མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས། Posted on 2012-03-152012-03-15 By དབང་ཕྱུག་ 10 Comments on མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས། མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས་གཤམ་གསལ། གསལ་བསྒྲགས།
བཙུན་བྱོལ་ལ་ཡོད་པའི་སློབ་མ་ཡིས་རྩོམ་ཡིག་ཞིག་འབྲི་ཐོར་པར་དགའ་བོ་བྱུང་ཁྱེད་རྣམས་ཀྱིས་ད་དུང་ཤུགས་རྒྱག་དགོས་པ་རེད་།།།
ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༥ནནས་༢༩བར་དུ་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་མཐོ་སློབ་ཏུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་སྐབས་སུ། གདན་ས་ཁག་དང་མཐོ་སློབ་ཁག་ནས་སློབ་གཉེར་བ་རྣམས་ཆེད་ཕེབས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་རྩོམ་ཡིག་སྣ་ཚོགས་འགྲན་བསྡུར་གནང་ཡོད་པ་དང་། དེའི་སྐབས་ས་སྐྱ་མཐོ་སློབ་དང་། ནོར་གླིང་མཐོ་སློབ། ས་རཱ་བོད་ཀྱི་མཐོ་སློབ། ཀི་རྟི་མཐོ་སློབ། སྨན་རིའི་གླིང་སོགས་མཐོ་སློབ་ཁག་བཅུ་བཞི་ནས་འབྱོར་བའི་བོད་ཡིག་དང་། དབྱིན་ཡིག་གཉིས་ཀྱི་དཔྱད་རྩོམ་ཁག་འགྲན་བསྡུར་སྐབས། སྨན་རིའི་གླིང་ནས་ཆེད་ཕེབས་ཀྱི་སློབ་གཉེར་པ་ཁྲི་གཡུང་དྲུང་ལགས་སུ། དཔྱད་རྩོམ་ཨང་དང་པོ་འཐོབ་ཡོད་པའི་གསལ་བསྒྲགས་ཕྱི་ལོ་༢༠༡༢ཟླ་གསུམ་པའི་ཚེས་༡༥ཉིན་གནང་འདུག ཁོང་གི་རྩོམ་ཡིག་ ༼ཡ་ཐོག་བོད་ཀྱི་སྙན་ངག་བྱུང་ཁུངས་ལ་དཔྱད་པ།༽ཞེས་པ་དེ་རེད་ལ། རྩོམ་ཡིག་འགྲན་བསྡུར་ཨང་དང་པོ་འཐོབ་པར་ཧིན་སྒོར་སྟོང་ཕྲག་ལྔ་དང་། ཕྱག་འཁྱེར་བྱང་བུ་བཅས་ཕུལ་འདུག ཁྲི་གཡུང་དྲུང་ནི། མདོ་སྨད་མཚོ་སྔོན་དུ་སྐྱེས་ཤིང་། ས་གནས་སློབ་ཆུང་མཐར་ཕྱིན་རྗེས་ཁྲི་ཀ་ཁྱུང་མོ་དགོན་དུ་སློབ་གཉེར་མཛད། ཕྱི་ལོ་༢༠༠༢ལོར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཕེབས་ཏེ་སློབ་གཉེར་གནང་བཞིན་ཡོད་པ་དང་། ད་ལྟ་བོན་སྒོ་རྩོམ་སྒྲིག་ཁང་གི་ཚོགས་མི་དང་། སྨན་རིའི་གླིང་གི་རིག་གནས་འགན་འཛིན། གཡུང་དྲུང་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད་པའི་ངོ་སྤྲོད་ཙམ་མོ། ། གནས་ཚུལ་མཁྱེན་རྟོགས་ཆེད་དུ་དྲྭ་རྒྱ་གཞན་ཞིག་ནས་འདིར་དྲངས་བ་ཡིན། །
