མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ནས་བཏོན་པའི་ “ལྕགས་ཡོས་བཙན་རྒོལ་མེ་ལྕེ།-རབ་གནས་ལྕགས་ཡོས་ལོར་བོད་གཞིས་ལུས་མི་དམངས་ཀྱིས་རྒྱ་ནག་གི་བཙན་དབང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་ཟིན་ཐོ”།ཞེས་པ་ལེའུ་བཞི་ཡི་བདག་ཉིད་ཅན་དེ་འདིར་སྤེལ་ཡོད།
ལེའུ་དང་པོ། ལྕགས་ཡོས་ལོའ་ིརང་ལུས་མེར་བསྲེགས་ལས་འགུལ་གྱི་བརྒྱུད་རིམ།
ལེའུ་གཉིས་པ། བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བཙན་བྱོལ་བོད་མི་ངོ་སྤྲོད།
ལེའུ་གསུམ་པ། རྒྱལ་སྤྱིའི༌སྤྱི་ཚོགས་ཁྲོད་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཇི་བྱུང་སྐོར།
ལེའུ་བཞི་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་གདུང་སེམས་མཉམ་བསྐྱེད་ཀྱི་
ལས་འགུལ་ཇི་སྤེལ་སྐོར།
གཤམ་གྱི་འབྲེལ་ཐག་ལ་བསྣུན་ནས་གཟིགས་རོགས།
Chapter One and Two
Chapter Three – 2012
Chapter Four – 2012
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྗེས་སོར་ལོ་རྒྱུས་ཕྱོགས་བསྒྲིགས་བྱེད་དུས་ས་གནས་གང་དུ་བཙན་རྒོལ་བདེན་རྒྱབ་བྱས་ཡོད་ན། དེའི་ལོ་རྒྱུས་ཆད་ལྷག་མེད་པ་ཞིག་ཅིས་ཀྱང་བྱ་རོགས་ཞེས་ཀྱང་སྐུལ།
མདོ་སྨད་བཙན་རྒོལ་བདེན་རྒྱབ་གནའ་འབྲེལ་ཚོགས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
དཔེ་བསྐྲུན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ། iBooksནང་བླངས་ཟིན་རྗེས་ནས་མུ་མཐུད་དུ་ཀློགས་རྩིས་ཡོད།
ལྕགས་ཡོས་བཙན་རྒོལ་མེ་ལྕེ་ཞེས་པའི་དཔེ་དོན་ཐོན་པ།
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ནས་བོད་ཀྱི་རླབས་ཆེ་བའི་ལས་འགུལ་རྣམས་ཕྱོགས་བྱས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་དང་སྦྲགས། དེའི་ནང་འགོད་ནོར་ཤོར་བ་ཁག་ཅིག་ར་སྤྲོད་དང་འབྲེལ་ནས་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན།
ངའི་བསམ་ཚུལ་དེ་སྐྱོན་འདོན་ཙམ་གྱི་ཆེད་དུ་མིན་པར། སྐྱོན་སེལ་གྱི་ཆེད་དུ་ཡིན་པས། རྩོམ་སྒྲིག་པ་དང་ཀློག་པ་པོ་ཚོས་དེ་ལུགས་དགོངས་བཞེས་དང་བརྟག་དཔྱད་གནང་རོགས།
༡ རྩོམ་སྒྲིག་པས་བྲེལ་འཚུབ་བྱས་ནས། བརྒྱུད་ལམ་ཁག་ནས་བཤུས་ཏེ་བཀོད་པ་ཙམ་ལས་ཞིབ་འཇུག་ཡག་པོ་བྱེད་ཐུབ་མི་འདུག་ལ། བརྒྱུད་ལམ་ནས་བཤུ་ས་ཁག་གང་ཡང་མ་བཀོད་པར་སོ་སོས་བྲིས་པ་ཡིན་པ་ལྟ་བུ་བྱས་འདུག
