གངས་སེང་།
བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ང་ཚོའི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་འདིའི་ཁུངས་ངོ་མ་དེ་རྒྱ་གར་འཕགས་པའི་ཡུལ་ལ་གཏུགས་ཏེ་དེའི་གོང་དུ་བོད་ལ་ཡིག་རིགས་ཙམ་ཡང་མེད་པ་ཆེས་ཀླ་ཀློ་ཞིག་ངོས་འཛིན་བྱས་ཡོད། བོད་རྒྱལ་སྲོང་བཙན་གྱིས་ཐོན་མི་ཨ་ནུ་རྒྱ་གར་ལ་བཏང་ནས་ཐོན་མིས་མཁས་པ་ལི་བྱིན་ལ་བསྟེན་ནས་ཡི་གེ་བསླབ་པ་མཐར་སོང་བྱས་ཏེ་ཕྱིར་བོད་ལ་ལོག་རྗེས་བོད་ཡིག་གསར་བཟོ་བྱས་པར་བཤད་དེ་བོད་པའི་ཀླད་ཁོག་ནང་དུ་བསུབ་ཏུ་མེད་པའི་རྫུན་རིས་ཞིག་བྲིས་པ་དེ་གནས་རི་སྲོང་བཙན་ཡན་གྱི་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ཡབ་མེས་གོང་མ་རྣམས་ལ་བསམ་ཡུལ་ལས་འདས་པའི་སྨ་འབེབས་ཞིག་ཡིན་པ་སྨོས་མེད་རེད། རྒྱུ་མཚན་ནི། སྲོང་བཙན་གོང་དུ་བོད་དུ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་ར་སྤྲོད་ཡོད་ཚུལ་གཡུང་དྲུང་བོན་ལུགས་འཛིན་པ་ཀུན་གྱི་ཞལ་གཅིག་མཐུན་དང། བན་ཕྱོགས་ཀྱི་མཁས་དབང་མང་པོའི་དགོངས་ཚུལ་ཡིན་པ་མ་ཟད་གནའ་དཔེ་དུ་མའི་ནང་དུ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བསྟན་ཡོད། དེང་སང་ཡང་བོན་པོ་ཡིན་མིན་ལ་མ་ལྟོས་པའི་ལྟ་བ་དེའི་ཚུལ་གྲངས་ཚད་ལོ་རེ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་ཡོད། འདིར་བོད་པས་མ་ཐ་ལོ་ངོ་སྟོང་ཕྲག་གཉིས་གསུམ་གོང་ནས་ཡིག་སྦྱོར་གྱི་བྱ་བ་ཡོད་ཟེར་བ་དེ། སྒྲ་སྦྱོར་གྱི་ཡི་གེ་དང་། དེ་ཡང་དབྱངས་གསལ་ལྡན་པ། དེའི་མཚོན་བྱེད་ཡི་གེའི་གཟུགས་རིས་བཅས་ཆ་ཚང་མ་ཞིག་ཡོད་པ་ལས་ཆོས་འདོན་བྱེད་ཙམ་ལས་སྲིད་ཕྱོགས་ལ་བེད་སྤྱོད་མི་ཐུབ་པ་དེ་འདྲ་མིན་པ་མ་ཟད། ཐ་གུ་ལ་མདུད་རྟགས་རྒྱག་པ་དང་བྱ་གཅན་སོགས་ཀྱི་གཟུགས་རིས་འབྲི་བ་ནི་དེ་བས་ཀྱང་མིན། རྒྱུ་མཚན་ནི། བན་ཕྱོགས་ཀྱི་ལོ་རྒྱུས་རྙིང་གྲལ་རྣམས་སུ་སྲོང་བཙན་གོང་གི་རྒྱལ་དུས་སུ་སྒྲུང་ལྡེའུ་བོན་གསུམ་རྒྱ་ཆེར་བྱུང་ཚུལ་བཤད་པ་འོག་ཏུ་གསལ། གཞུང་ལུགས་རྒྱ་ཆེར་དེ་འདྲ་ཞིག་ཐག་མདུད་དང་གཟུགས་རིས་ཀྱི་ལམ་ནས་གོ་བརྡ་སྤྲོད་ཐབས་མེད་པ་ཞིག་ཡིན། ཐོན་མིས་བོད་ཡིག་བྱས་ཚུལ་གྱི་ཐོག་མའི་གླེང་གཞི་དཔེ་མཚོན་ཙམ་ཞིག་འདིར་བཀོད་ན། བཀའ་ཆེམས་ཁ་ཁོལ་མ་(གཏེར་མ། ཇོ་བོ་རྗེ་ཨ་ཏི་ཤ། གཏེར་བཏོན་ལོ། 1049 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས 