང་པོ་སོ་སོའི་ངོ་ལ་གཟིགས་ནས་དེ་རྗེས་ལབ་ན་ཡག་པོ་ཡོད་རབས་ཞུས་ཡིན། དེ་ནི་ངས་ཁྱོད་ལ་མ་འོངས་ལུང་བསྟན་སྟོན་པའི་བཟོ་འདྲ་ཆགས་འདུག
དེ་བཞིན་སྐུ་ཉིད་བླ་ཆེན་ཁག་ལ་མཚན་སྨད་དང་བན་བོན་གཉིས་ཀྱི་བར་དཀྲུགས་ཤིང་བྱེད་ན་སྐུ་ཉིད་ལ་ཕན་ཐོགས་ཞིག་སྐྱེས་སོང་བས།
དེ་རིང་ངས་ཡང་བསྐྱར་འདིའི་ནང་བཀོད་ཡོད། གཟིགས་རོགས།
དཔལ་དགྱེས་པ་རྡོ་རྗེའམ་དཔལ་རྡོར་ལགས། སྐུ་ཉིད་ངོ་དེབ་ནང་དུ་khenchen lama ཞེས་ནས་མིང་ཆེན་ཞིག་ཁྱེར། གོས་ངུར་སྨྲིག་ཅིག་གྱོན་ནས་སྐྲ་རིང་བཞག་པ་དེ་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་”དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། ”
ཞེས་པ་གཅིག་མཚུངས་རེད་མི་འདུག་གམ། གཅིག་གཟིགས་རོགས། http://www.facebook.com/profile.php?id=100000455764759&sk=photos
ྱངས་བསམ་ཚུལ་ནི་དགའ་ཁྲི་བས་༧གོང་ས་སྐྱབས་མགོན་ཆེན་པོ་དང་མི་རིགས་ཀྱི་ལ་རྒྱ་འགལ་ནས་མི་ངོས་སྲུང་ཀ་འགྲོ་རེད། ཁྱོད་རང་ནི་རང་ཉིད་ལྟོ་གོས་དང་སྙན་གྲགས་ཆེད་དུ་སངས་རྒྱས་ལ་མགོ་བསྐོར་གཏོང་བཞིན་ཡོད་རེད། ད་དུང་ངས་གོ་ཐོས་ལ་སྐུ་ཉིད་ནས་དབྱིན་ཇེ་བུ་མོ་ཞིག་མཁའ་འགྲོ་མ་ལུང་སྟོན་བྱེད་རབས་དང་སྐུ་ཉིད་མཉམ་དུ་ལུས་འབྲེལ་བྱེད་ན་མ་འོངས་པ་སངས་རྒྱས་བསྟན་པ་ཡར་ངོ་ཟླ་བ་བཞིན་འཕེལ་བའི་སྐད་ཆ་་ཧམ་བཤད་འགའ་བྱས་འདུག་པས། དགའ་ལྡན་ཁྲི་བ་དང་སྐུ་ཉིད་ལངས་ཕྱོགས་ཁ་ཁ་ཞིག་རེད་མ་གཏོགས་སེམས་པའི་སྤྱོད་ཚུལ་གཅིག་མཚུངས་རེད་བསམ་འདུག
ཁ་བརྡ་དྲ་བར་མིང་རྫུན་དང་དངོས་མིང་གཉིས་ཀའི་ཐོག་ནས་མཆན་དང་ཟིན་བྲིས་འབྲི་མཁན་མང་པོ་རེད། དེ་དག་རྣམས་ལས་ཚིག་སྦྱོར་གཅིག་པུའི་ཐོགས་ནས་ལྟས་པ་ཡིན་ན་རྟ་ནག་པ་འདི་ལས་ལྷག་གཅིག་མེད་པ་དངོས་ཡོད་རེད། ཚིག་དོན་གཉིས་ཆར་དང་ལོ་རྒྱུས་བརྡ་སྤྲོད་ནང་ཆོས་བཅས་ཚང་མ་ནས་ལྟས་ན་རྫ་ཚེ་བཀྲ་དང་དྲི་མེད་ལྷག་བསམ་གཉིས་ལས་ལྷག་པ་སུ་གཅིག་མི་འདུག དེ་མིན་བྱིངས་རྣམས་ནི་ཁྱད་པ་ཆེར་མེད་པ་འདྲ་བོ་འདྲ་བོ་རེད། སྤོབ་མཐའ་དང་དཔལ་དགྱེས་སོགས་ནི་ཕྱོགས་རེས་ཀྱི་གདོན་གྱིས་སྨྱོས་ཤིང་ཕྲག་དོགས་ཀྱི་ཆང་གི་བཟི་བ་དུག་ཟོས་པའི་ལྕེ་ནང་བཞིན་ཡར་མར་ཀུན་ལ་རྨུག་ནས་སྡོད་པའི་ཟིན་བྲིས་པ་མ་རུང་བ་འགའ་རེད་འདུག་པས་ད་རེས་ཁོ་པ་མར་དོན་པ་ཡིན་ན་ཁ་བརྡ་ཚང་ཏོག་ཙམ་ཞི་འཇམ་འདྲ་ཞིག་ཆགས་མི་ཡོང་བས་བསམ། མདོར་ན་ད་རེས་ཁོ་མར་དོན་པ་དེ་སྤྱི་སྒེར་གཉིས་ཀ་ལ་འགྲིག་བསྡད་ཡོད་རེད་པས་དངོས་དགའ་འོས་པའི་དོན་བཟང་ཞིག་རེད།
ཁ་བརྡའི་དྲ་བའི་རྒྱུན་ལས་རྣམ་པས། རྩོམ་འདིའི་འོག་ཏུ་མང་མོས་་འོས་བསྡུར་ལྟར་དུ་་དྲ་གྲོགས་ཚང་མས་གཟུར་གནས་ཐོག་མཆན་གང་མང་སྤེལ་ཐུབ་རེ་དང་། ཁ་བརྡའི་དྲ་བ་ནི། ཤར་ནུབ་མཚོན་པའི་ཡུལ་གྲུ་མང་པོ་ནས། ཁ་བ་རི་བའི་ཆོས་དང་རིག་གཞུང་གི་བགྲོ་གླེང་དང་། གཞིས་བྱེས་བོད་མིའི་ཤེས་ཡོན་དང་ཉམས་མྱོང་བརྗེ་ས། ཁ་འཐོར་བོད་མིའི་སྨྱུག་གྲོགས་དང་རྒྱུས་ལོན་བྱེད་ས་ཞིག་ཡིན་པས། དྲ་བ་འདི་བཞིན་དོན་མེད་ངན་སྨྲས་དང་སྐུར་འདེབས། དགྲ་འཁོན་དང་དབྱེན་སྦྱོར་བྱེད་ས་ཞིག་མིན་སྟབས། དེ་རིང་འདིར་དཔལ་དགྱེས་པ་རྡོ་རྗེ་ཟེར་བའི་དགེ་སློང་ཆུང་མ་ཅན་དེའི་འདས་པའི་དུས་ཡུན་མི་རིང་བ་ཞིག་གི་ནང་དུ། དྲ་རྒྱ་ཁག་ཏུ་ཡོད་པའི་འོ་ཅག་ཁ་བ་རི་བའི་ཤེས་ཡོན་ཅན་དང་། ལ་རྒྱ་ཅན་གྱི་སྤུན་ཟླ་ཚོའི་སྙིང་ནང་དུ། ཕུང་དཀྲུགས་དང་དབྱེན་སྦྱོར། གཞི་མེད་ཀྱི་སྒྲོ་སྐུར་སོགས་ཀྱི་ནད་འབུ་ཇི་འདྲ་བཏབ་ཡོད་མེད་གསལ་བའི་དཔང་རྟགས་དང་་། མ་འོངས་པར་ང་ཚོའི་དྲ་བ་ཕན་ཚུན་ནང་དུའང་འདིའི་རིགས་རྩ་འགོག་ཡོང་བའི་ཆེད་དུ། གནས་སྐབས་རིང་མཆན་སྒོ་མ་བཀག་རོགས་ཞུ་རྒྱུ་ཡིན།
མཁྱེན་ནོ། མཁྱེན་ནོ། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་མཁྱེན་ནོ། །
དཔལ་དགྱེས་པ་རྡོ་རྗེ་ཟེར་མིང་ཆེན་པོ་ཞེ་དྲག་འདུག ཁོ་མཐོང་མྱོང་མེད་ཀྱང་མིང་འདི་མང་པོ་གོ་མྱོང་ཡོད། ང་ནི་ཁོང་དང་དགྲ་མིན་ལ་གཉེན་ཡང་མིན་མོད། ཁོས་ལྷག་པར་དུ་དྲ་རྒྱ་འདིའི་ནང་ནས་ཟིང་ཆེན་པོ་ཞིག་སློང་ཡོད་རབས་ཐོས་པས། རྒྱལ་ཕྱི་ནང་གི་གྲོགས་པོ་མང་པོའི་བརྒྱུད་ཁོའི་སྐོར་ཅུང་ཟད་ཤེས་རྟོགས་བྱུང་སོང་། ཁོ་གནས་སྐབས་དྲ་བ་ནས་བུད་ཚར་བ་རེད་དེ། ཡིན་ནའང་ད་དུང་ཁོས་མིང་རྫུན་བྲིས་ནས་ཐབས་ཤེས་སྣ་དགུ་རྩལ་བཏོན་གྱིས་གང་ལ་གོམས་པ་དེའི་དབང་དུ་འགྲོ་ཉེན་ཆེ་བས་ཚང་མས་གཟབ་དགོས་རེད་ཟེར་གྱི་འདུག་པས་དེ་ལུགས་ངས་སེམས་བཟང་པོ་སྐད་ཆ་ཡིན་ནོ།།
གསལ་བཤད་འདི་ངེས་པར་དུ་མཁྱེན་དགོས། ཁོ་པའི་མིང་ལ་དང་པོ་དཔལ་གཅེས་རེད། དེ་དཔལ་དགྱེས་བཟོས་ཏེ། ད་གཟོད་དགྱེས་རྡོར། དཔལ་དགྱེས། དཔལ་དགྱེས་པ་རྡོ་རྗེ་སོགས་མིང་རྫིང་པོ་དེ་དག་བསྣམས་ཡོད། ད་དུང་ཁོ་པའི་མིང་དུ་མཁན་ཆེན་བླ་མ་ཞེས་པའི་མིང་རྫིག་གཅིག་སོ་སོས་གསོལ་ནས་འཛམ་གླིང་ཀུན་ལ་ཁྱབ་བསྒྲགས་བྱེེད་བཞིན་ཡོད། དེ་ནི་སྟོང་བསམ་ཡིད་སྨོན་མངོན་འགྱུར་མི་ཐུབ་པའི་བྱ་བ་ཞིག་ཀྱང་རེད། དེ་ལྟར་བོད་ཀྱི་བླ་ཆེན་སུ་གང་གིས་ཁོ་པར་ཁྲི་འདོན་དང་མིང་དེ་ལྟ་བུ་ཞིག་འདོག་མྱོང་མེད། དེ་དོན་ཁྱེད་རྣམ་པའི་ངེས་པར་དུ་མཁྱེན་དགོས།
ཁོ་པར་གནས་སྐབས་མིང་རྫུན་ཚང་མ་མཐིལ་རྡོལ་ཡོད་ཀྱང་ད་དུང་ཁོ་པར་ཤི་མེད། ཁོ་པའི་ཐབས་ཤེས་སྣ་ཚོགས་པ་བྱེད་སྲིད། བླ་ཆེན་དང་བླ་ཆེན་བར་དང་། ཆོས་བརྒྱུད་དང་ཆོས་བརྒྱུད་བར། ཚོགས་པ་དང་ཚོགས་པའི་བར་སོགས་ཁོ་པའི་རིག་པ་སྒྲིམས་ཏེ་དཀྲུངས་ཤིང་རྒྱག་སྲིད་པ་དང་། ད་དུང་ཁོ་པའི་དྲ་རྒྱའི་ནང་དུ་མིང་རྫུན་སྤྱོད་རྒྱུ་ལ་ཡང་དཀའ་ཚིགས་མེད་པར་སླེབས་ཡོང་བ་མ་ཟད། རྣམ་པ་གསལ་བ་དང་མི་གསལ་བའི་ཐོག་ནས་སྐྱོན་བརྗོད་འདྲ་མིན་གྱིས་རྒོལ་རྡུང་རབ་དང་རིམ་པ་མང་པོ་སྤེལ་སྲིད། ད་དུང་ང་ཚོའི་མ་ཤེས་པའི་ཁོ་པའི་མིང་འགའ་ཡང་ཡོད་པ་དག་ད་ལྟ་གསལ་ནོག་མཚམས་སུ་གབ་ནས་བསྡད་ཡོད།
