གངས་ཉི་གཞོན།
སྙིང་དང་འདྲ་བའི་རྒྱང་རིང་བ།།
སྙིང་གཏམ་ཅུང་ཞིག་ཁྱོད་ལ་སྐུར།།
སྙིང་ནས་སོམས་དང་སྙིང་རྗེ་བོ།།
སྙིང་བོ་རེ་ཙམ་མཆིས་ཀྱང་སྲིད།།
ཕ་མའི་ཞལ་མཇལ་ཐ་མ་དེ་ལ་བརྗོད་དུ་མེད་པའི་ཚོར་བ་ཡོད།།
གྲོགས་ལ་གྱེས་ཁའི་ཕྱི་མིག་དེ་ཡང་སེམས་ལ་གཟན་པའི་ན་ཟུག་ཉིད།།
འོན་ཀྱང་རང་གི་འདུན་མ་མཁྲེགས་པོ་བཙན་གྱིས་གཉོར་བའི་གོ་རིམ་ཁྲོད།།
ས་འཛིན་རི་ཡི་མུ་ཁྱུད་རིང་མོ་འཕྲེད་ཀྱིས་བཅད་དེ་རྒྱང་ལ་ཆས།།
གླིང་ཆེན་སྨྱོན་པའི་སྣ་ལ་ཐོགས་པའི་མཚོན་སྣོན་གྱིས།།
གཅེས་པའི་ལུས་དེ་ཚལ་བར་གཤགས་ནུས་གཞན་དུ་མིན།།
མི་བསྲུན་གྲོགས་འདིས་སེམས་ཀྱི་ཕུན་ཚོགས་རབ་འཇོམས་པས།།
འདི་ཉིད་འཇིགས་ཞེས་ཐུབ་པ་ཆེན་པོས་ཡང་ཡང་གསུངས།།
ཉིད་ཀྱི་རྐང་བའི་འདེགས་འཇོག་ནི།།
ལྷོ་ཕྱོགས་འཕགས་པའི་གྲོང་ལ་རྩེན།།
ཡིད་རྟོན་ཕེར་བའི་ཁྱེད་རང་གིས།།
ད་ནི་རང་ཉིད་འཚོལ་བར་རན།།
རྒྱང་རིང་རྒྱང་གི་བས་མཐའ་ན།།
སྣ་ཚོགས་མི་ཡི་ཡོ་ལང་རྒོད།།
སེམས་པ་ཀླན་སའི་མཛའ་གྲོགས་ལ།།
ཡིད་ཀྱི་གཟབ་པ་ཅིས་ཀྱང་འཚལ།།
དང་པོ་ལས་ཀྱི་ཉེར་བསྡོགས་ལ།།
མཚམས་སྤྲིན་འཛུམ་པའི་འོད་ཀྱིས་འཁྱུད།།
འདས་སོང་ལོ་ཟླའི་ཕྱི་ནང་གི།།
མངར་སྐྱུར་མྱོང་བ་རང་ལ་དྲིས།།
ཁ་དན་རང་གིས་བྱས་པ་ལ།།
ཁག་དཀྲི་ཅི་ཡང་ཡོད་པ་མིན།།
ནམ་ཞར་གཡེང་བའི་བག་ཡངས་དེ།།
ད་ནི་ངོ་ཚའི་རྒྱུ་རུ་ཆེ།།
ཤེས་བྱའི་རྒྱ་ཁྱོན་ཡངས་པོ་དེ།།
འཛིན་མའི་རྡུལ་ཚོགས་འཚུབ་པའི་གྲངས།།
ཡུན་ཐུང་མི་ཚེའི་ལམ་ཁ་ནི།།
མྱུར་འགྲོ་གྱི་ལིང་རྨིག་པའི་འཕྲུལ།།
བསམ་གཞིག་ཟབ་པའི་གོ་རིམ་ལས།།
རང་གིས་བདམས་པའི་གནས་དེ་ལ།།
ཧུར་གྱིས་བརྟུན་པ་གནད་ཆེ་ཞེས།།
སྔོན་བྱོན་དྲན་དབང་དག་གིས་གསུངས།།