105) ལས། “ཐོན་མི་སམ་བྷོ་ཊས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ནས་བྲམ་ཟེ་ལི་བྱིན་ཏི་ཀ་བྱ་བའི་ཡིག་མཁན་ཅིག་དང་མཇལ་ནས། བྲམ་ཟེ་དེ་ལ་ཁྱེད་ཀྱིས་ང་ལ་ཡི་གེ་སློབ་དང་ཅེས་ཞུས་ནས་གསེར་དེའི་ཕྱེད་ཕུལ་བས། བྲམ་ཟེ་ན་རེ། ངས་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་ཤེས་པས། བོད་ཕྲུག་ཁྱོད་ཡི་གེའི་ལུགས་གང་ལ་སློབ་ཟེར་ཏེ་བྲམ་ཟེས་བོད་ཕྲུག་ཁྲིད་ནས་རྒྱ་མཚོའི་འགྲམ་ན་རྡོ་རིངས་ཅིག་ལ་ཡི་གེའི་ལུགས་མི་འདྲ་བ་ཉི་ཤུ་ཐམ་པ་བཀྲ་ལམ་མེ་བ་བྲིས་བསྐོས་ཡོད་པ་དེ་བསྟན་པས། བོད་ཕྲུག་ན་རེ་ང་ཡི་གེ་འདི་སློབ་པོ་ཟེར་ནས་བོད་ཀྱི་ཡི་གེའི་ལུགས་འདི་བསླབས་སོ།” ཞེས་སོ། བཤད་སྟངས་དེ་ལ་གཞིགས་ན་ཐོན་མིས་ཡིག་གཟུགས་གསར་རྩོམ་མི་དགོས་པ་ད་ལྟའི་བོད་ཡིག་འདི་རྒྱ་གར་གྱི་ཡིག་རིགས་ཞིག་ཡིན་པར་མངོན་སུམ་དུ་བསྟན་འདུག་པས། དེ་ལྟར་ན་བོད་མཁས་རྣམས་ཀྱིས་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་སྐོར་ཀྱི་ལོ་རྒྱུས་མི་མཐུན་པ་སྣ་ཚོགས་སུ་བཤད་དགོས་པའི་རྒྱུ་མཚན་རྩ་བ་ནས་མི་འདུག་སྙམ། འོན་ཀྱང་ཐོན་མིས་བོད་ཡིག་གསར་དུ་བྱས་ཚུལ་ལ་བཤད་སྟངས་སྣ་ཚོགས་མཆིས་ཏེ། འགའ་ཞིག་གིས་ཐོན་མིས་ལན་ཚ་ལ་དཔེ་བྱས་ནས་བོག་ཡིག་བཟོས་ཟེར། འགའ་ཞིག་གིས་ཝརྟུ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གི་ནཱ་ག་རའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ནས་བྱས་ཟེར། འགའ་ཞིག་གིས་གུཔྟའི་ཡི་གེ་ལ་བལྟས་ནས་བཟོས་ཟེར། འགའ་ཞིག་གིས་ཞང་ཞུང་ཡི་གེ་ལ་དཔེ་བླངས་ནས་བཟོས་ཟེར། འགའ་ཞིག་གིས་དེ་དག་ཐམས་ཅད་ནང་ནས་ལེགས་སྒྲུག་བྱས་ཟེར་བ་སོགས་ངེས་བརྟན་མེད་པའི་བཤད་སྲོལ་འདྲ་མིན་སྣ་ཚོགས་ཞིག་བྱུང་འདུག །ལོ་རྒྱུས་ཕལ་མོ་ཆེ་རྣམས་སུ་ཐོན་མིས་བོད་ཡིག་ཇི་ལྟར་བཟོས་ཚུལ་བཤད་པ་ནི། རྒྱ་གར་གྱི་དབྱངས་ཡིག་བཅུ་དྲུག་ནང་ནས་བོད་ཡིག་གི་དབྱངས་བཞི་བླངས་པ་དང་། རྒྱ་ཡིག་གསལ་བྱེད་སོ་བཞི་ལས་ཉེར་གསུམ་འདམ་སྒྲིག་བྱས། སྲོག་ཡིག་ཨ་གསལ་བྱེད་ཀྱི་མཐར་སྦྱར་བས་མཐའ་སྡོམ་དབྱངས་གསལ་ཉེར་བརྒྱད་གྲུབ་ཀྱང་། དེས་བོད་སྐད་སྦྱོར་སྡེབ་ལ་མ་འདང་། དེའི་སྟེང་ཡི་གེ་དྲུག་མ་རྙེད་ཐོན་མི་ཐུགས་མུག་ནས་བསྡད་སྐབས། ཁ་ཅིག་གིས་རྒན་མོ་ཞིག་གི་ངག་ནས་བསླབས་ཟེར། ཁ་ཅིག་གིས་ཉམས་སྣང་ལ་མི་ནག་རྟ་ནག་ཞོན་པ་ཞིག་གིས་བསླབས་ཟེར། ཁ་ཅིག་གིས་རྒན་པོ་ཕྱག་མཁར་ཐོགས་པ་ཞིག་གིས་བསླབས་ཟེར། གང་ལྟར་ཡང་འདིར་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་པ་ལྟར་བཀོད་ན། དེ་ཉིད་(རྩོམ་པ་པོ། ཉང་ཉི་མ་འོད་ཟེར། དུས་རབས་12། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས། 