སྐབས་འགར་ཁོ་པའི་རང་སྐྱོན་ཀུན་གྱིས་ཤེས་པའི་ཉིན་མཚན་འཁོར་མོའི་ནང་དུ་འདུག་མི་ཚུགས་པའི་དཀའ་ལས་ཀྱང་ཡོད་སྲིད། དེ་ནི་གནས་སྐབས་ཙམ་རེད། ཁོ་པ་ནི་ལེགས་ཉེས་དཔྱོད་པའི་ཤེས་རབ་ཀྱི་མི་ཟུང་མེད་པས་བླང་དོར་རྨོངས་དད་ཀྱི་ར་བ་ནས་ད་དུང་བརྒལ་ཐུབ་མེད། རང་ཉིད་རྨོངས་པའི་གཟིབ་ཏུ་ལྷག་ཡོད་ཀྱང་ད་དུང་རྣམ་ཤེས་རིག་པ་དགུ་འགྱུར་དེས་འགོས་རོ་འདྲུད་དེ་ཞ་འཐེང་བྱེད་ནས་ཕུང་དཀྲུགས་ཀྱི་ལས་ལ་བྲེལ་ཡོང་བ་མ་ཟད། ཁོ་པའི་རང་གཤིས་དྲོ་མོ་དེ་སྤྱི་ཚོགས་གཏོར་བཤེགས་དང་གྲགས་ཆེན་མི་སྣ་དག་ལ་སྐྱོན་འཚང་འདྲུ་ཡག་དེ་ཡིན་པས་དེ་ཀུན་དེང་བར་ལམ་དུ་མ་ལྷོངས་པའི་ནད་རོ་རྙིང་པ་དེ་དང་གནས་སྐབས་རང་སྐྱོན་རྡོལ་བའི་ངར་ཤུགས་དེ་གཉིས་ཀྱིས་བྱ་སྤྱོད་སྣེ་མང་ད་དུང་མུ་མཐུད་ནས་སྤེལ་སྲིད། ཚང་མའི་བྱ་ར་དགོས།
འདིའི་ནང་ལ་གཟིགས་རོགས། མར་ཀློག་དང་ཤེས་ངེས་པས།
http://amahonet.blogspot.com/p/blog-page_4791.html
དཔལ་རྡོར་ནས།
“དགེ་ལྡན་བླ་མས་སྟོང་བཤད། །
བཀའ་བརྒྱུད་དམ་པས་སྒོམ་པ། །
ས་སྐྱའི་ཟུང་འཇུག་བརྗོད་ཀྱང་། །
ཡང་གསང་རྟོགས་པ་མི་འདུག །
དགེ་ལྡན་གོ་བ་སྐམ་པོ། །
བཀའ་བརྒྱུད་མྱོང་བ་དྲོན་པོ། །
ས་སྐྱའི་བདེ་གསལ་མི་རྟོག །
འབྲས་བུ་མཐར་ཐུག་མ་རེད། །” བྲིས་འདུག དེ་ནི་དགེ་ལྡན་གོ་བ་སྐམ་པོ་ཞེས་པ་༧གོང་ས་སྐྱབས་མགོན་གཙོ་བའི་དགེ་ལུགས་པའི་བསྟན་འཛིན་པ་ཡོངས་ལ་གོ་མ་རེད་དམ། དེ་བཞིན་གཞན་པ་རྣམས་ཆོས་བརྒྱུད་དེའི་བླ་ཆེན་དང་བསྟན་འཛིན་པ་ཡོངས་ལ་གོ་བ་ཞིག་སྟོན་འདུག གོང་དུ་ཁོང་རང་ཁྱབ་བསྒྲགས་ནང་ཆོས་བརྒྱུད་བར་ལ་མཚན་སྨད་དང་དཀྲུགས་ཤིང་བྱེད་མི་ཉན་པའི་སྐད་ཆ་ཞིག་བཤད་འདུག་པས། དེ་གཉིས་མཐུན་འདུག་གམ། དྲ་གྲོགས་རྣམས་གཟིགས་དང། གུས་པ་དགེ་ལྡན་གོ་བ་སྐམ་པོ་ཞེས་པ་དེས་སེམས་ལ་ན་ཟུག་ཅིག་གཏོང་སོང་། ༧གོང་ས་སྐྱབས་མགོན་ནི་གངས་ཅན་ཡོངས་སྐྱབས་གནས་དང་འཛམ་གླིང་ཞི་བདེ་དེད་དཔོན་ཞིག་རེད། དེའི་ཆོས་བརྒྱུད་དང་བླ་མ་ལ་མཚན་སྨད་དགོས་དོན་ཅི།
མཁན་ཆེན་དཔལ་དགྱེས་རྡོ་རྗེ་ཚབ་ནི་བླ་མ་ཡང་དག་པ་ཞིག་ཡིན་པ་རེད།
རྒྱུ་མཚན་གང་ཡིན་ཟེར་ན་ཁོང་དང་ཆ་ཡོད་རྒྱུས་ཡོད་ཀྱི་ཆོས་གྲོགས་ཚང་མས་ཁོང་ལ་བརྩི་བཀུར་ཆེན་པོ་ཡོད་པངས་ཤེས་ཀི་ཡོད། ཕ་ཡུལ་ཡོད་དུས་བླ་མ་ཡག་པོ་ཡོད་ལབ་ཀི་འདུག གཅིག་ཡིན།
གཉིས་ནས་ཁོང་འཆད་རྩོད་རྩོམ་པ་གང་ལ་ཡང་ཆགས་ཐོགས་བྲལ་བའི་མཁས་པ་ཞིག་རེད།
སྔོན་མ་འབྲུ་གུང་བའི་གྲ་པ་རེ་ཟུང་དང་ཁོང་ཚོའི་བར་དུ་སྐད་ཆ་ཞིག་བྱུང་འདུག་ཀྱང་ཕུགས་དེད་ན་ཚང་མ་ཕོར་བའམ་ཅ་ནེའི་དོན་དག་ཙམ་ཞིག་རེད།
བཀའ་བརྒྱུད་པས་སྒོར་མོ་དང་ཕོར་བའི་དོན་ལ་མྱི་ཚེ་གཅིག་ལ་འཁྲུག་པ་བརྒྱབ་རེད། དེ་ལ་ཉན་རྒྱུ་ཡོད་ནི་མ་རེད། ཉེ་རྡཆར་་རམ་ས་ལའི་ཆོས་ལུགས་ཚོགས་པའི་སྟེང་ན་ཡང་འཁྲུག་པ་བརྒྱབ། ཞབས་འདྲེན་ཞུས་ན་སྐད་འདུག ཀརྨ་ནག་རིལ་ཨོ་རྒྱན་འཕྲིན་ལས་ཡང་འབྲུ་གུང་གི་སྐུ་ཚབ་དང་འབྲུག་པའི་སྐུ་ཚབ་རྣམ་པས་དམའ་འབེབས་ཚད་ལས་བརྒལ་བ་བྱས་ནས་ཁོ་པ་ཆོས་ལུགས་ཚོགས་འདུ་ནས་བྲོས་དགོས་བྱུང་བ་འདྲ་བོ་མང་པོ་ཡོད་རེད།
དམའ་འབེབས་བྱས་ཚད་ཡང་དག་མིན་པའི་ངེས་པ་མེད་ཀི ཁོང་སྔོན་མ་རབ་བྱུང་ཡིན་ས་རེད་དེ་ནས་ད་སྐབས་སྔགས་ཆས་གནང་འདུག དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མེད་དུས་ངུར་སྨྲིག་མ་གྱོན་ན་ཡག་པོ་འདུག འདི་ལ་༸གོང་ས་མཆོག་ཀྱང་ཐུགས་གཉེས་བོ་ཡོད་རེད། ཁོང་ངོ་མ་མྱི་དྲང་མོ་མདའ་འདྲི་ཞིག་རེད་བསམ་གི ལ་ལས་སྡོམ་པ་མེད་བཞིན་གྲས་ཆས་སྤྲས་ཡོད་རེད་་དེ་ལ་༸་གོང་ས་མཆོག་གིས་བཀའ་བཀྱོན་གནང་ནི་རེད།
སྐྱི་དམན་ཡོད་མ་སྔགས་ཆས་གྱིས་གསུང་གི་ཡོད་རེད་་ཐེངས་མང་པོ་ལ་གསུང་ཡོད་རེད་དེ་ལ་རྒྱལ་བའི་བཀའ་བསྒྲུབ་ནས་ཡགཔོ་་བྱུང་བ་རེད།
རྡ་སའི་ཀརྨ་པས་རྙིང་མའི་གྲ་པ་ཚོས་ལ་མགོ་སྤུ་སྐྱེས་འདུག་ཟེར་ནས་སྨོན་ལ་འཚོགས་མ་བཅུག་པ་རེད། ཟླ་བ་རེ་སྐྲ་སྦྱར་དགོས་སངས་རྒྱས་གསུང་རེད། ཉི་མ་བདུན་ནས་སྐྲ་འབྲེག་པ་ཀརྨ་པས་ལབ་པ་རེད། ད་ལོ་ཁོ་རང་ཡང་བོ་ཚོ་བོ་བཟོས་སོང་།
ང་བཀའ་བརྐྱུད་དབུ་འཛིན་དགོངས་པ་ཞུས་ཡོད་ལབ་པ་རེད། དེ་ལ་འབྲུ་གུང་པས་་་ཁྱེད་སུས་བཀའ བརྒྱད་དབུ་འཛིན་ལ་བསྐོས་པ་རེད། ག་རེ་བྱས་ན་དགོངས་པ་ཞུ་དགོས་རེད། ལབ་སོང་ཟེར་གི་འདུག ད་རུང་ལོ་རྒྱུས་མང་པོ་ཡོད་རེད།
ད་རེས་་ཆོས་ལུགས་ཚོག་འདུའི་་གྲོས་ཆོས་དོན་ཚན་ ༦ པའི་ནང་དུ།
རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་ཆ་ལུགས་མ་འདྲེས་པ་བྱ་རྒྱུ་དང་།
ཞེས་བཀོད་འདུག བླ་མ་དཔལ་དགྱེས་པས་དེ་ག་ཉམས་སུ་ལེན་འདུག དེ་ཡག་པོ་ཡོད་རེད།
མཁན་པོ་ལབ་ཚད་རབ་བྱུང་དག་དག་ཅང་མ་རེད།
རྙིང་མའི་ཆོས་འབྱུང་ནང་ན་ཕུར་པ་མཁན་པོ། གཤིན་རྗེ་མཁན་ཕོ་ཟེར་ནས་སྔགས་ཀོས་དཀར་གྱོན་པ་ལ་མཁན་པོ་མིང་བཏགས་ཡོད་ས་མང་པོ་རེད།
སྔགས་རྙིང་མ་ཚང་གི་ལོ་རྒྱུས་ནང་དེ་མོ་མང་པོ་ཡོད་ནི་རེད།
ཁོང་གི་སྡུག་ཅག་ཅང་བཟོས་མི་འདུག
བློ་བཟང་ཟེར་བ་ཁྱོད་གཙུག་གི་སྡོད་ཨ་ཁོ་རེ། དཔལ་རྒྱལ་བ་ཀརྨ་པ་ལ་མ་ཉེས་ཁ་གཡོག་བྱེད་རྒྱུ་མཚམས་འཇོག་བྱེད་ན་དགའ་གི་རེད་ད། ཁྱོད་མི་ངན་ཚིག་ལ་ནུས་པ་མེད་ཀྱང་རྟག་པར་བཀྲ་མི་པ་ཤ་སྟག་ལབ་ན་ཆོ་ཡོད་ལི་མ་རེད། ཚོད་ཡོད་ན་དཀར་སྨུག་མཚམས་སུ་རྟགས་རྟགས་རེད་ད་ཁོ་རེ་ད་ཁ་མ་མང་།
