བོན་རྒྱ་བསྟན་འཛིན་རབ་རྒྱས།
ལོ་ཤས་སྔོན་ཞིག་ནས་བཟུང་ང་ཚོད་ཚོད་ལ་ཡིད་སྐྱོ་ནས་སེམས་པ་སྨྲེང་རྒྱུ་ཞིག་དང་ཁོག་པ་གྲང་བསིལ་བསིལ་བྱེད་རྒྱུ་ཞིག་ལོབ་འདུག དེ་ནི་དངོས་གནས་གད་མོ་བྲོ་བ་ཞིག་རེད་ལ་བཟོད་དཀའ་བ་ཞིག་ཀྱང་རེད།དེ་རིང་ཡང་ངས་ཨ་མདོ་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་འདྲ་པར་ལ་བལྟ་དུས་ཚོད་ཚོད་ལ་སེམས་པར་སྨྲེང་རྒྱུ་ཞིག་ཐོན་ཐལ།གཅིག་བྱས་ན།བུ་མོ་མོ་རང་ཡང་ང་བཞིན་དུ་སྐྱོ་སེམས་ཀྱིས་ནོན་ཡོད་རྒྱུ་རེད་སྙམ།བུ་མོ་ཆོས་དབྱིངས་སྐྱིད་ནི་འུ་ཅག་ཚང་མ་ལ་རྒྱུས་ཡོད་ལྟར་སྤྱི་ལོ་༢༠༠༦ ལ་གཞི་ནས་མཚོ་སྔོན་ཞིང་ཆེན་ལས་རྩལ་སློབ་གྲྭར་ཞུགས་ཤིང་། སྤྱི་ལོ་༢༠༡༠ དང་ ༢༠༡༡ བཅས་སུ་ཐད་ཀར་རྒྱལ་ཁབ་རིམ་པའི་རྩེད་འགྲན་པ་ལ་གྱུར་བ་མ་ཟད། མོ་ལོ་ཉེར་གཅིག་ལ་སོན་པའི་སྤྱི་ལོ་༢༠༡༢ ལོ་འདིར་འཛམ་གླིང་རང་བཞིན་གྱི་རྩེད་འགྲན་པར་གྱུར་ནས་ད་བར་དུ་བོད་པ་གཅིག་ཀྱང་ཞུགས་མ་མྱོང་བའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་ཀྱིན་པའི་ཨ་མདོའི་འབྲོག་ཕྲུག་མ་ཞིག་རེད་ལ། མོའི་སྐྱེས་ཡུལ་ལ་དེང་སང་རྒྱ་ནག་གིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་གཞི་རྫོང་ཝ་འཇོག་ཡུལ་ཚོ་ཞེས་འབོད་ཀྱིན་ཡོད་པ་རེད་ལ། འཛམ་གླིང་རང་བཞིན་གྱི་རྩེད་འགྲན་ཆེན་མོ་འདི་ལ་མོ་ཁེར་རྐྱང་དུ་ཞུགས་ཀྱིན་ཡོད་པ་རེད།ང་སྐྱོ་དོན་དེ་ཡིན་ལ། མོ་ལའང་བརྒྱ་ཆ་བརྒྱ་ཐམ་པ་སྐྱོ་བ་དེ་ཡོད་པར་ངས་ཚོད་དཔག་ཐུབ་ཀི་ཡོད།
རང་དབང་ཅན་གྱི་རྒྱལ་ཁབ་ཉིས་བརྒྱ་ལྷག་ནས་སྐད་གྲགས་ཅན་གྱི་རྩེད་འགྲན་པ་ཁྲི་ཚོ་བརྒལ་བ་སྤྲིན་གྱི་འདུ་འགོད་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་འདུས་པའི་ནང་དུ་བོད་ཀྱི་འབྲོག་མོ་གཉོམ་ཆུང་འདིས་ཀྱང་བོད་ཅེས་པའི་མི་རིགས་ཉམ་ཐག་ཅིག་གི་ཟུངས་ཁྲག་ དྲོན་མོ་དང་རུས་པ་ཚ་བོ་འཁྱེར་ནས་རྒྱལ་ས་ལོན་ཌོན་དུ་ཐོན་ཡོད་པ་རེད།དངོས་གནས་བཤད་ན་འདི་ལས་བཟོད་པར་དཀའ་བའི་དགའ་སྐྱོ་ཟུང་ལྡན་ཞིག་གང་ན་ཡོད།མོའི་འདྲ་པར་སྟེང་གསལ་བའི་མིག་མདངས་ལས་ཀྱང་ང་ལ་སྐྱོ་བ་དང་སྤྲོ་བ་ཡོད་ཚད་བསྟན་སོང་ལ།ངས་ཀྱང་གདུང་བ་ཆེན་པོ་དང་སྤྲོ་བ་ཆེན་པོས་ཁེར་རྐྱང་གི་བུ་མོ་འདི་ལ་སེམས་དཀར་པོས་སྨོན་ལམ་ཞུས་པ་ཡིན།