159)ལས། “སམ་བྷོ་ཌ་ཡིས་རྒྱ་གར་གྱི་ཡི་གེ་བཞི་བཅུ་རྩ་དྲུག་ལ་སྤྲོས་པས། བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་ནས་སྨྲ་བ་བསྡེབས་སུ་མ་འདོད་ནས་སྐད་མ་ཁུགས་ཏེ་ཁོང་དབུ་འཐོམས་ཏེ་ཉལ་ནས་འདུག་པ་མནལ་དུ་སོང་བ་དང་མནལ་སད་པའི་ཚེ་རང་གི་རྩ་ན་སྐྱེས་བུ་རྒད་པོ་ཕྱག་མཁར་ཐོགས་པ་ཞིག་འདུག་ནས་ཁྱོད་གང་ནས་འོངས། གར་འགྲོ། ཅི་བྱེད་པ་ཡིན། རིགས་གང་ཡིན། ངའི་སྒོ་བསྡམས་པ་ལ་གང་ནས་ཐར་ཞེས་སྨྲས་པས། རྒད་པོ་དེ་ན་རེ། ཆོས་ཉིད་གཤིས་ལ་གོང་འོག་མེད། ཡང་དག་དོན་ལ་བྱ་བྱེད་མེད། ནམ་མཁའ་[ལམ་དུ་]བྱས་པ་ལ། སྒོ་ཆ་བསྡམས་པ་ག་ལ་ཐུབ། ཟེར་རོ། དེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་རིག་ནས་ཡང་ཡང་དུ་དྲིས་པས་རྒན་པོ་ན་རེ། ང་ཞང་ཞུང་མི་ཡུལ་ནས་འོངས། ཟ་ཧོར་གྱི་ཡུལ་དུ་འགྲོ་ཟེར། ཐག་ཇི་ཙམ་ཡོད་བྱས་པས་ཅི་ཆ་ཡོད་ཟེར། འཚོ་རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར། རིགས་ནི་འ་ཞའི་ཡིན་ཟེར། མི་སྣང་བར་སོང་ངོ་། དེར་སམ་བྷོ་ཌས་བསམས་པས་རིགས་འ་ཞ་ཡིན་ཟེར་བས་འ་རྙེད། ཞང་ཞུང་ནས་ཡོངས་ཟེར་བས་ཞ་རྙེད། ཟ་ཧོར་ཡུལ་དུ་འགྲོ་ཟེར་བས་ཟ་རྙེད། ཐག་ཇི་ཙམ་བྱས་པས་ཅི་ཆ་ཡོད་ཟེར་བས་ཅ་དང་ཆ་རྙེད་དོ། རྒྱགས་ཅི་ཡོད་བྱས་པས་ཇ་ཡོད་ཟེར་བས་ཇ་རྙེད།” ཅེས་བཤད་དོ། དེ་ནི་ཕལ་ཆེར་རྣམ་དཔྱོད་གང་ཡང་མེད་པའི་སྐྱེ་བོ་ཞིག་གིས་གང་དྲན་བྱུང་རྒྱལ་དུ་སྨས་པ་དེར་བཀོད་པར་གསལ་ཏེ། ཐོན་མི་མཁས་པ་ཆེན་པོ་ཞེས་གླེང་བཞིན་དུ་ཁོང་གིས་དེའི་གོང་དུ་ཞང་ཞུང་དང་ཟ་ཧོར་འ་ཞ་ཇ་སོགས་དྲན་མ་མྱངས་པ་དང་། རྒན་པོ་དེའི་སྐད་ཆ་ལ་ཉན་ཏེ་གཞི་ནས་དེ་ཚོ་བློ་ལ་ཤར་བ་དང་དུས་མཉམ་དུ་ཡིག་དྲུག་ངེས་པ་ནི་བསྟོད་ར་སྨད་རར་སོང་བ་ལྟ་བུ་ཅི་འདྲའི་ཡ་མཚན་ཞིག་རེད། དེ་འདྲའི་མིང་གོ་བ་ཙམ་གྱིས་ཡིག་འབྲུ་བློ་ལ་ཤར་ཐུབ་ན་རྒྱ་ཡིག་ལ་དཔེ་ལེན་དགོས་དོན་མི་འདུག་སྟེ། ཀ་བ་ཞེས་པའི་སྒྲ་ཐོས་པས་ཀ་དང་བ་བཟོ་ཆོག་ལ། ཁང་པ་ཞེས་པའི་སྒྲ་ཐོས་པས་ཁ་དང་པ། ཐོན་མི་ཨ་ནུ་ཞེས་ཐོས་པས་ཐ་དང་མ་ཨ་ན་སོགས་བཟོ་ཆོག་པ་ཅིའི་ཕྱིར་མི་འགྲུབ། མ་གཞི་ཐོན་མིས་ཡི་གེ་ཉེར་བཞི་བཟོས་ཚར་ནས་དེས་མི་འདང་བར་དེའི་སྟེང་ཡི་གེ་དྲུག་དགོས་པ་ཤེས་བཞིན་དུ་ཡི་གེ་དྲུག་དེ་གང་དང་གང་ཡིན་ཅིའི་ཕྱིར་མི་ངེས། དེའི་གོང་དུ་བོད་ལ་ཡི་གེ་མེད་པའི་དབང་དུ་བཏང་ན་ཡང་ཡི་གེའི་་སྒྲ་གདངས་ཚང་མ་ཡོད་པ་དཔེར་ན་ཞ་དང་འ་ཡི་སྒྲ་གདངས་ཡིག་གཟུགས་ལ་མ་ལྟོས་ནས་ཡོད་པ་བཞིན་ནོ། ཐོན་མིས་ཡི་གེ་གསར་དུ་བྱས་ཟེར་བ་དེ་ཡིག་གཟུགས་གསར་དུ་བཟོས་པ་ལ་གོ་བ་མ་གཏོགས་ཡི་གེའི་སྒྲ་གདངས་བཟོས་པ་ཅི་ལ་གོ། ཐོན་མིས་ཞང་ཞུང་དང་ཟ་ཧོར་ཞེས་པའི་སྒྲ་ཐོས་པ་ལ་བརྟེན་ནས་ཞ་གཟུགས་དང་ཟ་གཟུགས་གང་འདྲ་བྱེད་དེ་བློ་ལ་ཤར་ཐུབ། དེ་འདྲའི་སྒྲུང་གཏམ་དེ་ལ་གཞིགས་ན་ཐོན་མིས་ཡི་གེ་བཟོས་ཟེར་བ་དེ་ཡིག་གཟུགས་བྱས་པ་ལ་མི་གོ་བ་སྒྲ་གདངས་བཟོས་པ་རང་བཞིན་གྱིས་གོ་ནུས་སོ། དོན་དངོས་ཐོག་རྣམ་འཔྱོད་ཀྱི་བློ་གྲོས་མངའ་བའི་བན་དྷེའི་མཁས་དབང་མང་དག་ཅིག་གིས་བོད་ཡིག་ནི་ལོ་ངོ་སྟོང་ཕྲག་ཉིས་གསུམ་གོང་ནས་ཡོད་པའི་དགོངས་ཚུལ་དང་ཞལ་བཞེས་གནང་ཡོད་པས་རྣམ་དཔྱོད་ཅན་གྱི་གཞོན་རིགས་རྣམས་མཁས་དབང་དེ་དག་གིས་རྗེས་སུ་འབྲེང་བར་སྨོས་ཅི་དགོས། །དེར་མ་ཟད་ཐོན་མིའི་གོང་དུ་བོད་ལ་ཡི་གེ་མེད་པར་འདོད་ན་བན་བོན་གཉིས་ཀའི་ལུང་རིགས་བརྒྱ་ཕྲག་གིས་གནོད་པ་ཡོད་དེ། ལུང་གིས་གནོད་པ་ནི། སྲོང་བཙན་དགུང་ལོ་ཆུང་ངུའི་སྐབས་རིག་པའི་གནས་ལྔ་ལ་མཁས་པའི་ཚུལ་དང་། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཁམས་བརྒྱད་ལས་སོགས་བོན་པོའི་ཆོས་མང་པོ་ཞིག་ཞང་ཞུང་ནས་བོད་དུ་བསྒྱུར་བའི་ཚུལ་བཤད་པ་ནི། རྒྱལ་རབས་གསལ་བའི་མེ་ལོང་(རྩོམ་པ་པོ། ས་སྐྱ་བསོན་ནམས་རྒྱལ་མཚན། འཁྲུངས་ལོ། 1312 མི་རིགས་དཔེ་སྐྲུན་ཁང་། ཤོས་ངོས། 57)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།” ཅེས་དང་། ཤོག་ངོས། 64)ལས། “དེར་རྒྱལ་བུ་དེ་ནར་ལོན་དུས། བཟོ་དང། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས། ཡབ་འདས་ཏེ། རྒྱལ་སར་བྱོན་པ་ཡིན་ནོ།” ཞེས་གསུངས་པ་དེ་དག་གིས་ཀྱང་ཐོན་མི་རྒྱ་གར་ལ་མ་ཕྱིེན་སྔོན་དུ་བོད་ལ་ཡི་གེ་ཡོད་པ་གྲུབ་སྟེ། ཡིག་རྨོངས་ཅན་གྱིས་རིག་གནས་ལ་མི་མཁས་པ་དང་རིག་གནས་ལ་མཁས་ན་ཡི་གེ་ལ་བརྟེན་དགོས་པ་དོན་དངོས་ཡིན་པ་མ་ཟད། ཁམས་བརྒྱད་བོད་སྐད་དུ་བསྒྱུར་ན་ཡི་གེའི་ལམ་ནས་འགྲོ་དགོས་པ་མ་བརྟགས་ཀྱང་ཤེས་ནུས་སོ། སྲོང་བཙན་རང་ལོ་བཅུ་དྲུག་ལ་བལ་བཟའ་བླངས་སྐབས་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་དེ། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 134)ལས། “ཡང་བློན་པོ་མགར་ན་རེ། རྒྱལ་པོ་ལགས། འཕྲིན་རེ་ལ་ཕར་འགྲོ་བྱས་ན་ལྷ་ཅིག་སྤྱན་འདྲོངས་པའི་དུས་མི་ཡོང་། བལ་བོད་གཉིས་ལམ་ཐག་རིང་ནས་དེ་འདྲ་མི་འགྲུབ་ནས། དངུལ་གྱི་སྒྲོམ་བུ་དེ་རྒྱལ་པོའི་ཕྱག་ཏུ་གཏད་ནས་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐུར་བའི་བཀའ་ཤོག་དེ་ལ་གཟིགས་པས།” ཞེས་སོ། གལ་སྲིད་སྲོང་བཙན་ཡིག་རྨོངས་ཅན་ཡིན་ན་བཀའ་ཤོག་བྲིས་པར་བཤད་པ་ཅིའི་ཕྱིར་མི་འགལ། དེ་བལ་ཡིག་ལ་བྲིས་པར་བཤད་དོ། ཞེ་ན། དེ་ནི་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མིན་ཏེ་དེའི་སྔོན་སྲོང་བཙན་གྱིས་བལ་ཡིག་སྦྱངས་པའི་ལོ་རྒྱུས་མེད་པ་དེ་རེད། སྤྲུལ་པའི་སྐུ་མཆོག་ལ་སོགས་པ་སྨྲ་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་མེད་པ་དང་། རྗེས་སུ་ཐོན་མིར་དགེ་རྒན་བསྟེན་ནས་ལོ་གསུམ་བཞིར་ཡི་གེ་སྦྱངས་པར་བཤད་པ་འགལ་བའི་ཁུག་ཆེན་མ་ཡིན་ནམ། དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་གནམ་ནས་བབས་དུས་རྒྱལ་པོས་གཟིགས་པས་གླེག་བམ་དེ་བོན་དང་ཆོས་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བར་མནོ་ཚུལ་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་དེ། དེ་ཉིད་(ཤོས་ངོས། 151)ལས། “ནམ་མཁའ་ནས་ཚུར་ལ་ཉི་མའི་ཟེར་དང་འགྲོགས་ནས་འོད་ཟེར་སྣ་ལྔའི་སྣ་ལ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་གླེགས་བམ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་སྟེ།” ཞེས་སོ། གལ་སྲིད་སྐབས་དེར་བོད་ལ་ཡི་གེ་མེད་ན་རྒྱལ་པོས་གླེགས་བམ་དེ་ལ་བོན་དང་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པར་བླུན་པོ་ཡིན་ཡང་རྟོགས་ནུས་པ་དང་། སྐབས་དེར་བོད་ལ་ཡི་གེ་འབྲི་སྲོལ་ཡོད་པ་དེ་ག་རང་ནས་ཤེས་ཐུབ། ཡང་དེ་ཉིད་(ཤོག་ངོས། 152)ལས། “བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།” ཞེས་བཤད་པས་གནའ་སྔ་མོ་ནས་བོད་ཡིག་ཐོན་མིས་གསར་བཟོ་བྱས་ཚུལ་ལ་དགག་པ་བྱེད་མཁན་ཡང་ཡོད་པར་བཤད་པ་མ་ཟད་ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་བོད་ཡིག་ཐོན་མིའི་གོང་དུ་གྲུབ་པར་ཡི་རངས་ཡོད་པ་ཤུགས་ལ་བསྟན་ཏོ། གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་ལོ་རྒྱུས་རྣམས་སུ་ཤིན་ཏུ་གསལ་བ་ནི། བཀའ་ཆེམས་ཀ་ཁོལ་མ་(ཤོག་ངོས། 6)ལས། “ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པ་གོ་བར་བྱ་བའི་ཕྱིར་གཡུ་རུང་(གཡུང་དྲུང་)གི་བོན་བསྟན”། ཞེས་གསུངས་སོ། དེ་འདྲའི་སྒྲུང་ལྡེའུ་བོན་གསུམ་ནི་ཚིག་འགའ་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུངས་པའི་གཞུང་ཆེན་དེ་དག་གང་དང་གང་ཡིན་པའི་ཚུལ་གསལ་བར་བཤད་པ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་(རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། རྩོམ་ལོ། 1545 མི་རིག་དཔེ་སྐྲུན་ཁང་། ཤོག་ངོས། 