ངས་ཏ་བྷེའི་མིང་མ་བོས་ཟེར་བ་དེ་ཁོ་མོའི་བོད་སྐད་མ་ཤེས་པས་ལན་པ་རེད་ཟེར།
མདོ་སྔགས་ལགས་ཀྱི་དྲི་བ།
འཚམས་འདྲི་ཞུ། ངའི་མིང་མདོ་སྔགས་ཡིན། ང་ཀིརྟི་དགོན་པའི་ཕྱག་མཛོད་ཡིན། ངའི་དེ་རིང་དྲི་བ་གཅིག་དང་རེ་བ་གཅིག་ཞུ་གི་ཡིན། སྤྱིར་བཏང་ངའི་དྲི་བ་དེ་དེ་རིང་སྐབས་སུ་བབས་པར་འདིར་ཞུས་བཞག་ན། རྩ་བའི་དྲི་བ་དེ་བོད་ནང་གི་དྲི་བ་ཞིག་ཡིན། སྐུ་ངོ་མཆོག དྲི་བ་འདི་འདྲ་རེད། བོད་རྒྱ་ཆེའི་མིང་གི་བདེ་སྡུག་གི་ཆེད་དུ་རང་སྲོག་མེ་ལ་བཏང་མཁན་གྱི་གྲངས་འབོར་གྱི་ཆ་ནས་ཡིན། དེའི་ངོ་བོའི་ཆ་ནས་ཡིན། ཁ་སང་རྡོ་རྗེ་གདན་ནས་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་བོད་ཀྱི་བླ་ཆེན་དགེ་འདུན་པ་གྲངས་ལས་འདས་པ་ཞིག་གི་མདུན་ནས་མེར་སྲེག་གཏོང་མཁན་གྱི་མཚན་ཐོ་སྒྲོག་སྦྱང་གནང་དུས། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བཀྲ་བྷེ་ལགས་ཀྱི་མཚན་བཏོན་མ་སོང་། བོད་ནང་དུའང་དེའི་བསམ་ཚུལ་ཤུགས་ཆེན་པོ་ཞེ་དྲག་ཡོང་བསྡད་ཀྱི་འདུག སྐུ་ངོ་བཀའ་ཁྲི་ཡིན་ན་ཧ་གོ་ཡི་ཡོད་པ་རེད། ཐ་ན་རྒྱ་ནག་རྒྱལ་ས་པེ་ཅིང་ལ་སོགས་པ་ནས་སྐུ་ངོ་མཆོག་ལ་དྲ་རྒྱ་བརྒྱུད་ནས་ལན་བྱུང་བསྡད་ཡོད་པ་རེད། ཡིན་ནའང་། དེ་རིང་ཡང་ཆེད་དུ་མངགས་ནས་གསུང་མ་བདེ་བོ་འདྲ་བོ་ཞེ་དྲག་ཅིག་གནང་སོང་། ༢༠༠༩ ལོ་ལ་ཡོད་པ་རེད་དེ་གསུངས་ནས་ཐ་ན་གྲངས་ཀའི་ནང་དུའང་མི་འདུག མིང་ཐོའི་ནང་དུའང་མི་འདུག དེར་བོད་ནང་ང་ཚོ་འདི་དང་འདྲ་བོ་མ་རེད། བོད་ནང་གི་བོད་མི་དེ་ཚོ་དངོས་གནས་དྲང་གནས་ལྷག་བསམ་རྨ་མེད་པ་ཞིག་ཡིན་དུས། སོ་སོའི་མགོ་ཁྲིད་དང་སྒང་དུ་སྡོད་མཁན་ལ་ཆེ་མཐོང་དང་བརྩི་བཀུར་ཧ་ལས་པ་རེད། དེ་བྱས་དུས་བཀའ་ཁྲིའི་བཀྲ་བྷེའི་མིང་དང་པོ་མ་བཀོད་པ་དེ་ཁོར་ཡུག་མང་པོ་ཞིག་གིས་གནད་འགག་ཆེན་པོར་ཟིན་བསྡད་ཀྱི་འདུག དེ་རིང་འདི་ནས་ཀྱང་སྐུ་ངོ་མཆོ་གིས་གནང་མ་སོང་། མ་གནང་བར་དགེ་བ་རྒྱུ་མཚན་ག་འདྲ་ཞིག་ཡོད་ན། ལོའི་དབང་གིས་༢༠༡༡ ལོའི་སྔོན་དེ་མཚན་དང་གྲངས་ཐོའི་ནང་འཇོག་མ་བདེ་བ་ཞིག་ཡོད་ན་གནས་ཚུལ་གཞན་རེད། དེ་དང་མཉམ་དུ་གཞིས་བྱེས་གཉིས་ཀའི་ནང་དང་པོ་དང་པོ་དེ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་རེད། དེའང་བཏོན་མ་སོང་། དེ་ཚོ་ག་འདྲ་ཡིན་ནམ། དེ་བཞིན་ད་གིན་གྲངས་ཀ་བཅད་ནས་མི་ཉེར་བཞིས་ལོ་གཉིས་ཀྱི་ནང་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད་ཅེས་གསུངས་ཡོང་དུས། གཞན་རྣམས་ག་འདྲ་ཆགས་ཀྱི་ཡོད་ན། དེར་གསལ་བཤད་ཅིག་གནང་རོགས། དགོས་པ་རྒྱུ་མཚན་གཞན་ཡོད་དམ། ཡང་ཐུགས་བརྗེད་གནང་ཡིན་རྒྱུ་མ་རེད། དེ་རིང་ ༢༠༠༩ ནང་ཡོད་གདའ་ཡོད་པ་རེད་དེ་ཞེས་མཚན་བོས་མ་སོང་། དེ་ཚོ་བོད་ནང་དང་འབྲེལ་བ་ཡོད་དུས་གནད་འགག་ཅིག་ཆགས་བསྡད་ཀྱི་འདུག དེ་དྲི་བ་གཅིག་ཡིན།
གཞན་རེ་བ་དེ། བོད་ནང་གི་དངོས་ཡོད་དེ་རྩད་ཞིབ་ཏག་ཏག་ཅིག་ཐུབ་ཀྱི་མི་འདུག ཆབ་སྲིད་བཙོན་པ་དང་དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་ཡིན་ན་རེད། ཉེར་ཆར་ཨ་མདོའི་རྔ་བར་དོན་རྐྱེན་ཅིག་བྱུང་སོང་། དེ་གཏན་འཁེལ་ཐུབ་ཀྱི་མི་འདུག ཆབ་སྲིད་བཙོན་པ་ཞིག་གིས་བཙོན་རོགས་གྲྭ་བ་ཞིག་རྐང་པ་བཅག་བཞག་པ་མིག་གིས་མཐོང་བསྡད་ཡོད་པ་རེད། ཡིན་ནའང་། ད་བར་གནས་ཚུལ་གསལ་བོ་ཁྱོན་ནས་རེག་གི་མི་འདུག དེ་ཡིན་དུས། དགོན་པ་ཞིག་དང་སྒྲིག་འཛུགས་ཞིག་གིས་གནས་ཚུལ་ལེན་མ་དགོས་པར། གཞུང་གི་ངོས་ནས་རྩད་ཞིབ་ཡག་ཐག་ཆོད་ཅིག་གནང་ནས་བོད་ནང་དངོས་ཡོད་གནས་ཚུལ་ཐོག་དཀའ་ལས་མྱངས་སྡོད་མཁན་དེ་ཚོའི་གནས་ཚུལ་རེག་ཐུབ་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན།
བཀའ་བློན་ཁྲི་པ་མཆོག
ཨ། རེད། ༢༠༠༩ ༢ ༢༧ ཉིན་མོར་ཏ་བྷེ་གིས་རང་སྲོག་མེ་ལ་ཕུལ་ཉན་དེ་བོད་ནང་ལ་དང་པོ་ཆགས་ཀི་ཡོད་པ་དེར་བཀའ་ཤག་ནས་རྒྱུས་ཆ་ཚང་ཡོད་རེད། མ་ཟད་ཉེ་ཆར་དྲིལ་བསྒྲགས་ལས་ཁུངས་ནས་བརྙན་འཕྲིན་བཏོན་ཡོད་པ་རེད། དེ་ག་ནང་བཞིན་Fashir ཟེར་ནས་ཨིན་ཇིའི་ནང་བཏོན་ཡོད་པ་རེད། དེ་གའི་ནང་དུ་མིང་ཐོ་ཆ་ཚང་བཀོད་ཡོད་པ་རེད།
ཡིན་ནའང་། རྡོ་རྗེ་གདན་ལ། ༢༠༡༡ ལོ་ལ་རང་སྲོག་མེ་ལ་ཕུལ་ཉན་ཚོ་གི་མིང་ཐོ་ཀློག་པའི་སྐབས་ལ། ང་ཚོ་གསལ་བོ་ཞུས་ཡོད་བསམས་ཀི་འདུག ངས། ཡི་གེ་ཀློག་ཉན་དེ་ང་ཡིན། ཀློག་པའི་སྐབས་ག་རེ་ཞུས་ཡོད་པ་རེད་ཟེར་ན། ༢༠༡༡ ལོ་ལ་ཧ་གོ་བའི་ནང་ལོག་ནས་སི། བྱས་བྱས་མིང་རིམ་པས་ཀློག་ཡོད་པ་རེད། དེ་ཀློག་མཚམས་དེ་ལ། ག་རེ་བཤད་ཡོད་པ་རེད་ཟེར་ན། ཧ་གོ་ཟེར། ཧ་མ་གོ་བ་ག་ཚོད་ཡིན་ནའང་ཡོང་སྲིད་ཀྱི་རེད།
དེའི་མཉམ་དུ་ཡག་པོ་གསན་ཡོད་ན། རང་སྲོག་མེ་ལ་ཕུལ་ཉན་ཁོ་རང་ཚོ་ཀི་ཕ་མ། སྤུན་ཟླ། ད་ལྟ་བར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དོན་དག་ལ་རང་སྲོག་བློས་གཏོང་ཉན་ཡོངས་རྫོགས་ཟེར་དུས་སྒང་ལ། ཏ་བྷེ་གཙོས་ལྔ་བཅུ་ལྔ་གྲངས་ནས་རང་སྲོག་བློས་བཏང་ཉན་ཆ་ཚང་འདིའི་འོག་ལ་ཚུད་བསྡད་ཡོད་པ་རེད། དེ་ག་ནང་བཞིན་བོད་ནང་ལ། རྒྱ་ནག་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་ལ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མྱངས་དང་མྱོང་བཞིན་པ་འདི་གེ་ཚང་མའི་ཆེད་དུ། མཆོད་འབུལ་སྨོན་ལམ་ཡིན་ཞེས་ཞུས་ཡོད་པ་རེད། དེ་ཡིན་དུས་སྐབས་ལ། ཏ་བྷེ་འདི་སྦུག་ལ་ཚུད་པས་མ་ཟད་ཁོ་རང་གི་ཕ་མ་སྤུན་ཟླ་ཡན་ཆད་ཚང་མ་ཚུད་ཡོད་པ་རེད།
མིང་མ་བོས་པ་དེ། མིང་ག་རེ་བྱས་ནས་བོས་ཡོད་པ་མ་རེད་ཟེར་ན། ད་༢༠༡༡ ཟེར་ཡོང་དུས་སྒང་ལ། ༢༠༡༡ ལ་ཡོད་པའི་མིང་དེ་གེ་བོས་ཡོད་པ་རེད། ད་ཉེ་ཆར་ང་ཚོ་ཕ་གིར་རྡ་རམ་ས་ལར་མཆོད་འབུལ་སྨོན་ལམ་ཞུས་པའི་སྐབས་ལ། ༢༠༡༢ ལོ་ལ་བྱས་བྱས། ༢༠༡༢ མིང་འབོད་ཀི་ཡོད་པ་རེད། དེ་ཁོ་འགྲོ་སྟངས་རེད། དེ་སོང་ཙང་། ཆེད་མངགས། ད་གིན་ཞུས་པ་ནང་བཞིན་རེད། ད་ཡིན་ནའང་། མིང་དེ་འབོད་ཀྱི་ཡོད་པ་རེད་དེ་གཟབ་གཟབ་བྱེད་དགོས་རེད་གདའ། ཆེད་མངགས་ཚིག་དེ་ག་རང་ཡོད། ཡག་པོ་གསན་གནང་བཏང་། ༢༠༡༡ ལོ་ལ་ཧ་གོ་བ་ཟི༌༌༌༌༌རེད་གདའ། ཧ་མ་གོ་བ་ཡོང་སྲིད་ཀྱི་རེད་བ། འགའ་ཤས་བློ་ཕམ་སྲིད་ཀྱི་རེད། ༢༠༡༡ ལོར་ངའི་སྤུན་ཟླ་གྲོངས་སོང་། བཀའ་ཤག་གི་ཐོག་ནས་མིང་ཁོ་རང་བོས་མ་སོང་ཟེར་སྲིད་ཀྱི་རེད་བ། ཧ་གོ་བ། གཅིག་དེ་རེད།
ཁོ་རང་ཚོ་ཀི་ཕ་མ་སྤུན་ཟླ་ཡན་ཆད་ཟིག་ཡོད་པ་རེད། ཟིག་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། མི ༡༢ གྲོངས་པ་རེད་བྱས་ནས་ཁོ་རང་ཚོ་ལ་མཆོད་འབུལ་སྨོན་ལམ་གཅིག་པུས་བྱས་བྱ་ན། དཀའ་ངལ་མྱངས་བསྡད་ཉན་མང་པོ་ཅིག་ཕ་མ་སྤུན་ཟླ་ཚོ་རེད་བ་ད། ཁོ་རང་ཚོ། དེའི་ནང་ནས་ད་ལྟ་བར་དུ་མི་ ༡༢ གཅིག་པུ་ཅིག་གིས་འགྲིག་གི་མ་རེད། ད་ལྟ་བར་དུ་རང་སྲོག་བློས་གཏོང་ཉན་ཚོ་ལ་མཆོད་འབུལ་སྨོན་ལམ་ཞུ་དགོས་ཀྱི་ཡོད་པ་རེད།
མཆོད་འབུལ་སྨོན་ལམ་ཆེན་པོ་ཞེ་དྲག་རེད་བཱ། ད་ལྟ་བར་དུ་བོད་བསྟན་པ་ཆབ་སྲིད་ལ་རང་སྲོག་བློས་གཏོང་ཉན་ཆ་ཚང་ལ། མཆོད་འབུལ་སྨོན་ལམ་ཡིན་ཟི། བྱས་བྱས། གསལ་བོ་ཞེ་དྲག་བཀོད་ཡོད་པ་རེད། དེ་གསུངས་དུས་སྐབས་ལ། ཕྱོགས་གཅིག་ནས་ཐུགས་ཁག་ཡོད་པ་མ་རེད། ད་བོད་སྐད་ཡག་པོ་མ་མཁྱེན་པ་ཡིན་ན་ད་བྷེ་འབོད་མ་སོང་གསུངས་མདོག་ཁ་བོ་རེད།
ཕྱོགས་གཉིས་ནས་བློ་ཕམ་ཡོད། མིང་ ༡༢ འབོད་རྒྱོ་དེ། མཆོད་འབུལ་སྨོན་ལམ་དེ་འདྲའི་ཆེན་པོ་དེ་འདྲའི་བྱས་རྒྱུའི་ཀི་གཟི་བརྗིད་དེ་ལ། མིང་གཅིག་བོས་མ་སོང་། གང་མིན་ཚད་ཡིན་ཟི། ད། བྱས་ཡོང་དུས་སྒང་ལ། མིང་ ༡༢ འབོད་རྒྱུ་དེ་གཟི་བརྗིད་མ་རེད་བས། མིང་ ༡༢ ལ་མཐོང་སྤྲད་པ་རེད་བ། མིང ༡༢་ལ་མཐོང་སྤྲོད་ས་ལ། མིང ༡ ལ་མཐོང་མ་སྤྲོད་པ་ཡོང་སྲིད་ཀྱི་རེད་བས། ག་རེ་བྱས་ནས་དབྱེ་བ་བྱས་དགོ་རེད། དབྱེ་བ་བྱས་དགོ་དོན་མི་འདུག་གཱ
ད་ལྟ་ཁྱེད་རང་ཀིརྟི་དགོན་པ་ནས་ཡིན་གསུངས་སོང་། ཀིརྟི་རིན་པོ་ཆེ་བཀའ་ཤག་རང་ནས་གདན་འདྲེན་ཞུས་པ་ཡིན། འདིར་གྲོས་ཚོགས་ལ་ཕེབས་རོགས་བྱས། གསུང་རོགས་བྱས། བྱས་བྱས། དེས་ག་རེ་སྟོན་གི་ཡོད་པ་རེད་ཟེར་ན། ཡིན་གདའ་ཡིན། རང་སྲོག་མེ་ལ་ཕུལ་ཉན་གཙོས་པའི་ཚང་མ་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་བྱས་རྒྱབ་སྐྱོར་བྱས་ཀི་ཡོད་པ་རེད་མ་གཏོགས། བཀའ་ཤག་ནས་སྐྲ་སྤུ་ཙམ་ཞིག་མེད། ཐེ་ཚོམ་གཅིག་ཀྱང་མེད།
མེད་དགོ་རྒྱུ་མཚན་ག་ཡིན་ཟེར་ན། དམིགས་བསལ། ང་ལ་ག་རེ་ཡོད་ཟེར་ན། ཕུན་ཚོགས་ལགས་ཀྱིས་ ༢༠༡༡ ༣ ༡༦ ཉིན་མོར་རང་སྲོག་མེ་ལ་ཕུལ་བ་རེད། ཕྱི་ཟླ ༣ ཚེས ༡༦ ག་རེ་རེད། ཕྱི་ཟླ ༣ ཚེས ༡༠ ཉིན་མོར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གནང་གི་ཅེས་ཆ་ཚང་གསལ་བསྒྲགས་གནང་རེད། ཕྱི་ཟླ ༣ པའི་ཚེས ༢༠ བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་འོས་ཤོག་བླུགས་པ་རེད། འདིའི་བར་དུ་ཕུན་ཚོགས་ལགས་ཀྱིས་རང་སྲོག་ཕུལ་རེད།
བོད་ནང་ལ་རང་སྲོག་ཕུལ་ཉན་མང་ཆེ་བའི་འབོད་སྒྲ་ག་རེ་རེད། ད་གིན་ངས་ཞུས་པ་ཡིན།
བོད་མི་ལ་རང་དབང་བསྐྱར་གསོ་བྱེད་དགོ་གི་འདུག ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོ་གི་འདུག འབོད་སྒྲ་འདི་གཉིས་གཉིས། འོས་བསྡུ་ལངས་པའི་སྐབས་ལ། འོས་མི་ང་ཡིན། ཁྱེད་རང་རྩ་དོན་དོན་དག་ལ་ལས་ཀ་ག་རེ་བྱས་ཀི་ཡིན་ཟེར་དུས་སྒང་ལ། ཡིག་ངག་གཉིས་ཀའི་ཐོག་ནས། བོད་ནང་རང་དབང་བསྐྱར་གསོ་བྱེད་ཡ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཡ་གི་འབོད་སྒྲ་དེ་གཉིས་འོས་བསྡུའི་སྐབས་ལ་ངས་བཤད་པ་ཡིན།
ད་ཁོ་རང་ཚོ་ཀིས་རང་སྲོག་མེ་ལ་ཕུལ་བའི་སྐབས་སུ་བོད་མི་ལ་རང་དབང་བསྐྱར་གསོ་བྱེ་དགོ་རེད། བོད་ལ། ༧གོང་ས་མཆོག་གདན་འདྲེན་ཞུ་དགོ་རེད་ཟེར་དུས་ང་ལ་ཚོར་བ་ག་འདྲ་ཡོང་གི་རེད། ངས་འོས་བསྡུའི་སྐབས་ལ་འབོད་བྱ་བ། དེ་ག་རང་འབོད་བྱས་རང་སྲོག་བློས་བཏང་ཡོང་དུས་ང་ཚོར་བ་ག་འདྲ་ཡོང་གི་རེད། ཡིན་ནའང་། ངས་བཤད་པ་ལ་བརྟེན་ནས་རང་སྲོག་ཕུལ་རེད་རྩ་བ་ནས་ཞུ་གི་མེད།
སྔོན་མ་རང་ནས་བོད་ལ་ཡོད་པའི་བོད་མི་གིས་རེ་བ་དེ། བོད་མིའི་ལ་རང་དབང་དགོ་ཡ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོ་གི་འདུག་བསམས་པའི་ངོས་ནས་འོས་བསྡུའི་སྐབས་ནས་ངས་དེ་ག་རང་བཤད་པ་ཡིན། ད་ལྟ་ཡིན་ནའང་བོད་ལ་ཡོད་པའི་བོད་མི་ཚོས་འདི་གསུང་གི་འདུག རེད་བ། དེ་ཡིན་དུས་སྐབས་ལ། དེ་ནས་བཟུང་དེ་གཟིགས་གདའ། ༣ ཚེས ༡༦ ལ་ཕུན་ཚོགས་ལ་རང་སྲོག་མེར་ཕུལ་བ་རེད། དེ་ནས་ཕྱི་ཟླ ༨ ཚེས ༨ ནས། ཕྱི་ཟླ ༩ ཚེས ༡༦ ཉིན་མོར་གཟིགས་གདའ། ང་དམ་འབུལ་ཕུལ་བྱས་བཀའ་ཤག་བཙུགས་པའི་སྐབས་ལ་རང་སྲོག་མེར་ཕུལ་ཉན་མང་རུ་འགྲོ་ཡོད་པ་རེད། གྲོས་ཚོགས་ཚུགས་པའི་སྐབས་ལ་རང་སྲོག་ཕུལ་ཉན་མང་རུ་འགྲོ་ཡོད་པ་རེད། དེ་སོང་ཙང་ཕྱི་ཟླ ༡༠ ཚེས ༨ ཉིན་མོར་བཀའ་སྤྱི་ལྷན་གཉིས་ཛ་དྲག་གི་ཚོགས་འདུ་ཚོགས་བྱས། ད་མི་གཅིག་གཉིས་མ་རེད་གདའ། ད་མང་རུ་འགྲོ་གི་འདུག་ཟི། ཛ་དྲག་གི་ཚོགས་འདུ་ཚོགས་བྱས་ཕྱི་ཟླ ༡༠ ཚེས ༡༩ ཉིན་མོར་བཀའ་སྤྱི་གཉིས་ཀ་ཐོག་ནས་འབོད་སྐུལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཡོངས་ནས་ལས་འགུལ་སྤེལ་རོགས་བྱས་ཞུས་པ་ཡིན།
དེ་ག་ནང་བཞིན་དུས་འཁོར་དབང་ཆེན་སྐབས་ལ། ད་གིན་ཞུས་པ་ནང་བཞིན་རེད། མི་འབུམ་ལྷག་ཡོད་ཉན་མཆོད་འབུལ་སྨོན་ལམ་བོད་མིའི་ལོ་རྒྱུས་ནང་ལ་དེ་ལས་ཆེ་བ་བྱས་ཐུབ་ཨེ་ཡོད་ན། དེ་དུས་སྐབས་ལ་རང་སྲོག་མེ་ལ་ཕུལ་ཉན་གཙོས་པའི་བོད་མིའི་རྩ་དོན་དོན་དག་ལ་ད་ལྟ་བར་དུ་རང་སྲོག་གཏོང་ཉན་ཆ་ཚང་བྱས། ཁོ་རང་ཚོ་ཀིས་ཕ་མ་སྤུན་ཟླའི་ཆེད་དུ། མཆོད་འབུལ་སྨོན་ལམ་ཞུས་པ་རེད།
དེ་ག་ཟིག་བྱས་པ་རེད་དེ། ད་ད་གིན་ཞུས་པ་ནང་བཞིན་རེད། གཅིག་འགྲིག་མི་འདུག ད་གཅིག་མ་འགྲིག་རྒྱོ་དེས་ད་སོ་སོའི་རྣམ་རྟོག་བྱས་ནས། ད་གང་མིན་ཚད་རེད་ཟི་ད། ཧ་ལམ་མཆོད་འབུལ་སྨོན་ལམ་ཁོ་རང་འགྲིག་ཡོད་པ་མ་རེད་མདོག་མདོག ཧ་ལམ་བཀའ་ཤག་གི་ཀུན་སློང་དེ་ལ་དོགས་པ་ཟ་དགོ་ཀི་རེད་མདོག་མདོག་ཅིག ཧ་ལམ་འགན་འགྲུབ་ཀི་ཡོད་པ་མ་རེད་མདོག་མདོག ད་ག་རེ་ཡིན་ཟེར་གོ་རེད།
ངས་དེ་གིན་ཞུས་པ་ནང་བཞིན་རེད། ཡིན་པ་དེ་ལ་ངོས་འཛིན་བྱས། དེ་ནས་ཨུ་ནས་ཏ་བྷེ་ཆད་བྱ་ཟི་ན་འགྲིག་གོ་རེད་བ། ད་གང་མིན་ཡིན་ཟི་ད། ཏ་བྷེ་འབོད་མི་འདུག་ཟི་ད། ༧གོང་ས་མཆོག་དབུ་བཞུགས་ཐོག་ལ་མཆོད་འབུལ་སྨོན་ལམ་ཕུལ་ཡོད་པ་རེད་གདའ། ལགས་ཧ། དེ་སོང་ཙང་། ངས་ད་གིན་ཞུས་པ་ནང་བཞིན་རེད། བཀའ་བློན་ཁྲི་པའི་འགན་ཁུར་བའི་ཐོག་ནས་ལས་ཀ་དེ་འགན་བརྗིད་པོ་ཡོད་པ་ནང་བཞིན། དཀའ་ལས་ཁེག་པོ་རེད་བྱ། བྱས་པ་དེ་ལ་རྗེས་སུ་ཡི་རངས་ཞུ་ཉན་མི་འདུག རྗེས་སུ་ཡི་རངས་ཞུ་དགོ་གི་ཡོད་པ་མ་རེད། དོན་མེད་ས་ཞིག་ལ་བཤད་བསྡད་ཡ་ཡིན་ན། ངས་ཞུས་པ་ནང་བཞིན་རེད། རང་སྲོག་མེ་ལ་ཕུལ་ཉན་ཏ་བྷེ་གི་འདོད་པ་ལ་ཡིན་ནའང་། ངས་རང་སྲོག་མེ་ལ་ཕུལ་རྒྱོ་དེ་གས་ད། ཁྱེད་ཚོས་སྐྱོན་འཛུགས་བྱས་ཤོག་ཨ། ངའི་མིང་དེ་ཁྱེར་ནས་ཁྱེད་ཚོ་རྒྱུགས་ཤོག་བསམས་ཡོད་ཀྱི་རེད་ངས་བསམས་ཀྱི་མི་འདུག
ད་ད་ལྟ་དུས་ཚོད་ག་རེ་རེད་ལབ་ན། བཀའ་ཤག་གིས་ཁོར་ཡུག་བསྐྲུན་དགོས་མ་རེད། གྲོས་ཚོགས་ཀྱི་གྲོས་ཆོད་སྒུག་དགོས་པ་མ་རེད། ག་རེ་གནང་ཡ་ཡོད་ན་གནང་བའི་དུས་ཚོད་སླེབས་བསྡད་ཡོད་པ་རེད། མི་མང་ལག་པར་ཡོད་རེད་མ་གཏོགས། ང་ཚོའི་ནང་ཁུལ་ལ་གཅིག་འགྲིག་གི་མི་འདུག གཉིས་འགྲིག་གི་མི་འདུག གསུམ་འགྲིག་གི་མི་འདུག བཤད་པ་ཡིན་ན་དུས་ཚོད་འཕྲོ་བརླག་རེད། ངའི་ལོ་ལྔ་དེ་འདི་འདྲའི་སྒང་ལ་བཏང་འདོད་མེད་གདའ། དེ་སོང་ཙང་། མཐའ་དོན་ད་ང་ཚོས་རྡོག་རྩ་ཆིག་སྒྲིལ་གནང་བའི་དུས་ཚོད་རེད། ཚང་མས་འཕྱར་གྲུ་མཉམ་འདེགས་གནང་བའི་དུས་ཚོད་རེད། བོད་ནང་ལ་སྐུ་ལུས་མེར་ལ་ཕུལ་བཞིན་པ་རེད། ཁོང་ཚོའི་རེ་བ་དང་འབོད་སྒྲ་མ་བརླག་པ་དེ་ང་ཚོའི་འགན་རེད། དེ་གང་ཐུབ་ཅི་ཐུབ་གནང་རོགས་གནང་།
༼གསལ་བཤད། ཉིན་ཤས་སྔོན་ཁོ་བོ་ལས་བྲེལ་གྱིས་ཁ་བརྡ་དྲ་བ་ཉུལ་ཁོམས་མ་བྱུང་བས། བཀའ་ཁྲི་མཆོག་ལ་སྐུ་ཞབས་མདོ་སྔགས་ཀྱིས་ཨ་རི་ནས་དྲི་བ་བཏང་བའི་བརྙན་འཕྲིན་འདིར་ལྟ་མ་ཐུབ། དེ་རིང་གཟའ་ཉི་མ་དེ་སྐོར་ཐོས་སྐད་ལ་གཞི་བྱས་ནས་བཙལ་ནས་ལྟ་རུ་ཕྱིན་པ་ཡིན། བཀའ་ཁྲིའི་ལན་འདེབས་དེ་དང་འོག་གི་བསམ་ཚུལ་ཚང་མ་བཀླགས་ཀྱང་། མི་སུ་གཅིག་གིས་ཚོར་མེད་པ་ཞིག་ནི་བཀའ་ཁྲིས་ཨ་རི་ནས་སྐད་ཤུགས་ཆེན་པོས་པེ་ཅིང་མཁར་གྱི་བུད་མེད་རྩོམ་པ་པོ་ཚད་ལྡན་འོད་ཟེར་ལགས་ལ་བོད་སྐད་མི་ཤེས་པས་མཚང་འབྲུ་བྱས་འདུག་པ་དེ་རེད། དེ་མ་ཐག་འདི་བཀའ་ཁྲིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་སྟབས་དེ་མ་ཐག་ཡིག་ཐོག་ཏུ་ཁོང་གི་གསུངས་འགྲོས་ཅི་བཞིན་ཕབས་བཤུ་བྱས་པ་ཡིན། ཀློག་པ་པོ་ཚོས་གཟིགས་དང་། བཀའ་ཁྲི་མཆོག་གིས་དཔའ་བོ་བཀྲ་བྷེའི་མིང་མ་བཏོན་པའི་རྒྱུ་མཚན་རིག་པ་ཐབས་ཆག་ཅིག་གིས་ཁ་སྐྱོག་ཐབས་བྱེད་པ་དང་། དེ་ལས་ཡ་ང་བ་ཞིག་ནི་འོད་ཟེར་ལགས་ལ་བོད་སྐད་བྱང་ཆ་མེད་ཚུལ་གྱི་བསམ་ཚུལ་བཏོན་འདུག འདིའི་སྐོར་ལ་དཔྱད་ཞིབ་བྱས་ན་བཀའ་ཁྲིའི་ནང་སྙིང་མཐོང་ངེས་ཀྱང་། དེའི་སྐོར་ཁོམ་ལོང་བྱུང་མཚམས་འབྲི་ངེས་ཡིན། སྐབས་བབ་བཀའ་ཁྲི་མཆོག་ལ་བཀྲ་བྷེའི་མིང་མ་བཏོན་པ་དང་འབྲེལ་བའི་གླེང་གཞིར་རྣམ་འགྱུར་འཛིན་སྟངས་དང་། འོད་ཟེར་ལ་བོད་སྐད་ཤེས་མིན་གྱི་དྲི་བ་གཏོང་རྒྱུའི་ནུས་པ་ཡོད་མེད་གོང་གི་ཚིག་འགྲོས་ལ་གཟིགས་པས་ཀྱང་ཉི་ཤར་སྤར་མོས་མི་ཁེབས་པའི་ངང་ཚུལ་དུ་སོང་འདུག་ན། གནས་ཚུལ་འདི་བྱུང་རབས་ནང་གནས་ཆེད་འདིར་བཀོད་པ་ཡིན། འོད་ཟེར་ལགས་ཀྱིས་མཐོང་བའི་རེ་བ་ཡོད། ༽ཤར་ཕྱོགས་ཁུག་རྟས།
བློ་བཟང་བསྟན་འཛིན་གྱིས་ཕབ་བཤུ་བྱས་པར་ངའི་གྲོགས་པོ་འཇིགས་བྲལ་བསྟན་འཛིན་གྱིས་སྐད་ཆ་ཆེན་པོ་འགའ་ཞིག་བཤད་ཀྱིན་འདུག་པས། རྗོད་གཞི་འདི་དང་བཀའ་ཁྲིའི་ནང་སྙིང་སྐོར་ལ་ཁྱེད་ལ་དཔྱད་ཞིབ་གནས་ལུགས་ལྡན་པ་ག་ཚོད་གནང་རྒྱུ་ཡོད་ཀྱང་། ང་ཤར་ཕྱོགས་ཁུག་རྟར་འབོད་པས་ཁྱེད་ལ་གཟབ་རྒྱས་ཀྱིས་སྣེ་ལེན་ཡག་ཐག་ཆོད་བྱ་ངེས་ཡིན།
ངས་བཀའ་ཁྲི་མཆོག་ལ་དུས་ནམ་ཡང་གུས་ཞབས་དང་ཆེ་མཐོང་ཡོད་འོན་ཀྱང་དྲིས་ལན་གནང་སྐབས་ཅུང་ཚིག་རྩུབ་དང་ཁྲོ་མཉམ་གྱི་སྒོ་ནས་སྐད་ཆ་བཤད་པར་ཡོད་ཚད་བརླག་འདུག སྐུ་ཞབས་མདོ་སྔགས་ལགས་ཀྱི་དྲི་བ་དེ་ཡག་པོ་དྲིས་འདུག་གོང་ས་མཆོག་དབུ་བཞུགས་ཐོགས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་བཀྲ་བྷེ་གཉིས་ཀྱི་མིང་ལོགས་སུ་བཞག་དགོས་དོན་ིཅ་ཞིག་རེད་ཁོང་གཉིས་ཀྱི་ནང་མི་ཚོའི་སེམས་ལ་ཅི་ཞིག་ཤར་གྱི་རེད། འདི་གནད་དོན་ཞིག་རེད་་་་་་་་་་་
མདོ་སྔགས་ཀྱི་དྲི་བ་ལ་བཀའ་ཁྲིས་ལན་ངོས་སུ་བབས་པ་ཞིག་གསུང་སོང་བས་བསམ་འཆར་མེད།
བཀའ་ཁྲི་མཆོག་གིས་འདིའི་སྔོན་ལ་http://www.stol.it/Artikel/Politik-im-Ueberblick/Politik/Der-Dalai-Lama-wird-die-Stiegen-zum-Potala-Palast-hinaufsteigen-Video འདི་འདྲ་ཞིག་གསུང་འདུག Tibetans Never Had a Country ! ཚིག་འདི་ནི་རྙན་འཕྲིན་དེ་ནོན་དང་གོ་ཐུབ། དེ་ནི་སེམས་སྐྱོ་དངོས་བ་ཞིག་རེད་འདུག བོད་པ་ལ་རྒྱལ་ཁབས་ཡོད་མྱུང་ཡོད་པ་མ་རེད་ཟེར་དུས་ང་ཚོས་ད་ག་རེད་རྩོད་ཀྱི་ཡོད་རེད