ཁྲི་གཡུང་དྲུང་མཆོག་ལ་གུས་བརྩི་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ། སྐྱེས་ཕ་བཟང་གི་བུ་འཇོན་བྱུང་ཨ་མཐོ་སློབ་ཁག་བཅུ་བཞི་ནང་ནས་ཨང་དང་པོ་ཐོབ་པ་དེ་ལས་བསླ་པོ་ཞིག་མ་རེད། གངས་ཅན་བོད་ཀྱི་རིག་གནས་དར་ཞིང་རྒྱས་པར་ཤོག། སྐྱེས་བུ་ཁྱེད་ལྟ་བུ་མང་ནས་མང་དུ་འཕེལ་བར་ཤོག། ལོ་སྔོན་མ་བོད་རིགས་མཐོ་རིམ་སློབ་གྲྭ་ཁག་ཉེར་ལྔ་ཙམ་གྱི་དཔྱད་རྩོམ་འགྲན་བསྡུར་ནང་སྨན་རི་གློང་གི་སློབ་མ་སྤུ་བླ་སྐལ་བཟང་ཞུ་བ་དེས་བྱ་དགའ་ཨང་དང་པོ་ཐོབ་པ་རེད། སྨན་རི་གླིང་ལ་ཡོད་ས་རེད་ད།
BONPOཟེར་བ་དེས་ཉོན། ངེད་ནོར་གླིང་མཐོ་སློབ་སྐབས་ལྔ་བའི་མཐོ་རིམ་སློབ་མའི་ཚོགས་ཆེན་དུ་སོང་མྱོང་བ་ལས་ ཐེངས་དྲུག་པའི་བརྡ་བཏང་མ་སོང་ལ་ངེད་ཅག་གིས་གོའང་མ་སོང་། ཁྱོད་ཀྱིས་ངེད་ནོར་གླིང་མཐོ་སློབ་སྐབས་དྲུག་པའི་མཐོ་རིམ་ སློབ་མའི་ཚོགས་ཆེན་དུ་སོང་ཡོད་ལུགས་བཤད་འདུག་མོད། ཡིན་ནའང་ནོར་གླིང་མཐོ་སློབ་ཀྱིས་ཚོགས་ཆེན་དེ་ཚོགས་རྗེས་མ་གཏོགས་གོ་མེད། ཡང་གཅིག་བཤད་ན་ངེད་ནོར་གླིང་མཐོ་སློབ་ལ་དེ་ལྟ་བུའི་ཚོགས་འདུ་ཞིག་ཡོད་རབས་ཀྱང་ གཏན་ནས་བཤད་མི་འདུག ཚོགས་གཙོས་ཀྱང་འདི་ལྟར་བཤད་ཡོད་ན་ངས་ཁོ་ཚོར་བརྡ་ལན་ཞིག་སྤྲོད་རྩིས་ཡོད། ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཞིག་གིས།
ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཟེར་བ་དེས་ཉོན་ཞིག། ང་ཡི་མཆན་དེའི་མཇུག་ཏུ་་་་གནས་ཚུལ་མཁྱེན་རྟོགས་ཆེད་དུ་དྲྭ་རྒྱ་གཞན་ཞིག་ནས་འདིར་དྲངས་བ་ཡིན། ཟེར་ཁ་གསལ་པོ་བྱས་ནས་བྲིས་ཡོད་ཅིང་ཁྱེད་ཀྱིས་གཟིགས་ཡོད་ཤག་ཡིན། ཁྱེད་རང་ཡིད་མ་ཆེས་ན་ངས་དྲྭ་རྒྱའི་རྒྱུད་ལམ་དེ་འདིར་ཕུལ་ཆོག། དེ་ནས་རང་ཞི་རང་གྲོལ་དུ་འགྲོ་བའི་རེ་བ་ཡོད།
མྱི་ལྟིག ཚོགས་ཆེན་ཐེངས་དྲུག་པའི་སྐབས་ནོར་གླིང་མ་དགོས གཞན་མཐོ་སློབ་མང་པོ་ནས་མི་འདུག་ཟེར། རྒྱུ་མཚན་དུས་དབང་གཟས་ནས་གཏུགས་པ་རེད། དེའི་རྒྱུ་མཚན་སོགས་ལབ་འདོད་མེད། ཡིན་ན་ཡང་ནོར་གླིང་མཐོ་སློབ་སོགས་ནས་རྩོམ་ཡིག་སླེབ་ཡོད་རེད་ཟེར། ད་རུང་ཡིད་ཆེས་མེད་ན་སྐབས་དྲུག་པའི་ཚོགས་གཙོ་བ་རོང་བ་གཡང་དྲང་ཟེར་བ་དེར་སྐད་ཆ་དྲིས་དང་། ཁོས་ལབ་པ་རེད། ཁོའི་ཁ་པར་ཨང་གཤམ་གྱིི་དེ་རེད། ཁོས་བོད་སྐད་བོད་ཡིག་ཡག་པོ་ཤེས་ཀ྄ི་ཡོད་མ་རེད། སྙིང་རྗེ་ད་ཡིན་ན་ཡང་ཁོ་ལ་སྐད་ཆ་དྲིས་དང་ལོ།
《གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》དཔེ་ཚོགས། ལན་ཀྲུའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་འབྲུག་ཐར་ལགས་དང་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》(དཔེ་ལག30)ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་རེད། དཔེ་ཚོགས་འདི་ནི་མིག་སྔའི་བར་དུ་འཚོལ་རྙེད་བྱུང་བའི་ཆེས་ཆ་ཚང་བ་དང་ཆེས་སྔ་བའི་བོན་བསྟན་གྱི་བསྟན་བཅོས་ཤིག་ཡིན་ཞིང་། ཁྱོན་བསྡོམས་ཡིག་ཆ31དང་ནང་གསེས་སུ་པོད560ཡོད་ལ། ཀན་སུའུ་ཏཱང་ཁྲེང་གི་ཡུལ་ཚོ་འགའི་བོད་མིའི་དུད་ཚང་དུ་བསྡུ་ཉར་བྱས་ཡོད་པ་རེད། ཆེད་མཁས་པའི་གསལ་འབྱེད་བྱས་པ་ལྟར་ན་ཡིག་ཆའི་ཁྲོད་དུ་ཡིག་རྙིང་མ་བྱུང་སྔོན་གྱི་འདྲ་གཟུགས་ཡི་གེ་དང་ཡ་ཐོག་ཞང་ཞུང་གི་ཡི་གེ་བཀོད་འདུག་ཅིང་། སྲོལ་རྒྱུན་གྱི་དཔེ་རྙིང་སྣ་རིང་ལྟར་དཔར་འདུག ནང་དོན་ལ་བོན་པོའི་ཆོས་དཔེ་དང་། སྔགས་ཡིག གནས་རིའི་མཆོད་བསྟོད། ཡ་ཐོག་ཞང་ཞུང་གི་དུས་སུ་བོད་ཀྱི་མེས་པོའི་སྤྱི་ཚོགས་འཚོ་བ། དམངས་སྲོལ་སོགས་བཀོད་ཡོད། ཡི་གེ་དང་ནང་དོན་སོགས་ཀྱི་ཐད་ནས་དཔྱད་པ་ལྟར་ན་དུས་རབས5བ་དང6པའི་སྔོན་གྱི་བོན་པོའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་རེད། ཡིག་ཆ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ལྡན་པ་སྟེ། གཅིག་ནི་ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པ། གཉིས་ནི་ཡིག་རིགས་མང་ཆེ་ཤས་བསྡུས་ཡིག་ཡིན་པས་ངོས་འཛིན་དཀའ་ཞིང་། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་བསྐྱེད་པར་རིན་ཐང་དོད་པོ་ལྡན་པ། གསུམ་ནི་རྟོགས་དཀའ་བའི་བོན་བསྟན་གྱི་མཚོན་རིས་མང་དུ་བཀོད་འདུག་ལ། དེ་དག་བོན་པོའི་མཆོད་སྦྱིན་གྱི་ནང་དོན་གཙོ་བོ་ཡིན་མོད་ཀྱང་། དེའི་བསྟན་བྱ་དང་སྤྱོད་ཐབས་སོགས་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱ་དགོས། ཡིག་ཆ་འདི་འཚོལ་རྙེད་བྱུང་རྗེས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཁྱབ་ཁོངས་དང་སྨྱན་བྱད་ཀྱི་དོ་སྣང་ཆེན་པོར་བྱས་