89)ལས། “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།” ཞེས་དང་། “འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང་། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་ཡས་དང་མདོས་གཏོང་འགལ་རྐྱེན་སེལ། ཆ་(ཕྱྭ་)གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིན་རྩིས་བྱེད།” ཅེས་དང་། “མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། རོ་ལང་གསེར་སྒྲུབ་ཀྱི་སྒྲུང་དང་མ་སངས་ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། སྲང་ལ་ཐེམ་གཉེར་ལྦ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་ཡིས་བོད་རྣམས་ཅུང་ཟད་བློ་ཁ་ཕྱེ། རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས།” ཞེས་སོ། དེ་ལྟར་བོད་རྒྱལ་གྲི་གུམ་བཙན་པོ་དང་། དེའི་སྲས་སྤུ་ལྡེ་གུང་རྒྱལ་གཉིས་ཀྱི་དུས་སུ་རིག་གནས་རྒྱ་ཆེར་དེ་འདྲ་ཞིག་ཡོད་པ་བཤད་བཞིན་དུ་ད་དུང་ཡི་གེ་མེད་ཟེར་ན་བརྗོད་བྱ་མེད་པ་སྨྱོན་པའི་ངག་ལྟར་འགྱུར་བ་ནི་སྨོས་ཅི་དགོས། སྲོང་བཙན་གོང་དུ་བོད་པས་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་ཚུལ་ཏོན་ཧུང་ཡིག་རྙིང་གིས་ཀྱང་གསལ་བཤད་བྱས་ཏེ། གནམ་རི་སྲོང་བཙན་གྱི་སྐབས་སུ་སུག་ལས་བགྱིས་ཚུལ་བཤད་པ་ནི། ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་དོན་གནད་གསུམ། (རྩོམ་པ་པོ། ཆབ་མདོ་བློ་བཟང་ཤེས་རབ། བོན་སྒོ་ཨང་ཉེར་གཉིས་པ། སྤྱི་ལོ། 2009 ཤོས་ངོས། 105)ལས་གསལ་བས་འདིར་བསྐྱར་བཟློས་མི་དགོས་པར་དེར་གཟིགས་མཛོད། དེ་ཡང་སུག་ལས་བགྱིས་ཞེས་པ་དེ་ཡིག་ལས་བྱས་ཞེས་པ་ལ་གོ་དགོས་པ་ལས་གཞན་པའི་གོ་དོན་གང་ཡང་མེད་པར་གནམ་རི་སྲོང་བཙན་གྱི་བློན་པོ་མོང་ཁྲི་དོ་རེ་སྣང་ཚབ་ཀྱི་འཛངས་ཚད་བཤད་པ་དེ་རང་གིས་ཤེས་སོ། ནམ་རྒྱུན་ཁྱོད་ཚོས་སྲོང་བཙན་གོང་དུ་ཡི་གེ་མེད་པར་སྒྲུབ་བྱེད་ཏུན་ཧོང་ཡིག་རྙིང་ལས་གསུངས་པ། “བོད་ལ་སྔ་ན་ཡི་གེ་མེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་།” ཞེས་པ་འདི་བྱེད་ཀྱིན་ཡོད་ཀྱང་ཏུན་ཧོང་ཡིག་རྙིང་གིས་སྲོང་བཙན་གོང་དུ་ཡི་གེ་ཡོད་པར་བཤད་པ་སྔར་ལྟར་ཡིན་ལ། ད་དུང་འདིར་དམིགས་ཀྱིས་བཀར་ནས་བཤད་ན། དེབ་ཐེར་དཀར་པོ།(རྩོམ་པ་པོ། དགེ་འདུས་ཆོས་འཕེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 95)ལས། “བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ།” ཞེསདང་། “རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི།” ཞེས་གསུངས་པ་འདི་ནི་ཏུན་ཧོན་ཡིག་རྙིང་ལས་དྲངས་པ་ཡིན་ལ་སྐབས་དེར་ཡི་གེ་འབྲི་སྲོལ་ཡོད་པའི་རྒྱུ་མཚན་ནི་དེས་གསལ་བཤད་བྱས་པས་བློ་མུན་ནག་གིས་གཏུམས་བསྡད་ན་མ་གཏོགས་རྟོགས་སླ། དེ་ནི་ཐོན་མིའི་ཡི་གེ་ཡིན་ཟེར་ན། ཐོན་མིས་ཡི་གེ་བཟོས་པའི་དབང་དུ་བཏང་ནའང་ཁོ་ཡི་ཡི་གེ་ཡིན་སྲིད་ཐབས་ཞིག་མེད་དེ། སྲོང་བཙན་གྱིས་ཞང་རྒྱལ་བརླགས་པའི་དུས་ནི་སྤྱི་ལོ་༦༤༤ལ་ཡིན་པ་ནི། བོད་བཙན་པོའི་རྒྱལ་རབས་(སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། སྲོང་བཙན་དཔེ་མཛོད་ཁང་། ཤོག་ངོས། 