ཟླ་བ་གཞོན་ནུ
མཁས་དབང་པད་མ་འབུམ་གྱིས་ལ་རྩེའི་དུས་དེབ་དུ་ལ་རྩེའི་སྐོར་ལ་རང་གི་རིགས་པ་བཏང་སྟེ་དེའི་དག་ཆ་ལ་རྩེ་ཡིན་པར་གསུངས་ཡོད་ཀྱང་། ང་རང་ཡང་འདི་ལ་མི་འཐད་དེ། འདིའི་སྐོར་ལ་ང་ལའང་རྨོངས་འཆར་ཞིག་བཤད་རྒྱུ་ཡོད་པ་གཤམ་གསལ་ལྟར ཁོང་གིས་ལ་རྩེ་དེ་རིའི་རྩེ་མོར་སྟོད་ཀྱིན་ཡོད་ཚུལ་དང་ལ་རྩེའི་དག་ཆ་ལ་རྩེ་ཡིན་དགོས་ཚུལ་གསུངས་པ་དག་ནི་ང་རང་གིས་ཕ་ཡུལ་དུ་དངོས་སུ་མཐོང་བའི་ལ་རྩེ་དང་མི་འདྲ་བས་ཏེ། དགུ་རོང་མཐིལ་རྒྱུད་ནས་འགྲོ་དུས་ཀྱང་ལ་སྟེང་ཞིག་ཏུ་ལ་བཙེ་ཁ་ཤས་གོང་འོག་བང་བསྒྲིགས་ནས་བསྟད་ཡོད་པ་དང་། ད་དུང་ས་ཆ་གཞན་དག་སོགས་སུ་ཉག་ག་ཕ་ཕྱོགས་ཚུ་ཕྱོགས་སུ་བསྟད་ཡོད་པ་སོགས་ཀྱང་གང་མང་མཐོང་རྒྱུ་ཡོད་ པས་ལ་བཙེ་རིའི་རྩེ་མོར་སྟོད་པར་བཤད་ན་ཅུང་དངོས་ཡོད་དང་མི་མཐུན་པར་སྙམ།
ད་དུང་ངས་བསམ་ན། ང་ཚོས་ད་ལྟ་ལ་རྩེ་ཞེས་འབྲི་བཞིན་པ་འདིའི་དག་ཆ་ལབ་ཙེའམ་ལ་བཙེ་འདི་གཉིས་ཀྱི་གཅིག་ཡིན་ངེས་པར་འདོད་པ་སྟེ། ང་ཚོའི་ཁ་ནས་སྨྲ་དུས་ལབ་ཙེ་འདྲ་བོ་ཞིག་ཀློག་གིན་ཡོད་པ་ཕལ་ཆེར་ཚང་མ་བཞེད་པ་མཐུན་པར་འདོད། དེ་ལ་ ལབ་ཙེ་ཞེས་འབྲི་ད
གོས་དོན་ནི་ང་ཚོས་ཀློག་དུས་ལབ་ཞེས་ཁ་བཙུམ་དགོས་ཁེལ་གྱིན་ཡོད་པས་མི་མང་བོས་ལབ་ཡིན་པར་སྙམ་ནས་ལབ་ཅེས་འབྲི་བཞིན་ཡོད་མོད། ངས་ནི་ལ་བཙེ་ཡིན་པར་འདོད་དེ དམངས་ཁྲོད་ཀྱི་ཀློག་སྟངས་ལས་ལ་རྩེ་ཞེས་མི་ཀློག་པ་ནི་ཚིག་ཐག་བཅད་ནས་བཤད་ཆོག་པར་འདོད་དོ༎ དེའི་རྒྱུ་མཚན་ནི་ལ་བཙེ་ཞེས་བརྗོད་དུས་ཡིག་འབྲུ་གཉིས་ཀྱི་བར་གླགས་དེར་ཁ་བཙུམ་གྱིན་ཡོད་པས་ཡིན། དེ་བས་མང་ཆེ་བས་ཡིག་འབྲུ་དེ་གཉིས་ཀློག་དུས་ལབ་ཙེའམ་ལ་བཙེ་ཞེས་ཁ་བཙུམ་དགོས་པའི་བྱེད་ལས་ཅན་གྱི་བ་ཡིག་དེ་ལའི་རྗེས་འཇུག་གམ་ཙའི་སྔོན་འཇུག་གང་ཡིན་མ་ངེས་པས་འབྲི་དུས་ལབ་ཙེའམ་ལ་བཙེ་ཞེས་འབྲི་གིན་ཡོད་མོད་རྒྱུ་མཚན་དངོས་གནས་པ་དེ་ད་དུང་རྟོགས་ཀྱིན་མེད། དེ་གཉིས་ལས་གོང་མ་ལབ་ཙེ་ཞེས་པར་མི་ཁ་ཤས་ཀྱིས་དོགས་སློང་བྱས་ཡོད་ཀྱང་། མི་གཅིག་གིས་ཀྱང་ལ་བཙེ་རེད་ཅེས་བཤད་པ་ཕར་བཞག་རིགས་པ་དང་བཅས་ཏེ་དོགས་པ་སློང་མཁན་ཞིག་ཀྱང་ང་རང་ལྟ་རྒྱ་ཆུང་བ་མིན་ན་ད་རག་པར་དུ་མཐོང་མ་སོང་།
ངས་ལ་རྩེའི་དག་ཆ་ལ་བཙེ་ཡིན་དགོས་པར་འདོད་དགོས་དོན་ནི་ལབ་ཙེ་ཞེས་བྲིས་པ་ཡིན་ན་ལབ་ལ་འགྲེལ་བཤད་ཅིག་དང་ཙེ་ལའང་ཞིག་རྒྱག་དགོས་ཀྱིན་ཡོད་ཀྱང་འགྲེལ་བཤད་དོན་མཐུན་རྒྱག་མཁན་ཞིག་དཀོན་ཚོད་དུ་སྣང་ལ་འགྲེལ་ཆགས་པའི་ཚོད་དུའང་མི་འདུག་པ་དང་གཅིག དམངས་ཁྲོད་ནས་ཀློག་དུས་ལབ་ཙེའམ་ལ་བཙེ་ཞེས་ཁ་བཙུམ་ནས་ཀློག་པ་དང་གཉིས་ཀྱིས་ལ་རྩེ་ཞེས་པ་ལ་རྩེ་མ་ཡིན་པར་ལབ་ཙེའམ་ལ་བཙེ་ཡིན་པར་འདོད་དོ༎
དེར་མ་ཟད། ངའི་འདོད་པ་ལྟར་ན་ལབ་ཙེ་དང་ལ་བཙེ་གཉིས་ལས་ཀྱང་ལ་བཙེ་ལ་བདེན་ཤེད་ཆེ་བར་འདོད་པ་སྟེ། གལ་ཏེ་ལ་བཙེ་ཞེས་པ་སྔོན་འཇུག་གི་ཟུར་ཐོན་པར་བཀླགས་ན་ཡིག་འབྲུ་རྗེས་མའི་སྔོན་འཇུག་དེ་ཡིག་འབྲུ་སྔོན་མའི་རྗེས་འཇུག་ནང་བཞིན་ཀློག་པ་ལྟ་བུའི་སྒྲ་གདངས་ཤིག་རྣ་ལམ་དུ་འོངས་པ་ཡིན། དཔེ་འདི་ལྟ་བུ་ནི་ཤིན་ཏུ་མང་བ་སྟེ། ཨ་མདོ་ལ་ཨམ་མདོ་ལྟ་བུར་དང་ན་བཟའ་ལ་ནབ་བཟའ། རྒྱ་མཚོ་ལ་རྒྱམ་མཚོ་ལྟ་བུར་ཀློག་སྟངས་མ་ཉམས་ཡོད་པ་དང་འདྲ་བར་འདོད་དོ༎
དེ་བས་གོང་གི་དཔེ་བརྗོད་འདི་ལྟ་བུར་མཉམ་བཞག་མྱོང་མཁན་ཞིག་ཡིན་ན་ ལ་རྩེ་ཟེར་གྱིན་ཡོད་པར་ལ་བཙེ་ཡིན་ཚུལ་བརྗོད་ཀྱང་གནས་ལུགས་ཤིག་རྟོགས་རྒྱུ་ཡོད་པ་ཤེས་སྲིད། འདི་ནི་ང་རང་ཉིད་ཀྱི་བསམ་བློའི་ཞུན་བརྡར་ཡིན་པས་ཀློག་མཁན་གྱིས་འཚེར་སྣང་ཅི་ཡང་མེད་པར་མཛུབ་སྟོན་ཡོད་པར་མཁྱེན་མཁྱེན༎ 2009།6།20རྡ་སར།
