ཤར་ཕྱོགས་ཁུག་རྟ།
ངའི་ལས་ཁུངས་ཀྱི་ཁྱིམ་མཚེས་རྒད་པོ་ཞིག་ལ་གསོལ་ཇའི་བར་གསེང་ནས་སྐར་མ་ལྔའི་རིང་ཁ་བརྡ་བྱས་པ།
༡ སྤོ་ལགས་ག་རེ་གནང་བསྡད་ཡོད།
ང་རྒན་ཁོག་ཉིན་མཚན་མེད་པར་ནང་དུ་ཁ་བཏོན་རེ་བྱས་ནས་བསྡད་ཡོད། ཕྱི་ལོག་གི་གནས་ཚུལ་ཅི་ཡང་ཐོས་ཀྱི་མི་འདུག་ལ། བཤད་མཁན་ཡང་མི་འདུག ངའི་བུ་བུ་མོ་རྣམས་མང་ཆེ་བ་ཕྱི་རྒྱལ་དུ་ཡོད་པས། བོད་དོན་ཐད་སྐད་ཆ་གང་ཡང་གོ་རྒྱུ་མི་འདུག
༢ དེ་རིང་གྲོས་ཚོགས་ཡོད་པ་རེད།
རེད་རེད། དེ་རིང་སང་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་འདུ་ཚོགས་འདུག་པ་ལྟད་མོ་མཐོང་ཐུབ་ཀྱི་འདུག དེ་མཐོང་བས་སེམས་པ་དགའ་ལྷང་ལྷང་ཞིག་ཡོང་གི་འདུག ༧སྐུ་མདུན་ཡེ་ཤེས་ནོར་བུས་ཆབ་སྲིད་ཀྱི་འགན་མར་སྤྲད་པ་ནས་སེམས་ལ་ཉིན་རྟག་པར་སྐྱོ་བ་དང་སེམས་ཁྲལ་ཡོད་ཡོད་པ་ལྟ་བུ་ཞིག་རེད། ངས་སྤྱི་འཐུས་ཀྱི་ལྟད་མོ་འདིར་ལྟོས་པ་ཡིན་ན་གཅིན་པ་གཏོང་རྒྱུའང་དྲན་བརྗེད་འགྲོ་ཡི་འདུག ཚོགས་གཙོ་དངོས་གནས་གཟི་བརྗིད་ཆེན་པོ་མཐོང་སོང་། དབང་ཐང་འདུག
༣ བཀའ་ཤག་ག་འདྲ་འདུག
བཀའ་ཤག་གིས་ལན་གནང་དུས། ང་ལ་དེ་བས་ཀྱང་ཤ་གྲུང་པོ་བྱེད་དགོས་ཆགས་ཀྱི་འདུག བཀའ་བློན་གཞོན་གཞོན་དེ་ཚོར་ལན་གནང་རྒྱུ་ཞིག་ཡོད་ས་མ་རེད། ཉམས་ཆེན་པོ་འདུག སྐད་ཆ་བཤད་དུ་ངས་ཟམ་གདོང་རིན་པོ་ཆེ་དྲན་ནས་མིག་ཆུ་ལྷུང་གྲབས་བྱེད་ཀྱི་འདུག དངོས་གནས་བྱས་ན་ད་ཐེངས་གྲོས་ཚོགས་ནང་བཀའ་བློན་ཁྲི་པ་དེ་དཔལ་འབྱོར་བཀའ་བློན་རང་རེད་འདུག ཁོང་གི་ཞལ་རས་ཀྱང་སྒམ་ནས་སྒམ་དུ་འགྲོ་ཡི་འདུག མིས་ལྟོས་ནས་རླུང་ལངས་པ་འདྲ་བོ་ཞིག་འདུག དེ་ཁག་མི་འདུག་གཱ། དྲི་བ་ཚང་མར་ཁོང་གིས་ཁ་གཏད་གཅོག་དགོས་དུས་ལས་སླ་བོ་གང་ན་ཡོད།
བཀའ་བློན་ལོ་ཆུང་བུ་མོ་དེས་ཁ་སང་རླུང་ལངས་ནས་ལག་པས་མདུན་ཅོག་ཀྱང་བརྡབས་སོང་། སྨན་པ་དེར་ལན་གསུངས་ཡ་མི་འདུག ཅུང་ལྷོད་ལྷོད་ཡིན་པ་དེ་བདེ་སྲུང་དང་དཔལ་འབྱོར་ནང་སྲིད་བཀའ་བློན་གསུམ་རེད་བསམ་བྱུང་། གཞན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་བཀའ་ཤག་གིས་ཕྱག་ལས་དྲང་པོ་གནང་མེད་པའི་སྐྱོན་བརྗོད་བྱས་སོང་། ཚོགས་གཙོས་དེ་ལ་ཁུངས་སྐྱེལ་ཡོད་མེད་དྲིས་དུས་ཁུངས་སྐྱེལ་ཆོག་ཆོག་ཡོད་གསུངས་བྱུང་། ཡིན་ནའང་། མཚམས་དེར་ཚོགས་གཙོས་བཀག་བྱུང་། དངོས་གནས་ང་ཚོས་ཧ་གོ་ཡི་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེས་ལོ་བཅུ་ལ་དྲང་པོ་མ་བྱས་པ་ཟེར་བ་ཞིག་གོ་མ་མྱོང་། ད་བཀའ་ཤག་གསར་པར་ཆུ་ཚོད་ཞེ་དྲག་སོང་མེད་ཀྱང་དེ་འདྲ་ཡོད་ན་སེམས་སྐྱོ་བོ་རེད། ཨོམ་མ་ཎི་པད་མེ་ཧཱུམ།
ཤར་ཕྱོགས་ཁུག་རྟ། ངས་བཏབ་པའི་མཆན་ནང་། བཀའ་ཁྲི་ངོ་མ་དེ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་རེད། ཅེས་འཁོད་ཡོད། དེར་ཁྱོད་ཀྱིས་ལད་མོ་བྱས་པ་ཡིན་ནམ། གསལ་པོ་དང་དྲང་མོ་ཤོད་དང་།