ངས་ནི་སྔོན་མ་ནས་མཁན་ཆེན་མིང་འཛིན་འདི་སུ་ཡིན་དང་ཁོས་གང་ཞིག་བྱེད་ཀྱི་ཡོད་མིན་ཚང་མ་བཤད་ཚར་ཡིན། ད་དུང་ཉེ་སྔོན་གཤམ་གསལ་གྱི་མཆན་འདི་བཏབ་པ་ཡིན་ཡང་ཁ་བརྡ་ཚང་གིས་ནག་བསུབ་ཏུ་བཏང་བས་མ་ཚད་ང་ཡང་ཐེངས་ཤིག་ཟིན་བྲིས་ནས་ཕྱིར་འབུད་ཀྱང་བཏང་སོང་། ད་ནི་ངས་གླེང་རྒྱུ་དེ་དག་ཉེས་པ་ཆེན་པོ་དེ་ཙམ་ཞིག་རེད་མི་འདུག་པ་གོང་གི་དྲ་གྲོགས་ནས་ཀྱང་གླེང་བཞིན་འདུག་པས་ཤེས། དེས་ན་ངས་མཆན་རྙིང་པ་དེ་བསྐྱར་དུ་འགོད་ཀྱི་ཡིན། བཤད་མཁན་ལ་ཁྱད་པར་ཡོད་ན་བསྐྱར་དུ་བསུབ་ནས་བསྐྱར་དུ་ཕྱིར་འབུད་བཏང་རོགས། མ་གཞི་ཁ་བརྡ་ཚང་བོན་པོ་ལ་སྡུག་སེ་འདུག་པས་མི་ངོ་གཏུགས་ནས་གྱོད་རྒྱག་དགོས་བྱུང་ཡང་གྲ་འགྲིག་ཡོད། ཚོད་ཟུངས་ལ་རན་འདུག རྡ་སའི་ཁྲིམས་རྩོད་ཁང་གི་སྒོ་རྒྱག་མེད་ན། ང་ཡང་མི་ངོ་དངོས་སུ་ཐོན་ངེས་ཡིན།
མཆན་རྙིང་པ་འདིར་གཟིགས་རིགས།
ད་་་་དངོས་གནས་ལྟད་མོ་འདུག མཆན་༢༣པའི་ནང་ཀརྨའི་འཕྲུལ་ཟེར་བ་ཞིག་གིས་རྩོམ་རིགས་བྱ་དགའི་མཚན་ཀླུ་སྨྱོན་བཏགས་ན་ལན་པོ་མི་འདུག དགྱེས་རྡོར་རྩོམ་རིགས་བྱ་དགའ་བཏགས་ན་ལན་པ་འདུག ཨི་མི་གདའ། ཞེས་ཟེར་དུས་མཁན་མིང་ལ་དགའ་ཞིང་དྲ་ཚིགས་འདིར་མིང་བརྒྱར་བརྫུས་མཁན་རྒྱོས་པའི་རྡོ་མཇེ་འཚབ་ནས་ལམ་སེང་མཆན་༢༥པར་ཧཱུྂ་ཤི་ཕཊ་འགྱེལ་ཟེར་བའི་མིང་དུ་བརྫུས་ནས། ཀླུ་སྨོན་རྩོམ་རིགས་བྱ་དགའ་དེ་ངའི་རྩོམ་ལ་མི་ཐོབ་བའི་ཁོ་ཐག་ཆོད་ཚར་སོང་། ཞེས་པའི་སྐད་ངན་ཞིག་ཤོར་འདུག དེ་ནས་བསམ་བློ་ཅུང་ཟད་བཏང་རྗེས། ཡིན་གཅིག་བྱ་དགའ་མ་ཐོབ་ཀྱང་འགྲན་རྩོམ་འདིའི་ཁྱུར་ཞུགས་པ་ཙམ་གྱིས་ངོས་ནས་དགའ་བསུ་ཞུ་རྒྱུ་ཡིན། ཟེར་ནས་རང་གིས་རང་ལ་སེམས་གསོ་ཞིག་བྱས་འདུག དེ་མཚམས་ཁོ་རང་ལྷོད་དུ་བབས་རྗེས་གཡོ་འཕྲུལ་ངན་པ་ཞིག་འཁྲབ་འགོ་བཙུགས་འདུག་པ་འདི་ལྟར་ཏེ། མིང་བརྫུས་ཧཱུྂ་ཤི་ཕཊ་འགྱེལ་རང་གི་སྟེང་ནས་ཁོས་མཆན་༣༠པ་བཀོད་པ་ནི། ངའི་བསམ་པར་རྩོམ་རིག་གི་བྱ་དགའི་མཚན་དེ། དེང་རབས་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཀླུ་སྨྱོན་དང་། སེང་རྡོར། དགྱེས་རྡོར་རྣམ་པ་སུ་ལ་བཏགས་ནའང་གཅིག་ལས་གཅིག་འཚམས་བ་འདུག་སྙམ། ཞེས་ཟེར་ནས་ཀླུ་སྨྱོན་དང་སེང་རྡོར་མཉམ་དུ་རང་མིང་བཅུག་ནས་རང་གིས་རང་བཀྱག་ཅིང་སྐྱག་པས་རྐུབ་བཀྱག་འདུག ཧ་ཧ། ཁོའི་གདོང་པ་ལ་སྤུ་མང་པོ་སྐྱེས་འདུག་པ་དེ་རྒྱུ་མཚན་འདུག དངོས་གནས་ངོ་ཚ་འདུག་གམ། དེ་ལ་ཀརྨའི་འཕྲུལ་གྱིས་མཆན་༣༢པ་བཏབ་པའི་ནང་། དགྱེས་རྡོར་ལ་རྩོམ་རིགས་བྱ་དགའ་ཞིག་སྤྲད་ན་ཁྱི་ལ་ཁ་བཏགས་གཡོགས་པ་དང་གཅིག་པ་གཅིག་ཀྱང་རེད། ཅེས་པོ་སོགས་མང་ཞིག་གླེང་འདུག་པས། རྒྱོས་རྡོར་ཁོས་ལམ་སེང་མིང་བརྗེས་ནས་མཆན་༣༤པར་བློ་བཟང་ཟེར་བའི་མིང་དུ་བརྫུས་ནས། ཀརྨ་བ་ལ་ཁ་གཏོང་མཁན་དེ་འབྲུ་གུང་ཚང་གི་སྐུ་ཚབ་རེད། ངཀའ་བརྒྱུད་སྦྱི་འཐུས་གཉིས་ཀ་ཀྂ་ཚང་རེད་ཟེར་ནས་ག་རེ་ལབ་ཡོད་རེད། བཀའ་བརྒྱུད་སྤྱིའི་དབུ་ཀརྨ་པས་ཡོང་གི་མ་རེད་ཟེར་མཁན་འབྲུ་གུང་བ་རེད། ཅེས་ནམ་རྒྱུན་ཁོ་ལ་གོམས་ལོབས་སུ་ཡོད་པའི་ཆོས་བརྒྱུད་ཕན་ཚུན་ནམ་ནང་ཁུལ་དཀྲུགས་རྒྱུའི་ངན་ལང་ཞིག་ཡོད་པ་མགོ་བཙུགས་འདུག ལྟོས་དང་འདི་ནི་ཁོའི་སྤྱོད་པ་རང་རེད། ཀརྨའི་འཕྲུལ་ཟེར་བའི་མིང་གཅིག་པོའི་ཐོག་ལ་བསམ་ནས་ཁོས་བཀའ་བརྒྱུད་དང་ལྷག་པར་འབྲི་གུང་ལ་ལེབ་བརྡུང་བྱས་མི་འདུག་གས། འོན་ཀྱང་དེ་ལ་ལན་ཅི་ཞིག་བརྒྱབ་ཡོད་པ་ནི་ཁ་བརྡ་ཚང་གིས་བཀག་ཡོད་པར་མཆན་༣༦པར་ཨ་ར་དཀར་པོ་ཟེར་བས་འདི་ལྟར་བཤད་འདུག ཁ་བརྡ་ཚང་ལ་ཞུ་རྒྱུ། མཆན་བཀོག་ན་ཕུང་དཀྲུག་བྱེད་མཁན་གཏེ་བོ་བློ་བཟང་ཟེར་བའི་མཆན་དེ་ཡང་བཀོག་དགོས། དེ་མ་བཀོག་པར་གཞན་དག་བཀོག་དོན་ཅི་ཡིན་ནམ། ཞེས་པ་ལ་བསམ་ན་ཁོ་ཡང་ཁ་བརྡ་ཚང་གི་རང་ཕྱོགས་ལྟ་བུར་གྱུར་ཡོད་པར་སྣང་། གང་ལྟར་མཆན་༣༧པ་འགོད་མཁན་གངས་སྨྱུག་ཅེས་པ་དེ་རྒྱོས་རྡོར་ལ་རྒྱུས་མངའ་ཆེ་ཙམ་ཡོད་པར་སྣང་སྟེ། ཁོས་རྒྱོས་པའི་རྡོ་མཇེའི་སྐོར་ལ་སྡོམ་ཚིག་བྲིས་པ་འདིར་བསྐྱར་དུ་ཟློས་ན་འདི་ལྟར་ཏེ། ཨེ་མ་ཧོ། བོད་ཀྱི་ཡུལ་ནས་ངན་རྒུའི་སྤྱོད་པ་འཁྲབ། །བལ་པོ་ཡུལ་ན་ནང་བསྟན་ཐལ་བར་བརླགས། །འཕགས་པའི་ཡུལ་ན་གཞན་གྱི་ཆུང་མ་སྤྱད། །དེ་འདྲའི་མཁན་པོའི་ཡ་མཚན་ཅན། །དྲ་རྒྱའི་ནང་དུ་མིང་བརྒྱའི་སྤྲུལ་བ་བསྟན། །འཆར་འཛིན་ནང་དུ་དབྱིན་མོ་འཁྲིགས་སྤྱོད་བྱེད། །གཟུགས་མཐོང་ནང་དུ་དམར་སེར་ངུར་སྨྲིག་བྱོན། །དེ་འདྲའི་མཁན་པོ་ཡ་མཚན་ཅན། །ཨ་རིའི་ཡུལ་དུ་ཆོས་ཚོགས་དུམ་དུ་བཏང་། །སེང་ག་པུར་དུ་དུས་འཁོར་དབང་ཆེན་གནང་། །དབྱིན་ཇིའི་ཡུལ་དུ་རྒན་མོ་སྐྲ་དཀར་རུམ། །དེ་འདྲའི་མཁན་པོའི་ཡ་མཚན་ཅན། ། ཀྱེ་མ་ཧུད། ཅེས་པ་འདི་རེད། ད་རང་གི་བྱས་རྗེས་ཀྱི་རྣམ་སྨིན་ཚང་མ་རང་ཐོག་ཏུ་སྨིན་བཞིན་འདུག འོན་ཀྱང་ཁྱོད་ལ་ལམ་ལྷོང་ཞིག་སྟེ། མཆན་མང་པོ་ཞིག་ཁ་བརྡ་ཚང་གིས་བསུབ་པས་ཡིན། ད་དུང་བྲེལ་བ་མ་བྱེད་བོང་བུའི་ནང་ཆ་ཁྲོམ་ལ་ཐོན་ངེས་རེད། ཁྱོད་ཀྱིས་ནམ་མཁའི་ནོར་བུ་དང་། བསོད་རྒྱལ། འཁྲུལ་ཞིག ཀརྨ་པ། དགའ་ལྡན་ཁྲི་པ། འབྲུག་ཆེན་སོགས་ད་དུང་ག་ཚད་ཅིག་ལ་སྨད་ཐབས་བྱས་ཡོད། ཨོ་ཧོ་་་་ཆོས་བརྒྱུད་བར་ལ་ཚད་ས་མེད། ལྷག་པར་བོན་པོ་ཟེར་དུས་འབར་འགྲོ་མཁན་ཞིག་རེད། ཁྱོད་ལ་གྲོགས་པོའང་ཨ་རི་ན་ཡོད་པའི་སློབ་དཔོན་མིང་ཅན་དང་དབྱིན་ཡུལ་ན་ཡོད་པའི་སྤྲུལ་སྐུའི་མིང་ཅན་གཉིས་ཡོད་པའང་ག་ལེར་གསལ་ངེས་རེད། ཁ་བརྡ་ཚང་གིས་ཀྱང་གཟུ་དཔང་བྱས་ནས་བལྟས་ན་ཡག་པོ་འདུག
