གནས་ཚུལ་མཁོ་སྤྲོད་པ། དོན་གྲུབ་དང་བསོད་རྒྱལ།
ད་ལོ་གསུམ་བཅུ་དྲན་ནས་གླིང་ཚ་མ་བུ་གསུམ་གྱིས་མ་སྐུལ་དྭང་བླང་གིས་ངྷ་ས་ནས་ལྷ་ས་བར་དུ་ཞི་བའི་འབོད་ཚིག་ལྔ་དང་ལྷན་ཞི་བའི་གོམ་བགྲོད་ཞིག་མགོ་བཙུགས་ཡོད་པ་ལྟར། ཟླ་འདིའི་ཚེས་ཉེར་ལྔ་ཉིན་ལེ་བར་སྟོང་ལྷག་གི་མཚམས་ཀྱི་ཡོས་པས་(up)མངའ་སྡེ་ནང་གི་ཧྥ་རྫ་བྷ་ངྷི་(Faizabad)ལ་འབྱོར་ཡོད་པས། ས་གནས་དེ་དང་སྤྱི་ལེ་ཉིས་བརྒྱ་དྲུག་ཅུ་ལྷག་གི་མཚམས་སུ་ཡོད་པའི་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གཞུང་འབྲེལ་མ་ཡིན་པའི་ཧི་མ་ལ་ཡའི་སློབ་ཕྲུག་ཚོགས་པ་གཙོ་བའི་ཚོགས་པ་ཁག་ལྔའི་འཐུས་ཚབ་ཀྱི་སློབ་མ་ལྔ་དང་དྭང་བླང་གི་སློབ་བུ་འགའ་ཆེད་དུ་སློབ་མ་བྱིངས་ཀྱི་རྒྱབ་སྐྱོར་མཚོན་པའི་ཞལ་འདེབས་དང་འཕྲིན་ཡིག་སོགས་ཁྱེར་ནས་ཁོང་མ་བུ་གསུམ་ལ་ཐུག་འཕྲད་དུ་ཕྱིན། འོན་ཀྱང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་སློབ་མ་རྣམས་ཀྱིས་རྒྱབ་སྐྱོར་མཚོན་བྱེད་འཕྲིན་ཡིག་ལས་ཞལ་འདེབས་མ་བླང་བར་སློབ་ཕྲུག་དག་གིས་བགྲོ་གླེང་དང་ལས་འགུལ་གང་རུང་སྤེལ་དུས་བེད་སྤྱོད་རོགས་ཞེས་ཕྱིར་སློག་སོང་།
སྐབས་དེར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་གོམ་བགྲོད་འདི་བྱེད་དགོས་པའི་དགོས་བ་དང་དམིགས་ཡུལ། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས། རྒྱལ་ཁབ་གཞན་གྱི་གསར་རྗེ་དང་འཐད་རྕོད་དང་ཅི་ལྟར་བྱེད་བཞིན་ཡོད་མེད། རང་ཉིད་བོད་མི་ཞིག་ཡིན་པའི་འགན་འཁྲིི་དང་ངེས་པར་སྒྲུབ་དགོས་བའི་གལ་གནད་ཀྱི་སྐོར་ནས་རང་ཉིད་ཀྱི་དགོངས་ཚུལ་ལྷུག་པོར་གསུངས།
དེ་ནས་ཨ་མ་ལྡོམ་པོ་སྐྱིད་ཀྱིས་ཡང་ ” དང་ཐོག་ངེད་མ་བུ་གསུམ་གྱི་ལྷན་དུ་ཞི་བའི་གོམ་བགྲོད་འདི་ལ་མཉམ་ཞུགས་བྱེད་མཁན་མི་ཉུང་བ་ཞིག་ཡོང་བར་འདོད་ཀྱང་། ད་ལྟའི་བར་སུ་གཅིག་ཀྱང་མ་སླེབས། འོན་ཀྱང་དེ་ལ་བློ་ཕམ་དང་སེམས་ཤུགས་ཆགས་ཀྱི་མེད།
ངའི་བུས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བློས་གཏོང་འདི་འདྲ་ཞིག་བྱེད་དུས། ཚང་མ་ཉལ་བསྡད་ནས་ཁོ་གཅིག་པོ་འགྲོ་བར་སེམས་ནས་མི་བཟོད་ལ། གཞིས་ལུས་བོད་མི་ཚོ་ལ་ཡང་ངོ་ཚ། དེ་བས་ང་རང་ཡང་བུའི་ལྷན་དུ་སྲོག་ཤོར་ཡང་འགྱོད་པ་སྤུ་ཙམ་ཡང་མེད།
བོད་ནང་གི་རང་ལུས་མེ་བསྲེགས་གཏོང་མཁན་ཚང་མ་གཞོན་སྐྱེས་རྐྱང་རེད་འདུག ཁོང་ཚོས་རང་ལུས་མེ་བསྲེགས་མ་བཏང་ན་བཟང་། རྒྱུ་མཚན་ཁོང་ཚོ་ལ་བོད་ཀྱི་བསྟན་པ་དང་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱེད་པར་དུས་ཚོད་མང་པོ་ཡོད། དེ་ལས་ང་ལྟ་བུ་དག་གི་སྲོག་ཤོར་ཀྱང་སྐྱོན་ཆེས་མེད་ཅེས་གསུངས་སོང་།
དཔའ་བོ་མ་བུ་གསུམ་ལ་སྙིང་ནས་ཡི་རང་ཞུ། བལ་ཡུལ་དུ་སླེབས་གྲབ་འདུག་པས་སེམས་ཆུང་བྱེད་རོགས།
རླབས་ཆེན་དང་། ཡང་དག་ལྷག་བསམ། རང་མི་རིགས་ལ་ཞེན་པ་དཀར་པའི་མ་བུ་གསུམ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ལེ་དབར་འབུམ་གྱི་ཆོད་པའི་རྒྱུས་མེད་མི་ཡུལ་གྱི་སར་གོམ་པ་རེ་རེ་བཞིན་སྤོས་ཏེ་དཀའ་སྡུག་ལ་མ་བཟོད་པར་ལས་འགུལ་མུ་མཐུད་སྤེལ་བཞིན་པར་སྙིང་དབུས་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་དང་གདོང་ལེན་འདིར་གུས་བཀུར་བླ་མེད་ཡོད་ལ། ཁོང་ཅག་ལ་བར་ཆད་མི་ཡོང་བའི་སྨོན་ལམ་ཡོད། འོན་ཀྱང་གུང་ཁྲན་ཏང་གི་དར་ཆའི་འོག་ནས་སེང་དར་གཉོམ་དུང་དུང་ཁྱེར་ཀྱིན་པར་གཏན་ནས་མོས་མཐུན་མེད། གར་ལྟར་གུང་ཁྲན་ཏང་གི་དར་ཆ་ཁྱེར་ཀྱིན་པར་ངོ་རྒོལ་ཡོད།
ཁྱེད་མ་བུ་གསུམ་ལ་གུས་པས་སྙིང་ནས་ཡི་རངས་དང་བསྔགས་བརྗོད་ཞུ།