རྩོམ་སྒྲིག་པ་ལགས། ཁ་བརྡ་དྲ་བར་མིང་མེད་པའི་རྩོམ་ཡིག་སླེབས་ཀྱིན་ཡོད་པ་འདི་ལ་ཟབ་ཟབ་གནང་རོགས། ཕན་པའི་དགེ་མཚན་ལས་གནོད་པའི་རིགས་སུ་མཐོང་། འདི་ལྟ་བུའི་རྩོམ་ཡིག་དག་ལ་སུས་འགན་ལེན་གི་རེད།
བཟང་ཀྱང་ཆོག་ངན་ཀྱང་ཆོག རང་གཞུང་ནི་འུ་ཚོས་བལྟ་ས་ཉན་ས་ཡིན་ན་མིང་མེད་པའི་རྩོམ་ཡིག་དག་ལ་ཞིབ་གཤེར་བྱེད་རོགས། བཀའ་ཁྲིས་འཇོན་ན་མ་འཇོན་ན་འུ་ཚོ་ཚང་མས་འདེམས་པ་ཡིན་པས་ཁག་དཀྲི་ས་སུ་ལའང་མེད།
ངོ་མ་རྩོམ་ཡག་སྡུག་གང་ཡིན་ཡང་རྩོམ་པ་པོའི་མིང་མཉམ་དུ་འགོད་དགོས་རེད་པ། མིང་མེད་པའི་རྩོམ་ཡིག་དེ་འདྲ་བཀོད་ན་ཁྱད་མཚར་འདུག གལ་སྲིད་རྩོམ་སྒྲིག་པ་ཡིན་ནའང་དེ་ལུགས་གསལ་བཤད་ལོས་དགོས། ཁ་བརྡ་ཚང་ དགོངས་བཞེས་གནང་རོགས ད་བར་རྩོམ་མཁན་སུ་ཡིན་མི་གསལ་བའི་རྩོམ་ཡིག་འདི་འདྲ་མང་པོ་བྱུང་སོང་།
མིང་མེད་པའི་རྩོམ་ཡིག་བཀོད་པ་དེ་ལ་རྒྱུ་མཚན་འགའ་ཡོད་རེད། གཅིག་ནི་ཁ་བརྡ་རྩོམ་སྒྲིག་ཁང་ཁོང་རྣམས་པས་རྩོམ་པ་པོ་སུ་ཡིན་མིན་ཤེས་ནས་མིང་མ་བཀོད་པ་ཞིག་འདུག ཡང་ན་རྩོམ་སྒྲིག་པ་ཁོང་རྣམས་གང་རུང་ཞིག་ཡིན་ས་རེད། མ་གཏོགས་ས་ཕྱོགས་རྒྱུས་མེད་ཅིག་ནས་རྩོམ་རིགས་སླེབས་ཡོང་དུས། མིང་མེད་བཀོད་པ་དེ་ནི་དངོས་ནས་དྲ་ཚིགས་ལ་བསྒྲིགས་གཞི་མེད་པའི་རྟགས་ཤིག་རེད་བ། ཁ་བརྡ་ཚང་ཐུགས་དགོངས་བཞེས་རོགས།
འདི་ནི་ཤར་ཕྱོགས་(ཤར་ཕྱོགས་དམར)ཁུག་རྟའི་(ཁྭ་ཏས་)རྩོམ་ཡིག་རེད། ཧ་ཧ།
རྩོམ་ཡིག་གི་ནང་དོན་་ལ་གཟིགས་ནས་དོན་ལ་གནས་མི་གནས་བརྟགས་དཔྱད་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། རྩོམ་པ་བོའི་མིང་བཀོད་དང་མ་བཀོད་ལ་ཁྱད་པར་མི་འདུག་
ཁ་བརྡ་རྩོམ་སྒྲིག་པའི་གསལ་བཤད།
རྩོམ་ཡིག་འདི་རྩོམ་མཁན་དང་ཁ་བརྡ་དྲ་དེབ་ཏུ་འགོད་མཁན་གཉིས་ཀ་མི་གཅིག་ཡིན་སྟབས། རྩོམ་ཡིག་འགོད་མཁན་གྱི་མིང་ལས་མ་བཀོད་པ་འདི་འདྲ་རྩོམ་ཡིག་འགོད་མཁན་གཞན་དང་གཞན་གྱིས་ཀྱང་སྤྱོད་སྲོལ་ཤིག་ཆགས་ཡོད། ད་ལམ་མཆན་བུ་སྤེལ་མཁན་ཚོ་འཁྲུལ་གཞི་མི་ཆགས་ཆེད། འདི་ནས་རྩོམ་ཡིག་འདིའི་མགོར་སྤྱི་མཚུངས་བཞིན་རྩོམ་མཁན་གྱི་སྐོར་བཀོད་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
འདི་ནི་ཁུག་རྟས་ལོས་བརྩམས་པ་ཡིན་ཁོ་རང་གི་རྟུག་དྲི་ཁ་གི་འདུག་ག།
ཕལ་ཆེར་གོང་གི་འཆན་དེ་སྲུབ་ཀྱི་རེད་ཁོ་དེར་རྩོམ་པ་ཡིན་པས་རེད་ཡ
བཀའ་ཁྲི་མཆོག་ལ་མཚན་སྨོད་དང།་ཚོགས་གཙོ་མཆོག་ལ་བསྟོད་པ་འདིའི་རྒྱབ་ལྗོངས་ཅི་ཡིན་ནམ།