གནས་ལུགས་འདུག རྒྱུ་མཚན་འདུག
ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱིས་ལབ་ཙེ་ཞེས་བྲིས་པ་ཡིན་ན་ལབ་དང་ཙེ་སོ་སོར་འགྲེལ་བཤད་ཅིག་དགོས་ཀྱང་དེ་མི་འདུག་ཟེར་སྟངས་ལ་བལྟས་ན། ཁྱེད་ཀྱི་རང་ལུགས་ལ་བཙེ་ཞེས་པའི་ལ་དང་བཙེ་སོ་སོར་ཡང་འགྲེལ་བཤད་ཅིག་དགོས་ཀྱི་འདུག་ནའང་འགྲེལ་བཤད་བསྐྱོན་མི་འདུག་པས་དེ་ཅིག་བསྐྱོན་རོགས་ཞུ།
འོན་ཀྱང་ངས་ལབ་ཙེ་དང་ལ་བཙེ་གཉིས་ཀ་འདོད་ཀྱི་མེད། ངའི་འདོད་པ་ནི་ལ་བཙས་ཞེས་པ་འདི་འཐད་པར་འདོད་པ་ཡིན། འདིའི་སྐོར་ངས་ཁ་སང་པདྨ་འབུམ་གྱི་སྒོ་འབྱེད་གསུང་བཤད་ཀྱི་མཆན་དུ་བྲིས་ཡོད་པས་མཁྱེན་འདོད་ཡོད་ཚེ་དེར་གཟིགས་པས་འཐུས་ཀྱང་གཟིགས་བདེའི་ཆེད་འདིར་བསྐྱར་འགོད་བྱས་ཡོད་པ་གཤམ་གསལ་ལྟར།
༵ྂ༅། ངས་བལྟས་ན་འདིའི་དག་ཆ་མ་ནོར་བ་ནི་ལ་བཙས་ཞེས་པ་འདི་རེད།
རྒྱུ་མཚན་ནི། དང་པོ་ཚིག་འདིའི་སྒྲ་གདངས་ཀྱི་ཆ་ནས། ད་ལྟའི་ཨ་མདོའི་འབྲོག་སྐད་ལ་ལ་བཙས་ཞེས་པའི་ཚིག་འདི་ག་རང་ཐོན་བཞིན་པ་མངོན་སུམ་མྱོང་གྲུབ་རེད། དེའང་བཙས་ཀྱི་སྔོན་འཇུག་གི་སྒྲ་དག་པར་ཀློག་པའི་དབང་གིས་སྔོན་འཇུག་བ་དེ་སྔ་མའི་རྗེས་འཇུག་གི་ཚུལ་དུ་གྱུར་ཏེ་ལབ་ཙས་ཞེས་བརྗོད་པ་ལྟ་བུར་གོ་བ་ནི། ཁ་མཆུ་ལ་ཁམ་ཆུ་དང། ན་བཟའ་ལ་ནབ་ཟ་ཞེས་བརྗོད་པར་གོ་བ་དང་གཅིག་མཚུངས་ཏེ། དོན་དངོས་སུ་ཁམ་ཆུ་དང་ནབ་ཟ་ཞེས་རྗོད་ཀྱི་ཡོད་པ་ཞིག་མིན་པར་ཁ་མཆུ་སོགས་སུ་རྗོད་ཅིང་འབྲི་བ་ཡིན་ལ། ཕྱི་མའི་སྔོན་འཇུག་སྔ་མའི་རྗེས་འཇུག་གི་ཚུལ་དུ་ཐོན་པ་འདི་རིགས་ནི་ཨ་མདོའི་འབྲོག་སྐད་ལ་སྔོན་རྗེས་ཀྱི་སྒྲ་ཟུར་ཕྱིན་པར་འབྱུང་བའི་ཁྱད་ཆོས་ཤིག་ཡིན། དེས་ན་ལབ་ཙེ་དང་། ལབ་རྩེ། ལབ་བཙས་སོགས་སུ་བྲིས་པ་ནི་ལ་བཙས་ཀྱི་སྒྲ་ལ་འཁྲུལ་བ་སྟེ། ཁ་མཆུ་ལ་ཁམ་ཆུ་ཞེས་ནོར་བར་བྲིས་པ་དང་འདྲ།