གང་གང་ཤིན་ཏུ་གོམས་གྱུར་པ། གོམས་པ་ཡོངས་སུ་རྫོགས་པ་ན། །བདེ་གསལ་མི་རྟོག་ཁྱད་པར་ཅན། ཟེར་བ་ལྟར་བོད་མི་དམངས་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་ཡིད་ལ་གོམས་པའི་མྱོང་བ་ཟབ་མོ་རྒྱུད་ལ་སྐྱེ་ཟེར་བ་འདི་ལྟར་མིན་ན་ཅི་ཡིན། ཁྱེད་ཀྱི་གཏམ་གྱི་ཟུར་རེ་ན་རིན་ཆེན་གསེར་ལས་ལྷག་པའི་ལམ་སྟོན་རེ་དང་བཤིག་ཏུ་མེད་པའི་གཏན་ཚིག་རེ། མདོར་ན་ཅི་བཤད་ཀྱང་ཚིག་ཉུང་ལ་དོན་འདུས། ད་ལྟའི་གཉན་འཕྲང་གི་སྐབས་འདིར་དགོས་འཁོ་ཧ་ཅང་ཆེ་བའི་ལེགས་བཤད་ཤ་སྟག་ཏུ་མཐོང་བས་དགའ་གུས་ཆེན་པོས་ཁ་སྟོང་ཙམ་ལས་མེད་ཀྱང་ཐུགས་རྗེ་ཆེ་ཞུ
ཁྱེད་མ་བུ་གསུམ་གྱི་ལྷག་བསམ་དང་། ཆོད་སེམས་། ལ་རྒྱ་དང་སྙིང་སྟོབས་། ཕུག་བསམ་དང་རེ་འདུན་འདི་སུ་ཡི་ཆེད་དུ་རེད་བོད་་གྱི་ཆེད་དུ་རེད་་། ཞུ་འདོད་པ་ཞིག་ལ་ང་ཡི་ཆེད་དུ་རེད་། ནམ་ཡང་བརྗེད་མི་སྲིད་། འོན་ཀྱངཐུགས་གཟབ་གནང་རྒྱུ་རེ་བ་ཡིན་། ནམ་ཞིག་་ང་ཚོ་ཞལ་མཇལ་ཡོང་བའི་སྨོན་འདུན་ཞུ་།
དྲི་མེད་ཤེལ་སྒོང་གི་དམ་ཚིག་ལ་རྐྱེན་ངན་པའི་ཆག་སྒོ་མི་འབྱུང་བར་སྨོན།།
དོན་དངོས་ནས་བཤད་ན་དྲ་རྒྱ་བརྒྱུད་་གླིང་ཚ་མ་བུ་གསུམ་ལ་གུས་ཞབས་དང་མཐོང་ཆེན། གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་སེམས་ཕྱོགས་འདི་རིགས་སྟོང་གཏམ་རང་རེད། དེ་ལས་ཀྱང་སྙན་ངག་གི་ལམ་ནས་མཛེས་རྒྱན་སྤྲོ་བ་དང་བསྔགས་བརྗོད་ཞུ་བཞིན་པའི་སྐོར་ནི་ཡི་གེ་ཙམ་ཤེས་བའི་བླུན་རྨོངས་བ་དག་རེད།
གླིང་ཚ་མ་བུ་གསུམ་འབྲེལ་བོད་སྤྱི་བའི་དོན་ལ་བསམ་གཞིགས་བྱེད་མཁན་རེ་ཡོད་དབང་དུ་བཏང་ན། ཁ་ཡོད་ལག་ཡོད་ཀྱིས་དཔྱད་པ་བྱས་དང་། དེ་སྔོན་དགུ་བཅུ་གོ་གྲངས་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ་གོམ་བགྲོད་ལ་འགྲོ་རྒྱུའི་བསམ་ཚུལ་བྱུང་བ་རེད། དེ་དུས་༧གོང་ས་མཆོག་དབུ་བཞུགས་ཐོག་བློ་གདེང་འཁེལ་བའི་དུས་ལ་སླེབས་སོང་ན་སུ་ལ་མཛད་དཀའ་ཡོང་གི་ཡོད་ཀྱང་ཨུ་ཚུགས་རྒྱག་རྒྱུ་ལས་བྱེད་ཐབས་གཞན་མེད་ཚུལ་གྱི་སེམས་ཐག་བཅད་ཡོད་བ་རེད་དེ། མི་ལོ་བཅུ་ལྷག་གི་རྗེས་ཀྱི་དེ་རིང་གླིང་ཚ་མ་བུ་གསུམ་ཁོ་ན་ལས་སེལ་རྟོགས་མ་བྱུང་བ་རེད་དམ། ཁོང་ཚོ་དང་ལྷན་དུ་འགུལ་བསྐྱོད་ཐུབ་མཁན་སུ་ཡང་བྱུང་མ་སོང་ང་།
བོད་ཕྱི་རོལ་ནས་བོད་དོན་འཐབ་རྩོད་ཐད་ལ་གྲོས་མོལ་རབ་དང་རིམ་པ་བརྒྱུད་ཐབས་ལམ་ཞི་དྲགས་གང་རུང་བཏོན། བོད་མི་མཐེ་བོང་ཙམ་ཞིག་ཡིན་རུང་རང་ཉིད་ཀྱི་འདོད་ཕྱོགས་ལྟར་མཐོང་ཆེན་བྱས། བསམ་བློ་ཕུལ་དུ་བྱུང་བ་དང་མི་སྣ་འདང་ཆེན་གང་མང་བྱུང་བ་རེད། ང་རང་ཉིད་ལ་མཚོན་ན་ཟམ་གདོང་བླ་མ་གལ་ཆེན་དང་བློ་གདེང་འཁེལ་སའི་སྤྱི་དཔོན་ལ་བལྟས་ནས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་མོས་གུས་ཞུ་མཁན་དེ་ཡིན། ག་ལེར་ཟམ་གདོང་བླ་མས་རང་ཉིད་ཀྱི་བལྟ་གྲུབ་གཡུག་དགོས་ཐུག་སོང་བ་རེད། དེ་ཡང་བོད་མི་མང་གི་འདོད་བློ་ལྟར་དབུ་མིའི་ལམ་གྱི་སྲིད་ལུགས་སྐྱོངས་མཁན་ལ་མང་མོས་བྱུང་བ་རེད། བདག་ལ་ཆ་མཚོན་ན་རང་ཉིད་ལ་ཡིད་རྟོན་དཀའ་བ་ནི་བདེན་པའི་ཨུ་ཚུགས་ལྟ་གྲུབ་ཁོ་ན་ལས་བསམ་རྒྱུ་མེད་པའི་སློབ་དཔོན་ཟམ་གདོང་བླ་མའི་འདམ་ཀ་ལ་བརྩི་མཐོང་བྱེད་མ་ཤེས་སྐྱོན་གྱིས་དབུ་མའི་ལམ་གྱི་སྲིད་ཁྲིར་འོས་འདེམས་བྱས་སོང་བས་ཡིན། བསམ་ཀྱིན་བསམ་ཀྱིན་ང་རང་ཐེ་བའི་བོད་སྤྱི་ཚོགས་རང་ཚུགས་མི་ཐུབ་མཁན་འདི་འདྲ་རང་རེད། རྒྱུ་མཚན་ཟམ་གདོང་བླ་མས་བོད་སྤྱི་བའི་ལས་དོན་ལེགས་འགྲུབ་ཐུབ་ཐབས་ལ་བློ་འཁེལ་ས་ནི་བདེན་པའི་ཨུ་ཚུགས་ཡིན་བཞིན་དུ། དབུ་མའི་ལམ་གྱི་སྲིད་ཁྲིར་འོས་འདེམས་བྱེད་དོན་ཅི་ཡིན་ནམ། ཉེ་སྔོན་འདིར་ཟམ་གདོང་བླ་མའི་ཡང་བསྐྱར་བོད་མི་མང་ལ་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ། ད་དུང་ཡིན་རུང་ཁོང་རིན་པོ་ཆེ་ནས་དོར་མེད་ལུགས་ཕྱིར་བསྒྲགས་བྱས་ཟིན་ནའང་བརྩི་མཐོང་བྱེད་མཁན་མེད་ལུགས་ལ་བལྟས་ན། གླིང་ཚ་མ་བུ་དཔའ་བོ་ཁེར་རྒྱུགས་བྱེད་རྒྱུ་ལས་གདུང་སེམས་མཉམ་བསྐྱེད་ལབ་རུང་ཁ་བཤད་ཙམ་ཡིན་རྒྱུ་རེད།