གནམ་འོག་ན་མོ་ལྟ་བུའི་བུ་མོ་ག་ཚོད་ཡོད་དམ། སྨྱན་བྱེད་ཁྲི་ཕྲག་གི་པར་ཆས་གདེང་བའི་སོ་ཁ་དེ་རུའང་དགྲ་ཡ་ངོ་མ་ཚང་གི་དར་ཆ་གོན་ནས་འགྲོ་དགོས་མཁན་ག་ཚོད་ཡོད། མོ་ལ་མཚོན་ན་ཁྲག་མདོག་གི་དར་ཆ་དེ་ནི་ཚེར་མ་གདེང་བའི་སྟོད་ཐུང་ཞིག་ལས་ཀྱང་རྩུབ་རེག་ལྡན་ལ། རུལ་དྲི་འཐུལ་བའི་གད་སྙིགས་ཤིག་ལས་ཀྱང་མདོག་ཉེས་ལ་ཞེ་མེར་བ་ཞིག་མ་ཡིན་ནམ། ཡིན་ནའང་། མོའི་སྙིང་ཁ་ན་བར་མེད་དུ་ལྡང་བའི་སྙིང་ཆུང་གི་འཕར་སྒྲ་རེ་རེས་གོ་སྐབས་འདི་ཁྱོད་ཀྱི་རུས་པ་ཚ་བོའི་ལ་རྒྱའི་དམ་ཚིག་དང་འབྲེལ་ཡོད་ལ། ཟུངས་ཁྲག་དྲོན་མོའི་རིགས་ཞེན་དང་ཡང་ཀུན་ནས་འབྲེལ་ཡོད་ཅེས་དྲན་སྐུལ་གཏོང་གིན་པ་མ་ཡིན་ནམ། འགྲན་རྩོད་ཀྱི་སེམས་འཁུར་ལས་ཀྱང་རིགས་ཞེན་གྱི་ཚོར་གདུང་བཟོད་པར་དཀའ་བ་འདི་དག་གིས་བུ་མོ་འདི་ཇི་ལྟར་གདུང་གིན་ཡོད་དམ་བསམས་ན། ངའི་སེམས་པ་གྲང་གྲང་བསིལ་བྱེད་ཀྱིན་འདུག ཕྱོགས་གཅིག་ནས་བལྟས་ན། འདང་རྒྱག་སྟངས་འདི་གད་མོ་ལངས་པ་ཞིག་རེད་ལ་དོན་དངོས་ཀྱང་རེད།
ལོན་ཌོན་གྱི་ཨོ་ལིམ་པིག་རྩེད་ཐང་ཆེན་མོའམ་ཡང་ན་ངོ་མཚར་བའི་གླིང་ཀ་རུ་བསྙད་པའི་གནས་དེ་རུ་གལ་སྲིད་ཆོས་དབྱིངས་སྐྱིད་ཀྱིས་གསེར་དངུལ་ཟངས་གསུམ་གང་རུང་གི་རྟགས་མ་ཞིག་བཀྱག་ནའང་། མོ་ལ་རང་གི་མཚན་སྙན་འབུལ་སའི་རྒྱལ་ཁབ་མེད་པ་མ་ཟད། མོ་དང་ལྷན་དུ་གནམ་ལ་ལན་གསུམ་ལྡིང་བའི་བོད་པ་གཅིག་ཀྱང་ཚོགས་ར་དེ་རུ་ཐོན་མི་ཐུབ་པར་བསམས་ན་མོ་ཇི་འདྲའི་སྐྱོ་བ་ཚད་མེད་ཅིག་གིས་གདུང་ངེས་སམ། ཡིན་ནའང་། དོན་དམ་པར་མོ་ནི་ངོ་མཚར་བའི་གླིང་ཀ་དེ་རུ་འོད་ལམ་ལེམ་འཚེར་བའི་རྨ་རྒྱལ་གངས་རི་དང་། བོད་རྒྱལ་ཁབ་ཆེན་པོའི་ལུག་མགོའི་ས་ཁྲ་ཅི་ལ་མིན། མོས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་མཚོན་དོན་དུ་རང་གི་དྲོད་ཀྱིས་བཟུང་བའི་ཟུངས་ཁྲག་དྲོན་མོ་དང་རུས་པ་ཚ་བོ་བསྣམས་ནས་ཕེབས་ཡོད་པས། འདི་ལས་དོན་དངོས་ཀྱི་ལ་རྒྱ་ཞིག་གང་ན་ཡོད། ལྷག་པར་མོ་ལོ་ཉི་ཤུའི་སྒེ་ཐེམ་བསྙེགས་པ་ནས་མི་རིགས་ཤིག་གི་ཚབ་མཚོན་རང་བཞིན་ལ་གྱུར་བ་ནི་སྐྱེ་བོ་ཕལ་བ་སུ་ཡིན་གྱིས་འཇོན་པ་ཞིག་ག་ལ་ཡིན་སྙམ་ན་མོས་གཡག་རྒོད་ཀྱི་ར་རྩེ་ལས་རྣོ་བའི་སྣང་བ་མཐོན་པོ་ཞིག་དང་སྤོབས་པ་ཆེན་པོ་ཞིག་གིས་ཞུགས་ཀྱིན་ ལོས་ཡོད་སྙམ་ན། རེས་འཇགས་རེས་འཕར་གྱི་ཚོར་སྣང་དེ་ནི་དངོས་གནས་སྨྲ་བསམ་བརྗོད་བྲལ་ཉིད་ལས་ཅི་ཡང་མ་རེད། ད་དུང་ཕ་ཡུལ་མཚོ་སྔོན་ནས་ལམ་ལ་ཆས་དུས་ཀྱང་”ངས་རྒྱུག་འབྲས་ལེགས་པོ་ཞིག་བླངས་ནས་ཡུལ་མི་རྣམས་ཀྱི་བརྩེ་སེམས་ལ་དྲིན་གཟོ་ཞུ་ངེས་ཡིན”ཞེས་སྤོབས་པ་རྨ་རྒྱལ་གངས་རི་ལས་མཐོ་བ་ཞིག་བསྣམས་ནས་ཕེབས་སོང་བར་བསམས་ན། མོ་ནི་འུ་ཅག་གིས་ཡང་ཡང་བྲིས་ཏེ་སྨོན་མྱོང་བའི་རང་རྟོན་གྱི་སྤོབས་པ་དང་རང་རྟོན་གྱི་འདུ་ཤེས་ཟུང་འཇུག་གི་བུ་མོ་ཞིག་རེད་ཨང་།
ད་ཐེངས་མོ་ཞུགས་སའི་ལུས་རྩལ་གྱི་སྡེ་ཚན་དེ་ལ་དབྱིན་སྐད་དུ་Athletics ཟེར་བའི་ནང་གི་Women’s 20km Walk ཟེར་བ་དེ་རུ་ཞུགས་ཀྱིན་ཡོད་པ་རེད། རྩེད་མོའི་དུས་ཚོད་ནི་སྤྱི་ཟླ་བརྒྱད་པའི་གཟའ་སྤེན་པ་དང་པོ། ཚེས༡༡ ཉིན་གྱི་ལོན་ཌོན་དུས་ཚོད་༡༧ སྟེང་(གོང་གསལ་ནིbbcནང་བཀོད་པའི་དུས་ཚོད་ཡིན་མོད་yahoo དྲ་བར་བཀོད་པའི་དུས་ཚོད་ནི་bbc་ནང་བཀོད་པ་དང་མི་འདྲ་བས་དཔྱད་འཚལ)དངོས་སུ་མགོ་རྩོམ་རྒྱུ་རེད། དེ་རུ་རྒྱ་ནག་ནས་ཡོང་བའི་བུ་མོ་གསུམ་འདུག་ལ་གཅིག་ནི Hong Liu ཟེར་བ་དེ་རེད། དེ་ནི20km ལ་དུས་ཚོད་ 01:25:46ནང་་སྙོབ་ཐུབ་ཀྱི་ཡོད་པ་དང་། གཉིས་པ་ནི Xiuzhi Lu ཟེར་བ་དེ་རེད། དེ་ནི་ 20km ལ་དུས་ཚོད་ 01:27:01 ནང་སྙོབ་ཐུབ་ཀྱི་ཡོད་པ་དང་། བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་དམ་འགྲན་ཞུགས་མིང་ལ་Shenjie Qieyang ཟེར་བ་ནི 20km ལ་དུས་ཚོད་01:27:04 ནང་སྙོབ་ཐུབ་ཀྱི་ཡོད་ཅེས་འཁོད་འདུག བུ་མོ་དང་པོ་གཉིས་བརྗེ་ལེན་བྱེད་དགོས་ན་མོ་དངོས་སུ་རྩེད་འགྲན་ནང་ཞུགས་ཐུབ་མིན་ཡང་བརྗོད་དཀའ་བ་ཞིག་རེད་དེ། ང་ཚོ་ཚང་མས་ཉིན་དེ་རུ་ཁོ་མོས་དངོས་སུ་རྩེད་འགྲན་པའི་ཆ་ཤས་ལེན་ཐུབ་པ་དང་། རྩེད་འགྲན་ལ་ཞུགས་ནས་ཀྱང་རྟགས་མ་ལེན་མཁན་གྱི་གྲས་སུ་ཐོན་པར་སྨོན་ལམ་དང་བཅས་རླབས་ཆེན་གྱི་བུ་མོའི་འཇོན་ཐང་གི་འབྲས་བུ་ལ་རོལ་རྒྱུ་བྱ། ད་ལོའི་ཨོ་ལིམ་པིག་གི་ལས་རྩལ་འགྲན་ཚོགས་སྟེང་བོད་ཀྱི་བུ་མོ་གསུམ་ཞུགས་ཡོད་རབས་དང་གཉིས་ཞུགས་ཡོད་རབས་ཀྱི་གཏམ་ཡན་ཞིག་ཐོན་གྱིན་འདུག་མོད། ངས་ནི་ཞིབ་འཚོལ་ཞིག་བྱས་ན་བུ་མོ་ཆོས་དབྱིངས་སྐྱིད་ལས་བོད་ཀྱི་རྩེད་འགྲན་པ་གཞན་ཞིག་རྙེད་ཐུབ་ཀྱི་མི་འདུག གཅིག་བྱས་ན་མིང་བརྗེ་བོ་བྱས་ཡོད་ཀྱི་རེད། དེའི་ཐད་དྲ་གྲོགས་ཚོས་གསལ་ཁ་འདོན་རོགས།
བུ་མོ་ཆོས་དབྱིངས་སྐྱིད་ལགས 21/03/2009 ལོར Baoji ནས་རྒྱུག་དུས 20km ལ་དུས་ཚོད 1:35:54 རིང་བསྙབས་འདུག་ལ།20/09/2010 ལོར Beijing ནས་རྒྱུག་དུས་20km ལ་དུས་ཚོད 1:30:33དང་། 22/04/2011 ལོར Taicang ནས་རྒྱུག་དུས་20km ལ་དུས་ཚོད1:28:04 དང་། 30/03/2012 ལོར་ཡང་བསྐྱར Taicangནས་རྒྱུག་དུས་20km ལ་དུས་ཚོད 1:27:04 ནང་བསྙབས་འདུག་པར་དཔགས་ན་ད་ཐེངས་ཕལ་ཆེར་རྒྱ་ནག་གི་རྒྱུག་འགྲན་པ་ཨང་དང་པོ Hong Liuལས་བརྒལ་ཐུབ་པར་ང་ཚོས་ཚོད་དཔག་བྱེད་ཆོག་པ་རེད། དཔེར་ན། མོ་རང་རྒྱུག་འགྲན་རེའི་བར་དུ་སྐར་5དང་3རེ་འཕར་སྣོན་བྱུང་ཡོད་ནའང་། ད་ལོའི་སྤྱི་ཟླ་གསུམ་པའི་ནང་སྐར་མ་གཅིག་ལས་འཕར་སྣོན་ཐུབ་མེད་པ་ནི། ཉིན་དེར་ཁོ་མོའི་རྐང་པར་རུས་གཟེར་ཞིག་བྱུང་རྐྱེན་ནམ་རྒྱུན་གྱི་རྒྱུག་ཚད་ལྟར་མ་བྱུང་བར་འགྲེལ་བརྗོད་བྱས་འདུག་པས། ཐེངས་འདིར་ཁོ་མོ་བདེ་ཐང་གིས་རྒྱུག་རྒྱུ་བྱུང་ན་ཏན་ཏན་རྒྱ་ནག་ནང་གི་རྒྱུག་འགྲན་པ་ཨང་དང་པོར་འགྱུར་རྒྱུ་ཡིན་འདུག
ཁོ་མོ་དང་འབྲེལ་ཡོད་ཀྱི་གནས་ཚུལ་གསལ་ཁ་རེ་བྱུང་ན་དྲ་གྲོགས་ཚོས་ཁ་གསབ་གནང་བར་རེ་བ་ཞུ།
ཨ་རོགས་དྲིན་ཆེན་ཚོ བོད་པའི་བུ་མོ་ཞིག་སླེབ་ཐུབ་པ་དེ་ལས་སླ་པོ་ཞིག་མ་རེད། མོ་རང་གྱིས་ལོ་མང་འབད་བརྩོན་བྱས་པའི་འབྲས་བུ་དེ་ལོན་ཆེད་ཆབ་སྲིད་ཀྱི་སྐད་ཆ་འདྲ་བ་དེ་མ་བཤད་ན་ཡག་ས་རེད། ཁྱེད་ནས་མོ་རང་ཡོད་སའི་རྒྱལ་ཁབ་དེ་སུའུ་འོག་ལ་ཡོད་པ་མ་བརྗེད་རོགས།
གནས་ཚུལ་འདིའི་ཐོག་ལ་དོ་སྣང་བྱས་ཏེ་རྩོམ་ཞིག་བྲིས་པར་བཀྲ་ཤིས་བདེ་ལེགས་ཞུ། ཤི་ལོག་སྒྲོལ་མའི་སྐོར་ལ་གནས་ཚུལ་ཐོར་བུ་ཞིག་རྫ་ཚེ་རིང་བཀྲ་ཤིས་ལ་སྦྱིན་པ་བཏང་ཡོད་པ་དྲ་འབྲེལ་འདི་ན་ཡོད། http://www.khabdha.org/?p=31818