གྲ་བ་་ལོག་ན་གྲ་ཆས་གྱོན་རྒྱུའི་ཐོབ་སྟངས་མེད། གྲ་ཆས་སྐྱུར་འདོད་མེད་ན་དང་པོ་ནས། ནར་ནར་མཇེ་ལ་བདག་པོ་རྒྱག་དགོས་རེད། ཐུབ་པའི་ཁྲིམས་ལ་སུ་ལ་ཡང་དམིགས་བསལ་མེད། ཁྱེད་ཚོའི་བསམ་པར་རྒྱ་གར་གྱི་ཉེན་རྟོགས་པ་ནང་བཞིན་དངུལ་སྤྲད་ན་དམིགས་བསལ་གཏོང་གི་རེད་བསམ་སོང་ངམ། སོ་སོ་ལ་ཁས་བླངས་པའི་བསླབ་ཁྲིམས་སྲུང་བའི་ཉམས་ལེན་ཙམ་ཡང་མེད་པར། མི་གཞན་ལ་རྟོགས་པ་མཐོ་རྡོག་གིས་ཆོས་ཤོད་ཁུལ་བྱེད་པ་ནི་བུམ་པ་སྟོང་པས་བུམ་པ་སྟོང་པར་ཆུ་བླུགས་པ་རང་རེད། ད་ཟབ་ཟབ་བྱོས།
རྗེ་དག་འདུན་གྲུབ་པས།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།
བླུད་ནུབ་སྒོར་བསྐྱེལ་ཞིང་དོན་རེ་ཆུང་།
གསུངས་པ་ལྟར་ལིང་གྷ་བྷང་གྷར་བཅུག་ཚར་ནས་ད་དུང་གྲ་ཆས་གྱོན་པ་དོན་རེ་ཆུང་།
དགེ་
མཁན་ཆེན་བླ་མ་བྱ་བ་དེ་སྔོན་ཆད་བདག་ལ་རྒྱུས་མེད། དྲ་བའི་རྒང་ནས་གསར་ཏུ་ངོ་ཤེས་པ་ཞིག་ཡིན། རྣམ་དཔྱོད་དང་ལྷག་བསམ་ཆེ་བ་ཞིག་རེད་སྙམ་ནས་གུས་པ་ཞུ་མྱོང་། གསུང་གང་དྲན་བཅོས་མེད་ཏུ་སྨྲ་བས་གཞན་ལ་སུན་པ་བསྐྱེད་སྲིད། གཅིག་བྱས་ན་རེ་དོགས་མེད་པར་རྗེན་པར་བཤད་པ་དེ་མི་དྲང་པོ་ཞིག་གིས་ཁོ་རང་ལ་གང་སྣང་བ་དེ་དྲང་གཏམ་བྱས་པ་རེད། ང་ཚོ་ལ་ཇི་ལྟར་བ་དེ་ཁྱོད་རང་ལ་ཡང་སྣང་དགོས་ཞེས་ཨུ་ཚུགས་བྱེད་རྒྱུ་ཡང་མི་འདུག་སྙམ། བསམ་དགོས་པ་ཞིག་ལ་སེམས་ལ་རྣམ་རྟོག་ཤར་ཚད་བྲིས་ན་བཟང་བོར་རློམ་པ་རྣམས་ཀྱང་དེ་ལས་སྡུག་ཅིག་ཡོང་ལས་ཆེ། ཡང་ཁོང་གི་གང་བཤད་པ་དེ་གནས་སྐབས་ཀྱི་འཆར་སྣང་ཡན་གར་བ་ཞིག་ལས་དམིགས་ཡུལ་མཐར་ཐུག་མིན་པའི་་སྐབས་ཀྱང་ཡོད་ངེས། ཁྱད་པར་གསུམ་ལྡན་གྱི་ལུང་ཡིན་ཀྱང་། མ་བརྟགས་པའི་དབང་དུ་བྱས་ན་མི་བསླུ་མར་ཁས་ལེན་པ་མིན་ཏེ། རྣམ་འགྲེལ་ལས། །འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་བརྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་ཀྱིས། །དེ་ལས་གཞན་པའི་དབང་བྱས་མིན། །ཅེས་སོ། །དེ་བཞིན་དུ་ཚིག་གི་གོ་བ་ཡང་གཅིག་ཁོ་ནར་འགྲེལ་ན། ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་གཞན་རྟོགས་པར་མི་འགྱུར་རོ། །ཞེས་པའི་རིགས་པའི་མདའ་ཡང་རང་གི་དབུར་འཁོར་སྲིད་དོ། ། ཡང་ཁོང་གི་མཚན་གཞན་གྱིས་བེད་སྤྱོད་བཏང་ནས་དམ་པར་བསྐུར་འདེབས་སོགས་བྱུང་བ་བདེན་པ་ཡིན་སྲིད། ང་རང་གི་ཉམས་མྱོང་ལ་བསམ་ན་ངའི་མིང་བེད་སྤྱོད་གཏོང་མཁན་ཡང་ཁ་ཤས་བྱུང་། ཁ་བརྡ་ཚང་ལ་གནས་ཚུལ་བཤད་པས་ཕྱིས་སུ་དེ་དག་ཕལ་ཆེར་གསལ་བཤད་དང་བཅས་བསུབ་སོང་། དེ་ལ་ཐུགས་རྗེ་ཆེ་ཞུ། དེ་བཞིན་དཔལ་དགྱེས་པ་རྡོ་རྗེའི་མཚན་གཞན་གྱིས་བེད་སྤྱོད་བཏང་པ་ལའང་ངོས་ལེན་ཞུས་ན་ལེགས། རྙོག་དྲ་མེད་ན་བཟང་། བཤད་ཉེས་གང་བྱུང་ལ་འཐོལ་བཤགས་དང་སྐྱོན་ཆ་ངོས་ལེན་གནང་ཚད་ལ་དགའ་བསུ་བྱར་འོས། ཅི་ལྟར་བཤད་ཀྱང་གོ་བརྡ་མ་འཕྲོད་ན་ངོས་ལེན་མི་གནང་མཁན་དེ་ཉིད་ཀྱི་ནོར་འཁྲུལ་ཁོ་ནར་བགྲངས་རྒྱུ་ལས་འོས་མེད། །མི་སུ་ཡིན་ཡང་འདས་པའི་ཉེས་པ་བགྲངས་ནས་འདས་པའི་སྡུག་བསྔལ་གྱི་ཁྲོད་དུ་འཚོ་བ་ནི། བསམ་བློ་ཡར་རྒྱས་མེད་པ་དང་། རྗེས་ལུས། བདག་འཛིན་ཆེ་ཞིང་སེམས་རྒྱ་ཆུང་པའི་རྟགས་ཤིག་མིན་ནམ་སྙམ། །བཤད་ཉེས་གང་བྱུང་ལ་དགོངས་འགལ་མེད་པར་ཞུ། །
ཁེངས་ཆེན་ལག་དམར་རྒྱོས་པའི་རྡོ་མཇེ་འདིས་ད་ལྟའི་བར་དུ་ཆོས་བརྒྱུད་ཕན་ཚུན་དཀྲུགས་ཤིང་དང་། དམིགས་བསལ་ཀརྨ་བཀའ་བརྒྱུད་དང་བོན་ལ་སྨོད་པ། ནམ་མཁའི་ནོར་བུ་དང་། བསོད་རྒྱལ། འཁྲུལ་ཞིག དགའ་ལྡན་ཁྲི་པ་སོགས་བླ་མ་ཇི་སྙེད་ཅིག་ལ་སྨོད་པ་རྣམས་མི་གཞན་གྱིས་ཁོའི་མིང་ངན་དེ་བེད་སྤྱོད་བྱས་ནས་བརྩམས་རེད་མདོག་མདོག་བྱེད་མཁན་ཚོས་ངེས་པར་ཁོས་སྒེར་གཉེར་བྱས་པའི་ཨེ་མོ་ཧོ་ཟེར་བའི་དྲ་བར་གཟིགས་རོགས། དེ་ནས་ཤེས་ཡོང་། མི་དེ་མི་རིགས་དང་ཆོས་བརྒྱུད་ནང་ཁུལ་གྱི་དཀྲུག་གཏེ་ཡིན་པར་ཤེས་ཡོང་། འདི་ལྟར་བཤད་མཁན་ཚོས་ཁུངས་སྐྱེལ་ཡོད་པའི་ཐོག་ནས་བཤད་ཀྱི་ཡོད་པ་ལས། དོན་མེད་ནག་འཛུགས་པ་ག་ལ་ཡིན། ད་དུང་ཁོས་གདོང་དེབ་སོགས་སུའང་ལྟོས། དེ་ནས་རྒྱུས་ཡོད་མདོག་གི་གསལ་བཤད་བྱོས།
དྲི་མེད་ལྷག་བསམ་ལགས་ཀྱི་བར་གནས་ཚུལ་དུ་གསུང་འདུག་ཀྱང་། ཤུགས་སུ་གོ་དགོས་པ་དེ་ཁོང་གི་མཚན་མིང་དངོས་དེ་མི་གཞན་གྱིས་བེད་སྤྱད་ནས་གོང་གི་བླ་ཆེན་ཁག་ལ་དམའ་འབེབས་བྱས་པ་ཞིག་ངང་གིས་ཐོན་ཡོང་གི་འདུག་ལ། དེ་ཡང་ཁག་མེད་དེ་ཁྱོད་ཉིད་ཀྱང་ནང་མོལ་གྱིས་སྐད་ཆ་ཞིག་ཀྱང་ཡོད་སྲིད། གོང་དུ་དཔལ་རྒྱལ་ཀརྨ་པ་ལ་མཚན་དམད་བཏང་པའི་དམད་རྩོམ་དེ་དག་ཟླ་དུས་ཚེས་གྲངས་དང་དགྱེས་རྡོ་རྗེས་ཁོང་གི་མིང་བཅས་འཁོད་ཡོད་པ་དེ་དག་ཨེ་མ་ཧོའི་རིག་མཛོད་ནང་དུ་ག་འདྲ་ཞིག མི་གཞན་པས་བཀོལ་སྤྱོད་བྱས་ནས་སླེབས་པ་རེད། གཅིག་གསུང་དང་། ཁྱེད་ལ་ཡང་མཁྱེན་པའི་ཡོན་ཏན་ཞིག་དང་རིག་པའི་རྩལ་ཞིག་ཡོད་ན་དེ་དོན་ཧ་དགོས། ད་དུང་བར་འདོམས་ཚུལ་དུ་ཁོང་ཉིད་ཀྱི་སྐྱོན་དག་ཐུགས་བརྩེས་དཀར་གཙང་ཞིག་བཟོ་དགོས་བསམ་ཀྱང་ཁག་པོ་རེད། དེ་དོན་ཐུགས་ལ་ངེས་རོགས།
དྲི་མེད་ལྷག་བསམ་ལགས་ཀྱིས་བཤད་པ་ལྟར་ཁོང་གི་མིང་སྤྱད་མཁན་གཞན་ཞིག་ཡོད་མི་ཆོག་པ་མིན་འདུག་མོད། འོན་ཀྱང་ངོ་དེབ་སྒང་ནས་ཀྱང་ཁོང་གི་ཁ་བྱང་བརྐུས་ནས་སྤྱད་མཁན་ཡོང་སྲིད་དམ། ངོ་དེབ་སྒང་ལ་ཀརྨ་པ་དང་སི་ཏུ་གཉིས་ལ་སྨོད་ཅི་ཐུབ་བྱས་པ་ནི་མི་མང་པོ་ཞིག་གིས་མཁྱེན་ངེས་རེད། སི་ཏུ་དང་དེས་ངོས་འཛིན་གནང་བའི་ཀརྨ་པའི་སྤྲུལ་སྐུ་གཉིས་དངུལ་སྒོར་གྱིས་བཟོས་པའི་བླ་མ་ཡིན་ཚུལ་གསུངས་པར་དགོངས་པ་ཇི་ལྟར་འགྲེལ། དེ་ལ་ཚིག་ཇི་ལྟ་བ་བཞིན་ལས་དགོངས་པ་འགྲེལ་རྒྱུ་ཞིག་ཡོད་ས་མ་རེད་སྙམ།
རང་མིང་ཉེས་སྐྱོན་མེད་ན་མཛའ་བའི་རྒྱུ། །
ཉེ་རིང་ཆགས་སྡང་བྲལ་ན་བྱང་སེམས་རྒྱུ། །
མི་འདོད་སྔོ་ལོ་འཆར་ན་ངོ་ཚའི་རྒྱུ། །
རང་གཞན་གཉིས་ཕུང་བྱེད་ན་སྡུག་བསྔལ་རྒྱུ། །
ཕུང་འདྲེ་མདུན་དུ་སླེབས་ན་སྒྲལ་བའི་རྒྱུ། །
ཆོས་ལ་ཡ་ག་བྱེད་ན་ངན་འགྲོའི་རྒྱུ། །
ཡོན་ཏན་ངོམ་སྟངས་ཤེས་ན་མཛེས་པའི་རྒྱུ། །
རང་སེམས་ཉོན་མོངས་འདྲེས་ན་འཁྲུལ་བའི་རྒྱུ། །
དེ་དོན་གོ་བ་ལོན་ཤོག་ཨ་མའི་བུ།།
གསལ་བཤད་བྱ་དགོས་པ་ཞིག་ལ་ཁེངས་ཆེན་ལག་དམར་རྒྱོས་པའི་རྡོ་མཇེ་དེས་བཀའ་བརྒྱུད་དང་རྒྱལ་བ་ཀརྨ་པ་མཆོག་དང་ད་དུང་འབྲུག་ཆེན་སོགས་ལ་སྨོད་པའི་ཆེད་དུ་བོན་པོ་ཞེས་པའི་མིང་ཡང་བེད་སྤྱོད་བྱས་ནས་དོན་དངོས་སུ་ཁོས་མདའ་གཅིག་གིས་དགྲ་གཉིས་ལ་གནོད་སྐྱེལ་ཐབས་ཀྱི་ངན་གཡོ་གཤམ་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་བཀའ་བརྒྱུད་པ་ཚོས་འདི་དག་བོན་པོ་དངོས་གནས་པ་ཞིག་མིན་པར་ཤེས་པས་མ་ཚད་ཤེས་ཡོད་རབས་ཀྱི་རྣམ་པ་དྲ་ཐོག་ཏུ་བསྟན་སྟབས་ཁོའི་བྱུས་ངན་དེ་དག་ལམ་ལྷོང་བྱུང་མེད། དེས་ན་ད་དུང་བཀའ་བརྒྱུད་པ་ཚོས་བོན་ཕྱོགས་ནས་དེ་ལྟར་ཡོང་བའི་ཐུགས་དོགས་མི་མཛད་པར་ཞུ། འདི་འདྲ་ཞིག་བྱུང་ན་ཁ་བརྡ་དྲ་བ་ལྟ་བུའི་ངོས་སུ་ཡོང་ཞིང་ཡོང་ཁུངས་ཀྱང་མི་ཤེས་རྒྱུ་མེད་པས། བཀའ་བོན་བར་ལ་སྔར་ཀརྨ་པ་བཅུ་དྲུག་པ་དང་ཀོང་སྤྲུལ་སོགས་བོན་པོའི་བླ་ཆེན་བར་དང་ལྷག་པར་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་དང་དམ་ཚིག་ཇི་ཡོད་སྔར་སོར་ད་གནས་ཡིན་པར་གསལ་འདེབས་ཙམ་ཡིན།
གྲོགས་པོ་རྣམས། གུ་རུ་རིན་པོ་ཆེས། སོར་གྱིས་སླེབས་སར་འདོམ་གྱིས་མི་སླེབས་འོངས། །ཚོད་ལ་གསེར་སྲབ་ཆུགས་ཤིག་རྗེ་འབངས་རྣམས། །ཅེས་གདམས་པ་ལྟར་ཚོད་འཛིན་མ་ཤེས་ན་ཀརྨ་པ་ལ་ཁ་གཏོང་པ་དང་། དཔལ་དགྱེས་པ་རྡོ་རྗེ་ལ་ཁ་གཏོང་མཁན་གཉིས་ཀ་མཉམ་པར་འགྱུར་ཏེ། རྣམ་འགྲེལ་ལས། སྐྱེས་བུས་ལེགས་པར་མ་བྱས་ན། །རྣམ་པ་ཀུན་ཏུ་དོན་མེད་འགྱུར། །ལེགས་བྱས་ཁས་ལེན་ན་ནི་འདི། །དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། །ཅེས་པ་ལྟར་ཁ་གཏོང་མི་རུང་བྱས། ཁ་རང་གིས་གཏོང་བར་ཡང་འགྱུར་བ་སོགས་སྔ་་ཕྱི་འགལ་བའི་སྐྱོན་རེ་འབབ་པས་ཐུགས་རྒྱ་ཆེན་པོར་གནང་བར་བར་རིགས་སོ། །
གཡུ་འབྲུག་དཀར་པོ་ཞུ་བ་ཁོང་འབྲུག་ནས་ཡིན་པ་ཡོད། ཁོང་གིས་ཁ་སྔོན་འབྲུག་ལ་བོན་པོ་མེད་རབས་དང་བོན་ཆོས་ཀྱང་མེད་རབས། འབྲུག་ལ་སྔར་མེད་པའི་ཅོས་ལུགས་དེ་རིགས་ཡོང་མི་ཆོག་པ་དང། བོན་པོའི་དགེ་བཤེས་ཤིག་གིས་འབྲུག་ཕྲུག་རྐུས་རབས་སོགས་ཅིག་བཤད་སོང།
དེ་བཤད་པ་ནང་བཞིན་ཁོས་འབྲུག་ཀུན་གསལ་མེ་ལོང་ཞེས་པའི་གསར་ཤོག་གི་སྟེང་དུ་བོན་པོའི་མཁན་པོ་ཞིག་གིས་འབྲུག་ཕྲུག་མགོ་འཁོར་བཏང་ནས་ཁྲིད་རབས་ཅིག་བྲིས་འདུག་པ།
ངོ་མ་འབྲུག་མི་འདི་རིགས་ཁྱད་མཚར་རེད། འབྲུག་ལ་སྲིད་པ་རྒྱལ་མོ་བསྟེན་མཁན་འབུམ་ཕྲག་མང་པོ་ཡོད་པས་མ་ཚད་གྲོང་གསེབ་ཁག་ཏུ་བོན་པོའི་དགོན་པ་དང་དེར་སྤྱོད་པའི་བོན་པོ་སྟོང་ཕྲག་མང་པོ་ཡོད་པའང་ཧ་མི་གོ་བ་ཤིན་ཏུ་སྐྱོ་བོ་རེད། འབྲུག་ཕྲུག་ཁོ་རང་ཚོ་བོད་ཀྱི་དགོན་སྡེ་ཁག་ཏུ་སློབ་སྦྱོང་བྱེད་དགོས་པ་དང། འབྲུག་ལ་བོད་མི་དེ་ཚོ་ཡོང་མི་ཆོག་པ་དང་དཔེར་ན། ་ས་སྐྱ་དགེ་ལུགས་ལས་སོགས་སྔར་མེད་པའི་ཆོས་ལུགས་གྲུབ་མཐའ་ཡོང་མི་ཆོག་ཚུལ་ཤོད་པ་ནི་ཧམ་པ་ཆེ་བའི་སྐད་ཆ་རེད། དེ་འདྲ་དཀྲུགས་ཤིང་རྒྱབ་ན་མི་ལེགས། ད་དུང་དགྱེས་རྡོར་གྱིས་བྱེད་བབས་ལ་སྐྱོན་བརྗོད་བྱེད་པ་ནི་རང་ངོའི་གཡག་དེ་མ་མཐོང་བའི་སྐད་ཆ་རེད།
ཁྱེད་ནས་ཞིབ་འཇུག་ཡག་པོ་བྱེད་དེ་འབྲུག་ཡུལ་དུ་བོན་པོ་ཡོད་མེད་དང་བོན་དགོན་ཡོད་མེད། བོན་དར་མྱོང་ཡོད་མེད་སྲིད་པ་རྒྱལ་མོ་བསྟེན་མཁན་བོན་པོ་ཡོད་མེད་གཟིགས་རོགས་གྱིས་མ་གཏོགས་འབྲུག་མི་བོན་པོ་དེ་ཚོར་ཆོས་སྤྱོད་རང་དབང་སྤྲོད་རོགས་ཁོང་ཚོས་བློ་ཕམ་ཆེན་པོ་བྱེད་ཀྱི་འདུག
རྒྱ་མི་གུང་ཕྲན་དང་འདྲ་བོ་མི་བྱད་པའི་རེ་བ་ཡོད།
འོ་ཡ་དེ་ལྟ་བུའི་བློ་ཐག་ཉེ་བའི་གྲོགས་པོ་ཁྱོད་ལ་རྒྱུ་མཚན་ལུང་གིས་རྒྱན་འདུག ད་འོ་ན་ཁྱོད་ཀྱི་གྲོགས་པོ་དཔལ་དགྱེས་ལགས་དང་དཔལ་བ་ཀརྨ་པ་གཉིས་གཅིག་པ་རེད་སོང་ན། ཁྱོད་ཀྱི་ཁོ་པའི་འཚབ་བྱེད་དེ་དེ་ལྟ་བུའི་ཆོས་ལུགས་ཀུན་ལ་དམའ་འབེབས་བྱེད་དགོས་དོན་དེ་གང་ཡིན་ན་ཁྱོད་རེ་རེ་བཞིན་དུ་གཅིག་ལབ་དང་། ཁྱོད་ལ་ཡང་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་སྲིད་པས་དེ་ཡང་མཉམ་དུ་གསུང་རོགས་གནང་།
དགྱེས་པ་རྡོ་རྗེ་སོགས་ཀྱིས་ཤེས་རློམ་རང་མཐོང་གིས་བོད་ཀྱི་སྐད་ཡིག་འཕྲོ་བརླག་ཏུ་གཏོང་བཞིན་འདུག འདི་ལྟ་བུའི་བྱ་བྱེད་ཉུང་ན་ལེགས་པར་མཐོང་། རྒྱ་ལ་མང་དྲགས་ན་མཐར་རང་གིས་ཀྱང་མི་ཤེས་གཞན་གྱིས་ཀྱང་མི་གོ་བ་ཞིག་མི་ཆགས་པའི་ངེས་པ་ག་ལ་ཡོད། དཔེར་ན། འབྲུག་རྒྱལ་ཁབ་ན་རྫོང་ཁའི་ཁ་སྐད་གཞིར་བཟུང་གིས་ཡི་གེ་ཞིག་འབྲི་བཞིན་པ་དེ། ས་ཁུལ་གཞན་མང་པོར་གོ་མི་ཐུབ་པ་ལྟ་བུ་ཅི་ལ་མི་ཆགས། དོན་ངོ་མར་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོད་ན་འདི་ལྟ་བུའི་སྤྱོད་ངན་མི་མཛད་པའི་རེ་སྐུལ་ཞུའོ།།
དྲི་མེད་ལྷག་བསམ་གྱིས་བཤད་པ་བདེན་གི་ང་ངག་བཅད་ཡིན་ཟེར་ནས་སྐད་བརྒྱབ་པ་དང་གཅིག་པ་འདྲ་བོ་རེད།