གཞན་ཀླུ་ཚང་འབོད་པ་ལ་ངོ་རྒོལ་ཡོད་པའི་བསམ་ཚུལ་འདྲ་ཡོད་ན། གླིང་ཚ་མ་བུ་གསུམ་གྱི་རེ་བ་ལྟར་བརྙན་འཕྲིན་ལག་ལ་ཐོགས་ནས་སོང་དང་ལན་འདེབས་བྱེད་པར་གྲ་སྒྲིག་ཨང་གསར་ཡོད་ལུགས་བརྗོད་འདུག་ན་དེ་ལྟར་གྱིས།
སྐད་ཆ་འདི་དག་ཅུང་ཟད་ཅིག་ཕན་ན་བསམ་པའི་རེ་སྐུལ་ཡིན་པས་སེམས་ལ་མ་གནོད་རོགས།
ཉིན་མ་འདི་ཚོར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་ཚང་མས་གླིང་ཚ་མ་བུ་གསུམ་གྱི་ཆེད་དུ་ཞལ་འདེབས་སློང་བར་བྲེལ་འདུག སྤྱིར་བཏང་གི་ཆ་ནས་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ལ་ལེགས་པོ་འདུག འོན་ཀྱང་། ཉིན་ཁ་ཤས་རིང་སྤྱིའི་ཞལ་འདེབས་ཀྱི་སྒོར་གྲངས་རྒྱ་སྒོར་འབུམ་བཅུ་ཟིན་གྲབ་འདུག(་
རྣམ་པ་ཚོས་བསམ་བློ་ཞིག་ཐོངས་དང་རང་ཉིད་ཀྱི་ཞལ་ལག་དང་ཉལ་ཆས་ཡོད་ཚད་མཉམ་དུ་ཁུར་ནས་རྐང་ཐང་དུ་འགྲོ་མཁན་ཞིག་ལ་སྒོར་མོ་དེ་འདྲའི་མང་པོ་ཞིག་གིས་ག་རེ་བྱེད་དགོས་པ་རེད། སྒོར་མོ་དེ་དག་གིས་ཁོང་མ་བུ་གསུམ་བོད་དུ་མ་སླེབས་བར་དུ་ཉིན་རྟག་པར་སྐར་ལྔ་རྟགས་ཅན་གྱི་མགྲོན་ཁང་རྐྱང་རྐྱང་དུ་བསྡད་ནས་སོང་ཀྱང་རྫོགས་མི་སྲིད།
གལ་སྲིད་སྒོར་མོ་དེ་འདྲའི་ཕོན་ཆེན་ཞིག་ཁུར་ནས་བོད་དུ་སོང་ན་ལམ་སེང་རྒྱ་ནག་གིས་འཕྲོག་ནས་ཁྱེར་འགྲོ་བར་ཐེ་ཚོམ་མེད་དོ།། དེ་ལས་ང་ཚོས་ཁོ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ལས་འགུལ་གཞན་ཞིག་སྤེལ་ན་ག་འདྲ་འདུག
སྒོར་མོ་དེ་དག་གིས་གླིང་ཚ་ཁོ་རང་བོད་ཡིག་ལ་དགའ་ཞེན་བླ་མེད་ཡོད་པ་ཞིག་ཡིན་པས་ངོས་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལྟ་བུ་ཞིག་ལ་ཕུལ་ན། ལས་འགུལ་རླབས་ཆེན་མང་བོ་བརྩམ་ཐུབ་བོ།།
མཁན་པོ་ཉི་མས་གསུངས་པ་བདེན་པ་རེད། རྒྱབ་སྐྱོར་ཡོད
མཁན་པོ་ཉི་མ་ལགས། ཁྱེད་ཀྱི་བསམ་འཆར་ཡག་པོ་འདུག སྤྱིར་སྒོར་འབུམ་བཅུ་དེ་ཁོང་ཚོས་ལག་དངུལ་ལྡང་ངེས་ཙམ་མཉམ་ཁུར་ལས་ཆ་ཚང་སྐེ་ལ་བཏགས་ནས་འགྲོ་གི་མེད་པ་ཐག་ཆོད། ཧིན་སྒོར་འབུམ་བཅུ་དེ་ཧ་ལས་དགོས་པའི་འབོར་ཆེན་དེ་འདྲ་ཅང་མ་རེད། ཐེ་ཝན་ཆོས་ཚོགས་བདག་པོ་ཚོས་ཌ་རུ་དཀྲོལ་ཐེངས་གཅིག་གི་ཡོངས་སྒོ་རེད། ཞལ་འདེབས་གནང་མཁན་རྣམ་པས་སོ་སོའི་བོད་ཞེན་དང་ལས་འགུལ་འདིར་རྒྱབ་སྐྱོར་མཚོན་བྱེད་དུ་ཕུལ་གི་ཡོད་སྟབས་མཁན་པོ་ཁྱོད་ཀྱིས་ཁ་སྟོང་ལྕེ་སྟོང་དུ་སྤྲུལ་ནས་ཞལ་འདེབས་མ་སྤྲོད་ཟེར་ནའང་ཁོག་ཐུབ་གི་མ་རེད། སྒོར་འབུམ་མི་དགོས་ས་ཡ་ཐོབ་ནའང་དངུལ་དེ་ཚོ་བེད་སྤྱོད་གང་འདྲ་གཏོང་དགོས་མིན་མ་བུ་གསུམ་པོས་སེམས་ན་ཁྲིག་ཁྲིག་ཡོད་ངེས་ཤིང་དགོས་མེད་སར་གཏོང་བ་དང་སྐྱིད་ཉལ་རྒྱག་རྒྱུར་གཏོང་རྒྱུ་མིན་པ་ངེས་གཏན་ཡིན་འོངས་པས་ན་མཁན་པོ་ཁྱེད་དཀྲུག་ཤིང་མཁན་པོར་མི་འགྱུར་བའི་རེ་བ་བཅས།
གང་གང་ཤིན་ཏུ་གོམས་གྱུར་པ། གོམས་པ་ཡོངས་སུ་རྫོགས་པ་ན། །བདེ་གསལ་མི་རྟོག་ཁྱད་པར་ཅན། ཟེར་བ་ལྟར་བོད་མི་དམངས་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་ཡིད་ལ་གོམས་པའི་མྱོང་བ་ཟབ་མོ་རྒྱུད་ལ་སྐྱེ་ཟེར་བ་འདི་ལྟར་མིན་ན་ཅི་ཡིན། ཁྱེད་ཀྱི་གཏམ་གྱི་ཟུར་རེ་ན་རིན་ཆེན་གསེར་ལས་ལྷག་པའི་ལམ་སྟོན་རེ་དང་བཤིག་ཏུ་མེད་པའི་གཏན་ཚིག་རེ། མདོར་ན་ཅི་བཤད་ཀྱང་ཚིག་ཉུང་ལ་དོན་འདུས། ད་ལྟའི་གཉན་འཕྲང་གི་སྐབས་འདིར་དགོས་འཁོ་ཧ་ཅང་ཆེ་བའི་ལེགས་བཤད་ཤ་སྟག་ཏུ་མཐོང་བས་དགའ་གུས་ཆེན་པོས་ཁ་སྟོང་ཙམ་ལས་མེད་ཀྱང་ཐུགས་རྗེ་ཆེ་ཞུ
