ཨོ་རྒྱན་ཉི་མ།
ངས་བོད་གྱི་ལོ་རྒྱུས་དེབ་སུམ་བཅུ་ ཙམ་ལ་གཤིབ་བསྡུར་བྱས་ཡོད། བོན་གྱི་བསྟན་འབྱུང་བལྟས་ཡིན། བོད་ཀྱི་རྒྱལ་རབས་དང་། ཆོས་འབྱུང་ཁག་ཏུ་བོན་ཞེས་པ་ཞིག་ཆོས་ཀྱི་སྔོན་དུ་བོད་ལ་བྱུང་ཚུལ་བཤད་ཡོད་པ་ལས། བོན་ལ་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡོད་པར་སུ་གཅིག་གིས་བཤད་མི་འདུག གལ་སྲིད་ཆོས་ཀྱི་ལོ་རྒྱུས་ནང་མེད་ན་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་ན་ཆོག་མོད། བོན་གྱི་བསྟན་འབྱུང་ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་བྲིས་པ་ཞིག་རེད། དེ་མིན་ལོ་རྒྱུས་འགའ་ཞིག་ཡོད་ཀྱང་། ལོ་ལྔ་བརྒྱའི་གོང་གི་ལོ་རྒྱུས་ཤིག་ཁག་པོ་རེད། ཚང་མ་གསར་བསྒྲིགས་འབའ་ཞིག་རེད།
དེ་ཕྱིར་ངས་ལོ་ལྔ་བརྒྱའི་གོང་ལ་བོན་མེད་པར་བཤད་མེད་ལ། སྲོང་བཙན་སྔོན་ལ་ཡི་གེ་གཏན་མེད་དུ་སྨྲས་མེད། གལ་སྲིད་ཡི་གེ་ཞིག་ཡོད་པའི་དབང་དུ་བཏང་རུང་། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་བསྟན་ནུས་ཙམ་ལས་གཞན་ཞིག་ཡོད་པར་མི་སེམས། དུས་རབས་བདུན་པའི་སྔོན་གྱི་ཡི་གེ། <<སྟོད་མངའ་རིས་སོགས་ཀྱི་བྲག་ངོས་དང་། རྡོ་སྟེང་། ས་འོག་ནས་རྙེད་ སོན་བྱུང་བའི་གདོད་མའི་གཟུགས་མཚོན་ཡི་གེ་དེ་ཚོའི་གྲས་སུ། འབྲོང་དང་། ར་མ། བོང་བུ། རི། ལུག །རྭ་ཅོ། སྟག །སེང་གེ །སྤྲེའུ། རྟ། གཟིག །ཤྭ་ར་སོགས་ དང་། བོན་པོའི་ལྷ། བྱ་རྒྱལ་ཁྱུང་ཆེན། གཤེན་རབ་མི་བོ་སོགས་དང་། དཀྲུག་ཇ་དཀྲུག་བྱེད་དང་། ཇ་དམ། ཅ་ནེ་སོགས་ཀྱི་གཟུགས་འདྲ་བ་ཡོད་པར་བཤད་འདུག>> །མིག་བརྒྱད་པའི་ཟིན་བྲིས་ལས་བཤུས། གངས་སེང་ཞེས་པ་ཞིག་གིས་ཁོ་བོའི་བྲིས་པའི་<<མེད་པ་བཞིའི་བོན་ཡིག་རྫུན་མ་ཡིན་པར་རྟོགས་པ།>> ཞེས་པ་དེ་ལ་ལན་རྒྱག་ཁུལ་གྱིས་རྡུག་ངུ་མང་པོ་ཞིག་བྱས་འདུག་མོད། གོ་རྒྱུ་ཅང་མེད་ཁི། བོན་པོའི་ཡི་གེའི་གཟུགས་དེ་ལ་དཔེ་རིས་རྙིང་པ་མེད་ན། སྔོན་གྱི་ལོ་རྒྱུས་ནི་མེད། ཁྱེད་ཚོས་བོད་ཡིག་ལ་བརྟེན་ནས་བཟོས་པ་ནི་ཁས་མི་ལེན། ད་མཁྱེན་པ་རྒྱགས་ཏེ། སྔོན་གྱི་ཡིག་རྙིང་འདི་འདྲ་ཞིག་ཡིན་པ་ཤེས་སོང་བ་ཡིན་རྒྱུ་རེད་ཟེར་བ་ལས་གཞན་པ་ཞིག་མི་སྣང་ངོ་།
བོན་པོ་འདི་ཚོས་གང་བསྒྱུར་བའི་ཆོས་ཉམས་སུ་བླངས་ཏེ། རང་དགར་བཞུགས་འདུག་ན་དེ་གས་ཆོག་མོད། ལོ་རྒྱུས་མི་འདྲ་བ་ཞིག་དང་། བསྟན་འབྱུང་མི་འདྲ་བ་མང་པོ་ཞིག་གིས་ཕུང་སོང་བ་རེད། རྫུན་རྐུབ་ཐོན་ལ་ཉེ་བ་རེད། ངོ་མ་བཤད་ན་ཆོས་རྒྱལ་ཆེན་པོ་དག་གི་གོང་དུ་བོན་ཞེས་ཐ་དད་དུ་ཡོད་པ་དང་། བོན་ལ་འཚེ་བ་ཆོས་སུ་སྨྲ་མཁན་དང་། མི་སྨྲ་མཁན་གཉིས་སུ་ཕྱེ། ཆོས་རྒྱལ་གྱི་རྗེས་ནས་ཆོས་དང་འབྲེལ་བ་དག་ནང་པ་དབྱེར་མེད་དུ་གྱུར་སོང་བ་དང་། འཚེ་སྨྲ་དག་རྩ་མེད་དུ་བཏངས་ཏེ། དེང་སང་གི་བོན་དག་ནང་ཆོས་དང་མི་འགལ་བར་སླར་ཡང་། ཟུར་དུ་ཐོན་པ་ཞིག་ཡིན་ཞེས་སྨྲས་ན་ལོ་རྒྱུས་དང་མི་འགལ་བར་མ་ཟད། བོད་ཀྱི་རིག་གཞུང་ལ་གནོད་པར་མི་སེམས། ད་ལྟའི་བོན་པོ་འདི་ཚོས་ཡོད་ཚད་ནང་པ་ལ་བརྟེན་ནས་བྱུང་ཡང་། ད་དུང་ནང་པ་ལ་འདྲེ་ནང་བཞིན་སྡང་ཞུགས་བྱེད་བཞིན་པ་དང་། བོད་ཀྱི་ཆོས་རྒྱལ་དེ་ཚོ་བདུད་ཀྱི་སྤྲུལ་པ་རེད་ཟེར། ངོ་མ་ཆོས་ལས་ལྷག་པའི་བོད་ལ་ཕན་ཐོགས་ཡོད་མཁན་ཞིག་ཡོད་ན་འགྲིགས་པ་རེད།
ད་དུང་ཁུངས་མེད་ཀྱི་ཡི་གེ་ཞིག་བཟོས་སྟངས་འདི་དག་སེམསལ་འཕྲོད་པོ་མ་བྱུང་བར་མ་ཟད། ལོ་རྒྱུས་དང་མི་མཐུན་པ་དང་། དངོས་པོ་གནས་ཚུལ་དང་མི་མཐུན་པ་རྐྱང་རྐྱང་རེད། དེ་ཕྱིར་ཚང་མས་ཞིབ་འཇུག་ཅིག་བྱེད་རན་འདུག་ཟེར་བ་ཡིན།
ནང་པ་སངས་རྒྱས་པ་ཞིག་ཡིན་ན་་་་་མིས་ཁོང་ཁྲོ་སློང་ན་བཟོད་པ་སྒོམ་དགོས་པ་རེད་མ་གཏོགས་འཁོན་ལན་བསློག་རྒྱུ་ཡོ་མ་རེད།
དགེ་སྦྱོང་གི་ཆོས་བཞི་པོ་དེ་ཉམས་སུ་ལེན་རན་འདུག །བོན་གྱི་ཆོས་ལ་སྡང་སེམས་བྱེད་ནས་ཁྱེད་རང་ལ་ཕན་ཐོགས་ག་རེ་འདུག
དེ་ལས་བཏང་སྙོམས་སུ་འཇོག །
ཨོ་རྒྱན་ཉི་མས་བཀའ་སྐྱོན་ཙམ་ལས་གནད་པ་ཁེལ་བའི་སྐད་ཆ་གང་ཡང་བཤད་མིན་འདུག
རང་དབང་ལགས། ཆོས་པ་བཟང་པོ་ཞིག་ཡིན་ཚོད་འདུག་པས་དྲ་བ་ནང་འོངས་རྒྱུ་བཞག་ནས་ཁ་ཏོན་དགེ་སྦྱོར་གནང་ལ་ལེགས་པར་སྣང་།
ད་ཤ་གཉེན་དབར་ལ་གྲི་སྣུན་རེས་བྱེད་པ་འདི་མཚམས་འཇོག་རོགས། བོན་བན་གཉིས་ཀ་ཕ་མ་གཅིག་ལས་རྒྱུད་པའི་ཁ་བ་རི་པ་ཤ་སྟག་རེད། ཁྱོད་འཇོན་པོ་ཡོད་ན། རྒྱ་གུང་ཁྲན་ལ་བོད་རྒྱ་མིའི་མངའ་ཁོངས་མིན་པར་རྩོད།
ང་རྒྱལ་མ་གནང་་་ཨོ་རྒྱན་ཉི་མ་ལགས་འདི་ནས་སྦྱོང་ལེན་རོགས།
ཡོད་པ་བཞི་ཡིས་བོན་ཡིག་བདེན་པ་ཡིན་པར་རྟོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གངས་སེང་།] [ཟླ་ཚེས། 12-07-22] [ཀློག་གྲངས། 17]
