གསང་གྲོལ་གྱིས།
ལས་ཁུངས་ཨ་མ་ཨ་རིའི་ཁྰ་ལིས་ཧྥོར་ཉིའུ་ཡ་རུ་ཡོད་པའི་ལྷམ་བཟོ་ཚོང་ཁང་གྲགས་ཅན་ICONཟེར་བ་ཡིས་སངས་རྒྱས་ཀྱི་སྐུ་དཔར་ཡོད་པའི་བུད་མེད་ཀྱི་ལྷམ་ཚོང་འགྲེམས་བྱེད་ཀྱི་ཡོད་འདུག་ལ། དེའི་ཐད་འཛམ་གླིང་གང་སར་གནས་བའི་བོད་མི་དང་འབྲུག་པའི་ནང་པ་རྣམས་ཀྱིས་ICON ཡི་ངོ་དེབ་སྒང་ལ་ལན་བཞག་སྟེ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་། ཁོང་ཚོས་ལྷམ་བཟོ་ཚོང་ཁང་གིས་སངས་རྒྱས་ཀྱི་སྐུ་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་དེ་ནི་སྐྱུགས་བྲོ་བ་ཞིག་རེད་ཅེས་བརྗོད་འདུག
༨པའི་ཚེས་༢ཉིན་བཏོན་པའི་ཧིན་རྡུ་གསར་ཤོག་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་གིས་བརྗོད་པ་ལྟར་ན། ནང་པ་ཚོས་རྩ་བའི་སྲོལ་རྒྱུན་ནི་སངས་རྒྱས་ཀྱི་སྐུ་པར་ལ་སངས་རྒྱས་དངོས་ལྟར་བརྩི་བ་དང་། སྐུ་པར་ལྷམ་སྟེང་ལ་དཔར་བ་ནི་སངས་རྒྱས་ལ་བརྩི་བཀུར་མ་བྱེད་པ་རེད་ཅེས་བརྗོད། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱིས་ICON བཟོ་ཚོང་ཁང་ལ་བཏང་བའི་འཕྲིན་ཡིག་ནང་༼ICONགིས་འཛམ་གླིང་གི་ནང་པ་ཁྲི་སྟོང་མང་པོ་ཁོང་ཁྲོ་ལངས་བཞིན་པར་བསམ་གཞིགས་ཀྱིས་ཚོང་འགྲེམས་བྱས་པའི་ལྷམ་ཕྱིར་བསྡུ་དང་བཟོ་སྐྲུན་མཚམས་འཇོག་དགོས་བ། ICONགི་གཞུང་འབྲེལ་དྲ་རྒྱའི་སྟེང་ནས་ཡོངས་ཁྱབ་དགོངས་སེལ་ཞུ་དགོས་ཡོད་༽ཅེས་བརྗོད་ཡོད་འདུག
ICON ལྷམ་བཟོ་ཚོང་ཁང་ནི་ཧོ་ལིས་ཝོ་ཊི་གློག་བརྙན་བཟོ་སྐྲུན་མཁན་དང་སྒྱུ་རྩལ་བ་ཚོའི་༡༩༩༩ལོར་བཙུགས་པ་ཡིན་འདུག་ལ། བུད་མེད་ཀྱི་ལྷམ་དང་ཁུག་མ་དཔེ་གསར་ཅན་ཆེད་དུ་བཟོ་སྐྲུན་བྱེད་ཀྱི་ཡོད་འདུག བོད་མི་ཚོས་སྐྱོན་བརྗོད་ལ་ICON གིས་གནས་སྐབས་རུང་བརྡ་ལན་ཅི་ཡང་སྤྲད་མི་འདུག
ཡིག་ཆ་ལྟར་ན་ICON གི་བུད་མེད་ལྷམ་དེ་ཀོ་རིའི་ཡ་ནས་འཆར་བཀོད་དང་རྒྱ་ནག་ནས་བཟོ་སྐྲུན་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་ཀོང་ཀྲིག་ཏུ་ཚོང་འགྲེམས་ལྟེ་གནས་བཙུགས་ཡོད་འདུག
གསར་འགྱུར་མ་ཡིག་ལ་གཟིགས་ན་http://www.chinese.rfi.fr
སྙིགས་མའི་དུས་སུ་འདི་ལས་གང་བྱེད།
ནང་པ་བ་ཚོར་ཤོད་རྒྱུ་ལས་རྒྱུ་ཡོད་ན་འདི་ཚོར་དགག་དགོས་རེད། ནང་དཀྲུགས་བྱས་ནས་ཕན་པ་གང་ཡོང།
བཟོ་གྲྭ་དེ་དུས་ནམ་ཡང་ལམ་འགྲོ་མ་ཡོང་བར་ཤོག དཀོན་མཆོག་ལ་མཐོལ་བཤག་ཕུལ་དགོས། དཀོན་མཆོག་གིས་ཆད་པར་གཅོད་ངེས།
བཟོ་གྲྭ་དེའི་འདོན་སྤེལ་བྱས་པའི་དངོས་ཟོག་གང་ཡིན་ཀྱང་མི་ཉོ་བའི་ལས་འགུལ་སྤེལ་དགོས། བཟོ་གྲ་དེ་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་དགོས། ནང་པ་ཡོངས་ནས་བཟོ་གྲ་དེར་ངོ་རྒོལ་བྱེད་དགོས།
བཟོ་གྲའི་བདག་པོ་དང་ལྷམ་དེ་ལྟར་བཟོ་བཀོད་འཆར་གཞི་སྤྲོད་མཁན་ནི་ཀླ་ཀློ་དང་སྙིང་རྗེའི་ཡུལ་ཁོ་ན་རེད། ཁོང་ཚོ་ལས་ངན་མ་བསག་ཆེད་དང་རང་ཚོ་སྟོན་པའི་རྗེས་འཇུག་དང་སྟོན་པ་ལ་བརྩི་བཀུར་ཞུ་ཕྱིར་གང་ཅི་ཐད་ནས་བཟོ་གྲ་དེར་ངོ་རྒོལ་དང་དགག་པ་མཐའ་གཅིག་ཏུ་རྒྱག་དགོས། སྟོན་པའི་རྗེས་འཇུག་རྣམས་དད་པ་དང་སྙིང་རྗེ་ཀུན་སློང་ནས་མཉམ་དུ་ལོང་ཤོག་
ཤཀྱ་ཐུབ་པའི་རྗེས་འཇུག་ས་ཡ་མང་པོའི་སེམས་ཁམས་ལ་རྨ་ཁ་གཏོད་ཅིང་། དད་ལྡན་ས་ཡ་མང་པོའི་མངོན་འདོད་ལ་མཐོང་ཆུང་གཏོང་བ་རེད། ནམ་ཡང་ངོ་རྒོལ་ཡོད།
བོད་པ་ནང་ཁུལ་ལ་ཆོས་ལུགས་ཕྲག་དོག་རྩོད་ཚེ་སྟག་ལས་ངར་བ་དང་། གཟིག་ལས་འཇིགས་པའི་དྲ་འབུ་དེ་ཚོའི་སྙིང་ལ་རུས་པ་ཡོད་ན་ད་ཤོད། ད་བྲིས། ད་གྱོད་ཚུགས། མ་གཡེལ་ཞིག ད་དགག་ལན་རྒྱོབས།
དད་པ་དང་གོམས་སྲོལ་ཞིག་གི་ཆ་ནས་དགག་སྒྲུབ་ཅིག་དང་། སྐད་ཡིག་ཚན་འཕྲུལ་དར་འཕེལ་གྱི་ཆ་ནས་ཤོད་མཚམས་མི་ཤེས་པ་ཞིག
ཡེ་ཤུའི་སྟོན་པ་དང་ཨ་རིའི་དར་ཆ་སོགས་གནས་དང་གནས་མིན་གང་སར་ཁྱབ་སྤེལ་བྱས་དང་བྱེད་ཀྱིན་འདི་གཉིས་དབར་ལ་བསམ་བློའི་འཛིན་སྟངས་དང་གོམས་སྲོལ་ཀྱི་ཁྱད་ལས་་་་་་་་
རིག་གནས་དར་དགོས་སམ། ནང་རྟེན་གསོལ་དགོས་པ་གང་ལྟར་་་་་གདམ་ག་གཅིག
ཨ་ཕྷི་གྷན་ནང་གི་བྲག་བརྐོས་སྟོན་པས་སྐུ་བརྙན་ཆེན་པོ་དེ་འགས་གཏོར་བྱས་པར་བརྟེན། མི་གསོད་དམག་འཁྲུག་ག་ཚོད་ཅིག་བསླངས་སོང་། རིག་གསར་སྐབས་དགོན་པ་གཏོར་བ་དང་ནང་བསྟན་ཤུལ་མེད་གཏོང་འདོད་ཀྱི་བསམ་ངན་སྦྱོར་རྩུབ་ལག་ལེན་བསྟར་ནས་མི་ག་ཚོད་ཅིག་དམར་བསད་བཏང་སོང་། གང་ན་སྟོན་པའི་སྐུ་བརྙན་བཞུགས་པ་དེར་བཀྲ་ཤིས་པ་དང་དམག་འཁྲུག་མེད་པ་ཞི་བདེ་བག་ཡོད་གནས་ཐུབ་པ་འདས་པའི་བྱུང་རབས་ཀྱིས་ར་སྤྲོད་བྱེད་ཐུབ། འདིར་བསམ་བཟོས་ནས་ནང་པའི་སྲོལ་རྒྱུན་ལ་ཁྱད་གསོད་བྱས་པའམ་སྒྱུ་རྩལ་ཁྱབ་བསྒྲགས་གང་ལྟར་ཡང་བུད་མེད་ཀྱི་ལྷམ་གོག་ཐོག་སྟོན་པའི་སྐུ་བརྙན་དཔར་བ་ནི་ཆོས་མེད་ཞིག་ལ་མཚོན་ན་དེ་ཙམ་ཧ་ལས་དགོས་དོན་མེད་མོད། ནང་པ་ཚོ་ལ་ཏན་ཏན་ཕོག་ཐུག་འགྲོ་སྲིད། སྤྱོད་འཇུག་ལས། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ།།འཁྱར་ཞིང་འཇིག་པར་བྱས་ལའང།།བདག་གིས་ཞེ་སྡང་མི་རིགས་ཏེ།།སངས་རྒྱས་སོགས་སོགས་ལ་གནོད་མི་མངའ།།ཞེས་གསུངས་པ་འདི་ནང་པ་ཡོངས་ཀྱིས་སེམས་ལ་ཉར་དགོས་པའི་གནད་འགག་ཅིག་ཏུ་མཐོང་། ལྟ་བ་མཐུན་མིན་གྱི་ཆགས་སྡང་སོགས་ཀྱི་དབང་དུ་སོང་ནས་སྐུ་གཟུགས་དང་། མཆོད་རྟེན་དང་དམ་པའི་ཆོས་ལ་ཚུལ་དང་མི་མཐུན་པར་འཁྱལ་བའམ་འཇིག་པར་བྱེད་པའི་ཆོས་སྤོང་བ་དང་མཚམས་མེད་ཀྱི་ལས་ངན་ཆེན་པོ་བསགས་པ་ལའང་སྙིང་རྗེ་བསྐྱེད་པ་ལས་ཞེ་སྡང་བྱ་མི་རིགས་པར་གསུངས་སྟེ། གང་ཡིན་ཟེར་ན། སངས་རྒྱས་ཀྱི་སྐུ་ནི་རྡུལ་ཕྲན་བེམ་པོ་ལས་གྲུབ་པ་མ་ཡིན་པས་གང་གིས་ཀྱང་གནོད་པ་མི་མངའ་བ་ཡིན་པའི་ཕྱིར། འདུལ་བ་ལུང་ལས་ཀྱང་། བདག་གི་རིགས་དང་མི་རིགས་ལ།།བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།།མི་མཐུན་པ་དང་གཞན་དག་གིས།།བྱས་དང་མ་བྱས་རྣམས་ལ་མིན།།ཞེས་གསུངས་སོ།