རླབས་ཆེན་དང་། ཡང་དག་ལྷག་བསམ། རང་མི་རིགས་ལ་ཞེན་པ་དཀར་པའི་མ་བུ་གསུམ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ལེ་དབར་འབུམ་གྱི་ཆོད་པའི་རྒྱུས་མེད་མི་ཡུལ་གྱི་སར་གོམ་པ་རེ་རེ་བཞིན་སྤོས་ཏེ་དཀའ་སྡུག་ལ་མ་བཟོད་པར་ལས་འགུལ་མུ་མཐུད་སྤེལ་བཞིན་པར་སྙིང་དབུས་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན
མཁན་པོ་ཉི་མ་ཟེར་བ་ཁྱོད་པེད་ཤག་དེ་དག་ལ་མིག་སེར་སྐྱེས་ཀྱིན་འདུག་ག
པེད་ཤག་དེ་དག་ནི་རྗེས་སུ་དགོས་མཁོ་ངེས་པར་ཐུག་གི་རེད།
བཙོན་ལ་བཟུང་བ་དང་། སྨན་ཁང་ལ་འདུག་དགོས་འཁེལ་ན་དེ་དུས་ཕན་ཐོགས་ངེས་ཅན་ཡོད་རེད།
བོད་མི་ཞལ་འདེབས་སློང་མཁན་དག་གིས་ཁོང་ཚོ་ལ་སྐྱིད་ཉལ་རྒྱག་རོགས་ཞེས་ཞལ་འདེབས་འབུལ་གྱིན་ཡོད་མ་རེད། འདི་ཤེས་པར་གྱིས།
ཐུབ་པ་ལགས། ངས་བྲིས་པའི་མཆན་༥་དེ་ཁྱེད་ཀྱིས་བསྐྱར་འགོད་གནང་འདུག འགྲོ་སྟངས་ཀྱི་ཆ་ནས་དོ་བདག་ལ་འགོད་ན་འགྲིགས་མིན་གྱི་དྲི་བ་ཙམ་ཡང་མེད་པར་སོ་སོའི་ཡིན་ཁུལ་ལྟ་བུ་གནང་སྟེ་འགོད་ན་ནོར་བ་རེད། འོན་ཀྱང་ད་ལེན་གསལ་བཤད་ཙམ་ཡིན། རྗེས་སོར་དགོངས་པ་བཞེས་རྒྱུའི་རེ་བ་ཡོད།
མཁན་པོ་ཉི་མས་བཤད་པ་དེ་དྲན་སྐུལ་ཙམ་ཡིན་རྒྱུ་རེད། དེས་ཞལ་འདེབས་འབུལ་ན་མི་ལེགས་ཚུལ་བཤད་པ་མིན། ཞལ་འདེབས་འབུལ་འཁན་ཚོས་རང་སེམས་མཚོན་བྱེད་དུ་འབུལ་བ་ལས་ཁོང་མ་བུ་གསུམ་གྱི་ཟས་གོས་གནས་མལ་ལ་བཀའ་ངལ་མཐོང་ནས་འབུལ་མཁན་ཉུང་ཉུང་ཡིན། སྤྱིར་ན་ཁོང་མ་བུ་གསུམ་རྒྱ་ལག་ཏུ་མ་ཚུད་པར་འབད་དགོས་པ་ལས་ཧིན་སྒོར་ཁ་ཤས་རྒྱ་ལག་ཏུ་འགྲོ་མིན་དེ་གནད་ཆེན་པོ་གང་ཡང་མིན། སྣོད་བཅུད་ཡོངས་རྫོགས་བདག་བཟུང་བྱས་ཟིན་པས་དཔའ་བོ་འདི་དག་སེམས་ཤུགས་མི་ཉམ་ཆེད་ཧིན་སྒོར་འབུམ་ཁ་ཤས་ལྟ་ཞོག་དུང་ཕྱུར་མང་པོ་གཏོང་དགོས་ཐུག་ཀྱང་ཕམ་ཁ་གང་ཡང་མེད། མདོར་བསྡུས་ནས་བཤད་ན་འདི་དག་ཟས་གོས་གནས་མལ་གྱི་ཆེད་དུ་མ་ཡིན་པར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང་སེམས་ཤུགས་མི་ཉམ་པའི་ཆེད་དུ་ཡིན་པ་ཤེས་ན་ལེགས་སྙམ།
གླིང་ཚ་ཚང་གི་བཀའ་སློབ་དེ་ཉན་པ་ཡིན། དངོས་གནས་མི་རིགས་ཀྱི་དཔའ་བོ་ཞིག་རེད་འདུག བསྔགས་བརྗོད་དང་ལེགས་སོ་ཞུ་རྒྱུ་ལས་གཞན་མ་མཆིས། ཡིནའང་མཁན་པོ་ཉི་མ་ཟེར་བ་དེ་པད་ཤག་ལ་སེམས་འཁྲལ་འདུག གླིང་ཚ་མ་བུ་གསུམ་ནས་སྒོར་འབུམ་གཅིག་མཁན་པོ་ལ་ཕུལ་རོགས་གནང་། མཁན་པོ་ཁོ་རང་ཐེ་ཝེན་ལ་པད་ཤག་བསྡུ་མཁན། བླ་མ་དང་མཁན་པོ་མང་པོ་ཞིག་ཡོད་རེད། དེ་ཚོ་དྲས་ཡིན་ས་རེད།
གུང་ཁྲག་ཏང་གི་དར་ཆ་ཁྱེར་དྲན་ན། ལྷོད་ལྷོད་བྱོས་ནས་འགྲམ་ནས་ཕར་སོང་དང་། མགོ་བཏགས་ཤིག་རེད་པས། རྒྱ་མིས་དགའ་བཞིན་ངོས་ལེན་བྱེད་ཀྱི་རེད། ཁོ་ཚོ་མ་བུ་གསུམ་གྱི་གོམ་བགྲོད་ལ་སྤྱིའི་ཆ་ནས་གུས་འདུད་དང་། རྒྱབ་སྐྱོར་དགའ་བསུ་བཅས་བླ་མེད་ཡོད། འོན་ཀྱང་རྒྱ་མིའི་དར་ཆ་ཁྱེར་བར་ངོ་རྒོལ་ཡོད་ལ། བློ་ཕམ་ཀྱང་ཚད་མེད་བྱུང་།
གླིང་ཚིས་སྐར་ལྔའི་དར་དམར་ལག་ནས་ནམ་འདོར་ན་། དུས་དེ་ལ་ངས་ཁོང་མ་བུ་གསུམ་ལ་བོད་དོན་ཆེད་ལས་འགུལ་སྤེལ་བར་ཞལ་འདེབས་སྦྱིན་ཀྱི་ཡིན་།
ཁྱེད་གསུམ་པོས་རྒྱ་དར་དེ་ངེས་པར་མཉམ་ཁྱེར་གནང་རོགས། དེ་དང་མཉམ་དུ་བོད་དར་ཡང་འཕྱར་རོགས། དེས་གང་མཚོན་ཞེ་ན་དེང་དུས་འཛམ་གླིང་ནང་སྟོབས་ཆེ་ཤོས་སུ་འགྱུར་བཞིན་པའི་སྟོབས་ཆེན་རྒྱ་ནག་དང་འཛམ་གླིང་ཡང་རྩེར་ཆགས་ཤིང་ས་ཡ་དྲུག་འདུས་སྡོད་བྱ་ཡུལ་གངས་ཅན་བོད་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་མངོན་གི་འདུག
