བཙན་བྱོལ་ནང་གི་ང་ཡིན་ཁོ་ཡིན་ཟེར་མཁན་མྱུག་ཐོགས་པ་ཚོ། དྲ་ཐོག་གི་མཆན་རིང་རྙོག་རྙོག་འབྲི་མཁན། ཤོག་ཐོག་གི་དགག་ལན་པོ་ཏི་འབྲི་མཁན་ཨ་མྱེ་གཉེན་ཆེན་ཚོ། ད་ཤོག་ད་འདི་ལ་ཕྲིས་ཤིག།
དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན
ཀྲུང་གོའི་བོད་ལྗོངས་དྲ་བཡེ་རྡོ།
ད་ལོའི་ཚུན་ལ། ཞིང་ཆེན་དང་བོད་ཁུལ་ལ་ལའི་ས་ཆ་ཁག་ནས་རང་སྲེག་དོན་རྐྱེན་དང་རྡུང་འཕྲོག་བཅོམ་གསུམ་གྱི་དོན་རྐྱེན་འགའ་བྱུང༌། ཏཱ་ལའི་ཚོགས་ཁག་ལ་ཡང་བསྐྱར་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཏེ་བོད་ཁུལ་གྱི་གནས་བབ་ཧ་ཅང་ཚབས་ཆེན་ཡིན་ཚུལ་སྐོར་གང་སར་འུད་སྒྲོག་ཤུགས་ཆེན་བྱས་འདུག ཐོག་མར་ཟླ་ ༢ པའི་ཚེས་ ༨ ཉིན་“འཛམ་གླིང་ཡོངས་ཀྱི་སྒྲོན་འོད་སྦར་བའི་མཚན་མོའི་བྱེད་སྒོ”སྤེལ་ནས་“གཏམ་བརྗོད་སྤེལ་བའི་རང་དབང་ལ་རོགས་སྐྱོར་དགོས་ཚུལ་” བཏོན་ནས་བོད་མི་ཡོངས་ལ་བོད་ལུགས་ལོ་སར་མེད་པའི་སྐུལ་མ་བཏང༌། དེ་ལས་ཀྱང་བློས་དཔོག་དཀའ་བ་ཞིག་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་“མངོན་སུམ་ཡིན་མིན་གྱི་རྟོག་ཞིབ་ཚོགས་པ་”ཞིག་བོད་ཁུལ་དུ་མངགས་ནས་རྟོག་ཞིབ་བྱས་འདུག་ཅེས་འཁྱམ་བཤད་ཅིག་ཀྱང་འདུག
ཟླ་ ༣ པ་སླེབས་པ་དང་བསྟུན་ནས་ཏཱ་ལའི་ཚོགས་ཁག་གིས་སྔོན་སྲོལ་ལྟར་བོད་མི་དམངས་ཀྱི་ཡར་ལངས་སྐབས་གསར་བ་ཞིག་འུད་སྒྲོག་བྱེད་འགོ་བརྩམས། དེ་ནི་གཙོ་བོ་བོད་ཁུལ་དུ་ཁྲག་བཞུར་དོན་རྐྱེན་མང་པོ་འབྱུང་བའི་རེ་སྙེག་ཅིག་ཡིན། བྱེད་སྟངས་འདི་ཚང་མ་ནང་དོན་གསར་བ་ཞིག་མེད་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དེ་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ན་ཡང༌། ཏཱ་ལའི་ཚོགས་ཁག་གི་ཁ་བྲལ་རིང་ལུགས་ཀྱི་བསམ་བློ་དེ་སྔར་ལས་རྣོ་ངར་ཅན་དང་དྲག་ཤུགས་ཀྱི་ཕྱོགས་སུ་འགྲོ་བ་མངོན་བྱུང་བས། དེར་མི་རྣམས་ཀྱིས་དོ་སྣང་དང་ཡིད་འཇོག་བྱེད་པའི་རིན་ཐང་ཡོད་འདུག
རང་སྲེག་ལ་འུད་སྒྲོག་བྱས་ནས་བོད་རང་བཙན་བྱེད་པའི་སེམས་ཁྲལ་དེ་ཕྱི་རུ་མངོན།
ཏཱ་ལའི་ཚོགས་ཁག་གིས་སྔ་མོ་ཞིག་ནས་བཟུང་རང་སྲེག་ལ་ངན་ཇུས་དང་ངན་སྐུལ་བྱས་པ་སྟེ། ༢༠༠༡ ལོར་ཤིན་ཧྭ་གསར་འགྱུར་ཁང་གིས་རང་རྒྱལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཏཱ་ལའི་ཚོགས་ཁག་གིས་བོད་ལྗོངས་སུ་མངགས་ནས་རང་སྲེག་བྱེད་དུ་བཅུག་ཀྱང༌། མཐར་དམིགས་ཡུལ་མ་འགྲུབ་པའི་ཉེས་ཅན་ཞིག་ལ་རྩད་གཅོད་བྱས་པའི་སྐོར་བཀོད་པ་ལས། དེ་ནི་མཚོ་སྔོན་ནས་ཡིན་པའི་གྲྭ་བ་ཞིག་ཁྲིམས་འགལ་ངང་རྒྱལ་མཚམས་བརྒལ་རྗེས། ཏཱ་ལའི་ཚོགས་ཁག་གི་བདེ་འཇགས་པུའུ་དང༌། ཁུལ་གསུམ་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་གཡོ་ཐབས་དང༌། ཇུས་འགོད། རྩ་འཛུགས་བྱས་འོག་རང་སྲེག་བྱས་པ་ཡིན་པའི་བརྒྱུད་རིམ་ཡོད་ཚད་བསྒྲགས་མྱོང༌། དེར་ཏཱ་ལའི་ཚོགས་ཁག་གིས་གསར་འགྱུར་དང་རྒྱལ་སྤྱིའི་འབྲེལ་བ་པུའུ་ལ་འཕྲལ་དུ་གསལ་བསྒྲགས་སྤེལ་ནས་དེ་འདྲ་མིན་ཚུལ་གྱི་གླེང་བརྗོད་སྤེལ། བོད་ལྗོངས་འགུལ་སྐྱོད་ཡོངས་ཀྱི་ཡིད་ཆེས་དང་མཚན་སྙན་ནི་ཏཱ་ལའི་བླ་མས་སྣེ་ཁྲིད་པའི་དྲག་ཤུགས་མ་ཡིན་པའི་རྩ་དོན་གཞི་བྱས་པ་ཡིན་ཞིང༌། བོད་ལྗོངས་སུ་མངགས་ནས་རང་སྲེག་དོན་རྐྱེན་བཟོ་བ་ནི་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་དང་རྒྱབ་འགལ་དུ་སོང་བ་ཡིན། ནང་བ་ལྟར་ན། སྲོག་གཅོད་པ་དང་རང་སྲོག་གཅོད་པ་ནི་ཉེས་དམིགས་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་པ་ཡིན་ཞེས་དང༌། ཡང་ ༡༩༩༨ ལོར་བོད་པ་ཞིག་ཏི་ལི་གསར་བ་ནས་རང་སྲེག་བྱས་མྱོང་ཞིང༌། དེར་ཏཱ་ལའི་བླ་མས་དེ་ལྟའི་བྱེད་སྤྱོད་ཐ་ཤལ་རིགས་ལ་དགག་པ་ཆེན་པོ་བྱས་ཏེ། བོད་པ་ཡོངས་ཀྱིས་དེ་ལྟའི་མི་དགེ་བའི་བྱེད་སྤྱོད་མི་བགྱིས་པར་གྱིས་ཅེས་སྐུལ་མ་ཡང་ཡང་གནང༌།
ལོ་བཅུའི་རྗེས་ཀྱི་ ༢༠༡༡ ལོར་བོད་ཁུལ་གྱི་ས་ཆ་ཁ་ཤས་སུ་ཡང་བསྐྱར་རང་སྲེག་གི་དོན་རྐྱེན་བྱུང༌། ཏཱ་ལའི་བླ་མ་དང་དེའི་ཚོགས་ཁག་གིས་སྒྲོག་གཏམ་སྤེལ་བའི་བྱེད་སྟངས་གཞི་ནས་འགྱུར། ཏཱ་ལའི་བླ་མས་དེ་ལ་དགག་རྒྱག་བྱེད་རྒྱུ་ཕར་ཞོག རང་ཉིད་གཙོ་བྱས་ཏེ་དམིགས་བསལ་གྱི་ཆོས་ཚོགས་འཚོགས་ཏེ་ཉིན་གཅིག་གི་ཟས་ཐུན་བཅད་ནས་རང་སྲེག་དོན་རྐྱེན་ལ་རྒྱབ་སྐྱོར་བྱས། བཙན་བྱོལ་སྲིད་གཞུང་དང་བོད་རང་བཙན་གྱི་རྩ་འཛུགས་བཅས་ཀྱི་འགོ་གཙོ་རེ་རེ་ནས་རང་སྲེག་བྱེད་མཁན་ནི་མི་རིགས་ཀྱི་དཔའ་བོ་དང༌། མི་བསོད་ནམས་ཅན། ཡང་སྤྲུལ་ངོས་འཛིན་བྱེད་དགོས་པ་ལ་སོགས་པའི་གསལ་བསྒྲགས་སྤེལ་བ་རེད། ཉེ་ལམ། བོད་ལྗོངས་རང་དབང་སློབ་མའི་འགུལ་སྐྱོད་སྤེལ་བའི་གྲོས་ཚོགས་སུའང༌། རང་བཙན་གྱི་དོན་ཆེན་ལ་རང་གི་ཚེ་སྲོག་འབུལ་བ་ནི་ནང་བསྟན་གྱིས་ཆེས་དར་སྤེལ་བྱེད་བྱ་ཉག་ཅིག་ཡིན་ཞེས་བརྗོད་འདུག རྔ་བ་ཀིརྟི་དགོན་དུ་རང་སྲེག་དོན་རྐྱེན་ཐེངས་དུ་མར་བྱུང་བ་དང༌། དེ་ལས་ཕྱིར་བྲོས་བྱོལ་དུ་ཕྱིན་པའི་ཀིརྟི་རིན་པོ་ཆེ་ནས་ཀྱང་ན་ནིང་གི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་ཨ་རི་ནས་མཚམས་སྦྱོར་ཚན་པར། རང་སྲེག་གི་བྱེད་སྟངས་དེ་ནི་ནང་བསྟན་གྱིས་དར་སྤེལ་བྱེད་པའི་གཞན་ཕན་གྱི་དགོངས་པ་ཡིན་ཞེས་དང༌། རྒྱལ་ཕྱིའི་ཀིརྟི་དགོན་གྱི་གསར་འགྱུར་འབྲེལ་གཏུག་ཚོགས་ཆུང་གིས་བཅར་འདྲི་གནང་སྐབས། རང་སྲེག་དོན་རྐྱེན་འབྱུང་བའི་དར་ལུགས་འདི་ལྡོག་ཐབས་མེད་ལ། བཙན་བྱོལ་བོད་པ་རྣམས་ཀྱིས་རང་སྲེག་མཁན་གྱི་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བར་ཁག་ཐེག་བྱེད་ངེས་ཞེས་བརྗོད་བྱུང༌།
སྨྱུག་ཐོགས་པས་སྔ་མོ་ཞིག་ནས་བསྟན་ཡོད། ཏཱ་ལའི་བླ་མས་བོད་རང་བཙན་གྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། དུས་རབས་ཕྱེད་ཙམ་གྱི་རིང་ལ་དྲག་ཤུགས་དང་དྲག་ཤུགས་མ་ཡིན་པའི་བྱེད་ཐབས་གཉིས་ཟུང་དུ་འབྲེལ་ནས་བྱ་འགུལ་སྤེལ་བ་རེད། ད་ལྟ་ཏཱ་ལའི་ཚོགས་ཁག་གིས་བོད་བརྒྱུད་ནང་བསྟན་དེ་ཉིད་རང་སྲེག་གི་ཆོས་ལུགས་ཤིག་ཏུ་འགྱུར་བར་མི་བལྟས་པར། ལོ་ ༡༠ སྔོན་གྱི་དྲག་ཤུགས་ཀྱི་འགན་འཁྲི་གཡོལ་ཐབས་བྱེད་པ་ནས་དྲག་ཤུགས་བཀོལ་སྤྱོད་ཁྱབ་བསྒྲགས་བྱེད་པའི་ཕྱོགས་སུ་བསྒྱུར། དེས་ཁོང་གི་སྟོབས་ཤུགས་ཇེ་ཆེར་སོང་བ་མཚོན་ཐུབ་པ་ཕར་ཞོག དྲག་ཤུགས་མ་ཡིན་པའི་བྱེད་ཐབས་འཐུས་ཤོར་དུ་སོང་བར་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས་དྲག་ཤུགས་ལ་གསོལ་འདེབས་མི་བྱེད་ག་མེད་བྱུང༌།
བོད་རང་བཙན་གྱིས་གནས་བབ་ལ་དཀྲོགས་རྐྱེན་ཅི་ཐབས་བཟོ་བ།
ཟླ་ ༢ པའི་ཚེས་ ༤ ཉིན་ཏཱ་ལའི་ཚོགས་ཁག་གི་ནོར་ཝེ་བོད་སྐད་རླུང་འཕྲིན་དང༌། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་སོགས་ཕྱི་རྒྱལ་གྱི་མཚམས་སྦྱོར་ཚན་པ་དུ་མ་ཞིག་གིས་གོ་རིམ་བཞིན་དུ་གསར་འགྱུར་ཅི་རིགས་སྒྲོག་སྤེལ་གནང་འདུག་པ་ནི། སི་ཁྲོན་དཀར་མཛེས་ཁུལ་གྱི་གསེར་རྟ་རྫོང་གི་ལོ་ན་དྲུག་ཅུར་ལོན་པའི་བོད་པ་ཚེ་རིང་དང༌། ལོ་ན་སུམ་ཅུར་སོན་པའི་བོད་མི་རྒྱ་རི། ད་དུང་བོད་མི་གཞན་པ་ཞིག་དང་བཅས་རང་སྲེག་བྱས་ཏེ། གཅིག་ཤི་བ་དང་གཉིས་ལ་གནོད་པ་ཚབས་ཆེན་བཟོས། དེའི་ཕྱིས་ཟླ་ ༢ པའི་ཚེས་ ༦ ཉིན་ཏཱ་ལའི་ཤོག་ཁག་གིས་ཆེད་དུ་གསར་འགྱུར་དང་རྒྱལ་སྤྱིའི་འབྲེལ་བ་ཞེས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། རང་སྲེག་དོན་རྐྱེན་ལ་གདུང་སེམས་ཚད་མེད་སྐྱེས་པ་དང༌། རྒྱལ་སྤྱིའི་སྟེགས་བུ་འདི་སྤྱད་དེ་བོད་ནང་ཁུལ་གྱི་རང་སྲེག་རྔམ་སྟོན་བྱས་པའི་བོད་པའི་རེ་འདུན་འཛམ་གླིང་གི་མི་ཀུན་ལ་ཡོངས་བསྒྲགས་བྱེད་དགོས་པའི་བསམ་ཚུལ་བསྟན།
ཟླ་ ༢ པའི་ཚེས་ ༧ ཉིན་ཏཱ་ལའི་ཚོགས་ཁག་གི་མགྲིན་ཚབ་ཀྱིས་《མིག་ཆུ་ཡ། ཚེས་ ༣ ཉིན་གསེར་རྟའི་བོད་མི་གསུམ་རང་སྲེག་བྱས་པ》ཞེས་པའི་དཀྲོག་གཏམ་གྱི་ཁ་བྱང་ཞིག་དྲ་ཐོག་ཏུ་བཀོད་དེ་དོན་རྐྱེན་དེ་འུད་སྒྲོག་ཆེན་པོ་བྱས་པ་མ་ཟད། གནས་ཚུལ་དེར་བོད་ནང་ཁུལ་གྱི་བོད་མིས་བདེན་དཔང་ཐོབ་ཅེས་བཤད་ཡོད། ཟླ་ ༢ པའི་ཚེས་ ༡༦ ཉིན་ཏཱ་ལའི་ཚོགས་ཁག་གི་མཚམས་སྦྱོར་ཚན་པས་མི་རྣམས་ཀྱི་རྩད་འདྲི་བྱས་པའི་འོག ཞུམ་ཞུམ་ངང་ནས་དོན་རྐྱེན་དེ་ད་ལྟའི་བར་དུ་གསལ་ཐག་གཅོད་ཐབས་བྲལ་བས། གོ་ཐོས་ཙམ་ཡིན་ཞེས་ཁས་ལེན་གནང༌། ཡིན་ན་ཡང་མགྲིན་ཚབ་པས་ཀློག་པ་པོ་ཁོང་ཁྲོ་ལངས་པར་དོགས་ནས་དོན་ངོ་མར་ཟླ་ ༢ པའི་ཚེས་ ༣ ཉིན་གསེར་རྟའི་བོད་མི་གསུམ་གས་རང་སྲེག་དོན་རྐྱེན་བཟོས་སོང་ངམ། རང་སྲེག་དོན་རྐྱེན་བཟོ་བར་གྲ་སྒྲིག་བྱས་པ་ཡིན་ནམ་ཞེས་རང་གིས་རང་ལ་རྩད་ཞིབ་བྱེད་གྱིན་འདུག་པས། དྲི་གཞི་དེས་འཆམ་གཏམ་སྨྲ་མཁན་གྱི་གནམ་འོག་ཟང་ཟིང་གི་གཏོང་འདོད་པའི་བསམ་བློ་ངོ་མ་དང་སྐྱུག་བྲོ་བའི་བྱེད་སྤྱོད་དེ་དམར་རྗེན་དུ་ཕྱིར་མངོན་པ་རེད། དེ་བས་ང་ཚོ་ལྷག་བསམ་ཅན་གྱི་མི་ཡོད་དོ་ཅོག་ལ་ཏཱ་ལའི་ཕྱོགས་ཀྱི་སྐད་ཆར་བདེན་ལུགས་མེད་པས་དེར་རེ་བ་མི་བཅངས་པར་མཁྱེན།