ཤར་ཁུག་ལགས། ཁྱོས་གྲོས་ཚོགས་ལ་སྐྱོན་བརྗོད་བྱེད་ཀི་ཡོད་པའི་བཟོ་འདྲ་བོ་ཡིན་ས་རེད་མོད། དོན་ངོ་མ་ཁྱོས་སྐྱོན་བརྗོད་བྱེད་ཤེས་ཀྱིན་འདུག། བཀའ་བློན་བུ་མོས་རླུང་ལངས་ནས་ལག་པས་མདུན་ཅོག་སྒང་ལ་བརྡབས་སོང་ཟེར། འདི་དག་ནི་ཁྱོད་ཀྱིས་འཛམ་གླིང་མིག་གི་མ་མཐོང་པའི་སྐྱོན་རེད་ཟེར་རྒྱུ་ཡིན། རྒྱལ་ཁབ་གང་ཡིན་ན་གྲོས་ཚོགས་རྭ་པའི་ནང་དེ་འདྲ་རྒྱུན་ལྡན་རེད།
རྒན་མོ་དེའི་མིང་ལ་ཤར་ཕྱོགས་ཁུག་རྟ་ཟེར། ཧ་ཧ་ཧ་་་་་
དངོས་གནས་རྩོམ་པ་པོ་ཟེར་ན་འདི་འདྲ་ཞིག་མིན་ན་གང་ཡིན། དོན་དག་བཟོ་ཤེས་པ། ཀློག་པ་པོ་འགུག་ཤེས་པ། ཕྲག་དོན་ཅན་ལ་རླུང་སློང་མཁས་པ། བཀའ་བློན་ཁ་ཤས་ལ་སེམས་མ་སྐྱིད་པ་བཟོ་བ་སོགས། རྣག་ཐོག་ཁབ་གཙགས་རང་རེད་འདུག་པས། ཤར་ཕྱོགས་ཁུག་རྟ་ལགས་ནི་ཆབ་སྲིད་ལ་མཁྱེན་པ་རྒྱས་པའི་རིག་པ་སྨྲ་བ་ཞིག་ཡིན་ཐག་ཆོད་རེད།
བློ་སེང་གི་ཆེད་གླས་པ་དྲ་འབུ་ཁག་ཅིག་དང་། ཨ་མདོ་བ་ཕྲག་དོག་ཅན་ཁ་ཤས་མ་གཏོགས། ཁུག་རྟ་ལགས་ལ་སྐུར་བ་འདེབས་མཁན་ཞིག་ཁྱོན་ནས་མེད། ཁོང་ཚོ་གཞན་དབང་དུས་སོང་ཚར་བ་རེད། དངུལ་དང་ཕྲག་དོག་གི་གཞན་དབང་དུ་སོང་ཚར་དུས་ད་ཐབས་ཤེས་ག་རེ་ཡོད་དམ།
ཤར་ཁུག་གིས་གུ་རེ་དང་རྩེད་མཚར་བར་ནས་ཀྱང་མི་མང་པོའི་གཉིད་དཀྲོགས་ཤིང་འཐོམས་སང་དུ་འཇུག་པ་ནི་ཁོང་གི་བླ་ན་མེད་པའི་ཁྱད་ཆོས་རེད། ཚིག་ཉུང་ཉུང་ཞིག་གིས་མཐོ་དམན་ཚང་མར་བསམ་བློ་བཏང་དགོས་པ་ཞིག་སྤྲོད་པ་འདི་ཕལ་ཆེར་རྩོམ་པ་པོ་ཚད་ལྡན་ཞིག་གི་ཁྱད་ཆོས་རེད། དེ་བས་ངས་ཁོང་གིས་བཀའ་བློན་ཁྲི་པའི་ཤེས་ཚད་ལ་དོགས་སློང་བྱེད་པ་དེར་རྒྱབ་སྐྱོར་དང་། ད་དུང་རྩོམ་ཡིག་མང་པོ་སྤེལ་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན། བློ་སེང་རྒྱལ་ལོ། བློ་ཆོས་རྒྱལ་ལོ།
ངས་ལྟོས་ན་བློ་སེང་དང་བློ་ཆོས་བར་གྱི་འཐབ་རྩོད་འདི་བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་འགྲན་བསྡུར་གྱི་འཐབ་རྩོད་ཅིག་ཀྱང་རེད་འདོད་ཁར། ཁོང་གཉིས་ལ་ཐུན་མོང་དུ་ཡོད་པའི་སྤོབས་པ་དང་ང་རྒྱལ་ལ་མི་རབས་གསར་བས་རྟག་ཏུ་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེར་མཐོང། ངས་གོ་ཐོས་བྱས་ན། བློ་སེང་གིས་བློ་ཆོས་སྐད་བཏང་ནས་ཟ་མ་མཉམ་ཟས་ཀྱིས་བཀའ་མོལ་ཞིབ་ལྷུག་གནང་འདུག་ཟེར། ཁོང་གཉིས་ག་དུས་ལག་པ་གཏོང་ཐུབ་པ་ཡིན་ན། ད་ལྟའི་བཀའ་ཤག་གསར་བར་མི་མང་གིས་ངོས་འཛིན་ཡག་ཏུ་འགྲོ་བ་སྨྲས་མེད་ཁར། བློ་སེང་ལ་བློ་ཆོས་ལྟ་བུའི་རྒྱབ་སྐྱོར་དགོས་རྒྱུ་ནི་གནད་འགག་ཅིག་རེད་འདོད་པས། ཕྱོགས་གཉིས་ནས་བསམ་བློ་གཏོང་རོགས་ཞུ།
སྐད་ཆ་འདི་རྣམས་བདེན་པ་རེད་དམ། ཉེན་ཁ་ཆེན་པོ་རེད།
༤༠༽ ཁྱི་ཕྲུག་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༢ གི་ཆུ་ཚོད་ ༠ སྐར་མ་ ༡༥
བློ་སེང་གིས་མདོ་སྨད་མི་མང་སྔ་ཕྱི་བར་གསུམ་དུ་མཐོང་ཆུང་བཏང་བཞག་པ་གསལ་བོ་རེད།
༡ བཀའ་བློན་འདེམས་ཕྱོགས་ནས་རེད། དེ་ནས་མགོ་རུལ་ཚར་བ་རེད།