མོ་རང་ནས་ལོ་མང་རིང་འབད་བརྩོན་ཧར་ཐག་བྱས་པའི་གྲུབ་འབྲས་དེ་་་་འཛམ་གླིང་མི་དམངས་དཀྱིལ་ནས་དངོས་སུ་ངོམས་རྒྱུ་
བྱུང་པ་དེ་ནི་་་་་ཧ་ཅང་གི་དགའ་འོས་པ་ཞིག་རེད།།
གནས་ཚུལ་བཏང་བར་ཐུགས་རྗེ་ཆེ།
ཆོས་དབྱིངས་སྐྱིད་རྩེད་འགྲན་ནང་རྟགས་མ་གཅིག་ལོན་ཐུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཡིན།
བོད་ཀྱི་རྩེད་འགྲན་པ་རིམ་གྱིས་འཛམ་གླིང་རིམ་པའི་རྩེད་འགྲན་ནང་འཛུལ་ཞུགས་ཐུབ་པ་དེས་ང་ཚོའི་མི་རིགས་འདིར་གོ་སྐབས་བྱུང་ན་འཇོན་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པར་ར་སྤྲོད་བྱེད་པ་དེ་རེད།
དངོས་ནས་ལ་རྒྱ་དང་ཤེས་ཡོན་གྱི་དཔྱད་རྩོམ་སྤེལ་ཚུལ་འདི་འདྲ་རེད། ཡི་རང་དང་། བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལ་རྒྱལ་ཁ་ཐོབ་པའི་སྨོན་ལམ་ཡོད། དེ་མིན་བོན་རྒྱ་འདི་ཚོས་གསོན་བསྲེག་སྐོར་ལ་བྲིས་པ་དག་ལ་མཐོང་ཚེ་གྲྭ་ལོག་ཅེས་ཟེར་ཤོར་ཐལ། ད་ཐེངས་ཀྱང་རྒྱལ་སྤྱིའི་རྩེད་འགྲན་ལས་རྒྱ་ནག་གི་གསེར་དངུལ་ཟངས་ཀྱི་རྟགས་མ་ལྔ་བཅུར་ཁར་ལོངས་ཚར་སོང་། བོད་མི་གསོན་བསྲེག་མཁན་ལྔ་བཅུར་ལོན་ལ་ཉེ་བར་དྲན་པའི་སེམས་སྡུག་མང་གི་ཡ།
གོམ་ཀྱོག་བང་རྒྱུག་ཨང་དང་པོ་ལོན་པའི་སྨོན་འདུན་ཡོད།
སྐལ་བ་བཟང་པོ་རེད། རང་གི་ཤེས་ཡོན་དང་འཇོན་ཐང་དེ་རང་ཉིད་ཁོ་ནས་འཛམ་གླིང་མི་མང་གི་མདུན་དུ་ངོམས་རྒྱུ་རང་སོ་སོས་འབད་བརྩོན་གནང་དགོས་ངེས་རེད། ཕྱིར་ཡོད་བོད་རིགས་ཚོས་མོ་ལ་ཕན་ལ་ཐུབ་ན་གནོད་མ་སྐྱེལ་རེགས་ཞུ་རྒྱུ་ཡིན། བུ་མོ་བྱ་བ་ལམ་འགྲོ་ཡོང་བར་ཤོག།
ནམ་ཡང་རྒྱལ་གྱུར་ཅིག་་་་་་་་ལམ་སློང་ཡོང་བར་སྙིང་ནས་རེ་བཞིན་ཡོད་་་་加油加油加油加油加油加油
བུ་མོ་ཆོས་དབྱིངས་སྐྱིད་སྐོར་ལ་མཆན་སྤེལ་སྐབས། ཚིག་སྙན་པ་བསྟོད་པ་ཤ་སྟག །ཡིན་ན་ཡང་། ཤ་ལོག་སྒྲོལ་མ་ལ་ཐུག་སྐབས། ཚིག་མི་སྙན་པ་སྨད་པ་ཤ་སྟག །འདི་ན་བོད་མི་རྣམས་ཀྱི་རང་གཤིས་རེད།
བུ་མོ་ཆོས་དབྱིངས་སྐྱིད་བཞིན་ལོ་བཞིའི་རྗེས་སུ་རྒྱལ་སྤྱི་ལུས་རྩལ་འགྲན་བསྡུར་ནང་དུ་མང་པ་ཞུགས་ཐུབ་པའི་སྨོན་འདུན་ཞུ