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་དང་བོད་རིག་པའི་ཆེད་མཁས་པ་དཔལ་འབར་རྡོ་རྗེ་ལགས་སོགས་ཀྱི་བཞེད་པ་ལྟར་ན། འདི་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་རིག་པ་དང་། ཡི་གེ་རིག་པ། ཆོས་ལུགས་རིག་པ། དམངས་སྲོལ་རིག་པ་སོགས་ཞིབ་འཇུག་བྱེད་པའི་རྒྱུ་ཆའི་བང་མཛོད་ཞིག་ཡིན་པར་འདོད། ཨ་རི་དང་། འཇར་པན། འཇར་མན། དབྱི་ཐ་ལི། ཧྥ་རན་སི་སོགས་རྒྱལ་ཁབ་མང་པོའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཀྱིས་དཔེ་ཚོགས་འདིའི་པར་སྐྲུན་ལ་ཐུགས་ཁུར་རྒྱ་ཆེན་པོ་བྱེད་བཞིན་ཡོད་པ་རེད། དཔེ་ཚོགས་འདི་ནི་བསྐལ་བ་སྟོང་དུ་རྙེད་དཀའ་བའི་རིག་གཞུང་གི་སྨིན་འབྲས་ཤིག་ཡིན་ཞིང་། འདིས་ཟོང་ཆེན་འབུམ་གྱིས་ཀྱང་མུ་ཁུག་པའི་བོད་མི་རིགས་ཀྱི་གདོད་མའི་དུས་རབས་ཀྱི་བསམ་པའི་ཤུལ་བཞག་རིག་གནས་ཤིག་རྒྱུན་འཛིན་བྱས་ཡོད་གཤིས། རིག་དངོས་ཀྱི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་བཅས་གཞལ་ཡས་པ་ལྡན་པ་ནི་སྨོས་མ་དགོས་སོ།། http://www.amdotibet.cn/html/book/2012-03/12411.html
བཙུན་བྱོལ་ལ་ཡོད་པའི་སློབ་མ་ཡིས་རྩོམ་ཡིག་ཞིག་འབྲི་ཐོར་པར་དགའ་བོ་བྱུང་ཁྱེད་རྣམས་ཀྱིས་ད་དུང་ཤུགས་རྒྱག་དགོས་པ་རེད་།།།
ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༥ནནས་༢༩བར་དུ་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་མཐོ་སློབ་ཏུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་སྐབས་སུ། གདན་ས་ཁག་དང་མཐོ་སློབ་ཁག་ནས་སློབ་གཉེར་བ་རྣམས་ཆེད་ཕེབས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་རྩོམ་ཡིག་སྣ་ཚོགས་འགྲན་བསྡུར་གནང་ཡོད་པ་དང་། དེའི་སྐབས་ས་སྐྱ་མཐོ་སློབ་དང་། ནོར་གླིང་མཐོ་སློབ། ས་རཱ་བོད་ཀྱི་མཐོ་སློབ། ཀི་རྟི་མཐོ་སློབ། སྨན་རིའི་གླིང་སོགས་མཐོ་སློབ་ཁག་བཅུ་བཞི་ནས་འབྱོར་བའི་བོད་ཡིག་དང་། དབྱིན་ཡིག་གཉིས་ཀྱི་དཔྱད་རྩོམ་ཁག་འགྲན་བསྡུར་སྐབས། སྨན་རིའི་གླིང་ནས་ཆེད་ཕེབས་ཀྱི་སློབ་གཉེར་པ་ཁྲི་གཡུང་དྲུང་ལགས་སུ། དཔྱད་རྩོམ་ཨང་དང་པོ་འཐོབ་ཡོད་པའི་གསལ་བསྒྲགས་ཕྱི་ལོ་༢༠༡༢ཟླ་གསུམ་པའི་ཚེས་༡༥ཉིན་གནང་འདུག