༢༠༡༡་ལོར་མེར་སྲེེག་བཊང་བའི་མཚན་གཞུང་ཀློག་དུས།་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང།་བཀྲ་བྷེའི་མཚན་ཀློག་ཤེས་སྟངས་མེད་པ་དེ།་ཁོང་གཉིས་དེའི་སྔོན་ལ་ཡིན་པས།་བཀའ་ཁྲི་མཆོག་ནོར་མི་འདུག་པ།་དོན་མེད་སྙོན་འཛུགས་མ་ཞུས་ན་རྩ་དོན་ལ་དེས་ཕན་པ་ལས།་སྐུ་ངལ་སྐྱོན་མཁན་ལ་དོན་མེད་སྙོན་འཛུགས་དང་དཀྲུག་ཤིང་མ་གནང་ན་ལེགས།
དཔའ་བོ་བཀྲ་བྷེ་ལགས་ཀྱིས་མཚན་ཁྱེར་ནས་བོད་མི་ནང་ཁུལ་དུ་ཕྱོགས་ཞེན་འཐེན་འཁྱེར་ཀར་ཀོར་བྱས་ན། དཔལ་བོ་ཁོང་གི་ཚེ་སྲོག་བཏང་བར་རིན་ཐང་མེད་པར་རྩིས་པ་དང་གཅིག་མཚུངས་རེད། དེར་བརྟེན། སྐུ་མཁྱེན། ཕྱི་སྡོད་བོད་པ་ཚོ། དེ་འདྲ་མ་གནང་རོགས། ད་ལྟ་དེ་རྩོད་པའི་དུས་ཚོད་མ་རེད། སྐུ་མཁྱེན། ཐུགས་རྗེ་གཟིགས། ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།
ངས་མཆན་ཁ་ཤས་བཀོད་པ་སྲུབ་ཚར་འདུག དེ་ལ་ཁྱད་པར་མི་འདུག དོན་དག་ཆུང་ཆུང་ཞིག་ཆེན་པོ་བཟོས་ནས། སོ་སོའི་འགོ་ཁྲིད་ལ་ནག་ཉེས་བཟོ་ཐབས་བྱེད་མཁན་འདི་ཚོ་གུང་ཁྲན་ཏང་ཡིན་ན་སྔོན་མ་ནས་སྐེ་བཅད་ཚར་བ་རེད། འོན་ཀྱང་མང་གཙོའི་སྤྱི་ཚོགས་ནང་དེ་ལྟར་བྱེད་ས་མེད་པས། མྱི་ངན་འདི་ཚོས་ཁྱི་འཁྱམ་ཟུག་ཟུག་བྱེད་ཡོང་གི་ཡོད་རེད།
བཀའ་ཁྲིའི་གསུང་བཤད་ལ་ཉན་ན། བོད་སྐད་ཡག་པོ་མཁྱེན་གྱི་མེད་སྟབས་ཡིན་གྱི་རེད་ཅེས་སྤྱིར་བཏང་གནས་ལུགས་ཀྱི་སྐད་ཆ་བཤད་པ་མ་གཏོགས། འོད་ཟེར་ལགས་སུ་མཐོང་ཆུང་དང་ཟུར་ཟ་བྱས་པའི་རྣམ་འགྱུར་ཞིག་མངོན་གྱི་མེད་པ་འོད་ཟེར་ལགས་ཀྱི་གཟིགས་དུས་མཁྱེན་གྱི་རེད།
མ་ཟད་གྲྭ་བཀྲ་བྷེའི་མཚན་མ་སྨོས་པ་དེ་༢༠༡༡ ལོའི་ནང་གི་བསྡོམས་གྲངས་དང་མཚན་བགྲང་བ་དང་། དེའི་རྗེས་སུ་༢༠༡༢ ནང་བྱུང་བ་རྣམས་དེ་བཞིན་བགྲང་བ་ལས་དེ་སྔོན་རྣམས་ཀྱི་མཚན་རེ་རེ་བཞིན་བགྲང་མེད་པའི་གནས་ལུགས་བཀའ་ཁྲིས་བགྲང་གནང་བ་དེས་འགྲིག་འདུག འཐུས་འདུག དེ་ལ་རྒྱུ་མཚན་གཞན་ཞིག་ཡོད་རེད་མདོག་མདོག་གིས་མི་མང་དཀྱིལ་དུ་དྲི་བ་འདྲི་བ་དང་། དེ་ལ་ཁག་ཅིག་གིས་རྒྱབ་སྐྱོར་ཡོད་མདོག་མདོག་སོགས་བྱིས་པའི་ཀུ་རེ་རྩེ་དགོས་དོན་མི་འདུག་སྙམ། མདོར་ན། གོ་ཤེས་དང་སྨྲ་ཤེས་ཉན་ཤེས་བྱེད་ཐུབ་མཁན་གྱི་མིའི་མཚན་ཉིད་ཚང་མཁན་ཞིག་དང་། ཀླད་པ་ཐང་ཐང་ཡོད་མཁན་ཞིག་ཡིན་ན་དེ་ལ་སེམས་འཁུར་ཞེ་དྲག་ཡོད་མདོག་བྱེད་དགོས་དོན་མི་འདུག་ལ། སྒྲ་ཕབ་བྱས་ནས་དྲ་བའི་ནང་ལ་གལ་ཆེན་མདོག་བྱས་ནས་བཀྲམ་དགོས་དོན་ཡང་མི་འདུག
དྲ་བའི་ནང་ནད་འབུ་ཁ་ཤས་ཤིག་འཛུལ་འདུག བཀའ་བློན་ཁྲི་པ་ཐམས་ཅད་མཁྱེན་པ་མིན་པས། ལས་ཀ་གང་ཡིན་ཅུང་ནོར་ལོས་སྲིད། དཀྲུགས་ཤིང་རང་རེད་འདུག འདིའི་བར་དུ་རྩོམ་པ་པོ་འོད་ཟེར་ལགས་ཀྱང་ཚུར་འཐེན་འདུག ངོ་མ་ཐབས་སྐྱོ་བོ་རེད། བོད་དོན་ཆེད་མེར་བསྲེག་བཏང་ཚད་འབོད་དགོས་ན། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱང་འབོད་ལོས་དགོས། འོན་ཀྱང་བཀའ་ཁྲིའི་འདི་ནས་༢༠༡༡་གི་ཡིན་ལབ་འདུག་ཨ། མ་གཞི་༢༠༡༡ གི་ཡོད་ཚད་ཀྱི་མིང་ཁུར་ཡོད་ན། ཀློག་དུས་ཆད་སྲིད་པ་རེད། དེ་ལ་གནད་འགག་གལ་ཆེར་མི་འདུག གནས་ཚུལ་འཁོ་སྤྲོད་པ་འདི་རྒྱ་མིའི་ཉུལ་མ་ཡིན་མིན་གྱི་དོགས་པ་ཡོད། ཁ་བཙུམས་ན་ལེགས། གཞིས་བྱེས་བར་ལ་དཀྲུགས་ཤིང་མ་གཏོང་། སྐུ་མཁྱེན།
དཀྲུག་ཤིག་མ་བྱེད་རོགས་ག་གེ་ཕན་ཐོག་ཡོད་མ་རེད་་་་་་་་་སྔོན་ཡང་འདི་ལྟར་ང་ཚོ་ཕོང་པ་རེད་སེམས་ལ་ཉལ་རོགས་་་་་་་་་་་་་
གནད་དོན་འདི་འབྲེལ་གྱི་རེ་འདུན་ཁ་ཤས།
༡) དྲི་བ་འདི་འདྲི་མཁན་ནི་ཕྱག་མཛོད་སྐུ་ཞབས་མདོ་སྔགས་ལགས་ནི་ཨ་མདོ་རྔ་བ་དང་ཀིརྟི་དགོན་པའི་གནད་ཡོད་མི་སྣ་ཞིག་ཡིན་པས་ཁོང་གི་དྲི་བ་ནི་གཞིས་བྱེས་རྔ་བ་མི་མང་གི་ཚབ་མཚོན་པ་མ་ཟད། ཁོང་གིས་གསལ་བཤད་དུ་བྲིས་འདུག་པ་ལྟར་བཀའ་ཁྲི་མཆོག་ལ་ནོར་འཁྲུལ་ཁ་གསབ་གྱི་གོ་སྐབས་ཆེད་དུ་བཀའ་འདྲི་ཞུས་པ་གསལ་པོ་འདུག་ཀྱང་བཀའ་ཁྲི་མཆོག་ནས་གོ་སྐབས་དམ་འཛིན་གྱིས་གཞིས་ལུས་འབྲེལ་ཡོད་སྤུན་ཟླར་སེམས་གསོ་ཙམ་ཡང་མེད་པར་དྲིས་ལན་གཞན་དུ་ཁ་བསྐོར་བ་ནི་དངོས་གནས་ཡིད་ཕངས་པ་ཞིག་མ་རེད་དམ།
༢)དེ་བཞིན་མཛངས་མ་ཚེ་རིང་འོད་ཟེར་ལགས་ནི་ད་ཕན་རྒྱལ་ཞེན་ལྷག་བསམ་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་བོད་མིའི་བདེ་སྡུག་གླེང་མཁན་ཞིག་ཡིན་པས་ཁོང་གིས་ཉེ་ཆར་དོན་དངོས་ཀྱི་རྩོམ་བྲིས་གནང་པར་ཡི་རངས་ངོས་ལེན་མེད་པར་ཟུར་གྱིས་ཅོ་འདྲི་བ་ནི་དངོས་གནས་རྣམ་དཔྱོད་ལྡན་པའི་མི་སུས་བལྟས་ཀྱང་འོས་འཚམ་ཞིག་མིན་ལ། དེ་བས་ཆིག་སྒྲིལ་དང་ཆབ་སྲིད་ཀྱི་ཁེ་ཕན་ངོས་ནས་བལྟས་ནའང་ཧ་ཅང་མི་འོས་པས་མང་བསྐོས་བཀའ་ཁྲི་མཆོག་གིས་ཕྱིན་ཆད་དེ་ལྟར་མི་གནང་པའི་རེ་བ་ཆེན་པོ་ཡོད།
༣) བོད་མིའི་སྒྲིག་འཛུགས་སམ་བཀའ་ཤག་ལ་བོད་ནང་གི་དོན་དངོས་མཁྱེན་རྟོགས་མེད་པ་ནི་བཀྲ་བྷེའི་མིང་ལ་རྟ་བྷེ་ཞེས་བོས་པ་དེས་ཀྱང་གསལ་པོ་མཚོན་ཐུབ་པས། རྗེས་ཕྱོགས་བཀའ་ཤག་གམ་བོད་གཞུང་ངོས་ནས་བོད་ནང་གི་དོན་ཆེན་ཁག་དང་ས་གནས་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་ཡོད་པ་དང་། མ་མཐར་ཡང་བཀའ་ཁྲི་མཆོག་ལ་བོད་གནས་ཀྱི་རྒྱུན་ཤེས་ཙམ་ཡོད་པ་གནང་རོགས་མཁྱེན་ཞེས་ཞུ་རྒྱུ་ཡིན།
༤) སྤྱིར་བཀྲ་བྷེའི་མིང་མ་སྨྲོས་པ་ཙམ་དེ་ཙམ་གནད་འགག་ཡོད་མེད་མི་ཤེས་ཀྱང་གནད་འགག་གཙོ་བོ་ནི། རང་རེའི་བཀའ་ཤག་གསར་པར་བོད་གནས་རྒྱུས་ལོན་མེད་པ་དང། སྐྱོན་བརྗོད་དམ་དོན་དངོས་ཀྱི་སྐད་ཆ་བཤད་ས་མེད་པ་ནི་ངོ་མ་བློ་ཕམ་གྱི་གནས་ཤིག་རེད་འདུག་པས། ད་ཕྱིན་མང་གཙོའི་འགྲོ་ལུགས་མང་ཙམ་ལག་བསྟར་བྱེད་པ་དང། བཀའ་ཁྲི་མཆོག་ནས་དྲི་བ་དྲིས་ལན་སོགས་ཀྱི་སྐབས་སུ་སྒམ་ཚུགས་མང་ཙམ་འཛིན་རོགས་གནང་ཞེས་ཞུ་རྒྱུ་ཡིན།