དམའ་ འབེབས་བྱས་ཚད་ཡང་དག་མིན་པའི་ངེས་པ་མེད་ཀི ཁོང་སྔོན་མ་རབ་བྱུང་ཡིན་ས་རེད་དེ་ནས་ད་སྐབས་སྔགས་ཆས་གནང་འདུག དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མེད་དུས་ངུར་སྨྲིག་མ་གྱོན་ན་ཡག་པོ་འདུག འདི་ལ་༸གོང་ས་མཆོག་ཀྱང་ཐུགས་གཉེས་བོ་ཡོད་རེད། ཁོང་ངོ་མ་མྱི་དྲང་མོ་མདའ་འདྲི་ཞིག་རེད་བསམ་གི ལ་ལས་སྡོམ་པ་མེད་བཞིན་གྲས་ཆས་སྤྲས་ཡོད་རེད་་དེ་ལ་༸་གོང་ས་མཆོག་གིས་བཀའ་ བཀྱོན་གནང་ནི་རེད།
སྐྱི་དམན་ཡོད་མ་སྔགས་ཆས་གྱིས་གསུང་གི་ཡོད་རེད་་ཐེངས་མང་པོ་ལ་གསུང་ཡོད་རེད་དེ་ལ་རྒྱལ་བའི་བཀའ་བསྒྲུབ་ནས་ཡགཔོ་་བྱུང་བ་རེད།
རྡ་སའི་ཀརྨ་པས་རྙིང་མའི་ གྲ་པ་ཚོས་ལ་མགོ་སྤུ་སྐྱེས་འདུག་ཟེར་ནས་སྨོན་ལ་འཚོགས་མ་བཅུག་པ་རེད། ཟླ་བ་རེ་སྐྲ་སྦྱར་དགོས་སངས་རྒྱས་གསུང་རེད། ཉི་མ་བདུན་ནས་སྐྲ་འབྲེག་པ་ཀརྨ་པས་ལབ་པ་རེད། ད་ལོ་ཁོ་རང་ཡང་བོ་ཚོ་བོ་བཟོས་སོང་།
ང་བཀའ་བརྐྱུད་དབུ་འཛིན་ དགོངས་པ་ཞུས་ཡོད་ལབ་པ་རེད། དེ་ལ་འབྲུ་གུང་པས་་་ཁྱེད་སུས་བཀའ བརྒྱད་དབུ་འཛིན་ལ་བསྐོས་པ་རེད། ག་རེ་བྱས་ན་དགོངས་པ་ཞུ་དགོས་རེད། ལབ་སོང་ཟེར་གི་འདུག ད་རུང་ལོ་རྒྱུས་མང་པོ་ཡོད་རེད།
ད་རེས་་ཆོས་ལུགས་ཚོག་འདུའི་་གྲོས་ཆོས་དོན་ཚན་ ༦ པའི་ནང་དུ།
རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་ཆ་ལུགས་མ་འདྲེས་པ་བྱ་རྒྱུ་དང་།
ཞེས་བཀོད་འདུག བླ་མ་དཔལ་དགྱེས་པས་དེ་ག་ཉམས་སུ་ལེན་འདུག དེ་ཡག་པོ་ཡོད་རེད།
མཁན་པོ་ལབ་ཚད་རབ་བྱུང་དག་དག་ཅང་མ་རེད།
རྙིང་མའི་ཆོས་འབྱུང་ནང་ན་ཕུར་པ་མཁན་པོ། གཤིན་རྗེ་མཁན་ཕོ་ཟེར་ནས་སྔགས་ཀོས་དཀར་གྱོན་པ་ལ་མཁན་པོ་མིང་བཏགས་ཡོད་ས་མང་པོ་རེད།
སྔགས་རྙིང་མ་ཚང་གི་ལོ་རྒྱུས་ནང་དེ་མོ་མང་པོ་ཡོད་ནི་རེད།
ཁོང་གི་སྡུག་ཅག་ཅང་བཟོས་མི་འདུག
དཔལ་དགྱེས་པ་རྡོ་རྗེ་ལགས་སུ་མཚམས་འདྲི་དང་དགའ་བསུ་ཞུ།
ཁྱེད་ཀྱིས་རྣམ་དཔྱོད་ཀྱི་རྩལ་ལས་མཐོན་པའི་ཕྱག་རྩོམ་དག་གི་རིན་ཐང་མི་ཤེས་ཞིང་། དོན་མེད་སྐུ་ཉིད་ལ་ངན་སྨོད་བྱེད་པ་དག་ནི་ངོ་མ་ཡ་ང་བའི་ཐང་དཀྱིལ་གྱི་བྱའུ་ཕྲུག་དག་ཡིན་པས་ཐུགས་ལ་མ་བཞག་རོགས།
ཚ་བ་མདའ་སྨྱུག་ཞེས་པའི་ཕོ་རྒོད་གཅིག་གི་རྩོམ་བྲིས་མཇལ་བ་སྐུ་ཉིད་ཀྱི་རྩོམ་ཡོན་དང་ཧ་ཅང་འདྲ་ཆེ་བས་ཁོང་ལ་ཡང་དེ་བཞིམ་ངན་སྨོད་བྱེད་མཁན་མང་བ་ལས་ཁོང་གི་ཕྱག་རྩོམ་ལ་དགག་ལེན་བྱ་ཐུབ་མཁན་སུ་ཡང་མེད།
ཁ་ཁ་རོགས་བསྡད་ན་ཁ་མཆུ་མེད། མགོ་རུམ་དུ་རྒྱབ་ན་ལྷག་པ་མེད་ཅེས་པ་ལྟར། རང་ཚུགས་མི་འཛིན་པར་ཇུས་མེད་ཇུས་གཏོགས་ཀྱི་ལས་ལ་བྲེལ་བའི་ཁྱོད་ལ་ཡང་དེ་ལྟ་བུའི་དཔལ་རྒྱལ་བ་ཀརྨ་པ་ལ་སྡང་གཟུགས་ཤིག་ཡོད་ན། ཉི་མ་སྔ་ཕྱི་མ་གཏོགས་པར། ཨ་ནུ་བྱང་ནས་འཁོར་ཤས་ཆེ་གསུངས་པ་ལྟར། ཁྱོད་རང་ཉིད་ཀྱང་སྣང་ཚུལ་ལ་འབྲེལ་བའི་གནས་ཚུལ་ཞིག་འཚོལ་ཞིབ་བྱེད་དགོས་པར་སེམས་པས། དེ་དོན་མི་འགྱོད་པ་དང་ངོ་མི་གནོང་པ་ཞིག་དགོས་པ་ཁྱོད་ཀྱི་ཡིད་ཆེས་རེད། ད་དུང་དགྱེས་རྡོར་གྱི་དེ་ལྟ་བུའི་ལས་ལ་བྲེལ་དགོས་དོན་དེ་གཅིག་བྱས་ན་ཁྱོད་ཉིད་ཀྱིས་ཁོག་པ་རྒྱང་པ་ཞིག་ཡང་ཡིན་སྲིད། བཀྲ་ཉིས་པའི་བཙན་འཁར་རྩིག་ས་ལ། དོན་མ་རབས་ཀྱི་ཀུ་ཅོ་ངན་པ་ངན་པ་སྒྲོག་མཁན་ཨང་དང་པོ་དེ་ཁྱོད་རང་མདུན་རྒྱུགས་བྱས་ནས་སྔོན་ལ་སླེབས་སོང་། ཁྱོད་ལ་ཁ་མཁས་པ་དང་དོན་གྲུང་པས་རྐྱེན་གྱིས་ཁྱོད་ཀྱི་གྲོགས་པོ་ཆུ་ལ་གཡུགས་པ་ནི་ཡིན་རྒྱུ་མ་རེད། དེ་ལྟ་བུའི་མི་བཟོད་པའི་རྒྱུ་མཚན་དེ་ཅི་ནམ། དྲི་མེད་ལྷག་བསམ་ཅན་གསུང་རོགས།
ང་ལ་མཚོན་ན་ཀརྨ་པ་ལ་དད་པ་ཡང་མེད། མ་དད་པ་ཡང་མེད་མོད། ཁོང་གི་ལས་ཀ་ཁེ་མཚར་ཁ་ཤས་བཟོས་སོང་། ཁོ་རང་ཅིག་ཡིན་མདོག་མདོག་བཤད་ཀི་འདུག རྙིང་མ་སྨོན་ལམ་ལ་ཟུར་ཟ་འདྲ་བོ་བཤད་ཀི་འདུག
ཁ་སང་གི་ཚོགས་འདུ་ལ་ཁོ་རང་གིས་ང་བཀའ་བརྒྱུད་དབུ་འཛིན་ནས་དགོངས་ཞུས་པ་ཡིན་ལབ་དུས་ཁོ་ལ་ངོ་ཚ་བཟོས་སོང་ཟེར། བཀའ་བརྒྱུད་གཞན་པ་ཁག་གིས་ཁྱོེད་བཀའ་བརྒྱུད་དབུ་འཇིན་ནས་དགོངས་པ་ཞུ་ཡི་ཡིན་ཟེར་དགོས་དོན་ག་རེ་ཡོད་རེད། ཁྱོད་ལ་བཀའ་བརྒྱུད་དབུ་འཛིན་རེད་ཟེར་ནས་སུ་ཟིག་གིས་བསྐོས་པ་རེད། ཁྱེད་དགོངས་པ་ཞུས་དགོས་མ་རེད། ཁྱོད་དབུ་འཛིན་རེད་ལབ་མཁན་གཅིག་ཀྱང་ཡོད་ནི་མ་རེད་ཟེར་ནས་སྐྱོན་བརྗོད་ཁ་ཤས་བྱས་་ནས་ཁ་གྲགས་རྒྱུད་མེད་པ་བཟོས་སོང་། དེ་ནས་ཁོ་ཚོགས་འདུ་ལ་ཡོང་མ་སོང་། སྔོན་མ་ཡིན་ན་སི་ཏི་ཀར་མ་ལ་མ་བརྩིས་ཨུ་རྒྱན་སྟོབས་རྒྱས་སྤྲུལ་སྐུས་དམག་རྒྱག་གི་ལབ་ནས་འཇིགས་སྐུལ་བྱས་ཀི་ཡོད་རེད་ད་ཡིན་ན་མི་ཤེས། ཨུ་རྒྱན་སྟོགས་རྒྱས་འདྲ་བོ་ཚོ་ཀར་མ་པས་དགག་བྱས་གཙོ་བོ་རེད་ཧཧཧཧཧ།
ད་ཕྱིན་ཆད་ཅང་མང་པོ་བཤད་གི་མིན། རྒྱུད་སྟོད་ཀར་མ་པ་ལ་དགའ་མཁན་རེ་ཡིན་ན་ལོ་སྔོན་ཤོ་གམ་འདྲལ་བའི་རྩ་ལྟུང་གི་ཕམ་འདྲ་བྱུང་ཡོད་མེད་ཞིབ་འཇུག་རེ་བྱོས། གཟབ་གཟབ་བྱས་ནས་དགའ་ནི་རེད་་་རྙིང་མ་པ་ལ་ཁ་གཏོང་ས་ནས་ཁོ་རང་གི་མ་བྱིན་ལེན་གི་ཕམ་འདྲ་བྱུང་ཡོད་མེད་ལྟས་ན་དགའ་ནི་རེད། འདུལ་བ་ཁས་ལེན་ན་ཁོ་ལ་མ་བྱིན་ལེན་བྱུང་ཡོད་པ་འདྲ་བོ་འདུག
ཁ་བའི་བུ་ལ་དེ་འདྲའི་ལྐུགས་ལ། ཚ་བ་མདའ་རྟོག་སད་པ་ཞིག་རེད། དཔལ་རྒྱས་ནི་རྨོངས་ཉིད་ལས་མ་སད་པ་ཞིག་རེད། ཁ་དཔེར། ལྷ་ཡབ་ཡུམ་ཡལ་སྦྱོར་བྱས་པ་དང་། ཁྱོད་མི་ནག་སྐུབ་སྟུག་བྱས་པ་གཉིས། འདྲ་དོ་བསམ་ཡང་འདྲ་ལི་མིན། ཞེས་དེ་དོན་ཨེ་ཤེས།།
ཚ་བའི་མདའ་སྨྱུག་དང་པར་མཇེ་གཉིས་གནམ་ས་ལྟ་བུའི་བར་ཁྱད་ཡོད་པས་བསྡུར་ས་མེད་པ་རེད། མ་གཞི་བློ་བཟང་དང་པར་མཇེ་གཉིས་ངོ་བོ་ཐ་མི་དད་པ་ཡིན་པས་ཚང་མས་མཁྱེན་པར་མཛོད།
ཁ་བའི་བུ་ལ་དེ་འདྲའི་ལྐུགས་ལ། ཚ་བ་མདའ་སྨྱུག་ནི་རྟོག་སད་པ་ཞིག་རེད། དཔལ་རྒྱས་ནི་རྨོངས་ཉིད་ལས་མ་སད་པ་ཞིག་རེད། ཁ་དཔེར། ལྷ་ཡབ་ཡུམ་ཡལ་སྦྱོར་བྱས་པ་དང་། ཁྱོད་མི་ནག་སྐུབ་སྟུག་བྱས་པ་གཉིས། འདྲ་དོ་བསམ་ཡང་འདྲ་ལི་མིན། ཞེས་དེ་དོན་ཨེ་ཤེས།།
