གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་།
དྲ་ཐོག་གི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུ། ང་རང་ཉེ་སྔོན་ནས་རང་གི་བུ་དང་བུ་མོ། སྙིང་གྲོགས་བཅས་ལ་ཡི་གེ་བྲིས་པ་དང་། སེམས་གཏང་དག་རེ་རེ་བཞིན་བཞག་རྗེས་སུ། ད་ལྟ་ང་རང་རྒྱལ་ཁབ་གཞན་ནས་ཕྱིར་སྐྱབས་བཅོལ་བོད་མིའི་ལྟེ་གནས་རྡ་སར་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཆེད་དུ་སྐུ་ལུས་སྙིང་རྗེ་དང་ཤེས་རབ་ཀྱི་མེ་ལ་སྒྲོན་པའི་དབའ་བོ་དེ་དག་ཐུགས་དགོང་འགྲུབ་པའི་ཆེད་དང་། ༧གོང་ས་མཆོག་སྐུ་འཚོ་ཞིང་བཞུགས་པའི་སྐབས་འདི་ལ། རང་ཡུལ་ཁ་བ་ཅན་ལ་གདན་འདྲེན་ཞིག་བྱེད་ཐུབ་ན་སྙམ་པའི་རེ་བ་དང་ཡིད་ཆེས་དྲི་མ་མེད་པ་ཞིག་གི་ཁྲོད་ནས། རྡ་སར་འབྱོར་ནས་ཉིན་་གཉིས་པ་ཡིན་ལ། བོད་མི་རིགས་ཀྱི་ཞི་བའི་འཐབ་རྩོད། ཞི་བའི་གོམ་བགྲོད། བོད་ལ་རང་དབང་དང་ཞི་བདེ་མ་ཐོབ་བར་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་བར་དུ་ཞི་བའི་འཐབ་རྩོད་འདི་ལ་ཞུགས་རྒྱུར་སྐྱེ་བོ་སྒེར་རང་ངོས་སེམས་ཐག་གཙང་བཅད་བྱས་པ་ལྟར།
མི་རིང་བར་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན། རྡ་ས་གཙུག་ལག་ཁང་ནས་འགོ་བརྩམས་དེ་བོད་ཡུལ་གོམ་བགྲོད་བྱེད་པ་ཟེར་བའི་མིང་ཐོག་ནས་ཞི་བའི་འབོད་ཚིག་ལྔ་འཁུར་ནས་འགྲོ་རྒྱུ་ཡིན་པ་ལྟར། སྤུན་ཟླ་ཐག་རིང་ཐུང་གི་མི་སུ་ཞིག་ཞི་བའི་འཐབ་རྩོད་འདིའི་ཁྲོད་དུ་ཞུགས་བློ་དང་ཤེས་འདོད། བསམ་ཚུལ་གླེང་མོལ་བྱེད་འདོད་ཡོད་རིགས་ནས། བདག་ལ་ཁ་པར་དང་ཡིག་ཐོག་ནས་འབྲེལ་བ་བྱེད་འདོད་ཡོད་མཁན་དག་གིས་གཤམ་གྱི་ཁ་པར་ཨང་གྲངས་འདི་དང་ཁ་བྱང་འདིའི་སྟེང་ནས་སྤྱི་ཟླ་གསུམ་པའི་ཚེས་དགུ་བར་འབྲེལ་བ་གནང་ན་འགྲིག་གི་ཡོད། souloflove538@gmail.com ཁ་པར་ཨང་གྲངས། ནང་ཁུལ་ནས། 08679555332 ཕྱི་རྒྱལ་ཁག་ནས་འགོའི་ཀླད་ཀོར་དེ་མེད་པ་བྱས་དེ་རྒྱ་གར་གྱི་ཨང་གྲངས་གནན་རྗེས་སུ་གཏོང་དགོས།