“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།
ཉེ་ཆར་བྱང་བྱ་དུར་དགའ་མལ་དགོན་ནས་དགོན་དེའི་མཁན་སློབ་ཀྱིས་དབུས་པའི་ལྷག་བསམ་གྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་འགས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་རྩིས་འཁོར་ནང་དུ་བཅུག་ནས་འཛམ་གླིང་མཁས་དབང་རྣམ་པའི་སྤྱན་བསྟར་དུ་འགྲེམས་སྤེལ་གནང་བ་དེ་ལ། གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་སྐྱེ་བོ་འགས་རྒྱུ་མཚན་ཡང་དག་གིས་དབུལ་བའི་གང་དྲན་བྱུང་རྒྱལ་གྱི་འཆལ་གཏམ་ཞིག་སྤེལ་བ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་ནས་མཐོང་བས་དེ་ལ་ཁྱབ་མཚུངས་ཀྱི་སྒོ་ནས་གོ་བརྡ་ཞིག་སྤྲོད་འདོད་བྱུང་བས་རྩོམ་ཐུང་འདི་བྲིས་པ་ཡིན། ཨོ་རྒྱན་ཉི་མར་འབོད་པ་དེས་འདི་ལྟར་བཤད་དེ། “མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་” ཟེར་ནས་ཞང་ཞུང་སྨར་ཡིག་རྫུན་མ་ཡིན་པའི་རྒྱུ་མཚན་བཞི་བཀོད་པ་ནི་རིམ་བཞིན།
༡༽ “དེང་སང་བོན་པོའི་སྐད་ཡིག་ཏུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པ་དང་།” ཟེར་བ་འདི་ནི་རང་སྐྱོན་རི་བོ་ཙམ་རྒྱབ་ཏུ་གཡུགས་ནས་གཞན་སྐྱོན་རྟ་རྔ་ཙམ་ལྷང་ངེར་མདུན་དུ་བསྟན་པའི་དཔེ་ལྟར་སོང་འདུག་སྟེ། བན་དྷེ་ཚོས་ནམ་རྒྱུན་བཤད་སྟངས་ལ་རྫོགས་པ་ཆེན་པོ་སོགས་གསང་བ་བླ་ན་མེད་པའི་རྒྱུད་སྡེ་རྣམས་ཨོ་རྒྱན་ཡུལ་ནས་བོད་ལ་གདན་འདྲེན་ཞུ་རབས་ཆོས་འབྱུང་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། ཨོ་རྒྱན་ནི་རྒྱ་གར་ལས་ཐ་དད་པའི་མི་རིགས་དང་། རིག་གནས། སྐད་རིགས་སོགས་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཅིག་ངོས་འཛིན་བྱས་ཏེ། གུ་རུ་རིན་པོ་ཆེ་ཡང་ལུང་པ་དེ་ནས་ཡིན་པ་མ་ཟད། སློབ་དཔོན་དགའ་རབ་རྡོ་རྗེ་ཡང་ལུང་པ་དེའི་མི་ཡིན་པར་བཤད་ཡོད། དུས་རབས་བརྒྱད་པའི་ནང་སློབ་དཔོན་བཻ་རོ་ཙ་ན་སོགས་ལོ་ཙྭ་བས་སློབ་དཔོན་དགའ་རབ་རྡོ་རྗེའི་ཆོས་ཚོགས་མང་པོ་བོད་སྐད་དུ་བསྒྱུར་ནས་སྤེལ་བར་ལོ་རྒྱུས་རྣམས་སུ་ཁེངས་ནས་བསྡད་ཡོད། ཡིན་ནའང་ཨོ་རྒྱན་གྱི་ཡུལ་འདི་རེད་ཅེས་མཐའ་གཅིག་ཏུ་ཐག་ཆོད་པའི་ངོས་འཛིན་ད་དུང་ཐུབ་མེད། ཕྱི་རྒྱལ་བ་སོགས་ཞིབ་འཇུག་པ་མང་པོས་ལོ་མང་རིང་མུ་མཐུད་ནས་དེ་འཚོལ་གཞིག་བྱས་དང་བྱེད་མུས་ཡིན་ཡང་ད་ལྟའི་བར་ཨོ་རྒྱན་གྱི་ཡུལ་འདི་རེད་དང་། དེའི་མི་རིགས་འདི་འདྲ། སྐད་ཡིག་དང་རིག་གནས་སོགས་འདི་རེད་ཟེར་ནས་ཐག་ཆོད་པའི་བསྡོམ་ཚིག་ཅིག་སུས་ཀྱང་བསྟན་མ་ཐུབ་ནས་ལུས་ཡོད། དེར་མ་ཟད་ལོ་རྒྱུས་ནང་དུ་ཤམ་བྷ་ལའི་ཡུལ་ཟེར་བ་ཞིག་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་དེར་ཕེབས་ནས་དུས་འཁོར་སོགས་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུང་པ་བཀོད་ཡོད་ཀྱང་། ཡུལ་དེ་གང་དུ་ཡོད་པ། མི་རིགས་གང་འདྲ་ཞིག་ཡོད་པ། སྐད་ཡིག་གང་སྨྲ་ད་ལྟའི་བར་དུ་སུས་ཀྱང་ངེས་ཤེས་ཐུབ་མེད། བྱས་ཙང་། གོང་དུ་ཁྱོད་ཀྱིས་བཤད་པ་དེ་བདེན་པ་ཡིན་ན་བན་དྷེའི་རྫོགས་ཆེན་སོགས་གསང་བ་བླ་ན་མེད་པའི་ཆོས་སྐོར་དང་། དུས་ཀྱི་འཁོར་ལོ་སོགས་གསང་བ་སྔགས་ཀྱི་རྒྱུད་སྡེ་དེ་དག་ཁུངས་མེད་ལུང་མེད་དུ་འགྲོ་བ་ངས་བཙན་ཤད་ཀྱིས་བཤད་པ་མ་ཡིན་པར་ཁྱོད་རང་རང་གིས་ཤུགས་སྒྲུབ་ཡིན་པ་རིག་པ་སྨྲ་བ་དག་གིས་རྟོགས་ནུས་ཏེ། དེང་སང་ཤམ་བྷ་ལ་དང་ཨོ་རྒྱན་གྱི་སྐད་ཡིག་དང་རིག་གནས་སུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པའི་ཕྱིར།
༢༽ “ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདིས་ཁྱོད་ཀྱི་མཐོང་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་ཕྲ་བའི་རྟགས་རྗེན་གཅེར་དུ་བསྟན་པའི་ཚུལ་ནི། རྒྱལ་རབས་གསལ་བའི་མེ་ལོང་(མི་རིགས་དཔེ་སྐྲུན་ཁང་༡༩༩༦དཔར་སྡེབ་༥༧)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་བཤད་པ་ནི་ཁྱོད་ཀྱིས་མ་མཐོང་བས་བློ་རྒྱ་ཆེ་ཙམ་བྱས་ཏེ་བོད་ཀྱི་ལོ་རྒྱུས་ལ་ལྟ་བའི་བློ་གྲོས་བཙལ་ན་ལེགས་ཀྱིས་རྣམ་དཔྱོད་ཕུར་ཁུང་ལ་གཏུགས་ན་ཤེས་བྱ་རིག་པའི་གླང་པོ་ཆེ་ཁུང་བུའི་ནང་དུ་ཤོང་པ་ཤིན་ཏུ་དཀའ་བས་ཁོ་བོས་ཁྱོད་ལ་སྙིང་བརྩེ་བས་གདམས་སོ། ཞང་ཞུང་ནས་བོད་དུ་གཡུང་དྲུང་གི་བོན་བསྒྱུར་བའི་བྱ་བ་བྱས་པར་གསུང་པའི་ཤུགས་ལས་ཞང་ཡིག་དང་བོད་ཡིག་ཡོད་པ་མ་བརྟགས་ཀྱང་མཁས་བླུན་ཀུན་གྱིས་རྟོགས་ནུས་སོ། བཀའ་ཆེམས་བཀའ་ཁོལ་མ་ལས། ལུང་གི་ཆོས་གོ་བར་བྱའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པར་བྱ་བའི་ཕྱིར་གཡུང་དྲུང་གི་བོན་བསྟན། ཅེས་གསུང་པ་དེ་ཁྱོད་ཀྱི་མཐོང་ཡུལ་དུ་མ་གྱུར་པའི་རྒྱུ་མཚན་ཅི་ལ་ཐུག །ལུང་དེས་སྲོང་བཙན་གོང་གི་བོད་རྒྱལ་རྣམས་ཀྱི་དུས་སུ་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་བཤད་ལ། དེ་ནི་ཚིག་འགའ་ཤས་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུང་པས་ཡི་གེའི་བརྒྱུད་ནས་བསྟན་པ་མ་གཏོགས་གནའ་མི་དེ་ཚོས་རྒྱ་ཆེའི་རིག་གནས་དེ་རྣམས་བློར་ངེས་ཐུབ་ཀྱི་རྒྱུ་མཚན་རྙེད་ཤིན་ཏུ་དཀའ།