སྤྱིར་གནས་ཚུལ་མང་ཆེ་བ་བོད་པའི་བརྒྱུད་ལམ་ཁག་དང་། སྒོས་སུ་ཡིག་ཐོག་ཏུ་ཡོད་པ་ནི། བོད་ཀྱི་དུས་བབ་གསར་ཁང་། བོད་ཀྱི་བང་ཆེན་གསར་ཁང་གཉིས་རེད་འདུག དེ་བས་རྔ་པ་ཕྱོགས་ཀྱི་གནས་ཚུལ་ཡིན་ན། རྡ་ས་ཀིརྟི་དགོན་པར་བོད་གནས་འབྲེལ་མཐུད་པ་ཡོད་པས། ཁོང་ཚོས་བཀྲམ་པས་གནས་ཚུལ་ཤ་སྟག་རེད། དེ་ན་རྒྱལ་སྤྱི་ཁྲིམས་ཀྱི་འགྲོ་ལུགས་ལྟར་གནས་ཚུལ་ཡོང་ཁུངས་ཀྱི་དཔྱད་ཞིབ་ཡིག་ཆ་ཞེས་པ་ཞིག་ཟུར་འདོན་གྱིས། ཁོང་ཚོའི་མིང་དེ་དགོས་པར་སྣང་། བཙན་བྱོལ་ནང་གི་འདྲ་པར་ཁག་ཀྱང་དེ་མཚུངས་རེད།
དཔེར་ན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ལོ་ལྟར་སྙན་ཐོ་འདོན་གྱི་ཡོད་པ་རེད། པར་དང་གནས་ཚུལ་གྱི་ཡོང་ཁོངས། དཔྱད་གཞིའི་ཡིག་ཆ་སོགས་གསལ་འདོན་བྱས་འདུག
༢ རྩོམ་སྒྲིག་པས་ངོས་ནས་ཕབ་བཤུས་དང་པར་སྐྲུན་ལས་གང་ཡང་བྱས་མེད་པ་དཔེར་ན། ཤོག་ངོས་༣༥༨ དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་བོད་གཞུང་བཀའ་ཤག་གིས་གདན་ཞུས་ཀྱིས་ཨ་རིར་བོད་ཀྱི་གནས་བབ་སྐོར་ངོ་སྤྲོད་གནང་བའི་སྐོར་གྱི་གནས་ཚུལ་འཁོད་སྐབས། མགོ་བརྗོད་དུ་“བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ནིའུ་ཡོཀ་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བཞིན་པ་”ཞེས། ལས་འགུལ་ཚང་མ་གྲུབ་ཡོད་ན། དེའི་སྐབས་བརྒྱུད་ལམ་དུ་སླེབས་པའི་མགོ་བརྗོད་རང་སོར་བཞག་འདུག
༣ ཤོག་ངོས་༣༢༩ པར་“བཀའ་བློན་ཁྲི་པ་མཆོག་ཡུ་རོབ་རྒྱལ་ཁབ་ཁག་བདུན་ནང་གི་གཞུང་དོན་ལས་དོན་ཡོངས་སུ་ལེགས་གྲུབ་རྗེས། རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་”ཅེས་བརྒྱུད་ལམ་དུ་དེའི་སྐབས་བྲིས་པ་ལ་བཟོ་བཅོས་མ་བརྒྱག་པར་རང་སོར་བཞག་འདུག དངོས་གནས་ཡིན་ན་ཕེབས་པ་རེད་ཅེས་མཇུག་བསྡུ་དགོས་ཀྱི་ཡོད་པ་རེད།
དེ་ལྟ་བུ་ནོར་འཁྲུལ་མང་པོ་འདུག་པས། ཀློག་པ་པོ་ཚོས་གཟིགས།
༤ དེ་ནས་རྩོམ་སྒྲིག་པས་བྲིས་པ་ཚོན་ཁྲ་ཅན་གྱི་འདྲ་པར་ཁག་ལ་གསལ་བཤད་ཀྱི་མཆན་བཀོད་འདུག་ཀྱང་། ཚབས་ཆེའི་ནོར་འཁྲུལ་ཁག་ཅིག་ཤོར་འདུག
ཁམས་བྲག་འགོ་ནས་ནོར་བ་ཡོན་ཏན་ལགས་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་བསད་པར། མི་མང་གིས་གུས་འདུད་ཀྱི་ཁ་བཏག་འཐེན་བཞིན་པའི་འདྲ་པར་ཐོག “ཁམས་བྲག་འགོར་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཡུལ་མི་རྣམས་ཀྱིས་སྐུ་ཕུང་ལ་ལ་མཇལ་དར་བསྒྲོན་ཏེ་གུས་འཏུད་མཚོན་ཐབས་བྱས་”ཞེས་འགོད་ནོར་ཤོར་འདུག