གྲོགས་པོ་ཚོ་བཤད་པ་འགྲིག་འདུག་ཡིན་ནའང་ཁ་བཤད་ཆུ་ཡི་སྦུ་བ།ལག་ལེན་གསེར་གྱི་ཐིགས་པ།ཞེས་པའི་དཔེ་ལྟར་ཉིས་སྟོང་བཅུ་གཅིག་དང་བཅུ་གཉིས་ཙམ་མིན་པར་དེའི་གོང་དུ་སོང་བའི་གནས་ཚུལ་གླེང་ཡང་དྲིན་ཅན་ལ་དྲིན་གཟོ་ཕྱིར་མི་འགྲིག་པ་ཆེར་མེད་པ་མ་ཟད་བཀས་བཅད་ཀྱང་བྱས་མེད་་་་འོན་ཀྱང།མཐོ་དམན་སུ་ཡིན་ཡང་བརྒྱ་ཁ་གཅིག་ཆོད་འོང་མི་སྲིད་ཀྱང་རེ་བ་མ་སྟོང་པ་དང་ཡིད་ཆེས་མ་བླག་པར་འབྱུང་འགྱུར་མདུན་ཕྱོགས་ཀྱི་རྦབ་རྡོ་དང་རྒྱབ་ཕྱོགས་ཀྱི་འོབ་དུང་གཉིས་ཆར་མནོ་བསམ་དགོས་པའི་རྟགས་ཡང་དག་ཡིན་སྲིད།
ཤར་ཕྱོགས་ཁུག་རྟ་ལགས་ད་ལྟ་ང་ཚོ་བོད་པ་ལ་དཀའ་ངལ་དང་ཉག་འཕྲང་དོག་པོ་འདི་འདྲ་ལ་སླེབ་དུས་རང་གི་འདོད་དོན་བཀའ་ཁྲིས་སྒྲུབ་རོགས་མ་གནང་བས། རྒྱལ་གཅེས་དཔའ་བོ་ཁོང་རྣམས་ཀྱི་མཚན་བེད་སྤྱོད་བྱས་ནས་རྒྱུ་མཚན་ལྟར་སྣང་སྣ་ཚོགས་ཀྱིས་བོད་པ་ནང་ཁུལ་དུ་དབྱེན་དཀྲུག་དང་བཀའ་ཁྲི་མཆོག་ལ་མཚན་དམོད་ཐབ་སྡུག་དེ་འདྲ་མ་གནང་རོགས། ཁོང་ནི་ང་ཅག་གཞི་བྱས་གཉིས་ཀྱི་དབུ་ཁྲིད་མཚོན་ནུས་པའི་མི་དེ་ཡིན་པས་རྒྱ་དམར་གུང་ཁྲན་མདུན་དུ་མཚན་དམད་དེ་འདྲ་མ་ཞུ་རོགས། དེ་གུས་པའི་སེམས་གཏིང་གི་རེ་བ་ཡིན་པས་མ་་ཟད་དྲ་གྲོགས་རྡོ་རིག་པའི་མདའ་མོས་གསུང་པ་དེ་བདེན་པས་བཀའ་ཁྲི་མཆོག་ལ་ནོར་འཁྲུལ་མེད་འདུག་སྙམ།
དཔའ་བོ་ཐུབ་བསྟན་དངོས་སྒྲུབ་ལགས་ད་ལེན་གི་སྙོག་དྲའི་སྒམ་ཆུང་ནང་ཚུད་དོན་མེད།
མ་འདས་གོང་ལ་གོང་ས་མཆོག་ཆེད་དུ་སྨན་ཁང་དུ་ཕེབས་ཡོད་ལ་།། གཞུང་དམངས་དང་གཞུང་འབྲེལ་མིན་པའི་ཚོགས་དང་དགོན་སྡེ་ཁག་གིས་ཀྱང། ལོ་ཤས་རིང་ལ་དཀར་དཀར་མཆོད་ས་དང་དམར་དམར་རྒྱན་ཆགས་ཡོད། བཙན་བྱོལ་བ་ཚོ་ཚོར་བ་དྲག་པོས་ངུས་པ་དང་བརྒྱལ་གྲངས་མེད་རེད། དེང་སང་བོད་དཔའ་ཕོ་མོ་མཚན་རྐྱང་ལས་། དཔའ་བོ་དཔའ་མོ་ཞེས་མཚན་གི་གོང་སྦྱར་འདོད་མེད་ཚད་ལ་སླེབས་འདུག དངོས་ཡོད་ལྟོས་པའི་སེམས་ཚོར་ཙམ་ཡིན།
ག་ལེར་བཀླགས་ཏེ་བསམ་ཚུལ་བཤད།
དྲྭ་གྲོགས་ཁ་ཤེས་ཀྱིས་གསུང་ན་རྒྱུ་མཚན་མེད་པ་ཞེས་གསུང་འདུག་སྟེ་དེ་ནོར་ཡིན་ན་ཅི་ཤེས་ཁོང་གི་རྒྱུ་མཚན་བཤད་བཞིན་དུ་རྒྱུ་མཚན་མི་འདུག་གསུང་ཡ་ག་རེ་ཡིན་ན། ཡང་སྐུ་ཞབས་བཀྲ་བྷེ་ལགས་༢༠༡༡ལོ་ལ་གྲོང་སོང་རེད་གསུང་ཡ་ཡོད་དམ། ཁྱེད་རྣམས་པའི་སྐད་ཆ་ཁ་ཤས་ཀྱིས་གཞིས་ལུས་རྒྱ་ཆེ་མི་མོངས་ཀྱི་རེ་བ་དང་ཡིད་ཆེས་ལ་སྨས་སྐྱོན་བཏང་ཡ་གི་སྐད་ཆ་རང་རེད་འདུག སྐྱོན་ཅུང་ཟད་ཙམ་མེད་མཁན་ཞིག་ང་ཚོས་བཀའ་བློན་རྙེད་ཀྱི་མ་རེད་ཁོང་གི་ནོར་འཁྲུལ་དང་ལེན་བྱས་ཀྱང་མ་བྱས་ཀྱང་ཁྱེད་རྣམས་པས་སྐད་ཆ་ཆུང་ཆུང་ཞིག་གི་ཆེན་པོ་བཟོ་མ་མཛད་རོག བཀའ་ཁྲི་སྔོན་མ་ལ་ཡང་སྐྱོན་ཅུང་ཟད་ཅིག་བཏང་བ་ཡིན་ན་དེ་དུས་ནམ་ཡང་སྐྱོན་སྤོང་བྱེད་ཐབས་ཁོ་ན་ལས་དང་ལེན་བྱེད་ཀྱི་མ་རེད་དེ་ཙམ་ལ་ཧ་ལས་ཡ་ཡོད་མ་རེད། འུར་མ་རྒྱག་འུར་མ་རྒྱག་ལོ།།
༄༅། །སྤྱིར་བཏང་བཀའ་ཁྲི་མཆོག་གི་གསུང་སྐད་སྙན་མོ་དེས་ང་ཚོ་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད། ཡིན་ན་ཡང་བཀའ་ཁྲིའི་གསུང་སྐད་རྒྱག་སྟངས་ནམ་ཡང་ལམ་ཁ་གཅིག་དང་བརྗོད་གཞི་གཅིག བརྒྱུད་རིམ་གཅིག་གི་ཐོག་ནས་ཕྱོགས་གང་སར་བསྐྱར་བཟླས་ཡང་ཟློས་ཀྱིས་གཏམ་གཅིག་ཁོ་ན་བཤད་འདུག་པ་འདིས་ང་ཚོའི་སེམས་སུ་མཁས་དབང་ཟམ་གདོང་བླ་མ་དྲན་སྐུལ་བཏང་བ་རེད། བཀའ་ཤག་གསར་པའི་ངོས་ནས་ཀྱང་ཚོགས་པ་དང་སྒེར་སོ་སོས་ཚགས་ཤོག་ཁག་དང་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོད་སྤེལ་བྱས་པའི་གནས་ཚུལ་ལས་ལྷག་པའི་གནས་ཚུལ་ཅི་ཡང་མེད་པ་འདིས་འབྲེལ་ཡོད་གཞུང་འཛིན་པ་ཚོས་བོད་ནང་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པའམ་བྱེད་ཀྱི་མེད་པ་གསལ་བོ་མཚོན་པ་ཡིན། ཡང་ན་བཀའ་ཤག་གསར་་པའི་ངོས་ནས་བོད་ནང་གི་གནས་ཚུལ་གང་ཅིར་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པའམ་རྒྱུས་ལོན་བྱེད་ཀྱི་མེད་པའི་ངེས་པ་ཡང་མེད་པར་སྙམ། འོ་ན། རྒྱ་དམར་བོད་ལ་སླེབས་ནས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་བཀྲ་བྷེ་གཉིས་ཀྱིས་རང་ལུས་ཞུགས་ལ་མ་ཕུལ་བའི་བར་བོད་རྒྱལ་ཡོངས་ནས་རང་ལུས་ཞུགས་ལ་ཕུལ་བའི་གྲངས་ཀ་ཅི་ཙམ་ཡོད་དམ། ༧གོང་ས་མཆོག་དབུ་བཞུགས་ཀྱི་མཆོད་འབུལ་དེ་ངེས་པར་དུ་ ༢༠༡༡ ལོའི་དཔའ་བོ་ཚོར་དམིགས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་ཀྱང་བཀའ་ཁྲི་ལ་འདྲི་བ་ལགས།
དེ་དཀྲུགས་ཤིང་གི་སྐད་ཆ་ཞིག་གཏན་ནས་མ་རེད། ཚང་མས་མིག་གིས་མཐོང་ས་དང་རྣ་བས་གོ་ས་རང་ན་དྲི་བ་དྲིས་ལན་དེ་དག་བཤམས་འདུག་པ་དེ་ལྟར་རེད། གང་ལྟར་བཀའ་ཁྲིའི་བྱེད་བབ་ལ་ཡང་ཡང་ལྟ་དུས་ཁོང་ལ་སྐྱོན་བརྗོད་ཀྱི་སྐད་ཆ་ཞིག་ནམ་ཡང་འགྲོ་ས་མི་འདུག་པ་དེ་དངོས་ཡོད་ཅིག་རེད། དུས་མཚུངས་སུ་བཀའཁྲི་ལ་ནོར་འཁྲུལ་ཡོང་སྲིད་པ་དང་། ནོར་འཁྲུལ་བྱུང་རིགས་ལ་ཁོང་གིས་ངོས་ལེན་གཏན་ནས་མི་བྱེད་པའི་སྲོལ་ངན་ཞིག་འདུག དེ་ནི་ཁ་དཔེར། སྡེ་མགོ་བསྡད་ན་ཁོག་པ་ཡངས་དགོས། རྒོད་པོ་ཁྲིད་ན་མཐུར་ཐག་རིང་དགོས་ཟེར་བ་ལྟར་ཡིན་དགོས་ངེས་ཀྱང་། བཀའ་ཁྲི་ཁོང་ནི་དེ་ལས་ལྡོག་ཕྱོགས་སུ་སོང་ཡོད། དེ་བས་ཡ་མཚན་པ་ཞིག་ལ། བཀའ་ཁྲིས་ཁོང་ནི་མི་དམངས་ཀྱིས་འོས་འདེམས་བྱས་པ་ཡིན་ཚུལ་ཡང་ནས་ཡང་དུ་བརྗོད་ཀྱིན་འདུག་ཀྱང་། མི་དམངས་ཀྱིས་ལྟོས་བཅས་ཀྱི་རེ་བ་ཤུགས་ཆེན་པོ་ཞིག་གི་འོག་ནས་ཁོང་ཉིད་བཀའ་ཁྲིར་འོས་འདེམས་བྱས་པ་དེ་ད་དུང་ཤེས་རྟོགས་བྱུང་མེད་པ་འདྲ་ཞིག་རེད། དྲིས་ལན་དེ་དག་ལ་ཉན་དུས་བཀའ་ཁྲིས་མི་དམངས་ལ་འབོད་སྐུལ་འདྲ་ཤུགས་ཆེན་བྱེད་པ་མ་གཏོགས། ཁོང་ཉིད་ལ་མགོ་ཁྲིད་ཅིག་གི་མཚན་གནས་སྤྲད་ཡོད་པ་དེ་དང་འབྲེལ་བའི་འགན་འཁྲིའི་སེམས་ཚོར་ཆེན་པོ་ཞིག་བཀའ་ཁྲི་ལ་ད་དུང་སླེབས་མི་འདུག་བསམས། དམངས་གཙོ་ཞེས་པའི་ཡིག་འབྲུ་འདི་གཉིས་གཙོ་ཆེར་འཛིན་པའི་སྤྱི་ཚོགས་ཤིག་གི་ངོས་ནས་བརྗོད་ན། སྐྱོན་བརྗོད་བྱ་དགོས་སར་སྐྱོན་བརྗོད་དང་། བསམ་ཚུལ་འདོན་དགོས་སར་བསམ་ཚུལ། བགྲོ་གླེང་བྱ་དགོས་སར་བགྲོ་གླེང་སོགས་ཐེ་ཚོམ་མེད་པར་ངེས་ཅན་དུ་བྱ་དགོས་པ་དང་དེ་རྣམས་བྱ་འོས་པ་ནི་དམངས་གཙོའི་ཁྱད་ཆོས་བླ་མེད་ཅིག་རེད། སྤྱི་ཚོགས་གང་ཞིག་གི་ནང་དེ་དག་ཡོང་མ་ཆོག་ན་སྒེར་གཅོད་ཅེས་པའི་ཡིག་འབྲུ་དེ་གཉིས་ཀྱི་ཁོངས་སུ་བསྡུས་ཆོག་སྙམ།