དེ་ལ་བོད་མི་ཡོད་དོ་ཅོག་ནས་སྔ་རྗེས་མ་གཏོགས་རྒྱབ་སྐྱོར་ཐོབ་ཐུབ། གང་ལགས་ཞེ་ན་རང་བཙན་ལྟ་གྲུབ་པ་དང་། རང་སྐྱོང་ལྗོངས་འདོད་མཁན་སོགས་གང་ཡིན་རུང་རྒྱ་ནག་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ངོ་བོར་འདོད་དགོས་ལ་ཁོང་ཚོར་གུས་བཀུར་དང་རྒྱལ་ཁབ་ཅིག་གི་ངོ་བོར་རྩིས་བཀུར་བྱ་དགོས་པ་སྨོས་མེད་རེད། གཞན་ཡང་སྐབས་ཐོབ་ང་ཚོའི་རྙོགས་དྲ་ཤོད་ཡུལ་ཡང་རྒྱ་ནག་ཡིན་པ་དང་། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུག་དང་བཙན་བྱོལ་བ་བརྒྱ་ཆ་མང་བའི་མངོན་འདོད་ཀྱང་རང་སྐྱོང་ལྗོངས་ཡིན་སྟབས་དེ་ལག་བསྟར་གྱི་ངོ་བོར་འགྱུར་གི་ཡོད་སྟབས་ཤིན་ཏུ་ལེགས།
ཡིན་ནའང་གྲོགས་པོ་ཚོ་ང་ལ་གཞན་སེམས་ཤེས་པའི་མངོན་ཤེས་མེད་དེ་བོད་པ་ས་ཡ་དྲུག་ནང་ནས་སྐར་ལྔའི་དར་ལ་བཅོས་མིན་དགའ་དད་ཡོད་མཁན་ཡོད་སྲིད་ཙམ་རེད་ལ། དགོས་དབང་གིས་རང་སྐྱོང་ལྗོངས་རྩོད་པ་ལས་རང་བཙན་ལ་མ་དགའ་མཁན་ས་ཡ་དྲུག་ནས་དྲུག་བཅུ་ཡང་ཡོད་ཀྱི་མ་རེད་དྲན།
དེས་ན་ང་ཚོ་མི་རིགས་གཅིག་ཡིན།
ང་ཚོའི་མངོན་འདོད་གཅིག་ཡིན། ཞེས་བརྗོད་པར་བྱའོ།།
གླི་ཚ་མ་བུ་གསུམ་ལ་འཚམ་འདྲི་དང་གདུང་སེམས་མཉམ་སྐྱེད་ཞུ། བདག་ལྟ་བུ་ཞིག་གིས་ཁྱེད་རྣམ་པར་འགྲིག་མིན་གྱི་བསམ་ཚུལ་འདོན་འོས་པར་མི་སྣང་། འོན་ཀྱང་གུང་ཁྲན་དར་དམར་གྱི་སྐོར་ལ་མི་མང་པོ་ཞིག་གིས་བསམ་ཚུལ་མི་འདྲ་བ་ཡོང་བཞིན་པར་བརྟེན་གུས་པས་ཀྱང་དེའི་སྐོར་བསམ་འཆར་ཕྲན་ཙམ་ཞིག་བརྗོད་འདོད་བྱུང་། དབུ་མའི་ལམ་གྱི་སྲོལ་གཏོད་ནས་ད་བར་དར་དམར་ཕྱར་མཁན་བྱུང་མྱོང་མེད་པ་མ་ཚད་དར་དམར་ལ་གུས་བརྩི་ཞུ་མཁན་ཡང་བྱུང་མེད། དབུ་ལམ་སྲོལ་གཏོད་མཁན་དང་ལུས་ངག་ཡིད་གསུམ་དེའི་རྗེས་སུ་འབྲང་མཁན་དག་གིས་ཀྱང་དར་དམར་སྒྲེང་བ་ལོ་རྒྱུས་ནང་དུ་མེད། བོད་ནང་གི་མི་དམངས་ཚོས་སྲོག་ལ་བསྡོས་པས་གཙན་དབང་འོག་ཏུའང་དར་དམར་སར་ཕབ་སྟེ་གངས་སེང་དར་ཆ་ལན་གྲངས་མང་པོ་འགྲེང་མཁན་དག་གིས་བལྟས་ན་བློ་ཕམ་ངེས་རེད། བོད་ནང་དུ་རྒྱ་ནག་གིས་བཙན་གྱིས་གུང་ཁྲན་དར་ཆ་སྒྲེང་བཅུག་དུས་སྙིང་གས་ཏེ་གྲོངས་མཁན་ཡང་བྱུང་བ་མ་ཚད་དགོན་པ་སྒོ་རྒྱབ་དགོས་ཐུག་པའི་དེ་རིང་ཁ་སང་གནས་ཚུལ་འབྱུང་བཞིན་པར་བརྟེན་རྒྱ་དམར་གྱི་སྐར་ལྔའི་དར་ཆ་ཁྱེད་མཉམ་དུ་མ་འཁྱེར་རོགས་ཞུ་འདོད་བྱུང་། ད་དུང་ཡང་དམངས་གཙོ་ལ་དགའ་མཁན་རྒྱ་ནག་མི་དམངས་ཀྱིས་ཀྱང་ངོས་ལེན་དང་རྒྱབ་སྐྱོར་མེད་པའི་གུང་ཁྲིན་རིང་ལུགས་ཀྱི་དར་དམར་འདི་ངེད་ཅག་བོད་མི་ཞིག་གིས་ངོ་རྒོལ་དང་འཐབ་རྩོད་སྐབས་སུ་ཁྱེར་ན་དེ་བས་ཀྱང་མཐོང་སྣང་ལའང་སྤྲེལ་ལད་ཀྱི་རྣམ་པ་མངོན་པ་མ་ཚད། ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ཟླ་མེད་དེ་ལ་སྒྲིབ་ཡོལ་དུ་འགྱུར་བའི་ཉེན་ཁ་ཡང་མཐོང་ངོ་། ཁྱེད་མ་བུ་གསུམ་ནད་མེད་བདེ་ཐང་ཐོག་རྒྱལ་ས་ལྷ་སར་འབྱོར་ཐུབ་པའི་སྨོན་ཚིག་དང་བཅས་སོ།།
རང་དོན་འགྲུབ་ན་ཆ་ལུགས་ངན་ནའང་ངན། མེ་བུས་ནས་ཇ་སྐོལ་ཐུབ་ན་དུད་པ་ཐུལ་ནའང་ཐུལ། ཁྱེད་ཀྱིས་འབོད་ཚིགས་ལྔ་ལ་རྒྱ་གཞུང་གིས་བསམ་གཞིག་བྱ་དགོས་པ་ཞིག་བཟོ་ཐུབ་ན་རྒྱ་དར་འཕྱར་ནའང་ཅི་སྐྱོན། དམངས་གཙོ་ལ་དགའ་མཁན་རྒྱ་མི་དེ་ཚོ་སོས་ོའི་རྒྱལ་དར་ལ་མ་དགའ་བ་ཡོད་ན་མདོ་མེད་རེད། དེ་ལ་མིག་ལྟོས་བྱ་དགོས་གང་ཡང་མེད། སྐར་ལྔ་ཅན་གྱི་དམར་དེ་སྔ་མོ་གུང་ཁྲན་དམར་པོའི་དར་ཡིན་ནའང་ད་ལྟ་རྒྱལ་ཁབ་ཀྱི་རྒྱལ་དར་གྱུར་ཟིན། བོད་་ནང་གི་རྒྱ་དར་གྱི་ངོ་རྒོལ་དེ་ཚོར་རྒྱབ་སྐྱོར་ཡོད། རྒྱ་དར་རྒྱ་ཡུལ་ལ་འཕྱར། བོད་དར་བོད་ལ་འཕྱར་གི་ཡིན་གསུངས་པ་རེད། བོད་རྒྱལ་ཁྲི་རལ་པས་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པ་དང་འདྲ་པོ་རེད། ད་ལྟ་བར་དུ་དེ་འདྲ་བྱུང་མྱོང་མེད་པས་གསར་གཏོད་མི་ཆོག་ཟེར་བ་ནི་ལྐུགས་རྟགས་བསྟན་པ་ཙམ་ལས་བསམ་བློ་བ་ཞིག་གི་སྐད་ཆ་ག་ལ་ཡིན།
དེང་པོ་བོད་ནས་བཙན་བྱོལ་ལ་རྒྱ་མིའི་རྒྱ་དར་མི་སྒྲེང་ཞེས་འབྱོར།
དེ་རིང་བཙན་བྱོལ་ནས་བོད་ལ་རྒྱ་མིའི་རྒྱ་དར་མགོ་ལ་ཕྱར་ཏེ་སོང་།
འདི་ནི་ཁོ་སྤྱང་དྲགས་པས་དཀའ་ངལ་ཞིག་གམ།