བྲོས་བྱོལ་སྲིད་གཞུང་གི་གཙོ་འཛིན་གསར་བ་དཀྲོག་རྐྱེན་བཟོ་བའི་དྲག་ཤུགས་ཀྱི་མདུན་དུ་བསྐྱོད་པ།
ན་ནིང་ཏཱ་ལའི་བླ་མས་“ལས་འཁྱུར་ངལ་གསོ་བརྒྱབ་”ཏེ“སྲིད་དོན་གྱི་ལས་སྟེགས”ནས་ཕྱིར་བུད་པ་དང༌། དབང་ཆ་ཚང་མ་“དམངས་འདེམས”ཀྱི་“བཙན་བྱོལ་སྲིད་གཞུང་ལ་”སྤྲད་པ་དང༌། རང་གི་ནུས་པ་ཡོད་ཚད་རྒྱབ་ཕྱོགས་ཀྱི་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་འཚོལ་སྙེག་དང་ཚོད་འཛིན་བྱེད་པའི་ལས་ལ་བཀོལ། བྱེད་སྟངས་དེ་འཕྲལ་མར་ཏཱ་ལའི་ཚོགས་ཁག་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཅིག་བསླངས་ཤིང༌། གྲུབ་མཐའ་ཁ་ཅིག་གིས་ཏཱ་ལར་ངོ་དགའ་བྱས་ཏེ། བོད་ནང་ཁུལ་ནས་དོན་རྐྱེན་བསླངས་ནས་རང་གི་སྟོབས་ཤུགས་ངོམ་པ་དང༌། རང་གི་གོ་གནས་སྲ་བརྟན་དུ་གཏོང་བར་བྲེལ། དེས་ཀྱང་ཁ་བྲལ་བྱ་འགུལ་ཇེ་དྲག་དང༌། དྲག་ཤུགས་བྱེད་སྤྱོད་འཕྲལ་མར་ཛ་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད། “བཙན་བྱོལ་སྲིད་གཞུང་”གི་གཙོ་འཛིན་ནི་སྤོབས་པ་ཆེ་ལ་ཡོན་ཚད་ཆུང་བས། མི་རྗེས་སུ་ལུས་པར་གཡོལ་ཐབས་བྱ་ཆེད། གཙོ་འཛིན་འཁུར་མ་ཐག་གི་གཏམ་བཤད་ཅིག་ཏུ་འཛམ་གླིང་ཡོངས་ལ་ཏཱ་ལའི་སྟོབས་ཤུགས་ཀྱི་གཏིང་མ་ཕྱིར་མངོན། བོད་རང་བཙན་ནི་རྩ་བའི་དམིགས་འབེན་ཡིན། བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་འབེན་ཡིན་ཞེས་བཤད་པས། ཏཱ་ལའི་བླ་མར་བསམ་བློ་གཏོང་ས་ཏིལ་ཙམ་ཡང་མེད་པའི་སར་བསྐྱལ། ད་ལོའི་ཟླ་ ༡ པོའི་ཚེས་ ༢༡ ཉིན་མཚམས་སྦྱོར་ཚན་པས་བཅར་འདྲི་བྱེད་དུས་སུ་ཡང་“ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཆ་དེ་ང་ལ་སྤྲད་རྗེས་ང་རང་བོད་མི་དམངས་ཀྱི་ཆབ་སྲིད་ཀྱི་གཙོ་འཛིན་དུ་གྱུར། ”ཞེས་བསྒྲགས་ཏེ། ཚོགས་ཁག་དེའི་མི་སུ་ཞིག་ཡིན་རུང་མིག་ནང་དུ་བཞག་མེད་པ་རེད། ཁོས་སྲིད་སྐྱོང་གི་བྱས་རྗེས་མངོན་ཆེད། བཙན་བྱོལ་སྲིད་གཞུང་གི་མཚན་མིང་ནས་ཐེངས་དུ་མར་གསལ་སྒྲོག་སྤེལ་དེ། རང་སྲེག་མཁན་ལ་བསྔོ་སྨོན་གསུངས་བའི་ཚོགས་འཚོགས་པ་དང༌། ད་ལོའི་བོད་ཟླ་ཚེས་གཅིག་ནས་བཟུང་བོད་ཀྱི་ལོ་སར་ལ་རྟེན་འབྲེལ་མི་ཞུ་བར་དགོན་སྡེར་བསྐྱོད་དེ་བོད་ནང་ཁུལ་གྱི་རང་སྲེག་དཔའ་བོར་གསོལ་འདེབས་ཞུ་དགོས་པའི་བླང་བྱ་བཏོན། ལྷག་པར་ག་ས་གང་དུ་བོད་མི་རང་སྲེག་བྱེད་པར་ངན་སྐུལ་བྱས་ཏེ། རང་སྲེག་བྱས་ན་རྒྱལ་ཕྱི་ནས་བོད་མང་ཚོགས་ཀྱི་དཀའ་སྡུག་ལ་དོ་སྣང་བྱེད་ཐུབ་པ་དང༌། བོད་མི་རྣམས་ལ་དེ་ལས་ཀྱང་མྱུར་ཞིང་ཐད་ཀར་དུ་ཕན་འབྲས་ཐོབ་པའི་བྱེད་ཐབས་ཤིག་འདོན་པར་རེ་བ་ཡོད་ཚུལ་དང༌། ང་ཚོས་རང་སྲེག་མཁན་གྱི་སེམས་མདུན་ཡིད་ལ་བརྟན་པོ་བཅངས་ནས་སེམས་མདུན་དེ་མངོན་འགྱུར་ནི་ཚེ་གང་བོར་འཐབ་རྩོད་བྱེད་པའི་དམིགས་འབེན་དུ་བརྩི་དགོས་ཞེས་བཤད་པ་རེད།
དགོད་བྲོ་བ་ཞིག་ནི། ཟླ་ ༢ པའི་ཚེས་ ༡༤ ཉིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བཅར་འདྲི་བྱེད་སྐབས། ཁོས་ཉིན་དཀར་གྱི་རྨི་བཤད་ཅིག་ལབ་འདུག་པ་ནི། ཟླ་ ༢ པའི་ཚེས་ ༢༢ ཉིན་སླེབས་ལ་ཉེ་བའི་སྐབས་དེར་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བྱུང་བའི་ཡར་ལངས་དང་འདྲ་བའི་བོད་མི་ཁྲོམ་སྐོར་བྱེད་པའི་གནས་ཚུལ་འབྱུང་སྲིད་ཟེར། ཡིན་ན་ཡང་ཟླ་ ༢ པའི་ཚེས་ ༢༢ ཉིན་འདས་ནས་ཉིན་འགའ་འགོར་ཟིན། སྨྱུག་ཐོགས་པས་ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་འཇོན་ཐང་ཅན་གྱི་སློབ་མ་འདིས་རྨི་ལམ་རྨིས་ཚར་ཡོད་མེད་ད་དུང་མ་ཤེས།
ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁག་ཅིག་གི་བློ་ཁ་དེ་ཏཱ་ལའི་ཚོགས་ཁག་གི་དྲག་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་འཁོར་ཡོད།
ཏཱ་ལའི་ཚོགས་ཁག་ཕྱིར་འཁྱམས་ནས་ལོ་བཅུ་ཕྲག་འགོར་པ་ནི་གཙོ་བོ་ཨ་རི་དང་ནུབ་ཕྱོགས་ཀྱི་སྟོབས་ཤུགས་འགས་རྒྱབ་སྐྱོར་ལ་བརྟེན་པ་ཡིན། གལ་སྲིད་བོད་ཁུལ་གྱི་བརྟན་ལྷིང་ལ་གཏོར་བརླག་བྱེད་མི་ཐུབ་པ་དང༌། ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཐུབ་པ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བར་ཁ་གཡར་ས་ཞིག་བྱེད་མི་ཐུབ་དུས། ནུབ་ཕྱོགས་ཀྱིས་དངུལ་མི་སྟེར་ལ། ཚོགས་ཁག་དེའི་འཚོ་གནས་ལ་རྒྱབ་བཅོལ་ས་མེད། དེའི་རྐྱེན་གྱིས་ཉེ་ལམ་ཏཱ་ལའི་ཚོགས་ཁག་གིས་ག་ས་གང་དུ་“ནུབ་ཕྱོགས་ཀྱིས་བོད་ཀྱི་མིག་སྔའི་གནས་བབ་ཛ་དྲག་ལ་དོ་སྣང་བྱེད་འདུག”ཞེས་འཁྱམ་བཤད་གདོལ་བཞིན་ཡོད། ཨོ་སི་ཁྲུ་ལི་ཡའི་མཚམས་སྦྱོར་ཚན་པས་བཙན་བྱོལ་སྲིད་གཞུང་གི་གཙོ་འཛིན་གསར་བར་བཅར་འདྲི་བྱེད་སྐབས། ཁོས་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་དང་ཨ་རི་སྲིད་གཞུང་གིས་འཐུས་མི་ཚོགས་པ་བོད་ལྗོངས་སུ་མངགས་གཏོང་བྱས་ཏེ། བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་ཡང་ཡང་བཏོན། དེ་མིན་བཙན་བྱོལ་གྲོས་ཚོགས་ཀྱིས་བོད་ཀྱི་ལོ་སར་སྐབས། འབོད་སྐུལ་ཁག་བདུན་བཏོན་པ་སྟེ། ཁག་དང་པོ་དང་གཉིས་པ་ནི་བོད་ལྗོངས་ནས་དམག་མི་ཕྱིར་འཐེན་བྱེད་དགོས་པ་དང༌། རང་ཚུགས་ཅན་གྱི་མི་སྣའི་འཐུས་མི་བོད་ཁུལ་དུ་བསྐྱོད་དེ་ཡུལ་དེའི་གའི་གནས་ཚུལ་ངོ་མར་རྟོག་ཞིབ་བྱེད་དུ་འཇུག་པར་ཁས་ལེན་དགོས་ཞེས་བཏོན་ཡོད།
ནུབ་ཕྱོགས་ཀྱི་སྟོབས་ཤུགས་དང་མཚམས་སྦྱོར་ཚན་པ་འགས་ཕལ་ཆེར་ལྷ་སར་བྱུང་བའི་“༣·༡༤”དོན་རྐྱེན་ཁྲོད་སྐུར་འདེབས་དང་སྒྲོ་འདོགས་བྱས་པའི་གསར་འགྱུར་གྱིས་ཀྲུང་གོའི་མི་དམངས་ཡོངས་ལ་ཁོང་ཁྲོའི་མེ་ལྕེ་འབར་དུ་བཅུག་པའི་མཇུག་འབྲས་བརྗེད་སོང་བ་འདྲ། ཡང་མུ་མཐུད་ནས་ཀྲུང་གོའི་བོད་ཁུལ་གྱི་ཟིང་འཁྲུག་ཇེ་དྲག་ཏུ་གཏོང་བ་དང༌། ཀྲུང་གོའི་བོད་མི་འགོག་ཟོན་ནན་མོའི་འོག་བོད་ཀྱི་ལོ་སར་གཏོང་བ་སོགས་རྣ་བས་ཐོས་ན་སྐྱི་གཡའ་བའི་གསར་འགྱུར་སྤེལ་ཡོད་པ་མ་ཟད། ཐ་ན་ར་མགོ་ལུག་སྦྱར་གྱི་ཚུལ་དེ་སླར་ཡང་འཁྲབ་བྱུང༌། ཟླ་ ༡ པོའི་ཚེས་ ༢༨ ཉིན་《ཉིག་ཡོག་དུས་བབ་ཚགས་པར་》སྟེང་ཁ་བྱང་ལ་རྒྱ་མིས་རིགས་རུས་ལ་གཉའ་གནོན་དང་བཀག་སྡོམ་བྱས་ནས་ཟིང་འཁྲུག་བསླངས་ཞེས་པའི་གསར་འགྱུར་ཞིག་བསྒྲགས་པའི་ནང་དུ། དྲག་ཆས་བསྣབས་པའི་ཀྲུང་གོའི་དམག་མིས་ཁྲེང་ཏུའུ་རུ་སྐོར་ཞིབ་བྱེད་པའི་ཚོན་ལྡན་འདྲ་པར་ཞིག་སྦྱར་ཡོད། དོན་དངོས་སུ་འདྲ་པར་དེའི་ས་གནས་དངོས་ནི་ཁྲེང་ཏུའུ་མ་ཡིན། ཧྥ་རན་སིའི་བརྒྱང་ཤིང་ཚགས་པར་གྱིས་བོད་ཀྱི་ལོ་སར་སྐབས་སུ། ཏཱ་ལའི་བླ་མའི་ཆབ་སྲིད་འཐབ་རྩོད་ཚོགས་པར་རྒྱབ་སྐྱོར་བྱེད་ཅེས་པའི་གསར་གཏོད་པར་ཆེད་དུ་བཅར་འདྲི་བྱས་པ་ཅིག་བཀོད་ཡོད་པ་ལས། ཕྱི་རྒྱལ་བ་འདིས་རང་སྲེག་ནི་འོད་གསལ་གྱི་མཆོད་བྱ་ཡིན། མི་གཞན་ལ་ཆ་བཞག་ནས་བཤད་ན་དེ་ནི་འོད་གསལ་དུ་འགྱུར་བའི་སྔ་ལྟས་ཡིན་ཞིང༌། དེས་མིའི་རིགས་རྨོངས་པ་ནས་བྱིངས་དག་པར་འགྱུར་བ་མ་ཟད། ཤེས་རབ་འཕེལ་ཞིང་རྟོགས་པ་ཐོབ་པའི་ལམ་དུ་བསྐྱོད་པར་རམ་འདེགས་བྱེད་ཐུབ་པ་ཡིན། བོད་མི་ལ་ཆ་བཞག་ནས་བཤད་ན། རང་སྲེག་ནི་བརྩེ་བ་དང་ཞི་བདེའི་བྱེད་སྤྱོད་ཅིག་ཡིན་ཞེས་ལབ་འདུག སྨྱུག་ཐོགས་པས་རང་དབང་མེད་པར་འདྲི་དགོས་པ་ཞིག་ནི། རང་སྲེག་ནི་དེ་ལྟའི་ཡིད་དུ་འོང་བ་ཞིག་ཡིན་ན། ཏཱ་ལའི་བླ་མ་དང༌། བཙན་བྱོལ་སྲིད་གཞུང་གི་གཙོ་འཛིན། དེ་མིན་ཁྱོད་རང་ཉིད་བཅས་ཀྱིས་རང་སྲེག་མི་བྱེད་དོན་ཅི། འདི་ནི་སྨྱུག་ཐོགས་པས་མི་དེ་ཚོ་ཡང་རང་སྲེག་བྱེད་དགོས་པར་འུད་བསྟོད་བྱས་པ་མིན། དེ་ཚོ་ཡང་སྲོག་ལྡན་རེད། སྨྱུག་ཐོགས་པས་བཤད་འདོད་པ་ནི་རང་སྲོག་གཅེས་ཤིང་གཞན་སྲོག་སྲེག་པར་སྐུལ་བ་ནི་ཅི་འདྲའི་སྐྱེས་བུ་ཁྲལ་མེད་ཐ་ཤལ་ཞིག་མ་རེད་དམ།