དེང་སང་ཕ་སྤྲེལ་རྒན་ལས་མ་བྲག་སྲིན་མོ་འཇོན་ཚད་ཚད་རེད་ཤག སྲ་ཀི་ཤུགས་རྒྱོབས་ཡ། ཡང་ཤི་ལོག་
སྒྲོལ་མ་ཟེར་བ་ཞིག་དང་ཨོའུ་སི་ཊིར་ལི་ཡ་ནས་བུ་མོ་ཞིག་ཡོད་རབས་ཐོས་པས། དེ་གཉིས་ཀྱི་འགྲན་རྩོང་ཀྱི་
དུས་ཚོད་ག་དུས་རེད། མཁྱེན་མཁན་འདྲ་ཡོད་ན་གསུང་དང་།
སྐུ་ཞབས་བོན་རྒྱ་ལགས། བུ་མོ་དང་པོ་གཉིས་བརྗེ་ལེན་བྱེད་དགོས་ན་མོ་དངོས་སུ་རྩེད་འགྲན་ནང་ཞུགས་ཐུབ་མིན་ཡང་བརྗོད་དཀའ་བ་ཞིག་རེད་དེ། ང་ཚོ་ཚང་མས་ཉིན་དེ་རུ་ཁོ་མོས་དངོས་སུ་རྩེད་འགྲན་པའི་ཆ་ཤས་ལེན་ཐུབ་པ་དང་། ཞེས་པའི་གོང་གི་ཡི་གེ་འདི་དག་ལ་བལྟས་ཡོང་དུས་མོ་དངོས་སུ་ཞུགས་ཐུབ་མིན་གྱི་གནད་དོན་ཞིག་ཀྱང་ཡོད་པ་རེད་དམ། དེའི་དོན་གོ་མ་སོང་། གཙོ་བོ་རྩེད་མོའི་སྒྲིག་གཞི་དེར་ཤེས་རྟོགས་མེད་ཙང་རེད། ཁྱོད་ཀྱི་དེའི་ནང་དོན་རྩེད་མོའི་སྒྲིག་གཞི་དང་འབྲེལ་བ་ཡོད་ངེས་པས་དེ་འབྲེལ་གྱིས་གསལ་བཤད་ཅིག་ཡོད་པར་ཞུ།
བོད་མོ་ཞིག་དེར་སླེབས་པ་དང་། དེའི་སྐོར་གྱི་ཆེད་རྩོམ་འདིས་སེམས་འགུལ་ཐེབས་སོང་། དགའ་བསུ་དང་སྐྱིད་སྡུག་མཉམ་མྱོང་ཡོད།
བོད་མོ་ཞིག་རྒྱལ་སྤྱིའི་རྩེད་འགྲན་ནང་ཞུགས་ཐུབ་པ་དགའ་ན་ཡང་། དགྲ་བོའི་མིང་ཐོག་ནས་ཞུགས་དགོས་པ་འདི་སེམས་སྐྱོ་བ་ཞིག་རེད།
གནོད་སྐྱེལ་མཁན་མང་བ་ལས། ཕན་ཐོགས་མཁན་དཀོན། བོད་པའི་བུ་མོ་ཨོ་རྩལ་མ་བཀྲ་ཤིས་ཁ་གཡང་འབོད།
གྲོགས་པོ་རྣམ་པས་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལ་བསྟོད་པ་དང་རྗེས་སུ་ཡིད་རིང་བྱས་པ་ཐུགས་རྗེ་ཆེ་ཡིན་ན་ཡང་ཆབ་སྲིད་སྐོར་མོའི་ཐོག་ཏུ་མ་ཀླིང་རོགས་མོའི་མ་འོངས་པའི་མདུན་ལམ་ལ་གནོད་པ་མ་སྐྱེལ་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བཞིན་ཡོད་ལགས།
བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་ཤོག།
བོན་རྒྱ་ལགས། གནས་ཚུལ་མཁོ་འདོན་བྱས་པ་ཐུགས་རྗེ་ཆེ། འོན་ཀྱང་ ང་ཚོས་ད་ལྟ་མོའི་སྐོར་ལ་ཇུས་ཏོག་མ་བྱས་ན་བཟང་གི་འདོད་ཀི་ གང་ཡིན་ཟེར་ན་ ཁྱོད་ཕྱིའི་ལུང་ལ་ཞིག་ལ་བསྡད་ནས་ཇུས་ཏོག་བྱས་བསྡད་ན་ མོའི་མི་ཚེ་ལ་ཕན་གནོད་ག་རེ་བྱུང་གི་ཡོད་མེད་ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ བྱས་ཙང་ ད་དུང་ཁྱོད་ཀྱི་ཇུས་ཏོག་བྱེད་རྒྱུ་ཅུང་སྔ་འདུག་