ཤ་ཉེ་ཚེ་བརྟན་རྡོ་རྗེ་ལགས། ངས་ཁྱོད་དྲ་ཐོག་ནས་ཞུ་བ་ཐེང་མང་འཐེན་ཀྱང་། ད་ཟོད་ཁྱེད་ཉེད་བློ་ཐག་གཙང་བཅད་ཟིན་ན། སུམ་ཅུའི་ཉིན་མོ་ང་རང་ཁྱེད་མཇལ་ཕྱག་འབུལ་དུ། རྡ་ས་ཡོང་རྒྱུའི་ཐག་བཅད་ཡོད། ང་རང་གི་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་གཞིས་ཆགས་ལས་བྱ་བ་བྱེད་མུས་སོང་། དངོས་སུ་ཁྱེད་དང་ལྷན་དུ་གོ་ཁ་སྤོ་མ་ཐུབ་ཀྱང། ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རང་གུས་་དུད་ཞུ། མི་རིང་མཇལ་ཡོང་ཤ་ཉེ་ཚེ་བརྟེན་རྡོ་རྗེ་ལགས།
xxxxxxxx
བོད་ལྷ་ཀླུ་གཉན་གསུམ་ལགས་ངས་ཁྱེད་ཐོག་མར་ངོ་ཤེས་པ་ནི་《གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད》ཡིན། ཧམ་བཤད་དང་འཐེན་འཁྱེར་ཕྱོགས་ལྷུང་མེད་པའི་ཁྱེད་ཀྱི་རྩོམ་ཡིག་མང་པོ་ཞིག་ཀྱང་ལྟ་ཀློག་བྱེད་པའི་གོ་སྐབས་བྱུང་། འོན་ཀྱང་ཉེ་དུས་ནས་ཁྱེད་བུ་དང་བུ་མོ་ཆུང་མ་ཚང་མ་ཡོད་ཚད་དང་ཁ་བྲལ་རྒྱུའི་སྐོར་གོ་དུས་སེམས་སྐྱོ་ལྷང་ལྷང་ཞིག་བྱུང་། ད་ཆ་ཁྱེད་སེམས་ཐག་གཙང་བཅད་ཀྱིས་མི་རིགས་ཀྱི་ལས་དབང་ཁ་ལོ་བསྒྱུར་ཆེད་དངོས་སུ་བཞུགས་སྒར་དུ་ཕེབས་དུས་ཁྱེད་ལ་དགོས་པའི་དུས་སུ་དཔུང་གྲོགས་ཅིག་བྱུང་མ་སོང་ཡང་། ཁྱེད་ཀྱི་ལྷག་བསམ་རྣམ་དག་ལ་དཀར་ཕྱོགས་སྐྱོང་ཆོས་སྐྱོང་སྲུང་མས་ཐུགས་ལ་བཏགས་པའི་སྨོན་ལམ་དང་། བསམ་དོན་ཡིན་བཞིན་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།།
གཟི་དམིག་དགུ་པས་སུ་ལ་གསུང་གི་ཡོད་ན། གོང་དུ་རྡ་སར་ཡོང་མཁན་གཉིས་འདུག་ག ངུ་དགོས་པ་སྐད་མེད་པ་རང་རེད་འདུག
xxxxxxxxx
ངས་ཁྱེད་ལ་རེ་ཞུ་ཐེངས་གཉིས་ཙམ་བྱས་ཀྱང་། ཁྱོད་ཀྱིས་མི་རིགས་ཆེད་སེམས་ཐག་གཙང་བཅད་ཟིན་པས་ག་ལ་བཤོལ་ཐུབ་ཏེ།
དམ་པས་མང་པོ་ཁས་འཆེ་མི་བྱེད་ལ།། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།།
རྡོ་ལ་རི་མོ་ཇི་བཞིན་ནོ།། ཤི་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ།།