གཉིས་པ་འདིའི་གོ་དོན་གྱི་ཆ་ནས་བཤད་ན། བོད་རྒྱ་ཚིག་མཛོད་ཆེན་མོར་ཚིག་འདིའི་དོན་ནི་ལ་རྩེའི་བརྩེགས་ཐོ་དར་ལྕོག་ཅན་ཞེས་འཁོད་འདུག་པ་དང། ཡང་འདི་ལ་གོ་བ་གཞན་ཞིག་སྟེ། ལ་ཡི་ཤོ་ཁྲལ་ལ་གོ་བའི་སྟེང་ནས་བལྟས་ནའང་གོ་བ་ཞིག་ཡོད་བཟོ་འདུག་སྟེ། ཆུ་བརྒལ་ནས་འགྲོ་སྐབས་གྲུ་གླའམ་གྲུ་བཙས་དགོས་པ་ལྟར་ལ་བརྒལ་ནས་འགྲོ་སྐབས་ལ་ཁྲལ་ལམ་ལ་བཙས་དགོས་པས། གནའ་སྔ་མོ་ཁྲལ་དེ་རིགས་ལེན་མཁན་གྱི་ཤོ་གམ་པ་ནི་དམག་མི་ཡིན་པ་བཤད་མ་དགོས་པར་བརྟེན། དམག་མི་ཚོས་རང་ལ་དགོས་པའི་མཚོན་ཆའི་རིགས་གླ་ཁྲལ་དུ་བླངས་ཏེ་སྤུང་གསོག་བྱས་པ་དེ་ལ་བཙས་ཏེ་ལ་ཁྲལ་རང་ཡིན་པ་ཕྱིས་སུ་རིམ་པས་ལ་ཐོའམ་ལ་ཁའི་ས་རྟགས་ལྟ་བུར་འགྱུར་བར་མ་ཟད། དེ་ལ་ཡུལ་ལྷ་གཞི་བདག་གི་གནས་བཅས་ཏེ་བསྟོད་སྲོལ་དར་བ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད་སྙམ། དེ་ཡིན་ན་ད་ལྟའི་ལ་བཙས་འདིའི་མིང་དོན་གཉིས་ཀའི་འབྱུང་ཁུངས་ནི་སྔོན་གྱི་ལ་བཙས་ཏེ་ལ་ཁྲལ་ཡིན་པར་འགྱུར། གཞན་ལ་རྩེ་དང་ལ་རྫས་སོགས་ནི་སྒྲ་དོན་གཉིས་ཆ་ནས་འདིར་འབྲེལ་བ་མེད་པར་འདོད།
ལ་བཙས་ནི་རྣ་བར་བྱང་བའི་མིང་ཚིག་ཅིག་རེད་ལ་དེ་ནི་ལ་ཁའི་རྡོ་ཕུང་དེའི་མིང་རེད། མདོ་ཁམས་ཕྱོགས་ཀྱི་བོད་མི་རྒན་གཞོན་ཀུན་གྱིས་མིང་དེ་ག་རང་འབོད་བཞིན་པ་རེད། རང་གི་བསམ་ཚུལ་ནི་བོད་མི་རྣམས་ཀྱིས་ནམ་རྒྱུན་ཁ་ལ་བྱང་བའི་ལ་གཙས་ཞེས་པ་འདི་ཉིད་དག་པ་འདོད་ལ་གོ་དོན་ནི་རྐང་རྗེས་པས་གསུང་པ་བཞིན་ལ་ཁྲལ་ལྟར་བུ་གོ་ན་ཅིས་ཀྱང་འབྱོར་འདུག་བསམ། གཙས་ནི་ཁྲལ་གྱི་བརྡ་རྙིང་ཡིན་པས་གནའ་དུས་སུ་དེང་སྐབས་ལྟར་བུ་གྲོང་དང་འབབ་ཚུགས་རྒྱ་ཆེན་པོ་མེད་པས་ལ་ཁ་དང་ཆུ་ཁ་ནས་བཙས་སམ་ཁྲལ་བསྡུ་བའི་སྲོལ་ཡོད་ནས་རིམ་གྱིས་བྱ་བའི་ཆ་ཤས་གནས་ཡུལ་ཐོགས་སམ་སྙམ།