འདི་ནི་རྒྱ་ནག་གིས་ནམ་རྒྱུན་གླེང་བཞིན་པའི་གྲངས་ཉུང་མི་རིགས་ལ་ཁེ་དབང་ཡོད་པའིདཔང་རྟགས་ཤིག
ཁྱི་ཕྲུག་དང་ཉི་མ་ལྷ་མོ་སོགས་ཀྱི་བཤད་པ་བདེན་པ་རེད། འདིའི་སྐོར་ལ་ང་ཚོས་ཆབ་སྲིད་མ་བསྲེས་ན་ཡགས་ཀི ཡིན་ནའང་། སེམས་ཚོར་ཞིག་ཐལ་བ་ཙམ་ཡིན། གཞན་དུ་བོད་ཀྱི་བུ་མོ་ཤི་ལོག་སྒྲོལ་མ་དང་ཡོ་རོབ་ཀྱི་མིག་མངས་རྩེད་མོ་བ་དེ་གཉིས་ཕལ་ཆེར་ཨོ་རྩལ་སྟེང་ཞུགས་ཐུབ་མེད་པ་འདྲ། ཁ་སང་twitter ནང་དུའང་དྲ་གྲོགས་ཚོས་བཙལ་འཚོལ་བྱེད་ཀྱིན་འདུག་མོད། མི་རྙེད་ཀི་ཟེར་གྱིན་འདུག ཨོ་རྩེད་ལ་ཞུགས་པ་དང་རྒྱལ་སྤྱི་རང་བཞིན་གྱི་རྩེད་འགྲན་གཞན་ལ་ཞུགས་པ་ཁ་ཁ་རེད། གཅིག་བྱས་ན་ཐོ་འགོད་ཀྱི་མིང་བརྗེ་བོ་བྱས་ཡོད་ཀྱི་རེད། དེ་ལ་དྲ་གྲོགས་ཚོས་རྩད་གཅོད་བྱེད་པར་རེ་བ་ཡོད།
བུ་མོ་ཆོས་དབྱིངས་སྐྱིད་ལ་དགའ་བསུ་ཞུ། ངའི་གོ་ཐོས་ལ་ཡང་ད་ལན་གྱི་ཨོ་རྩལ་འགྲན་ཚོགས་འདིར་གོང་ནས་བཤད་ཀྱིན་པ་ལྟར་མི་གསུམ་ཞུགས་པ་གོ་ཡང་། རང་གིས་བཙལ་འཚོལ་དང་གྲོགས་པོ་འགར་འཚོལ་སྐུལ་བྱས་ཀྱང་རྙེད་མ་བྱུང་། ཡིན་ཡང་། ད་ནངས་གཉིད་མ་སད་ཀྱི་སྐབས་སུ་ལོབས་སྲོལ་ལྟར་ལྟད་མོ་སྒོ་ཕྱེ་ནས་cctvསྟེང་གི་ཨོ་རྩལ་ལྟད་མོར་ལྟས་དུས། བུ་མོ་ཆོས་དབྱིངས་སྐྱིད་ཞུགས་སའི་རྒྱུགས་འགྲན་རྩེད་མོ་འདི་བཞིན་ཏེ། བུའི་རྩེད་འགྲན་ཐོག་ནས་ཨང་དང་པོ་ལེན་མཁན་དེ་ལ་བཅར་འདྲི་བྱེད་ཀྱིན་འདུག ངས་དེ་མཐོང་མ་ཐག་ཁོ་བོད་པ་ཞིག་རེད་བསམ་སོང་། གང་ཡིན་ཟེར་ན། ཁོའི་ངོ་གདོང་བོད་པ་ཞིག་དང་གཉིས་སུ་མེད་ལ། རྒྱ་སྐད་དག་མོ་ཞིག་ཀྱང་ཤོད་ཐུབ་ཀི་མི་འདུག ཁོའི་ཕ་ཡུལ་ཡུན་ནན་ནས་ཡིན་ཟེར་དུས། ངས་ཁོ་བོད་པ་ཞིག་ཡིན་ས་རེད་བསམ་པའི་ཚོར་བ་དེ་དངོས་གནས་འགོག་ཐུབ་ཀི་མི་འདུག དྲ་གྲོགས་ཚོས་དེ་ལ་ཡང་ཉམས་ཤིག་འཇོག་རོགས།