༢ བོད་ས་ཡོངས་ནས་མེར་བསྲེགས་གཏོང་མཁན་ཉི་ཤུ་རྩ་གྲངས་ཤིག་ཨ་མདོ་བ་རེད། ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཁོང་གིས་ཅི་ཞིག་འཇོན་ཡོད་དམ།
༣ ལྷག་པར་མདོ་སྨད་རྔ་པའི་སེར་སྐྱ་མི་མང་བོད་ལ་བཀའ་དྲིན་ཆེན་པོ་རེད། ཀིརྟི་གྲྭ་ཚང་དང་དེའི་འབྲེལ་མཐུད་པ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད་དེ། བློ་སེང་གིས་ཀིརྟིའི་ཕྱག་མཛོད་མདོ་སྔགས་ལ་ལན་གནང་སྟངས་དེ་རེད་པཱས།
༤ ལན་གནང་སྐབས་ཁོང་གིས”ཀིརྟི་རིན་པོ་ཆེ་གདན་འདྲེན་ཞུས་པ་ཡིན། གཏམ་བཤད་གནང་རོགས་ཅེས་ལབ་ཡིན་ཟེར།” གསུངས་སྟངས་དེ་འདྲ་རེད་པཱས། དེ་བཀའ་ཤག་གི་ཞེ་དྲག་ཅིག་སྒྲུབ་པའི་ཟོལ་རེད་དམ།
༥ ཕྱག་མཛོད་མདོ་སྔགས་ཀྱིས་བཏོན་པའི་རེ་བ་དེ་རྔ་བ་མི་མང་མདོ་སྨད་མི་མང་གི་རེ་བ་རེད། བོད་གཞུང་གི་ངོས་ནས་དངོས་སུ་བོད་ནང་ལ་ཞིབ་འཇུག་ཅིག་བྱས་ནས། གནས་ཚུལ་མ་རེག་པ་རྣམས་རེག་རྒྱུའི་རེ་བ་བྱས་པ་རེད་དེ། དེ་ལ་ག་རེ་བྱས་ནས་བཀའ་ཁྲིས་ལན་མ་རྒྱབ་པ་རེད་དམ།
༦ བཀའ་ཤག་ཡོད་དགོས་པ་དང་སྲིད་སྐྱོང་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་དམ། བོད་ནང་གི་ཆབ་སྲིད་གནས་སྟངས་འོག་དཀའ་ངལ་འཕྲད་པ་རྣམས་ལ་ཞིབ་འཇུག་བྱེད་མི་ཐུབ་ན། ཀིརྟི་གྲྭ་ཚང་གི་འབྲེལ་མཐུད་པའི་ཕྱག་ལས་དེ་འདྲ་ཞིག་བཀའ་ཤག་གིས་གནང་མ་ཐུབ་ན། ད་ང་ཚོ་ག་བར་སླེབས་འདུག དོན་དག་འདི་བོད་ནང་ནས་མཁྱེན་ན་ག་རེ་བྱེད་དམ།
༧ རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་བ་ཁྱབ་བསྒྲགས་ལུང་བསྒྲགས་བྱ་རྒྱུར་དགའ་ན། སྲིད་དབང་གི་འགན་ཅུང་ཙམ་འགྲུབ་དགོས་པ་མ་གཏོགས། ཚིག་དེ་ལོ་གཅིག་གི་རིང་སྐྱོར་བསྡད་པས་ག་རེ་ཕན་ཐོག་གི་རེད་དམ།
༨ དངོས་གནས་བྱས་ན། བློ་གཟུ་བོར་གནས་ནས་བཤད་ན། ད་བར་བོད་ཀྱི་རྩ་དོན་ལ་རྩོམ་པ་པོ་འོད་ཟེར་ལགས་ཕན་ཐོག་ཆེ་བ་ལས། བློ་སེང་གིས་བྱས་རྗེས་བཞག་པ་ག་རེ་འདུག་གམ། སྣ་གཅིག་སྟོན་རྒྱུ་འདུག་གམ། ཁ་འགུལ་ཚད་ལ་རང་བསྟོད་རྒྱབ་ནས་རྫིག་ཉམས་བསྟན་ནས་འདུག་རྒྱུ་ལས་ག་རེ་འཇོན་སོང་ངམ།
༩ མཛངས་མ་འོད་ཟེར་གྱི་ལྷག་བསམ་རྣམ་དག་ལ་བོད་སྐད་མི་ཤེས་མདོག་མདོག་གི་མཚང་འབྲུ་བྱས་པ་དེ་ཐབས་སྐྱོ་བོ་མ་རེད་དམ། ༧རྒྱལ་བ་རིན་པོ་ཆེས་སྲིད་དབང་གནང་ས་ཞིག་གི་བྱ་སྤྱོད་རེད་དམ།
༡༠ མཛངས་མ་འོད་ཟེར་ལ་དེ་ལྟར་གསུངས་ཀྱང་ཁོང་མོ་རྒྱ་ཡིག་ལ་ཡོངས་གྲགས་ཚད་ལྡན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཚན་གནས་ཡོད་པ་རེད། བློ་སེང་གིས་དབྱིན་ཡིག་ཐོག་རྩོམ་བྲིས་པ་གང་ཞིག་འགྲིག་འདུག་གམ།