རྡོ་དོན་ཡོད་་་་ཧཧཧཧ། ཁྱོད་ལ་ཁག་མེད་ངས་ཀྱང་ཚོར་གྱི་ཡོད།
ཁོ་པ་ཤར་ཁུག་ནས་ནམ་ནམ་དུས་སུ་འདི་དང་འདི་འདྲ་བཤད་བཞིན་ཡོད་པ། ཁམ་བུ་ཟ་འདོད་མ་ཡིན་པར། ཡལ་ག་གཅོག་འདོད་ཡོད་པ་རེད། ཡང་སྙིང་མདོ་སྔགས་པས་དྲི་བར་དོན་སྙིང་དེ་ཙམ་མི་འདུག་མོད། དོན་སྙིང་ཡོད་མེད་ལ་མ་ལྟོས་པར་བཀའ་ཁྲིའི་གསལ་བཤད་གནད་ལ་ཁེལ་བ་ཚོགས་ཁང་ནང་གི་མི་ཚོའི་རྣམ་འགྱུར་ལས་ཤེས་ཐུབ་པ་ཞིག་རེད། ད་དུང་ཤར་ཁུག་པས། འོད་ཟེར་ལགས་དང་། བཀའ་ཁྲིའི་བར་ལ་དབྱེན་དཀྲུག་བཟོ་འཆར་གྱིས་འོད་ཟེར་ལགས་འདིར་དྲུད་བ་འདིའི་ཅོལ་ཆུང་ཤར་ཁུག་པའི་ནང་གི་དེ་ཉིད་ཕྱིར་བཏོན་པ་ལས་གསལ་བཤད་ཅི་ཡང་བྱས་མེད་པ་རེད། ཅོལ་ཆུང་ཤར་ཁུག་ལྟ་བུ་འཛུམ་མོས་གར་བསྟན་ཤར་དུ་ངོས་འཛིན་བྱེད་མཁན་ཞིག་ཡོད་ན་དེ་འོད་ཟེར་མ་ཡིན་པ་ཤར་ཁུག་གིས་ཤེས་ལོས་དགོས། ཡང་སྙིང་འདི་ལོར་ཤར་ཁུག་དང་ཤར་ཁུག་ལྟ་བུའི་བཤད་ཅིང་བཤད་པ་དག་གིས། བཀའ་ཁྲིའི་སྐྱོན་མཚང་བསྔོག་པ་མ་ཡིན་པར་ཤར་ཁུག་དང་ཤར་ཁུག་ལྟ་བུ་རང་འདོད་ཀྱི་ལྟོ་འདུན་མ་གང་བའི་ཡུས་གཏམ་བཤད་པ་ཙམ་ལས་ཅི་ཡང་མཐོང་དུ་མེད་པ་རེད། ཡང་ཕྱོགས་གཞན་ནས་བསམ་ན་ཤར་ཁུག་ཤར་ཕྱོགས་གང་གི་ཕོ་ཉྭ་ཡིན་མིན་ལ་དོགས་གཞི་མ་ཡོང་རང་ཡོང་རེད། ངའི་བསམ་འཆར་ཁག་འགོག་རྐྱང་གནང་གི་འདུག་པས། འདི་ཡང་བཀག་མིན་ཁྱེད་ཚོས་ཤེས། ཁྱོད་ཤར་ཁུག་དང་ང་ཆོས་འགྲུབ་གཉིས་ཆུ་མོ་བཞིན་འགྲོ་མཁན་མིན་པར་གྲམ་པ་བཞིན་སྡོད་མཁན་ཡིན་དུས། དྷ་སའི་རི་ངོགས་འདི་ནས་ཕན་ཚུན་རྒྱུས་ལོན་བྱེད་རྒྱུ་དེ་ཙམ་ཁག་པོ་མ་རེད།
མངོན་གྱུར་རྟགས་ཀྱི་བདེན་པ་རི་འདྲ་བ་ཞིག་ཕྱག་མཛོད་མདོ་སྔགས་ལགས་ཀྱི་དྲི་བར་བཀའ་ཁྲི་མཆོག་གིས་ལན་གནང་བ་འདི་རེད། འདིས་ག་རེ་མཚོན་གྱི་འདུག་གམ། ག་རེ་བྱས་ནས་རླུང་ལངས་པ་རེད། ཀིརྟི་རིན་པོ་ཆེ་སྐད་བཏང་ཡོད། གསུང་རོགས་བྱས། ཕེབས་རོགས་བྱས་ཞུས་ཡིན་ལབ་ན་སྐད་ཆ་འདི་ཚད་ལྡན་ཞིག་རེད་དམ། མདོ་སྔགས་ལགས་ཀྱིས་བོད་ནང་གི་བསམ་ཚུལ་ཞེས་ལྷག་བསམ་རྣམ་དག་གིས་ཞུས་སོང་། ག་རེ་བྱས་ནས་བཀའ་ཁྲིའི་དེར་དགོངས་པ་མ་ཤོངས་ཚུལ་བསྟན་པ་རེད། མདོ་སྔགས་ལགས་གནད་ཡོད་ཅིག་རེད། ཁོང་ཀྲོག་ཀྲོག་བྱེད་རྒྱུར་དགའ་བོ་ཡོད་མཁན་ཞིག་མ་རེད།
༡ སུ་ཞིག་གིས་མཚན་ཐོ་གཞན་བཏོན་པ་རྣམས་ནག་བསུབ་བཏང་འདུག སུ་ཞིག་གིས་མཚན་ཐོ་གཞན་བཏོན་པར་སྐྱོན་བརྗོད་བྱེད་ཀྱི་འདུག
༢ ༧གོང་ས་མཆོག་དབུ་བཞུགས་ཐོག་ལ་རེད་གདའ་ལབ་ན། དངོས་གནས་བྱིས་པའི་སྐད་ཆ་མ་རེད་བས། བདེན་པ་མེད་དུས་འཇིགས་སྐུལ་འཐེན་བསམས་པ་རེད། འདི་མྱིའི་སྐད་ཆ་ཞིག་གང་ནས་ཡིན།
༣ ལོ་ཚད་གཅོད་པ་དེ་ལུགས་སྲོལ་རེད་ཟེར། སུའི་ལུགས་སྲོལ་རེད། དགོས་པ་རྒྱུ་མཚན་ཟེར་བ་དེ་དམིགས་བསལ་མིན་ན། བོད་བསྟན་སྲིད་ཆེད་སྡུག་བསྔལ་མྱང་དང་མྱོང་བཞིན་པའི་འདས་གསོན་ཡོངས་བྱས་ན་འགྲིག་གི་འདུག་གཱ
༤ བོད་སྐད་ཤེས་མ་ཤེས་ལབ་པ་དེ་མི་ཐང་ཐང་ཞིག་ཡིན་ན་དངོས་གནས་བཤད་ཤེས་ཀྱི་མ་རེད། ག་རེ་བྱས་ནས་དེ་ལྟར་ལབ་པ་རེད་དམ། དེའི་བཀའ་ཁྲི་མཆོག་གི་རང་གཤིས་དང་ནང་སྙིང་བསྟན་མི་འདུག་གམ། ཁྱེད་ཚོས་ཅིག་ཉོན་དང་། གོང་གི་བཀའ་འདི་གནང་སྐབས། ཁོང་གི་བོད་སྐད་དེ་སྐྱུག་བྲོ་ཞིང་ཡིད་ཐང་ཆད་པ་ཞིག་མ་རེད་དམ། བོད་སྐད་ཤེས་མཁན་ཞིག་མིན་ན་བཀའ་ཁྲིས་ག་རེ་གསུངས་བཞིན་པ་རྟོགས་ཐུབ་ཀྱི་འདུག་གམ།
༥ རྡོག་རྩ་ཆིག་སྒྲིལ་ཟེར་བ་དེ་དང་པོ་མི་སོ་སོའི་བསམ་བློའི་སྟེང་ནས་བྱེད་དགོས་པ་ཞིག་རེད། འོད་ཟེར་གྱིས་དྲི་བ་ག་རེ་ཚུལ་མཐུན་བཏང་མི་འདུག དེ་བཞིན་མདོ་སྔགས་ཀྱིས་ཚུལ་མཐུན་ག་ཚོད་གནང་མ་སོང་ངམ། ག་རེ་བྱས་བཀའ་ཁྲི་མཆོག་གི་ཞལ་རས་འགྱུར་ནས་ཕག་གཡུག་ནས་སྐད་ཆེན་པོས་བཀའ་ལན་གནང་བ་རེད་དམ། ངོ་མི་ཚའམ། འདི་དབུ་ཁྲིད་ཅིག་གི་བྱེད་སྟངས་རེད་དམ།
༦ མདོ་སྔགས་ལགས་ཀྱི་རེ་བ་དེ་ག་རེ་བྱས་ནས་ལན་མ་རྒྱབ་པ་རེད་དམ། བློ་སེང་བཀའ་ཁྲིར་བསྡད་ནས་མེར་བསྲེགས་མང་དུ་བྱུང་འདུག་ཟེར། དེ་བདེན་པ་རེད། ཡིན་ནའང་། དེ་དག་གི་གནས་ཚུལ་རེག་ཐུབ་པའི་རྒྱུད་ལམ་ག་རེ་ཡོད། གཞུང་གིས་ག་རེ་གནང་བསྡད་ཡོད་དམ། ཀིརྟི་གྲྭ་ཚང་མིན་ན་དངོས་གནས་བཙན་བྱོལ་གཞུང་མང་ཚང་མ་ངོ་ཚ་རྒྱུ་ཡོད་ན། ཚ་ཆོག་ཆོག་ཡིན། གནས་ཚུལ་ག་ཚོད་ཁུངས་ལྡན་བསྡུ་ལེན་བྱས་མ་སོང་ངམ། སེང་གེའི་བཀའ་ཤག་གིས་ག་རེ་གནང་གི་ཡོད་དམ།
༧ དྲི་བ་བཏང་མི་ཆོག་པ་ག་རེད་དམ། གནས་ལུགས་བཤད་མི་ཆོག་པ་ག་རེད་དམ། མི་འཇོན་ན་ཁས་བླངས་ནས་ག་རེ་བྱེད་ག། དམ་བཅས་ན་བཙན་སྐུལ་བྱས་པ་མ་རེད་བཱ།
༨ དཔོན་པོ་བྱེད་ན་འཇོན་ཐང་དགོས་ཀྱི་རེད། ཆེ་མཐོང་དགོས་ན་ཡོན་ཏན་དགོས་ཀྱི་རེད། བརྩི་བཀུར་དགོས་ན་མི་གཞི་ཡག་དགོས་ཀྱི་རེད། ཤེས་སོང་ངམ།
བཀའ་ཁྲི་མཆོག་ལ་ཐུགས་ཁག་མི་འདུག ད་ལྟ་བར་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་འཕུལ་བ་དང་། བཙོན་ལ་བཅུགས་པ་སོགས་སྟོང་ཕྲག་མང་པོ་ཡོད། རྡོར་གདན་མཆོད་འབུལ་སྐབས་ལ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་རེ་རེ་ལྗགས་ཀློག་བྱེད་དགོས་ན་ཉིན་ཁ་ཤས་ལ་ཚར་རྒྱུ་མ་རེད། གནད་འགག་གི་སྐབས་ལ་སྐད་ཆ་གང་བྱུང་མ་བཤད་ན་བཟང་།
ཤར་ཕྱོགས་ཁུག་རྟར་ཁག་མེད། ཁོང་ལ་ལས་ཀ་མེད་སྐབས། ལས་ཀ་དེ་སྤྲད་པ་རེད། མུ་མཐུད་ཡག་པོ་བྱེད་ཀྱི་འདུག་མ་གཏོགས། དེ་མིན་ཡང་ལས་ཀ་ཤོར་ཡོང་།