ཤེས་དགའ་ལགས་ད་ཁྱེད་གང་ན་ཡོད་དོན་ཤོག་དོན་འདི་འདྲ་བ་ལ་ཁྱེད་ཀྱི་གླན་ཀ་མེད་སམ་ནང་པིའི་སྟོན་པའི་སྐུ་པར་འདི་འདྲ་ཞིག་བུད་མེད་ལྷམ་སྟེང་དུ་དཔར་ན་ད་ཞིག་ནས་ཁྱེད་གནས་སྲ྄ོད་བདེ་བ་ཡོད་པ་འདྲ་རེད་དམ་གང་ཡིན་ཟེར་ན་ཁྱེད་ཁ་དམག་དེ་འདི་ན་མཐོང་རྒྱུ་མི་འདུག་ད་འཇོན་པོ་ཡོད་ན་ལོངས་ཤོག་ད་ཤོད་དང་ད་རྒྱབ་དང་ད་འདི་ལ་མཐའ་གཅིག་དུ་ངོ་རྒོལ་བྱེད་དགོས་སྐྱིད་ཕོ་ཤེས་དགའ་ལགས།
སྐུ་བཞིའི་བདག་ཉིད་དུ་བལྟ་མ་ཐུབ་ཀྱང་། མི་ས་ཡ་མང་པོར་ཕན་པའི་བསླབ་བྱ་གསུང་མཁན་ལ་རྩིས་མཐོང་དང་། མགོ་དང་ལག་པ་ཐ་ན་སྤུས་མོར་ཐུག་པའི་མི་བཟང་པོ་ཞིག་ལ་ཡང་མ་མཐོང་བར་རྐང་པས་རྡོག་བརྫིས་སུ་བཏང་བ་ནི། སྙིང་རྗེ་ཡ་ང་ལ་་་་ཐབས་སྐྱོ་ལ་་་ཆེད་མངགས་འདི་འདྲ་བྱེད་པ་མིན་གཤའ། མ་ཤེས་རྨོངས་པས་ཡིན་ཚོད། འོན་ཀྱང་ང་ཚོ་རྗེས་འཇུག་པ་ཚོས་ཁམས་གསུམ་དགྲར་ལངས་ཀྱང་རྣམ་པར་རྒྱལ་བའི་རྒྱལ་བ་ཁོང་ལ་གནོད་འཚེས་མི་ཚུགས་པས་བཏང་སྙོམས་སམ་སྙིང་རྗེའི་ཡུལ་དུ་བཟུང་རྒྱུ་ལས། གཞན་གནོད་ཀྱི་ལས་ལ་འཇུག་ན་སྟོན་པའི་བཀའ་དང་འགལ་འགྲོ། འོན་ཀྱང་སྦྱངས་བཤད་བརྒྱུད་སྐུལ་སློབ་སྟོན་འདྲ་བྱས་ན་ཕན་ཆེ་སེམས།
ཁོང་ཚོས་བསམ་དགོས་པ་ཞིག་ལ་བཟོ་སྐྲུན་བྱེད་མཁན་ཁོ་རངལྷམ་དེར་བཀོད་དང་གཞི་ནས་ཚོར་སྣང་སླེབས་ན། ཆོས་ལུགས་དང་སོ་སོའི་རྒྱལ་ཁབ་ཀྱི་སྟོན་པ་དང་དབུ་ཁྲིད་ལྷམ་བཀོད་ནས་ཚོང་བསྒྱུར་བྱེད་དང་ལྷམ་དེ་རང་གི་མགོ་ལ་རག་ཉིད་འདོད་རྟགས་རེད། དེ་བས་ཧ་ཅང་ཉམ་ཆུང་ལ་ཐུབ་ཚོད་ཐལ་ཆ་ཆུང་ན་ལེགས། མིང་སྐམ་པོ་ཞིག་དང་ཟས་ཁམ་སྒང་ལ་འདི་འདྲ་མིན་པའི་ཐབས་ལམ་མང་པོ་ཡོད། ཨ་ཁ་་ཁ་་་་
ཕྱིར་བཏང་ལ་སྔོན་སྟོན་པ་ཞལ་བཞུགས་པའི་དུས་ནས་མི་རྟེག་སྟོན་པ་དྲུག་ལ་སོགས་པ་དངོས་སུ་རྒོལ་མཁན་བྱུང་བས། དིང་སང་འཛམ་ལང་མི་མང་དུང་ཕྱིར་མང་པོའི་ནང་ནས་ཚོགས་པ་གཅིག་ཙམ་གྱི་སྤྱོད་ངན་ལ་ཡ་མཚན་ཅི་དགོས། འོན་ཀྱང་དིང་སང་འཛམ་ལང་ཤར་ནུབ་ཐམས་ཅད་ན་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་གྱི་མ་ཁྱབ་པ་ནི་སྲིད་མཐའ་ཙམ་ཡིན་པས་དུས་འདིར་སྤྱོད་ངན་དེ་ལྟར་བྱུང་བ་ནི་ཡ་མཚན་དགོས་པ་ཞིག་རེད། གཅིག་བྱས་ན་རྒྱ་མིའི་ཆེད་ལས་པ་མིན་འགྲོ། གང་ལྟར་ཡང་ནང་བའི་མཁས་དབང་དང་གྲུབ་ཆེན་ཚོས་རྒོལ་ཡུལ་ཅིག་ཐོན་འདུག། དེ་ཡང་སྔོན་བོད་གྱི་ཆོས་སྲིད་ཟུང་འབྲེལ་ལྟ་བུ་མ་ཡིན་པར། རྒྱ་གར་འཕགས་པའི་ཡུལ་ནས་དེ་ལོ་དང་ན་རོའི་རྣམས་ཐར་དང་སློབ་དཔོན་པདྨའི་མི་རྟེག་པ་ཚར་བཅད་པ་ལྟར་བྱེད་རོག། གྲ་འབུ་ཚོའི་གྲ་ལམ་ནས་རྒོལ་ལན་སྤྲོད་ན་བཟོ་གྲ་དེ་ཆོས་ལུགས་དང་ཚོགས་པ་གང་ཡིན་པ་དེ་ལ་འབོད་བསྐུལ་ཞུའི་ན་ལེགས། ཆོས་ལུགས་ཕན་ཚུན་འཆམ་མཐུན་གྱི་སྒང་འདིར་དེ་འདེའི་སྤྱོད་ངན་རེ་ཟུང་བྱུང་ན་ཆོས་ལུགས་དང་ཚོགས་པ་སོ་སོའི་བསྟེངས་འཛིན་གྱིས་འོག་ཞི་འཇམ་སུ་འགྲོ་དགོས་བ་མ་གཏོགས། ལག་དུ་རལ་གྲི་དང་མེ་མདའ་ཐོག་པ་འམ་ཡང་ན་རྡོ་དང་དབྱུག་པ་ཐོག་ནས་འགྲོ་བའི་དུས་ཚོད་མིན། ངེས་པར་རྒོལ་དགོས་དེས་རྒྱུ་མཚན། སྤྱོད་ངན་རྒྱུད་མཇམས་དུ་སོང་བ་ན་སྔོན་སློབ་དཔོན་དབྱིག་གཉེན་གྱི་དགེ་སློང་ཆང་འཐུང་བ་གཟིགས་པའི་རྐྱེན་གྱིས་བྱུང་བ་ལྟ་བུའི་ཉེན་ཁ་ཆེ་བས་བཏང་བསྙོམ་མ་གནང་རོག།
མང་པོ་བཤད་ནས་ཕན་པ་གང་ཡོང་། ཆོས་ལུགས་གང་ཞིག་ཡིན་རུང་དེའི་དད་གནས་ལ་བརྩི་འཇོག་ལས་ཁྱད་གསོད་དང་ངན་སྨྲོད་བྱེད་མི་ཆོག་པས། བདག་ཅག་གི་སྟོན་པར་གུས་བརྩི་བྱེད་པའི་མི་དམངས་ཡོངས་ནས་བསམ་འཆར་བསྡུ་སྤོང་བྱས་ཏེ་ལས་རིགས་ཚན་པར་ཞུ་སྙན་ཕུལ་ནས་ལས་ཀ་དེ་རིགས་མཚམས་འཇོག་ཡོང་བར་བརྩོན་དགོས།
འཇིག་རྟེན་ཐ་སྙེད་ཀྱི་སྣང་ངོར་ལུས་ཀྱི་སྟོད་སྨད་ལ་ཡག་ཉེས་ཀྱི་ཁྱད་པ་ཕྱེས་ནས་སྐུ་འདྲ་ལྷམ་སྟེང་ལ་སྦྱར་དུས་ནང་པ་ཚང་མས་ཧང་བསམ་མདོག་བྱེད་སྲིད། དོན་ངོ་མ་ནི་ལུས་ཀྱི་སྟོད་སྨད་གཉིས་ནི་ཕན་ཚུན་ལྟོས་ནས་གྲུབ་པས་བཏགས་ལུགས་དང་མཐོང་ལུགས་ཤིག་ལས་དངོས་པོ་རང་གི་ངོས་ནས་སྟོད་སྨད་གཉིས་ལ་ཡག་ཉེས་ཀྱི་ཁྱད་པ་ཡོད་པར་མ་མཐོང་བས་སྐྱོན་མེད་སྙམ། དཔེར་ན། དགེ་ཆོས་ནི་ཕུལ་བྱུང་གི་ནང་པ་ཞིག་དང་རིགས་པ་སྨྲ་བ་ཞིག་ཡིན་ནའང་སྟོན་པའི་སྐུ་འདྲའི་ཞལ་དུ་ཐག་མ་བཅུག་པར་མཁས་པ་ཚང་མས་དགག་པ་བྱས་ནའང་སུས་ཀྱང་ཡང་དག་རིགས་པའི་ལམ་ནས་བཀག་མ་ནུས་པ་བཞིན་ནོ། མི་ཤེས་པ་རྣམས་ཡ་མཚན་ཆེ། མཁས་པས་བལྟས་ན་ཁྱད་མི་མཚར།