དུས་མཚུངས་སུ། རྒྱལ་སྤྱིའི་སྟེང་དུ་ཡང་ཏཱ་ལའི་ཚོགས་ཁག་གི་དྲག་ཤུགས་འཕེལ་སྟངས་ལ་དོགས་ཟོན་བྱེད་པའི་སྐད་ཆ་ཡང་མང་པོ་བྱུང་འདུག ཟླ་ ༢ པའི་ཚེས་ ༡༣ ཉིན་《ཏའོ་ཝེ་གསར་འགྱུར》གྱིས་བསྟུད་མར་རྩོམ་དུ་མ་སྤེལ་འདུག བོད་ཀྱི་བཙན་བྱོལ་སྲིད་གཞུང་གིས་རང་སྲེག་ལྟ་བུའི་དོན་རྐྱེན་ཡ་ང་བ་རྒྱ་ཡན་དུ་གཏོང་བཞིན་འདུག་ལ། དྲག་ཤུགས་འདི་རིགས་སྤྱད་དེ་ངོ་རྒོལ་བྱེད་པ་ནི་བསམ་ཡུལ་ལས་འདས་ཡོད་མེད་ཀྱི་ཆ་ནས་ཚོད་འཛིན་ཤོར་བའི་གནས་སུ་ལྷུང་འདུག དུས་ཡུན་རིང་བོ་སོང་རྗེས། བཙན་བྱོལ་བོད་མི་ཁག་ཅིག་འཇིགས་སྐུལ་རིང་ལུགས་ཀྱི་ལམ་དུ་ཞུགས་པར་ཉེན་ཁ་ཡོད། ཁོ་ཚོར་ཐོག་མར་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་ཅུང་ཐོབ་ཐུབ་ཡོད་པ་དེ་ཡང་རིམ་བཞིན་ཉམས་རྒུད་དུ་འགྱུར་རྒྱུ་རེད་ཅེས་བཀོད་འདུག འགོ་གཙོ་གསར་བས་བསམ་བཞིན་དུ་དོན་སྣེ་བསླངས་པ་དང༌། དོན་དག་ཇེ་ཆེར་བཏང་སྟེ། པེ་ཅིང་ཕྱོགས་ལ་གནོན་ཤུགས་སྟེར་བཞིན་པ་འདྲ་ཡང༌། ནུབ་ཕྱོགས་སྲིད་དོན་པས་ད་ལྟའི་དྲག་ཤུགས་ཇེ་ཆེར་འགྲོ་བ་ཧ་ཅང་ཛ་དྲག་ཏུ་འགྲོ་བཞིན་པ་དང༌། ཉིན་ཞིག་ལ་དེ་ལས་ཚབས་ཆེན་དུ་འགྲོ་པར་སྐྲག་ནས་རང་གི་མཚན་སྙན་ལ་བསམ་ནས་དོན་དག་དེར་ཁ་ཡ་དེ་འདྲ་མ་བྱས་པ་རེད།
དྲག་ཤུགས་མ་ཡིན་པའི་དྲག་ཤུགས་ཞེས་པ་ནི་ཏཱ་ལའི་བླ་མས་རྒྱལ་སྤྱིའི་སྟེང་རང་ལ་སྒྲོ་བཏགས་པའམ། གཞན་གྱི་སྙིང་རྗེ་རུམ་པར་བརྩོན་པའི་མཚོན་རྟགས་ཤིག་ཡིན། ཡིན་ན་ཡང་ཏཱ་ལའི་བླ་མའི་ཁ་བྲལ་རིང་ལུགས་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་བལྟས་ན། ༡༩༥༩ ལོར་ངོ་ལོག་ཟིང་འཁྲུག་བསླངས། ཕྱིས་སུ་ལོ་བཅུ་ཕྲག་རིང་ལ་མཐའ་མཚམས་དྲག་ཆས་ཀྱི་འཐབ་རྩོད་བསླངས། ༡༩༨༧ ལོ་ནས་ ༡༩༨༩ ལོར་ལྷ་སའི་ཟིང་འཁྲུག་བསླངས། ༢༠༠༨ ལོར་ལྷ་སར་“༣.༡༤”ཡི་དོན་རྐྱེན་བསླངས། དེ་དག་ཚང་མ་དྲག་ཤུགས་མ་སྤྱད་པ་གཅིག་ཀྱང་མེད། ཏཱ་ལའི་བླ་མ་ད་ལྟ་དགོང་ལོ་ ༧༧ ཡིན་འདུག བོད་རང་བཙན་གྱི་བྱ་གཞག་ལ་གྲུབ་འབྲས་ད་དུང་ཅུང་ཙམ་ཡང་མེད། ཆབ་སྲིད་ཀྱི་དཀའ་གནས་ལས་ཕྱིར་འབུད་ཆེད། ཚོགས་ཁག་དེས་བོད་རང་བཙན་གྱི་འབོད་སྐད་དེ་ཡང་བསྐྱར་ཇེ་དྲག་ཏུ་གྱུར། ཡ་ང་བ་དང༌། དྲག་ཤུགས་ཀྱི་བྱེད་ཐབས་སྤྱོད་པ་ཉིན་རེ་བཞིན་ཛ་དྲག་ཏུ་གཏོང་བ་དང༌། རྒྱལ་སྤྱིར་དོ་སྣང་བྱེད་དུ་བཅུག་ཏེ་ཀྲུང་གོའི་སྲིད་གཞུང་ལ་གནོན་ཤུགས་བསྐྲུན་པ་རེད། ཡིན་ན་ཡང་ཏཱ་ལའི་དྲག་ཤུགས་སྤྱོད་པའི་བྱེད་ཐབས་ཚང་མས་སྔོན་ཆད་རྒྱལ་ཁ་ལོན་མྱོང་མེད་ལ། ཕྱིས་འབྱུང་ཡང་ལོན་མི་སྲིད། དེ་རིང་དྲག་ཤུགས་ཀྱི་དོན་རྐྱེན་ཕྱི་གསལ་ནང་གསལ་གྱིས་བསྒྲགས་པའི་རྣམ་པ་དེ་ནི་ཆབ་སྲིད་ཀྱི་རང་སྲོག་གཅོད་པ་དང་ཀུན་ནས་མཚུངས། ད་ལྟ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་ཞིང༌། སྤྱི་ཚོགས་བརྟན་ལྷིང་ཡིན་ལ། མི་དམངས་རྣམས་བདེ་སྡོད་ལས་ལ་བརྩོན་བཞིན་མཆིས། སེར་སྐྱ་ལས་རིགས་ཁག་གིས་ཏཱ་ལའི་ཚོགས་ཁག་གི་གཏུམ་སྤྱོད་ལ་ཧ་ཅང་སྡང་སེམས་ཆེན་པོ་སྐྱེས་ཏེ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། དེ་བས་ཏཱ་ལའི་བླ་མའི་འཁྲབ་སྟོན་དེས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཁོ་རང་ཉིད་ཀྱི་དྲག་ཤུགས་མ་ཡིན་པའི་དྲག་ཤུགས་ཀྱི་རང་གཟུགས་དམར་རྗེན་དུ་སྟོན་པ་ལས་གཞན་ཅི་ཡང་མིན་ནོ། །
ཁ་ལག་པའི་བར་ནས་ཚིག་མདའ་རྣོན་པོ་འཕེན་མཁན། ནང་ཕུ་ནུའི་བར་ལ་དཀྲུགས་ཤིང་གི་མཐེབས་བཅག་རྒྱག་མཁན། དཔོན་མི་སེར་བར་ལ་འགལ་བའི་བྲེང་ཞགས་འདྲེན་མཁན། ཕྱོགས་ཞེན་གྱིས་མིག་ལོང་བ། འཐེན་འཁྱེར་གྱིས་ཀི་འདེབས་མཁན་ཤར་ཁུག་སོགས་སྨྱུ་གུ་འཁྱོག་ཐོ་ལག་ལ་བཟུང་མཁན་ཡོངས་ཀྱིས་དེ་རིང་ཅི་དྲན་གང་ཤར་གྱི་འགྲན་རྩོད་མགོ་མ་ཤོར་རྐུབ་མ་དྲུས་པ་ཞིག་བྱེད་དགོས། ཁྱེད་ཅག་དེ་རིང་མེད་ན་ནང་ལ་གཡག་ར་ཙམ། ཕྱི་ལ་བེའུ་ར་ཙམ་ཟེར་བའི་གཏམ་དཔེ་ལ་ཁྱེད་ཅག་ལ་འབྱོར་བ་ཡིན་ལ། ཁྱོད་ཅག་གི་ལང་ཕྱོགས་བྱ་སྤྱོད་མཐའ་དག་ཕར་ཕྱོགས་ཀྱི་བཀོད་བྱུས་ཡིན་པའི་རང་སྐྱོན་ངོས་ལེན་བྱས་པ་ཡིན།
ཡེ་རྡོ། ལས་འབྲས་ཡེ་ནས་མི་ཤེས་པའི་རྡོ་ཕུང་བ། དམྱལ་བར་ལྷུང་དུས་རྒྱ་འདྲེས་འདྲེན་མིན་བལྟོས། དམྱལ་བ་བོ། ཕ་རོ་ཟ་རྒྱུ།
བོད་གཞུང་ལགས། ད་ཐེངས་ལན་འདེབས་ཚ་ནན་ཞིག་བྱ་རོགས།
ད་འོ་ན་ ཁ་མེད་ཁན་ཞིག་སླེབ་འདུག་
རྡ་རམ་ས་ལ་པ་རྣམས་གང་དུ་ཡོད་
རྒྱ་ནག་གི་མཚོན་དམར་པོའི་འཚོས་འཚར་འདུག་མི་དེ་ཡིན་ན་
འོན་ཀྱང་དགའ་ལྡན་འཕོ་བྲང་གི་དབུ་ཞ་གསེར་པོ་དེ་ཁོ་ཡི་མགོ་ལ་གཡོགས་ན་ནང་ལ་ལོག་ཡོང་ན་གང་།
ད་ཤོག་ད་ཕྲིས་ཟེར་མི་དེ་དང་གླགས་རྒོད་གཉིས་ལ།
ཁྱོད་གཉིས་དེ་འདྲ་སྐྲག་དགོས་དོན་ཅི་ཡོད། ཡེ་རྡོར་གྱི་མིང་ཐོག་ནས་རྩོམ་དེ་འདྲ་ཞིག་དྲིས་པ་ལ་ལུང་རིགས་གཉིས་ལྡན་གྱི་རིན་ཐང་ཅང་མི་འདུག་ཀྱང་། ཁྱོད་གཉིས་ལྟ་བུ་དོན་མེད་དངངས་ཤིང་སྐྲག་ནས་རྩོམ་ཡིག་དེ་ལ་གནས་ལུགས་རི་འདྲ་ཞིག་ཡོད་མདོག་མདོག་དང་། བོད་རང་གི་རྩོམ་པ་པོ་དག་ལ་འཕྱ་དམོད་བྱས་སོང་།
རྒྱ་ནག་དམར་ཕྱོགས་གཞུང་གིས་རང་གི་མི་མང་ལ་དྲག་སྤྱོད་གཏོང་སྟངས་ལ་རྒྱུས་ཡོད་མི་ཞིག་ཡིན་ན། རྩོམ་ཡིག་དེ་ནི་རྒྱུ་མཚན་མེད་པའི་སྨྱོ་ལབ་ཡིན་པ་ཅི་ལ་མི་ཤེས། སྒེར་གཅོད་དང་དྲག་སྤྱོད་པ་དངོས་གནས་ཡིན་པའི་རྒྱ་ནག་དམར་ཕྱོགས་གཞུང་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཅིང་ཕྱི་གསུལ་ནང་གསུལ་ཡིན་པའི་གོང་ས་མཆོག་དྲག་སྤྱོད་དུ་སྒྲུབ་ཐུབ་པའི་གནས་ལུགས་གང་ན་འདུག
ངས་ཁྱོད་གཉིས་ལྟ་བུ་ལ་སེམས་གསོའི་ཚུལ་དུ་ཚིག་གཅིག་གིས་རྩོམ་ཡིག་དེ་སྨྱོ་ལབ་དུ་བསྒྲུབ་ན།
ཡེ་རྡོར་རམ་རྒྱ་ནག་གཞུང་ལགས། ཐོག་མར་ཁྱོད་ཀྱི་དྲ་རྒྱའི་བཀག་རྒྱ་དེ་མེད་པར་བྱས་ནས་ཟླ་བ་གཅིག་ཙམ་ལ་སྨྲ་བརྗོད་རང་དབང་གི་གོ་སྐབས་ཕྱེ་ནས། དྲག་སྤྱོད་པ་སུ་ཡིན་ཁྱོད་རང་གི་མི་དམངས་ལ་བཤད་དུ་ཆུག་དང་། སུ་བདེན་སུ་རྒྱལ་ལྟ་ཆོག
སྐད་ཆ་འདི་ཚོ་དངོས་གནས་བྱས་ན་གོ་རྒྱུ་ཅང་མི་འདུག་ད། ད་དུང་ལྷོད་ལྷོད་བྱོས། ཤིག་ཅིག་གསོད་བྱེད་ལ་སྟ་རེ་དགོས་དོན་མེད། དོན་མེད་ཟིང་མ་བསླངས་ན་ཡག་གི་རེད། སེམས་ཁྲེལ་མ་གནང་རོགས། བོད་མི་རིགས་འདི་ཉིད་ད་གཟོད་གཉིད་ལས་སད་ཟིན་པས་འགྲིག་གི་རེད།
རང་ལ་བདེན་པ་རི་བོའི་གཏོས་དང་འདྲ་བ་ཞིག་ཡོད་ཀྱང་། ཀླད་པར་རྩ་དང་འཇགས་མས་ཤུགས་གླུ་ལེན་མཁན་ཚོར་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཡོ་ཇུས་ལ་ཞེད་སྣང་ལངས་ཀྱིན་པ་འདྲ། འདི་ལ་དཔྱད་བརྗོད་བྱ་འོས་པའི་རིན་ཐང་ཅི་ཙམ་འདུག དང་པོ་ཀློག་མགོ་བཙུགས་དུས་ནས་གད་མོ་ཤོར་བ་དང་རྫུན་དང་གཡོ་སྒྱུའི་ཁུངས་འཁྱོལ་གྱི་མེད་པ་གསལ་སྟོན་བྱས་མི་འདུག་གམ།
ཁ་ཅིག་ནས་བཙན་བྱོལ་སྤར་མོ་གང་ཟེར་ནས་མཐོང་ཆུང་བཏང་ཡང་། ཡང་ཁ་ཅིག་ནས་༧གོང་ས་མཆོག་དང་གཞུང་མང་ཆིག་སྒྲིལ་གྱི་ནུས་བ་དེར་རྒྱ་ནག་ཅི་ཙམ་ཞེད་སྣང་ལངས་མི་འདུག་གམ། ༧གོང་ས་མཆོག་དང་ཀིརྟི་རིན་པོ་ཆེ་སོགས་ཀྱི་ཤུགས་རྐྱེན་ལ་ཅི་འདྲའི་སྨོན་པ་འཆོར་མི་འདུག་གམ། བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྱད་ཆོས་དེར་ཡོད་པ་རེད། དེར་མེ་མདའ་དང་བསླུ་བྲིད་ཀྱིས་ཅི་ལྟར་གཏོར་ཐུབ་བམ།
རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་མང་པོ་བཏང་ནས་བོད་ཁུལ་བརྟན་བརླིང་བདེ་སྐྱིད་ལྡན་པ་ཞེས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཀྱང་། དེ་ཨ་རི་དང་ཨ་རིའི་མི་མང་ཡིད་ཆེས་སམ། ཡོ་རོབ་མི་མང་དང་གཞུང་ཡིད་ཆེས་སམ། རྒྱ་གར་དང་ཉི་ཧོང་། ཐའེ་ཝན། སིང་ག་པོར། ཧོང་ཀོང་། སུ་ཞིག་ཡིད་ཆེས་ཀྱི་རེད་དམ། ཁོང་ཚོའི་ལྟད་མོ་འདིའི་དུས་ཡུན་སྐར་མ་ལྔར་གནས་ཐུབ་རྒྱུ་མ་རེད།
དེ་ལས་༧གོང་ས་མཆོག་གི་བྱམས་བརྩེ་དང་ཞི་བདེའི་སྐོར་གྱི་བཀའ་སློབ་ཚིག་གཅིག་ལོ་བརྒྱ་ཕྲག་མང་པོར་གནས་རྒྱུ་རེད། བོད་མི་མང་གི་བདེན་དོན་འཐབ་རྩོད་ཀྱི་ནུས་ཤུགས་འགྲོ་བ་མིའི་བྱུང་རབས་གཏན་དུ་གནས་རྒྱུ་རེད།
གསང་བ་ལྟར་ན་ཡེ་རྡོར་དང་ནང་ལྟར་དུ་ཀྲུའུ་ཝེ་ཆོན་གྱིས་དེང་སང་བོད་ནང་དུ་རྒྱུས་ལོན་ཡོད་ཚུལ་གྱི་ཧམ་བཤད་བྱེད་བཞིན་པ་འདིས། འཐབ་ཕྱོགས་གཅིག་གྱུར་གྱི་བོད་མིའི་ཁྲོད་སིམ་འཛུལ་ལས་དོན་རྣམས་ཟླ་བ་ཁ་ཤས་ལས་ཚེ་མེད་པ་གསལ་བོ་ཆགས་བཞིན་པ་རེད། བོད་ནང་གི་བོད་མི་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ངོས་ལེན་མ་གནང་ཚེ། ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད་དང་ཁྱི་ལས་རྣམས་ཧུའུ་ཅིན་ཐའོ་ཡིས་གད་སྙིགས་གྲས་ནས་ཀྱང་མ་བཞག་པར། གསང་སྤྱོད་ནང་གཡུག་གི་རེད། དེ་བས་རང་རིགས་སྤུན་ཟླ་ཚོས་ཁྱི་སྐད་འདི་འདྲར་ཡ་མཚན་པ་དང་ཧང་སངས་མདོག་གནང་དགོས་ཀྱི་མ་རེད།
མི་རིང་བར་ལན་འདེབས་ཞིག་འབྲི་ངེས་ཡིན།