ཟེར་བ་མ་ཡིན་ནམ། དེས་ན། ངས་ཁྱོད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་ཅིང་། སླར་ཡང་ཁྱོད་ཀྱི་གཅེས་པའི་བུ་ཕྲུག་དང་། གཟའ་ཟླ། གྲོགས་པོ་སོགས་དང་དགའ་སྐྱིད་འཛུམ་མདངས་ལྷང་ལྷང་ཐུག་པའི་སྨོན་འདུན་སེམས་ཁོང་ནས་ཞུ།
མི་རིགས་ཀྱི་ལ་རྒྱ་ཟབ་པའི་དཔའ་བོ་ཁོང་གི་བསམ་དོན་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཙམ་ལས་དངོས་སུ་མཇལ་མ་ཐུབ་པར་བློ་ཕམ་ཡོད། གང་ལྟར་གོམ་བགྲོད་ལ་ཕེབས་པ་རླབས་ཆེན་རེད་ལ་དཔའ་བོ་ཐབས་ལ་མཁས་པའི་ལས་མགུལ་སྤེལ་སྟངས་ཤིག་ཡང་རེད། ལམ་ཁ་ནས་ཐུགས་གཟབ་གནང་རོགས་ཞུ།
ངའི་ཁྱེད་ལ་དཔའ་རྒོད་ཟེར།རྒྱབ་སྐྱོར་ཡོད།
དྲང་པོ་ཞེས་པ་དེ་དྲང་པོ་ཞིག་མ་རེད། དེས་ཁོ་རང་གི་དཔེ་དེ་གཞན་འགེབ་ཀྱིན་འདུག
དེ་ནས་གཟི་མིག་ཅེས་དེ་འདྲེ་མིག་ཅིག་ཡིན་ས་རེད། ལོག་མཐོང་རྐྱང་རེད།
དཔའ་བོ་ཁོང་གི་བསམ་དོན་འགྲུབ་པར་སྨོན།
ཨ་ཕོ་རྒོད་གནའ་མི་བོད་ཀྱི་གཏམ་དཔེ་རྟ་ཤོར་ན་འཛིན་ཐུབ་ཡོད་ར་ཚིག་ཤོར་ན་འཛིན་ཐུབ་མེད་ཟེར་བ་ལྟར།ད་ཅི་ནས་ཀྱང་ལམ་ལ་ཆས་ཚར་ན་རེ་འབོད་ཞུ་རྒྱུ་མིན་ལ།ཁྱེད་ཀྱི་འདོད་དོན་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རླབས་ཆེན་ཀྱི་བྱ་གཞག་འགྲུབ་པའི་སྨོན་འདུན་ཞུ།བུ་རྒོད་པོ།
་ཨེ་ཟི་རལ་ནས་དམག་ཁུངས་ས་ཞུགས་མ་འདོད་པས་ཡིན་གྱི་མ་རེད་་་་ཨ་ལ་རྩེད་མོ་ཡིན། ཆོད་སེམས་ལ་རྗེས་སུ་ཡིད་རིངས་ཞུ། བཤད་པ་ནང་བཞིན་སྒྲུབ་ཐུབ་པར་སྨོན།
མི་ཞིག་གི་བཟང་ངན་བཤད་དགོས་ན་ཁོའི་བྱ་བ་གང་ཞིག་བྱེད་ཚར་བའི་རྗེས་སུ་བཤད་དང་དེ་སྐབས་བཟང་བ་དང་ངན་པ་གཉིས་ལས་གང་ཡིན་བཤད་རྒྱི་ཡོད་ནི་རེད་་།
ཤ་ཁྲག་རུས་གསུམ་ལགས་ཁྱེད་ཀྱིས་བོད་མི་རིགས་ཀྱི་དོན་དུ་བློས་གཏོང་ཆེན་པོ་གནང་བ་ལ་སྙིང་ཡི་རངས་སྔར་ཡང་ཞུས་ལ་ད་དུང་ཡང་ཞུ་མོས་ཡིན། ཁྱེད་ནི་ཁོ་བོར་དངོས་སུ་འཕྲད་མ་མྱོང་ནའང་སྦྱིན་བདག་མི་དགོས། གྲྭ་བ་མི་བྱེད་ཅེས་པའི་དེབ་དེ་ཀླགས་པས་ཁྱེད་ཀྱི་ཉམས་མྱོང་དང་། རིགས་ཞེན། སྙིང་སྟོབས་སོགས་ལ་གང་འཚམས་རྒྱུས་མངའ་ཡོད་པ་ཞིག་ཡིན་པའི་ཆ་ནས། སླར་ཡང་འབོད་སྐུལ་ཞུ་རྒྱུ་ལ་སྲོག་ལ་ཉེན་ཆེ་བའི་ལས་འགུལ་སྤེལ་སྐབས་ཐུགས་གཟབ་བྱེད་རོགས། གང་ལ་ཞུ་ན་ཤེས་ལྡན་གྱི་ན་གཞོན་གཅིག་ཉུང་རུ་ཕྱིན་པ་དེ་ཚོད་རྒྱ་ནག་ལ་རྒྱལ་ཁ་སྟེར་བ་རེད། ཤེས་རིག་ཀྱི་མཚོན་ཆ་ནི་དུས་རབས་ཉེར་པའི་ཆབ་སྲིད་ཀྱི་དམག་འཐབ་བྱེད་པའི་ལག་ཆ་མེད་དུ་མི་རུང་བ་ཞིག་རེད།
ཧྲ་ཀི་ཧྲ་ཀི
ཉིད་ཀྱི་སྙིང་སྟོབས་ལ་གུས་འདུད་དང་རྒྱབ་སྐྱོར་ཡོད་ཁྱེད་ཀྱི་ཆོད་སེམས་ལས་གྲུབ་པའི་སྙིང་སྟོབས་དེ་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་རྒྱུ་རུ་འགྱུར་བ་ཤོག
ང་ཡང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ལྟ་འདོད་ཀྱི་ཆེད་དུ་སྡ་ས་ལ་ཐོན་ཡོད།
མཆན་བུ་བ་ཁ་ཤས་ཀྱིས་ཁོངས་རྒྱ་ནག་ཚང་གི་ཅིག་ཡིན་འདོགས་བཤད་པ་དེ་ཡག་པོ་མི་འདུག ང་ཚོའི་ཁོང་གི་གོམ་བགྲོད་ལ་རྒྱབ་སྐྱོར་བྱེད་དགོས་རེད མ་འོངས་པའི་ལས་འགུལ་ལ་དཔག་པའི་སྐད་ཆ་བཤད་ན་ཆོག་གི དེ་དུས་ཁོང་གི་ཆོད་སེམས་དང་དམིགས་ཡུལ་སོགས་འོན་པ་དང་ལོང་བ་མིན་ན་ཤེས་ངེས་རེད། དེ་མིན་ཁྱེད་ཚོས་ཁ་གཏོང་རྒྱུ་སྔ་མ་གྲགས་ན་ལེགས། སྤྱིར་བཏང་དམངས་གཙོ་ལུང་པ་ནས་སྨྲ་བརྗོད་ཡང་རང་དབང་རེད་མོ་རང་ཉིད་ཀྱི་སྐད་ཆ་རང་ཉིད་ཀྱི་འགན་ཁུར་ཐུབ་དགོས་རེད། ཁོང་རྡ་ས་ཡོངས་ཡ་དམིགས་ཡུལ་གཞན་ཞིག་ཡོད་འདོགས་དང་། ཆུང་མ་ལ་མ་འགྲིགས་པ་སོགས་བཤད་པ་དེ་བདེན་དཔང་དང་འཁན་ཁུར་ཡོད་ན་གསལ་ཐག་ཆོད་ཅིག་གསུངས་རོགས་ཞུ
སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཡོད། གུས་ནས་དེ་སྔོན་རེ་བསྐུལ་རིམ་པར་ཞུས་པ་བཞིན་སོ་སོའི་སྐུ་སྲོག་ལ་བདོ་བའི་ཕྱག་ལས་མ་རྩོམས་རོགས། ང་ཚོ་བོད་པ་གཅིག་གྲོངས་ན་ཡང་ཕངས་དགོས་པ་ཞིག་དང་། རྒྱ་མིར་དགོས་རྒྱུ་དེ་རང་རེད། དགྲ་བོས་ང་ཚོ་གསོད་ཀྱི་ཡོད་ན་ང་ཚོ་ཚེ་རིང་དུ་གནས་ཐབས་བྱ་དགོས། དགྲ་བོས་ང་ཚོ་གསོན་ཐབས་བྱེད་ན་ང་ཚོ་འཆི་ཐབས་བྱ་དགོས།