ཨ་ཁ་ཁ་སྙིང་རྗེ་བའི་ཡུལ་རེད། ཁོ་ཚོས་མ་ཤེས་ནས་བྱས་པ་ཡིན་རྒྱུ་རེད། གསལ་བཤད་རེ་བྱས་ན་ཡག་པོ་རེད། དེ་མིན་ཤེས་བཞིན་དུ་དམ་པའི་ཆོས་བཙོང་པའི་ཚོང་དཔོན་དང་། དབང་ཆེན་དབང་བསྐུར་བ་དང་གདམས་ངག་ཕལ་ཆེ་བ་དངུལ་ལ་བརྗེ་བའི་ནང་པའི་དབུ་འཛིན་ཡིན་འདོགས་པ་ཚོའི་ཉོས་པ་རེད། ཚོང་ལས་ལ་གཅིག་པ་རེད། རྒྱལ་བསྟན་གྱི་བདག་པོ་ཁས་འཆེ་བ་ཚོས་དབང་བསྐུར་ཆོས་བཤད་རིན་དུ་བརྗེ་བ་ཆོག་ན་ཚོང་ལས་འདི་ཚོ་ཆུང་ཆུང་རེད། འདི་ཚོས་མ་ཤེས་ནས་མ་ཡིན་ནམ།
ཁོང་ཚོས་དེ་ཙམ་ཡང་མི་ཤེས་པ་མི་སྲིད།
རྐང་བཙུགས་ནས་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད།
ཁ་ཆེ་ཆོས་ལུགས་ལྟ་བུ་ལ་དེ་འདྲའི་ལག་ལེན་ལ་ལྟར་ཡ་ཕར་བཞག་ཁ་ནས་ཚིག་ངན་གཅིག་ཀྱང་འབོད་ཐུབ་མཁན་མེད། བཟོ་གྲྭ་དེའི་བདག་པོས་ཐོག་མར་ནང་པ་བ་ཚོར་ག་རེ་བྱས་ན་འགྲིགས་པའི་ཀུན་སློང་སྐྱེས་ཡོད་རེད། འདི་ལ་རྟེན་ནས་བཟོ་གྲྭ་དེའི་བདག་པོ་སློབ་སྦྱོང་དང་བསམ་བློའི་གོ་རྟོག་མེད་མཁན་ཞིག་ཡིན་པ་ཤེས་ཐུབ། ཡིན་ནའང་ལམ་འགྲོ་རྒྱུག་ནས་རྒྱུ་བདག་ཞིག་ཏུ་གྱུར་བའི་གྲངས་རེད། ང་ཚོས་ངོ་རྒོལ་བྱ་དགོས།
སྡིག་ཆེན་སྨྱལ་བར་འགྲོ་ཁར་བསོད་ནམ་མེ་ལྟར་འབར་ཞེས་གསུང་པ་ལྟར་བཟོ་གྲྭ་དེའི་བདག་པོ་དེ་ལམ་འགྲོ་རྒྱུག་ནས་རྒྱུ་བདག་ཞིག་ཏུ་གྱུར་རྒྱུ་གཏན་འཁེལ་བ་རེད།
ནུས་པ་ཞིག་ཡོད་ན། བཟོ་གྲྭ་དེ་ལམ་ལྷོང་ཡོང་མི་ཐུབ། ནུས་བ་མེད་ན་ལམ་ལྷོང་སྟོབས་ཀྱིས་རྒྱུག་གིན་རེད།
ང་ཚོས་ལྟ་དགོས་པ་རེད།
ལྷག་པར་ནང་བ་ཚོས་ལྟོས་ཤིག
ད་ཐེངས་ནུས་པ་མ་ཐོན་ན་མེད་སོང་བ་རེད།། མི་རབས་ནས་མི་རབས་བར་་་་་་་་་་་་་་་་ཁྱོད་ཚོས་་་་་་་་་་་་་་་་་་་་་་
སྐྱུག་དགོས་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ལོ་ངོ་བཅུ་ལྷག་གོང་། ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ནང་ཟུར་ཟའི་རི་མོ་བ་ཞིག་གིས་མུ་སལ་མན་གྱི་ཨ་ལའི་སྣང་བརྙན་ཞིག་བློས་བླངས་ཀྱིས་བྲིས་ཏེ་ཚགས་པར་ཐོག་བཀྲམ་པ་ན། འཛམ་གླིང་ཕྱེད་ཙམ་ཡོམ་པར་གྱུར། རྒྱུ་མཚན་ནི་ཨ་ལ་ནི་སྨྲ་བསམ་བརྗོད་དུ་མེད་ཅིང་བློས་སྤྱོད་ཡུལ་ལས་འདས་པ་ཞིག་རིས་མོར་བྲིས་པས་མུ་སལ་མན་ལ་མཐོང་ཆུང་བྱས་སོ་ཞེས་སོ།།
བོད་པ་ཚོས་དགོས་པ་བོད་ནང་གི་མི་གསོན་པོ་མེ་ལ་བསྲེགས་བཞིན་པར་དོ་སྣང་ཇུས་གཏོགས་མི་བྱེད་པར།སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་གང་དུ་དཔར་མིན་སོགས་ཇུས་གཏོགས་མེད་པའི་ཇུས་གཏོགས་རེད།འཛམ་གླིང་འདིར་སངས་རྒྱས་པ་ཡིན་པའི་རྒྱལ་ཁབ་མང་པོ་ཡོད་པ་རེད་དེ།ཁོང་ཚོས་དེ་འདྲ་ལ་སྐྱོན་བརྗོད་དྲག་པོ་མི་བྱེད་དོན་ཅི་རེད།ཁོང་ཚོས་སངས་རྒྱས་ཆོས་ཀྱི་སྙིང་པོ་ཤེས་ཀྱི་ཡོད་རྟགས་རེད།སྤྱོད་འཇུག་ཏུ།།བདག་གམ་བདག་གི་བཤེས་རྣམས་ལ།།སྡུག་བསྔལ་བརྙས་དང་ཚིག་རྩུབ་དང་།།མི་སྙན་ཞེས་བྱ་མི་འདོད་དེ།།དགྲ་ལ་དེ་ལས་བཟློག་པས་སོ།།ཞེས་དང་།ཡང་།།ས་སོགས་འབྱུང་བ་ཆེན་པོ་དང་།།ནམ་མཁའ་བཞིན་དུ་རྟག་པར་ཡང་།།སེམས་ཅན་དཔག་ཏུ་མེད་པ་ཡི།།རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག་ཅེས་སྨོན་ལམ་བཏབ་ཡོད་པ་ཡིད་ལ་བསྒོམ་ན་ཡག་ཤོས་རེད་མ་གཏོགས།ང་ཚོའི་སྟོན་པའི་སྐུ་ཅིག་ལ་བྲིས་མི་ཆོག་ང་ཚོའི་མ་ནི་ལ་ཉིག་ལབ་སོང་སོགས་ཐུག་ཉན་རེག་ཉན་མེད་པར་བསྡད་ན་འགྲིག་གི་ཨེ་ཡོད་དམ།ག་དུས་ཡིན་ན་བོད་པ་ནང་པ་ཚོས་ཕར་ཆགས་སྡང་གི་རྩོད་པ་རྐྱང་བྱས་བསྡད་ན།གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ།།དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན།།དེ་བས་འདི་དག་གནོད་ཆེན་བྱེད་ནའང་།།ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པར་བྱ།།ལྟ་བུ་དང་།དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།།མར་གྱུར་འགྲོ་བའི་སྡུག་བསྔལ་སྡིག་བསྒྲིབས་ཀུན།།ད་ལྟ་ཉིད་དུ་བདག་ལ་སྨིན་པ་དང་།།བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།།འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།།སོགས་གསུངས་བཞིན་པ་ཁ་ཙམ་ཚིག་ཙམ་དང་ཡིག་ཉོག་ཁྲོད་ལུས་རྒྱུ་རེད་སྙམ།།
ཀླད་རྙིང་ཅན་གྱི་ཚོས་་ཆོས་ལུགས་པ་ཚོས་སྐད་རྒྱབ་ཡ། བོད་པ་མིན་ཡང་ནང་པའི་རྒྱལ་ཁབ་མང་པོ་ཡོད་པ་རེད། དེ་ཚོས་སྐད་རྒྱག་གི་མེད་ལ་ཡུལ་གྱར་བོད་ཁ་ཤས་ཀྱིས་ད་ལྟར་བྱེད་པ་རང་ཚང་སྟོན་པའི་རྒྱུ་རེེད། བོད་པ་ཚོ་ཁ་ཆེ་ལས་ལྷག་གི་གུ་ཡང་བ་མ་རེད་དམ།
རྒྱལ་ཁབ་བད་ལྡན་ཡོད་པའི་ཝེ་ཐི་ནམ་དང་སེང་ག་ལ། ཐཱ་ལན་དྲ་དང་འབར་མ་སོགས་ཀྱིས་སྐད་རྒྱག་གི་མེད་པ་བོད་ཚོས་ག་རེ་བྱས་ནས་རྒྱག་དགོས་རེད། བསམ་བློ་གུ་དོག་བཏང་ནས་འཛམ་གླིང་སུན་དུ་མ་བཅུག ཁ་ནས་བཤད་ན་བོད་པ་ལས་ལྷག་གི་བྱམས་སེམས་ཅན་མེད་ཚུལ་བཤད། བྱེད་སྟངས་དེ་འདྲ་རེད་དམ།
བཀུར་འོས་དྲ་གྲོགས་དང་དྲ་འབུ་རྣམས། མདང་དགོང་ནམ་གུང་ཡོལ་ནས་ཆུ་ཚོད་དང་པོའི་ཐོག་ཧྥ་རན་སིའི་རླུང་འཕྲིན་ཁང་གིས་གསར་འགྱུར་འདི་བཏང་བ་དང་སྙིང་ལངས་སྟོད་ལ་འཚངས་ནས་ལམ་སེང་བོད་བསྒྱུར་གྱིས་ཁྱེད་ཚོས་མིག་མདུན་དུ་བརྫངས་བ་ཡིན། ICON ཚང་གི་དྲ་རྒྱའི་སྟེང་ད་རུང་སངས་རྒྱས་སྐུ་ཅན་གྱི་ལྷམ་བཞག་འདུག་ལ་ལྷམ་མིང་ལ་Peacok Buddha ཞེས་བརྗོད་འདུག་ལ་རིན་གོང་ཨ་སྒོར་༡༤༥ བྲིས་འདུག ICON ཚང་གི་དྲ་རྒྱ་ནི་http://www.iconshoes.com/Peacock-Buddha-br-Open-Back-Mule-p/carole-2.htm རེད། ངོ་དེབ་ཁ་བྱང་ནི་http://www.facebook.com/iconshoesandhandbags རེད། ད། གནས་ཚུལ་ཚང་མ་ཁྱེད་ཚོ་ལ་ཕུལ་ཡིན་བདག་པོ་རྒྱག་མིན་ཁྱེད་ཚོ་ལ་རག་ལས། ངས་ཁོང་ཚོའི་ངོ་དེབ་སྒང་ལ་ངོ་རྒོལ་གྱི་ཐ་ཚིག་ནན་མོ་བསྒྲགས་ཟིན། ཁ་རོག་ལ་བསྡད་ན་མགོ་སེར་འདི་ཚོས་མགོ་ཐོག་ལ་གཅིན་གཏོང་གི་རེད། དོན་དག་འདི་འདྲའི་སྐབས་ཁ་ཆེ་བ་ཚོ་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག ད་མང་པོ་མི་བཤད་ཨ་མའི་བུ་ཚོ་ངར་ན་ངར་རན་རེད་ཡ། ངའི་མི་རིགས། ངའི་ཆོས་ལུགས། ངའི་སེམས་ཀྱི་དད་རྟེན་ཡོད་ཚད་ལ་འདི་ལྟར་རྡོག་རོལ་བཏང་བྱུང་། ཨ་ཁ་ཁ།
ཨ་ཡོ་་་་ད་དཀའ་མོ་རེད་་་
རིག་པའི་བུ། ང་ཚོ་ནང་པ་ཡིན། ང་ཚོའི་སྟོན་པའི་སྐུ་བརྙན་ལྷམ་སྟེང་ལ་ཕབ་པར་སྐད་རྒྱག་གི་ཡོད། སྐད་རྒྱག་ཡག་གི་དབང་ཆ་ཡོད། ཐེ་ཝན་སོགས་ནས་སྐད་རྒྱག་དང་མི་རྒྱག་མི་ཤེས། ཁོང་ཚོས་་སྐད་མ་རྒྱག་གོང་ལ་ང་ཚོས་སྐད་རྒྱབ་མི་ཆོག་པ་ག་རེ་རེད། ཁྱོད་ལྟར་ན་མགོ་ཐོག་སྐྱག་པ་བཏང་ནའང་འཛུམ་མུལ་ལེར་སྡོད་ཟེར་གི་ཡོད་ཨེ་རེད།
བོད་པ་ནང་པ་ཚོས་བོད་ཀྱི་ཆོས་ལུགས་དབར་ལ་དུག་གསུམ་རྦ་ཀློང་ལྟར་འཁྲུག་ཅིང་ཁྱོད་ཤི་ང་གསོན་གྱིས་ཚིག་ངན་བསྐུར་འདེབས་དང་ཐ་ན་རང་གི་ཕ་མེས་ཀྱི་ཆོས་རིག་རྩ་མེད་དུ་བཏང་བའང་བྱུང་ཡོད། ད་ད་ལམ་གྱི་གནས་ཚུལ་འདིར་ང་ཚོ་ཚང་མ་ཁ་བརྡའི་དྲ་བ་མི་ཉུང་ཤས་ཤིག་དང་དེ་ཡང་བོད་རིགས་གཅིག་པོས་བལྟ་ཀློག་བྱེད་སའི་ནང་དུ་སྟག་ངར་ངར་དང་གཟིག་མཆོང་མཆོང་བྱས་ཏེ་ཕན་པ་གང་ཡོང། གནམ་ལ་རྡོག་རྒྱག་བཞུ་བ་རང་རེད། ད་་ད་ལན་ཡིན་ད། ད་ལན་ང་ཚོས་འཆུགས་ན་འཆུག་པ་ཡིན། ལྟས་ངན་བརྒྱད་ཅུ་ཚང་བའི་བཟོ་གྲྭའི་བདག་པོ་དེ་གཅིག་བྱེད་དགོས་གཏན་གཏན་རེད། ཆོས་སྐྱོང་སྲུང་མ་དེ་ཚོ་ག་བར་ཡོད། རྡ་སའི་ལུང་བསྟན་རྒྱབ་མཁན་དེ་ཚོ་ག་བར་བཞུགས་ཡོད། དེ་རིང་ངས་གསེར་སྐྱེམས་ཞིག་མཆོད་ཡིན། སང་ཉིན་ཁོ་ལ་གཅིག་ཡོང་གཏན་རེད།
ད་བོད་པ་ནང་པ་ཚོས་བསམ་དགོས། བཤད་དགོས། འགྲོ་དགོས། སྒོ་ཉལ་རྒྱབ་དགོས། ལྟོགས་ཉལ་བསྡད་དགོས། རང་གི་ནང་ཁུལ་དུ་ཆོས་ལུགས་ལ་དམའ་འབེབས་དང་ནག་པོ་དཀར་པོ་སེར་པོ་ཁྲ་བོ་ཞེས་ག་ཚོད་ཅིག་བཤད་མེད་དམ། ལྷ་སྲས་དར་མ་ལ་བྱེད་ཕོད་པའི་དགེ་སློང་བཞིན་དགེ་སློང་བཙུན་པ་བཙུན་མ་དེ་རིགས་ད་ལྟ་ཡོད་དམ། ཡོད་ན་འགྲོ་དགོས།
ལྷམ་སྟེང་ལ་་་་བདག་ཅག་གི་སྟོན་པའི་སྐུ་འདྲ་བཞག་པ་དེ་ནི་ཆེས་མི་འོས་པ་དང་མི་འཚམས་པ་ཞིག་ཡིན་པ་ནི་གདོན་མི་ཟ།
འོན་ཀྱང་བཟོ་གྲྭའི་བདག་པོ་དེ་ནང་པ་ཞིག་མིན་པ་ནི་ཐག་གིས་ཆོད། སོང་ཙང་ང་ཚོས་ཁོང་ལ་འབྲེལ་བ་ཞིག་བྱེད་ནས་དེ་འདྲ་མི་བྱེད་པའི་རེ་བསྐུལ་ཞིག་ངེས་པར་དུ་ཞུ་དགོས། དེ་ཡང་གནས་ལུགས་དང་རྒྱུ་མཚན་ཡོད་པའི་ཐོག་ལ་བྱེད་དགོས་པ་རེད་མ་གཏོགས་་་
ཕྱི་རྒྱལ་ཟེར་ཡག་དེ་རང་དབང་ཆེན་པོ་སོང་ཙང་་་་ཧམ་བཤད་འགྲོ་ས་མེད། མ་ཟད་ང་རང་ཚོ་བོད་པ་གཙོས་ནང་པ་ཚོ་ཡང་གཟབ་ཟབ་བྱ་གལ་ཆེ་་་་སྟོད་ཐུང་དང་འབྱོག་ལག་་་་་་སྒང་ལ་བོད་ཡིག་བྲིས་པ་དང་སྐུ་འདྲའི་རི་མོ་བྲིས་པ་དེ་ཚོ་ཡང་ཡག་པོ་མི་འདུག་་་དང་པོ་ང་རང་ཚོས་དེ་འདྲ་བྱེད་པར་བརྟེན་་་་་མི་གཞན་ནས་ལད་བཟློས་བྱེད་པའི་ཁུལ་རེད། སོང་ཙང་རང་ངོས་ནས་་་་་་ང་རང་ཚོ་ཡང་མཚམས་འཇོག་ངེས་པར་དུ་བྱེད་དགོས། དེ་ནས་མི་ལ་རེ་བསྐུལ་དང་དགག་པ་བརྒྱབ་པ་སོགས་གནང་དགོས།།
འོ་དེ་རེད་རང་དབང་ཨ་རྡུ་མན་ལགས་ནས་བསམ་ཚུལ་ཡག་པ་ཤད་སོང་
ཉིན་དེ་རིང་ནས་བཟུང་ངས་སྐུ་འདྲའི་རི་མོ་བྲིས་པའི་གྱོན་གོས་དེ་ཚོ་ཉོ་གི་མིན།
སངས་རྒྱས་ཀྱི་ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པ་རེད་མ་གཏོགས།འཚེ་བ་ཆོས་སུ་སྨྲ་བ་དེ་འདྲ་མིན་པར་སོང་ཁོང་ཚོ་དེ་འདྲ་བྱས་པས་ཕན་ཐོགས་དང་བདེ་སྐྱིད་ཡོད་ན་འགྲིག་པ་རེད།སྔོན་རྒྱ་གར་འཕགས་ཡུལ་དུ་ནང་ཆོས་དར་སྐབས་ཁ་ཆེའི་དམག་དཔུང་གིས་ནང་པའི་དགེ་སློང་ཚོ་བསད།དགོན་པ་མེ་ལ་བསྲེགས་ཀྱང་ཡ་ལན་མི་སློག་པར་བཟོད་པ་དང་སྙིང་རྗེའི་ཉམས་ལེན་གནང་ཡོད་པ།དེ་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བྲིས་ཡོད་པ་རེད།འོན་ཀྱང་།ནང་ཆོས་ནང་ཁུལ་དུའང་གྲུབ་མཐའ་དང་ཆགས་སྡང་བརྩད་དེ་མི་གསོད་ཁྲག་སྦྱོར་དང་རྒྱ་སོག་གི་དམག་དཔུང་ཚུན་ཆད་འདྲེན་རེས་བྱེད་པ་བོད་ཀྱི་སྲོལ་རེད།ད་དུས་རབས་ཉེར་གཅིག་པའི་ནང་དུའང་བོད་མི་ཚོས་དེ་འདྲ་ཇུས་མེད་ཇུས་འཁྲི་བྱོས་དང་ཐ་མ་ཐོབ་བྱ་ཅི་གང་མེད་པ་ཅིག་དང་མི་ཀུན་གྱི་མིག་ནང་གི་ཚེར་མ།ཁྱིམ་འཚེས་ཀུན་ལ་མི་འཁྱམས་པ་ཅིག་ཡོང་གི་རེད།