ལབ་ཙེ་ཞེས་པ་ཡིག་ཐོག་ཏུ་བྲིས་པ་མཐོང་མྱོང་འདི་གཉིས་ལ་འགྲེལ་བཤད་རེ་རེ་ནས་མེད་པས་མ་དག་པ་རེད་ཟེར། འོན་ཀྱང་གསས་མཁར་གྱི་གསས་ལྟར་བུ་གདོད་མའི་མིང་རྙིང་པ་ཞིག་ཡིན་མི་སྲིད་པ་མིན་པས་ཞིབ་འཇུག་གནས་རོགས།
ལ་རྩེ་ཞེས་པ་འབྲི་མཁན་ནི་མཁས་དབང་པདྨ་འབུམ་རེད། མཁས་དབང་རེད། འོན་ཀྱང་དེ་ནི་མ་དག་པ་རེད། ལ་དང་རྩེ་གཉིས་གོ་དོན་ལོགས་ཀ་རེད། ལ་ནི་ཉག་ཁ་དང་ཧེ་སྟོང་རི་བོ་གཉིས་ཀྱི་བར་གཤོང་འགྲིམ་འགྲུལ་རྒྱུ་བདེ་བའི་ལམ་ཞིག་རེད། རྩེ་ནི་དེ་ལས་ལྡོག་སྟེ་གྲི་རྩེ་འབུགས་རྩེ་དང་མཚུངས་པའི་རི་བའི་རྩེ་མོ་སོགས་ལ་གོ་དགོས་པ་རེད་ལ་དེ་གཉིས་རྦད་དེ་ཐ་དད་རེད། གཞི་གཅིག་ཏུ་སྦྱར་དཀའ་བ་ཞིག་རེད།
ངས་ལ་རྩེ་དང་ལབ་རྩེ། ལ་བཙས་སོགས་ཀྱི་སྐོར་མང་པོ་ཞིག་ཤེས་ཀྱི་མེད། འོན་ཀྱང་ཟླ་བ་གཞོན་ནུའི་འགྲེལ་བཤད་དེ་ཉན་ན་སྣང་བ་འགྲོ་བ་ཞིག་མ་གཏོགས་དོན་དངོས་དང་མཐུན་པ་ཞིག་མ་རེད་བསམ་གྱི་འདུག
རྒྱུ་མཚན། ལ་རྩེ་དང་ལབ་བཙས་ཡོད་ས་མང་ཆེ་བ་ས་གནས་ས་ཐོག་གི་ཡུལ་ལྷ་གཞི་བདག་གནས་པར་འདོད་པའི་རི་ཆུང་དེ་ཚོའི་ཉག་ཁར་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་པས། ས་ཆ་ཁུག་ཀྱོག་དེ་འདྲ་ཞིག་ནས་ཁྲལ་བསྡུ་གི་ལབ་ནས་གད་མོ་ཤོར་བའི་གཏམ་དུ་ཟད། ད་ལྟའི་བར་འགྲེལ་བཤད་རྒྱབ་པ་ཁག་ནས་དེ་ནི་མཁས་དབང་པད་མ་ཌྷའབུམ་གྱི་འགྲེལ་བཤད་དེ་རྒྱུ་མཚན་ཡོད་པར་མཐོང་།
འདིའི་སྐོར་ལ་འགྲེལ་བཤད་རྒྱག་མཁན་མཁས་དབང་གཅིག་པོ་ཡིན་མི་དགོས་པར་ས་གནས་ས་ཐོག་གི་མི་རྒན་པ་དེ་ཚོར་སྐད་ཆ་དྲིས་པ་ཡིན་ན་གནས་ལུགས་མཐུན་པའི་འགྲེལ་བཤད་ཅིག་ང་ཚོས་རྙེད་སྲིད།