ཚ་བའི་མདའ་སྨྱུག་གིས་རིགས་པའི་མདའ་མོ། དངོས་ཡོད་གནས་ཚུལ་གྱི་སྨྱུག་གཞུར་སྦྱར་ནས་གསུངས་པའི་ཚད་མའི་སྒམ་ཚིག་དག པར་མཇེའི་རྨོངས་མུན་ནས་ལག་བསྙོབ་བྱས་པ་དང་བསྡུར་ས་ཡོད་རེད་པས། དྲང་པོ་བཤད་ན་མཁན་པའི་ཉམས། འོལ་ཚོད་བླུན་པོའི་ངང་ཚུལ་རེད་བུ་ཆུང་ཆུང་།
འོ་ད་ཚིག་གཅིག་བཤད་གི་ཡིན། དེ་རིང་ངས་བྲིས་པའི་མཆན་བུ་དེས་སུ་ཁོང་ཁྲོ་འདྲ་ཟ་ཡོད་ན་དགོངས་དག་ལབ་བཟོད་གསོལ་བྱེད་ཞུ་ཡིན་ཡོད།
ཕྱིན་ཆད་ཀརྨ་པས་རྙིང་མའི་གྲ་པ་དང་སྔགས་པ་ཚོ་ལ་ཅིག་ཅིག་མིག་མིག་ཟེར་ནས་བཤད་མ་འདུག་ལབ་རོགས་དེན་མིན་མང་པོ་ཅང་མེད།
ངས་བློ་བཟང་ཟེར་བ་དེ་རྒྱོས་པའི་རྡོ་མཇེ་ཡིན་རབས་མཆན་༢༨ལ་བཤད་ཡོད་པ་དེ་བཞིན་ད་དུང་གསལ་དུ་འགྲོ་གི་འདུག ད་དུང་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ལའང་ལྟོས་དང་།
ད་ཡང་ཁ་བརྡའི་དྲ་བར་ཐེངས་གཅིག་ཡོང་དགོས་བྱུང་སོང་། ད་ཁྱེད་ཚོ་ཚང་མ་ངའི་དགྲར་ཆགས་ཚར་ཀི་མོ། ད་ངས་སྙིང་ནས་དགོངས་དག་ཞུ་ཆོག ང་མི་རྒན་ཁ་རོག་བཞག་ན་བཟང་ནི་རེད། སྤྱིར་བཏང་འབྲི་གང་ཚང་གི་བྱས་ཉེན་བྱས་པ་དག་ངས་གསལ་བཤད་བྱས་པར་དེ་ཙམ་ཁྱེད་ཚོ་སྙིང་ན་དགོས་ནི་མ་རེད། དེ་དངོས་ཡོད་རེད་བ།
དྲི་མེད་ལྷག་བསམ་ལགས་དེ་ལྟ་བུའི་གབ་ཚད་ཞིག་ཡོད་པ་རྩ་ནས་ཧ་གོ་མ་སོང་། འོན་ཀྱང་ལུག་གསད་དུས་ར་འདར་ཞེས་པ་ལྟར་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་དཔལ་རྒྱས་གཉིས་ཁ་བཤད་དོན་གནས་ཚུལ་དུ་ཁྱེད་ཉིད་རྐྱང་རྒྱུགས་བྱས་པར་དང་པོ་ཁ་བྲོ་ཞུ་རྒྱུ་ཡིན། ད་དུང་ཁྱེད་ཀྱིས་མཁས་འདོད་ཀྱི་གཡམ་རྒྱུགས་བྱེད་པའི་ཞོར་དུ་མི་དགོས་པའི་ལུང་ཚིག་སྐམ་པོ་འགའ་ཡང་སྒྲུགས་ནས་ཕེབས་བྱུང་བ་དེ་ཡང་གཟི་བརྗིད་ཆེ་སོང་ཞུ་ཡག་ཡིན། ཁྱོད་ནི་དམ་པའི་ངང་ཚུལ་ཞིག་ཡིན་པར་ད་གཟོད་ཀརྨའི་བསྟན་ཞབས་ཀུན་གྱིས་ཤེས་སོང་ལ་། གྲོགས་པོ་ཆུ་རུ་གཡུགས་པར་མི་བཟོད་པའི་ཆོ་ངེ་འདེབས་པ་ལུགས་མཐུན་ཡིན་མིན་རྗེས་སུ་ཧ་ཞིག་གོ་བའི་རེ་བ་ཡང་ཡོད། མ་གཏོགས་ཉན་འཕྲང་ཆེ་བའི་གླེང་བརྙོགས་ནང་དུ་སྐུ་ཉིད་སྐུ་ལས་སྐྱོན་དགོས་དོན་རྩ་ནས་མེད།
དྲི་མེད་ལྷག་བསམ་ལགས་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་དཔར་རྒྱས་ཁྱོད་གཉིས་ཀྱི་དྲ་བ་ཨེ་མ་ཧོའི་རིག་མཛོད་ཞེས་པ་དེའི་ནང་གི་རྨོངས་རྩོམ་དེ་དག་ངོམ་རིན་ཡོད་པའི་ཚད་ལྡན་ཅན་གྱི་རྩོམ་རིགས་ཤིག་ཡིན་བསམ་གྱི་འདུག་པས། གལ་ཏེ་མིན་ན་ཁྱེད་གཉིས་ཀྱི་དྲ་བྱང་དེ་དག་མི་ལ་སྤྲད་ཡག་གི་རྒྱུ་མཚན་དེ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་ཚང་ལ་ཤི་ཡོད་མེད་མིག་ལ་མཛུབ་སྐོར་དང་། རུས་ཡོད་མེད་ཁོག་ལ་སྦར་དཀྱུས་ཤིག་བྱེད་ཀྱི་ཡོད་པས། ངས་ལྟས་ན་ཕོ་ཚོད་ཚོད་ཡོད་དུས་ཚོད་ཅིག་དང་། སྨན་ཚོད་ཚོད་ཡོད་དུ་གནས་ཤིག་བཏང་ན་དགའ་སྣང་ཤར་བའི་དེ་དོན་ཁྱེད་གཉིས་ཀྱིས་ནང་མོལ་བྱས་ཏེ་རྒྱུ་མཚན་དང་ལྡན་པའི་གསལ་བཤད་ཤིག་དགོས་པའི་དེ་ཡང་ཐུགས་ལ་ངེས་ཨ། དྲི་མེད་ལྷག་བསམ་ཅན་གྱིས།
ཁ་བརྡའི་དྲྭ་རྒྱའི་འགན་འཛིན་མཆོག་ལ། གནས་སྟངས་གསལ་བཤད་བྱེད་པོ་དཔལ་དགྱེས་པ་རྡོ་རྗེ་དང་། མཆན་འདེབས་མཁན་གྱི་དཔལ་དགྱེས་པ་རྡོ་རྗེ་གཉིས་མཐའ་དད་དུ་མཐོང་བས་ན། དྲྭ་རྒྱའི་བཀའ་རྒྱའི་ནང་གསལ་ལྟར། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ཞེས་གསུང་པའི་མཐའ་ཚིག་དང་འགལ་བར་གྱུར་པས། ད་ནས་བཟུང་མཆན་འདེབས་དགྱེས་པ་རྡོ་རྗེ་ཞེས་པའི་དབྱེན་དཀྲུགས་བྱེད་གཏེ་མིང་ངན་དེ་ཉིད་ཕྱིར་གནས་ནས་དབྱུང་བར་རིགས་སོ།
ཁེངས་ཅན་ལག་དམར་རྒྱོས་པའི་རྡོ་མཇེ་དང་སྤོབས་པ་མཐའ་ཡས་གཉིས་ཁ་བརྡ་ནས་གནས་དབྱུངས་བཏང་ན་ཁ་བརྡའི་ནང་དུ་ཆོས་ལུགས་ཆོས་བརྒྱུད་དང་མི་རིགས་ཆོལ་ཁའི་བར་ལ་དཀྲུགས་ཤིང་རྒྱག་མཁན་ཟད་ཉེན་ཆེ་བས། ཁ་བརྡ་ཚང་གིས་ལས་འགན་དེ་ཁུར་བར་བཟོད་ཐབས་བྲལ། ཁོང་གཉིས་ཡོད་པས་ཁ་བརྡའི་དམིགས་ཡུལ་འགྲུབ་ཀྱིན་ཡོད། དེ་མིན་མཆན་འདེབས་པ་པོ་སྒེར་ལ་སྨོད་ཀྱིན་འདུག་ཟེར་ནས་མཆན་རྣམས་བསུབ་རྐྱང་བྱེད་ནའང་ཆོས་ལུགས་གཞན་དང་དེ་དག་གི་བླ་ཆེན་ལ་སྨོད་ན་འཇོག་རྐྱང་བྱེད་ལོད་ཅིག་མེད། དེ་དག་ལ་སོམས་དང་ཤེས།
དཔལ་དགྱེས་པའི་རྡོ་རྗེའི་རང་ཉིད་མིང་བརྫུན་འོག་ལ་ཡིབ་ནས་མ་བསྡད་པ་རང་གི་རྣམ་དཔྱོད་བརྩལ་དུ་བཏོན་ནས་ཆོས་ལུགས་དང་བླ་སྤྲུལ་ཁག་གཅིག་གི་ལོ་རྒྱུས་ལ་དོགས་སློང་བྱེད་པ་དེ་དངོས་གནས་སྤོབས་པ་སྐྱེ་དགོས་པ་ཞིག་རེད། ཏའི་སི་ཏུའི་ཀརྨ་པའི་མཚོན་ཆ་ཅན་གྱི་སེར་དམགས་ཕུ་ནུའི་ནང་ལ་དྲངས་པ་དེ་ལ་རྗེས་སུ་ཡི་རང་བྱེད་པ་དང་དཔལ་དགྱེས་གི་རང་ཉིད་གི་རྣམ་དཔྱོད་བད་སྤྱོད་བྱེད་ནས་རྩོམ་ཡིག་སྤེལ་བ་ལ་དེ་འདྲའི་ཁྱད་པར་ཆེན་པོ་ཞིག་ཇི་ལྟར་འགྲོ་བ་ཡིན་ནམ།། ད་དུང་ཀརྨ་པའི་ལོ་རྒྱུས་སྔོགས་ན་ཉེས་པ་བསག་ཚུལ་་དང་དཔལ་དགྱེས་ལ་སྐྱོན་བརྗོད་བྱེད་ན་དགེ་བ་བསག་མདོག་བཤད་པ་དེ་ཡ་མཚན་
མ་རེད་དམ།
སྤོས་པ་མཐའ་ཡས་ཞེས་པ་ནི་ཁ་བརྡ་ཚང་གི་ལས་སྣེ་བ་ཞིག་རེད་འདུག ཁ་བའི་བུ་ཞེས་པ་རྨོངས་གཉིད་ལས་མ་སད་པའི་སྐད་ཆ་ཞིག་བཤད་འདུག ཚ་བ་མདའ་སྨྱུག་དང་དཔལ་རྡོར་གཉིས་རྩོམ་ཆོས་འདྲ་བའི་སྐད་ཅོ་ཞིག་འདོན་གནང་སོང་། དེ་ནི་བྱིས་པའི་ཀ་ཁའི་སྦྱོར་ཀློག་ཤེས་ཙམ་སྐད་ཆ་རང་རེད། བོད་མི་ཞིག་གིས་བོད་ཡིག་འབྲི་ན་ཀ་མད་སུམ་བཅུ་ལ་མ་བསྟེན་པར་རྩོམ་འབྲི་ཐབས་ཡོད་མ་རེད།
བརྗོད་བྱ་དང་བརྗོད་བྱེད་གཉིས་ལ་བལྟ་དགོས་རེད། དེ་ནི་ངས་ཁ་བའི་བུ་ལ་ལམ་སྟོན་ཞིག་ཡིན།