ངས་འདིར་སྡིག་པ་བསགས་པ་དང་སྐྱབས་འགྲོའི་བསླབ་བྱ་སོགས་སུ་འགལ་བ་བཤད་ན་ཅི་ཕན། ལྷམ་བཟོ་གྲྭ་དེས་སངས་རྒྱས་ལ་ཡིད་ཆེས་དང་དད་པ་མེད་ལ་ནང་ཆོས་རྩ་བ་ནས་ཁས་མི་བླང་མཁན་ཡིན་ངེས་རེད། སྟོན་པ་བཅོམ་ལྡན་འདས་ནི་སྔོན་གྱི་མི་གྲགས་ཅན་ཞིག་ལས་ཆོས་ལུགས་ཅིག་གི་བདག་པོ་ཡིན་པ་ཧ་མ་གོ་བའི་སྐྱོན་རེད། དེ་འདྲ་སོང་ཙམ་བཟོ་གྲྭ་དེས་ལྷམ་དེ་སྐད་གྲགས་འགྲོ་ཆེད་དུ་སྦྱར་བ་ཞིག་ཡིན་ངེས་རེད། ཨ་རེ་སོགས་སུ་ཡོད་པའི་རང་རེའི་ཆོས་ཚོགས་རྣམས་ཀྱིས་བཟོ་གྲྭ་དེ་ལ་ངོ་རྒོལ་དང་ཕྱིན་ཆད་དེ་འདྲ་མི་ཆོག་པ་མ་ཟད་ལྷམ་བཟོ་ཟིན་པ་རྣམས་ཕྱིར་བསྡུ་དགོས་པ་བཅས་ཡིག་ངག་གཉིས་ཐོག་ནས་འགོག་ཐབས་གནང་དགོས། མ་གཞི་དེང་སང་དངུལ་སྒོར་རག་ན་གང་ཡིན་རུང་རང་རེ་བོད་པ་ཚོས་ཀྱང་བྱ་སྲིད་པ་ཞིག་རེད། བླ་མ་དགེ་བཤེས་ཚོས་ཕྱི་རྒྱལ་ཁག་ཏུ་ཁྱི་སྨྱོ་རྒྱུགས་པ་ལྟར་རྒྱུགས། ནང་ཆོས་ཏོག་ཙམ་བཤད་དུས་ཉིན་ཤས་སྔོན་ནས་པར་སེ་ ticket བཙོང་ནས་ཆོས་བཤད། དེ་དང་སངས་རྒྱས་ཀྱི་སྐུ་དཔར་ལྷམ་ལ་སྦྱར་བ་དང་གཉིས་མིག་ལ་མངོན་མིན་མ་གཏོགས་གཅིག་མཚུངས་རེད།
སྡིག་པ་བསགས་ཤགས། ཨ་ཁུ་ཁུ། ཕྱིན་ཆད་དེ་འདྲ་མི་བྱ་བའི་རེ་བ་ཡོད། ཚང་མས་ལྷམ་བཟོ་གྲྭ་སྦྱིན་བདག་དེ་ལ་རྗེས་སུ་དེ་འདྲ་མི་བཟོ་བའི་རེ་བ་རྒྱག་དགོས།།
བོད་མི་འགའ་ཞིག་དང་ཕྱི་རྒྱལ་བ་ཚོས་རྒྱལ་དབང་ཀརྨ་པ་དང་རྒྱལ་བ་རིན་པོ་ཆེ་སོགས་བླ་མ་ཆེན་པོ་དག་ཕྱི་རྒྱལ་དུ་ཚོང་ལས་བྱེད་པ་མཐོང་ཚེ་འདི་ཚོ་གཅིག་པ་རེད། མཐའ་ཅིག་ཏུ་ངོ་རྒོལ་ཡོད།
ལག་པར་གྱོན་པའི་ལག་ཤུབ་དང་རྐང་པར་གྱོན་པའི་རྐང་སུ་གཉིས་ཆ་ཨེ་རེད།
ནང་པ་ཞིག་ཡིན་པའི་ཆ་ནས་སྐྱབས་འགྲོའི་བསླབ་བྱརསངས་རྒྱས་ཀྱི་སྐུ་གཟུགས་རི་མོ་བྲིས་པ་ཚུན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་སྟེ་གུས་ཞབས་ཞུ་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། འོན་ཀྱང་མཚམས་འདི་འདྲ་ཞིག་ལ་སླེབས་སྐབས་ཇི་སྐད་དུ་རྒྱལ་སྲས་ཞི་བ་ལྷས། སྐུ་གཟུགས་མཆོད་རྟེན་དམ་ཆོས་ལ། །འཁྱལ་ཞིང་འཇིག་པར་བྱེད་པ་ལའང་། །བདག་གིས་ཞེ་སྡང་མི་རིགས་ཏེ། །སངས་རྒྱས་སོགས་ལ་གནོད་མི་མངའ། ། ཞེས་གདམས་པ་འདི་སྙིང་ནས་དྲན་འོས་པ་ལས་དེ་མིན་འཕྲལ་སེལ་སེམས་ཚོར་དྲག་པོ་ཙམ་གྱིས་དབང་དུ་སོང་ནས་ཁྲིམས་དང་ཐོབ་ཐང་ཡིན་སྐད་དུ་སྟོན་པའི་བསླབ་བྱ་དང་འགལ་བ་མང་དག་ཅིག་བྱས་ན་དེ་ནི་རང་གི་མགོ་བོར་རང་ཉིད་ཀྱིས་ཐོ་བས་གཞུས་པ་དང་རང་ལ་རང་གིས་རྨ་འབྱིན་པ་འབའ་ཞིག་ཏུ་མཐོང་ངོ་།
མ་ཟད་ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། །ཞེས་གསུངས་པ་འདི་ཚོའང་དངོས་གནས་ཁ་ཡོད་ལག་ཡོད་བསམ་བློ་གཏོང་དགོས་པ་ཞིག་ཏུ་མཐོང་ངོ་། །
ཨ་མའི་བུ་ཡོད་ན། ཆོས་ལ་དད་པ་ཡོད་ན། སངས་རྒྱས་གྱི་རྗེས་འཇུག་པ་འདྲ་ཡོད་ན་དོན་ཤོག། ཤེས་བཞིན་དུ་ལས་པའི་ཆད་གསོད་རེད། as a designer he or she must need to research before they use some one’s religion’s icons. 100% against it. No more stupided for the sake of business. Shame on you people.
གལ་ཏེ་ཡེ་ཤུ་སྟོན་པ་དང་ཁ་ཆེ་སྟོན་པ་ལྷམ་ཐོག་ཏུ་ཕབ་ན་ཁོ་ཚོས་ཅི་བྱེད་རྒྱུ་རེད་དམ། འདིས་ནང་བ་ཚོོ་ཤི་ཀྱིན་པ་མཚོན་ཀི་འདུག
ད་བར་ནང་བའི་རྗེས་འབྲང་དེ་ཚོས་རྒྱ་བླ་བྱེད་རྒྱུ་ལས་རང་གི་སྟོན་པར་ཡང་བདག་ཐུབ་ཀྱིན་མི་འདུག
ང་ཚོ་ནང་བ་ཚོར་ཡང་ཡེ་ཤུ་ཆོས་བ་དང་ཁ་ཆེ་ཆོས་བའི་སྙིང་སྟོབས་དང་ཆོས་ལུཊ་འདི་ཤེས་དེ་འདྲ་ཡོད་རྒྱུ་ན་སུས་ཀྱང་དེ་འདྲ་བྱེད་མི་ཕོད།
མིག་གིས་བལྟས་ན་ཡིད་མི་སྤྲོ་བ་དང་།
སེམས་ལ་འཁོར་ན་བཟོད་མི་ཐུབ་པ་འདིའི་རིགས།
འཛམ་གླིང་འདིའི་སྒང་གི་ནང་པའི་ཆོས་ཚོགས་རྣམས་ཀྱིས་འགོ་ཁྲིད་དེ།
འདི་ནི་ང་ཚོ་ནང་བ་སངས་རྒྱས་པ་རྣམ་ལ་བརྩི་བཀུར་མ་བྱས་པ་ཞིག་དང་ཆེ་མཐོང་མ་སྤྲད་པ་ཞིག་ཡིན་པར་བསྒྲག་ཐུབ་དགོས།
དེ་ལྟར་བྱས་ན་ནུབ་ཕྱོགས་པ་ཚོས་ང་ཚོར་རྒྱབ་སྐྱོར་ཐོབ་སྟེ་བཟོ་གྲྭ་འདི་ལ་གནོན་ཤུགས་སྤྲོད་ཐུབ་ངེས་ཡིན།
མདོར་ན་ང་ཚོས་ད་རེ་ངན་པ་ལང་ཤོར་ཏུ་མ་སོང་བ་ཞིག་བྱ་དགོས།
མ་འོངས་སྔོན་འགོག་ཟེར་བ་གལ་ཆེན་ནང་གི་དོན་ཆེན་ཡིན།
ནང་བསྟན་ལ་དད་མོས་བྱེད་མཁན་གྱི་བུད་མེད་ཚོར་ཞུ་རྒྱུ། ལྷམ་འདི་གང་མགྱོགས་མ་གཏོགས་རྫོགས་འགྲོ་བའི་ཉེན་ཁ་འདུག གལ་སྲིད་བུའི་ལྷམ་ཞིག་ཡིན་ན་ཉོ་མཁན་ཆེས་ཐོག་མ་དེ་ང་བྱེད་ས་དེར།
སྐབས་འདིར་དད་དག་སྣང་། སྙིང་རྗེ་བཟོད་སྒོམ་ཟེར་བའི་སྐད་ཆ་མིན། སྤྱི་ཚོགས་ཤིག་ལ་གུས་བཀུར་མ་བྱས་པ་དང་། སེམས་ཁམས་ལ་རྨ་བཏོད་པའི་ཉེས་པ་བསགས་ཡོད།
སྡིག་པ་གཞན་གྱིས་བསགས་ན་སྡུག་བསྔལ་རང་གིས་མྱང་དགོས་དོན་འདུག་གས། བོད་མི་ཚོ།
ས་མཐའི་གྲོགས་པོ་མང་ན་དགའ། །དོན་མེད་དགྲ་བོ་ཉུང་ན་དགའ།། ཞེས་སྲོལ་ཡོད་པ་རེད།
འཛམ་གླིང་ཐོག་རྒྱུ་འབྱོར་མངའ་ཐང་ལྡན་པའི་ནང་པའི་རྒྱལ་ཁབ་ག་ཚོད་མང་པོ་ཡོད་རེད། སྡོད་སའི་ས་་དང་འགྲོ་སའི་ཡུལ་མེད་པའི་བོད་པ་ཁ་ཤས་ཀྱིས་འཕགས་ཚག་རྒྱག་པའི་ལས་ཀ་དེ་གཞན་གྱིས་བལྟས་ན་་་་་་་་་་་་། ཨ་ཡོ་ཤེ མི་ལོ་ལྔ་བཅུའི་རིང་བོད་པ་ཚོ་སྐད་འབོད་དང་ངོ་རྒོལ་ལ་གོམས་ལོབས་སུ་སོང་ཡོད་པ་འདྲ།
ང་ཚོས་འཕགས་ཚག་རྒྱག་ས་ངོ་མ་ནི་ཕ་མ་སྤུན་མཆེད་དང་ཕུ་ནུ་མང་སྲིང་དམར་གསོད་གཏོང་མཁན་ཁོ་ཚོ་རེད། དབུགས་ལྒང་འདྲ་བར་གནམ་ལ་མཆོང་ཆོག་ཆོག བྱ་སྤུ་འདྲ་བར་རླུང་གིས་འཁུར་ཆོག་ཆོག
གསལ་བཤད་དང་ངོ་རྒོལ་བྱེད་འོས་པ་རེད།