རྗེས་སུ་ཡི་རང་མངོན་པར་བསྟོད་དོ། སྔར་གྱི་བོད་མིའི་གོམས་བགྲོད་དག་དང་མི་འདྲ་བའི་གསར་གཏོད་ཀྱི་རྣམ་པ་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བ་འདུག དཔེར་ན། མི་དང་གསར་འགྱུར་ཀྱི་ཁྱབ་ཁོངས་དེ་ཙམ་མེད་པའི་ས་ཆ་དེ་ཚོར་གོམ་པ་སྤོ་བ་ནི་ཆོས་ཕྱོགས་ནས་དགེ་བ་བསགས་པར་བརྩི་ཆོག་ཀྱང་། དོན་དངོས་སུ་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་སླེབས་པ་ཡིན་ན་ངལ་བ་འབྲས་མེད་དུ་མཐོང་། སྐབས་འདིར། ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམིགས་འབེན་དུ་བཟུང་ནས་ལས་འགུལ་ཁ་ཕྱོགས་སྤོ་དགོས་རྒྱུ་གལ་ཆེར་རིགས། བྱ་བ་ལམ་འགྲོ་ཡོང་བ་ཤོག
ནང་མི་བློས་བཏང་ནས་མི་རིགས་ཀྱི་དོན་དུ་ནུས་ཤུགས་ཡོད་ཚད་སྤུངས་བ་ནི་དཔའ་བོ་རེད། བྱ་བ་ཐམས་ཅད་ལམ་སློང་ཡོང་བར་སྨོན།
ནང་མི་བློས་བཏང་ནས་སྤྱི་བའི་ལས་ཀ་ཕྲག་ཏུ་ལེན་རྒྱུ་འདི་ལས་སླ་མོ་ཞིག་ག་ལ་ཡིན། ད་ཤུགས་རྒྱོབ། རྗེས་སུ་ཡིད་རིང་ཡོད། རིམ་པར་མཇལ་ཡོང་། བོད་རྒྱལ་ལོ། །
ཕག་པ་ཟེར་བའི་ཧམ་བཤད་ལ་ར་སྤྲོད་བྱ་རྒྱུར།
ཤར་ཁུག་གི་གཞོན་ནུས་དར་དམར་སྲེག་པ་ལ་སྙོན་བཙུགས་པར།་གནས་ལུགས་ར་སྤྲོད་པའི་མཆན་མང་དག་ཅིག་ཁ་བརྡ་ཚང་གིས་བསུབ་འདུག་ཀྱང།་་་་༥༡༽ ཕག་པ་ཟེར་བ་ཞིག་གིས་གཞོན་ལྷན་ནང་ཁུལ་དཀྲུག་ཤིང་དང།་ལྷག་པར་ཚང་མས་གོ་བའི་གཏམ་ལ་ཡང་སྒྲོ་བཏག་ནས་བྲིས་པ་དེ་བསུབ་་མི་འདུག་པས།་ཕག་པ་ཟེར་བ་འདི་ཆོས་འབྱོར་ཤར་ཁུག་ཡིན་པའི་དོགས་པ་དང།་ད་དུང་ཁ་བརྡ་ཚང་ཡང་གཞོན་ལྷན་ནམ།་གཞོན་ལྷན་གྱི་མི་བྱེ་བྲག་པར་དགའ་གི་མེད་པ་ཤེས་ཐུབ་པས།་ཕག་པ་ཟེར་བའི་ཧམ་བཤད་ལ་ར་སྤྲོད་བྱ་རྒྱུར།་
སྤྱིར་བཏང་ཡིན་ན་ཚེས་གསུམ་བར་དུ་མཚམས་མ་ཆད་པར་བསྲེགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། དེར་དབུས་རྒྱུན་རྣམས་ཐུགས་མཐུན་རང་བྱུང་མེད་པ་འདྲ། ཚོགས་གཙོ་ཨ་རིར་ཕེབས་གྲུབ་པ་རེད། དེའི་རྗེས་དྲུང་ཆེས་སྤྱིར་བཏང་མང་པོ་གསུངས་མཁན་དེ་འདྲ་ཡིན་མདོག་མི་འདུག སྐབས་དེར་སྐུ་ཞབས་དོན་གྲུབ་ལྷ་དར་གྱིས་གཞོན་ལྷན་གྱི་མཚན་སྙན་རིན་པོ་ཆེ་བློ་སྣ་ཐུང་ཐུང་ཞིག་གི་ནང་དུ་བརྫུས་པ་རེད། སྤྱི་ཚོགས་ནང་སྐྱོན་བརྗོད་རྐྱང་རྐྱང་རེག་པ་རེད། དེས་རྐྱེན་ཟས་བཅད་རྣམས་ཕར་ཞོག གཞོན་ལྷན་གྱི་ལས་འགུལ་ཡིན་ཚུད་ཆད་དེང་སང་གོང་ཚད་ག་ཚོད་ཅིག་ཡོད་མེད་གསལ་དུ་གསལ་དུ་འགྲོ་གྱིན་འདུག་ཟེར་བྲིས་འདུག