ངས་འདི་ནས་ཡེ་རྡོའི་རྙོ་གཏམ་ལ་ལན་མ་བྲིས་གོང་རང་གི་བསམ་ཚུལ་མདོ་ཙམ་ཤོད་ཀི་ཡིན།
ངེས་དགོས་པའི་དོན་ཚན་གསུམ་དང་ནང་གསེས་ལྔ།
གཅིག༽ ཤེས་དགོས་པ་ནི་ད་ལྟའི་གནས་བབ་འོག་བོད་མི་ཚོར་བསམ་ཚུལ་མི་མཐུན་པའི་ཆབ་སྲིད་ཀྱི་དཀའ་ངལ་རིགས་གཉིས་ཡོད། དང་པོ་དེ་རྒྱ་གཞུང་དང་བོད་གཞུང་གཉིས་དབར་གི་བསམ་ཚུལ་དང་། གཉིས་པ་དེབོད་མི་ནང་ཁུལ་གི་བསམ་ཚུལ་མི་མཐུན་པའི་རིགས་དེ་གཉིས་ཡིན།
གཉིས༽ རྒྱ་གཞུང་དང་བོད་གཞུང་དབར་གྱི་བསམ་ཚུལ་མི་མཐུན་པ་དེར་འཐབ་རྩོད་དང་རྒྱལ་ཕམ་གི་དཀའ་ངལ་ཡོད་པའི་གནད་དོན་ཅིག་ཡིན་པ་དང་། བོད་མི་ནང་ཁུལ་གི་བསམ་ཚུལ་མི་མཐུན་པ་དེར་འཐབ་རྩོད་དང་རྒྱལ་ཕམ་གི་ངོ་བོ་ཡོད་པ་ཅིག་མིན། དཔེར་ན། རང་བཙན་དང་དབུ་མ་ལྟ་བུ་ཡིན་པས་རང་གི་འདོད་མོས་ལྟར་ཡིན།
གསུམ༽ བོད་མི་ཚོའི་་ཆབ་སྲིད་གི་ལས་འགུལ་ནང་།ང་ཚོའི་ལས་འགུལ་སྤེལ་ཕྱོགས་ཡང་དག་པ་ཡིན་མིན་དང་། ཆབ་སྲིད་གི་ཐབས་ལམ་ཚད་ལྡན་ཡིན་མིན་ཐད་ལ་ལྟ་སྟངས་མི་འདྲ་བ་ཁ་ཤས་འདུག
༡ བོད་མི་ནང་ཁུལ་གི་མཐུན་ལམ་ལ་ཕན་ཐོགས་ཡོད་པ་ཅིག་ཡིན་དགོས་པ་ལས་བོད་མི་ནང་ཁུལ་མི་མཐུན་པ་དང་མི་འཆམ་པ། ལོག་གར་ཆགས་ནས་ཕྱོགས་ཁག་ལ་གྱེར་འགྲོ་བ་ཅིག་མ་ཡིན་པ་ཡིན་དགོས།
༢ མང་གཙོའི་ལམ་ལུགས་དང་།མང་གཙོའི་ལམ་ལུགས་ཡང་དག་པ་དང་མ་འགལ་བ་ཅིག་ཡིན་དགོས་པ་ལས་རང་སྣང་གང་ཤར་བྱེད་མཁན་ཅིག་མ་ཡིན་པ་ཡིན་དགོས།
༣ འཚེ་མེད་ཞི་བའི་ལྟ་སྤྱོད་དང་དུས་ནམ་ཡང་མི་འགལ་བར་ལག་ལེན་བསྟར་མཁན་ཅིག་ཡིན་དགོས་པ་ལས་ལྟ་སྤྱོད་དེ་ཁ་ཡོད་ལག་མེད་ཅིག་མ་ཡིན་པ་ཡིན་དགོས།
༤ ༧གོང་ས་མཆོག་གི་དབུ་འཁྲིད་པའི་ས་ཡ་དྲུག་གི་ཚབ་བྱེད་བོད་གཞུང་ལ་གཞོགས་འདེགས་དང་བརྩི་མཐོང་བྱེད་མཁན་ཅིག་མ་གཏོགས། གཞུང་དེ་གཏོར་བཅོམ་དང་གདལ་བཤིག་གཏོང་མཁན་ཅིག་མ་ཡིན་པ་ཡིན་དགོས།
༥ མང་གཙོ་དང་རང་དབང་། ཞི་བདེ་དང་དྲང་བདེན་བཅས་གི་ཆེད་དུ་འཛམ་གླིང་ཡོངས་ཀྱི་མིག་དཔེར་འོས་པའི་འཐབ་རྩོད་ཅིག་བྱས་ནས་འཛམ་གླིང་ཡོངས་ཀྱིས་སེམས་གཏིང་ནས་རྒྱབ་སྐྱོར་ཐོབ་པར་ཕན་ཐོགས་ཡོད་མཁན་བཅས་ཅིག་ཡིན་དགོས།
གོང་གི་དོན་ཚན་འདི་དག་ནི་ང་ཚོའི་ལངས་ཕྱོགས་གི་གཞི་འཛིན་སའི་མ་རྐང་ལྟ་བུ་ཡིན་ཙང་ཡིན་གཅིག་ཡིད་ལ་ངེས་དགོས་པ་ཡིན། དེ་ནས་ཡེ་རྡོ་བོད་མིང་ཅན་ཁྱོད་ཀྱིས་རང་གི་ཤ་དང་ཁྲག་ལ་བསམ་གཞིག་བྱེད་པའི་དུས་ལ་བསླེབས་ཡོད་པས་ཧ་གོ་བ་བྱས་ན་བཟང་སྙམ། ངས་འདི་ནས་ཅིང་མི་ཤོད། གཞན་དག་གིས་ཁྱོད་ལ་དགོས་བའི་རྡོ་ལོག་དེ་སྟེར་ངེས་ཡིན།
འདི་ལ་ང་ཚོའི་གཞུང་གིས་ལན་གནད་ལ་འགྲོ་ཐག་ཆོད་ཅིག་རྒྱག་དགོས་རེད།
ལོ་རྒྱུས་ཁུངས་དག་པ ། བདེན་དཔང་ཆ་ཚང་བ ། རྒོལ་ལན་གནད་ཁེལ་བ །
བརྗོད་བྱ་གཏིང་ཟབ་པ །རྗོད་བྱེད་ཁ་གསལ་བ ། ལོག་སྨྲ་ཚར་གཅོད་པ །
གཟུར་གནས་ངེས་རྙེད་པ ། ཡི་གེའི་དག་ཆ་ཚུན་ཆད་ལའང་ཐུགས་དཔྱད་ནན་མོ་བཏང་ནས །
མི་སྒེར་གྱིས་རང་གི་དྲ་ལམ་ཁག་ལ་འདྲ་བྲིས་ན་མི་ཤེས་མོད ། ཕར་ལ་སྐུར་མི་ཉན །
བདེན་པ་འདྲ་བཤད་བཞག ཡེ་རྡོ་ལ་ཡི་རང་ཡོད།
ཡེ་རྡོ་ལ་ལན་ཐོངས་དང་། ས་འདི་ནས་ཀྱང་སྨྲ་རྗོད་ལ་རང་དབང་མེད་ཀི་ཡ། ཡིན་ནའང་ཤར་ཁུགས་ཟེར་བ་ཞིག་གིས་ཁ་བརྡའི་རྩོམ་སྒྲིག་པའི་མིང་བེད་སྤྱད་ནས། མཐུན་སྒྲིལ་ལ་ཆེད་དུ་གཏོར་གཤིག་དང་དབྱེན་དཀྲུགས་ཚབ་ཆེན་བྱེད་བཞིན་འདུག་པར། གཏིང་ནས་བློ་ཕམ་ཡོད།
དྲ་གྲོགས་ཚོ། གོང་གི་རྩོམ་ཡིག་དེ་སང་རྡོར་དྲ་བའི་སྟེང་བཀོད་པ་དངོས་ནས་ཡག་པོ་འདུག་བསམ་སོང་། གང་ཡིན་ཟེར་ན། བོད་ནང་གི་བོད་མི་ཚོས་རྩོམ་ཡིག་དེ་མཐོང་ན་དེ་ནི་ཁུངས་ལུང་མེད་པའི་འཆལ་གཏམ་དང་། སྐྱག་རྫུན་ཁོ་ན་ཡིན་པ་མཁྱེན་ངེས་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་རྣོ་ངར་ཅན་དུ་འགྱུར་བཞིན་ཡོད་པ་དེར་རྒྱ་དམར་གཞུང་ཞེད་སྣང་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གདིང་ཆའི་སྟེང་བོད་དོན་འཐབ་རྩོད་ནུས་པ་རྣོ་ངར་ཅན་དུ་འགྱུར་བཞིན་པ་དེར་པེ་ཅིང་སྲིད་གཞུང་དངང་ཚུབ་སྐྱེ་བཞིན་པ་གསལ་སྟོན་བྱས་ནས་འདུག རྩོམ་ཡིག་འདི་ལ་བལྟས་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་དགོན་སྡེ་ཁག མི་བུ་སྒེར་བ་སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་བོད་དོན་འཐབ་རྩོད་ལ་འབད་པ་ལྷོད་མེད་གནང་ན་མངོན་གསལ་དོད་པོའི་གྲུབ་འབྲས་ངེས་ཅན་ཞིག་སྨིན་ཐུབ་ནི་ཟུར་བལྟས་ལེབ་མཐོང་རེད།
མི་བུ་རང་ཉིད་ནས་འགོ་བརྩམས་སྟེ་བོད་དོན་འཐབ་རྩོད་མུ་མཐུད་ནས་ཞུགས་རྒྱུ་ཡིན།
ཨ་མའི་བུ་ལ་སྙིང་དང་། སྙིང་ལ་རུས་པ་ཡོད་ན་ལོངས་ཤོག
འདི་ལ་སྨྱོ་ལབ་སོགས་ཟེར་ནས་མཐོང་ཆུང་བྱེད་པ་ནི་གད་མོའི་གནས་རེད། འདི་ནི་རྒྱ་ནག་དམར་པོའི་གཞུང་གི་སྙིང་ཁུངས་ནས་བཞུར་བའི་རྣག་ཁྲག་མཚོན་ཐུབ་པས། འདི་སྣང་དུ་མ་བཏང་བར་ཞིབ་འཇུག་གིས་དམར་པའི་རེ་འདོད་དང་འཆར་གཞི་ངོས་ཟིན་དགོས་པ་རེད།
རྒྱ་ནག་གི་རྒྱུགས་ཁྱི་ཞིག་ཡིན་ན། ལྟོ་བ་འགྲེངས་རྒྱུ་དེ་གལ་ཆེ་ལ། རྗེས་སུ་རང་ངོ་གཞན་ངོ་མི་ཆོད་པར་ལབ་རྒྱག་རྒྱུ་དེ་རེད། གལ་ཏེ་རྒྱ་ཁྱི་དངོས་གནས་ཤིག་ཡིན་ནའང་། མཐར་རང་གི་ཤ་ཡང་བདག་པོས་ཟོས་འགྲོ་གི་རེད། ཡེ་རྡོར་དང་རྒྱ་གཞུང་གིས་ནམ་ཡང་༸གོང་ས་མཆོག་ལ་སྐྱོན་ཞིག་སྙེད་མེད་པར་གཞི་མེད་སྐུར་འདེབས་ཡིན་པ་ཀུན་གྱིས་ཤེས་ནའང་། རྒྱུན་དུ་འདི་ལྟ་བུའི་སྟུག་དྲི་རེ་གཏོང་བཞིན་ཡོད་པ་རེད། འོན་ཀྱང་སྟུག་དྲི་འདི་དག་ཀྱང་དག་གཙང་གི་སྣ་དབང་ཡོད་པའི་དཔྱོད་ལྡན་གྱི་འཕྲོད་བསྟེན་པ་ཡོད་ཚད་ལ་གནོད་པས། བདེན་དོན་གྱི་སྨན་མཆོག་ངེས་པར་དུ་གནང་དགོས་པའི་དུས་ལ་བབ་ཡོད།
རྒྱ་ཡིག་ནས་ཐད་བསྒྱུར་བྱས་པའི་རྩོམ་འདིའི་ནང་། བཙན་བྱོལ་སྲིད་གཞུང་འབོད་བཞིན་འདུག
དེ་སྔོན་ཡིན་ན་རྒྱ་ཕྱོགས་ནས་ཡུལ་འགྱར་སྲིད་གཞུང་ཞེས་ཚིག་དེ་འདྲ་བེད་སྤྱོད་བྱ་སྲོལ་འདུག
ད་ཆ་བཙན་བྱོལ་སྲིད་གཞུང་ངོས་ལེན་བྱས་འདུག
བདེན་པར་འཁྱོག་བཤད་མཁས་པའི་རྒྱ་དམར་སྲིད་གཞུང་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ་དེ་ཚོ་རེད།
༡། འདི་ནི་དེང་སྐབས་ཀྱི་རྒྱ་ནག་གི་སེམས་ཁམས་ལ་བརྟག་སྤྱད་ཀྱི་ཆ་རྐྱེན་ཡག་པོ་ཞིག་རེད། དཔེར་ན་ཁོང་ཚོས་༧རྒྱལ་བ་རིན་པོ་ཆེས་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་དེ་མཚམས་འཇོག་རོགས་ཅེས་བཀའ་སློབ་ལམ་སྟོན་གནང་རྒྱུ་རེ་བ་ཆེན་པོ་བྱས་པ་མཚོན་ཐུབ་ཀྱི་འདུག འདིའི་ཐོག་ནས་རྒྱ་ནག་རང་གི་དྲག་པོ་སྟོབས་ཤུགས་ལས་ཀྱང་༧སྐུ་མདུན་གྱི་བཀའ་སློབ་ཚིག་གཅིག་ལ་རིན་ཐང་ཆེ་བ་ཁོ་རང་ཚོས་རང་ཤུགས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པ་མཚོན་ཐུབ། མ་ཟད་བོད་མི་རིགས་ནི་དྲག་གནོན་ལ་ཞེད་མཁན་ཞིག་མིན་པའང་ངོས་ཟིན་ཡོད་པའི་རྟགས་རེད།
༢། ༡༩༥༩། ༡༩༨༨། ༡༩༨༩། ༢༠༠༨། ༢༠༠༩། ༢༠༡༢ བཅས་ལ་གྱེན་ལངས་བྱས་ཚུལ་བརྗོད་པ་དེས། བོད་དོན་ནམ་ཡང་རྙིང་པ་ཆགས་རྒྱུ་མིན་པ་མཚོན་པ་རེད། རང་སྲོག་ཤོར་བའི་བོད་མི་ཚོ་ནམ་ཡང་བོད་མི་ཕྱི་རབས་པ་ཚོས་བརྗད་རྒྱུ་མིན་པ་ངོས་ཟིན་ཡོད་པ་རེད།
༣། ༼བཙན་བྱོལ་བོད་མི་ཁག་ཅིག་འཇིགས་སྐུལ་རིང་ལུགས་ཀྱི་ལམ་དུ་ཞུགས་པར་ཉེན་ཁ་ཡོད།༽ཅེས་བཤད་པ་ནི་ཕྱིས་སུ་བོད་དོན་འཐབ་རྩོད་ཞི་དྲག་གཉིས་སུ་གྱེས་ཏེ་རྒྱལ་ནག་ལ་མགོ་རྙོག་བཟོ་སྲིད་པའི་སེམས་འཚབ་ཀྱང་ཡོད་པའང་མངོན་འདུག
༤། ༼ཡིན་ན་ཡང་ཏཱ་ལའི་དྲག་ཤུགས་སྤྱོད་པའི་བྱེད་ཐབས་ཚང་མས་སྔོན་ཆད་རྒྱལ་ཁ་ལོན་མྱོང་མེད་ལ། ཕྱིས་འབྱུང་ཡང་ལོན་མི་སྲིད།༽སྐད་ཆ་འདིའི་ཐོག་ནས་མཐའ་མ་རྒྱ་ནག་འུ་ཐུག་ནས་དམག་ཤུགས་ལ་བརྟེན་ངོ་ཚ་ཁྲལ་མེད་ཁོ་ན་དང་། སྡུག་པ་མིག་བཙུམ་གྱིས་མུ་མཐུད་མི་གསོད་ཁྲག་སྦྱོར་བྱས་ནས་ཐ་ཤལ་དང་སྐྱུགས་བྲོ་བའི་ཐབས་ཐམ་ཁོ་ནར་བརྟེན་ནས་གནས་ཐུབ་རྒྱུའི་འུ་ཐུག་གི་རེ་བ་བཅིངས་བཞིན་པའང་གསལ་བོ་རེད།