༡༡ ཐ་ན་ཁོང་གི་འབུམ་རམས་པའི་ཆེད་རྩོམ་ཀྱང་ཚད་ལྡན་ཆགས་ཡོད་པ་མ་རེད། དེའི་ཐད་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཞིབ་འཇུག་གནང་ནས་གསལ་བོ་བཟོས་འདུག ད་འོ་ན། བློ་སེང་ལ་ག་རེ་ཡོད་པ་རེད་དམ། བོད་ཡིག་མེད། དབྱིན་ཡིག་མེད། མཛངས་མ་འོད་ཟེར་ཡོན་ཏན་ཆེན་པོ་མ་རེད་དམ།
༡༢ འདི་དག་ཚང་མ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད། བློ་སེང་ལ་བྱས་རྗེས་ཁབ་རྩེ་ཙམ་ཞིག་འདུག་གམ།
དངོས་གནས་ཟུར་ཟའི་བཅར་འདྲི་རེད། ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ་དང་ཁོང་གི་ཕྱོགས་ཁག་ཅིག་སུ་རྒྱལ་སུ་ཕམ་མི་ལྟ་བར། སྔར་བྱས་ལས་ནོར་ལ་འགྱོད་གཤེགས་དང་། ཕྱིན་ཆད་ལས་དོན་ཐད་ཆིག་སྒྲིལ་གནང་ཐུབ་ན་བོད་ལ་ཕན་ཐོག་གི་རེད། བློ་སེང་གིས་རང་ཤེད་ཚ་བོ་དང་ཕྱོགས་རིས་སྐྱག་རྫུན་མི་འཁྲབ་པ་དང་། ཤར་ཁུག་གིས་ཁོང་ལ་བརྩི་བཀུར་དང་མཉམ་རུབ་བྱས་ན་ད་གཟོད་རྙོག་གླེང་འདི་མཇུག་སྒྲིལ་གྱི་རེད། དེ་མིན་རྙོག་དྲ་ཆེན་པོ་ཆགས་ན། བོད་ནང་ནས་ཀྱང་ཕྱོགས་གང་ལའང་དོ་ཕོག་འགྲོ་ངེས་རེད། བློ་སེང་གི་བརྩི་བཀུར་ཉུང་དུ་འགྲོ་དུས། དངོས་གནས་དབུ་ཁྲིད་ཚད་ལྡན་གནང་རོགས།
དངོས་གནས་ཟུར་ཟའི་བཅར་འདྲི་རེད། ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ་དང་ཁོང་གི་ཕྱོགས་ཁག་ཅིག་སུ་རྒྱལ་སུ་ཕམ་མི་ལྟ་བར། སྔར་བྱས་ལས་ནོར་ལ་འགྱོད་གཤེགས་དང་། ཕྱིན་ཆད་ལས་དོན་ཐད་ཆིག་སྒྲིལ་གནང་ཐུབ་ན་བོད་ལ་ཕན་ཐོག་གི་རེད། བློ་སེང་གིས་རང་ཤེད་ཚ་བོ་དང་ཕྱོགས་རིས་སྐྱག་རྫུན་མི་འཁྲབ་པ་དང་། ཤར་ཁུག་གིས་ཁོང་ལ་བརྩི་བཀུར་དང་མཉམ་རུབ་བྱས་ན་ད་གཟོད་རྙོག་གླེང་འདི་མཇུག་སྒྲིལ་གྱི་རེད། དེ་མིན་རྙོག་དྲ་ཆེན་པོ་ཆགས་ན། བོད་ནང་ནས་ཀྱང་ཕྱོགས་གང་ལའང་དོ་ཕོག་འགྲོ་ངེས་རེད། བློ་སེང་གི་བརྩི་བཀུར་ཉུང་དུ་འགྲོ་དུས། དངོས་གནས་དབུ་ཁྲིད་ཚད་ལྡན་གནང་རོགས།
ཁ་བརྡ་ཚང་ལགས། ང་ལ་དེབ་སྐྱེལ་གནང་རོགས།
སྤྱིར་ཡིན་ན་ང་ཚོའི་བཀའ་ཁྲི་གཙོས་པའི་བཀའ་བློན་གཞན་པ་སུ་དང་སུ་ཡིན་རུང་ཤ་རུས་གདོས་བཅས་ཀྱི་ཕུང་པོ་ལས་གྲུབ་པ་ཡིན་སྟབས་ནོར་འཆུག་དང་ཞན་ཆའི་ཕྱོགས་ཡོད་པ་ནི་ཆོས་ཉིད་ཡིན་པས་དེ་ཙམ་གྱིས་བཀའ་བློན་ལ་འོས་མི་འོས་དང་།་་་ཤེས་ཡོན་ཡོད་མེད་ལ་འབྲེལ་བ་མེད་པར་བསམ།་་་ཡང་གཅིག་བཤད་ན་ང་ཚོ་དང་ང་ཚོའི་བཀའ་བློན་ཁྲི་པ་དང་གཞན་པའི་བཀའ་བློན་ཚང་མ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་འཛོམས་མིན་པས་དྲིས་དྲིས་ཐམས་ཅད་ལའང་ལན་ཁེལ་བ་དེ་འདྲ་ཞིག་ནི་སྲིད་ཀྱི་མ་རེད།་་་དེ་བས་ཁྱོད་དང་ཁྱོད་ཡིན་ནའང་དེ་འདྲ་ཞིག་ཡིན་པ་ནི་བཤད་མ་དགོས་པས་ཉི་མ་རྟག་པར་བཀའ་བློན་ཁྲི་པ་དང་གཞན་པ་བཀའ་བློན་ཚང་མའི་སྐྱོན་ཞིག་ཨེ་རིག་གི་བལྟ་བ་ལས་ད་ལྟའི་གནས་བབས་དང་འབྲེལ་བའི་བསམ་ཚུལ་དམར་རྗེན་མ་རེ་བཏོན་ན་མི་