པད་མ་འབུམ་གྱིས་ལ་གཞས་ལ་འགྲེལ་བཤད་བསྐྱོན་པ་དེ་
ལ་བཙས་དང་ལ་ཙེ་ཡི་ས྄ྐོར་ལ་མང་པོ་ཤོད་ར྄ྒ྄ྱུ་ཡོད་ཀ྄ྱང་ག་ལེར་བཤད་ཆོག
སྤྱིར་བཤད་ན། རྩོམ་ཡིག་འདི་ངས་གཅན་བཟོད་རྒྱམ་ལགས་ཀྱི་རྩོམ་དེའི་མཆན་དུ་འབྲི་བསམ་ཡང་། རྗེས་ལ་ཟུར་ལ་བཀོད་པ་ཡིན།
ངས་དེ་མ་བྲིས་སྔོན་ལ་དཔྱད་གཞིའི་ཡིག་ཆ་དང་ཡིག་རྙིང་ཁག་ཀློག་རྒྱུ་མ་བྱུང་ཡང་། རང་ཉིད་ལ་སྔོན་མ་ནས་ལ་རྩེ་ཞེས་པ་དེ་མཐོང་དུས་ནས་མི་བདེ་བ་ཞིག་བྱུང་མྱོང་བ་མ་ཟད། དེའི་སྐོར་ལ་རང་སྟོབས་ཀྱིས་བསམ་གཞིག་སྣ་ཚོགས་བྱས་མྱོང་།
ད་ལྟ་བསམ་བློ་བཏང་ཡང་ལ་རྩེ་ཞེས་པ་དེ་ཡིན་རྒྱུ་མ་རེད་འདོད་ལ། དེ་མིན་པ་ཕལ་ཆེར་ཐག་བཅད་ནས་བཤད་ཆོག་སྙམ།
རྐང་རྗེན་པ་ལགས་ནས་གསུངས་པའི་ཚོད་དཔག་དེ་བདེན་ཤས་ཆེ་མོད། དེ་ཡང་བརྟག་གཞིར་ལུས་འདུག
ད་དུང་ང་ཚོའི་ཁ་སྐད་དུའང་རྙེད་བཙའ་ཟེར་བ་ཞིག་ཀྱང་ཡོད་པ་རེད། བཙའ་ནི་དངོས་པོ་སོགས་རྙེད་པར་སྤྲོད་རྒྱུའི་རིན་དེ་ལ་ཟེར་བ་ལྟར་རེད།
གྲུ་བཙས་ཟེར་བ་ཞིག་དག་ཡིག་གསར་བསྒྲིགས་ལས་ནམ་ཞིག་ལ་མཐོང་མྱོང་བ་དྲན་གྱིན་འདུག་ལ། ད་ཐེངས་བྲེལ་བ་ཆེ་བས།
ཁོམ་དུས་ལྷོད་པོར་གླེང་ཆོག
གོང་གི་ཁོང་རྣམ་པ་ནས་གསེར་ལས་རིན་ཆེ་བའི་བསམ་ཚུལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ལ་རྩེ་ཡིན་དང་ལ་བཙས་ཡིན་རྩོད་དགོས་དོན་མི་འདུག གང་ལྟར་གོ་བརྡ་འཕྲོད་སོང་ན་འགྲིག་པ་རེད། བོད་པའི་ཤེས་ཡོན་ཡོད་ཟེར་མཁན་ཚོས་མི་མང་ལམ་སྟོན་གསར་པ་གང་ཡང་མེད། ཐ་སྙད་རྙིང་པ་རེ་བརྩད་ནས་སྡོད་པ་འདི་དངོས་གནས་བློ་ཕམ་དགོས་པ་ཞིག་རེད།
ཐ་སྙད་རྙིང་བ་བརྩད་ནས་མི་དམངས་ལ་ཡིག་ནོར་མི་འབྲི་བའི་ལམ་སྟོན་བྱས་ཆོག
མ་རེད་དམ།