ལྟོས་དང།་གཞོན་ལྷན་གྱིས་ཐོག་མར་ཚེས་་༡༦་དགོང་མོར་མར་མེ་ཁྲོམ་སྐོར་ཐོག་་་ལོ་གསར་ལས་འགུལ་གསལ་བཤད་སྐབས།་ལོ་གསར་ཚེས་་༢༩་ཉིན་དར་དམར་མེར་སྲེག་རྒྱུ་དང།་བོད་རང་བཙན་སླར་གསོ་མ་ཐུབ་བར་དུ་དར་དམར་མེར་སྲེག་རྒྱུ་བཤད་པ་ལས།་ལོ་གསར་ལས་འགུལ་ཚང་མར་དར་དམར་མེར་སྲེག་རྒྱུ་བཤད་མེད་ཀྱང།་ཕག་པས་དེ་ལྟར་བྲིས་པ་དེ་དངོས་གནས་ངོ་ཚ་མེད་པའི་ཧམ་གཏམ་རང་རེད།་
་་་ད་དུང་དེ་ལས་ཀྱང་རྫབ་ཆེ་བ་ཞིག་ལ།་དབུས་རྒྱུན་རྣམས་ཐུགས་མཐུན་རང་བྱུང་མེད་པ་འདྲ་ཟེར་བ་ནི།་དེ་ལྟར་ཡོང་རེ་བྱེད་བཞིན་པ་རྒྱ་ནག་དང་ཁོ་ལྟ་བུ་ཁག་ཅིག་ཡིན་པ་ལས།་ད་ལྟ་གཞོན་ལྷན་ནང་དེ་ལྟར་ཡོད་པ་གོ་མ་སོང།་དེ་བས་ཀྱང་ཟས་བཅད་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ཉི་མ་གཅིག་ཙམ་སྔོན་ལ་གཞོན་ལྷན་གྱི་མར་མེ་ཁྲོམ་སྐོར་ཐོག་་ཚོགས་གཞོན་གྱིས་སླར་ཡང་གནད་འགག་ཅན་གྱི་དུས་ཚིགས་ལ་གཞོན་ལྷན་གྱིས་དགྲ་བོའི་དར་དམར་མུ་མཐུད་མེར་སྲེག་རྒྱུ་ཡིན་ཟེར་བཤད་སོང་བ་་ནས་ཀྱང།་གཞོན་ནུ་ནང་ཁུལ་དེར་མི་མཐུན་པ་ཡོད་མེད་དང།་དགེ་མཐོང་དང།་ཤར་ཁུག་སོགས་ཀྱི་སྙོན་འཛུགས་ལ་ཕན་ནུས་མེད་པ་གསལ་པོ་མ་རེད་པས།་་་་་་་་ཁྱེད་ཚོས་དགྲ་བོའི་འདོད་འདོད་སྒྲུབ་ནས་བོད་པ་ནང་ཁུལ་དང་གཞོན་ནུ་ནང་ཁུལ་མ་དཀྲུག་རོགས་ཟེར་རྒྱུ་ཡིན
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།་ཁྱེད་ཀྱིས་རིགས་ཞེན་དང་བློས་གཏོང་གི་ལས་འགུལ་རླབས་ཆེན་འདི་དང་འབྲེལ་བའི་ཁ་ཆེམས་ཡི་གེ་སོགས་ཞིབ་ཀློག་བྱེད་སྐབས།་དངོས་གནས་སྐྱོ་སྣང་དང་དགའ་སྤོབས་ཟུང་གིས་ཁྱེད་ལ་བཀའ་དྲིན་ཆེ།་ཁྱེད་ཀྱི་ལས་དོན་ལམ་ལྷོད་དང།་ཁྱེད་ཀྱིས་ལས་འགུལ་འོག་བཙན་བྱོལ་བོད་མི་སྒེར་རེ་རེ་ལ་བསམ་ཤེས་དང་རིགས་ཞེན་གསར་པ་ཞིག་སྐྱེ་བའི་ཡིད་ཆཻས་དང་སྨོན་ལམ་ཡོད།