༣༽ “ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདི་ནི། རྣམ་དཔྱོད་ཀྱི་རིག་པ་ལས་འདས་ཏེ་གཞན་ཀྱི་ལོ་རྒྱུས་ལ་ལྟ་བའི་མིག་ལོང་། བློ་མུན་ནག་ནང་གི་མདའ་འཕེན་ལྟར་གྱུར་མོད། འོན་ཀྱང་མང་དུ་བཤད་མི་དགོས་པ་གོང་དུ་ཨོ་རྒྱན་གྱི་ལོ་རྒྱུས་དང་། མི་རིགས། སྐད་ཡིག་སོགས་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ནང་དུ་གསལ་ཡོད་མེད་ལ་བློ་ཁ་ནང་དུ་ཕྱོགས་ཏེ་བལྟས་ཙམ་བྱས་པས་ལོག་རྟོག་རང་ཞིག་ཏུ་འགྲོ་བ་ལ་སྨོས་ཅི་དགོས། གལ་སྲིད་ཨོ་རྒྱན་གྱི་ལོ་རྒྱུས་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་ནང་དུ་གསལ་པོ་བཀོད་ཡོད་ན་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་ཐག་ཆོད་པའི་ངོས་འཛིན་ཡུལ་རྙེད་དཀའ་ཟེར་བ་དེ་ཡོང་དོན་རྩ་བ་ནས་མེད།
༤༽ “དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པ་སྟེ།” ཟེར་བ་འདི་ཡང་། བསམ་མནོ་རྩ་བ་ནས་མ་བཏང་ནས་རང་མགོ་རང་གིས་གཡོག་བྱེད་ཞིག་འདུག་སྟེ། དུས་རབས་གང་གི་ནང་དུ་ཡོད་པ་དེ་སྐབས་དེར་བྲིས་པའི་དཔེ་རིས་ཞིག་ཡོད་དགོས་ན། བོད་ཀྱི་ལོ་རྒྱུས་རྣམས་སུ་དུས་རབས་བདུན་པའི་ནང་དུ་དམ་པའི་ཆོས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་བར་བཤད་པས་སྐབས་དེར་བྲིས་པའི་རྒྱ་དཔེ་དང་བོད་དཔེ་ཞིག་བསྟན་རྒྱུ་མེད་པས་ཁྱོད་ལྟར་ན་དེའི་ལོ་རྒྱུས་ཐམས་ཅད་ཁུངས་མེད་དུ་ཐལ་བ་དང་། དུས་རབས་བརྒྱད་པའི་ནང་དུ་ཀ་མ་ལ་ཤཱི་ལས་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་མཛད་ཟེར་བ་དེ་རྫུན་དུ་འགྱུར་ཏེ། སྐབས་དེར་བྲིས་པའི་དཔེ་རྙིང་སྒོམ་རིམ་དང་བར་མཐའ་གསུམ་རྩ་བ་ནས་བསྟན་རྒྱུ་མེད་པའི་ཕྱིར། དེ་ལྟར་ཁྱོད་ཀྱིས་བཤད་ཚད་ཐམས་ཅད་རྒྱུ་མཚན་ཡང་དག་གིས་དབེན་ཞིང་ལུང་རིགས་སྟོང་ཕྲག་གིས་གནོད་པ་ཡོད་པ་ཁོ་བོས་བསྒྲུབས་སོ། གཞན་ཡང་འདིར་དམིགས་ཀྱིས་བཀར་ནས་བཤད་དགོས་པ་ཞིག་ལ། དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་བརྡ་སྤྲོད་ཡོད་པའི་དགོངས་ཚུལ་ནི། བོན་པོ་གཅིག་པུས་རང་ལྟ་མཁྲེགས་འཛིན་མིན་པར། ཤེས་བྱ་རིག་པའི་གནས་ལ་བློ་གྲོས་ཀྱི་སྤོབས་པ་རྒྱས་ཤིང་གྲུབ་འཐའི་ཕྱོགས་འཛིན་གྱི་ངན་རྟོག་ཐམས་ཅད་རྫོགས་པ་ཆེན་པོ་རང་འབྱུང་རིག་པའི་དབྱིངས་སུ་རང་གྲོལ་དུ་སོང་པའི་བན་དྷེའི་མཁས་དབང་བརྒྱ་ཕྲག་གིས་འཛམ་གླིང་གི་མི་དམངས་རྣམས་ཀྱི་མདུན་སར་ངོ་སྤྲོད་གནང་དང་གནང་མུས་ཡིན་པས་དེ་ལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ། །
ཨོ་རྒྱན་ཉི་མ་ནི་ཁ་ཐོན་དགེ་སྦྱོར་བྱེད་ནས་སྡོད་ཐུབ་པའི་མི་གཅིག་ཡིན་ཚོད་མི་འདུག་ད་སྒྲུང་མང་པོ་འདུག་དདདདདདདདདདདདདདདད
དགོང་དག་་་་་སློབ་སྦྱོང་ལེན་རོགས་་་་ལ་བཅོས་རོགས་ཞུ།
ཨོ་རྒྱན་ཟེར་བའི་མི་འདི་་ཡི་ཁ་ལ་སྐྱག་དྲི་མ་གཏོགས་དྲོ་རྒྱུ་མི་འདུག
དཔྱད་རིན་མི་འདུག་བོན་པོ་ཚོས་འདི་ལ་ཁ་ཡ་མ་བྱེད་རོགས་ཁོ་ཡི་རྩོམ་ལ་ནམ་ཡང་མཆན་གཅིག་ཀྱང་མ་བཀོད་རོགས།
ཕ་དགྲ་བོན་གཤེད་ཟེར་ན་འདི་རེད། ཨོ་རྒྱན་པདྨ་འབྱུང་གནས་ནི་བོན་གྱི་བླ་མ་དྲན་པ་ནམ་མཁའི་སྲས་ཡིན་རབས་ཤིག་བཤད་པ་རེད། ཡིན་ནའང་ང་དེ་ལ་མོས་མཐུན་མེད། ཕ་ཆོས་དེ་བུ་ཡིས་བཤིག་རེད། བོན་པོ་གསར་མ་དེ་ཚོས་དེ་མནོ་བསམ་གཏོང་དགོས། ཨོ་རྒྱན་པདྨའི་རྗེས་འབྲེང་བ་དེ་ཚོས་རྟག་ཏུ་ང་ཚོ་བོན་པོ་ཚོར་སྡང་ཟུག་བྱེད་ཀྱི་འདུག་ག ཁྱེད་ཚོས་ཨོ་རྒྱན་རིན་པོ་དང་་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ལ་དད་གུས་དང་མཆོད་འབུལ་བྱེད་པ་དེ་ནོར་བ་རེད། བོན་རྙིང་མར་ལོག་ཤོག རྙིང་རྒན་དེ་ཚོའི་བྱེད་བབས་ལ་ལྟོས་དང། དེ་ལས་དགེ་ལུགས་དང་ས་སྐྱ་་བཀའ་རྒྱུད་སོགས་ལ་འབྲེལ་བ་དམ་ཟབ་གཏོང་དགོས་འདུག