ལེགས་སམ།་་་དེ་ཡང་ཡིན་ཏེ་ཁྱོད་དང་ང་ཡང་ན་ཁོང་ཚང་མ་བོད་རིགས་གཙང་མ་བཀྲུས་ཀྱང་མི་དག་པ་ཡིན་སྟབས་གཞན་ལ་ཁ་ཟེར་ནས་སྐྱོན་རྐྱང་རྐྱང་བགྲངས་པ་ལས་མིག་གཉིས་ཆེ་ཆེར་ཕྱེས་ནས་དག་སྣང་སྦྱོང་བ་དང་མཉམ་དུ་རང་དོར་གཞན་གཅེས་ཀྱི་བསམ་བློ་ཞིག་ལ་གོམས་འདྲིས་བྱས་ཏེ་བོད་དོན་ལ་གཞོལ་ན་ཨ་མའི་བུ་རྒོད་རེད།་་དེ་འདྲ་མ་ཡིན་པར་ཁ་ནས་གང་ཐོན་རེ་བཤད་པ་ལ་སུས་ཀྱང་དགའ་བསུ་མི་བྱེད་ཁོ་ཐག་རེད།
ཤར་ཁུག་ལགས།
ཁ་བརྡ་ཚ་བོ་རེད། མུ་མཐུད་ཁ བརྡ་ཚ་བོ་རེད་ཡོང་རྒྱུར་ལ་སྒུག་ནས་བསྡད་ཡོད་པ་ཞིག་ཡིན།
འདི་ག་ནས་གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་བལྟ་ཐུབ་ཀྱི་མི་འདུག
ད་དུང་ཉིན་རེའི་ཉིན་ཐོ་ལྟར་གྲོས་ཚོགས་ཀྱི་དྲི་བ་དྲིས་ལན་དང་གསུང་བཤད་སོགས་མུ་མཐུད་
ངོ་སྤྲོད་གནང་རོགས་ཞུ།
རྒད་པོ་ལོ་ལོན་ཞིག་ལ་ཁ་བརྡ་བྱས་པ་ཡིན་ཟེར་ནས་རང་གི་མངོན་འདོད་འཁུར་ཡོང་ན་འགྲོ་བ་མིའི་ཀུན་སྤྱོད་དང་འགལ་ཡོད། ངས་འདི་འདྲ་འདོད་བྱུང་ལབ་པའི་བློ་ཁོག་གིས་མ་འདང་བ་རེད། རྗེས་སོར་རྩོམ་མཁན་ཚད་ལྡན་ཞིག་ཡིན་ན་འདི་འདྲ་མ་གནང་རོགས།
ཤར་ཁུག་ལ་དམིགས་བསལ་ཡོད། ཁོས་ནམ་རྒྱུན་འདི་འདྲ་བྱེད་ཀྱི་ཡོད། ཁོར་ཉན་ནི་དང་རློམ་ནི་མེད།
ངས་བལྟས་ན།་་་ཤར་ཕྱོགས་ཁུག་རྟས་ཁུག་ནས་བཀའ་བཤའ་ལ་སྐྱོན་བརྗོད་བྱེད་འདོད་པ་མ་རེད་ལ།།་་་བཀའ་ཁྲི་བློ་སེང་ལ་དེ་བས་འཁོན་ཁྲལ་བྱེད་པ་ག་ལ་ཡིན།།་་་་་ཁོང་གི་དམིགས་དབེན་ངོ་མ་ནི་རང་ཉིད་སྤྱི་ཚོགས་ནང་སྐད་གྲགས་ཡོང་བ་དང་བགྲོད་ལམ་རག་པའི་ཆེད་འཆལ་རྩོམ་ཐར་ཐོར་འདྲ་བྲིས་པ་འདྲ།་་་་ཁུག་རྟས་གནས་སྐབས་ཕྱོགས་དང་མཚམས་གང་ནས་ཁོང་ལ་ཉེས་བཙུགས་དང་སྡིགས་ར་ཅི་བྱུང་ཡང་ནམ་ཞིག་ཟུར་ཞིག་ནས་ཆོ་ལོ་དང་ཐོབ་ལོ་ཡོང་རྒྱུར་ཁུག་བརྩིས་སྔར་ནས་རྒྱབ་ཟིན་པ་རེད།་་་་དཔེར་ན་ཁུག་རྟས་བློ་སེང་གི་མཚང་རྭ་བརྔུས་ནས་དུས་ཚོད་ཐུང་ཐུང་ལས་ཕྱིན་མེད་ཀྱང།་་་་དབུ་མའི་ལམ་དང་ཁ་བརྡའི་ཆོ་ལོ་དེ་མ་ཉིད་ནས་ཐོབ་ཡོད་པ་ཁྱེད་ཅག་གིས་ཀྱང་མ་ཤེས་པ་ག་ལ་ཡིན།།་་་་ད་དུང་སྔར་མདོ་སྨད་ཕྱོགས་ནས་ཁོང་ལ་མི་དགའ་བ་བྱེད་མཁན་ད་ཆ་ཡོད་པ་ནས་མེད་པ་དང།་་་་དགའ་མཁན་ཉུང་ངུ་ལས་མང་དུ་ཕྱིན་ཡོད་པ་སོགས་ལྟད་མོ་མི་ཉུང་བ་ཞིག་ང་ཚོས་མིག་འོག་ནས་མཐོང་ཟིན་པ་རེད།་་་་་་ད་ནས་ཡང་སྙིང་གནམ་འོག་འདིར་ཁུག་རྟ་ལ་ལན་ཚ་པོ་ཞིག་བསློགས་འདོད་ཚེ་་ཁོང་གིས་གང་བཤད་པ་དང་ཅི་ཞིག་བྲིས་པ་ལ་རེ་ཞིག་བཏང་སྙོམས་སུ་བཞག་རྒྱུ་དེ་ཡིན་པ་མ་ཟད།་་་་མཆན་ཚུན་ཆད་ཀྱང་འབྲི་རྒྱུ་གཏན་ནས་མེད།་་་་་ཤེས་སོང་ངམ།་་་མན་ངག་ཡིན།་་་མ་བརྗེད་ཀྱིས།།