ཡང་ན་བླུན་དྲགས་པས་སྐྱོན་ཆ་ཞིག
གང་ལྟར།
མྱི་འདིས་རང་གི་བུ་ཕྲུག་དང་རང་གི་ཕ་མ་སོགས་གཉེན་ཉེ།
འདི་ལྟར་སྡུག་ལ་བསྒྱུར་སོང་ཡ།
ཤ་ཚ་མོ།
ཨ་མ་དེའི་ལོ་རྒས།
བུ་མོ་དེའི་ལོ་ཆུང་།
ང་ཚོ་ལ་བཀའ་དྲིན་དང་དགོས་མཁོ་ཆེ་བའི་མ་སྨད་གཉིས།
ད་དུང་རང་ཁ་རང་གསོ་མི་ཐུབ་པའི་བུ་ཕྲུག་དེ་གཉིས།
ཞལ་འདེབས་དེ་དག་ལས་ཕྲུ་གུ་ལ་རོག་སྐྱོར་འདྲ་བཞག་ཡོད་དམ།
བསམ་བློ་བ་ཞིག་བྱེད་ན།་ཨུ་ཚུགས་པ་ཞིག་མིན་ན་དགའ།
གྲོགས་པོ།
གོང་གི་མཆན་བཀོད་མཁན་གནམ་ཞེས་པ་ལ་དྲི་བ་འགའ་ཡོད།
དང་པོ།
” དེང་པོ་བོད་ནས་བཙན་བྱོལ་ལ་རྒྱ་མིའི་རྒྱ་དར་མི་སྒྲེང་ཞེས་འབྱོར།” ངོ་མས་བོད་མི་མང་པོ་ཞིག་ཡོང་བདེན། འོན་ཀྱང་སྐུ་ཉིད་བཙལ་བྱོལ་ལ་བྲོས་ཡོང་བོད་རིགས་ཞིག་གི་བདེ་སྡུག་རྟོགས་ནས་ཡོང་ཡོད་དམ། རང་ཉིད་རང་གི་ལྐོག་ཏུ་མ་གྱུར་བའི་རང་ཉིད་ལ་དྲན་གསོའི་ཚུལ་དུ་སྤས་གསང་ལན་གསལ་བོ་ཞིག་རང་ཉིད་ཀྱི་བྲང་ཁར་མཛུབ་མོ་བཙུགས་ནས་རྒྱག་རོགས།
གཉིས་པ།
“དེ་རིང་བཙན་བྱོལ་ནས་བོད་ལ་རྒྱ་མིའི་རྒྱ་དར་མགོ་ལ་ཕྱར་ཏེ་སོང་།” ཁྱོད་ཀྱི་ཚིག་རྐང་འདིའི་ཤུགས་སུ་དགྱ་ནག་ལ་ངོ་དགའ་བྱེད་ཀྱི་འདུག་ཅེས་པའི་དོན་ཡིན་པའི་ཁུལ་རེད། དེ་ལྟར་ཡིན་དུ་བཅུག་ཀྱང་ཁོང་མ་སྨད་གསུམ་གྱི་རང་དོན་དུ་འབྲུ་ཙམ་པོའི་བདེ་སྡུག་འཁུར་ནས་དར་མར་འཕྱར་ནས་བསྐྱོད་ཀྱི་ཡོད་དམ། ཡང་ན་ཁྱེད་རང་ཚུད་པའི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་རེད་དམ། ངས་བསམ་ན་ཁྱེད་ཀྱིས་ང་ཚོས་མ་ཎི་འདོན་འདོན་བྱས་བའི་དབུ་མའི་ལམ་ཞེས་པའི་ཚིག་འབྲུ་འདི་གསུམ་པོ་བསམ་གཞིགས་གཅིག་བྱས་མྱོང་མེད་འདྲ། གལ་སྲིད་ཡོད་པ་ཡིན་ན་སྐད་ཆ་འདི་བརྗོད་ནི་མ་རེད།
གསུམ་པ། “འདི་ནི་ཁོ་སྤྱང་དྲགས་པས་དཀའ་ངལ་ཞིག་གམ།” “ཡང་ན་བླུན་དྲགས་པས་སྐྱོན་ཆ་ཞིག” གླིང་ཚ་མ་སྨད་གསུམ་སྤྱང་དྲགས་པས་མིན་པར་ཁྱེད་དང་ང་འདྲ་བ་དག་ལ་ན་ཟུག་མེད་པའི་གསལ་བརྡ་རེད། ང་དང་ཁྱེད་དྲ་བ་དག་བླུགས་དྲག་ནས་རང་དོན་ཁབ་རྩེ་འདྲ་བོ་བློས་གཏོང་མ་ནུས་བར་ཁ་སྟོང་ནང་གི་ཚིག་སྟོང་བཤད་ནས་ཁོམ་ཡོད་པ་མིན་ནམ། དེ་བས་ང་དང་ཁྱེད་འདྲ་བ་དག་གིས་རང་ཉིད་བོད་མི་ཡིན་མིན་་དོགས་འདྲི་གཅིག་བྱེད་རན་པའི་དུས་ཡིན། དེ་བས་ཁྱེད་ཀྱིས་རང་ཉིད་བོད་མི་རྣམ་དག་གཅིག་ཡིན་མིན་གྱི་དོགས་འདྲི་བྱོས། རང་གི་ནད་རྟགས་ངོ་མ་བོ་མཐོང་བའི་རེ་བ་ཡོད།
བཞི་བ། “གང་ལྟར།” “མྱི་འདིས་རང་གི་བུ་ཕྲུག་དང་རང་གི་ཕ་མ་སོགས་གཉེན་ཉེ།” “འདི་ལྟར་སྡུག་ལ་བསྒྱུར་སོང་ཡ།” “ཤ་ཚ་མོ།” ཁྱེད་ཀྱི་སྐད་ཆ་འདི་ངག་ནས་ཐོན་ཐུབ་པ་དེ་ལ་ངོ་མས་ཤ་ཚ། གླིང་ཚས་མི་རིགས་ཞིག་གི་བདེན་དོན་ཆེད་དུ་ནང་མི་སྡུག་ལ་སྤྱར་བ་བདེན་མོད། ཁྱེད་ཀྱི་རང་གི་ཕ་མ་སྤུན་མཆེད་གཙོ་བའི་གཞིས་ལུས་བོད་མི་ཚོ་མུན་ནག་གི་འོག་ན་འཚོ་བར་ཁ་ཡ་མི་བྱེད་པར། དེ་ལས་ལྡོག་ཏེ་ཁྱེད་ཀྱིས་རང་ཉིད་བརྩི་བའི་བོད་མི་ཡོད་དོ་ཅོག་གི་ཆེད་དུ་ལྷག་བསམ་དང་སྙིང་སྟོབས་ཡོད་མཁན་ཁོང་ལ་འདི་ལྟར་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ།
ལྔ་བ། “ཨ་མ་དེའི་ལོ་རྒས།””བུ་མོ་དེའི་ལོ་ཆུང་།” “ང་ཚོ་ལ་བཀའ་དྲིན་དང་དགོས་མཁོ་ཆེ་བའི་མ་སྨད་གཉིས།” ཨ་མ་ལྡོམ་པོ་སྐྱིད་ལོ་རྒས་ཡོད་པ་དང་། བུ་མོ་ལྷ་མོ་སྐྱིད་ལོ་ཆུང་བ་ཤེས་ནས་སེམས་སུ་ན་ཟུག་གཅིག་མེད་རུང། སེམས་བསམ་པའི་གཏིང་ནས་མི་རིགས་ཀྱི་དོན་དུ་འབད་མཁན་དག་ལ་ཡི་རང་ཞུ་མི་ཐུབ་བམ། ད་དུང་ཁྱེད་ཀྱི་འདི་ལྟར་བརྗོད་འདོད་ཀྱི་ཡོད་པ་འདྲ། ཁྱེད་མ་བུ་གསུམ་གྱི་བཀའ་དྲིན་ལ་ང་རང་ཉལ་སྡོད་ནས་བལྟད་མོ་བལྟ་ས་འདུག་ལ། ཁྱེད་ཅག་གིས་རང་ཉིད་ཀྱི་དགོས་ཁོམ་ཙམ་སྒྲུབ་གྱི་འདུག་ཅེས་བརྗོད་འདོད་ཀྱིན་ཡོད་དམ།