དངོས་གནས་བཤད་ན། ལོ་ཚིགས་ཀྱིས་བརྒལ་ནས་མ་འགྲིག་ན། བོད་དོན་ཆེད་ཤི་ཚོད་པོའི་མིང་ཐོ་ཀློག་དགོས་བརྗོད་ན་ག་འདྲ་བྱེད། གལ་སྲིད་ཁ་སང་མིང་ཐོ་མ་ཀློག་པ་དེ་བཀྲ་བྷེ་མིན་ན། རྙོག་གྲ་དེ་ཁྱེད་ཚོས་བཤད་རྒྱུ་རེད་དམ། མི་ཁག་ཅིག་གིས་ག་རེ་བཤད་ཀྱང་དོན་མེད་བསྙོན་འཛུགས་དགོས་དོན་གང་ཡིན།
མང་པོ་ཞིག་གིས་ཕྱོགས་གཅིག་གནས་ཚུལ་ལས་གཏོང་གི་མི་འདུག མཆན་ཡང་བསུབ་ཀྱི་འདུག་ཟེར། ངའི་དེ་དྲ་བདག་གི་བློ་ལ་འབབ་པར་སྨོན། དེ་གཏོང་རོགས། ངས་ནམ་རྒྱུན་མཆན་ཞིག་འབྲི་ཡི་མེད་མོད། ཚང་མས་འདི་འདྲ་བཤད་བསྡད་ན་ངས་ཀྱང་གཅིག་མ་ལ་བསྡད་བཅུག་མ་སོང་།
བོད་པའི་ཐོག་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་བསྙོན་འཛུགས་ཀྱི་སྒྲོ་ཆུང་བཏགས་ནས་ནག་པོ་བཟོ་གང་ཐུབ་བྱེད་མཁན་འདས་པའི་ལོ་རྒྱུས་ནང་དུའང་བྱུང་འདུག་ལ་ད་ལྟའང་ལམ་ངན་དེའི་སྒང་འགྲོ་མཁན་ཁ་ཤས་ཐོན་ཡོང་བས་དེ་དག་ནི་རྒྱབ་ལོག་ནས་བརྒྱུད་སྐུལ་བྱས་པ་དང་། ད་ལྟ་བཙན་བྱོལ་བའི་གོང་བུའི་ནུས་པ་འདི་ཚགས་ཚུད་དུ་འགྲོ་དུས་ཤར་ཕྱོགས་དགྲ་འཛིན་སྟོབས་ཤུགས་ཀྱིས་ངན་སྐུལ་འོག་ནང་རུལ་པ་འགས་གོང་བུའི་ནུས་པ་གཏོར་བཤིག་གཏོང་ཡས་ཀྱི་གྲ་སྒྲིག་བྱེད་ཀྱི་འདུག བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། མཁྱེན་ལྡན་མ་འོད་ཟེར་རྣམ་གཉིས་ལ་རྣམ་དཔྱོད་དང་གཤོག་པ་གཉིས་ལྡན་གྱི་དེང་དུས་ཤེས་ཡོན་ཡོད་པས་མི་མཐུན་པ་དུས་ནམ་ཡང་བཟོ་མི་ཐུབ། ཞིང་གཤེགས་དཔའ་བོ་བཀྲ་བྷེ་ལགས་གཙོ་བོར་གྱུར་པའི་རྒྱལ་གཅེས་པ་དེ་དག་གིས་བོད་སྤྱི་པའི་དོན་དུ་ནུས་ཤུགས་བཏོན་པ་འདི་དག་ནང་ཁུལ་འགལ་ཟླ་བཟོ་ཡག་གི་ཆེད་དུ་མ་རེད། སོགས་སྒྲ་དང་། རྣམས། ཚང་མ། གཙོ་གྱུར། ཡོངས་བཅས་ཀྱི་བསྡུས་ཚིག་མ་ཤེས་ཙང་གོ་ནོར་དེ་དག་ཐེབས་པ་རེད། ད་ནས་བཟུང་ཨ་ཁུ་ཁྲོ་ཐུང་དེ་ཚོའི་རིགས་ལ་་གཟབ་ནན་མ་བྱས་ན་གུང་ཁྲན་ལག་པ་བརྡབ་ཡག་བཟོ་བ་འདུག་ག༽
བཀའ་ཁྲིའི་སྐྱོན་བརྗོད་མི་ཆོག་པ་ག་རེད་དམ། འདི་ཆིག་སྒྲིལ་རེད་དམ། སྐྱོན་བཀབ་ནས་ཁུངས་འཁྱོལ་གྱི་མ་རེད། བོད་ཀྱི་དབུ་ཁྲིད་ཡིན་དུས། སྤྱི་བའི་མི་རེད། བསམ་ཚུལ་ཞུ་སའི་ཡུལ་རེད།
ག་རེ་བྱས་ནས་བཀའ་ཁྲི་མཆོག་གིས་མདོ་སྔགས་ལ་འདི་ལྟར་ལན་གནང་བ་རེད་དམ། ག་རེ་བྱས་པ་རེད་དམ།
དེ་དཀྲུགས་ཤིང་གི་སྐད་ཆ་ཞིག་གཏན་ནས་མ་རེད། ཚང་མས་མིག་གིས་མཐོང་ས་དང་རྣ་བས་གོ་ས་རང་ན་དྲི་བ་དྲིས་ལན་དེ་དག་བཤམས་འདུག་པ་དེ་ལྟར་རེད། གང་ལྟར་བཀའ་ཁྲིའི་བྱེད་བབ་ལ་ཡང་ཡང་ལྟ་དུས་ཁོང་ལ་སྐྱོན་བརྗོད་ཀྱི་སྐད་ཆ་ཞིག་ནམ་ཡང་འགྲོ་ས་མི་འདུག་པ་དེ་དངོས་ཡོད་ཅིག་རེད། དུས་མཚུངས་སུ་བཀའཁྲི་ལ་ནོར་འཁྲུལ་ཡོང་སྲིད་པ་དང་། ནོར་འཁྲུལ་བྱུང་རིགས་ལ་ཁོང་གིས་ངོས་ལེན་གཏན་ནས་མི་བྱེད་པའི་སྲོལ་ངན་ཞིག་འདུག དེ་ནི་ཁ་དཔེར། སྡེ་མགོ་བསྡད་ན་ཁོག་པ་ཡངས་དགོས། རྒོད་པོ་ཁྲིད་ན་མཐུར་ཐག་རིང་དགོས་ཟེར་བ་ལྟར་ཡིན་དགོས་ངེས་ཀྱང་། བཀའ་ཁྲི་ཁོང་ནི་དེ་ལས་ལྡོག་ཕྱོགས་སུ་སོང་ཡོད། དེ་བས་ཡ་མཚན་པ་ཞིག་ལ། བཀའ་ཁྲིས་ཁོང་ནི་མི་དམངས་ཀྱིས་འོས་འདེམས་བྱས་པ་ཡིན་ཚུལ་ཡང་ནས་ཡང་དུ་བརྗོད་ཀྱིན་འདུག་ཀྱང་། མི་དམངས་ཀྱིས་ལྟོས་བཅས་ཀྱི་རེ་བ་ཤུགས་ཆེན་པོ་ཞིག་གི་འོག་ནས་ཁོང་ཉིད་བཀའ་ཁྲིར་འོས་འདེམས་བྱས་པ་དེ་ད་དུང་ཤེས་རྟོགས་བྱུང་མེད་པ་འདྲ་ཞིག་རེད། དྲིས་ལན་དེ་དག་ལ་ཉན་དུས་བཀའ་ཁྲིས་མི་དམངས་ལ་འབོད་སྐུལ་འདྲ་ཤུགས་ཆེན་བྱེད་པ་མ་གཏོགས། ཁོང་ཉིད་ལ་མགོ་ཁྲིད་ཅིག་གི་མཚན་གནས་སྤྲད་ཡོད་པ་དེ་དང་འབྲེལ་བའི་འགན་འཁྲིའི་སེམས་ཚོར་ཆེན་པོ་ཞིག་བཀའ་ཁྲི་ལ་ད་དུང་སླེབས་མི་འདུག་བསམས། དམངས་གཙོ་ཞེས་པའི་ཡིག་འབྲུ་འདི་གཉིས་གཙོ་ཆེར་འཛིན་པའི་སྤྱི་ཚོགས་ཤིག་གི་ངོས་ནས་བརྗོད་ན། སྐྱོན་བརྗོད་བྱ་དགོས་སར་སྐྱོན་བརྗོད་དང་། བསམ་ཚུལ་འདོན་དགོས་སར་བསམ་ཚུལ། བགྲོ་གླེང་བྱ་དགོས་སར་བགྲོ་གླེང་སོགས་ཐེ་ཚོམ་མེད་པར་ངེས་ཅན་དུ་བྱ་དགོས་པ་དང་དེ་རྣམས་བྱ་འོས་པ་ནི་དམངས་གཙོའི་ཁྱད་ཆོས་བླ་མེད་ཅིག་རེད། སྤྱི་ཚོགས་གང་ཞིག་གི་ནང་དེ་དག་ཡོང་མ་ཆོག་ན་སྒེར་གཅོད་ཅེས་པའི་ཡིག་འབྲུ་དེ་གཉིས་ཀྱི་ཁོངས་སུ་བསྡུས་ཆོག་སྙམ།
རེད་དེ་འདིའི་ནང་རྩོམ་པ་པོ་འོད་ཟེར་ལགས་དྲུད་ནས་ཡོང་དོན་རྐང་བཙུགས་ནས་དཀྲུགས་ཤིང་མིན་ན་ཅི་རེད། འོད་ཟེར་གྱིས་བོད་སྐད་དག་མོ་ཞིག་མི་འཁྱོངས་བ་གསལ་བོ་རེད་ལ་ཡོངས་གྲགས་རེད་ཟེར་ཡང་མ་ཆོག་པ་མི་འདུག ཉེ་ཆར་ཨེ་ཤི་ཡ་བོད་སྐད་རླུང་འཕྲིན་གྱིས་བཅར་འདྲི་བྱས་པར་གཟིགས་ན་ཤེས་ནུས། བཀའ་འཁྲི་བློ་སེང་ལ་སྐྱོན་བརྗོད་ཆེད་འོད་ཟེར་བེད་སྤྱོད་པ་འདི་བྱེད་ཐབས་ཡག་པོ་ཞིག་རྩ་ནས་མ་རེད། འདིའི་སྔོན་ཁ་བརྡ་ཚང་གིས་ངའི་མཆན་གཉིས་བསྲུབ་འདུག
ཨ་ར་དཀར་པོ་ལགས། བཀའ་ཁྲིས་བོད་མི་སྐད་ཤེས་ཀྱི་མི་འདུག་གསུངས་བ་དེ་འོད་ཟེར་ལ་མིན་ན། ཤར་ཕྱོགས་ཁུག་རྟ་ལ་རེད་བས།
ངོ་མ་རེད་བཀའ་ཁྲིའི་སྐྱོན་བརྗོད་ཆོག་གི་རེད། སྐྱོན་བཀབ་ནས་ཁུངས་འཁྱོལ་གྱི་མ་རེད། ཁོང་བོད་ཀྱི་དབུ་ཁྲིད་རེད་ སྤྱི་བའི་མི་རེད། བསམ་ཚུལ་ཞུ་སའི་ཡུལ་རེད། ཁྱེད་བོད་འབང་རེད་བསམ་ཚུལ་ཞུ་ཆོག་གི་རེད། འོན་ཀྱང་ཚོད་ཡོད་རྒྱུ་རེད། སྒེར་འཁོན་སེམས་ལ་ཉལ་ནས་གཞི་མེད་སྐྱོན་བརྗོད་བྱས་ན་ག་འདྲ། དོན་མེད་གོང་འོག་བར་དཀྲུག་ཤིང་བྱས་ན་ག་འདྲ། དྲྭ་གྲོགས་སོས་བསམ་བཟང་གང་བཤད་ལ་ཉན་འཇོག་ཙམ་ཡང་མི་བྱེད་པར་རང་སྐྱོན་རང་གི་འགབ་ན་ག་འདྲ།
ཁྱེད་ངོ་མ་ག་རེ་བྱས་ནས་བཀའ་ཁྲི་མཆོག་ལ་འདུ་ལྟར་ཞེ་འཁོན་ཁོང་ཁྲོ་ཡོད་པ་རེད་འདི་ཁྱེད་ཀྱི་ཕུག་བསམ་རེད་དམ། འདི་ཁྱེད་ཀྱི་རེ་བ་རེད་དམ གཞི་ལས་བོད་མི་དང་ནམ་བཀའ་ཁྲི་མཆོག་གི་བར་ནམ་དཀྲུག་ཐུབ་ན་དེ་དུས་ཁྱེད་ཀྱི་རེ་བ་འགྲུབ་འེ་རེད་་་་་་་་་འེ་རེད?????????????????????????