ཡཡ ཨ་མའི་བུ།
གྲོགས་པོ་ཚོར་དྲན་བསྐུལ་ཞུ་རྒྱུ་ཞིག་ལ། ལྷག་བསམ་རྣམ་དག་གི་སྒོ་ནས་བོད་དོན་བདེན་མཐའ་སེལ་རྒྱུར་དགའ་མོས་ཡོད་མཁན་ཡིན་རྒྱུ་ན། ད་ཆ་ང་ཚོ་བོད་མི་ནང་ཁུལ་ནང་དམེ་བྱེད་པའི་དུས་ཚོད་ཅིག་རྩ་བ་ནས་རེད་མིན་འདུག ལས་ཁུལ་གང་འདྲ་ཞིག་ཡང་ཕྱོགས་སོ་སོ་ནས་རང་གི་གྲུབ་མཐའ་བཞིན་སྤེལ་ཆོག་མོད། དེ་ལས་འདས་ནས་ནང་ཁུལ་ཁ་སྟོང་གི་གཏམ་ཚོགས་ཁོ་ནས་གྲུབ་འབྲས་མི་མཐོང་ཀི
སྔོན་ངའི་ཁྱེད་ངོ་ཤེས་ཀྱི་ཡོད་ད་ལྟར་ཁྱེད་ཀྱི་བྱ་བ་ཡག་པོ་རེད་རྒྱུན་ཁྱོང་ན་ཡག་པོ་རེད་་་་་་་་་་་་་་་་
ཁྱེད་ནི་ང་ཚོ་བཙན་བྱོལ་རྣམས་ཀྱི་ངོ་ཚབ་ཡིན་ལ་མངོན་ཐོན་ཅན་ཡང་ཡིན། ཁྱེད་ཀྱི་སྙིང་སྟོབས་ཆོད་སེམས་ལ་གུས་བཀུར་ཡོད། ནམ་ང་ལ་ཡང་དེ་ལྟ་བུ་བློ་སྟོབས་ཅིག་སྐྱེ་བར་སྨོན།
དཔའ་བོ་ཚེ་བརྟན་རྡོ་རྗེ་ལགས་དགོངས་དག ངའི་མིག་ལིང་ཐོག་གིས་བསྒྲིབ་ནས་རྡ་ས་ནས་ལྡི་ལི་བར་ཟེར་བ་འདྲ་བོ་ཞིག་མཐོང་ནས།བསམ་ཚུལ་ཁྱི་འདྲ་བོ་དེ་བྲིས་པ་རེད།ང་རྩ་བ་ནས་ནོར་འདུག ཁ་བརྡ་ཚང་གིས་བསུབ་འདུག་པ་ཐུགས་རྗེ་ཆེ ། དགོངས་དག དགོངས་དག དགོངས་དག སྙིང་ཐག་པ་ནས་དགོངས་དག་ཞུ།
རང་ལྕེ་རང་གིས་གཅོད་པའི་འགྱོད་པ་དང་བཅས །
ལ་རྒྱ་ཅན་གྱི་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ཀྱི་ལས་འཆར་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་དུས་ངས་སེམས་གཏིང་ནས་ཁྱེད་ལ་རྒྱབ་སྐྱོར་ཡོད་ལ་ཁྱེད་ཀྱི་བསམ་དོན་འགྲུབ་པའི་སྨོན་ལམ་གདབ་ཀྱི་ཡིན། བོད་མི་རིགས་ཀྱི་གནས་སྟངས་འདི་ད་ལྟ་གཉན་འཕྲང་ཅན་ཞིག་ལ་བསླེབས་པའི་སྐབས་འདིར་ཁྱེད་འདྲ་བའི་གཞོན་སྐྱེས་མང་ཙམ་བྱུང་ན་ཅི་འདྲའི་དགའ་དགོས་པ་ཞིག་མ་རེད་དམ། འོན་ཀྱང་དེ་ནི་ཧ་ཅང་དཀོན་པོ་རེད། དེ་ན་བོད་པ་ཚང་མས་ཚེ་བརྟན་རྡོ་རྗེ་ལགས་བཞིན་ཁ་ཙམ་མ་ཡིན་པར་དུས་རྒྱུན་དུ་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་གང་ཞིག་སྤེལ་ཀྱང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།