བདག་པོ་བཟོ་གྲ་ལ་གོ་བརྡ་འཕྲོད་་དགོས་་པ་རེད། ང་ཚོ་ནང་བའི་གོམས་སྲོལ་དང་མཐུན་པོ་མི་འདུག་ཞེས་བཤད་དགོས་རེད། འདི་བཽད་ཀྱི་ནང་པ་ཚོས་འགན་ལེན་དགོས་པ་རེད། སྟོན་པའི་སྐུ་འདྲ་དེ་བོད་བརྒྱུད་ནང་བསྟན་གྱི་སྟོན་པ་རེད། མཚོན་འདངས་དང་བཞེངས་བོད་པའི་སྟོན་པ་བཞེངས་སྟངས་རེད། འདི་གོ་སྐབས་དགའ་ཞིག་རེད། ནང་པ་ལ་ནུས་པ་ཡོད་པ་སྟོན་དགོས་པ་རེད། ནང་པ་རྣམས་རྡོ་རྩ་གཅིག་སྒྲིལ་བཟོ་དགོས་པ་རེད།
ཨ་རིའི་ནང་བོད་པ་རྣམས་སྐད་འབོད་ལ་འགྲོ་སྐབས་ཨ་རིའི་རྒྱལ་དར་ས་ལ་བཞག་ཆོག་གི་མ་རེད་ཞེས་ནས་པི་ལི་སི་ཡང་དང་བསྐྱར་ལ་བཤད་གི་འདུག ཨ་རིའི་རྒྱལ་དར་་ས་ལ་འཇོག་པ་དང་ཐོག་ལ་རྡོག་རྫུས་བྱས་ན་ཆད་པ་གཅོད་གི་ཡིན་ཟེར།
ཧ་་ཧ་ཧ་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུའི་དབུ་ལ་སྐྱག་པ་གཏོང་མཁན། རྩ་ཆེན་བྱིན་རླབས་ཆེ་བའི་སངས་
རྒྱས་ཀྱི་སྐུ་འདྲ་གྲངས་ཀྱིས་མི་ཆོད་པ་རྩ་གཏོར་བཏང་ནས་མེད་པར་མཁན་རྒྱ་དམར་གཞུང་ལ་ཁ་འབར་གྱི་ཅི་ཡང་མེད་མོད། དེ་རིང་ཁྱེད་རང་ཚོ་གཅིག་ལས་གཅིག་སྟག་ངར་ངར་བྱེད་ཀྱིན་འདུག་དཱ། དངོས་གནས་ལྐུགས་
པ་རང་རེད། འཇར་པན་དང་འབར་མ་སོགས་མི་ངར་བ་བཙན་བྱོལ་བའི་སྐྱག་ཕྲུག་ཁ་ཤས་ངར་བ་ལ་ཧ་ལས་
རྒྱུ་ག་རེ་ཡོད་རེད།
ད་ཚར་ཚར་རེད་། བོད་པའི་ཚོགས་པ་ཆེ་ཁག་ཁ་ཤས་ནས་དུས་འཁོར་ཀྱི་རྩ་སྔགས་དང་དཀྱིལ་འཁོར་སོགས་སྟོད་གོས་འཇོ་ལ་སོགས་སུ་བཀོད་ནས་ཚོང་པ་དང་སྤོས་དང་ཁྱབ་བསྒྲགས་འདྲ་མིན་ལ་ལྷ་སྐུ་སོགས་བཏབ་ནས་ཚོས་རྫས་བྱེད་པ་་ད་དུང་སྐྱབས་འགྲོ་ཙམ་ཧ་མི་གོ་བར་རྣམས་ལ་དབང་ཆེན་བསྐུར་བར་འདི་རིགས་རྣམས་ཐོག་མ་འགོག་དང་དེ་ནས་ཆོས་མེད་རྣམས་ལ་སྐད་ཆ་གྱིས་ཨ་། རང་གིས་ཨ་མ་རང་གི་མ་བརྒྱོ་། གཞན་གྱིས་བརྒྱོ་ན་གང་དགོས་བསམ་བློ་གཏང་་།
རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།རིག་པའི་བུས་གསུངས་པ་ཤིན་ཏུ་བདེན།
འདི་ནང་པ་ཚོ་ལ་ཧ་ཅང་གིས་མཐོང་ཆུང་ཞིག་ཡིན་པ་མ་ཟད་ལྷག་པ་དེས་ནང་ནས་རྒྱ་གར་ལ་་རེད་།སངས་རྒྱས་སྐུ་འཁྲུངས་ས་རྒྱ་གར་རེད་།
ཤཱཀ་ཐུབ་འཁྲུངས་ས་བལ་ཡུལ་རེད། །
བྱང་ཆུབ་བརྙེས་ས་རྒྱ་གར་རེད། །
མཛད་ཕྲིན་རྒྱས་ས་ཨེ་ཤི་ཡ། །
བརྡ་ལན་གསལ་པོ་སྤྲོད་ཡོད་དོ། །
ད་འདི་ཚོས་ཅི་ཞིག་བཤད་ཀྱི་ཡོད་དམ། ངས་སྔ་ནས་ལབ་ཡོད། གནམ་ལ་རྡོག་རྒྱག་བཞུ་བ་རང་རེད།
བག་ཆགས་འཇོག་རྒྱུའི་ནུས་པ་ཐོན་མི་སྲིད། དེ་ལས་རང་བཙན་རང་སྐྱོངས་ལྗོངས་ཀྱི་སྐད་ཆ་ལེགས། འདི་ཚོའི་རིགས་ལ་གོང་དུ་དྲ་གརaོགས་ཤིག་གིས་གསུངས་སོང། ཇུས་མེད་ཇུས་གཏོགས་རང་རེད་ཟེར། བྱེད་དགོས་ན་རྒྱ་གར་མི་དམངས་དང་གཞུང་གིས་བྱེད་དགོས་པ་རེད། ཁོང་རང་ཚོའི་མི་སེར་སྐད་གྲགས་ཅན་ཞིག་རེད། དེ་བཞིན་ནང་པ་རྒྱ་ཆེ་ས་བྷར་མ་དང། སི་རི་ལང་ཀ་ལས་སོགས་རང་བཙན་དང་རྒྱལ་ཁབ་ཡོད་མཁན་ཚོས་ལས་རྒྱུ་ཞིག་རེད། དེ་ཚོས་མ་ཐུབ་པ་ཞིག་བོད་པས་ལས་ཀྱི་ཡིན་ཟེར་དུས་ཧཧཧཧཧཧཧ།
མ་གཞི་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་ནང་པའི་ཆོས་ཚོགས་འགའ་ཤས་ཀྱི་ཆོས་ཚོགས་དང་ལྷ་ཁང་ནང་དུ། གསང་སྔགས་ཀྱི་དཀྱིལ་འཁོར་ཅི་ལྟ་བ་བྲིས་འབུར་བཏོད་ཅིང་ས་བོན་ཡིག་འབྲུ་བྲིས་པའི་སྟེང་དུ་ནང་པ་ཕོ་མོ་ཚོས་གར་སྟབས་ལས་སོགས་འཁྲབ་ཀྱི་འདུག་གཱ དེ་ཚོ་དང་གཅིག་པ་མིན་ནམ། དེ་ཚོ་རྐང་པའི་འོག་ཏུ་ལྷ་ཡི་ས་བོན་བོད་ཡིག་དང། དཀྱིལ་འཁོར་གྱི་བཀོད་པ་ཆ་ཚང་མནན་པར་སྐྱོན་བརྗོད་མི་འདུག འདི་ནི་དེ་ལས་ཅུང་བཟང་བ་རེད། རྐང་པའི་སྟེང་དུ་མ་གཏོགས་འོག་ཏུ་མེད་བཟོ་འདུག
ཤྲི་ལངྐ་དང་འབར་མའི་མི་མང་གིས་སྐད་རྒྱབ་མ་རྒྱབ་གང་ཡང་རུང་། ནང་པས་བརྒྱ་ཆ་༩༠ ལྷག་ཟིན་པའི་བོད་པས་སྐད་རྒྱག་འོས་པ་རེད། དེ་ལ་ཧ་ཅང་མི་འོས་པའི་སྐྱོན་བརྗོད་པ་ལ་དགོས་དོན་མིན་འདུག་སྙམ། ཡིན་ནའང་ཁ་དང་ལག་པ་སོ་སོའི་ཡིན་དུས་ག་རེ་བཤད་དང་ག་རེ་བྲིས་རང་རང་དབང་རེད། རང་དབང་རྒྱལ་ལོ།།
སྔོན་ཡང་དེ་ལྟར་བྱས་པ་དྲན། །
ད་ལྟ་མི་དམིགས་དབྱིངས་སུ་ཐིམ། །
མ་ཤེས་བྱས་ན་གསལ་བཤད་གྱིས། །
ཤེས་ནས་བྱས་ན་ངོ་རྒོལ་གྱིས། །
༄༅། །རང་ཉིད་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པས་ཆ་ནས་མཉམ་མེད་ཤྭག་ཀྱའི་རྒྱལ་པོ་སྐུ་དཔར་ལྷམ་འགོག་བཟོ་གྲྭ་གི་ག་བྱུང་བེད་སྤྱོད་བྱེད་ན་མཐའ་གཅིག་དུ་ངོ་རྒོལ་ཡོད་།
སྟོན་པའི་ཁོས་གི་ངོས་ནས་ཁྱད་པར་མེད་ན་ཡང་འདི་ནི་སྟོན་པའི་རྗེས་འཇུག་ལ་ནུས་ཤུགས་ག་འདྲ་ཡོད་མེད་དང་ཚད་འཛིན་ས་བྱས་ན་མ་འགྲིགས་པ་མེད།
རང་ཉིད་ནང་པ་ངོ་མ་ཅིག་ཡིན་ན་ལྷག་པར་ངོ་རྒོལ་བྱས་བ་འགྲིག་གི་མ་རེད།ནང་ཆོས་ཀྱི་སྙིང་པོ་ནང་པ་རང་གིས་བཤིག་གི་ཡོད་པ་རེད།སྔོན་མ་གུང་ཐང་བསྟན་པའི་སྒྲོན་མེ་བླ་བྲང་ཁྲི་པ་ཡིན་སྐབས།བཀྲ་ཤིས་འཁྱིལ་དུ་དམག་བྱུང་སྟེ་གྲྭ་མང་གིས་འཁྲུག་འཛིངས་ཀྱི་གྲ་སྒྲིག་བྱས་པར་གུང་ཐང་ཚང་གིས།ང་ཚོ་སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་གལ་ཏེ་དམག་འཁྲུག་བྱས་ན་སོ་སོའི་བསྟན་པ་སོ་སོས་བཤིག་པ་རེད།ཁོ་རང་ཚོར་ཁང་པ་བསྲེགས་ན་འདྲ།ཚུར་གསོད་རྡུང་ག་རེ་བྱས་ན་སྙིང་ནས་བཟོད་པ་སྒོམ་ཏེ་སྡོད་དང་ང་ཚོས་བསྟན་པ་ཟིན་ཐུབ་པ་རེད་གསུངས་འདུག་ག