བོན་རྒྱ་དྲིན་ཆེན་མོ་ཁྱེད་ཀྱི་ནམ་རྒྱུན་སེམས་ཚོར་ཤ་གསང་རུས་གསང་ལ་ཞིག་པ་རེ་འབྲི་ཀྱིན་འདུག་ངོ་མ་ང་ལ་ཡང་སེམས་ཚོར་ཚ་ལམ་ལམ་རེ་བསྐྲུན་སོང་།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་འཛམ་གླིང་གོ་ཟློམ་པོ་འདིའི་སྟིང་གི་བོད་མི་ཙམ་ཟན་ཡོངས་ཀྱི་ཚབ་བྱས་ནས་འཛམ་གླིང་གི་རྩད་འགྲན་ཆེན་མོ་འདིའི་ནང་གོ་སྐབས་ལེན་ཐུབ་པ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན་ཡང་སྐྱར་ལོ་བཞིའི་རྗེས་ཀྱི་རྩད་འགྲན་སྐབས་སུ་བོད་རྒྱལ་ཁབ་ཆེན་མོའི་མིང་ཐོག་ནས་བཞུགས་རྒྱུའི་་སྨོན་འདུན་ཞུ།།
མཆན་ ༧ ་བཀོད་མཁན་རིན་ཆེན་ཁོ་པ་ལྟར་ན་རྒྱ་དམར་གྱི་རྐུབ་གཡོག་བྱེད་མཁན་ཚང་མ་སྐལ་པ་བཟང་པོར་མཐོང་བཞིན་ཡོད། འོན་ཀྱང་བོད་ཞན་ཅན་༧གོང་ས་མཆོག་ལ་མོས་གུས་ཡོད་མཁན་རྣམས་རྒྱ་གུང་བྲན་གྱི་རྐུབ་གཡོག་རྒྱུག་མཁན་རྣམས་སྐལ་དམན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་རྒྱུ་མཚན་དེས་ག་རེ་མཚོན་བཞིན་འདུག་གམ།། །།
བོན་རྒྱ་བ་ཁྱོད་ཀྱིས་ཐོག་མར་ཚིག་གི་མགོ་ཚུགས་པ་ནས་བཟུང་། ཨ་མདོ་ཞེས་པའི་མིང་དེ་འཁྱེར་ནས་སླེབས་འོང་བ་ལ་བལྟས་ན་ཆོལ་གསུམ་ནང་དཀྲུགས་ཀྱི་ཁྲག་གི་ཐུར་མ་ཞིག་མིན་ནམ་དྲན་སོང་། དེ་མིན་སྐྱེས་ཡུལ་ཙམ་ཨ་མདོ་རེད་ཅེས་བཤད་ནས་བོད་པའི་བུ་མོ་ཞེས་བཤད་ན་ཆོག་པ་ལ། ཨ་མདོ་རྐྱང་རྐྱང་ལབ་བསྡད་ན་དེང་སང་གི་གསར་བུ་ལྟས་ངན་འདི་ཚོ་ནི་ཆོལ་གསུམ་ནང་འཁྲུག་ལ་དགའ་ཞིང་། ཆོས་བརྒྱུད་ཕྱོགས་ལ་དུང་བ་ཤ་སྟག་རེད། ཁྱོད་ཀྱང་དེ་དག་ལས་འདའ་མེད་པ་གཞི་ནས་ཤེས་སོང་། ད་ཡིན་ན་ཁྱོད་ལའང་རེ་བ་མི་འདུག
ཆོས་བརྒྱུད་ཕྱོགས་རིས་ལ་་་་་་་་་་་་་་་
Hong Liu , Xiuzhi Lu དང་། ཆོས་དབྱངས་སྐྱིད། Choe-yang Kyi ལ། Shenjie Qieyang བྲིས་ན་སེམས་ལ་ག་འདྲ་ཅིག་ཤར་བགྱིད་འདུག་གམ། བོད་རིགས་ཚོ། བོད་མོ་ཆོས་དབྱངས་སྐྱིད་ལགས་ལ་གསེར་གྱི་རྟགས་མ་ཐོབ་པར་ཤོག །
བོད་པའི་འབྲོག་མོ་ཆུང་ཆུང་ཞིག་གིས་འཛམ་གླིང་འདིའི་ཐོག་ལ་གོམས་འགྲོན་བྱེད་ཐུབ་དེ་ཡག་པོ་རེད་དྲན་བཞིན་འདུག་ ཆབ་སྲིད་འབྲེལ་བའི་སྐད་ཆ་བཤད་པ་ཡིན་ན་ཆོས་དབྱིངས་སྐྱིད་ཀྱིས་སྔོན་ཆད་དཀའ་རྒྱབ་པ་དེ་ཆུ་ལ་རྡོ་གཡོག་པ་ལྟ་བུ་འགྱུར་མི་སྲིད་པ་མ་རེད་ མོ་རང་གི་ཞལ་དགའ་གལ་སྲིད་ལེན་པ་ན་ཕན་པ་མེད་ཀྱང་གནོད་པ་མི་འགྱུར་རོ་