མི་རིགས་སྲ་བརྟན་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་མི་ཡོངས་ཀྱིས་དང་བླངས་ངང་མི་ལོ་ ༦ གི་རིང་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པ་མཁྱེན་གསལ་ལྟར། ད་ལོ་ཡང་<<བཙན་བྱོལ་དུ་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་སྐབས་གཉིས་པའི་ཕ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་ཐེངས་དང་པོ་>>དེ་ཟླ་འདིའི་ཚེས་ ༨ གཟའ་སྤེན་པ་གཉིས་པའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག ཤེས་རབ་དགའ་ཚལ་སློབ་གླིང་དུ་འཚོགས་འཆར་ཡོད་ལ། ཐེངས་འདིའི་སྐད་ཡིག་སྲུང་སྐྱོབ་ཀྱི་སྤྲོ་ཚོགས་ཐོག་ཕ་སྐད་གཙང་མའི་གླུ་གཞས་འགྲན་ཞུགས་པ་བརྒྱད་ཀྱིས་མཐའ་མའི་འགྲན་རྩོད་བརྒྱུད་དེ་ཨང་དང་པོ་ལ་ཧིན་སྒོར་ ༡༠༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར། ཨང་གཉིས་པར་ཧིན་སྒོར་ ༧༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར། ཨང་གསུམ་པར་ཧིན་སྒོར་ ༥༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་། ཨང་ལྔ་བ་དང་དྲུག་པ། བདུན་པ། བརྒྱད་པ་བཅས་ལ་རྟིང་སྐུལ་བྱ་དགའ་བཅས་གནང་རྒྱུ་དང་། གདན་ཞུའི་གླུ་མ་བསོད་ནམས་སྒྲོལ་མ་དང་ཆོས་སྟོབས། རང་ལོ་ ༦ ཡིན་པའི་ཞི་བའི་འདུད་ཀྱི་སྙ་ངག་གྱེར་འདོན། ཐ་སྙད་གསར་བའི་འགྲན་བསྡུར་བཅས་རིན་མེད་ཐོག་རྒྱ་ཆེའི་མི་མང་གི་སྤྱན་ལམ་དུ་འབུལ་འཆར་ཡོད་པས་མི་མང་གང་མང་མང་ཕེབས་རོགས།
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༤ ཉིན།
ང་རང་གིས་གོ་ཐོས་ལ། ཁྱེད་རང་ཚོའི་གཞན་ལེན་བྲོ་འཁྲབ་འདི་ཕྱིར་འགྱངས་བྱས་པ་རེད་ཟེར་བ་བདེན་ནམ། དེ་བདེན་མིན་གྱི་ལན་ཞིག་གནང་རོགས། དེར་གནད་འགག་འདུག
ཕྱིར་འགྱངས་འདིའི་སྐོར་བཤད་མཁན་ཚོས། ཉིན་ཁ་ཤས་ཀྱི་སྔོན་ལ། བོད་ནང་ནས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད་པ་ལ་གདུང་སེམས་མཉམ་བསྐྱེད་ཙམ་ཡང་མེད་པར། ལྷོ་ཕྱོགས་ནས་གཞན་བཏང་བྲོ་འཁྲབ་བྱས་པ་རེད་ཅེས་ངོ་རྒོལ་ག་ཚད་བྱས་སོང་། དེ་ལ་བརྟེན་ནས་ད་རེས་སྐད་ཡིག་ཚོགས་པས་ཀྱང་གཞས་འགྲན་བསྡུར་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་པ་རེད་ཟེར། དེ་བདེན་ན། ཁྱེད་རང་ཚོ་མི་བསམ་ཡོད་ཤེས་ཡོན་ཡོད་མཁན་རེད། ཡུལ་དུས་གནས་སྐབས་ལ་འཚམ་པའི་ལྟ་སྟངས་དང་ཐག་གཅོད་མ་ནོར་བ་བྱས་པ་ལ་དགའ་བསུ་ཡོད།