གང་ལྟར།
དྲ་གྲོགས་ལགས་ཕེབས་པར་དགའ་བསུ་ཞུ།
མཁས་དབང་པད་མ་འབུམ་ལ་སྨད་པ་བྱས་མི་ཆོག
བློ་བཟང་ལགས་ལ། མཁས་དབང་པད་མ་འབུམ་གྱིས་ལ་གཞས་འགྲེལ་བཤད་བསྐྱོན་པ་དེ་ག་རེ་བྱས་སོང༌།
གང་ལྟར།
སུས་ཀྱང་། མཁས་དབང་པད་མ་འབུམ་ལ་སྨད་པ་བྱས་མི་ཆོག
བློ་བཟང་ལགས།
པད་མ་འབུམ་གྱིས་ལ་གཞས་ལ་འགྲེལ་བཤད་བསྐྱོན་ཚུལ་དེ་འདིར་འགོད་རོགས།
གཡུ་མཚོ་ལགས་ཕེབས་པར་དགའ་བསུ་ཞུ
ཨོ་གཡུ་མཚོ་ལགས་ནས་གསུངས་པ་ལྟར། བློ་བཟང་ལགས་ནས་ལ་གཞས་ལ་འགྲེལ་ཇི་ལྟར་བརྒྱབས་ཡོད་ཚུལ་འདིར་བཀོད་ན་ཅི་འདྲ་འདུག
།
གཡུ་མཚོ་ལགས་ཀྱིས་གསུངས་པ་ལྟར། བློ་བཟང་ལགས་ཀྱིས་ལ་གཞས་ལ་འགྲེལ་ཇི་ལྟར་བརྒྱབས་ཡོད་ཚུལ་འདིར་བཀོད་གནང་ན་ག་འདྲ་འདུག
དྲ་གྲོགས་བློ་བཟང་ལགས་ད་དུང་མི་ཕེབས་པ་ཅི་ཡིན་ནམ།
བཤད་རྒྱུ་ཅང་མེད་སོང་བ་རེད་དམ།
ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན།།
ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་གཡུགས་བྱས་པ་ནི།།
ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ངེས་པར་མ་མཐོང་མ་ཡིན་མང་བོ་རུ།།
མུ་ཏིག་བརྒྱུས་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་གྱུར།།
གཡུ་མཚོ་ལགས། བློ་བཟང་ལགས་ཁྱོད་ལ་འཚེར་གྱིན་ཡོད་ས་རེད། ཡང་ན་ཁོང་གིས་མ་མཐོང་བ་ཡིན་ནམ།
ལ་གཞས་ལ་འགྲེལ་བཤད་ཇི་ལྟར་རྒྱབ་ཡོད་པར་ངར་ཡང་ཤེས་འདོད་ཆེན་པོ་འདུག
དྲ་གྲོགས་ཡོངས་ལ་བཤད་རྒྱུ་ཞིག་ལ། ངས་ཕ་ཡུལ་ནས་བཏོན་པའི་དམངས་སྲོལ་སྐོར་གྱི་དེབ་ཅིག་ཏུ་ལ་རྩེ་ལ་ལབ་ཙེ་ཞེས་བྲིས་ཡོད་པ་མཐོང་མོད། དེ་འབྲི་མཁན་ནི་དེང་དུས་ཀྱི་སློབ་གྲ་བ་དེ་འདྲ་རེད་འདུག་པས། བདག་གིས་ད་དུང་དེའི་སྐོར་གྱི་རྒྱུ་ཆ་འཚོལ་བར་གཞོལ་གྱིན་ཡོད།