དྲ་རྒྱའི་ནང་དུ་བོན་ལ་སྡང་ཟུག་བྱད་མཁན་ཕལ་ཆེ་བ་རྙིང་མ་པ་རེད། ལོ་ཤས་སྔོན་དུ་སྐྱབས་རྗེ་པད་ནོར་རིན་པོ་ཆེར་དྲ་རྒྱའི་ནང་དུ་མཚན་སྨད་མང་པོ་ཞུས་སོང་དེ་དུས་ང་ཡི་གྲོགས་པོ་བོན་པོ་འགའ་ཞིག་ལ་བཤད་ནས་དེ་མི་ལེགས་ཚུལ་དང་དེ་ཚོའི་རྗེས་སུ་ནམ་ཡང་མ་འབྲེང། བླ་མ་ཆེན་པོ་དེ་ཚོར་མཚན་སྨོད་བྱེད་པ་ནི་གསང་སྔགས་ཀྱི་དམ་ཚིག་དང་འགལ་འགྲོ་གི་ཡོད་པས། དེ་ཚོའི་རྗེས་སུ་འབྲང་ནས་མཚན་སྨོད་བྱེད་མི་རུང་ཞེས་བཤད་པ་ཡིན། འོན་ཀྱང་རྗེས་སུ་དཔལ་དགྱེས་ཟེར་བའི་བོན་པོར་ངན་སྨྲས་བརྗོད་མཁན་གྱི་ལྟེ་བ་བྱས་ཏེ་རྙིང་མ་བ་མང་པོ་ཞིག་ནས་བོན་ལ་སྡང་ཟུག་བྱས་སོང། ཁོང་ཚོ་ཚིག་པ་ཕ་ལ་ཟ་ནས། འགྲམ་ལྕག་བུ་ལ་ཞུས། ཟེར་བ་དེ་རེད། ཨོ་རྒྱན་རྗེས་འབྲེང་བ་དེ་ཚོས་དགེ་ལུགས་ནང་འཁྲུགས་བྱས་སོང། གནས་ཆུང་གིས་ལུང་བསྟན་ནས་དགེ་ལུགས་དུམ་བུ་གཉིས་སུ་བཏང་སོང། དགེ་ལུགས་པ་ཚོས་ཀྱང་དེ་ཚོར་ཤེས་དགོས། ཁྱེད་ཚོ་དུམ་བུ་གཏོང་མཁན་བོན་པོ་མ་རེད།
ཁ་བརྡ་དྲ་བའི་སྟེང་ན་ཁྱོད་ཁ་དང་ངའི་སྣ་ཟེར་བ་རྐྱང་རྐྱང་རེད། དེ་འདྲས་ཕན་ཐོག་པ་གང་ཡོད་ཕོ་འཇོན་པོ་ཡོད་ན་གདོང་ལ་བུད་ནས་བཤད་ན་ངོ་མ་ཕོ་ཁྱོ་ག་རེད། དེ་མིན་གདོང་ལ་འབག་གྱོན་ནས་ག་ཚོད་བཤད་རྐྱང་ཕན་ཐོག་གི་མ་རེད། དེ་ལས་བོད་པའི་སྤྱི་ཚོགས་འདི་སྤྲེལ་སྲིན་གཉིས་ནས་ཆད་པའི་རྒྱུད་པ་ཡིན་པ་ཤེས་ནས་འཆམ་མཐུན་ཞིག་བྱུང་ན་དེ་དགའ་བས་ཚང་མས་ཐུགས་ངེས་གནང་རོགས་ཞུ།
ཐུ་མི་སྔོན་ལ་བོད་ལ་ཡི་གེ་ཡོད་ན་ཡག་པོ་རེད། མེད་ན་ཡང་མི་འགྲིག་པ་དེ་ཙམ་མེད། ད་ཡོད་བོད་ཡིག་འདི་མེད་ན་མི་འགྲིག ཉམས་ན་བོད་རིགས་ཙམ་མ་ཟད་བོད་ཀྱི་བོན་ཚོ་ཡི་ཡང་ཞབས་འདྲེན་ཆགས་རྒྱུ་ཡིན་པ་ཉག་གཅིག་རེད། དེས་ན་བོད་ཡིག་སུས་བཟོས་པ་ཡིན་མིན་མ་འཚོལ། བན་བོན་མ་རྩོ་པར། ། ད་ལྟའི་བན་བོན་གཉིས་ཀའི་ཆོས་གཞུང་ཡོད་སའི་བོད་ཡིག་འདི་བདག་པོ་ཡག་་པོ་རྒྱོབས།
ངས་བལྟས་ན་རྙིང་མ་དང་བོན་པོ་ལ་ཁྱད་པར་ཡོད་པ་མཐོང་མ་སོང་། ལྷ་ནི་མང་བོ་ཞིག་གཅིག་པ་རེད་འདུག ལྟ་བ་ནི་གཅིག་པ་རྫོགས་པ་ཆེན་པོ་རེད་འདུག་པས། གལ་ཏེ་བོན་པོའི་ཆོས་ལ་སྐྱོན་ཡོད་ན་རྙིང་མའི་ཆོས་ལ་སྐྱོན་ཡོད་པས་ཁྱབ། ངས་བལྟས་ན་རྫོགས་ཆེན་གྱི་ཁུངས་གཏུག་ས་དེ་བོན་པོ་རེད་འདུག་པས་རྙིང་མ་བ་ཚོས་ཞིབ་འཇུག་ལེགས་པོ་ཞིག་བྱེད་རན་འདུག རྙིང་མའི་རྫོགས་ཆེན་ནི་དགའ་རབ་རྡོ་རྗེ་ལ་ཐུག་འདུག འོན་ཀྱང་བོན་པོའི་རྫོགས་ཆེན་ལ་དགའ་རབ་ཡན་ཆད་དུ་འཇའ་ལུས་ཉེར་བཞི་འདུག དེའི་ཕྱིར་རྙིང་མ་བ་ཚོས་བོན་ལ་དག་སྣང་སྦྱང་ན་ལེགས་པར་སྙམ། ངས་དྲངས་པོར་སྨོས་པ་ཡིན། །
འཇིགས་པའི་གླུ།
བན་བོན་ཁ་བཙོག་ནང་དམེ་རྒྱ་ཡན་དུ་ཕྱིན་ནས།
ཁ་བ་རི་པའི་གཟུངས་ཁྲག་ནར་མར་ཟད་དུས།
ཆིག་སྒྲིལ་མཐུན་སྒྲིལ་ཞུ་སྐུལ་ཅི་ནས་མ་གསན།
དགྲ་དགའ་གཉེན་སྡུག་ངན་ལ་སྦྱར་བའི་རྩོད་རྙོག
སྐུ་མཁྱེན་རེ་ཞིག་འཇོག་རོགས་གངས་ཅན་གྱི་གདུང་ཚ།
ཁྱེད་ཀྱི་ཕ་བཟང་བཙན་པོའི་བྱས་རྗེས་ཀུན་ལ་ཁྱབས།
སྔོན་མ་ལོ་རྒྱུས་སྟེང་ན་ཚང་མས་གླུ་རུ་ལེན།
ད་ཆ་ཁྱེད་ཚོ་བན་བོན་བཅོམ་བརླག་འགྲོ་བའི་དུས།
ཁྱེད་སྤུན་ཤ་འཁོན་ལེན་པ་ད་ལྟ་དུས་ལ་མིན།
མཐུན་སྒྲིལ་གྱི་རང་སྒྲའི་གླུ་དབྱངས་མཐོན་པོར་བསྒྲགས་སོང་།
རང་དབང་གི་མཆོད་མེའི་གཟི་གདངས་འཛམ་གླིང་གསལ་སོང་།
རེ་བའི་སྐྱ་རེངས་ཀྱི་འོད་སྣང་གངས་ཅན་ལ་ཕེབས་དུས།
བར་ཆད་ཀྱི་ནག་ནོག་ནང་དམེ་མྱུར་དུ་འཇོག་རོགས།
ང་རྒྱལ་ཁྱོད་ཕམ་གྱི་ཉིན་མོ་དེ་རིང་ནས་རྫོགས་ཟིན།
ང་མཚོག་ཁྱོད་དམན་གྱི་སྐལ་བ་ཁ་ས་ནས་ཕེབས་ཟིན།
ཁྱོད་བོད་ང་བན་གྱི་་བསམ་བློ་ད་ནས་འཇོག་རོགས།
ཁྱོད་རྗེས་ང་ཡིས་བསྙེགས་པའི་རང་དབང་གི་སྙིང་སྟོབས།
ཕ་ཡུལ་དགྲ་ནས་ལེན་པའི་འཐབ་རྩོད་འདི་ནས་འཛུགས་རོགས།
ལུང་དང་རིག་པའི་སྒོ་ནས་ཕན་ཚུན་དཔྱད་ཞིབ་བྱེད་པ་ལས།
ལུང་རིག་ཀྱིས་སྟོང་པའི་ངན་སྨྲས་དང་ཚིག་རྩུབ་དག་ནི།
ནམ་ཡང་སྐྱེས་བུ་དམ་པའི་སྤྱོད་ཡུལ་མ་ཡིན།
རྙིང་མའི་ཆོས་ལུགས་འདི་ལ་ཞུ་དག་ཞིག་བྱེད་རན་འདུག ཆོས་རྒྱུད་གཞན་མ་བཞི་ལ་ཐེག་པ་གྲུབ་མཐའ་བཞི་ལས་མི་འདུག་རྙིང་བ་ཚོར་ཐེག་པ་རིམ་པ་དགུ་རུ་ཕྱེས་འདུག སངས་རྒྱས་པ་བཞི་པ་དང། ལྔ་པ་ཐུབ་པའི་དགོངས་པ་མིན་ཞེས་པའི་ལུང་དང་འགལ་འདུག ཆོས་རྒྱུད་གཞན་བཞི་ལ་རྫོགས་ཆེན་ཟེར་བའི་གདམས་པ་མི་འདུག རྙིང་མ་བ་ཚོར་དེ་ཁས་ལེན་གྱི་འདུག ཆོས་རྒྱུད་གཞན་མ་ཚོས་གྲྭ་བ་མ་གཏོགས་པའི་སྔགས་པས་གྲྭ་ཆས་གྱོན་གྱི་མི་འདུག རྙིང་བ་ཚོས་དེ་དག་རྩིས་མེད་དུ་བཏང་ནས་གྲྭ་ཆས་ཟེར་བ་ལོགས་སུ་མི་འདུག ཆོས་རྒྱུད་གཞན་མ་ཚོར་མདོས་ལས་སོགས་གཏོ་ཆོས་དེ་འདྲ་མང་པོ་མི་འདུག་རྙིང་མ་བ་ཚོར་བོན་པོ་ལས་ཀྱང་མང་ཙམ་འདུག ད་ཞིབ་འཇུག་བྱེད་རན་འདུག དེ་མིན་རྐུ་མ་ཁ་སྐྱེང་གིས་མི་གསོད་ཉན་འདུག ངས་འདིར་རྙོག་ཁྲ་བཤད་ཀྱི་མེད། ཁ་སྔོན་ཁོང་རང་ཚོས་གླེང་བསླང་པ་རེད།