དྲུག་པ། “ད་དུང་རང་ཁ་རང་གསོ་མི་ཐུབ་པའི་བུ་ཕྲུག་དེ་གཉིས།””ཞལ་འདེབས་དེ་དག་ལས་ཕྲུ་གུ་ལ་རོག་སྐྱོར་འདྲ་བཞག་ཡོད་དམ།””བསམ་བློ་བ་ཞིག་བྱེད་ན།་ཨུ་ཚུགས་པ་ཞིག་མིན་ན་དགའ།”
“གྲོགས་པོ།” ཁྱེད་ཀྱིས་ཀྱང་ཁོང་ལ་རང་མགོ་མི་ལྕོག་པའི་ཤ་ལས་མཆེད་པའི་བུ་ཕྲུག་གཉིས་ཡོད་པ་ཤེས་ནས་བློས་གཏོང་འདི་འདྲ་བྱས་པ་དེ་ཉམ་ཆུང་བའི་མི་རིགས་འདིའི་ལས་དབང་ཆེད་རེད་འདུག་བསམ་པ་གཅིག་མེད་ཀྱང་། ཞལ་འདེབས་དེ་དག་ལ་མིག་ཚ་ནས་ཕྲུ་གུ་ལ་བཞག་ཡོད་མེད་དང་། ཁོང་ལ་བསམ་བློ་ཡོད་མེད་དང་ཨུ་ཚགས་ཡོད་མེད་ཀྱི་སྐོར། གཉིད་ལས་སད་མ་སད་ཀྱི་སྐད་ཆའདི་ཁྱེད་ལ་སུས་ཨུ་ཚུགས་བྱས་ནས་བཤད་དུ་བཅུག་སོང་ངམ།
དྲ་གྲོགས་གནམ་ལགས། ཐམས་ཅད་བློས་གཏོང་བྱས་ཟིན་པའི་དཔའ་རྒོད་དེ་ལ་ཁྱེད་རང་གི་སློབ་གསོ་དེ་དགོས་ཀྱིས་མ་རེད། དེ་ཁྱེད་གཅིག་ཀྱང་བློས་གཏོང་མ་ཐུབ་མཁན་ཞིག་གི་བསམ་ཚུལ་རེད། ཕྲུ་གུ་དང་ནང་མི་ལ་རོག་སྐྱོར་སློང་བས་ཆེད་དུ་འཐབ་རྩོད་ཞིག་མ་རེད། ཧ་གོ་དགོས་བ་ཞིག་་ང་ཚོས་ཞལ་འདེབས་དེ་དག་ཁོང་རང་ཚོའི་བློས་གཏོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡིན་མ་གཏོགས་བླ་མ་དང་དགོན་པ་ཡང་ན་ཉམ་ཐག་ལ་རོགས་སྐྱོར་ལ་གནང་རོགས་ཞེས་ཕུལ་བ་མིན། ཅེས་དྲ་གྲོགས་རྣམས་ལ་ཞུ་འདོད་བྱུང་།
བསོད་རྣམས་ཀྱི་མཆན་ལ་རྒྱབ་བསྐྱོར་ཡོད་། ཡིན་ནའང་མེ་ཏོག་དཀར་པོའི་མཆན་ལ་ངོས་ལེན་མེད་། དེའི་རྒྱུ་མཚན་ནི་མི་བུ་སུ་ལའང་རྣམ་དཔྱོད་ཡོད་ན་གསར་གཏོད་ལ་དགག་བྱ་སུ་ཡིས་མི་བྱེད་། གླིང་ཚས་ལས་འགུལ་དེ་ནི་ཁོས་གསར་གཏོད་མ་རེད་ལ་ལྟ་བའང་གསར་བ་མ་རེད་། རྒྱུ་མཚན་ནི་། ཁོའི་ལྟ་བ་ནི་དབུ་མ་ཡིན་ཟེར་བ་དང་། ལས་འགུལ་ནི་བོད་མི་ཚོས་ཐེངས་མང་པོ་སྤེལ་མྱོང་བ་ཞིག་རེད་། གང་ལྟར་ངས་བཤད་འདོད་པ་ནི་ཁོ་བོ་དབུ་མ་ཡིན་ན་དབུ་མའི་ལྟ་བ་དང་འགལ་མི་ཉན་ཞིང་། གལ་སྲིད་དེ་དང་འགལ་ན་ཁ་ནས་བཤད་མིན་ལ་མ་ལྟོས་པར་དོན་ཀྱི་དབུ་མ་མ་རེད་། དུས་ཀྱི་ཆ་ནས་བཤད་ན་རྒྱའི་སྲིད་གཞུང་གིས་སང་ཉིན་དབུ་མ་བའི་འདོད་པ་ཡོངས་རྫོགས་ངོས་ལེན་བྱེད་རྗེས་བོད་མི་ཚོ་སྐར་ལྔའི་དར་དམར་འོག་འདུག་གི་ཡིན་ཟེར་། གལ་སྲིད་རྒྱས་དབུ་མ་བའི་འདོད་པ་ངོས་ལེན་མ་བྱེད་ན་དབུ་མ་བའི་ཁོང་ཚོའི་འདོད་པ་རྒྱའི་སྲིད་གཞུང་གིས་ངོས་ལེན་མ་བྱེད་བར་དུ་རྒྱ་དར་འོག་ནས་མི་འདུག་ཅིང་རྒྱ་དར་ལག་དུ་མི་འཁུར་བ་ནི་ཁོང་ཚོས་འདོར་དུ་མི་རུང་བའི་ལྟ་བ་རེད་།
ལོ་མ་ལྗང་ཁུས་བཤད་པ་ལས་དབུ་མ་པ་ཡིན་ན་དབུ་མའི་ལྟ་བ་ལས་འགལ་མི་ཉན་ཚུལ་འདུག་ལ་དེ་དེ་བཞིན་ནོ་ཞེས་ཟེར་འདོད། གཞན་དུས་ལ་བསམ་ན་སོགས་ཀྱི་བརྗོད་དོན་ཧ་གོ་མ་སོང་། གོང་ཞུས་བཞིན་རང་བཙན་ཐོབ་སླ་ཞིང་སྤྲོད་མཁན་ཡོད་ན་མི་དགོས་ཟེར་མཁན་བོད་པ་རྡོག་པོ་གཅིག་ཀྱང་མེད་ལ། སྐར་ལྔའི་དར་ཆ་ལག་ཏུ་ཐོགས་ནའང་དེར་བཅོས་མིན་གྱི་དུང་ཞེན་ལྡན་པའི་བོད་པ་སྲིད་མཐའ་མ་བཀག་པ་ཙམ་ཡོད་སྲིད་པ་ལས་མེད་པ་ཐག་གཅོད་ནས་བཤད་ཐུབ།
དེས་ན་གླིང་ཚས་འགོ་བཙུག་པའི་རྒྱ་དར་བཟུང་བའི་ལས་འགུལ་རྒྱ་ཁྱབ་ཏུ་འཕེལ་ངེས་པ་ལ་སུས་ཀྱང་འགོག་མི་ཐུབ་ཅིང་། བོད་དར་མེད་པའི་རྒྱ་དར་རྐྱང་པ་འཕྱར་བའི་ལས་འགུལ་འདུག་ན་བལྟས་ངན་དུ་རྩི་རྒྱུ་ཡིན།
གནམ་ལགས་སུ།
གླིང་ཚ་མ་བུ་གསུམ་གྱི་སེམས་ཤུགས་དང་ཆོད་སེམས་དེས་རྒྱ་གར་གྱི་མེས་པོ་དམ་པ་གྷན་ངྷེ་དྲན་བཅུག་སོང་། མི་འདྲ་ས་ནི་གྷན་ངྷིའི་རྗེས་ལ་མི་མང་ཁྲི་ཕྲག་དུ་མ་འཚང་ཀ་ཤིག་ཤིག་བྱེད་ཀྱང་། ཁོང་ཚོའི་རྗེས་ལ་མི་ལྡོག་པོ་གཅིག་མ་དགོས་ད་དུང་ངན་སྨོས་ཀྱི་སྐྱེལ་མ་བྱེད་བཞིན་པ་འདི་རེད། འདི་ནི་རྒྱ་གར་མི་མང་དང་འུ་ཚོའི་བར་ཁྱད་རེད། གོ་བ་ལོན་པར་སྨོན།