ཡེ་རྡོར་ནི་འཐབ་ཕྱོགས་གཅིག་བསྒྱུར་པུའི་ཟིན་བྲིས་པ་རེད་ལ་འཐབ་ཕྱོགས་གཅིག་བསྒྱུར་པུའུ་ནི་ཀྲུང་ནན་ཧེའེ་ཡི་གཏམ་བརྗོད་འཁྲབ་མཁན་ཟློས་གར་བ་རེད། གཏམ་བརྗོད་ག་ཚོད་འཁྲབ་ཀྱང་དོན་སྙིང་སྤུ་ཙམ་མེད་པ་ནི་སྨྲོས་མེད་རེད། འོན་ཀྱང་ཡ་མཚན་སྐྱེས་དགོས་པ་ཞིག་ལ་ཡེ་རྡོར་གཉིད་ལས་མ་ལངས་གོང་ནས་བཙན་བྱོལ་གྱིས་དྲ་འབུ་འགས་གཞིས་ལུས་དཔའ་བོ་དང་དཔའ་མོ་ཚོས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཐོབ་ཐང་གི་དོན་དུ་སྐུ་སྲོག་སྒྲོན་མེར་བཏེགས་པའི་མཛད་རྗེས་ལ་འཚེ་བ་ཡིན་མིན་གྱིས་དྭོགས་སློང་སྣ་ཚོགས་བྱས་པ་དང་། ཡང་སྨྱུ་གུ་འཛིན་ཤེས་ཙམ་གྱི་རྩོམ་པ་པོ་ཡིན་ཟེར་མཁན་མགོ་གཏད་རིང་ལུགས་པའི་རྣམ་འགྱུར་ཡ་མ་བརླ་ཅན་མགོ་གཉིས་མ་ཁ་ཤས་ཀྱིས་གཞོན་ནུའི་ལས་འགུལ་ལ་འཚེ་བ་ཡིན་མིན་དྭོགས་པ་སྤུ་ཙམ་ཡང་མེད་ཀྱང་འཚེ་བ་ཡིན་ཚུལ་བཤད་པ་དེས་ཡེ་རྡོར་གཉིད་ལས་དཀྲོགས་པར་བྱས་པ་རེད་ལ་ད་རེས་ཡེ་རྡོར་གྱིས་གོ་སྐབས་དེ་འཇུས་ནས་བོད་ནང་གི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བློས་གཏོང་གིས་མཛད་རྗེས་བླ་ན་མེད་པ་དེ་དྲག་སྤྱོད་ལ་ཁ་བསྒྱུར་གང་ཐུབ་བྱས་པ་དང་ཕྱི་ནས་ཁ་བྲལ་ཚོགས་ཁག་གིས་ངན་ཇུས་དང་ངན་སྐུལ་བྱས་ཚུལ་གྱིས་རྩོམ་འཆལ་དེས་འདོད་ཐོགས་ལ་རྟ་རྒྱུགས་ཚོད་ཡིན། ཡང་ཅིག་བཤད་ན་ཀྲུང་ནན་ཧེ་ནས་ནམ་ཡང་དངོས་ཐོག་བདེན་འཚོལ་དང་དྲང་བདེན་གྱི་སྐད་ཆ་ཞིག་བཤད་མི་སྲིད་ལ་ད་རེས་ཡེ་རྡོར་གྱིས་གནས་ལུགས་རྒྱུ་མཚན་དང་བདེན་པ་གཅིག་ལ་ཡང་ལྟ་བཟོ་མེད་པའི་རྩོམ་འཆལ་འདིར་ཁ་ཡ་མི་བྱེད་ཐག་གཅོད་ཡིན་ལ། ཁ་ཡ་བྱས་ན་སྐྱག་པར་ལག་པ་འཆངས་བ་དང་གཅིག་པ་རེད། སྐྱག་པར་ལག་པ་འཆངས་ན་དྲི་ཁ་བ་ལས་ཅང་མེད་པ་རེད།
ཡེ་རྡོ་དེ་གུང་ཁྲན་ཏང་བོད་ཀྱིས་དྲག་པོས་ལས་འགུལ་སྤེལ་བ་དོགས་ནས་ཞེ་སྣང་བའི་རྟགས་མཚན་རེད། དེ་ནི་རྐུན་མ་རྐུན་མ་ལ་སྐྲག་པའི་གཏམ་རྒྱུད་ལས་མ་འདས། རྒྱུ་མཚན་ནི་འཛམ་གླིང་ཐོག་བོད་ཀྱི་མཚན་མཐོང་རླགས་ན་ཏང་གི་འདོད་ཐོག་ཏུ་རྟ་རྒྱུགས་པས་དགའ་བ་སྒོམ་རྒྱུ་ལས་སེམས་འཁུར་བྱེད་མི་སྲིད། མི་སྲིད་པའི་གནད་དོན་ཞིག་ལ་སེམས་ཁུལ་བྱེད་པ་ནི་གཡོ་སྒྱུ་རེད་ལ། ཞོར་དུ་བློ་སེང་ལ་སློབ་སྦྱོང་དེ་ཙམ་མེད་ཅིང་རྒྱ་བའི་བཀའ་ཡང་ཚུལ་བཞིན་མི་སྒྲུབ་ཚུལ་གླེང་ནས་བོད་མིའི་ནང་ཁུལ་དཀྲུགས་ཤིང་བཟོ་ཆེད་ཡིན་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ཁྲོད་བློ་སེང་གི་རིན་ཐང་ཆུང་དུ་བཏང་ཐབས་རེད། བློ་སེང་གི་རིན་ཐང་ཆུང་དུ་ཕྱིན་ན་བོད་ཀྱི་མང་གཙོ་ལམ་ལྷོང་མ་ཡོང་བའི་དན་རྟགས་རེད་ལ། རྒྱལ་བའི་དགོངས་བ་བཞིན་ཆོས་དང་མ་འབྲེལ་བའི་བོད་ཀྱི་དབུ་ཁྲིད་ཅིག་བྱུང་བ་འགོག་རྐྱེན་གྱུར་བས་རྒྱ་གཞུང་ལ་མཚོན་ན་བོད་ཀྱི་སྤྱི་ཚོགས་ཁྲོད་བླེ་སེང་གི་རིན་ཐང་ཉམས་ཤིང་ལམ་འགྲོ་མི་རྒྱུག་རྒྱུ་སྐོམ་པ་ཆུ་འདོད་ཀྱི་རེ་བ་རེད། དེའི་ཕྱིར་རྩོམ་ཡིག་འདི་བྲིས་པ་འདོད།
ཡེ་རྡོ་ཟེར་བ་དེ་བོད་པ་ཡིོན་ནམ་རྒྱ་མི་ཞིག་ཡིན། མི་ངན་དེས་ག་དུས་ཡིན་ཡང་བོད་མིའི་སྟེང་ལ་མ་བདེན་རྫུན་གཏམ་ཤོད་པར་གཙུག་གཞག་པ་ལྟ་བུ་ཞིག་འདུག
མི་མང་དུང་ཕྱུར་མང་པོའི་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས་རྣམས་མ་བྲིས་པར་དྲང་བདེན་གྱི་བོད་མིའི་སྟེང་དུ་མ་རུང་ཁོག་བཅང་གི་ཉེས་འགེལ་བྱེད་པ་ནི་ཐབས་སྐྱོ་བོ་ཡིན།
བཀའ་བློན་ཁྲི་བ་ལ་ཤེས་ཡོན་མེད་པར་སྒྲུབ་མཁན་ཕྱི་ནས་ཡེ་རྡོར་དང་ནས་ཤར་ཁུག་རེད་
ད་ཤར་ཁུག་ལ་དགའ་ནས་དགོད་སྒྲ་འཐེན་རོག་ཡེ་རྡོར་རག་འདུག་ཧཧཧ
ཕྱི་ནས་ཡེ་ཤེས་རྡོར་རྗེ་དང་།
ནང་གི་ཤར་ཕྱོགས་ཁུག་རྟ་གཉིས།
དགོང་པ་དགོང་གཞི་གཅིག་གི་ངང་།
བཀའ་བློན་ཁྲི་བ་བླུན་པོར་སྒྲུབ།
དྲ་གྲོགས་ཚོ། ཡེ་རྡོ་ཟེར་བ་འདི་སུ་དང་གང་ཡིན་ང་ཚོ་སུར་ཡང་གསལ་ཆ་མེད་ལ། ་བདག་པོ་མེད་པའི་མིང་འདི་འདྲའི་འོག་ནས་རྩོམ་ཡིག་ཐེབ་ཆག་འདི་འདྲ་ཞིག་བྲིས་འདུག་པར་དངངས་སྐྲག་འདྲ་ལངས་ནས་ནང་ཁུལ་ལ་འཛིང་དགོས་དོན་དེ་བས་ཀྱང་མི་འདུག སྡར་མ་དགྲ་ལ་ཐུག་ལ་རང་སྲོག་གཅོད་ཟེར་བ་ལྟར། ཀླད་མེད་ལ་ལ་ཞིག་རྩོམ་འཆལ་འདི་འདྲ་ཞིག་རིག་མ་ཐག་བླ་འཁྱམ་ནས་ནང་ཁུལ་ལ་ཅིག་ཅིག་བཤད་པ་འདི་ཤིན་ཏུ་མི་འོས་པའི་གནས་རེད། ཡེ་རྡོར་ཟེར་བ་འདིའི་བྲིས་རྩོམ་གྱི་ཚིག་སྦྱོར་དང་། དག་ཆ། རྩོམ་གྱི་གོ་རིམ། ནང་དོན་གྱི་ལྗིད་ཚད་གང་ལ་བལྟས་ཀྱང་ང་ཚོར་གནོད་པ་ཕོག་འགྲོ་བ་ཞིག་ཡེ་ནས་མི་འདུག ལྷོད་ལྷོད་བྱོས།
བོད་པ་ཡང་འཁྱོག་སོང་་་་ཨ་ཡ། ཞེ་སྡང་ཅན་ཁྱོད་ཀྱི་སེམས་ནང་ཤར་ཁུག་ལས་མེད་པ་འདྲ། ངས་བལྟས་ན་ཤ་ཁུག་འགྲིག་གི་འདུག བོད་པའི་སྤྱི་ཚོགས་ནང་ལས་དཀའ་བྱེད་མཁན། ཤེས་ཚད་ལྡན་པ། བོད་དོན་ལ་དོ་སྣང་ཆེ་བ། སྨ་བརྗོད་རང་དབང་ལོངས་སུ་སྤྱོད་མཁན། བོད་པ་ལགས གལ་ཏེ་ཁྱེད་ངང་བོད་པ་དངོས་གནས་ཡིན་ན། ཡེ་རྡོ་ལ་འགག་ལན་ཚ་ཐག་ཆོད་གཅིག་རྒྱོབ་དང། ད་དེ་ཙམ་ཞུ།
ཡེ་རྡོ་རང་གི་བསམ་ཚུལ་ཡིན་མིན་ལ་མ་བལྟས་བར་འཐབ་ཕྱོགས་གཅིག་གྱུར་པུའི་ཟིན་བྲིས་པ་ཞིག་གིས་བྲིས་པ་སྟེ། གང་ལྟར་རྩོམ་ཡིག་འདིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ལྟ་ཚུལ་གསལ་འདོན་བྱས་པ་ཙམ་རེད། ཏཱ་ལའི་དྲག་ཤུགས་མ་ཡིན་པའི་དྲག་ཤུགས་ཟེར་བ་གཡོ་གཏམ་ཙམ་ཞིག་རེད། ད་ཡོད་དཀའ་རྙོག་ཡོད་ཚད་དམག་གི་སྟོབས་ཤུགས་ལ་བརྟེན་ནས་ཐག་ཆོད་བྱ་རྒྱུ་ཡིན་པ་གསལ་བོར་བཤད་འདུག །
བྱིས་པས་རྡོ་བ་འཕེན་པ་ལ། ། བྱེའུ་ཆུང་འཚུབ་ནས་འཕུར་ན་ཡང་། །
བྱ་རྒྱལ་ཐང་དཀར་རྒོད་པོ་ཡི། ། སྒྲོ་ཙམ་འགུལ་བ་ག་ལ་ནུས། །
གླེན་པས་འཆལ་གཏམ་སྒྲོག་པ་ལ། ། ཆུང་རྣམས་རྨོངས་པས་བསླུ་གྱུརད་ཀྱང་། །
པྱི་ནང་གནས་ལུགས་རྟོགས་པ་ཡི། ། མཁས་པའི་ཏིང་འཛིན་ཞིག་ནུས་སམ། །
ཡེ་རྡོར་མིང་འཛིན་གྲིབ་མ་འདི། ། མཁས་བླུན་རིགས་རུས་གར་གཏོགས་ཀྱང་། །
སྨྲས་པའི་གཏམ་ལ་བདེན་མེད་པ། ། དུད་ཁུང་སྣང་བས་སྟོང་བཞིན་ནོ། །
བྲིས་པའི་ཡི་གེར་དག་ཆ་མེད། ། བསྟན་དོན་སྙིང་བོར་བདེན་པ་མེད། །
ཐ་ན་བོད་སྒྲའི་ལུགས་བྲལ་བ། ། མ་རྩོམ་རྒྱ་འདྲེའི་ཡི་གེ་རེད། །
འབྲེལ་སྒྲ་་ལ་བྱང་བ་འདི། ། རིག་གསར་དུས་ཀྱི་རྒད་པོའི་རྟགས། །
སྤེལ་ལུགས་འདྲ་མིན་བསྲེས་པ་འདི། ། རང་མདོག་གཞན་ལ་རྫུ་འདོད་རྟགས། །
འབྲེལ་སྒྲ་་་གི་་་ལ་བྱང་བ་འདི། ། རིག་གསར་དུས་ཀྱི་རྒད་པོའི་རྟགས། །
སྤེལ་ལུགས་འདྲ་མིན་བསྲེས་པ་འདི། ། རང་མདོག་གཞན་ལ་རྫུ་འདོད་རྟགས། །
ཡེ་རྡོར་གྱི་མིང་ཐོག་ཏུ་བྲིས་པའི་རྩོམ་འདི་ལ་བོད་གཞུང་གི་ངོས་ནས་ལན་མ་བཏབ་ན་འགྲིག གལ་སྲིད་རྒྱ་ནག་གཞུང་གི་སྨྲ་ལྕེའི་ཚབ་མཚོན་གྱི་བརྒྱུད་ལམ་ཆེ་ཁག་ཅིག་གམ་གནད་ཡོད་འགོ་ཁྲིད་ཀྱི་མིང་ཐོག་ནས་བཏོན་པའི་གཏམ་ཡིན་ཡིན་ན། བོད་གཞུང་ཕྱོགས་ནས་དུས་ཐོག་ཏུ་དགག་ལན་དགོས་སར་དགག་ལན་ནན་པོ་བརྒྱབ་ཏེ་རྫུན་ཁུངས་གསལ་རྗེན་དུ་འདོན་དགོས།
ཡང་ཅིག་བཤད་ན། རྩོམ་འདིའི་དམིགས་ས་དེ་བཙན་བྱོལ་བོད་མིན་པར། རྒྱ་ནག་དམར་ཕྱོགས་ཀྱི་ནང་ཁུལ་དབང་རྩོད་ཛ་དྲག་པའི་གནས་སྐབས་འདིར། གཞིས་པ་བོད་མིའི་སེམས་ཁམས་ཞི་འགྱུར་བྱ་བསམ་པ་དང་། གཞིས་པ་བོད་མིའི་ལས་འགུལ་དང་ཆོད་སེམས་ཀྱིས་རྒྱ་ནག་མི་མང་ལ་ཤུགས་རྐྱེན་ཐེབས་ནས་རྒྱ་ནག་དམར་པོའི་གཞུང་གི་སྲིད་དབང་ལ་འཇིགས་ཉེན་འབྱུང་བར་དོགས་བྲིས་པ་ཡིན་པར་འདོད།
གང་ལྟར་རྒྱ་དམར་དབུས་གཞུང་ཡིན་ནའང་འདྲ།ས་གནས་གཞུང་ཡིན་ནའང་འདྲ།འཐབ་ཕྱོགས་གཅིག་འགྱུར་ཡིན་ནའང་འདྲ།ཡེ་རྡོར་བོད་མིང་བོད་པ་ངོ་མ་ཡིན་ནའང་རྫུན་མ་ཡིན་ནའང་ཁོ་ཚོས་གང་བཤད་དེ་གཙོ་བ་མ་རེད།ཁོ་ཚོས་བཤད་པར་དེར་ཆ་འཛིན་ཡིད་ཆེས་བྱེད་ག་ཚོད་འདུག་གམ།ཡིད་ཆེས་བྱེད་མཁན་འདུག་གམ།མི་འདུག་གམ་དེ་གཙོ་བ་རེད།
ཁོ་ཚོས་རྩོམ་ཡིག་དེའི་དམིགས་ས་ནི་རྒྱལ་སྤྱིའི་མི་མང་དང་།བཙན་བྱོལ་གཞུང་དམངས།གཞིས་ལུས་བོད་མི།རྒྱ་མི་རིགས་བཅས་ལ་དམིགས་ནས་བྲིས་ཡོད་ཀྱང་ཕྱོགས་དེ་དག་གིས་ཁྲོད་ནས་ཁོ་ཚོས་བཤད་པ་དེར་ཡིད་ཆེས་བྱེད་མཁན་བརྒྱ་ཀླད་གོར་རེད།དེ་ན་བཙན་བྱོལ་དབུས་སྒྲིག་འཛུགས་ནས་ལན་འདེབས་བྱེད་དགོས་དོན་མེད་ལ།ང་ཚོས་ཀྱང་ཁོ་ཚོར་དོག་འདྲོགས་བྱེད་དོན་མེད།རྒྱ་དམར་གྱིས་བརྒྱུད་ལམ་ཡོད་ཚད་སྐྱག་རྫུན་བཤད་ཀྱི་ཡོད་པ་དེ་དེང་སྐབས་འཛམ་གླིང་ནང་ཡོངས་གྲགས་དང་།རྒྱུན་ལྡན་ཅན་ཞིག་ཆགས་ནས་འཛམ་གླིང་མི་མང་རྣམས་གོམ་གཤིས་སུ་གྱུར་ནས་ཁོ་ཚོའི་གསར་འགྱུར་དང་གཏམ་ལ་ཆུ་ནང་གི་སྟུག་དྲིའི་རིན་ཐང་ཡང་བརྩི་ཡི་མ་རེད།
དེ་བས་ང་ཚོའི་སྤྱི་ཚོགས་ནང་རྒྱ་མིའི་ཉུལ་མ་དང་།གཏོར་བཤིག་གཏོང་མཁན་གང་མང་ཞིག་བཏང་ཡོད་སྐོར་ལ་ང་ཚོས་གཟབ་ནན་བྱེད་དགོས།ང་ཚོ་ཕུང་ན་དེས་ཕུང་བཅུག་གི་རེད།དཔེར་ན།ཨོའི་ཀྲུའུ་ལེ་ཡའི་བོད་མིའི་མཐུན་སྒྲིལ་རྩ་གཏོར་བཏང་ནས་ད་ཆ་རྩ་དོན་གྱི་ལས་འགུལ་གང་ཡང་སྤེལ་མི་ཐུབ་པའི་གནས་སུ་ལྷུང་ཡོད།དེ་བཞིན་ཕཱ་རན་སེ་དང།སུད་སི།བལ་ཡུལ་བཅས་སུ་རྒྱ་གཞུང་སྤེལ་བའི་ལོ་གསར་གྱི་བྱེད་སྒོ་སོགས་ལ་བོད་མིས་ཁག་གཅིག་མཉམ་ཞུགས་བྱས།ཁག་གཅིག་དེར་ངོ་རྒོལ་བྱས་མཐར་བོད་མི་ནང་ཁུལ་གྱི་རྩོད་གཞིར་གྱུར་ནས་མཐུན་སྒྲིལ་གྱི་གུང་བུ་རྩ་མེད་དུ་གཏོང་གི་ཡོད་པ་རེད།རྒྱ་ནག་ལ་ཡེ་རྡོར་བརྒྱ་ཕྲག་ཡོད་ཀྱང་ང་ཚོ་གནོད་ཚབས་ཆེ་བ་ཡོང་གི་མ་རེད།དེ་བས་བཙན་བྱོལ་སྤྱི་ཚོགས་ནང་ཡེ་རྡོར་གཅིག་ཡོད་ཀྱང་དེས་ང་ཚོར་གནོད་པ་མ་ཟད།མཐའ་ང་ཚོའི་སྤྱི་ཚོགས་དེ་ཕུང་དུ་བཅུག་གི་རེད།དེས་ན་བཙན་བྱོལ་སྤྱི་ཚོགས་ནང་གི་ཡེ་རྡོར་ལ་ཡིད་གཟབ་གནང་རོགས།