ནང་པ་ཟེར་ན་དེ་འདྲ་དགོས་རེད་མ་གཏོགས་དེ་སྔའི་དབུས་ཀྱི་གདན་ས་ཁག་ནང་བཞིན་རྙོག་ཟིང་ཅུང་བྱུང་སྐབས་སེར་དམག་སོགས་ལངས་ཆོག་ཆོག་གྲྭ་ཚང་ཁག་དམག་སྒར་འདྲ་བོ་ཆགས་ན་སྙྀང་པོ་ཅི་གང་མེད་པ་རེད།
ཨ ཡ་ ཡ་ ལྷམ་གོག་གེར་དེ་འདྲའི་གོང་ཆེན་པོ་ཨ་ཁ་ཁ། དྲ་ལྟ་ཚོ་སྐད་ངན་ཤོར་དགོས་པ་མི་འདུག ནང་པ་སངས་རྒྱས་པའི་དགོན་པ་ཞིག་ནས་ལྷམ་གོག་དེ་འདྲ་བཟོས་ན་ཡག་པོ་མ་རེད། དེ་མིན་གཞན་སུའི་བཟོས་ན་ཁོ་ཚོར་ཚོང་ཡོང་ན། སངས་རྒྱས་ལ་གནོད་པ་ཡོད་མི་སྲིད།
ཨ་ཡ་མཚན། ལྷམ་གོག་དེ་རྒྱུ་ཆ་ཡག་པོ་ཡོད་ས་རེད། གོན་མཁན་མང་པོ་ཡོད་མེད་མི་ཤེས།
ང་ལ་ཁོང་ཚོར་ཁ་གཏད་བཅོག་པའི་ཐབས་ཤེས་གཅིག་ཡོད་པ་ནི། ཚང་མས་དགོངས་པ་བཞེས་རོགས།
དང་པོ། རྒྱལ་བ་རིན་པོ་ཆེ་མཆོག་ནས་དེ་ལ་གསུང་འཕྲིན་ཞིག་གནང་ཐུབ་ན་མི་མང་ཚོའི་དོ་སྣང་ཡོང་།
གཉིས་པ། རྒྱལ་བ་ཀརྨ་པ་མཆོག་གིས་གསུང་འཕྲིན་ཞིག།
གསུམ་པ། ས་སྐྱ་བདག་ཁྲི་རིན་པོ་ཆེའི་གསུང་འཕྲིན།
བཞི་པ། སྔ་འགྱུར་རྙིང་མའི་དབུ་འཛིན་མཆོག་གི་གསུང་འཕྲིན།
དེ་བཞིན་འབྲུག་པ་བཀའ་བརྒྱུད་དང་ཆོས་བརྒྱུད་གཞན་ཚོའི་གསུང་འཕྲིན་གནང་ཐུབ་ན་ཤིན་དུ་ཕན།
གོང་གསལ་བླ་མ་རྣམས་ཀྱི་ཕྱི་རྒྱལ་ཆོས་ཚོགས་ཁག་ནས་ཁོང་ཚོར་ངོ་རྒོལ་ཡི་གེ་བསྐུར་ན། འབྲས་བུ་ཆེའོ།
ད་དུང་ནང་པའི་བླ་མ་གཞན་པ་སྟེ། ཝི་ཏི་ནམ་གྱི་བླ་ཆེན་ཐིག་ན་ཧེ་དང་། ཐེ་ཝན་གྱི་རྒྱའི་བླ་ཆེན་ཁག། དེ་བཞིན་ཐེ་ལན་ཊི་དང་སིང་ཀ་ཕོར་བཅས་ཀྱི་ནང་པའི་སྤུན་ཟླ་མཉམ་དུ་ལག་སྦྲེལ་བྱས་ནས་ཤིན་དུ་ནུས་པ་ཆེ།
བསམ་འཆར་གསུང་རོགས། རྫ་བ་བཀྲིས་ཚི་རིང་གིས་ཐེ་ཝན་རྒྱའི་བླ་ཆེན་རྣམས་ཀྱི་མིང་མཁྱེན་གྱི་ཡོད་ཤག
ཇི་འདྲ་རེད།
གསར་ཏུ་འབྱོར་པའི་སྟོན་པའི་སྐུ་དཔར་ཡོད་པའི་བུད་མེད་ཀྱི་ལྷམ་འགའ་འདི་ན་ཡོད།http://www.facebook.com/#!/photo.php?fbid=10151098352978728&set=a.10150265423403728.339507.212151878727&type=1&theater
སྟོན་སྐུ་ལྷམ་དུ་བཀོད་པ་ནི་རིག་གཞུང་མི་འདྲ་བ་ལས་ནུས་ཕྱོགས་པ་མཚོན་ན་མཐོང་ཆུང་གི་རྣམ་པ་ཞིག་གཏན་ནས་མ་རེད། བོད་པའི་ལམ་དང་ལུགས་སྲོལ་གཞན་གྱི་ཐོག་ཏུ་བཙན་གྱིས་འགེབས་པ་ནི་རང་གཤིས་ཆེ་དྲགས་པས་རེད་ལ། བཀོད་དགོས་བའི་གནད་དོན་དངོས་མ་རྟོགས་པས་རེད།
ད་ལྟ་ནུབ་ཕྱོགས་སྤྱི་ཚོགས་སུ་སངས་རྒྱས་ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་བར་སྟོན་སྐུ་ལ་ཧ་ཅང་དོ་སྣང་དང་དགའ་མོས་བྱེད་མཁན་མང་པ་མ་ཟད། སྡོད་ཁང་དང་ཚོང་ཁང་། སྐུ་མཉེ་ཁང་སོགས་སུ་སྟོན་སྐུས་མཛེས་རྒྱན་སྤྲད་པ་དར་ཁྱབ་ཤུགས་ཆེ་ཡོད། གནས་ཚུལ་དེས་ཡེ་ཤེས་པ་ཁ་ཤས་ལ་སེམས་ཁྲལ་སླང་བའི་གནད་དོན་དུ་གྱུར་ཡོད།
གང་ལྟར་དགྲ་གཉིས་ལ་འཕྲད་ན་དགྲ་གཅིག་གཉེན་དུ་བསྟེན་པ་ལྟར་ད་ལྟའི་གནས་སྟངས་ཀྱི་འོག་ནས་ཡོད་ཚད་ལ་དགྲ་བསགས་ན་གྲོགས་མེད་ཁེ་རྐྱང་དུ་འགྲོ་ཉེན་ཆེ་ལ། བོད་དོན་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཉུང་དུ་འགྲོ་བ་དོགས་གཞི་བྲལ། རྒྱ་གར་བའི་མི་ཞིག་གི་ཆེད་དུ་ལུང་པ་མེད་པའི་བོད་མིས་དེ་ལྟར་འོས་ལངས་བྱེད་ན། རྒྱ་གཞུང་གིས་བསྒྲགས་པ་བཞིན་བོད་མི་ནི་ཆོས་ལུགས་ཀྱི་རྟག་མཐའ་རིང་ལུགས་པ་དང་། རང་ལུགས་གཞན་ལ་བཙན་འགེབས་བྱེད་མཁན་གྱི་གུ་དོག་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱེད་པའི་དཔང་བོ་འགྱུར་བས་གུ་ཡང་གི་བསམ་བློ་འཛིན་གལ་ཆེ། རྒྱལ་ཁབ་ཚད་ལྡན་ཡོད་ཅིང་མི་འབོར་ས་ཡ་བཞི་བཅུ་ལྔ་བཅུ་ཡོད་པའི་ཐཱ་ལན་དྲི་དང་འབར་མ། ཝི་ཐི་ནམ་སོགས་ཀྱིས་ཅི་ཡང་སྨྲ་བཞིན་མེད་ཀྱང་གུ་གཟུགས་དོད་པའི་རྒྱལ་སྤྱི་བོད་དོན་འགན་འཛིན་དང་སྤྱི་འཐུས་རེ་ཟུང་གིས་དགག་པ་རྒྱབ་པ་ནི་བོད་མི་རྣམས་ཕོགས་ཐུག་འགྲོ་ཆོག་ཆོག་གི་གདོད་མིའི་རི་མིགས་ཤིག་ཡིན་པའི་བདེན་དཔང་བྱེད་པ་རེད། སྐུ་མདུན་གྱི་བཀའ་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྔ་ལོ་ནས་མཚམས་བཞག་ཟིན་ཀྱང་། བོད་ཀྱི་ཆབ་སྲིད་པ་རེ་རུང་གིས་ཆོས་ལུགས་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་པ་ནི་སྔོན་གྱི་ནད་རྙིང་ད་དུང་ཡང་སངས་དྲག་མ་ཐུབ་པའི་སྐྱོན་དུ་གནས་ལ། སྐུ་མདུན་གྱི་དགོངས་པ་དང་། ཆོས་སྲིད་ཐ་དད་དུ་འདོད་མཁན། སངས་རྒྱས་ཆོས་ལུགས་པ་མ་ཡིན་པའི་བོད་མིའི་སྔོན་འདོད་ལ་གུས་བཀུར་མ་བྱེད་པའི་སྐྱོན་དུ་འདོད། མི་སྒེར་བ་ཚོའི་རང་ལུས་རང་ལ་བདག་ཅིང་སྨྲ་བརྗོད་ཀྱི་རང་དབང་ཡོད་ཀྱང་། བོད་ཀྱི་ཚབ་མཚོན་ཆབ་སྲིད་པ་ཚོས་དེ་ལྟར་བྱེད་པ་ནི་ཕྱོགས་ཡོངས་ཀྱི་གནད་དོན་ཡག་པོ་མ་རྟོགས་པའི་ཞན་ཆ་མཐོང་། ནོར་བ་ཡོད་དགོངས་དག་ཡོད། དེ་ནི་ཕྲན་གྱིས་བཤད་ན་འདོད་པའི་སྐད་ཆ་ཡིན།
ཁོང་ཚོས་སྟོན་སྐུ་ལྷམ་སྟེང་དུ་བཀོད་པ་ནི་ཚོང་གི་ཆེད་དུ་ཡིན་པ་ལས་མཐོང་ཆུང་མེད་ཅེས་སྐྱར་དུ་ཞུ་འདོད་སྐྱེས།
ཕྱོགས་གཅིག་ནས་བཤད་ན་སྟོན་སྐུ་ཅི་ཙམ་གྱིས་ཁྱབ་བརྡལ་སོང་ན་དེ་ཙམ་གྱིས་ནང་ཆོས་ཁྱབ་བརྡལ་འགྲོ་ཞིང་། གཞན་གྱིས་ཤེས་རྟོགས་ཐུབ་པས་ནང་པ་ཚོ་མཚོན་ན། དགའ་འོས་བའི་དོན་བཟང་ཞིག་ལས་མི་དགའ་དགོས་དོན་མེད་པ་སེམས། བསྟན་པ་དུས་དང་བསྟུན་ནས་སྤེལ་དགོས་བ་སངས་རྒྱས་ཆོས་ལུགས་ཀྱི་མཁས་བ་ཁྲི་སྟོང་མང་པོའི་བཀའ་ཡིན་ཞིང་། གང་ལ་ཕན་ཐོགས་ན་དེ་ལྟར་བྱེད་རྒྱུ་ནང་ཆོས་ཀྱི་རྩ་བའི་དགོངས་བ་མ་ཡིན་ནམ།