ཨོ་ལགས་སོ་མེ་ཏོག་དཀར་པོ་ལགས་། ངས་དུས་ཀྱི་སྒོ་ནས་དབུ་མའི་བསྐོར་བཤད་པ་ཁྱེད་ཀྱིས་ཧ་མི་གོ་གི་ཟེར་ན་ངས་གསལ་བོ་ཞིག་བཤད་། དབུ་མ་བ་ཚོས་དེ་རིང་རྒྱ་དར་ལག་ཏུ་མི་འཛིན་ལ་དེའི་འོག་ནས་དེ་བས་ཀྱང་མི་འདུག་ཟེར་། དེའི་རྒྱུ་མཚན་ནི་གོང་ཁྲན་སྲིད་གཞུང་གིས་ཁོང་ཚོའི་འདོད་པ་ཐ་དག་ལ་ངོས་ལེན་བྱེད་པ་ཕར་བཞག དེ་ལས་ལྡོག་ཏེ་ཚུར་མ་ཉེས་ཁ་གཡོག་འདྲ་མིན་བཤད་་ཀྱི་འདུག་ཟེར་།
གང་ལྟར་སང་ཉིན་གོང་ཁྲན་གྱི་ཆབ་སྲིད་པ་ཚོས་དབུ་མའི་ལམ་དེ་རྒྱ་བོད་གཉིས་ལ་ཕན་པ་ཧ་མི་གོ་ཁུལ་མ་བྱེད་པར་ཚུར་ངོས་ལེན་བྱེད་དུས་། དབུ་མ་བ་ཚོ་གཙོ་བྱས་བའི་བོད་མི་རྣམས་གོང་ཁྲན་གྱི་དར་ཆ་དམར་ལྷེམ་ལྷེམ་པོ་དེའི་འོག་ནས་འདུག་པ་མ་ཟད་། རྒྱ་རྒན་ཚོ་དང་གཉམ་དུ་འཆམ་པོ་དང་མཐུན་པོའི་སྤྱི་ཚོགས་ཤིག་བྱས་ནས་འདུག་གི་ཡིན་ཟེར་།
དེ་ནི་དབུ་མ་ཚོའི་མཐར་ཐུག་གི་འདོད་པ་རེད་ལ་ཁོང་ཚོའི་ལངས་ཕྱོགས་སམ་ལྟ་བ་རེད་།
ལོ་ལྗང་གི་གསལ་བཤད་ལ་ལེགས་སོ་ཞུ། ཁྱེད་ཟེར་ན་རྒྱ་དར་བཟུང་བའི་ལས་འགུལ་འདི་དབུ་མའི་ལམ་གྱི་ལྟ་གྲུབ་དང་ཡང་འགལ་གི་འདུག་ཟེར་བ་ཡིན་བཟོ་འདུག
དེ་རེད་དམ།
ངས་ད་དུང་གསལ་བཤད་ཞུ་རྒྱུར། ཉིད་བསམ་བློ་རྣལ་དུ་ཕབས་ནས་སོམས་དང་། རྒྱ་དར་དང་བོད་དར་མཐོ་དམན་མེད་པར་འདྲ་མཉམ་གྱི་གོ་ས་རགས་ན་ཉིད་དགའ་ས་རེད་དང་མ་རེད། བོད་པ་བོད་ཞེན་ཅན་འགས་རྒྱ་ནག་གཞུང་ཚབ་ཁང་ཞིག་ནས་རྒྱ་དར་ཕབ་སྟེ་བོད་དར་འཕྱར་སོང་ང་། གཅིག་བྱས་ན་བོད་དེ་རྒྱ་ནག་ལས་ལོགས་སུ་གྱུར་པ་ཕར་ཞོག་རྒྱ་ནག་དེ་བོད་ཀྱི་མངའ་འོག་ཏུ་བཅུག་རྒྱུའི་འཆར་གཞི་ཡོད་པ་འདྲ་པོ་མི་འདུག་གམ། རྒྱ་བོད་མཉམ་གནས་དང་འདྲ་མཉམ་དེ་ཡག་ཤོས་རེད།
རེད་རེད་ཁྱེད་ཀྱིས་ངའི་མཆན་ཞིབ་ཏུ་བཀླགས་ཡོད་ན་དེ་རིང་རྒྱ་དར་ལག་ཏུ་བཟུང་བའི་ལས་འགུལ་དེ་དབུ་མའི་ལྟ་བ་དང་འགལ་མིན་བཤད་ཚར་ཡོད་། གཅིག་བྱས་ན་དམ་པའི་ལྷ་ཆོས་ལ་དབུ་མ་དང་དབུ་མ་ཙམ་པོ་ཡོད་པ་བཞིན་འུ་ཚང་གི་བྱེས་འབྱོར་བོད་མའི་དབུ་མའི་ཆབ་སྲིད་པའི་ནང་ན་དབུ་མ་དང་དབུ་མ་ཙམ་པོ་ཡོད་ན་ངས་དེ་རིང་རྒྱ་དར་ལག་ཏུ་བཟུང་བའི་མི་བུ་ལ་དབུ་མ་མ་རེད་ཟེར་མི་ཤེས་། གང་ལྟར་དབུ་མ་བ་ཡིན་ཟེར་ནི་ཚོས་དབུ་མའི་ལམ་ལ་སློབ་སྦྱོང་ཡག་པོ་ཞིག་བྱ་བའི་རེད་བ་ཡོད་།
གླིང་ཚ་ལགས།
ད་དུང་།
དགེ་སྐྱོན་གྱི་དབྱེ་བ་སྡུར་ལམ་ནས།
རྒྱལ་ཁབ་ཀྱི་ལངས་ཕྱོགས་འགྱུར་ཐུབ་ན།
ཁྱེད་ཀྱི་མ་སྲིང་གཉིས་ཀྱི་ཆོད་སེམས་ལ་འགྱུར་བ་འདྲ་ཡོད་ན་ཅི་རུང་།
བུ་མོ་ཆུང་ཆུང་གི་སེམས་ཤུགས་ལ་དཔགས་ན།
བོད་ཀྱི་སྐྱེ་མ་སྤྱིར་བཏང་བ་ཞིག་མིན་པར་འདོད།
སྲིང་མོ་འདི་འབུམ་བརྒྱད་ཀྱིས་སྐྱེལ་མ་བྱེད་མ་ཐུབ་ན།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སློབ་རར་འགྲིམ་ཐུབ་ན།
ཉིན་ཞིག་གི་ཉི་མར།
སེང་གེ་དཔོན་ས་འཛིན་མི་ཐུབ་པའི་དངོས་བ་མེད།
མ་གཞི
གྲོགས་པོ་ཁྱོ
བཟུང་ཚར་བའི་དུས།
བོར་ཚར་བའི་དུས།
བསད་ཚར་བའི་དུས།
ཁྱོ་མ་རྒྱལ་བའི་དུས།
རྒྱལ་ཁ་མ་ཐོབ་པའི་དུས།
ང་མ་སྐྱིད་པའི་དུས།
དུས་ནམ་ཞིག་ལ།
ཁྱོའི་རྒྱབ་ན།
ཤ་ཚ་ནིའི་མྱི་ཞིག
ཀི་ཐོབས་ནིའི་ཡུལ་ཞིག་ཡོད་ན་བཟང་ཡ།
དེ་ན།
སྲིང་མོ་སྨིན་པའི་དུས་རེད།
ལང་ཚོ་བཙོན་ལ་མ་སྐྱོལ།
ཨ་མ་རྒ་བའི་དུས་རེད།
ཚེ་མཇུག་བཙོན་དུ་མ་སྟེར།
ཁྱེད་རང་དར་བའི་དུས་རེད།
མི་རིགས་འདི་ཡི་ཆེད་དུ།
མདའ་དང་མདོང་གི་རྩེ་ནས།
དཔའ་རྩལ་ངོམ་ལ་འདོད་ན།
མི་ནག་དོང་གི་ཁྲོན་ནས།
བདེན་པ་འཚོལ་ལ་འདོད་ན།
ཉིད་ཀྱི་འདོད་དོན་འགྲུབ་སྨོན།
མ་སྨད་གཉིས་ཀྱི་དོན་ལ།
མཐེབ་རྒན་གནམ་ལ་བསྟན་པའི།
ཞུ་བར་ངོ་སྐལ་སྟེར་རོགས།
ལྟ་བ་ཁ་ཁར་ཡོད་ཀྱང་།
བོད་ཞེན་ཁྱོ་ཞེན་ཕྱོགས་སུ།
ནམ་ཡང་ཕྱི་ནུར་མ་བྱས།
གནམ་གྱིས་རིག་ནོ་ས་རེད།
ས་ལ་སྒང་གཤོང་མང་གི
གནམ་གྱིས་སྲུང་རྒྱུ་ཆ་བོ།
གནམ་ལ་བཀའ་བཀྱོན་མ་གནང་།