ཨོ་རྒྱན་ཉི་མས་སྨྲས་པ། ༼ངས་བོད་གྱི་ལོ་རྒྱུས་དེབ་སུམ་བཅུ་ཙམ་ལ་གཤིབ་བསྡུར་བྱས་ཡོད། བོན་གྱི་བསྟན་འབྱུང་བལྟས་ཡིན། བོད་ཀྱི་རྒྱལ་རབས་དང་། ཆོས་འབྱུང་ཁག་ཏུ་བོན་ཞེས་པ་ཞིག་ཆོས་ཀྱི་སྔོན་དུ་བོད་ལ་བྱུང་ཚུལ་བཤད་ཡོད་པ་ལས། བོན་ལ་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡོད་པར་སུ་གཅིག་གིས་བཤད་མི་འདུག གལ་སྲིད་ཆོས་ཀྱི་ལོ་རྒྱུས་ནང་མེད་ན་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་ན་ཆོག་མོད། བོན་གྱི་བསྟན་འབྱུང་ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་བྲིས་པ་ཞིག་རེད། དེ་མིན་ལོ་རྒྱུས་འགའ་ཞིག་ཡོད་ཀྱང་། ལོ་ལྔ་བརྒྱའི་གོང་གི་ལོ་རྒྱུས་ཤིག་ཁག་པོ་རེད། ཚང་མ་གསར་བསྒྲིགས་འབའ་ཞིག་རེད།༽
ཁྱོད་ཀྱིས་དེབ་སུམ་བཅུ་ཙམ་ལ་གཤིབ་བསྡུར་བྱས་ཟེར་བ་ནི་སྡིག་པ་ལ་མི་འཛེམས་པའི་མི་མགོ་སྐོར་བྱེད་ཀྱི་རྫུན་གཏམ་སྔར་རྒྱུན་བཞིན་བཤད་པ་ལས་དེབ་འདི་ཡིན་ཟེར་གཅིག་ཀྱང་ཕལ་ཆེར་སྟོན་རྒྱུ་མེད་འགྲོ། སྟོན་རྒྱུ་ཡོད་ན་དེབ་སུམ་བཅུ་དེ་རེ་རེ་བཞིན་དུ་སྟོན་ཤོག། རྫུན་རྒན་ཁྱོད་ཀྱིས་གཞི་བཟུང་སའི་དེབ་དེ་དག་ལ་རིན་ཐང་ག་ཚོད་འདུག་བལྟ་ཆོག། སྟོན་རྒྱུ་ཡོད་ན་བོད་རིག་པའི་སྤྱི་གླིང་དུ་གདེང་འཇོག་ཡོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་སུམ་བཅུ་སྟོན་ཤོག། །
བོན་ལ་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡོད་པར་སུ་གཅིག་གིས་བཤད་མི་འདུག་ཟེར་ཞབས་འདྲེན་ཁྱོད་ཀྱི་བཤད་འདུག་བ་། ངས་ཚང་མས་ཧ་གོ་བ་གཅིག་རང་དཔེར་བླངས་ནས་ངོ་སྤྲོད་བྱས་ན་མཁས་དབང་ནམ་མཁའི་ནོར་བུ་གཅིག་པུས་ཁྱོད་ལ་འགྲིག་ས་རེད། ཁོང་གིས་དེབ་ཐེར་ག་ཚོད་ཅིག་བྲིས་གནང་འདུག། དེ་དག་ཕལ་ཆེ་བའི་ནང་བོན་ལ་ཕུན་སུམ་ཚོགས་པའི་ཆོས་དང་རིག་གཞུང་ཡོད་པ་གསལ་པོ་བྱས་ནས་གསུངས་ཡོད་པ་རེད། ཡིད་མ་ཆེས་ན་ཁོང་གིས་མཛད་པའི་་་བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་འཕྲེང་བ་་་་་་་གཏམ་ནོར་བུའི་དོ་ཤལ་་་་་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་་་་་ཞང་བོད་ལོ་རྒྱུས་ཏི་སེའི་འོད་་་་་བཅས་ལ་མིག་ཤེལ་གྱོན་ནས་ཡག་པོ་ལྟོས་དང་ཁྱོད་ཀྱི་རང་ཚོད་ཀྱི་འཇིགས་སུ་རུང་བའི་རྫུན་གཏམ་དེ་རང་ཞིར་འགྲོ་རྒྱུར་ཕན་ཡོང་། ཡང་ངས་འདིར་རྒྱུ་མཚན་མེད་པའི་དཔེ་ཞིག་དྲངས་མེད། ཁྱེད་རང་ཚོ་ཨོ་རྒྱན་པ་གཅིག་པ་ཡིན་མཁན་ཞིག་ཁྱོད་ཀྱི་མདུན་ལྕོག་སྟེང་བཞག་ཡོད་དོ། ད་ལེན་ཡོད་ན་ཐོབ་ཤོག། །
གལ་སྲིད་ཆོས་ཀྱི་ལོ་རྒྱུས་ནང་མེད་ན་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་ན་ཆོག་མོད། ཟེར་ཤོད་པ་ནི་མ་བརྟག་མ་དཔྱད་པའི་གླུན་གཏམ་འབའ་ཞིག་བཤད་པ་དང་ཡང་ན་མི་རྒན་ཞིག་གིས་བྱིས་པའི་སྐད་ཆ་འདྲ་པོ་ཤོད་པ་ནི་ངོ་མི་ཚ་འམ། བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་པའི་རྒྱུ་མཚན་གྱིས་བན་རྒན་ཁྱོད་འདྲ་པོ་སྙིང་རླུང་སྟོད་ལ་ཚངས་དགོས་པ་བཟོ་གི་ཡོད་རེད། བོད་མི་རིགས་མི་ལོ་ག་ཚོད་ཅིག་ཁྱེད་ཚོས་མགོ་བསྐོར་བཏང་བ་ཡིན་ནའང་བདེན་པའི་མཐའ་ག་ལེར་ག་ལེར་བསལ་ཡོང་གི་འདུག་བ་དེ་ཡང་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་པའི་རྒྱུ་མཚན་གྱིས་རེད། བོད་ཡིག་ཐོན་མིས་གསར་བཟོ་བྱས་ཟེར་བ་དང་། བོད་ཡུལ་ཆུས་གང་བསྡད་ཡོད་རེད་ཟེར་བ་དང་། བན་དེའི་སྔོན་ལ་བོད་འདི་མུན་པའི་གླིང་རེད་ཟེར་བ་དང་། བོད་མི་རྣམས་བན་ལྷ་ཞིག་དང་འབྲེལ་ནས་སྤྲེའུ་ནས་བྱུང་བ་རེད་ཟེར་བ་དང་།བན་ལུགས་མ་སླེབས་པའི་སྔོན་ལ་བོད་ཡུལ་འདི་མི་མེད་ལུང་སྟོང་ཡིན་པ་འདྲ་པོ་ཤོད་པ་དང་། དུས་རྒྱུན་ཆོས་རྒྱལ་བཀའ་དྲིན་ཅན་ཟེར་མི་རྡོག་གསུམ་གླེང་བ་ལས་བོད་ཀྱི་རྒྱལ་རབས་གཞན་རྣམས་བརྩིས་མེད་དུ་གཏོང་བ་དང་། གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ཐོག་མ་དེ་ཡིན་བཞིན་དུ་སྲོང་བཙན་མ་གཏོགས་མི་ཤེས་མདོག་བྱེད་པ། རྣམ་འགྱུར་འདི་དག་ཁྱེད་ཚང་གིས་སྟོན་པ་ནི་བོན་གྱི་ལོ་རྒྱུས་རྙིང་པ་ཞིག་དང་ཚད་ལྡན་ཞིག་ཡོད་པ་དེ་མང་ཚོགས་ཀྱི་ཤེས་ཡོང་རྟོགས་ཡོང་བསམ་ནས་ད་བར་སྦས་བཀུང་ཁོ་ན་བྱས་པ་ཞིག་ཡིན་པ་ཚང་མས་གསལ་ལེར་ཤེས་སོ།
བོན་གྱི་བསྟན་འབྱུང་ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་བྲིས་པ་ཞིག་རེད། དེ་མིན་ལོ་རྒྱུས་འགའ་ཞིག་ཡོད་ཀྱང་། ལོ་ལྔ་བརྒྱའི་གོང་གི་ལོ་རྒྱུས་ཤིག་ཁག་པོ་རེད། ཚང་མ་གསར་བསྒྲིགས་འབའ་ཞིག་རེད། ཟེར་བ་ནི་དང་པོ་རང་ཕྱོགས་ཀྱི་གནས་སྟངས་དེ་ཚོ་ལ་བསམ་བློ་ཡག་པོ་བཏང་ནས་དེ་ནས་མི་ལ་སྐྱོན་བརྗོད་བྱས་ན་འགྲོ་སྟངས་ཡོད་པ་ཞིག་རེད་བ། ཁྱོད་ལ་འུར་བཤད་གཅིག་པུ་མ་གཏོགས་ཆ་འཇོག་བྱེད་སའི་ཚིག་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག། ལོ་རྒྱུས་བྲིས་པ་ཡིན་ན་གཞི་འཇོག་ས་གང་ཡང་མེད་པར་ལོ་རྒྱུས་ཅི་འདྲ་ཞིག་འབྲི་དགོས་པ་རེད། ཏུན་ཧོང་སོགས་ཡིག་རྙིང་ཕལ་ཆེར་ནང་བོན་གྱི་ལོ་རྒྱུས་གསལ་གསལ་དག་དག་བཀོད་ཡོད་པ་དེ་ལོ་རྒྱུས་མིན་ན་ཆི་རེད། བོད་ཀྱི་ལོ་རྒྱུས་འབྲི་བའི་ཡོ་ལང་མགོ་བརྩམས་པ་ནས་བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་ཁག་ལེགས་པར་བྲིས་ཡོད་པ་རེད། དུས་རབས་ཉི་ཤུའི་དུས་མཇུག་མ་ཚད་དུས་རབས་༡༤་དང་༡༥་ནས་བྲིས་པའི་བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་ག་ཚད་འདུག། ཁྱོད་ད་ངོ་མ་སེམས་རྣལ་དུ་ཕབ་པའི་མི་ཞིག་ཨེ་ཡིན། ཡང་ན་གང་བྱུང་སེམས་ལ་དྲན་ཚད་འདིར་སྨྱོ་ལབ་བརྒྱབ་བསྡད་པ་ནི་མིན་འགྲོ། །
བོན་པོ་ལགས་ཨོ་རྒྱན་གྱིས་སྨྱོ་ལབ་ཡིན་རྒྱུ་རང་ད་མིན་འགྲོ། ཁོང་ཚོར་རྟག་པར་རྨོངས་དད་པ་ཚོར་མགོ་འཁོར་གཏོང་དུ་གཅིག་གནམ་ཡིག་ཟེར་བ་ལུང་བསྟན་བ་མང་ཐག་ཆོད་ཅིག་ག་ས་ག་ལ་བཀྲམ་གྱི་རེད། ད་ཨོ་རྒྱན་ལ་དད་པ་དང་མཆོད་པ་མྱས་ན་དུས་ངན་འདིར་ནད་མུག་མཚོན་གསུམ་དར་ཡོང་གི་རེད་ཟེར་ནས། མི་ལ་འཇིག་སྣང་བསྐུལ་གྱི་རེད། བོད་མི་ནི་ཆེས་རྨོངས་དད་དད་པའི་རྗེས་འབྲེང་བྱེད་རྒྱུར་དགའ་བོ་རེད། དེ་མིན་ཕྱི་ཡི་རྒྱལ་ཁབ་ཞིག་ཏུ་འདི་འདྲ་ཤོད་དང། སང་ཉིན་ནས་བཙོན་ཁང་ནང་དུ་བླུག་འགྲོ་ངེས་རེད། བོད་མི་ཚོར་ཁོང་ཚོས་སྔར་ནས་ད་བར་དུ་འདི་འདྲ་རྐྱང་བཤད་ནས་མགོ་འཁོར་བཏང་བ་རེད། བོན་པོ་ཚོ་ནི་མགོ་ནམ་ཡང་འཁོར་གྱི་མ་རེད། སི་དྷི་ནམ་ཡང་མི་འདོན། ཁོང་ཚོའི་བྱེད་བབས་ཀྱིས་རྐྱེན་པས་ད་ནི་བོན་པོ་རྣམས་ནི་ཨོ་རྒྱན་པདྨ་གལ་སྲིད་ཡོད་དུ་ཆུགས་ལཀྱང་དད་པ་ནམ་ཡང་མི་བྱེད་ངེས། བོན་གསར་མ་དེ་ཚོའང་ད་ལྟ་གཞི་ནས་གཉིད་སད་ནས་སི་དྷི་འདོན་རྒྱུར་དྭོགས་པ་ཆེན་པོ་བྱེད་ཀྱི་འདུག
བོན་རང་བཙན་གཙང་མ་ཡིན།
ཨོ་རྒྱན་ཉི་མ་ཁྱོད་ཀྱིས་ངས་བོད་གྱི་ལོ་རྒྱུས་དེབ་སུམ་བཅུ་ཙམ་ལ་གཤིབ་བསྡུར་བྱས་ཡོད་ཅེས་
ཆེ་མདོག་ཁ་པོ་བྲིས་འདུག དེབ་དེ་ཚོའི་ནང་བཀའ་འཆེམས་ཀ་ཁོལ་མ་དང་དེ་ཐེར་སྔོན་པོ་གཉིས་ཡོད་ཚོད་རེད་ངེས་དེ་གཉིས་ཅིག་པུ་འདིར་བཀོད་གཞན་མང་པོ་བཀོད་ཀྱང་ཁྱོས་ལྟ་ཤེས་ཀྱི་མི་འདུག
བཀའ་འཆེམས་ཀ་ཁོལ་ནང་འོད་གསུང་གི་བསྟན་པ་ནུབ་ནས་ཤག་ཐོབ་བསྟན་པ་མ་དར་གོང་ཞང་ཞུང་གི་ཡུལ་དུ་སྟོན་པ་གཤེན་རབ་མི་འོ་སྐུ་འཁྲུང་འཁོར་དུ་གཡུང་དྲུང་སེམས་དཔའ་རྣམས་བསྐོར་ནས་འཛམ་གླིང་གི་སེམས་ཅན་ཐར་པར་བཀོད་པ་གསུངས་ཡོད་དེ་ཁྱོད་ཀྱིས་ག་རེད་ཤོད་རྩིས་ཡོད?????
དེ་ཐེར་སྔོན་པོའི་སྟོད་ཆ་ནང་ཇེ་བོ་རྗེས་སྔོན་བོད་ལ་རྒྱ་གར་ལ་མེད་པའི་ཆོས་ཟམ་མོའི་དཔེ་ཆ་མང་པོ་འདུག་གསུངས་པ་ཡོད་དེ་ལ་ག་རེ་ཤོད་རྒྱུ་ཡིན་????? ངེས་བོན་པོ་ཁོ་རང་ཚོས་འདོད་སྟངས་དང་ལོ་རྒྱུས་དུ་མ་ཡོད་ཀྱང་མི་བཀོད་།་་་་་་་་་་་་་་་་་་་་་་་་་་ཁྱོས་མི་ཡིས་དྲེ་བ་བཏང་བ་ལ་ལན་བྱེད་ཤེས་ཀྱི་མེད་པ་འདྲ་གལ་སྲིད་ལན་བྱེད་ཤེས་ཀྱི་ཡོད་ན་འདི་ལ་ལན་བྱེད་རོགས་གནང་།
གོང་དུ་དྲ་གྲོགས་ཤིག་གིས་ཇོ་བོ་རྗེས་སྔོན་རྒྱ་གར་དུ་མེད་པའི་ཆོས་དཔེ་མང་པོ་ཞིག་བོན་དུ་འདུག་ཅེས་གསུངས་པ་བོན་པོའི་དཔེ་ཡིན་ལུགས་ཤིག་གསུངས་འདུག དེ་འདྲའི་བཤད་སྲོལ་སྔར་ནས་ཡོད་པ་རེད་པས་དེང་སང་བྱུང་བ་རེད། དེའི་སྐོར་ཤེས་འདོད་ཆེ། སོག་བཟློག་པའི་རྩོད་བཟློག་ཏུ་ནི་དེ་ཚོ་རྙིང་མ་པའི་དཔེ་ཆ་ཡིན་པ་དང་དེ་ཡང་ཨོ་རྒྱན་ཆེན་པོས་ཨོ་རྒྱན་ཡུལ་དང་མཁའ་འགྲོའི་གླིང་ནས་བསྒྱུར་བ་ཡིན་ཚུལ་བཤད་ཡོད།
ཡང་གོང་དུ་ཁ་ཤས་ཀྱིས་བོན་པོ་རྣམས་སི་དྡྷི་འདོན་རྒྱུ་མཚམས་བཞག་རྒྱུ་ཡིན་གསུངས། བསམ་གཏན་ཀརྨའི་རྩོམ་ཡིག་ཅིག་གི་ནང་དུ་རྫོགས་ཆེན་གསེར་གྱི་ཐུར་མ་ཞེས་པ་ཞིག་དེང་སང་བོན་གྱི་ནང་དུ་ཤིན་ཏུ་རྩ་ཆེན་བརྩི་བཞིན་ཡོད་པ་དེ་ཨོ་རྒྱན་ཆེན་པོས་ལུང་བསྟན་ནས་རྡོ་རྗེ་གླིང་པས་ཨོ་རྒྱན་ཆེན་པོའི་གནས་འབྲུག་ཡུལ་སྤ་གྲོ་སྟག་ཚང་ནས་གཏེར་ནས་བཏོན་ཡོད་ཚུལ་གསུངས་འདུག དེ་བདེན་ན་བོན་པོ་ཚོ་སིདྡྷི་འདོན་རྒྱུ་མཚན་འཇོག་བྱེད་ཉན་ས་མ་རེད་གོ་ལགས།
ད་དུང་བོན་གྱི་རྫོགས་ཆེན་གྱི་བླ་བརྒྱུད་ནང་དུ་དགའ་རབ་རྡོ་རྗེ་ཡོད་ཚུལ་འདུག དགའ་རབ་རྡོ་རྗེ་དེ་རྙིང་མའི་རྫོགས་ཆེན་གྱི་བླ་བརྒྱུད་ཀྱི་གྲལ་དུ་ཡོད་པ་དང་བོན་གྱི་བླ་བརྒྱུད་དུ་ཡོད་པ་དེ་གཅིག་པ་ཡིན་ནམ། དགའ་རབ་རྡོ་རྗེ་བླ་བརྒྱུད་ཀྱི་གྲལ་དུ་ཡོད་པར་བཤད་པའི་བོན་གྱི་བསྟན་བྱུང་ཆེས་ཐོག་མ་དེ་གང་ཞིག་ཡིན་གསུངས་རོགས། བོན་གྱི་དཔེ་ཆ་མཇལ་མཁན་བྱུང་ན་བོན་པོ་རྣམས་དཔེ་མི་སྲིད་ཐུགས་དགྱེས་པོ་གནང་གི་ཡོད་ཚོད་འདུག དེ་ཡིན་དུས་ངས་ཀྱང་བོན་པོ་ཚོས་ཐུགས་དགྱེས་པོ་གནང་ཆེད་དུ་བོན་གྱི་བསྟན་བྱུང་དེ་མཇལ་གྱི་ཡིན། དྲ་ཐོག་ནས་རྙེད་ཐུབ་ན་དྲ་ལམ་ཞིག་ང་ལ་བསྐུར་རོགས་ཞུ།