ཁོང་གི་རྩོམ་ཡིག་ ༼ཡ་ཐོག་བོད་ཀྱི་སྙན་ངག་བྱུང་ཁུངས་ལ་དཔྱད་པ།༽ཞེས་པ་དེ་རེད་ལ། རྩོམ་ཡིག་འགྲན་བསྡུར་ཨང་དང་པོ་འཐོབ་པར་ཧིན་སྒོར་སྟོང་ཕྲག་ལྔ་དང་། ཕྱག་འཁྱེར་བྱང་བུ་བཅས་ཕུལ་འདུག
ཁྲི་གཡུང་དྲུང་ནི། མདོ་སྨད་མཚོ་སྔོན་དུ་སྐྱེས་ཤིང་། ས་གནས་སློབ་ཆུང་མཐར་ཕྱིན་རྗེས་ཁྲི་ཀ་ཁྱུང་མོ་དགོན་དུ་སློབ་གཉེར་མཛད། ཕྱི་ལོ་༢༠༠༢ལོར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཕེབས་ཏེ་སློབ་གཉེར་གནང་བཞིན་ཡོད་པ་དང་། ད་ལྟ་བོན་སྒོ་རྩོམ་སྒྲིག་ཁང་གི་ཚོགས་མི་དང་། སྨན་རིའི་གླིང་གི་རིག་གནས་འགན་འཛིན། གཡུང་དྲུང་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད་པའི་ངོ་སྤྲོད་ཙམ་མོ། །
གནས་ཚུལ་མཁྱེན་རྟོགས་ཆེད་དུ་དྲྭ་རྒྱ་གཞན་ཞིག་ནས་འདིར་དྲངས་བ་ཡིན། །
ཁྲི་གཡུང་དྲུང་མཆོག་ལ་གུས་བརྩི་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུ། སྐྱེས་ཕ་བཟང་གི་བུ་འཇོན་བྱུང་ཨ་མཐོ་སློབ་ཁག་བཅུ་བཞི་ནང་ནས་ཨང་དང་པོ་ཐོབ་པ་དེ་ལས་བསླ་པོ་ཞིག་མ་རེད། གངས་ཅན་བོད་ཀྱི་རིག་གནས་དར་ཞིང་རྒྱས་པར་ཤོག། སྐྱེས་བུ་ཁྱེད་ལྟ་བུ་མང་ནས་མང་དུ་འཕེལ་བར་ཤོག། ལོ་སྔོན་མ་བོད་རིགས་མཐོ་རིམ་སློབ་གྲྭ་ཁག་ཉེར་ལྔ་ཙམ་གྱི་དཔྱད་རྩོམ་འགྲན་བསྡུར་ནང་སྨན་རི་གློང་གི་སློབ་མ་སྤུ་བླ་སྐལ་བཟང་ཞུ་བ་དེས་བྱ་དགའ་ཨང་དང་པོ་ཐོབ་པ་རེད། སྨན་རི་གླིང་ལ་ཡོད་ས་རེད་ད།
ཡག་པོ་རེད། ཁྱེད་རྣམས་ལ་དགའ་བསུས་ཡོད།
རྟེན་འབྲེལ་ཞུ། མུ་མཐུད་ནས་དེ་ལྟར་གནང་རོགས།
BONPOཟེར་བ་དེས་ཉོན།
ངེད་ནོར་གླིང་མཐོ་སློབ་སྐབས་ལྔ་བའི་མཐོ་རིམ་སློབ་མའི་ཚོགས་ཆེན་དུ་སོང་མྱོང་བ་ལས་
ཐེངས་དྲུག་པའི་བརྡ་བཏང་མ་སོང་ལ་ངེད་ཅག་གིས་གོའང་མ་སོང་།
ཁྱོད་ཀྱིས་ངེད་ནོར་གླིང་མཐོ་སློབ་སྐབས་དྲུག་པའི་མཐོ་རིམ་
སློབ་མའི་ཚོགས་ཆེན་དུ་སོང་ཡོད་ལུགས་བཤད་འདུག་མོད།
ཡིན་ནའང་ནོར་གླིང་མཐོ་སློབ་ཀྱིས་ཚོགས་ཆེན་དེ་ཚོགས་རྗེས་མ་གཏོགས་གོ་མེད།
ཡང་གཅིག་བཤད་ན་ངེད་ནོར་གླིང་མཐོ་སློབ་ལ་དེ་ལྟ་བུའི་ཚོགས་འདུ་ཞིག་ཡོད་རབས་ཀྱང་
གཏན་ནས་བཤད་མི་འདུག
ཚོགས་གཙོས་ཀྱང་འདི་ལྟར་བཤད་ཡོད་ན་ངས་ཁོ་ཚོར་བརྡ་ལན་ཞིག་སྤྲོད་རྩིས་ཡོད།
ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཞིག་གིས།
ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཟེར་བ་དེས་ཉོན་ཞིག། ང་ཡི་མཆན་དེའི་མཇུག་ཏུ་་་་གནས་ཚུལ་མཁྱེན་རྟོགས་ཆེད་དུ་དྲྭ་རྒྱ་གཞན་ཞིག་ནས་འདིར་དྲངས་བ་ཡིན། ཟེར་ཁ་གསལ་པོ་བྱས་ནས་བྲིས་ཡོད་ཅིང་ཁྱེད་ཀྱིས་གཟིགས་ཡོད་ཤག་ཡིན། ཁྱེད་རང་ཡིད་མ་ཆེས་ན་ངས་དྲྭ་རྒྱའི་རྒྱུད་ལམ་དེ་འདིར་ཕུལ་ཆོག། དེ་ནས་རང་ཞི་རང་གྲོལ་དུ་འགྲོ་བའི་རེ་བ་ཡོད།
མྱི་ལྟིག
ཚོགས་ཆེན་ཐེངས་དྲུག་པའི་སྐབས་ནོར་གླིང་མ་དགོས
གཞན་མཐོ་སློབ་མང་པོ་ནས་མི་འདུག་ཟེར། རྒྱུ་མཚན་དུས་དབང་གཟས་ནས་གཏུགས་པ་རེད། དེའི་རྒྱུ་མཚན་སོགས་ལབ་འདོད་མེད། ཡིན་ན་ཡང་ནོར་གླིང་མཐོ་སློབ་སོགས་ནས་རྩོམ་ཡིག་སླེབ་ཡོད་རེད་ཟེར།
ད་རུང་ཡིད་ཆེས་མེད་ན་སྐབས་དྲུག་པའི་ཚོགས་གཙོ་བ་རོང་བ་གཡང་དྲང་ཟེར་བ་དེར་སྐད་ཆ་དྲིས་དང་། ཁོས་ལབ་པ་རེད། ཁོའི་ཁ་པར་ཨང་གཤམ་གྱིི་དེ་རེད། ཁོས་བོད་སྐད་བོད་ཡིག་ཡག་པོ་ཤེས་ཀ྄ི་ཡོད་མ་རེད། སྙིང་རྗེ་ད་ཡིན་ན་ཡང་ཁོ་ལ་སྐད་ཆ་དྲིས་དང་ལོ།
Mob:no.09620279152.
Yongdong Tenzin
སྐབས་དྲུག་པའི་ཚོགས་གཙོ་ཁོ་རེད།
《གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》དཔེ་ཚོགས།
ལན་ཀྲུའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་འབྲུག་ཐར་ལགས་དང་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཀན་སུའུ་ཏཱང་ཁྲེང་རྫོང་བོད་པའི་དུད་ཚང་དུ་བསྡུ་ཉར་བྱས་པའི་གནའ་བོའི་བོན་གྱི་ཡི་གེ་རིག་མཛོད》(དཔེ་ལག30)ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པ་རེད།
དཔེ་ཚོགས་འདི་ནི་མིག་སྔའི་བར་དུ་འཚོལ་རྙེད་བྱུང་བའི་ཆེས་ཆ་ཚང་བ་དང་ཆེས་སྔ་བའི་བོན་བསྟན་གྱི་བསྟན་བཅོས་ཤིག་ཡིན་ཞིང་། ཁྱོན་བསྡོམས་ཡིག་ཆ31དང་ནང་གསེས་སུ་པོད560ཡོད་ལ། ཀན་སུའུ་ཏཱང་ཁྲེང་གི་ཡུལ་ཚོ་འགའི་བོད་མིའི་དུད་ཚང་དུ་བསྡུ་ཉར་བྱས་ཡོད་པ་རེད། ཆེད་མཁས་པའི་གསལ་འབྱེད་བྱས་པ་ལྟར་ན་ཡིག་ཆའི་ཁྲོད་དུ་ཡིག་རྙིང་མ་བྱུང་སྔོན་གྱི་འདྲ་གཟུགས་ཡི་གེ་དང་ཡ་ཐོག་ཞང་ཞུང་གི་ཡི་གེ་བཀོད་འདུག་ཅིང་། སྲོལ་རྒྱུན་གྱི་དཔེ་རྙིང་སྣ་རིང་ལྟར་དཔར་འདུག ནང་དོན་ལ་བོན་པོའི་ཆོས་དཔེ་དང་། སྔགས་ཡིག གནས་རིའི་མཆོད་བསྟོད། ཡ་ཐོག་ཞང་ཞུང་གི་དུས་སུ་བོད་ཀྱི་མེས་པོའི་སྤྱི་ཚོགས་འཚོ་བ། དམངས་སྲོལ་སོགས་བཀོད་ཡོད། ཡི་གེ་དང་ནང་དོན་སོགས་ཀྱི་ཐད་ནས་དཔྱད་པ་ལྟར་ན་དུས་རབས5བ་དང6པའི་སྔོན་གྱི་བོན་པོའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་རེད།