སྤྱིར་མཐོང་ཆུང་དང་མཐོང་ཆེན་གྱི་ཚད་དེ་ལུང་པ་དང་སྤྱི་ཚོགས་སོ་སོའི་འདོད་སྟངས་མི་འདྲ་བ་ལོས་ཡོད་དེ། ད་ལྟའི་ཆར་ཨི་ཤུའི་ཆོས་རྟགས་དང་ཇི་སེས་གྱི་པར་ལྷམ་སྟེང་ལ་དཔར་བ་མ་མཐོང་། འདི་ན་མཁྱེན་དཔྱོད་ཆེ་མདོག་གིས་གནད་འགག་མེད་རྩིས་པ་དང་། ཡང་ཆོས་པ་ཡིན་མདོག་གིས་སངས་རྒྱས་ལ་གནོད་གི་མ་རེད་ཟེར། ང་ཚོས་ངོ་རྒོལ་ཡོད་ཟེར་བ་དེ་གྲི་དང་མདུང་ཁྱེར་ནས་དམག་རྒྱག་གི་ཡིན་ཟེར་བ་མིན་ལ། སངས་རྒྱས་ཐུགས་ཕམ་གི་རེད་ཟེར་བའང་ག་ལ་ཡིན། སྟོན་པའི་སྣང་བརྙན་ནི་འཛམ་གླིང་ནང་མི་གྲངས་ས་ཡ་མང་པོའི་རྩི་བཀུར་ཞུ་ཡུལ་དུ་གྱུར་པའི་སྣང་བརྙན་རེད་ལ། སྟོན་པའི་རྗེས་འཇུག་བརྒྱ་ཆ་ ༩༠ ཡན་གྱི་མི་མང་རྣམས་ཞྭ་ལྷམ་ལ་མཐོ་དམན་གྱི་ལྟ་སྟངས་འཛིན་མཁན་ཞེ་གཅིག་རེད། དེ་བས་ན་དེ་དག་གི་སེམས་ཁམས་ལ་གནོད་གཞིར་གྱུར་པའི་ལས་ཀ་འདི་འདྲ་བྱུང་སྐབས་སྟོན་པའི་རྗེས་འཇུག་ཡིན་ན་དགའ་འོས་པ་ཅང་མ་རེད། ཤི་རི་ལངྐའི་དགེ་བསྙེན་དྷརྨ་པ་ལས་དཀའ་བ་སྲོག་ལ་བརྡོས་ནས་རྡོ་རྗེ་གདན་སོགས་ནང་པའི་གནས་ཕྱི་རོལ་པའི་དབང་ཚུར་ཐོབ་ཐབས་ལ་བརྩོན་པ་དེ་ཚོ་གོང་གི་མཆན་བུ་ཁ་ཤས་ལྟར་ན་དོན་མེད་པའི་ངལ་བ་ཙམ་དུ་མཐོང་སྲིད་དེ། རྒྱུ་མཚན་ཁོ་རང་ཚོའི་བཤད་སྟངས་ལས་ཤེས་སོ།།
སྟོན་པའི་སྐུ་བརྙན་ལ་མཆོད་པ་ཕུལ་བ་ལ་བསོད་ནམས་ཡོད་ན་དེ་ལ་འཚེ་བ་ལས་སྐྱོབ་པ་ལ་ཕན་ཡོན་ལོས་ཡོད།
སངས་རྒྱས་ཀྱིས་སྐྱོབས་ཤིག
སྟོན་སྐུ་ལྷམ་སྟེང་དུ་བཀོད་པ་ནི་མཐོང་ཆུང་མ་རེད་ལ། མཐོང་ཆེན་བྱེད་པ་དེ་བས་མ་རེད། ཚོང་གི་ཆེད་དུ་རེད། ཚོང་གི་ཆེད་དུ་གཞན་གྱི་རིག་གཞུང་ལ་སྣང་མེད་བཏང་བ་ཡིན་ཤས་ཆེ། གང་ལྟར་ལུང་པ་ཡོད་པའི་ནང་པའི་རྒྱལ་ཁབ་གཞན་གྱིས་ངོ་རྒོལ་མ་བྱེད་པ་བོད་མི་རྣམས་མདུན་དུ་མཆོང་མི་ཉན་པ་འདོད། རྒྱུ་མཚན་ནི་ང་ཚོ་ལ་མཆོང་ས་མང་མེད་ན་ཉུང་མེད་པ་མ་ཟད། ང་ཚོའི་ནུས་བ་ལའང་ཚད་གཞི་ཡོད་པས་ཡིན། ནང་བའི་རྒྱལ་ཁབ་གཞན་གྱིས་ངོ་རྒོལ་བྱེད་པ་ཡིན་ན་སངས་རྒྱས་ཆོས་ལུགས་དད་གུས་ཡོད་པའི་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ལུགས་མཐུན་རེད། ཡིན་ཡང་བོད་ཀྱི་ཆབ་སྲིད་ཀྱི་གནད་གཙོ་རྣམས་ཀྱིས་གནད་དོན་དེ་ལ་ཁ་ཡ་མ་བྱེད་ན་ལེགས་པ་འདོད།
ཨ་ནུ་ལྐུག་པ།
རང་གི་བོད་མིའི་ཆེ་ཆུང་དང་ནུས་པ་ཐ་ན་ཚོང་པ་ལྐུག་པ་ཞིག་གི་མདུན་དུ་ཡང་ལང་ཐུབ་པར་མི་འདོད་ན་ང་ཚོའི་བོད་འདི་ལ་བུ་ཁོ་ཆད་སྐྱེ་རྒྱོ་མང་སོང་ཟིག། དེ་འདྲ་ཕམ་དགོས་དོན་མེད་ཨ་ནུ་ཁོ་རེ།
གནམ་ལགས།
རང་དང་ལྟ་བ་མ་མཐུན་པ་ཀུན་ལྐུག་པ་རྩིས་བའི་གནའ་བོའི་གོམས་གཤིས་ངན་པ་རྒྱུན་འཇམ་ཕྱིན་པའི་བྱ་སྤྱོད་འདིས་རང་མགོ་རང་གིས་སྐོར་བྱེད་ལས་གང་ལའང་ཕན་གི་མ་རེད། ཁྱེད་ཀྱིས་ཅི་ལྟར་ཚོང་པ་དེ་ཚོ་ལྐུག་པ་མཐོང་སོང་ངམ། མི་གཞན་ལྐུག་པ་བརྩི་མཁན་ནི་མཐའ་བཏུག་ན་རང་ཉིད་ལྐུག་པ་འགྱུར་བའི་སྔ་ལྟས་རེད། རང་ས་ནས་སྐུ་མདུན་གྱི་སྐུ་པར་ཙམ་ཡང་སྲུང་སྐྱོབ་ལེགས་པོ་ཐུབ་ཀྱི་མེད་པ་གཞན་ས་ནས་སྟོན་སྐུ་བཀག་སྡོམ་བྱེད་པ་རང་ཚང་སྟོན་པའི་རྒྱུ་ལས་ཅི་ཡང་མ་འདས། ཕྱོགས་གཞན་ཞིག་ནས་བཤད་ན་སྟོན་པ་ནི་རྒྱ་གར་བ་ཞིག་ཡིན་པས་རྒྱ་གར་བའི་ཆེད་དུ་བོད་པ་ཚོ་ཁོང་ཁྲོ་ལངས་དང་མིག་ཆུ་་འདོན་དགོས་ཨེ་ཡོད་དམ། ཁོང་ཁྲོ་ལངས་ན་རྒྱ་གར་པ་ལངས་དགོས་བ་རེད། བོད་པའི་གྲས་ནས་ཁོང་ཁྲོ་ལངས་ཐུབ་མཁན་ཡོད་ན་རང་ས་འཕྲོག་མཁན་ལ་ལངས་དང་། དེ་ནས་གཞན་གྱིས་གུས་བཀུར་ཐོབ་ངེས་རེད། གང་ལྟར་ཁྱེད་ཉིད་སྟོན་སྐུའི་ཆེད་དུ་ཤི་ཡང་གསོན་ཡང་རང་དབང་རེད། ང་ལ་དགག་བྱ་མེད།
ཕྲན་གྱིས་ལོ་གཉིས་གསུམ་ཙམ་གྱི་སྔོན་དུ་ས་འོག་མེ་འཁོར་འབབ་ཚིགས་སུ་ཡོ་རོབ་ཀྱི་བུ་མོ་གཉིས་ཀྱི་རྐང་ལྷམ་གྱི་འཕོངས་ཚོས་སྒང་དུ་ཡེ་ཤེས་སྟོན་པའི་སྐུ་པར་འདྲ་བོ་ཞིག་མཐོང་ཡང་། ལམ་ཞོར་ཡིན་པས་ཡིན་མིན་གྱི་ཁ་ཚོན་གཅོད་མ་ཐུབ་པས་བཤད་ཐབས་བྲལ། འོན་ཀྱང་ཤེ་ཡེས་སྟོན་པའི་མཚན་ལྷམ་མཐིལ་དུ་ཡོད་པ་འདི་ནས་གཟིགས་ཐུབ།
http://media.photobucket.com/image/jesus%20shoes/katieffox/JESUSSHOES.jpg?o=13
ཨ་ནུས་མི་རིགས་ཀྱི་སྐད་ཆ་བཤད་གི་འདུག་ག
ད་ལྟ་སྟོན་པ་དང་དེའི་རྗེས་འཇུག་གི་སྐད་ཆ་བཤད་གི་ཡོད། བོད་པ་ནང་པ་ཚོས་རང་གི་སྟོན་པའི་ཆེ་མཐོང་ལ་སྐད་རྒྱབ་པ་ལ་ཉེས་པ་ཞིག་འདུག་གམ།
མེ་དཀར་གྱིས་བཀག་རྒྱ་ཡི་རང་བཞིན་ལྡན་པའི་བསམ་བློ་བཏང་བཞིན་ཡོད་པས་དོན་མེད་དུ་མི་གཞན་གྱི་རང་དབང་མ་འཕྲོག་རོགས། ཁྱེད་ཉིད་འཇིག་རྟེན་དུ་ཡོང་བ་གཞན་གྱི་རང་དབང་འཕྲོག་ཆེད་ཡིན་ན་བཤད་ཡ་མེད།
བོད་ཀྱི་སྤྱི་འཐུས་ཁ་ཤས་ཀྱིས་སྟོན་སྐུའི་ལྷམ་ལ་དགག་པ་རྒྱག་བཞིན་ཡོད་པས་མི་རིགས་ཀྱི་གནད་དོན་མ་རེད་དམ། སྤྱི་འཐུས་ནི་བོད་མི་མང་གི་འཐུས་ཚབ་ཡིན་པ་ལས་སངས་རྒྱ་ཆོས་ལུགས་ཀྱི་འཐུས་ཚབ་མ་རེད། ཕྱོགས་རིས་པའི་བསམ་བློ་མ་བཏང་། ཁེ་ཕན་ཡོད་དུས་མི་རིགས་ཀྱི་གནད་དོན། ཁེ་ཕན་མེད་དུས་ཆོས་ལུགས་ཀྱི་གནད་དོན། ཁ་གཡར་ས་མང་བ་ནི་གཡོ་སྒྱུ་ཆེ་བའི་དན་རྟགས་རེད།