ཅབང
ད་བན་བོན་གི་རྩོད་པ་འདིི་སུན་པོ་རང་རེད། མ་གཞི་ནས་ཉ་གེ་ཉོག་གེ་འདིའི་རིགས་སྤྱི་ཚོགས་ལ་ནམ་ཡང་མི་མཁོ་གི
དེབ་ཐེར་དམང་པོའི་སྟོད་ཆ་ནང་ལ་འདུག་ཇོ་བོ་རྗེས་གསུངས་ཡོད་པ་ཐག་ཆོད་ས་རེད་དེ་མིན་དེ་ལྟར་བཤད་དགོས་དོན་མིད་དེ་སྔོན་པད་འབྱུང་ཨོན་རྒྱན་ཡུལ་དུ་གསུངས་པའི་དཔེ་ཆ་ཞིག་ཡིན་ན་པད་འབྱུང་གིས་རྒྱ་གར་མ་གསུངས་པའི་ཆོས་ཟབ་མོ་ཞིག་དང་པོ་ཨོ་རྒྱན་ཡུལ་ལ་གསུངས་དེ་ནས་བོད་ཅིག་པུ་ལ་བྱུང་འདུག་མི་གསུངས་པའི་རྒྱུ་མཚན་ཅི།
ཨ་རོ་ཨོ་ཉི། ཆགས་སྡང་གི་སྐད་ཆ་རྐྱང་རྐྱང་མ་བཤད་པར་ཕུགས་ཕེར་བའི་སྐད་ཆ་འདྲ་བཤད་རྒྱུ་ཡོད་ན་ཤོད། དེ་མིན་རང་ཉིད་ཀྱི་ཆགས་སྡང་རྨོངས་གསུམ་ཁ་བརྡ་དྲ་བའི་སྟེང་དུ་སྤུངས་ན་རང་མཚང་སྟོན་བྱེད་ཙམ་ལས་ཕན་ཐོགས་གང་ཡང་མེད། ལས་ངན་མ་བསགས་འབའ་ཛ་གུ་རུ་འདྲ་བསགས་ནས་བསྡད་ན་ཡག་ཤོས་རེད།
མཁྱེན་པ་རྒྱབས་ཏེ་བཟོས་པ་མིན་ན། བོན་པོ་ཚོར་དཔེ་རིས་ནི་མི་འདུག ལོ་རྒྱུས་ནི་ཚད་ལྡན་ཞིག་མི་འདུག བོད་ཡིག་ལས་བྱུང་བ་ཁས་མི་ལེན། ཧཧཧཧཧཧཧཧ ངས་བལྟས་པའི་རྒྱལ་རབས་དང་། ཆོས་འབྱུང་ཁག་ག་ལེར་ཞུས་ཆོག ཁྱེད་ཅག་བྲེལ་བ་མ་གནང་།
ཧ་ཧ་བདག་མེད་ལགས། ཇོ་བོ་རྗེས་སྔར་རྒྱ་གར་དུ་མ་གསུངས་པ་ཨོ་རྒྱན་ཡུལ་དུ་གསུངས་ནས་བོད་ལ་བསྒྱུར་འདུག་ཅེས་མ་གསུངས་པས་ཨོ་རྒྱན་གྱི་ཡུལ་ནས་བསྒྱུར་བ་མ་ཡིན་པར་གྱུར་ན། དེ་ལྟར་ན་སྔར་རྒྱ་གར་དུ་མ་གསུངས་པའི་དཔེ་མང་པོ་ཞིག་བོན་ནས་བསྒྱུར་འདུག་ཅེས་ཀྱང་མ་གསུངས་འདུག་པས། བོན་ནས་བསྒྱུར་བ་ཡིན་པ་ཇི་ལྟར་རྟོགས།
ཨོ་ཉི་ལགས་བོན་པོར་ལོ་རྒྱུས་ཚད་ལྡན་མི་འདུག་རྐྱང་བཤད་ཀྱི་འདུག དེ་ཅི་ཞིག་བཤད་ཀྱི་ཡོད་དམ། ལོ་རྒྱུས་ཚད་དང་ལྡན་མི་ལྡན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ། གཅིག་ཤོད་དང། ཚད་དང་ལྡན་མི་ལྡན་དེ་ཆགས་སྡང་རྨོངས་གསུམ་གྱིས་བཟི་བའི་ཁྱོད་ཀྱི་ངོར་ཚད་དང་ལྡན་མི་ལྡན་འཇོག་དགོས་སམ། ཡང་ན་དེ་ལས་གཞན་པ་ཞིག་འཇོག
དཔེ་རིས་སྟོན་རྒྱུ་མེད་པར་ཁྱོད་ཀྱིས་ཇི་ལྟར་ཤེས་སོང་ངམ། ཡོད་ན་ཁྱོད་ལ་སྟོན་དགོས་པ་རེད་དམ། ཁྱོད་ཀྱི་མི་རབས་བརྒྱ་ཕྲག་གཅིག་གི་གོང་དུ་བྱུང་བའི་ཁྱོད་ཀྱི་ཨ་མྱེས་ཀྱི་མིང་ལ་གང་ཟེར་བ་རེད་དམ། དེ་འདྲ་མ་བྱུང་བར་འདོད་དམ། ཡོད་ན་དཔེ་རིས་འདྲ་སྟོན་དང། བོན་ནི་རྒྱ་མཚོ་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་དུས་ཁྱོད་ཀྱི་བློ་མིག་ནི་མོ་ཁབ་ལས་ཀྱང་ཕྲ་བ་ཞིག་ཡིན་པར་མཐོང་བྱུང་བས་ད་མེད་རབས་བཤད་ཕོད་པ་འདུག་གམ།
བྱུང་ན་གོང་དུ་དྲི་བ་ཁ་ཤས་ཤིག་དྲིས་ཡོད་དེ་ཚོར་གཡོལ་ཐབས་མི་བྱེད་པར་ལན་རེ་འདེབས་ཐུབ་མིན་བལྟས་ན་ལེགས།
གཡུ་འབྲུག་དཀར་པོ་ལགས།
ཁྱེད་ཚོ་འབྲུག་པའི་ཡི་གེ་འདི། ཞབས་དྲུང་མཚན་ལྡན་དེ་བས་བཟོས་གནང་བ་རེད་དམ། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཟོས་པ་རེད། འབྲུག་ཡིག་གི་སྐོར་ལ་ལོ་རྒྱུས་གཅིག་ཤོད་དང་། ཉན་འདོད་ཡོད། ཡང་ན་འབྲུག་པའི་ཡི་གེ་ཟེར་བ་རྩ་བ་ནས་མེད་ཟེར་རྒྱུ་ཡིན་ནམ། འབྲུག་ཡུལ་མཉམ་སྦྲེལ་རྒྱལ་ཚོགས་ནང་དེབ་སྐྱེལ་བྱེད་དུས་མཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་ག་འདྲ་ཞིག་ཡོད་ཟེར་ཁུངས་སྐྱེལ་བྱས་ཡོད་དམ། གསལ་པོ་ཞིག་གསུངས་རོགས། ཚང་མ་ལ་ཕན་ས་རེད།
སོ་ངོ་ཁམས་གཙོང་པ་ལ་ན།
བོན་པོ་ལགས། ཞབས་དྲུང་མཚན་ལྡན་འདུལ་བ་ཟེར་མཁན་དེ་འབྲུག་ལ་སླེབས་ནས་མི་ལ་མགོ་སྐོར་ཅི་ཐུབ་བཏང་། འབྲུག་པ་ལ་ཆོས་བཤད་དང་བྱིན་རླབས་སོགས་བྱས་མདོག་གིས་འབྲུག་པ་ནས་འབུལ་སྡུད་སོགས་བྱས་ཏེ་བོད་ལ་བསྐྱལ་ནས་བོད་ཀྱི་བོན་པོ་ཚོ་གསོ་སྡོད་ཡོད་ན་མ་གཏོགས། གཞན་འབྲུག་ལ་བྱས་རྗེས་གང་ཡང་བཞག་ཡོད་མ་རེད།
ཧ་ཧ་ཀུ་རེ་ཡིན། ངས་ཞབས་དྲུང་མཚན་ལྡན་འདུལ་བའི་སྐོར་གང་ཡང་མི་ཤེས། འབྱུང་ན་ཁོང་གི་རྣམ་ཐར་ཞིག་མཇལ་འདུན་ཡོད།
རེད་ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ནང་དེབ་སྐྱེལ་བྱས་དུས་འབྲུག་པའི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་ར་ཁུངས་སྦྲགས་ཡོད། ར་ཁུངས་གང་འདྲ་སེ་སྦྲགས་ཡོད་ཅེ་ན་འབྲུག་པའི་རྒྱལ་ཡོངས་སྐད་ཡིག་གམ་ཁ་སྐད་རྫོང་ཁ་དང་། རྒྱལ་ཡོངས་ཀྱི་གྱོན་ཆས་གོ་དང་དཀྱི་ར། དེ་བཞིན་རྒྱལ་ཡོངས་ཀྱི་བྱ་བྱིའུ། རྒྱལ་ཡོངས་ཀྱི་དུད་འགྲོ་སེམས་ཅན། རྒྱལ་ཡོངས་ཀྱི་རྩེད་མོ། རྒྱལ་ཡོངས་ཀྱི་ཆོས་ལུགས། རྒྱལ་ཡོངས་ཀྱི་་་་་་ལ་སོགས་པ་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཡོད་པ་ཁུངས་སྐྱེལ་བྱས་ཡོད་རེད། ཨོ་ད་དུང་གཅིག་ལྷག་བཞག དེ་འབྲུག་པ་རྒྱལ་ཡོངས་ཀྱི་ཡི་གེ་རེད།