རྫོབ་པ་ལ། ༼བཀའ་ཁྲིས་འཇོན་ན་མ་འཇོན་ན་འུ་ཚོ་ཚང་མས་འདེམས་པ་ཡིན་པས་ཁག་དཀྲི་ས་སུ་ལའང་མེད༽ ཅེས་པའི་སྐད་ཆ་འདི་ལ་གནས་ལུགས་ཤིག་འདུག་གམ། གསང་སྔགས་ཀྱི་ལུགས་ལྟར། བླ་མར་བསྟེན་ཚར་རྗེས། ཅི་མཛད་ལེགས་པར་བལྟ་དགོས་པ་ཞིག་ག་ལ་ཡིན། སྐྱོན་ཡོད་ས་སྐྱོན་བརྗོད་ཀྱིས་ཡོ་བསྲང་ལ་བརྩོན་དགོས་པ་དེ་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་ཞིག་ཡིན།
འོན་ཀྱང་། རྒད་པོའི་ཁ་བརྡ་དེ། ཁ་བརྡ་ཞིག་དང་མི་འདྲ་བར། རྡོག་རྡོག་སྣུམ་སྣུམ་ཞིག་འདུག་པས་ན། ཡིད་ཆེས་མ་སོང་སྟེ། རྩོམ་པ་པོ་དེས་བརྩམས་པ་འདྲ། དྲ་གྲོགས་རྣམས། བློ་གཟུ་བོར་གནས་རོགས།
འདི་ནི་རྒན་པོ་ལོ་ལོན་ཟིག་གི་སྐད་ཆ་མ་རེད། ཤར་ཁུག་ཁོ་རང་གི་བསམ་ཚུལ་རང་རེད། མ་ཟད་བཀའ་ཤག་ལ་སྒེར་འཁོན་ཡོད་པའི་གསལ་ཁ་དོད་པོའི་ངང་ནས་ཁུངས་མེད་པའི་སྐྱོན་བརྗོད་བྱེད་སྟངས་ལ་བལྟས་ན་ང་ཚོའི་མི་ཤེས་པའི་ཁེ་སང་ཞིག་རག་གི་ཡོད་ཐག་ཆོད་རེད། འགག་འཕྲང་འདི་འདྲ་ལ་ཐུག་དུས་གདོང་དམར་བོད་པ་ཚོ་ནོར་མི་ཉན། མདོ་སྨད་མི་མང་འཕྱུགས་མི་ཉན། ཁུག་རྟ་དམར་པོ་ལ་རྒྱབ་སྐྱོར་མ་བྱེད།
ག་དུས་ཡིན་ན་ཁུག་རྟ་ཁོས་རང་གཞུང་དང་རང་དབོན་རང་མི་རིགས་གི་བར་ལ་གནོད་ཕྱོགས་མ་རྟོག་ཕན་ངེས་པའི་ཚིག་གཅིག་བཤད་པ་ཁོ་ལ་མེད་རྒད་པོ་ལོ་ལོན་དེ་ངེད་ཅག་བོད་རིག་སྤུན་ཟླ་རྣམས་གྱིས་ལག་དམར་ཞིག་དང་ཤར་ཁུག་གི་འཚོ་བ་ཡོང་སའི་འབྱུང་ཁུང་ཞིག་ཡིན་ངེས་།
ཤར་ཁུག་གི་སྐད་ཆ་བཤད་སའི་རྒད་པོ་ལོ་ལོན་དེ་མགུ་ལོག་དམ་ཆོས་དཔལ་བཟང་ལོས་ཡིན་དྲན་སོང་།
ད་གྲོགས་ལྷན་རྒྱས་ལགས། ཁ་བརྡ་རྩོམ་སྒྲིག་པ་དང་། ཤར་ཁུག་གཉིས་ཚོགས་པ་གཅིག་དང་། སྐྱིད་སྡུག་མཉམ་གཤྀབ་རེད། གཟིགས་དང་། ང་ཚོས་ད་ཐེངས་གཅིག་སྒྲིལ་ལ་གསོན་ཤུགས་སྦར་ནས་མི་རིགས་ཀྱི་འཐབ་རྩོད་ལ་ཞུགས་སྐབས། ཁོ་ཚོས་བསམ་བཞིན་སྤྱི་ཚོགས་ལ་གཏོར་བཤིགས་ཁོ་ན་རེད། བཀའ་ཁྲི་བློ་སེང་ག་འདྲ་ཡོད་མེད་བོད་ཕྱི་ནང་ཚང་མས་མཁྱེན་གསལ་རེད། འགན་བླང་ནས་ཟླ་དྲུག་ཙམ་རིང་ཕྱག་ལས་གལ་འགང་ཆེ་ལ། དོན་གནད་ལྡན་པའི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་མ་མ་ཟད། གསེར་གྱི་རྟགས་མ་ཡང་ཐོབ་ཡོད། དེ་ནི་བཀའ་ཁྲི་གང་ལ་རིང་ལ་འང་རྙེད་ཐབས་བྲལ་བའི་གཟི་བརྗིད་རེད། ཁྱད་པར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཕུལ་ས་དང་། ཕུལ་ན་ཁུར་ཐུབ་མཁན་ཞྀག་ཡོད་ནིའོ་བློ་སེང་རེད། གང་ལྟར་ཁ་བརྡ་རྩོམ་སྒྲིག་པ་དང་། ཤར་ཁུག་གཉིས་ནས་སྤྱི་ཚོགས་ལ་གཏོར་སྐྱོན་མ་གཏོང་རོགས། རྒྱ་ནག་གི་ཉུལ་མ་མང་པོ་ཡོད་རབས་ཐོས་པས་དེ་དོན་ཡིན་ན་དེ་ལུགས་ཀྱིས། བོད་རིགས་སྤུན་ཟླ་ཡིན་ན་བསམ་གཞིགས་རེ་ཐོངས། ཁ་དྲོ་བཀྲ་ཤིས། གཞིས་བཞུགས་སྤུན་ཟླ་ཚོ་སེམས་ཤུགས་ཆགས་གི་མ་འཇུག སྐུ་མཁྱེན་ཚོ།
དྲ་གྲོགས་ཚོ།
བཤད་མ་བཤད་ཡོད་ནི་མ་རེད།
ཤར་ཁུག་ལ་བཤད་ལས་ཐུབ་ནི་མ་རེད།