ཕྱོགས་གཉིས་ནས་བློ་ཕམ་ཡོད། མིང་ ༡༢ འབོད་རྒྱོ་དེ། མཆོད་འབུལ་སྨོན་ལམ་དེ་འདྲའི་ཆེན་པོ་དེ་འདྲའི་བྱས་རྒྱུའི་ཀི་གཟི་བརྗིད་དེ་ལ། མིང་གཅིག་བོས་མ་སོང་། གང་མིན་ཚད་ཡིན་ཟི། ད། བྱས་ཡོང་དུས་སྒང་ལ། མིང་ ༡༢ འབོད་རྒྱུ་དེ་གཟི་བརྗིད་མ་རེད་བས། མིང་ ༡༢ ལ་མཐོང་སྤྲད་པ་རེད་བ། མིང ༡༢་ལ་མཐོང་སྤྲོད་ས་ལ། མིང ༡ ལ་མཐོང་མ་སྤྲོད་པ་ཡོང་སྲིད་ཀྱི་རེད་བས། ག་རེ་བྱས་ནས་དབྱེ་བ་བྱས་དགོ་རེད། དབྱེ་བ་བྱས་དགོ་དོན་མི་འདུག་གཱ
ཁོག་ཚེར་མ་ཁྱོད་འགོ་ཚོད་ལ་མ་ཚོད་པའི་སྐད་ཆ་དེ་འདྲ་མ་བཤད། དང་པོ་ཡག་པོ་ཞིག་ཀློག
བཀའ་ཁྲིས་གསུང་གསལ་ལ།
” ཕྱོགས་གཉིས་ནས་བློ་ཕམ་ཡོད། མིང་ ༡༢ འབོད་རྒྱོ་དེ། མཆོད་འབུལ་སྨོན་ལམ་དེ་འདྲའི་ཆེན་པོ་དེ་འདྲའི་བྱས་རྒྱུའི་ཀི་གཟི་བརྗིད་དེ་ལ། མིང་གཅིག་བོས་མ་སོང་། གང་མིན་ཚད་ཡིན་ཟི། ད། བྱས་ཡོང་དུས་སྒང་ལ། མིང་ ༡༢ འབོད་རྒྱུ་དེ་གཟི་བརྗིད་མ་རེད་བས། མིང་ ༡༢ ལ་མཐོང་སྤྲད་པ་རེད་བ། མིང ༡༢་ལ་མཐོང་སྤྲོད་ས་ལ། མིང ༡ ལ་མཐོང་མ་སྤྲོད་པ་ཡོང་སྲིད་ཀྱི་རེད་བས། ག་རེ་བྱས་ནས་དབྱེ་བ་བྱས་དགོ་རེད། དབྱེ་བ་བྱས་དགོ་དོན་མི་འདུག་གཱ། ”
དངོས་གནས་བྱས་ན་ཁོང་གིས་མ་ཤེས་པ་ཁས་ལེན་བྱས་མི་འདུག་གམ།
མི་ལ་སྐྱོན་བརྗོད་བྱེད་དགོས་ཀྱང་། གང་བཤད་པ་དེ་ཡིག་ཐོག་ལ་ཡག་པོ་ཕབ་དགོས་པ་རེད། གོ་རྒྱུ་མེད་པ་མང་པོ་བྲིས་འདུག མི་ལ་ཐུབ་ཚོད་གཏོང་རྒྱུ་མང་དྲག་པ་མ་རེད་དམ། ད་དུང་འོད་ཟེར་དང་བཀའ་ཁྲིའི་བར་ལ་དཀྲུག་ཤིང་རྒྱག་དོན་ཅི་ཡིན། དམིགས་ཡུལ་ཆུང་ཆུང་ཡིན་གྱི་རེད། དེ་མིན་ཤར་ཕྱོགས་ཁུག་རྟས་འོད་ཟེར་ལ་བསྟོད་པ་ཞིག་རྒྱག་གི་མ་རེད།
བློ་སེང་གིས་མི་འཇོན་ན་ག་རེ་བྱས་ནས་བཀའ་ཁྲིར་ལངས་པ་རེད། ད་སྡུག་སྐད་རྒྱག་ཚོད་མ་རེད། ཁོང་ལན་འདི་གནང་དུས་རླུང་ལངས་པ་དེ་དངོས་གནས་ཐབས་སྐྱོ་བོ་རེད། ཁོང་གི་བྱེད་སྟངས་འགྲིག་མི་འདུག
ངོ་མ་རེད་བཀའ་ཁྲིའི་ སྐྱོན་བརྗོད་ཆོག་གི་རེད། སྐྱོན་བཀབ་ནས་ཁུངས་འཁྱོལ་གྱི་མ་རེད། ཁོང་བོད་ཀྱི་དབུ་ཁྲིད་རེད་ སྤྱི་བའི་མི་རེད། བསམ་ཚུལ་ཞུ་སའི་ཡུལ་རེད། ཁྱེད་བོད་འབང་རེད་བསམ་ཚུལ་ཞུ་ཆོག་གི་རེད། འོན་ཀྱང་ཚོད་ཡོད་རྒྱུ་རེད། སྒེར་འཁོན་སེམས་ལ་ཉལ་ནས་གཞི་མེད་སྐྱོན་བརྗོད་བྱས་ན་ག་འདྲ། དོན་མེད་གོང་འོག་བར་དཀྲུག་ཤིང་བྱས་ན་ག་འདྲ། དྲྭ་གྲོགས་སོས་བསམ་བཟང་གང་བཤད་ལ་ཉན་འཇོག་ཙམ་ཡང་མི་བྱེད་པར་རང་སྐྱོན་རང་གི་ འགབ་ན་ག་འདྲ།
ཁྱེད་ངོ་མ་ག་རེ་བྱས་ ནས་བཀའ་ཁྲི་མཆོག་ལ་འདུ་ལྟར་ཞེ་འཁོན་ཁོང་ཁྲོ་ཡོད་པ་རེད་འདི་ཁྱེད་ཀྱི་ཕུག་ བསམ་རེད་དམ། འདི་ཁྱེད་ཀྱི་རེ་བ་རེད་དམ གཞི་ལས་བོད་མི་དང་ནམ་བཀའ་ཁྲི་མཆོག་གི་བར་ནམ་དཀྲུག་ཐུབ་ན་དེ་དུས་ཁྱེད་ཀྱི་ རེ་བ་འགྲུབ་འེ་རེད་་་་་་་་་འེ་རེད?????????????????????????
མི་འཇོན་ན་ཁས་བླངས་བ་རེད། མི་ཐུབ་རུང་དམ་བཅས་པ་རེད། སྐད་ཆ་འདི་དངོས་གནས་ཡག་པོ་འདུག ངས་ཁ་བཏོན་དུ་བགྲང་གི་ཡིན། མི་ཚང་མས་ཧ་གོ་ན་ཡག་པོ་རེད། ཧཧཧཧ
ངོ་མ་ངའི་ནི་བསམ་བློ་ཇི་ལྟར་བཏང་ཡང་་་དྲི་བ་དེ་བཀའ་ཁྲི་མཆོག་ལ་ཞུ་མི་རུང་བ་དང་སྐབས་སུ་མ་བབ་པ་ཞིག་ཡིན་པ་མཐོང་མ་སོང་རྒྱུ་མཚན་སྤྱི་ཚོགས་ནང་དྲི་བ་འདི་མཁས་བླུན་གཉིས་ཀ་ལ་ཡོད་པ་མངོན་ཡོད་མོད་ད་ཕན་བཀའ་ཤག་དང་འབྲེལ་ཡོད་ཆོས་དོན་ལས་ཁུངས་སོགས་གང་ནས་འདིའི་སྐོར་ལ་གསལ་བཤད་བྱས་པ་ཞིག་གོ་མ་སོང་། ང་རང་གི་རྩ་ཆེའི་འོས་ཤོག་གཅིག་པོ་ད་ལྟའི་བཀའ་ཁྲི་མཆོག་ལ་ཕུལ་མཁན་ཞིག་གི་ངོས་ནས་བསམ་ན་ད་རེས་མི་རྗེས་མཆོག་གི་བཀའ་ལན་ཚིག་རྫུབ་ཆེ་ལ་སྐུ་ཡི་རྣམ་འགྱུར་ཡང་ཐལ་ཆ་ཆེ་དྲག་པ་ད་ནས་རྒྱ་ཆེའི་མི་མང་ལ་ཡོས་འམ་ཁ་དྲིན་རྩི་མགོ་ཚུག་པ་སོགས་མཇལ་ཡོང་དུས་ངོ་མ་སེམས་ཕམ་པོ་ཞིག་བྱུང་། འགལ་རྐྱེན་བར་ཆད་རུ་འཛིངས་བ་ལྟ་བུའི་ནང་སྐུ་ཚེ་གང་བོ་བོད་བསྟན་སྲིད་ཆེད་ཡོངས་སུ་གཏོང་གནང་མཛད་མཁན་༧ གོང་ས་མཆོག་དང་དོན་དམ་གྱི་མཁས་དབང་ཟམ་གདོང་བླ་མ་སོགས་རྒན་རབས་པ་དེ་ཚོའི་བཀའ་དྲིན་སེམས་གཏིང་ནས་དྲན་སོང་། ང་ཚོའི་གཞུང་གི་མཛད་གཙོ་རྣམ་པ་ཚོ་རྒྱ་ཆེའི་མི་མང་གི་ཞབས་འདེགས་ཞུ་མཁན་ཡིན་པ་ལས་མཐོང་ཆུང་ཆད་གསོད་བྱེད་མཁན་གྱི་དཔོན་ངན་སྒེར་གཅོད་པ་དེ་འདྲ་ཡིན་མི་རུང་༧ གོང་ས་མཆོག་གི་མི་རེ་ངོ་རེའི་སྐྱོན་སེལ་གཡོ་སྲུང་བྱེད་དགོས་བ་དང་དོག་པ་རེ་ཡོད་ན་དངོས་སུ་གཞུང་གི་མཛད་གཙོ་རྣམ་པར་བཀའ་འདྲི་ཐད་ཀར་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་ཚང་མའི་ཤེས་ལོས་ཡོད ། རང་དབང་དང་མང་གཙོ་ཐོབ་ཐང་དང་འདྲ་མཉམ་དྲང་བདེན་དང་ཞི་བདེ་སོགས་རྩོད་ལེན་བྱེད་པའི་མི་རིགས་ཤིག་གི་མགྲིན་ཚབ་པར་འདི་ལྟར་ཡར་ཞུས་ཀྱི་དོག་འདྲི་ཁག་ལ་བརྩེ་བའི་དགའ་བསུ་མི་ཞུ་བ་ནི་བཀྲ་མི་ཤེས་བ་ཞིག་རེད ། ཐོག་མའི་ཁ་གཡང་ནང་གི་ཆིག་སྒྲུལ་ཅི་ལྟར་བྱ་སྲིད་དབང་སྒེར་གཅོད་རང་ལུགས་པ་དང་ཆད་ཅི་ལྟར་འགྱེད་སྐབས་འདིར་༧གོང་ས་མཆོག་གིས་གསུངས་གནང་བའི་ཁོང་སྐུ་ན་མ་སོན་གོང་གི་རྒྱལ་ཚབ་སྟག་གྲགས་སྐབས་ཀྱི་ཕ་ལའི་གཟིམ་ཤག་གི་གཡོག་པོ་གཉོམ་ཆུང་ཞིག་གི་བདེ་སྡུག་ཞུས་བ་སྐུ་དྲག་ཚོས་གསན་བཞེས་མེད་པར་བཀའ་བཅོམ་གཏང་སྐྱང་གནང་སོང་ཚུལ་གྱི་སྒྲུང་དེ་ཡང་ཡིད་ལ་དྲན་ཡོང་གི །
གནས་ཚུལ་གང་ཡིན་དང་བསམ་ཚུལ་གང་ཡོད་དུས་ཐོག་སྤེལ་ན་སྤཻལ་སྟངས་ཤིག་རེད་ལ་བཀའ་འཁྲི་ཡིན་པའི་ཆ་ནས་སྐྱོན་བརྗོད་བྱས་མི་ཆོག་པའང་གང་ཡང་མིན་མོད། ཆེད་དུ་དུས་ཚོད་འདི་འདྲའི་སྐབས་ལ་ཚར་ཚར་བ་ཞིག་བསྔོགས་ནས་སྐྱོན་བརྗོད་བྱས་པའི་མ་ཚད་བཀའ་འཁྲིའི་བཀའ་མོལ་དག་ཡིག་ཐོག་ཕབ་སྟངས་ལ་བལྟས་ནའང་སྙིང་ནད་ཁོག་བཅངས་བྱས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། མང་པོ་མི་བཤད་ངའི་མཆན་གསུམ་བཀོག་ཚར་འདུག ངོ་མ་བཤད་ན་གནས་ལུགས་ཙམ་མ་གཏོགས་བློ་ཆོས་ཀྱི་མི་གཞིར་རྨ་འབེབས་སོགས་གང་ཡང་བྱས་མེད་པས་བསུབ་བཞག་པར་བློ་ཕམ་བྱུང་། དེ་ཙམ་ཡང་དྲ་ཐོག་ཏུ་འགྲོ་ས་མེད་པ་གང་ཡིན་ནམ། ཤུ་་་་་་་་་
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡའི་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com