འབྲུག་པའི་རྒྱལ་ཡོངས་ཀྱི་ཡི་གེ་དེ་སུས་བཟོས་པ་རེད་ཟེར་ན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་སློབ་མ་རྗེ་འབངས་ཉེར་ལྔའི་ནང་ཚན་ལོ་ཙཱ་བ་ལྡན་མང་རྩེ་མང་གིས་བཟོས་པ་རེད་ཟེར་གྱི་ཡོད། ཡི་གེ་དེ་ནི་ཏུན་ཧོང་གི་ཡིག་ཆའི་ནང་ནས་བྱུང་བའི་ལྷོ་ཡིག་ཟེར་བ་དེ་རེད། ཨོ་ད་དུང་ནོར་བཞག ཡི་གེ་མ་རེད་ཡིག་གཟུགས་རེད།
ཡི་གེ་ནི་འགྲོ་བ་མི་ཞིག་གྲུབ་པ་ནས་རང་ཤུགས་ཀྱིས་གྲུབ་པས་སུས་ཀྱང་བཟོ་དགོས་ཀྱི་མ་རེད་པ། ད་བཟོ་དགོས་རྒྱུ་དེ་ཡིག་གཟུགས་རེད། དེ་ཡིན་ཙང་ཡིག་གཟུགས་དེ་ལྡན་མང་རྩེ་མང་གིས་གང་འདྲ་སེ་བརྩམས་པ་རེད་ཟེར་ན་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་རྒྱ་གར་གྱི་ཆོས་རྣམས་བསྒྱུར་དུས་བོད་ལ་ཤོག་བུ་མེད་པར་འབྲུག་པ་རྒྱལ་པོ་ལ་ཤོག་བུའི་གྲོགས་ལྡན་བྱེད་དགོས་ཚུལ་གྱི་བཀའ་ཕེབས་པ་རེད་ཟེར། འབྲུག་པ་རྒྱལ་པོས་ཀྱང་དེ་བཞིན་གྱི་གྲོགས་དན་བྱས་པས་བོད་རྒྱལ་པོ་ཤིན་ཏུ་མཉེས་ཏེ་ད་ཁྱོད་ལ་ངེད་བོད་རྒྱལ་པོས་གྲོགས་དན་ག་རེ་དགོས་ཀྱང་གསུངས་རོགས་གསུངས་དུས། འབྲུག་པ་རྒྱལ་པོས་གཞན་གང་ཡང་དགོས་པ་མེད། ངེད་ཅག་ལྷོ་མོན་ལ་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཤིག་མེད་པ་དེ་འགྲིགས་ཀྱི་མིན་འདུག དེ་བཟོ་ཡ་ལ་གྲོགས་དན་ཅིག་གནང་རོགས་ཞེས་ཞུས་པས། ཡོང་ང་གསུངས་ནས་ལྡན་མང་རྩེ་མང་ཆེད་མངགས་ཀྱིས་གུ་རུ་རིན་པོ་ཆེ་དང་ལྷན་དུ་འབྲུག་ལ་ཡི་གེ་བཟོ་ཆེད་བཏང་གནང་བ་རེད་ཟེར།
དེ་ཡིན་དུས་འབྲུག་པ་ལ་ཐུན་མོང་མ་ཡིན་པའི་ཡི་གེ་ཞིག་ཡོད་པ་མ་ཟད། ཡིག་གཟུགས་ཀྱང་ཡོད་རེད། ཡང་དེ་བོད་པ་ཞིག་གིས་བཟོས་འདུག་པས་བོད་པའི་ཡིག་གཟུགས་རེད་འདུག་མ་གསུངས་ཨ། དེ་འདྲ་གསུངས་ན་དེང་སང་གློག་ཀླད་སྒང་ལ་བཀོལ་བཞིན་པའི་ཡི་གེ་དེ་ཚོ་ཡང་བོད་པའི་ཡིག་གཟུགས་མིན་པར་ཕྱི་རྒྱལ་བའི་ཡིག་གཟུགས་ཡིན་པར་ཁས་ལེན་དགོས་པར་ཆགས་ཉེན་ཡོད་རེ་གོ
བན་བོན་གཉིས་ཀ་ལ་ཁྱད་པར་མེད་དཀྲུགས་ཤིང་རྒྱག་མཁན་ཧ་ཅང་མང་པོ་འདུག་གཟབ་གཟབ་བྱོས་ལྷག་དོན་དུ་རྙིང་མ་དང་བོན་པོ་གཉིས་ཀྱི་བར་ལ་མང་པོ་ཞིག་གིས་དཀྲུགས་ཤིང་རྒྱག་གི་འདུག་ད་དེ་ལུགས་ལ་འཛིན་པར་ཞུ་ཞུ་ཞུ་་་་་་་་་་་་་་་་་
ཇེ་བོ་རྗེས་སྔོན་བོད་ལ་རྒྱ་གར་ལ་མེད་པའི་ཆོས་ཟམ་མོའི་དཔེ་ཆ་མང་པོ་འདུག་གསུངས་པ་རེད་དམ།
ཡང་ན་རྒྱ་གར་དུ་མ་ཞུགས་པའི་ཆོས་དཔེ་མང་པོ་འདུག་གསུང་པ་རེད་དམ་།
དྲ་གྲོགས་ཚང་མས་ཇོ་བོ་རྗེའི་རྣམ་ཐར་ལ་གཟིགས་རོག་གནང་།
ཐོན་མི་ཨ་ནུ་བུ་སམྦྷོཊས།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབ་པའི་སྔོན་མ་ཡིན། །
ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །
རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །
གྲོགས་་བློན་པོའི་ཁྲོད་ན་ང་ཙམ་མེད། །
བོད་ཁ་བ་ཅན་པའི་མི་རྣམས་ལ། །
ང་ཐོན་མི་བཀའ་དྲིན་མི་ཆེའམ། །
ཁ་བརྡའི་རྩོམ་སྒྲིག་པ་ལགས། ཁྱེད་ཀྱི་ཁ་བརྡ་ཡག་པོ་༼མཆན་འབུ༽དག་གིས་དངོས་ནས་བརླགས་འདུག འདི་འདྲའི་ཉོག་དཀྲིགས་བྱེད་ཀྱི་དྲྭ་ཚིགས་ཤིག་ང་ཚོ་གཞིས་ཀྱི་བོད་མི་ཚོས་གཏན་ནས་མཐོང་མ་མྱོང་ལ་མ་མཐོང་ནའང་ཧ་ཅང་ལེགས། རྒྱུ་མཚན་བོད་པ་མང་བོ་ཞིག་གཏན་ནས་ཞེན་པ་ལོག་སྲིད་རྒྱུ་རེད། ངས་ད་བར་དུ་འདིའི་ནང་དུ་༼ཟོག་རྫི༽ཚོས་བཤད་རྒྱུའི་སྐད་ཆ་དེ་འདྲ་ལས་སྤོབས་པ་དང་རེ་བའི་ཁེངས་བའི་གཞིས་བྱེས་ཀྱི་སྤུན་ཟླ་ཧ་ལམ་མཐོང་མ་སོང་། མཆན་བཀོད་ཆོག་པ་དེ་ཡང་རང་དབང་མཚོན་བྱེད་ཙམ་ཡིན་ན་ཐང་མོད་གང་དྲན་གང་ལས་བྱས་ན་ནི་ཁྲིམས་འགལ་ལས་རང་དབང་ག་ལ་ཟེར། དེ་བས་ཁྱེད་དྲྭ་བའི་མཆན་པ་འདི་དག་ནི་ངེད་གྲོགས་པོ་མང་པོ་ཞིག་གིས་རྒྱ་ནག་གི༼ཆོ་འཕྲུལ༽ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་བན་བོན་གཙོ་བྱས་བའི་ང་ཚོའི་ཡོད་ཚད་དུར་དུ་འཇུག་མཁན་ནི་རྒྱ་ནག་ཡིན་པ་ལས་ཅང་མིན་ལ་མི་འདི་དག་གིས་ནང་འཛིང་བྱེད་རྒྱུ་ལས་དགྲ་བོ་རྒྱ་དམར་ལ་མཆན་གཅིག་ཀྱང་བཀོད་ཡོད་པ་མ་མཐོང་བས་ཧ་ཅང་གསལ།དེ་བས་ངེད་གཞིས་ཀྱི་གྲོཊ་པོ་མང་བོ་ཞིག་གི་རེ་བ་ལ་ཁ་བརྡ་དྲ་བ་འདི་ལ་འདི་འདྲིའི་ཉོག་དཀྲིགས་བྱེད་ཀྱི་མཆན་འདི་གཏན་ནས་མི་དགོས་ལ་ལྷག་པར་མཆན་འདི་ནི་རྒྱ་ནག་གི་༼ཆོ་འཕྲུལ༽སྟོན་སའི་གཞི་ཞིག་ཆཊ་ཉེན་ཆེ་བས་ཧ་ཅང་གཟབ་དགོས་འདུག་སྙམ།དེ་མིན་སྤྱིར་ཁ་བརྡ་དྲ་བ་འདི་ང་ཚོས་མིག་གིས་བལྟ་ས་དང་རྣ་བས་ཉན་ས་ཆཊ་ཡོད།