མཆན་ཨང་ ༡༡༽ དང་། ༡༢༽ གཉིས་ཀ་ལྗང་སྨྱུག་ཟེར་མིང་རྫུན་བེད་སྤྱད་བཏང་འདུག་པས། ཁ་བརྡ་དྲ་བས་ཞིབ་འཇུག་དགོས་ཀྱི་ཡོད།
བསམ་ཚུལ་གང་ཡིན་རུང་བརྟག་གཞིག་ནན་མོ་བྱ་དགོས་པ་གལ་ཆེན་པོ་རེད། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་གསུངས་པ་ལྟར་རིགས་པ་དང་འགལ་ཡོད་མེད། གལ་ཏེ་ཁོས་བཤད་པའི་སྐད་ཆ་རིགས་པ་དང་འགལ་ཡོད་ན་ཁས་ལེན་མི་རུང་། བདེན་པ་སྨྲ་བའི་ལྕེ་མེད་པར་ཏཱ་ལའི་དྲག་ཤུགས་ཟེར་བ་ཚད་མེད་པའི་སྒྲོ་འདོགས་རེད། ཏཱ་ལའི་བླ་མས་ད་བར་འཚེ་མེད་ཞི་བ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ཏཱ་ལའི་བླ་མ་དང་ཉམ་ཆུང་སྒྲིག་འཛུགས་ཤིག་གི་སྒང་ལ་དྲག་ཤུགས་བེད་སྤྱོད་བྱེད་ཀྱི་འདུག་ཟེར་བ་ལོང་བས་མིག་ལྡན་ལ་མགོ་སྐོར་བ་དང་འདྲ་སྟེ་སྐད་ཆ་ཆོ་མེད་རེད། ང་དགུ་ལོའི་སུམ་ཅུ་དུས་དྲན་ནས་བཟུང་ད་བར་ལས་འགུལ་ནང་དུ་བོད་པས་རྒྱ་མི་གཅིག་ཀྱང་བསད་མྱོང་མེད་ལ། རྒྱ་དམར་གྱིས་བོད་པ་ག་ཚོད་ཅིག་བསད་པ་རེད། འདི་རྒྱུ་མཚན་གཅིག་རེད།
ཤར་ཕྱོགས་ཁུག་རྟ་སོགས་རེ་འགས་འདི་ལ་ལན་ཞིག་འབྲི་གི་ཡིན་མདོག་མདོག་བྱས་འདུག དེ་འདྲ་ཡིན་ན་གང་ཡག་ཡག་ཅིག་རོགས དཔེར་ན་རང་བསྲེགས་བྱེད་གཏོང་མཁན་ཕྱི་ལོག་ནས་གཏོང་གི་ཡོད་པའི་ཁུངས་བཤད་ཀྱི་འདུག དོན་དངོས་ཐོག་བོད་ནང་རང་སྲོག་གཏོང་མཁན་ཕལ་བ་རྒྱ་གར་དང་ཕྱི་རྒྱལ་ལ་ཡོང་མ་མྱོང་བ་དང་། ༧རྒྱལ་བ་རིན་པོ་ཆེ་སོགས་དང་མཇལ་མྱོང་མེད་མཁན་ཤ་སྟག་ཡིན་པའི་བཟོ་མཐོང་སོང་། དེའང་གསལ་བཤད་བོ་བཟོ་རྒྱུ་གལ་ཆེན་པོ་རེད།
གཉིས་པ་ཡེ་རྡོར་སུ་ཡིན་མིན་བཤད་དཀའ་ཡང་། བོད་མིང་བེད་སྤྱོད་བཏང་ནས་འབྲི་དོན་བོད་མི་ནང་ཁུལ་ལ་དོགས་པ་དང་འགལ་ཟླ་དང་དཀྲུགས་ཤིང་བཟོ་འདོད་པ་རེད།
ཡེ་རྡོར་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་རྒྱུས་མངའ་ཧ་ཅང་ཆེ་མདོག་བསྟན་པ་ལས། ཉེ་ཆར་གསེར་རྟར་རང་ལུས་མེར་བསྲེགས་བཏང་ཚུལ་ཐོག་མར་སྒྲོག་མཁན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་རླུང་འཕྲིན་ཁང་མ་རེད། བོད་ཀྱི་བང་ཆེན་གསར་ཁང་རེད།
ཡེ་རྡོར་ཟེར་བས་བཤད་སྟངས་ལ་དཔྱད་ན།རྒྱ་ནག་གིས་བཤད་སྟངས་ཇི་ལྟར་བྱས་མིན་ལ་མ་ལྟོས་པར།་དོན་དུ་༧གོང་ས་མཆོག་གི་མཛད་འཕྲིན་དང།་བཀའ་ཁྲི་གསར་པས་དབུ་ཁྲིད་པའི་༢།༨་ཀྱི་ལས་འགུལ་སོགས་ལ་ཁོང་ཚོས་དོ་སྣང་སྤྲད་དགོས་ཆགས་པ་དང།་དེ་དག་ལ་ནུས་པ་ཡོད་པའི་ར་སྤྲོད་ཅིག་རེད་སྙམ།་་་་དེ་མིན་ཁོ་པས་༡༩༩༨་ལོར་བཙན་བྱོལ་ནང་མེར་སྲེག་གི་ལས་འགུལ་ལ་༧གོང་ས་མཆོག་གིས་དེ་ལྟའི་བྱེད་སྤྱོད་ཐ་ཤལ་རིགས་ལ་དགག་པ་ཆེན་པོ་བྱས་པ་རེད་ཟེར་བ་དང།༧གོང་ས་མཆོག་བགྲེས་ཡོལ་བྱེད་སྟངས་དེ་འཕྲལ་མར་ཏཱ་ལའི་ཚོགས་ཁག་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཅིག་བསླངས་པ་རེད་ཟེར་བ།་བཀའ་ཁྲི་མཆོག་ཡོན་ཚད་ཆུང་དྲག་པ་རེད་ཟེར་བ་སོགས་ནི།་ཧམ་བཤད་འཁྱོག་བརྗོད་ཁོ་ན་ལགས་མོད།་ལོ་རྒྱུས་ཀྱི་དེར་ཐེར་ནང་འདིའི་རིགས་ཀྱི་དོན་དངོས་ཇི་ཡིན་གསལ་འདོན་དགོས་གལ་ཆེ་བས།་འབྲེལ་ཡོད་ཚོས་ངེས་པར་ནུས་ལྡན་ཁ་གསལ་གྱི་གསལ་བཤད་དགོས་པ་འཐབ་རྩོད་དང་ལོ་རྒྱུས་ཀྱི་དགོས་མཁོ་ཆགས་ཡོད
དེ་ཡང་ང་རང་སློབ་འབྲིང་ན་ཡོད་པའི་སྐབས་ཤིག་ལ་དགེ་རྒན་ཞིག་གིས། བཙོག་པ་ལག་པ་འཆང་ན་དྲི་ངན་ཁ་རྒྱུ་ལས་གཞན་མེད་ཟེར་བ་ལྟར། ཡེ་རྡོར་ལྟ་བུའི་བསམ་ཚུལ་བདེན་པའི་དྲི་མ་ཙམ་མེད་པ་ཞིག་ལ་ཡ་ལན་ཞིག་བྱས་ནས་ཅི་བྱེད། དེ་ལས་དོན་དམ་གྱི་གནས་ཚུལ་གཞན་རིགས་ལ་དོ་སྣང་དང་སློབ་སྦྱོང་བྱེད་ན་མི་ལེགས་སམ།
ཡེ་རྡོར་ནི་རྒྱ་གཞུང་གི་རྒྱུག་ཁྱི་ཞིག་ཡིན། །
རྒྱ་དམར་གཞུང་གི་གཡོ་རྒྱུགས་པ་ཁ་ཤས་ཀྱིས་དོན་དངོས་ལ་འཁྱོག་བཤད་བྱས་པའི་ཡིག་ཉོག་འདི་ལྟ་བུ་ཞིག་ལ་དགག་ལན་འབྲི་བའི་རིན་ཐང་ཁྱོན་ནས་ཡོད་མ་རེད།
གང་ལྟར་འཇིག་རྟེན་འདིར་ཁྲག་ལན་ཁྲག་གི་མཇལ་ན་བསམ་ཤེས་བཏང་མཁན་དཀོན་ལ། ནང་ཆོས་མིན་ན་བོད་འདི་འདི་ཉམ་ངའི་གནས་སུ་ལྷོང་དགོས་དོན་མེད། གྲྭ་བ་བྱོས། བླ་མ་བཟོས། དེ་ནས་རེ་བ་འདུག
ཡེ་རྡོ་ལགས།
ད་ལྟ་འགྲོ་བཞིན་པ་འདི་གཞན་སྲོག་མི་ལེན་པའི་ཞི་བདེ་རེད། དྲག་ཤུགས་རྣལ་མ་ནི་དྲ་ལི་བྷན་གྱིས་སྤེལ་བའི་དྲག་སྤྱོད་དེ། འབར་རྫས་དང་མི་གཅིག་གིས་མི་བརྒྱ་གཉིས་བརྒྱ་འཆི་ལམ་དུ་འདེབས་པའི་རང་སྲོག་བློས་བཏང་གི་དྲག་སྤྱོད་རེད་ལ། ཨེ་རལ་ཏུ་བྱུང་བའི་ལམ་སྲུང་གི་ཨ་རིའི་དམག་མི་དང་སྲང་ལམ་དུ་གནས་བའི་གྲོང་ཁྱེར་གྱི་སྐོར་སྲུང་པ་ལ་སྒེའུ་ཁུང་ནས་མེ་འདའ་རྒྱབ་སྟེ་ལྐོག་གསོད་བྱེད་པའི་ཐབས་ལམ་དེ་རེད། གསོད་མཁན་ལྟ་ཅི་ལྡེའུ་ཡང་གང་ནས་ཐོན་པ་མི་ཤེས་བའི་བླ་མེད་ཀྱི་དྲག་འཐབ་དེ་རེད། བོད་ཀྱི་རང་ལུས་མེ་སྲེགས་ཀྱིས་རྒྱ་གཞུང་གི་ལས་བྱེད་དང་དམག་མི། ཐ་ན་རྒྱ་མི་ག་ཚོད་ཅིག་གསད་སོང་། གཅིག་ཀྱང་མ་གསད་པས་དྲག་འཐབ་ག་ལ་ཡིན། གལ་སྲིད་ནང་ཆོས་བོད་དུ་མ་དར་བའི་དབང་དུ་གནང་ན། གལ་སྲིད་བོད་ཀྱི་ཆོས་ལུགས་ཡེ་ཤེས་སམ་ཁ་ཆེའི་ཆོས་ལུགས་ཡིན་པའི་དབང་དུ་བཏང་ན། གལ་སྲིད་བོད་པ་རྣམས་ཆོས་མེད་རིང་ལུགས་པ་ཡིན་ན། དེ་ལྟར་མི་མང་པོ་ཞིག་གིས་གཞན་འཚེ་མེད་པ་རང་ལུས་མཆོད་འབུལ་བྱེད་སྲིད་དམ། མི་དེ་དག་གིས་ཉིད་ཀྱིས་བཤད་པ་བཞིན་དོན་དངོས་ཀྱིས་དྲག་འཐབ་བེད་སྤྱོད་བྱེད་པ་ཡིན་ན། རྒྱའི་ལས་བྱེད་ག་ཚོད་ཅིག་གི་ཚེ་སྲོག་ཁོང་ཚོ་དང་ལྷན་དུ་འགྲོ་འམ། དེ་ནི་ཉིད་ཀྱིས་ཤེས་གསལ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས།
རྣ་བར་གཟན་པའི་ཡིད་ཆད་ཀྱི་སྐད་ཆ་རེ་རེས།།
འཁྱོད་བརྗོད་ཀྱི་ཚད་ཐིག་ནག་པོ་སྐེ་རུ་བཅིང་།།
དྲང་བདེན་ལ་རྡོག་པས་བརྫིས།།
ཞི་བདེ་ལ་མཆིལ་ཞགས་འཕངས།།
དྲང་བདེན་གྱི་མདུན་དུ་ཉམ་ང་བའི་མི་རིགས་ཞིག།
འཁྱོག་བརྗོད་གྱི་ཁ་ནས་མེ་རུ་འབར།།
ཡོད་ཚད་ལ་དབང་འབྱོར་བའི་རྒྱ་ནག་དམར་པོས།།
དུས་གཏན་དུ་ངེད་མི་རིགས་འདི་ཁྱུར་མུད་དུབཏང་།།
ཡིན་ཡང་ཡིད་ཆད་མེད་པའི་དཔའ་བོ་ཚོས།།
བདེན་པ་རུ་ཚེ་སྲོག་གི་སྨྱུ་གུ་འབུས་སུ་བཅུག།
བརྗེད་ཐབས་མེད་པའི་སེམས་དཔའ་དེ་ཚོ།།
མི་རིགས་ཀྱི་སྒྲོན་མེ་དང་ལ་རྒྱ་ཡི་འདུ་ཤེས་ཡིན།།
བདེན་པ་ལ་འཁྱོག་པོས་བརྗོད་ཀྱང་།།
རེ་བ་རུ་ཡིད་ཆད་མེད།།
གུང་ཁྲན་དམར་པོའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཚང་མ་རྫུན་གཏམ་ཡིན་པས་ང་ཚོས་ཆ་འཇོག་བྱས་ན་ང་ཚོའི་གཟི་བརྗིད་ཉམས་ཡས་མ་གཏོགས་མེད། ད་ལྟའི་རྒྱ་མི་གུང་ཁྲན་འདི་མ་རྩ་རིང་ལུགས་ཀྱི་ཁྲམ་པའི་གུང་ཁྲན་ཚོགས་ཁག་ཞིག་ཡིན་སྟབས་རྫུན་གཏམ་གཅིག་བཤད། བཅུ་བཤད་འགྲིག་ཙམབྱུང་། བརྒྱ་བཤད་ཨའོ་ཙམ་བྱུང་། ད་ནི་རྫུན་མ་བཤད་ན་འགྲིག་གི་འདུག་བསམ་ནས་གཞུང་གི་རྩ་ཁྲིམས་རྫུན་མ། ཁྲིམས་རྫུན་མ། ཏང་རྫུན་མ། ཏང་ཡོན་རྫུན་མ། ཚང་མ་རྫུན་མར་བསྒྱུར་ཡོད། ལོ་ངོ་ལྔ་བཅུ་རྫུན་བཤད་ནས་འཛམ་གླིང་མི་དམངས་མགོ་སྐོར་གཏོང་གི་ཡོད། འཛམ་གླིང་ཐོག་གི་ཚོགས་པ་མང་པོ་ཞིག་ལ་གུང་ཁྲན་གཞུང་ནས་དངུལ་རྩ་བཀྲམས་ཟིན་པས་གངས་རིའི་མདོག་དཀར་པོ་ཡིན་ཡང་དངུལ་རྩའི་ནུས་ཤུགས་ཀྱིས་དམར་པོ་རེད་ཅེས་སྒྲོག་གི་རེད། དེ་ནི་གནས་སྐབས་ཀྱི་དངོས་པོའི་སྟོབས་ཤུགས་རེད། ང་ཚོས་རྫུན་གཏམ་ལ་ལན་སློག་དགོས་དོན་མེད། བོད་མིའི་རྩ་བའི་དམ་བཅའ་དང་ཡ་རབས་སྤྱོད་བཟང་མི་ཉམས་པ་བྱེད་དགོས།