ཁམས་དཀར་མཛེས་ཁུལ་གྱི་ཁོངས་གཏོགས་ཀྱི་ལས་འགུལ་གྱི་པར་འཁོད་པའི་ནང། གསེར་རྟ་རྫོང་གི་ལས་འགུལ་གྱི་པར་རྐྱང་པ་འཁོད་པའི་ནང་གསེར་རྟ་དང་བྲག་འགོ་ས་ཁུལ་རེད་ཅེས་འགོད་ནོར་ཤོར་འདུག
གསར་རྟ་རྫོང་གི་ཟླ་བ་གྲགས་པ་ལགས་དམར་གསོད་བཏང་རྗེས། ཕུང་པོ་ཡང་ནང་མིས་ལག་ཏུ་མ་ལོན་པར། མཚན་བྱང་ཞིག་ཁྱེར་ཏེ། དུར་ཁྲོད་དུ་བསྔོ་སྨོན་བྱེད་བཞིན་པའི་པར་ལ། “གསེར་རྟ་ཁུལ་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་བྱེད་བཞིན་པ་”ཞེས་འགོད་ནོར་ཤོར་བ་དང། ཚེ་གྲངས་ཡང་འགོད་ནོར་ཤོར་འདུག
རྒྱལ་གཅེས་པ་མེར་བསྲེག་གཏོང་མཁན་ཚོའི་མཚན་དང་འདྲ་པར་བསྒྲིགས་པའི་ནང་༢༤ ལས་མེད་པ་སོགས་ནོར་འཁྲུལ་ཤོར་བ་དཔེ་མཚོན་ཙམ་བཀོད་དེ། ནོར་བཅོས་ཡོང་ཆེད་དུ་བཀོད་པ་ཡིན་ལ། ཡིག་ནོར་ཤོར་ཡོད་སྲིད་པས། དགོངས་འགལ་མེད་པར་མཁྱེན།
རྩོམ་སྒྲིག་པ་ལྷན་རྒྱས་ཀྱིས་དཀའ་ལས་བརྒྱབ་པ་ཡག་པོ་རེད་མོད། ལོ་རྒྱུས་ཀྱི་དེབ་ཐེར་ནང་ནོར་བཅོས་ཡོང་ཆེད་དུ་བཀོད་པ་ཡིན།
དེ་ལུགས་རྩོམ་སྒྲིག་པས་དྲ་ཐོག་ཏུ་བཏང་སྟེ། ཀློག་པ་པོ་ཚོས་ཞིག་འཇུག་གནང་རོགས།
ལེགས་སོའི་མེ་ཏོག་འཐོར།
རང་རེའི་རྒྱལ་གཅེས་དཔའ་བོའི་གཟི་བརྗིད་རང་རེའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བྲིས་པ་ནི། ངོ་མ་་་་་ལོ་རྒྱུས་ཀྱི་འགན་བླངས་པའི་ལས་དོན་གལ་ཆེན་ཞིག་ཡིན་པས། རྩོམ་སྒྲིག་པ་དག་ལ་བཀྲིན་ཆེ་ཞུའོ།།
དེབ་འདི་འདྲ་ཞིག་ཕྱོགས་སྒྲིག་གནང་བར་དགའ་བསུ་ཞུ། དེ་དང་ཆབས་ཅིག་བསམ་ཚུལ་ཞིག་ཀྱང་ཞུ་འདོད་བྱུང་། དེབ་ཀྱི་ནང་དོན་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་སྐོར་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་ཚོད་འདུག ད་ལྟ་དངོས་སུ་མཐོང་མ་བྱུང་། དངོས་སུ་མཐོང་ཐུབ་པ་ནི་དེབ་ཀྱི་ཁ་བྱང་འདི་རེད། ཁ་བྱང་ལ་ལྕགས་ཡོས་བཙན་རྒོལ་མེ་ལྕེ་བཏགས་འདུག་པ་དེ་ཅུང་བློར་འགྲོ་བོ་རང་མ་བྱུང་། བཙན་རྒོལ་མེ་ལྕེ་ཟེར་པའི་ཚབ་ཏུ་ཞི་རྒོལ་མེ་ལྕེ་བཏགས་ན་དོན་དང་མཐུན་པར་སེམས། འགྱུར་བ་གཏོང་ཐབས་ཡོད་ན་འགྱུར་བ་བཏངས་ན་ལེགས་སྙམ།
ང་ཚོས་བོད་གནས་ཞིབ་འཇུག་དགོས་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོར་སྣང་ཆུང་མཛད་རྒྱུ་མི་འདུག སྐད་གྲགས་མེད་པའི་ལས་དོན་ཧ་ཅང་ཚག་ཚུད་དང་དོན་སྙིང་ལྡན་པ་ཞིག་ཁོང་ཚོས་ལས་ཀྱི་འདུག
སང་སང་གི་སང་སྒྲ་གཏོར་སྒྲ་དེ་སྙ་པོ་གཏན་ནས་མི་འདུག སང་སྒྲ་དེས་མི་དགོས་ས་ནས་སུན་པོ་མ་བཟོ་རོགས།