དཔལ་རྡོར་རྩོམ་རིགས་ནང་བོད་མི་རིགས་ནང་ལ་དཀྲུགས་ཤིང་དང་ཆོས་བརྒྱུད་ཁག་གི་བླ་ཆེན་ལ་དོན་མེད་རྫུན་གཏམ་མཚན་སྨད་ཞུས་ཡོད་རེད། སྐུ་ཉིད་མཆན་༨༽ པ་འདི་ལ་གཟིགས་དང་ཤེས་ངེས།
ཚ་བ་མདའ་སྨྱུག་ནི་རྟོགས་སད་པ་ཞིག་རེད་ལ། ཁོས་རྩོམ་རིགས་ཁག་དོན་མེད་རྫུན་གཏམ་ནམ་ཡང་ཡོད་མི་འདུག་ལ། རིག་པའི་རྣལ་ལ་ཕབ་ནས་རྩོམ་རིགས་ཤ་སྟག་རེད། ཁྱོད་རང་གོ་དོན་ལེན་པའི་རྣམ་དཔྱོད་ཅིག་ཡོད་ན། རྟོག་གེ་པའི་མིག་ནང་གི་ཆོས་ལུགས་ཀྱི་འཇིག་རྟེན། ཞེས་པ་གཅིག་གཟིགས་པའི་རྗེས་སུ། རང་ཉིད་དེ་ལ་འགྲིག་མིན་རྣམ་དཔྱོད་བེད་སྤྱོད་གཅིག་བྱས་ནས་གཞིས་ནས་ཁ་བརྡ་དྲ་ལམ་ཕེབས་ན་བཟང་།
སྐུ་ཉིད་དུས་ཚོད་རིན་པོ་ཆེ་འཕྲོ་བརླག་གཏོང་འདོད་ན་ཁ་ཁ་རེད།
དཔལ་རྡོར་ཞེས་པ་སྔགས་མིན་གྲྭ་མིན་སྐྱ་མིན་ཞིག་ཡིན་པར་རིས་ http://khenchenlama.blogspot.com/2011/01/blog-post.html
ཁོ་རང་མིང་རྫུན་སྒྲ་དབྱངས་ལྷ་མོ་ཁྱེར་ནས་དྲ་ལམ་བཀོད་གནང་སོང་།
༧གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་“དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། ”
ཨོ་མཁན་ཆེན་བླ་མའི་དྲ་རྒྱར་ལྟས་ཟིན།
ང་ཧ་ལས་སོང། གཞན་རྒྱུད་འདུལ་བའི་ཚུལ་བསྟན་ཀྱང་ཆོས་ལུགས་ཆོས་རྒྱུད་རང་བླ་གཞན་སོགས་ཆགས་སྡང་གིས་རྒྱུད་ཡོངས་སུ་བཏུམས་ཏེ་གཞན་རྒྱུད་འདུལ་རྒྱུ་ཤིན་ཏུ་ནས་དཀའོ།
འཁོར་དུ་རང་འདྲ་འབུམ་གྱིས་བསྐོར་འདུག
ངོ་ཐོག་གྲྭ་བ་མིན་པར་གྲྭ་ཆས་བསྣམས་སྟངས་འདི་གྲྭ་བ་ཚོར་མཐོང་སྟངས་མི་ལེགས་པ་ཞིག་ཡོང་དང་ཡོང་བཞིན་པ་ནི་འདི་ལྟའི་བྱེད་བབས་ལ་བརྟེན་ནས་བྱུང་བ་རེད།
ཨ་ཁ་མཁན་ཆེན་དཔལ་རྡོར་དེ་འདྲ་དགུང་ན་ལོན་དུས་ད་དུང་དྲྭ་རྒྱའི་ནང་དུ་མཛུལ་ནས་ཅིག་ཅིག་མིག་མིག་ཟེར་ནས་ཐམས་ཅད་ཁོང་འཁྲོ་རུ་འཇུག་པ་ནི་ངོ་ཐོག་སྐྱོ་དགོས་པ་ཞིག་རེད་འདུག
ལར་ནས་འཁོར་ཡུག་ཐམས་ཅད་དེ་འདྲ་རྐྱང་ཡིན་པར་རྟེན་དེ་ལས་ཡོང་རྒྱུ་མེད།
ཐེ་ཝེན་མ་ལ་ཤ་ཡི་དང་སིང་གྷ་པོར་སོགས་སུ་འདི་འདྲས་གང་འདུག་ཟེར།
བལ་ཡུལ་དུ་སླེབས་དུས་གནམ་ཐང་ཆུང་མ་ལེན་པར་སླེབས་ཤིང་དགོན་པར་མི་སྡོད་རང་ཁང་གྲྭ་རྒྱས་ནང་དུ་
ཐབས་ཤེས་ཕྱག་རྒྱ་ཆེན་མོར་དུས་མེད་དུ་རོལ་ཅིང། དངུལ་རྫོགས་པ་དང་རྒྱལ་ཁབ་དེ་དག་ཏུ་ཕྱིན་ཏེ་གྲྭ་ཆས་གཟན་ཤམ་གྲྭ་མ་རེ་གོན་ཤ་ཚ་ཨེ་ཤའི་མི་རིགས་ལུག་དེ་ཚོ་ད་དུང་ཡང་རྨོངས་གཉིད་ལས་སད་མི་འདུག་ག
ཁོང་ཚོའི་རིགས་ནུབ་ཕྱོགས་སུ་ཚོང་ཡོད་ས་མ་རེད། གང་ཡིན་ཟེར་ན་ནུབ་ཕྱོགས་ཀྱི་མི་རྣམས་ཤེས་ཡོན་གྱིས་ཕྱུགས་ཅིང་དབང་བསྐུར་ཙམ་ལ་མི་རེ་བར་དཔེ་ཁྲིད་ལ་དགའ་མཁན་ཞིག་དང་མ་ཟད། ཁོང་ཚོས་དཔེ་ཀློག་མང་པོ་བྱས་ཡོད་པས་དྲི་བ་དྲིས་ན་སྐྱག་པ་ཤོར་ཤོར་བཟོ་གི་ཡོད་ས་རེད་དེ་བྱེད་དུས་མགོ་འཁོར་གཏོང་ས་མེད་པ་རེད།
འབྲི་གུང་དང་འབྲུག་པའི་དགེ་སློང་སྒོམ་ཆེན་དེ་ཚོས་སྐྲ་མི་གཅོད་པ་རེད། དེང་སང་ཡང་ཁམས་སྒར་བཀྲ་ཤིས་ལྗོངས་འབྲུག་པའི་གདན་སར་དགེ་སློང་སྲིན་བུ་མི་གསོད་མཁན་འཚམས་བསྒྲུབ་ལ་གཞོལ་མཁན་སྐྲ་རིང་པོ་ཅན་ཁ་ཤས་ཡོད། ཁོང་རྣམ་པ་ལ་མང་ཚོགས་ཀྱི་བརྩི་བཀུར་བྱ་སྟངས་ཀྱི་ཆ་ནས་སྐྲ་ཐུང་ཐུང་ཅན་ལས་ལྷག་ཅིག་མེད་ན་ཡང་མི་དམན་པར་མནའ་བསྐྱལ་ཐུབ་པ་ཙམ་ཡིན། འཚམས་བསྙེན་སྒྲུབ་བྱེད་མཁན་གྱི་གྲས་སུ་སྐྲ་མི་གཅོད་མཁན་མང་། བདག་ཅག་གི་སྟོན་པའི་དབུ་ལ་ཡང་སྐྲ་རིང་པོ་ཡོད་པ་འདྲ་བས་སྐྲ་བཞག་ཚད་ཚང་མ་དགེ་སློང་མིན་པར་འགྱུར་ས་མ་རེད་གོ། མ་གཞི་སྐྲ་མ་བཞར་བ་དེ་ལྟུང་བ་སྡེ་ལྔའི་ནང་གི་ཉེས་པ་གང་རེད་གོ ད་ཡིན་ན་འདུལ་བ་ནི་བརྗེད་ཚར་འདུག ཕམ་པ་ནི་མ་རེད། ལྷག་མ་འདྲ་རེད་དམ།
ཡིན་ད། ད་ཡིན་ན་སྐྲ་བཞག་ན་ཉེས་པ་ཡོད་མེད་ཀྱི་སྟེང་ནས་རྩོད་པ་བྱེད། ཡང་རྩོད་པ་རྒྱག་ས་ཞིག་རྙེད་སོང། དགའ་བ་ལ།
ཁྱོད་ཚོས་དཔལ་དགྱེས་པ་ཡིན་ནམ་དེ་ལ་སྐྱོན་བརྗོད་མང་པོ་ཞིག་བྱས་སོང་མོད་མདོ་དོན་མཐར་ཐུག་ཡོང་དུས་མགོ་ལ་སྐྲ་བཞག་ནས་གྲྭ་ཆས་གྱོན་འདུག་ཟེར་བ་ཙམ་ལས་མཛུབ་མོ་འཛུགས་ས་འདི་རེད་ཟེར་མི་འདུག་གོ།
ད་ཡིན་ད། ༸གོང་ས་མཆོག་དང་རྩོད་པ་ཡིན་ད་དགའ་བ་ལ་ཤོད་ཀྱི་ཡོད་ས་རེད།
ཨ་མ་ཚ་ནའང་ཚ་གོ་ཆོད་འདུག་གཱ།
《༧གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་“དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། ”》
གངས་ཅན་པ་ལ་ཕོ་ཚར་དུས་འདི་འདྲ་ཚར་དགོས་པ་རེད་དཱ།
ཁྱེད་རང་ཚོ་སྐྲ་རིང་འཇེ་རིང་དོར་རིང་བཞག་འདོད་པ་ཡོད་ན་དེ་ཡི་རིགས་སུ་ལུས་བསྒྱུར་མིང་བསྒྱུར་མདོག་བསྒྱུར་བྱེད་་ན་ལེགས། ་དེ་མིན་ལུས་རྨ་བྱ་ལ་སེམས་དུག་འཐུང་བྱེད་པ་འདི་ཤིན་ནས་མི་འཐད།
ཁོག་སྟོད་ལ་ཡོན་ཏན་མེད། ཁོག་སྨད་ལ་སྡོམ་པ་མེད་མཁན་འདི་རིགས་ཀྱིས་ཤཀ་ཐུབ་ཀྱི་བསྟན་པར་རྨ་འབྱིན་པ་མ་ཟད། ་བོད་གངས་ཅན་པའི་གྲྭ་བའི་ཞབས་ནས་འཐེན་པའི་འཁྲུལ་འཁོར་འདིག་དག་ལ་དགག་པ་ཚ་ནན་རྒྱབ་དགོས་ངེས་རེད། བན་མིན་སྐྱ་མིན། སྐྱ་མིན་སེར་མིན་ཚོས་ལ་མ་ཚོས་པའི་རིགས་འདི་ཚོར་དགག་པ་མཐར་ཕྱིན་པ་རྒྱབ་དགོས་ངེས་རེད།
ད་དུང་འདུལ་གཞུང་ལས་ཅིག་ཅིག་མི་མིག་ཟེར་ནས་ལུང་འདྲེན་བཤད་མཁན་འདི་རིགས་ཀྱིས་ཅི་ཡང་བཤད།
ཕ་གསོད་མཁན་གྱི་བུ་ལའང་བཤད་རྒྱུ་ལོས་ཡོད། འདུལ་བ་ཡུལ་ལུགས་ལ་བསྟུན་ནས་བསྣ་པ་བཤིག་མི་ཉན་ཟེར་ནས་གྲྭ་སའི་དགེ་སྐོས་དེ་ཚོས་་མ་ཎི་འདོན་པ་བཞིན་བྱེད་པ་གོ་ཡོད་ཚོད་མི་འདུག
ཁག་ཅི་ཡོད། ་གྲོང་ནག་དེ་ཚོར་འཁྱམས་མྱུལ་གྱིས་དུས་འདས་པ་རེད།
སྐྱ་མིན་སེར་མིན་དེ་རིགས་ལ་དགག་པ་རྒྱབ་ཀྱི་ཡིན་མཚངས་ཅན་སུ་ལ་ཕོག་ཀྱང་འགྱོད་པ་མེད་དོ།