གྲོགས་པོ་ད་ཤོག་ད་ཕྲིས་ལགས། ང་རང་རྩོམ་ཡིག་འདི་འདྲ་ཞིག་མཐོང་དུས་ནམ་ཡང་བརྗེད་སྲིད་མི་པའི་དྲན་པ་ཞིག་འཆར་བྱུང་། མ་གཞིར་སྐད་ཆ་ཅི་བཤད་ནའང་གནས་ལུགས་ལ་ལྟོས་དགོས་པ་ཞིག་ལུས་ཡིན། སྔོན་ཆད་ང་རང་བོད་ལ་ཡོད་དུས། ་ཉིན་ཞིག་དར་རྩེ་མདོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་ཆོས་ལུགས་མི་སྣ་མང་པོ་ཞིག་འཚོང་འདུ་དུ་འཛོམས་དགོས་པའི་བཀའ་བརྒྱ་བཏང་སོང། ང་རང་གྲོགས་པོ་ག་གེ་མོ་ཞིག་གི་ཚབ་ཏུ་འཚོང་འདུ་དེའི་ཐོག་ཏུ་་བསྐྱོད་པ་ཡིན། ཚོང་འདུ་དེ་ནི་སྤྲུལ་སྐུ་རིན་པོ་ཆེ་བསྟན་འཛིན་བདེ་ལེགས་མཆོག་དང་ཨང་དབང་བཀྲ་ཤིས་རྣམ་གཉིས་ལ་ཁྲིམས་ཀྱིས་ཐག་གཅོད་བྱ་རྒྱུའི་སྐོར་ལ་བགྲོ་གླིང་ཞིང་རེད་འདུག། ཡིན་ནའང་འཚོང་འདུདེའི་འགོ་འཇུག་བར་གསུམ་དུ་རྒྱ་དཔོང་ཞིག་གིས་སྤྲུལ་སྐུ་རྫུན་མ་ཡིན་རབས་དང་ཁོ་ཡི་དགོན་པའི་ནང་ལ་རྔོག་བཤེར་བྱེད་སྐབས་དགོན་པའི་མདུན་ཁང་དུ་དོང་ཆེན་པོ་ཞིག་ལྐོག་འདུག། དེའི་ནང་བུད་མེད་ཁྲིད་ས་དང་འོད་སྡེ་ཁ་དོག་སེར་པོ་རིགས་མང་པོ་ཞིག་བརྙེད་སོང་ཟེརཞིང་། ད་དུང་མེ་མདའ་དང་ལྡེའུ་མཚོན་ཆ་འདྲ་མི་སྣ་ཚོགས་འདུག་ཟེར། མ་གཞིར་ཁོང་གཉིས་ནི་ཏཱ་ལི་རུ་ཚོགས་ཀྱིས་ཆེད་དུ་བོད་རྒྱའི་བརལ་དབྱེན་དཀྲུགས་བྱེད་ས་མངགས་བ་ཡིན་འདུག་ཟེརཞིང་། ཁོ་ཚོས་སྐྱག་རྫུན་བཤད་པ་ལ་བག་ཚ་བ་དང་འཇིགས་ས་ཞིག་གཏན་ནས་མེད་པ་རེད། འདི་འདྲ་བོ་ཞིག་གིས་མི་མང་པོ་ཞིག་མགོ་བོ་མཐོར་དུ་བཅུད་ཀྱིན་ཡོད་པ་རེད། གོང་གི་རྩོམ་ཡིག་ལ་ཞིབ་ཏུ་བསམས་ན་རྒྱ་གཞུང་གི་སྐྱག་རྫུན་རྗེན་པ་ཞིག་ཕྱིར་རུ་མངོན་མི་འདུག་གམ། གནས་ལུགས་ཧ་གོ་མཁན་ཞིག་གིས་མཐོང་སོང་ན་གད་མོ་ཤོད་བ་རང་རེད་འདུག།
ཡེ་རྡོར་གྱི་སྐད་ཆ་ལ་ཁུངས་ལུང་གང་ཡང་མི་འདུག ལན་རྒྱབ་རིན་ཅི་ཡང་མི་འདུག འོན་ཀྱང་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་ཞིག་དགོས་པ་ནི་ཁ་སྔོན་གསེར་རྟར་མི་གསུམ་མེ་སྲེག་བཏང་འདུག་ཟེར་བའི་གནས་ཚུལ་རྫུན་མ་ཐོག་མར་སྤེལ་མཁན་དེ་སུ་ཡིན་མིན་དང་། དམིགས་ཡུལ་གང་ཡིན་ངེས་པར་དུ་རྩད་བཅད་དགོས་པ་རེད། གནས་ཚུལ་རྫུན་མ་དེ་ནི་བོད་ཀྱི་དཔའ་བོ་རྣམས་ཀྱི་སྐུ་ལུས་མེ་ལ་ཕུལ་བ་ཡོངས་རྫོགས་རྫུན་མ་ཡིན་པ་དང་། ནུས་པ་མེད་པ། གཞན་གྱི་དོ་སྣང་མི་ཡོང་བ་བཅད་ཀྱི་ཆེད་དུ་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་སྲིད། དེས་ན་མ་འོངས་པར་བདེ་སྲུང་ལྷན་ཁང་དང་ང་ཚོའི་གསར་འགྱུར་ལས་ཁུངས་ཁག་གིས་དེ་འདྲའི་རིགས་ལ་ཟབ་ཟབ་ངེས་པར་དུ་བྱེད་དགོས་པའི་བསླབ་བྱ་ཞིག་ཡིན་པར་གོ་དགོས།
༄། །དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་ལ་འཕོ་འགྱུར་སྣ་ཚོགས་བྱུང་བ་ལྟར་བོད་ཀྱང་འགྱུར་བའི་རླབས་ཤུགས་དེའི་ནང་ཚུད། ༡༩༤༩ ལོར་དམག་སྡེ་བཅོ་བརྒྱད་པ་བོད་དུ་དཔུང་འཇུག་བྱེད་པར་བཏང་། རྒྱ་མིས་ཕྱོགས་གཅིག་ནས་རོགས་སྐྱོར་བྱེད་ཁུལ་དང་། ཕྱོགས་གཅིག་ནས་དམག་འཐབ་ཀྱིས་ལས་འགུལ་འགོ་ཚུགས། ཕྱི་ལོ་༡༩༥༡ ཟླ་བ་ ༥ ནང་མེ་མདའི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག ༡༩༥༤ ༥ ཚེས་ ༥ ༧གོང་ས་མཆོག་གཙོ་བོར་གྱུར་པའི་སྒོ་ནས་བོད་ཀྱི་འཐུས་མི་རྣམས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དུ་ཕེབས་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་བོད་ཀྱི་མ་འོངས་པའི་བྱེད་ཕྱོགས་ལ་རོགས་སྐྱོར་བྱ་རྒྱུ་ཁས་ལེན་བྱས་ཀྱང་བོད་དུ་ཕྱིར་ལོག་ཟིན་པའི་རྗེས་དོན་ཚན་བཅུ་བདུན་དང་གཞན་གྱི་བགྲོ་གླེང་ཚང་མ་རྫུན་གཏམ་དུ་གྱུར།
༡༩༥༦ ལོ་ནས་ཕྱོགས་གཉིས་དམག་འཁྲུག་ཛ་དྲག་ཅན་དུ་གྱུར། ༡༨༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་རྒྱ་མི་གུང་ཁྲན་བོད་ནང་འཛུལ་བའི་རྗེས་དེ་དག་འགོག་སྲུང་ཆེད་ལྷ་སར་དུས་ཟིང་ཤུགས་ཆེ་ལངས། མི་འབོར་ཆེས་མང་བའི་རྒྱ་དམག་འགོག་སྲུང་མ་ཐུབ་པར་ལོ་ལྔ་སྟོང་ལྷག་ཕྱིན་པའི་ནང་པའི་རྒྱལ་ཁབ་འདི་གུང་ཁྲན་གྱི་ལག་ཏུ་ཤོར།
ལོ་དེར་དམག་འཐབ་ཛ་དྲག་ཅན་དུ་གྱུར་ནས་༧གོང་ས་མཆོག་དང་བོད་མི་འབུམ་གཅིག་བཙན་བྱོལ་དུ་ཕེབས་དགོས་བྱུང་།
དམག་སྡེ་བཅོ་བརྒྱད་པས་བོད་ས་ཡོངས་རྫོགས་དྲག་པོའི་དམག་གིས་ཟིན། དེ་རྗེས་བོད་དུ་དམངས་གཙོ་བཅོས་བསྒྱུར་བཏང་ཡོད་ཅེས་དྲིལ་བསྒྲགས་ཤུགས་ཆེ་བྱས། ཀྲུང་གོས་ཡང་དག་པའི་དམངས་གཙོ་བཅོས་བསྒྱུར་བཏང་ཡོད་ན་ ༡༩༨༧ ནས་ ༢༠༠༨ ༢༠༡༡ ༢༠༡༢ གི་ཞི་བའི་གྱེན་ལངས་དང་རང་ལུས་མེར་སྲེག་གི་ ཞི་རྒོལ་དེ་དག་ཡོང་མི་སྲིད་པ་ཞིག་རེད། རྒྱ་མི་རིགས་དང་འདྲ་མཚུངས་ཀྱི་ཐོབ་ཐང་མེད་པར་བརྟེན་ཞི་བའི་གྱེན་ལངས་འདི་བྱུང་བ་རེད། ཀྲུང་གོ་སྲིད་གཞུང་གིས་གངས་ལྗོངས་ས་མཐོར་ཞི་དྲག་དམག་འཐབ་ཀྱིས་བོད་མི་འབུམ་གཅིག་བསད་པ་དང་། དགོན་སྡེ་དང་མི་སེར་སྡོད་ཁང་འབུམ་གཅིག་ཙམ་གཏོར་གཤིགས་བཏང་བ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་བྱ་རྒྱུར་བཀག་འགོག་བྱས་པ། འགྲོ་སྡོད་ཀྱི་རང་དབང་བཀག་པ། མཚན་མོའི་དུས་ཞིང་པའི་སྡོད་ཁང་དུ་དྲག་པོའི་སྒྲིག་འཛུགས་ཀྱིས་འཛུལ་ཏེ་ཉེས་བརྡུངས་ཚད་མེད་གཏོང་བ། ཆབ་སྲིད་ཀྱི་བཙོན་པ་ཁྲི་ཁྲག་མང་པོར་མི་ཆོས་ལས་འདས་པའི་ཉེས་ཁྲིམས་གཏོང་བ་དེ་དག་ནི་ཀྲུང་གོས་བོད་ཁུལ་དུ་བྱ་བ་མང་པོ་བསྒྲུབ་པ་འདི་དག་ཡིན། བོད་རིགས་མི་དམངས་ལོ་ངོ་ལྔ་སྟོང་གོང་ནས་ཞི་བདེ་ལྷིང་འཇགས་ཀྱིས་རང་རང་འཚོ་བ་སྐྱེལ་ནས་གནས་པར་རྒྱ་མི་གུང་ཁྲན་གྱིས་ཞི་བའི་བཅིངས་འགྲོལ་གཏོང་དགོས་དོན་མེད། གུང་ཁྲན་སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཁ་ཤས་ཡོད་པ་དེ་དག་འགྱུར་ལྡོག་དུས་ནམ་ཡང་མེད། ཀྲུའུ་ཝེན་ཆུན་གྱིས་ཉེ་ཆར་སྦེལ་འཇམ་དུ་གཏམ་བཤད་བྱས་པ་དེའང་ཚིག་གི་མཛེས་རྒྱན་ཙམ་ལས་བརྗོད་གཞི་དེ་སྔའི་སྐད་ཆ་རྙིང་པ་བསྐྱར་ལྡབ་བཏང་བ་མ་གཏོགས་མ་འོངས་ཕྱོགས་གཉིས་མཐུན་འགྲིག་གི་གྲོས་འཆར་གསར་པ་ཞིག་ཡེ་ནས་བཏོན་མི་འདུག ཁོས་བོད་མི་དམངས་ལ་ཤ་ཚ་ཆེ་མདོག་གིས་ད་ལྟ་བོད་རིགས་མི་དམངས་ཀྱི་འཚོ་བ་ལྡབ་གྱུར་ཡར་རྒྱས་ཕྱིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་འོག་འཛུགས་སྐྲུན་རྣམ་གྲངས་མང་དག་དང་། ཞིང་འབྲོག་ས་ཁུལ་གྱི་སྡོད་ཁང་འཚོ་བ་སོགས་པ་ཡར་རྒྱས་གང་ལེགས་ཕྱིན་ཡོད་སྐོར་བརྗོད། ད་དུང་ཁོས་བོད་ལྗོངས་སུ་ལས་དོན་བྱེད་པར་ཐེངས་བཞི་བཅུ་ཕྱིན་པའི་སྐོར་བརྗོད། ཐེངས་བཞི་བཅུ་ཕྱིན་པ་ཡིན་ཡིན་ཞེས་བརྗོད་དུས་ནུབ་ཕྱོགས་པའི་མི་ཁ་ཤས་ཀྱི་བསམ་པར་ཁོས་རྟོག་ཞིབ་བྱེད་པར་མང་པོ་སོང་འདུག་བསམ་སྲིད་ཀྱང་དོན་ངོ་མའི་རྟོག་ཞིབ་ནི་རྒྱ་མི་འབོར་ཆེན་བོད་དུ་གནས་སྤོ་བྱ་ཡག་དང་། བོད་པའི་རིག་གཞུང་རྩ་བརླགས་གཏོང་ཡག
བོད་ཀྱི་ཡུལ་གོམས་གཤིས་ལུགས་གཏོར་ནས་རྒྱ་མི་རིགས་ཀྱི་ལུགས་སྲོལ་དར་རྒྱས་གཏོང་ཡས་དེ་རེད། རྒྱ་མི་གུང་ཁྲན་གྱི་ཆབ་སྲིད་མགྲིན་ཚབ་པས་སྐད་ཆ་བརྒྱ་བཤད་ན་བདེན་གཏམ་གང་ཡང་མེད། དེ་ནི་ལོ་ངོ་ལྔ་བཅུ་རྒྱ་མི་དང་གཤིབས་པའི་དངོས་མྱོང་ཡིན། ཁོང་ཚོས་གྲོང་ཁྱེར་ལྷ་སར་བལྟ་ཙམ་བྱས། སྟོང་པ་མི་ཉུང་ཞིག་བཤད། ཟ་རྒྱགས་སྤྱོད་གསུམ་བྱས་ཏེ་རྒྱ་ནག་ཏུ་ལོག་འགྲོ་གི་ཡོད། དངོས་གནས་བོད་དུ་རྟོག་ཞིག་ཡང་དག་པ་ཞིག་བྱེད་འདོད་ན་མདོ་དབུས་ཁམས་གསུམ་གྱི་གྲོང་ཁྱེར་ཆེ་ཁག་དང་ས་ཁུལ་ཁག་གྲོང་གསེབ་ཁག་ཏུ་བསྐྱོད་དགོས། ཁོང་ཚོའི་ལས་དོན་བྱེད་ཕྱོགས་ནི་ཕྱི་རྒྱལ་བའི་མི་བོད་དུ་ཡུལ་སྐོར་ཡོང་བ་ལས་ཐབས་སྡུག་པ་ཡོད། ད་དུང་ཁོས་ཧོང་ཀོང་དང་ཨའོ་མན་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་བཤད་པ་དང་བོད་ནི་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཡིན་པའི་སྐོར་བརྗོད། ངས་འདིར་བཤད་ཡས་ཞིག་ལ་བོད་གནའ་སྔོ་མོ་ནས་ཀྲུང་གོའི་མངའ་ཁོངས་ཡིན་པར་ཁས་བླངས་ན་ཞིང་བྲན་ལ་རྡུང་བརྡེགས་གཏོང་མཁན་ཁྱེད་ཚོའི་ཕྱོགས་མ་ཡིན་ནམ། སྐབས་དེ་དུས་རྒྱ་མིར་རྒྱལ་ཁྲིམས་མེད་པ་རེད་པས༽ མུན་ནག་དང་ཞིང་བྲན། བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེ་ཁྱོད་ཚོས་བཟོས་པའི་ལམ་ལུགས་ཆགས་ཀྱི་མི་འདུག་གམ༽ ཕྱོགས་གཅིག་ནས་བོོད་འདི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ཞིག་རེད་ཅེས་འུད་སྒྲོག་བྱེད་པ་དང་ཡང་ཕྱོགས་གཞན་ཞིག་ནས་རྒྱ་མིས་བོད་བཅིངས་འགྲོལ་བཏང་བའི་སྐད་ཆ་ཞིག་བཤད་པས་གང་ལྟར་ལམ་ལུགས་རྙིང་པའི་བཀས་བཀོད་རྒྱུད་འཛིན་བྱེད་མཁན་དང་སྤྱི་ཚོགས་གསར་པའི་བཅིངས་འགྲོལ་གཏོང་མཁན་གཉིས་ཀ་གུང་ཁྲན་ཏང་རེད་འདུག སྔ་ཕྱིར་བསམ་བློ་ཞིབ་ཕྲ་བཏང་ན་དེ་གཉིས་བརྒྱབ་འགལ་ཆགས་ཡོད།
འདིར་གསལ་པོ་བཤད་ཡས་ཞིག་ལ་ཧོང་ཀོང་དང་། ཨའོ་མན་གཉིས་དབྱིན་ཇིར་མནའ་མར་བཏང་བ་ཡིན་སྟབས་མནའ་མ་གོ་ལོག་ན་རང་གི་ནང་དུ་ལོག་ཡས་རེད། གང་ལྟར་དེ་གཉིས་ཀ་རྒྱ་མི་རིགས་རང་ཡིན་པས་ལམ་ལུགས་གང་ཞིག་བསྒྱུར་ཀྱང་རྩོད་གཞི་མེད། བོད་ནི་སྐད་དང་། རིག་གཞུང་། ཡ་རབས་བཟང་སྤྱོད། ཡུལ་གྱི་འཚོ་བ། འདས་མཆོད་བཅས་པ་རྒྱ་མི་རིགས་དང་རྩ་བ་ཉིད་ནས་མི་འདྲ། མི་རིགས་འདི་གཉིས་བྱ་རོག་དང་འུག་པ་འདྲ་བས་དུས་ནམ་ཡང་མཐུན་ཐབས་མེད།
དེང་ཆབ་སྲིད་དགོས་མཁོའི་དབང་གིས་རང་གི་ཁེ་ཕན་གཞི་རྩར་བཞག་པ་མ་གཏོགས་བདེན་གཏམ་ཤོད་མཁན་མེད།