དེ་ལས་དགག་ལན་གྱི་རྩོམ་ཡིག་ཕྲིས་དང་།
ང་ཚོས་བཀློག་ཆོག
རྒན་མོ་ངོ་མ་དེ་ཁུག་རེད། སྤྱི་ཚོགས་སྒང་ལ་སྐད་གྲགས་འགྲོ་བའི་དབིག་འབེན་བཟུང་མ་ཤེས་པ་རེད།
ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་དེ་དངོས་ཡོད་ཡིག་ཅིག་རེད་བསམ་གྱིན་འདུག
ཁྱེད་ཀྱིས་རྒན་པོ་ཞིག་ཁ་བརྡ་བྱས་པའི་ཚུལ་གྱིས་བྲིས་པའི་རྩོམ་ཡིག་འདིའི་ནང་ལ་ངའི་བུ་བུ་མོ་རྣམས་མང་ཆེ་བ་ཕྱི་རྒྱལ་དུ་ཡོད་པས།བོད་དོན་ཐད་ལ་སྐད་ཆ་གང་ཡང་གོ་རྒྱུ་མི་འདུག་ཅེས་པའི་ཚིག་འདི་མཐོང་པ་དང་ཡང་བསྐྱར་ངའི་བྲང་དཀྱིལ་དུ་རྡོ་ལོག་ཅིག་ཐེབས་པ་འདྲ་བྱུང་། རྒྱ་གར་དུ་སྐྱེས་པའི་ཕྱི་རྒྱལ་དུ་ཡོད་པ་མང་ཆེ་བས་བོད་མི་རིགས་དང་བོད་མིའི་སྐོར་ལ་དེ་ཙམ་དོ་སྣང་མི་བྱེད་པའི་ཚོར་བ་ཞིག་སྔོན་མ་ནས་སྤྲད་ཡོད།
བཀའ་བློན་དང་བཀའ་ཤག་ཅེས་འབོད་ཀྱིན་ཡོད་མེད་མི་ཤེས་ཀྱང་། ཕྲན་གྱིས་དེ་ལྟར་འབོད་རྒྱུ། ད་ལྟའི་བཀའ་བློན་དང་བཀའ་ཤག་རྣམས་མང་ཆེ་བ་སློབ་ཕྲུག་མཐར་ཕྱིན་ཏག་ཏག་ཡིན་པས་ཁོང་ཚོ་ལ་ཁོང་ཁྲོ་དང་ང་རྒྱལ་ལོས་ཡོད། དེ་བས། ད་ལྟའི་བཀའ་བློན་གང་འདྲ་ཡིན་པ་ཁོང་རང་ཉིད་ཀྱིས་ཁོ་རང་ཨ་རི་ནས་བསྟན་ཡོད་པ་དེ་རེད། བོད་མི་མང་གིས་ཕེབས་བསུ་བྱས་པ་དེ་༧གོང་ས་མཆོག་ཕེབས་པ་ལས་ལྷག་པའི་དགའ་བསུ་བྱས་ཡོད་པ་ཞིག་ལས་དེ་ལས་མི་དམན་པ་ཞིག་མཐོང་མ་བྱུང་ལ། མཐའ་མར་སྐྱོ་སེམས་དང་རེ་ཐང་ཆད་པའི་ངང་གྲོལ་དགོས་བྱུང་པ་དེ་ཁོ་རང་གི་འཇོན་ཐང་ངོ་མ་དེ་རེད།
མ་གཞི་སོ་སོས་མ་ཤེས་དང་ནོར་འཁྲུལ་བྱུང་ན་ནོར་འཁྲུལ་དང་མ་ཤེས་པ་དེ་ངོས་ལེན་བྱེད་དགོས་པ་ལས་ཁོང་ཁྲོ་ལངས་པ་དེ། དེའི་རྒྱུ་མཚན་དུ་མི་འགྲོ་ལ་ཁོང་གི་དངོས་ཡོད་ཀྱི་གཤིས་ཀ་དང་ཉམས་མྱོང་མེད་པ་སོགས་བསྟན་པ་ལས་གཞན་ཅི།
ཨོ། བཀའ་བློན་ལོ་ཆུང་བུ་མོ་དེ་ཡང་རླུང་ལངས་མཁན་མ་ཞིག་ཡིན་ན། ད་དེང་གི་བཀའ་ཤག་དེ་རླུང་མཁན་གྱི་ཚོགས་སྡེ་ཞིག་རེད་པ། དེ་འདྲ་ཡིན་ན་ད། རང་བཙན་ལ་རེ་བ་ཡོད་འདྲ།
ད་ཁ་བརྡ་དྲྭ་རྒྱ་འདི་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་ཁ་བརྡ་བྱེད་ས་དེ་འགྱུར་ནས་གནོད་པའི་ཁ་བརྡ་བྱེད་ས་དེ་རེད། བལ་ཡུལ་གཞུང་ནང་བཞིན་རྒྱའི་གླ་ཟན་ཆགས་ཟིན་པ་རེད། དེར་བརྟེན། ཤར་ཁུག་གིས་བོད་མི་སྤྱི་ལ་བོད་མའི་དབུ་ཁྲིད་ལ་མཐོང་ཆུང་ཁྱད་གསོད། དོན་མེད་སྙོན་འཛུག་བྱས་པའི་ནག་ཉེས་ངོས་ལེན་དང་དགོངས་དག་ཞུ་རྒྱུ་འམ། ཤར་ཁུག་ཁ་བརྡ་དྲྭ་རྒྱ་ལས་དགོངས་པ་མ་ཞུས་བར། བོད་སྤྱི་བ་དང་ལྷག་པར་མཐུན་ལམ་ལ་རྡོག་རྩ་གཅིག་སྒྲིལ་བྱེད་འདོད་སཡོད་རིགས་ཡོངས། ཁ་བརྡ་དྲྭ་རྒྱ་ལས་དགོངས་པ་ཞུས་ན་ལེགས། ལྟོས་དང་ངའི་མཆན་འདི་སྐར་ཆ་ཁ་ཤས་ཀྱིས་བསུབས་ཀྱིན་རེད། ལྟོས་ཨཱ
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org