ཡིག་ཆ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ལྡན་པ་སྟེ། གཅིག་ནི་ནང་དོན་ཕུན་སུམ་ཚོགས་ཤིང་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པ། གཉིས་ནི་ཡིག་རིགས་མང་ཆེ་ཤས་བསྡུས་ཡིག་ཡིན་པས་ངོས་འཛིན་དཀའ་ཞིང་། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་བསྐྱེད་པར་རིན་ཐང་དོད་པོ་ལྡན་པ། གསུམ་ནི་རྟོགས་དཀའ་བའི་བོན་བསྟན་གྱི་མཚོན་རིས་མང་དུ་བཀོད་འདུག་ལ། དེ་དག་བོན་པོའི་མཆོད་སྦྱིན་གྱི་ནང་དོན་གཙོ་བོ་ཡིན་མོད་ཀྱང་། དེའི་བསྟན་བྱ་དང་སྤྱོད་ཐབས་སོགས་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱ་དགོས།
ཡིག་ཆ་འདི་འཚོལ་རྙེད་བྱུང་རྗེས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཁྱབ་ཁོངས་དང་སྨྱན་བྱད་ཀྱི་དོ་སྣང་ཆེན་པོར་བྱས་ལ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་དང་བོད་རིག་པའི་ཆེད་མཁས་པ་དཔལ་འབར་རྡོ་རྗེ་ལགས་སོགས་ཀྱི་བཞེད་པ་ལྟར་ན། འདི་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་རིག་པ་དང་། ཡི་གེ་རིག་པ། ཆོས་ལུགས་རིག་པ། དམངས་སྲོལ་རིག་པ་སོགས་ཞིབ་འཇུག་བྱེད་པའི་རྒྱུ་ཆའི་བང་མཛོད་ཞིག་ཡིན་པར་འདོད། ཨ་རི་དང་། འཇར་པན། འཇར་མན། དབྱི་ཐ་ལི། ཧྥ་རན་སི་སོགས་རྒྱལ་ཁབ་མང་པོའི་རིག་གཞུང་ཞིབ་འཇུག་ལས་ཁུངས་ཀྱིས་དཔེ་ཚོགས་འདིའི་པར་སྐྲུན་ལ་ཐུགས་ཁུར་རྒྱ་ཆེན་པོ་བྱེད་བཞིན་ཡོད་པ་རེད། དཔེ་ཚོགས་འདི་ནི་བསྐལ་བ་སྟོང་དུ་རྙེད་དཀའ་བའི་རིག་གཞུང་གི་སྨིན་འབྲས་ཤིག་ཡིན་ཞིང་། འདིས་ཟོང་ཆེན་འབུམ་གྱིས་ཀྱང་མུ་ཁུག་པའི་བོད་མི་རིགས་ཀྱི་གདོད་མའི་དུས་རབས་ཀྱི་བསམ་པའི་ཤུལ་བཞག་རིག་གནས་ཤིག་རྒྱུན་འཛིན་བྱས་ཡོད་གཤིས། རིག་དངོས་ཀྱི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་། རིག་གཞུང་གི་རིན་ཐང་བཅས་གཞལ་ཡས་པ་ལྡན་པ་ནི་སྨོས་མ་དགོས་སོ།།
http://www.amdotibet.cn/html/book/2012-03/12411.html