དེ་རིང་བླུན་པོ་ཁོང་ནས་འཛུམ།།
གང་ཞིག་རང་མགོ་མི་འཁྱོངས་པར།།
གཞན་ལ་སྨྲ་བའི་ཁ་དེ་ནི།།
ཨེ་མ་ཇི་འདྲའི་མཚར་ཆེ་ཟེར།།
2010.11.20
སྔོན་མཁས་པ་ཞིག་གིས་སྔོན་བྲིས་དཔེ་ཆ་ཞིག་མཐོང་ན། ལུང་པ་གང་གི་མི་ཡིན་པ་ཤེས་མི་ཐུབ། དིང་སང་གི་མིས་བྲིས་པ་ཞིག་མཐོང་ན། དེ་མ་ཐག་ཏུ་ལུང་པ་འདི་དང་འདིའི་མི་ཡིན་པ་ངོས་འཛིན་སླ། ཞེས་སྨྲས་པ་ལྟར། ཡིག་སྐད་བཀའ་བསྟན་ན། སྙིང་པོ་ལ། སྙིང་བོ་དང་། རྐང་པའི་ལ་རྐང་བའི། ཞེས་བྲིས་པ་ན། ལུང་པ་གང་གི་མི་ཡིན་པ་ཤེས་ཐུབ།
གླིང་ཆེན་ཞེས་པ་གླང་ཆེན་དང་། ཧུར་གྱིས་ཞེས་པ་ལྷུར་གྱིས་དང་། དགོས་སོ་སྙམ། དེ་ལྟར་ཡིན་ན། ཞུས་དག་ལེགས་པར་བཏང་ནས། སྤར་ན་ཕན་ཐོགས་ཆེ།
ཀླན་ཞེས་པར་ཀླན་ཀ་ནི་སྐྱོན་ཏེ། དབུ་མ་བཞི་བརྒྱ་པ་ན། ཀླན་ཀ་བརྗོད་པ་རུང་མ་ཡིན་ཞེས་གསུངས། གཞན་ཡང་། ཀླན་པ། ཞེས་པ་འབྲི་ཚུལ་གཞན་གླན་པ་ཞེས་པ་གླན་པ་རྒྱབ་པ་ལྟ་བུ་དང་། ཀླན་པ། གླན་པ། སླན་པ། ལྷན་པ། བཅས་སྒྲ་གདངས་ཉམས་པས་བརྗོད་ཚུལ་དང་འབྲི་ལུགས་མི་འདྲ་བ་ཆགས།
ཁ་དན་གྱི་དོན་མ་ཤེས། འདི་ཉིད་ཡོངས་གྲགས་ཀྱི་ཡིག་སྐད་ཅིག་ཡིན་ནམ། ཞེས་དྲི་བ་ལགས་སོ།།
བསླབ་བྱའི་རིན་ཐང་ཅན་གྱི་བསྡོམས།།
སྙན་དངགས་ལམ་དུ་དྲངས་པ་ལ།།
དགའ་དད་སྤྲོ་དང་ཡི་རངས་བཅས།།
ཇི་བཞིན་ལག་ལེན་ཐུབ་ཕྱིར་བརྩོན།།
ཨ་ཞང་བཟང་པོའི་རིན་ཆེན་གཏམ།།
ཨ་རོགས་བོད་མིར་རབ་མཁོ་བས།།
ཨ་གསར་དབང་དུ་མ་བཏང་བར།།
ཨ་ཁུ་ལ་དྭགས་གསུང་ལའང་ཉན།།
སྐུ་ཞབས་འཇམ་དཔལ་ལགས་དག་བཅོས་བྱས་པ་ཐུགས་རྗེ་ཆེ་ཞུ།
ད་ལྟ་བྲེལ་བ་ཅུང་ཆེ་བས་གསལ་བཤད་བྱེད་དགོས་བ་རྣམས་ལ་རྗེས་ནས་བཤད་་་་་་་་་་་་་་་
སྐུ་ཞབས་ལགས་ངས་འབྲི་བའི་སྐབས་མཉམ་མ་བཞག་པ་རེད་་ ཁ་དན་དམ་བཅས་པའི་དོན་