བོད་ལྟ་བུའི་དཀའ་ངལ་འཛམ་གླིང་འདིའི་ཐོག་བྱུང་མྱོང་མེད། རྒྱ་གར་དབྱིན་ཇིས་ཟིན་ཡང་རང་བཙན་འཐོབ་ཟིན་པ་དང། འབྲས་ལྗོངས་རྒྱ་གར་གྱི་ཟིན་ཡང་རང་དབང་ཡོད། ད་ལྟ་རྒྱ་མི་གུང་ཁྲན་གྱི་གཙོས་རྒྱ་གར་དང་། བལ་པོ་གཉིས་ནས་བོད་ཀྱི་ས་ཆ་གང་འཚམ་ཧམ་བཟོས་བྱས་ཡོད་པར་བརྟེན་རྫུན་མར་རྫུན་མའི་རྒྱབ་ལངས་བྱེད་པ་ལས་དངོས་ཀྱི་ལོ་རྒྱུས་གླེང་ན་རང་ཚང་བརྡོལ་ཡོང་བསམ་ནས་རྒྱབ་སྐྱོར་བྱེད་ཀྱི་མེད། ད་དུང་རྒྱ་གར་གཞུང་གིས་འབྲས་ལྗོངས་རྒྱལ་ཁབ་ཀྱི་བདག་དབང་འཕྲོག་ཟིན་པས་བོད་དོན་ཐོག་བཤད་མི་ཐུབ། བལ་པོའི་ཡར་ཐོན་པ་དེ་དག་ནི་འཁྱམ་ཁྱི་དང་གཅིག་པ་ཡིན་པས་བཟང་ངན་མི་ཤེས། དེང་སྐབས་རྒྱལ་ཁབ་ཕལ་ཆེ་བ་རང་གི་རང་ཉིད་ཀྱི་ཁེ་ཕན་ལ་བལྟ་བ་ལས་བདེན་པར་ཤ་ཚ་རྣམ་དག་གི་རྒྱབ་སྐྱོར་བྱེད་མཁན་ཉུང་། མདོ་དབུས་ཁམས་གསུམ་གྱི་བོད་པ་རྣམས་འགྱེལ་ས་ནས་ལངས་དགོས།
ཡང་མི་འབོར་གྱི་སྐད་ཆ་ཞིག་བཤད་འདུག དེ་ནི་དངོས་ཡོད་ལ་གཡོལ་ནས་ཧམ་བཤད་ཀྱི་གཏམ་ཞིག་ཡིན། ལྔ་བཅུ་ལྔ་དགུའི་གོང་གྲོང་ཁྱེར་དང་། གྲོང་བརྡལ། གྲོང་གསེབ་ཁུལ་དུ་ཕྲུ་གུ་སྐྱེ་རྒྱུར་བོད་གཞུང་ནས་དགག་བྱ་གང་ཡང་མེད། དེའི་དུས་ཆ་སྙོམ་གྱི་ཁྱིམ་ཚང་རེར་ཕྲུ་གུ་ལྔ་ནས་བཅུ་བར་ཡོད། བོད་རྒྱ་ལག་ཏུ་ཤོར་བའི་རྗེས་ཁྱིམ་ཚང་རེར་ཕྲུ་གུ་གཉིས་རེ་ལས་མེད་པར་གྱུར། ང་དགུའི་གོང་ཁྱིམ་ཚང་རེ་ནས་གྲ་པ་རེ་ཆོས་སྒོར་བཞུགས་དགོས་པ་ཡིན། ད་ཆ་ཁྱིམ་ཚང་བཞི་བཅུ་ནས་གྲ་པ་གཅིག་ལས་མེད་པར་གྱུར། དེ་ནི་ཆོས་མེད་གུང་ཁྲན་ཏང་གིས་བཙན་བཀག་བཏང་བས་ཡིན། ལོ་ལྔ་བཅུའི་གོང་དང་ད་ལྟ་ཞིབ་བསྡུར་བྱས་ན་ཚོད་དཔག་ཐེབས། འདི་ནི་བོད་པ་ཞིག་གིས་སོ་སོའི་ལུང་པའི་གནས་སྟངས་དངོས་མཐོང་བྲིས་པ་ཞིག་ཡིན།
བོད་ཀྱི་ཞིང་ཁུལ་དང་། འབྲོག་ཁུལ་ས་ཆ་མང་པོ་ཞིག་ལ་དུས་རབས་ཉེར་གཅིག་པ་ཤར་ཡང་ད་དུང་གློག་མཐོང་ཡས་མེད། རྟོག་ཞིབ་བྱས་ན་བོད་ཀྱི་ས་ཁུལ་གང་སར་བྱེད་དགོས་པ་ཡིན།
ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན་སོགས་པར་ཡར་རྒྱས་ཕྱིན་པ་རྐྱང་བཤད།
ས་གནས་ས་ཐོག་ཏུ་བཤད་པ་བཞིན་མེད་པས་འཇིགས་སྐུལ་མ་བྱས་པར་ཁོང་ཚོར་སྐད་ཆ་བྲིས་ན་གུང་ཁྲན་ཏང་ལ་ཡིད་ཆེས་མེད་ཟེར་བཤད་ཀྱི་རེད། གུང་ཁྲན་སྲིད་གཞུང་གི་གཞུང་འབྲེལ་ཡིག་ཆར་བལྟས་ན་སྐྱེ་བོ་ཚང་མ་ཡིད་དབང་འཕྲོག་ཡས་ཞིག་ཡོད། ང་ཚོས་མངར་སྐྱུར་གྱི་བྲོ་བ་ཚང་མ་མྱངས་ཟིན་པར་བརྟེན་རི་མོའི་བ་དང་གཅིག་པ་ཡིན། དུས་རྟག་ཏུ་མའོ་ཙེ་ཏུང་གི་དགོངས་པ་དང། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། ཅང་ཙེ་མིང་གི་མཚོན་བྱེད་གསུམ། ཧུའུ་ཅིན་ཐའོ་ཡི་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་ལུང་འདྲེན་མང་པོ་བྱེད། ལུང་དེ་དག་སྙན་ཚིག་ཙམ་ལས་ལག་ལེན་གང་ཡང་མེད།
ད་དུང་ཀྲུའུ་ཡིས་ཏཱ་ལའི་བླ་མས་སྤྱི་ཚོགས་རྙིང་པ་བསྐྱར་བཟོ་བྱེད་འཆར་ཡོད་པའི་སྐོར་བརྗོད་ཀྱང་
དེ་ནི་ཏཱ་ལའི་བླ་མའི་དགོངས་པ་མ་རྟོགས་ཙང་ཧམ་བཤད་འདི་བཤད་པ་རེད། དེང་སྐབས་འཛམ་གླིང་འདི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཟབ་མོ་ཡོད་པར་བརྟེན་དེ་སྔའི་ལམ་དེའི་སྒང་སུ་གང་ཡང་འགྲོ་མི་ཐུབ། ད་ལྟའི་དུས་རབས་འདི་ཚན་རིག་དར་བའི་འཛམ་གླིང་ཞིག་ཡིན་སྟབས་སྔོན་མའི་སྤྱི་ཚོགས་རྙིང་པའི་ཕྱོགས་སུ་འགྲོ་དགོས་བསམ་ཡང་སུ་གང་བསྐྱོད་མི་ཐུབ། དེ་ནི་ཆུ་རྙོག་ནས་ཉ་ཟིན་པའི་དཔེ་ཡིན། བོད་ལྗོངས་སུ་འཚོ་གནས་ཧ་ཅང་ཞེན་པ་ནི། རོང་འབྲོག་མང་ཚོགས་ཟེར་བས་འབྲས་བཙོ་ཡས་ཧ་ཡང་གཅིག་དང་སྒོར་ལྔ་ཡི་གློག་བཞུ་དེས་ཞིང་འབྲོག་མང་ཚོགས་དབུལ་པོའི་གནས་ལས་སྐྱོབ་མི་ཐུབ། ཆ་རྐྱེན་གང་ཡང་མེད་པར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ ༤༧༠༠ གང་འདྲ་སླེབས་པ་ཡིན་ནམ། ག་དུས་ཡིན་ཡང་ཡར་རྒྱས་ཕྱིན་པ་དང་འཕར་བ་མ་གཏོགས་མེད། རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་འཕེལ་རྒྱས་འགྲོ་བ་དང་ཉམ་རྒུད་འགྲོ་བ་ནི་དངོས་པོའི་ཆོས་ཉིད་ཆགས་ཡོད།
སྔོན་མའི་རྡོའི་དུས་རབས་དང་། རྫ་ཆས་དུས་རབས། ཞིང་དཔོན་གྱི་དུས་རབས། རྒྱལ་པོའི་དུས་རབས་སོགས་མཇུག་འགྲིལ་ཟིན་པ་དང་། དུས་རབས་ཉེར་གཅིག་པར་གདུག་རྩུབ་ཅན་གྱི་དམར་པོའི་སྲིད་གཞུང་དག་འཇིགས་ལ་ཉེ་བ་དེ་དག་ཀྱང་དངོས་པོའི་ཆོས་ཉིད་ཆགས་ཡོད། ང་ཚོ་མཉམ་དུ་འཇིག་རྟེན་འདིའི་ཐོག་ཕར་ཙམ་སྐྱིད་པོ་བྱས་སྡོད་དགོས་ན་འཇིག་རྟེན་འདི་སྲུང་སྐྱོབ་བྱ་དགོས། འཇིག་རྟེན་སྲུང་སྐྱོབ་བྱེད་པར་སྣོད་བཅུད་དོ་མཉམ་དགོས་པ་ཡིན།
སྣོད་བཅུད་དོ་མཉམ་དགོས་ན་གཏེར་ཁ་བསྔོགས་འདོན་དང་། ཤིང་ནགས་གཅོད་བྲེགས། དུད་འགྲོའི་རིགས་གསོད་ཡས་མཚམས་འཇོག་དགོས། ལྷག་པར་བོད་ནི་ཨེ་ཤི་ཡའི་ཆུའི་བང་མཛོད་དང་།
བོད་ཀྱི་ནང་ཆོས་ནི་འཚེ་མེད་ཞི་བདེའི་རིགས་པའི་གཞུང་ལུགས་ཞིག་ཡིན་པས་དེས་གནའ་སྔ་མོ་ནས་རང་ཅག་མིའི་རིགས་ལ་བློ་སྟོབས་དང་། འདོད་ཆུང་མཆོག་ཤེས། སེམས་ཀྱི་ཞི་བདེ་མང་དག་སྐྲུན་ཡོད། བོད་དུ་ནང་ཆོས་དར་བ་ནས་ཟུང་བོད་ཀྱི་ཁོར་ཡུག་ལ་བདག་སྐྱོང་ཡག་པོ་བྱས་ཡོད། བདག་སྐྱོང་བྱས་པའི་འབྲས་བུས་རང་བྱུང་ཁམས་དོ་མཉམ་དུ་གནས་ཀྱང་རྒྱ་འདྲེ་དམར་པོ་འཛུལ་བའི་རྗེས་རང་བྱུང་ཁམས་སྦག་བཙོག་ཏུ་བཏང་བ་མ་ཟད། རྒྱ་མི་གུང་ཁྲན་བོད་དུ་འཛུལ་བའི་རྗེས་སྐམ་ལ་གནས་པའི་སྲོག་ཆགས་དང་། བརླན་ལ་གནས་པའི་སྲོག་ཆགས་ཡོད་རྒུར་སྡུག་བསྔལ་ཚད་ལས་བརྒལ་བ་བཟོས་ཡོད།
ད་ནས་ཟུང་བོད་ཀྱི་ཆོས་ལུགས་དང་། བོད་ཀྱི་རིག་གནས། བོད་ཀྱི་ཁོར་ཡུག་སོགས་པར་བདག་སྐྱོང་མ་བྱས་ན་འཛམ་གླིང་འདི་འཇིགས་པར་ཐག་ཉེ། དེའི་འགན་ཡོངས་རྫོགས་གུང་ཁྲན་སྲིད་གཞུང་ལ་ཡོད། གུང་ཁྲན་སྲིད་གཞུང་ལ་ལོ་ལྔ་ཚན་དང་བཅུ་ཚན་མ་གཏོགས་ཕུག་རྒྱང་རིང་པོའི་བསམ་བློ་འདི་མེད་དུས་རྒྱལ་སྤྱིའི་མི་མང་ཀུན་གྱི་རྒྱ་མི་གུང་ཁྲན་ས་སྟེང་འདིར་ཡན་པོར་འཇོག་རྒྱུ་མེད། ཡེ་རྡོ་ཟེར་མཁན་དེ་རྒྱ་མིར་བོད་མིང་བཏགས་པའི་ཟོབ་རྫུན་པ་ཞིག་རེད་བསམ༽ མི་དེ་ཚོའི་གྲལ་བརྙན་འཕྲིན་གཅིག་དང་། ཚགས་པར་གཅིག་ཀློག་མཁན་སོང་ཕྱིའི་གནས་ཚུལ་ལ་རྒྱུས་མངའ་མེད། རང་ཉིད་ཀྱི་ལྟོ་གོས་ཨའོ་ཙམ་བྱུང་ན་བསམ་སྟེ་སྤྲེལ་ལད་འཁྲབ་པ་རེད། དེང་སང་བོད་ཁུལ་གྱི་གུང་ཁྲན་གྱི་དབུལ་སྐྱོབ་དེ་ནི་རྒྱ་མཚོའི་རྦ་རླབས་དང་གཅིག་པ་རེད།
རྦ་རླབས་མཚོ་ཁར་འབྱོར་ཡང་སླར་རང་འཇགས་རྒྱ་མཚོོ་ཆེན་པོར་འཐིམས་པ་བཞིན་དབུལ་སྐྱོར་བོད་དུ་སླེབས་པའི་རྗེས་རང་འཇགས་རྒྱ་མི་དམར་པོར་སིམ།
ཡེ་རྡོས་ངན་པ་ཧང་སངས་ཡ་ཅི་ཡང་བཤད་མི་འདུག
མི་མང་པོ་ཞིག་ཞར་འདྲོགས་བྱས་དགོས་དོན་འདུག་གས།
ང་མ་གཏོགས་བཙན་བྱོལ་གཞུང་སྒེར་ན་་ཡེ་རྡོར་ལྟ་བུའི་ལྟ་བ་རྨེག་མེད་དུ་འཇོམས་ཐུབ་པའི་གང་ཟག་གཞན་མེད། གང་ཡིན་ཞེ་ན་ཁོ་བོས་རྒྱ་གུང་ཁྲན་གྱི་ལོ་རྒྱུས་དང་སྲིད་ཇུས་དག་ལ་སྦྱངས་བ་དཔྱིས་ཕྱིན་པ་ཞིག་བྱས་ཡོད་ལ་རྒྱ་ནག་གི་སྲིད་ཀྱི་འགྱུར་འགྲོས་ལ་ལག་མཐུལ་དུ་སྐྱུ་རུ་ར་བཞག་པ་ལྟ་བུའི་གདེང་ཞིག་རྙེད་ཡོད་པས་ཕྱིར།
གོང་གི་དྲ་གྲོགས་(བོད་ལ་ཞེན་ནས) ལགས་སུ་ཞུ་རྒྱུར། ཁྱོད་ཀྱི་དགོངས་ཚུལ་དེར་ངས་ཀྱང་བརྒྱ་ཆའི་བརྒྱ་རྒྱབ་སྐྱོར་ཞུ་བཞིན་ཡོད། གསེར་རྟར་མེར་བསྲེགས་གནས་ཚུལ་འབྱུང་ཁུངས་བོད་ཀྱི་བང་ཆེན་གསར་ཁང་རེད། བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་གནས་ཚུལ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མ་སྤྲད་སྔོ་ལ་གངས་སྐྱིད་སྤྱི་འཐུས་ལྷན་ཁང་ལ་མཁོ་སྤྲོད་བྱས་ཡོད་འདུག སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་ཚུལ་དེའི་ཐོག་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང་། གསེར་རྟ་ཚུལ་ཁྲིམས་ཀྱིས་གནས་ཚུལ་དེ་སྤྱི་འཐུས་ལ་སྤྲད་པ་དང་མཉམ་དུ་བདེ་སྲུང་དང་བཀའ་ཤག་ལའང་སྤྲད་ཡོད་ངེས་རེད། ངས་བསམ་ན་བོད་ཀྱི་བང་ཆེན་ལའང་གནས་ཚུལ་དེ་མཁོ་སྤྲོད་བྱེད་མཁན་ཞིག་ཡོད་ངེས་ཡིན་པས། བོད་གཞུང་བདེ་སྲུང་དང་གསེར་རྟ་ཚུལ་ཁྲིམས་མཉམ་འབྲེལ་ཐོག་གནས་ཚུལ་དེའི་འབྱུང་ཁུངས་ལ་བརྩད་ཞིབ་བྱས་པ་ཡིན་ན། རྒྱ་ནག་གི་གཡོ་ཇུས་ལྷིང་ལ་འཕུད་ཐུབ་པ་རེད་བསམ་གྱི་འདུག དངོས་ནས་བྱས་ན། འདི་ལ་བོད་ཀྱི་བང་ཆེན་གསར་ཁང་དང་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱི་ངོས་ནས་ནོར་འཁྲུལ་ལ་དགོངས་སེལ་དང་། ཡང་ན་གང་ཡིན་ཅི་ཡིན་གྱི་གསལ་བཤད་ཅིག་ངེས་པར་དུ་དགོས་པ་རེད་བསམ་གྱི་འདུག