ལས་དོན་འདི་ཟླ་འགའི་སྔོན་ནས་བཟུང་ལས་འཆར་སྒྲིག་ནས་ཚེས་གྲངས་སོགས་ལ་གཏན་འབེབས་བྱས་ཏེ་སྐུ་མགྲོན་མང་པོ་ཞིག་དུས་ཚོད་དེར་ཐག་རིང་པོ་ནས་ཕེབས་རྒྱུ་བྱས་ཡོད་པས་དུས་ཚོད་ལ་འགྱུར་བ་གཏོང་རྒྱུ་དེ་ཧ་ཅང་གིས་ཁག་པོ་ཞིག་ཆགས་སོང་།
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ང་ཚོའི་ལས་དོན་འདི་སྐད་ཡིག་སྲུང་སྐྱོབ་དང་མི་རིགས་སྲ་བརྟན་གྱི་ཆེད་དུ་ཡིན་པས་མཚམས་འཇོག་དགོས་པ་ཞིག་མཐོང་མ་སོང་།
ང་ཚོར་སྒོར་མོ་མང་དྲགས་པས་འདི་འདྲ་བྱེད་ཀྱིན་མེད་ལ། སེམས་པ་སྐྱིད་དྲགས་པས་འདི་འདྲ་བྱེད་ཀྱིན་དེ་ལས་ཀྱང་མེད། མདོ་དོན་མི་རིགས་ཀྱི་ཆེད་དང་སྐད་ཡིག་གི་ཕྱིར་ཏུ་ཡིན་པས་ང་ཚོས་ཅིའི་ཕྱིར་མཚམས་འཇོག་དགོས་པ་རེད་དམ།
བོད་ནང་གི་ལས་དོན་དེ་དག་ལ་གདུང་སེམས་མཉམ་བསྐྱེད་བྱེད་དང་བྱེད། ཡིན་ནའང་། ལས་དོན་སྒྲུབ་ཕྱོགས་ཀྱི་རྣམ་པ་མ་འདྲ་བ་མ་གཏོགས།
ཚང་མས་མདོ་དོན་འབབ་ས་མི་རིགས་ཀྱི་ཆེད་དང་སྐད་ཡིག་གི་ཕྱིར་ཏུ་ཡིན་པས་ལྷག་ཏུ་ང་ཚོས་ཁོང་ཚོར་རྒྱབ་སྐྱོར་གྱི་ཕྱིར་ཏུ་ལས་དོན་འདྲ་མིན་མང་པོ་སྤེལ་དགོས་པ་རེད་བསམ།
52 seconds agoTenzin Tibet Tsekyi
སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
ཁྱེད་རང་ཚོ་ལ་ངོ་ཚ་མེད་ནས།
ངོ་མ་ཐང་ཆད་སོང་ཡ།
རང་རང་གི་སྙན་གྲགས་དང་སྒོར་མོའི་ཆེད་དུ།
གླུ་ལེན་གར་རྩེད་ལ་རོལ་བ་ནི།
བསམ་ཡས་ལས་འདས་པ་ཞིག་རེད།
ཁྱེད་རང་ཚོས་སྲོག་གིས་འགྲོ་སོང་གཏོང་མ་ཐུབ་རུང་། གདུང་སེམས་མཉམ་འཁུར་བྱས་ན། འགྲིག་སཀི་རེད་པ།
ད་ཁྱེད་ཚོས་བལྟ་ཤོག་ཨ།
བོད་ཕྱི་གང་སར་ཁྱེད་རྣམས་ཀྱི་བསམ་སྤྱོར་ངན་པ་དེ་སྤྱི་བསྒྲགས་བྱེད་པ་མ་ཟད།
ཁྱེད་རང་ཚོས་ད་ནས་བཟུང་རང་ཚོད་བཟུང་ན་མ་གཏོགས་རྒྱལ་ཚོང་བའི་གྲས་སུ་འཇོག་གི་ཡིན་ད་།
ཞབས་འདྲེན་པ་ཚོ།
དངུལ་བྱུང་ན་ང་ཚོར་གང་ཡང་དགོས་པ་མེད།སྐྱིད་པའི་ཕ་ཡུལ་ང་ཚོར་མི་དགོས་གཅེས་པའི་ཕ་སྤུན་ང་ཚོར་མི་དགོས་ཀྭི་ཀྭི་སྭོ་སྭོ་དངུལ་རྒྱལ་ལོ།།