218)ལས། “དེ་ནས་ལོ་གསུམ་ན། (སྤྱི་ལོ་༦༤༤ལོར།) བཙན་པོ་ཁྲི་སྲོང་བཙན་སྒམ་པོའི་རིང་ལ། ཞང་ཞུང་རྒྱལ་པོ་ལིག་སྙ་ཤུར་གྱི་ཆབ་སྲིད་གཏོར་བརླགས་བཏང་ནས། ཞང་ཞུང་ཐམས་ཅད་བོད་ཀྱི་མངའ་འོག་ཏུ་བསྡུས་སོ།” ཞེས་བཤད་པས་ད་དུང་ཐོན་མིས་ཡི་གེ་བཟོ་མ་ཐུབ་པར་འོག་ཏུ་འབྱུང་། དེ་ལྟར་ལོ་རྒྱུས་ཁུངས་མ་རྣམས་སུ་སྲོང་བཙན་གོང་ནས་བོད་ལ་ཡིག་སྦྱོར་གྱི་ལམ་ནས་རིག་པའི་གནས་ལ་ལོངས་སུ་སྤྱད་ཡོད་པར་ཤིན་ཏུ་གསལ། རིགས་པས་གནོད་པ་ནི། གནའ་སྔ་མོའི་དུས་སུ་ཞང་ཞུང་ནི་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ལག་རྩལ་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་ཞིང། བཟོ་ལས་ཀྱི་ཐོན་སྐྱེད་སུས་ཀྱང་འགྲན་ཟླ་ཚད་ཐུབ་མེད་པ་ཞིག་ཡིན་པའི་ཚུལ་ནི། དེང་སང་ཚན་རིག་གི་ལག་རྩལ་ཚད་གཞི་མཐོ་པོ་འདི་འདྲ་ཡོད་ནའང་སུས་ཀྱང་གསར་བཟོ་བྱེད་མི་ཤེས་པའི་རིན་ཐང་ཤིན་ཏུ་ཆེ་བའི་གཟི་ཡིས་གསལ་སྟོན་བྱས་ཡོད། གཟིའི་རི་མོ་དང་དེ་དག་གི་རྫས་སྦྱོར་གང་འདྲ་ཞིག་ལ་བརྟེན་ནས་བཟོས་ཡོད་མེད་ཁ་ཚོན་གཅོད་མ་ཐུབ་པ་ད་དུང་ལྷག་ཡོད། གཟི་ཡི་འབྱུང་ཁུངས་ནི་ཞང་ཞུང་དང་བོད་རང་ནས་ཡིན། དེ་དང་ཕྱོགས་མཚུངས་རིག་གནས་ཕུན་ཚོགས་ཡོད་པ་ཡང་སྨོས་ཅི་དགོས། བོད་འདི་ཡང་གཉའ་ཁྲི་བཙན་པོ་ནས་བཟུང་ཞང་ཞུང་ལས་ལོགས་སུ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར་ལག་རྩལ་རིག་གནས་སོགས་སྣ་འཛོམ་ཡོད་པ་ཞིག་ཡིན། ལྷག་པར་གཉའ་ཁྲིའི་དུས་ནས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་རིག་གནས་དང་། དེའི་ནང་ནས་སྨན་རྩིས་ཀྱི་ཤེས་རིག་ཚད་གཞི་མཐོ་པོ་ཡོད་པ་དང་། དེ་ནས་བཟུང་དེ་དག་མུ་མཐུད་ཡར་རྒྱས་གཏིང་ཟབ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཚུལ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་ཁེངས་ནས་བསྡད་ཡོད། རྒྱལ་ཁབ་གང་ཞིག་ལ་རིག་གནས་རྒྱ་ཆེ་གཏིང་ཟབ་དེ་འདྲ་ཞིག་ཡོད་ཕྱིན་ཆད་ཡིག་སྦྱོར་གྱི་བྱ་བ་མེད་ཟེར་ན་རིགས་ལམ་ལས་ཡོངས་སུ་འགལ་ཞིང་མཁས་བླུན་སུས་ཀྱང་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད་སྙམ། དེར་མ་ཟད་རྒྱ་དཀར་ནག་དང་། ཁྲོམ་ཨོ་རྒྱན། གྲུ་གུ། འ་ཞ། བལ་པོ། ཏ་ཟིག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རིག་གནས་ལ་ཡར་རྒྱས་དང་ཡིག་ལམ་ལ་བསྐྱོད་བཞིན་དུ་བོད་པས་དེ་ལ་བལྟ་ཙམ་མི་ཤེས་པ་སྲོང་བཙན་བར་དུ་མགོ་འཐོམས་ནས་འདུག་པའི་རྒྱུ་མཚན་ཡང་འཇོག་དཀའ། གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་དྲིལ་བུའི་ཁ་བྱང་ཏུན་ཧོང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་སློབ་དཔོན་ཐོན་མིས་བརྩམས་པའི་སུམ་རྟགས་དང་། ཁོང་གིས་སློབ་དཔོན་ལི་བྱིན་ལ་ཕུལ་བའི་བཀའ་དྲིན་ཆེ་བརྗོད་དང་། སྲོང་བཙན་གྱིས་ཐོན་མི་ལ་བཀུར་བསྟི་དང་སྲི་ཞུ་བློར་མི་ཤོང་བར་གནང་བ་ལ། བློན་པོས་ཕྲག་དོག་བྱས་པར་ཐོན་མིའི་ཕྲག་དོག་འཇོམ་པའི་ཚིག་བཅད། སྲོང་བཙན་ལ་ཐོན་མིས་ཕུལ་བའི་ཡིག་ཕུད་བྱ་དཀའ་བའི་སྙན་ངག་དེ་དག་དང་མཐུན་དགོས་པ་དོན་དངོས་ཡིན་ཡང་དེ་དང་རྩ་བ་ནས་མི་འདྲ་འདུག་པ་ནི་རྒྱུ་མཚན་ཅིས་ཉེས། དེ་ལ་དཔྱད་པ་བཏང་ན་རྡོ་རིང་དང་ཏུན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲག་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ། དེར་མ་ཟད་དེའི་སྔོན་དུ་ཡི་གེ་མེད་ནས་བོད་ཡིག་འདི་ཐོན་མིས་གསར་དུ་བྱས་ཡོད་ན་ཡི་གེ་ཇི་ལྟར་བཟོས་ཚུལ་ཐོན་མི་རང་གིས་ལོ་རྒྱུས་ཞིབ་ཕྲ་ཡིག་ཐོག་ཏུ་འབྲི་དགོས་ངེས་ཡིན་ཡང་དེ་ཡང་སྟོན་རྒྱུ་མེད། སློན་དཔོན་ཐོན་མི་དེ་འདྲ་བྱས་རྗེས་ཅན་གྱི་བློན་པོ་ཞིག་ཡིན་ན་བཙན་པོས་གཟེངས་བསྟོད་ཀྱི་བྱ་དགའ་གསལ་བའི་མེ་ལོང་རྡོ་རིང་ཞིག་ཡོད་ངེས་ཀྱང་དེ་མཐོང་ཡུལ་དུ་མ་གྱུར། སྐབས་དེའི་དུས་ཀྱི་བྱ་བཞག་རག་ཙམ་གསལ་བའི་ཏུན་ཧོང་ཡིག་རྙིང་ལས་ཐོན་མི་ཟེར་བའི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་སོགས་ལ་བལྟས་ན་རྣམ་དཔྱོད་དང་ལྡན་པ་དག་གིས་བོད་ཡིག་ཐོན་མིས་གསར་དུ་བྱས་ཟེར་བ་དེ་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད། ད་དུང་ཐོན་མིས་བོད་ཡིག་གསར་བཟོའི་དུས་ཚིགས་སྐོར་ལ་དཔྱད་པ་བཏང་བ་ཡིན་ན། སྤྱི་ལོ་༦༣༢ལ་རྒྱལ་པོ་སྲོང་བཙན་སྒམ་པོས་དགུང་ལོ་བཅུ་དྲུག་ཐོག་ཏུ་བལ་བཟའ་ཁབ་ཏུ་བཞེས། དེའི་ཕྱི་ལོ་སྤྱི་ལོ་༦༣༣ལ་ཐོན་མི་རྒྱ་གར་ལ་བཏང་། ཐོན་མིས་ལོ་བདུན་རིང་རྒྱ་གར་བཞུགས་ནས་སློབ་སྦྱོང་གནང་ཟེར་བ་འདུག་ཀྱང་དེ་ལས་མང་བ་བཞུགས་ཡོད་པ་ཅི་ནས་ཀྱང་སྲིད་དེ། དུས་ཡུན་ཐུང་ངུ་དེ་འདྲ་ཞིག་གི་ནང་དུ་རྒྱ་གར་སྐད་ཡིག་དང་རིག་པའི་གནས་བཅས་ལ་ཐོགས་རྡུགས་མེད་པར་ཤེས་རྒྱུ་ཕལ་ཆེར་མི་སྲིད་པ་རེད། གང་ལྟར་ཡང་སྤྱི་ལོ་༦༤༦བར་དུ་བོད་ཡིག་གསར་བཟོ་བྱས་ཐུབ་མེད། དེའི་ཚུལ་ནི། བཙན་པོ་རིམ་བྱུང་གི་ལོ་ཚིགས་འགའ་ཞིག་གུང་བསྒྲིགས་པ་(རྩོམ་པོ། དགེ་འདུས་རབ་གསལ། ཁ་བརྡའི་དྲ་རྒྱ།)ལས། “བློན་ཆེན་ཐོན་མིས་རྒྱ་གར་ནས་རིག་པའི་གནས་ལ་སྦྱངས་ཏེ་མེ་རྟ་ལོ་སྟེ་ཕྱི་ལོ་༦༤༦ཙམ་ལ་ད་ལྟའི་བོད་ཡིག་འདི་བཞིན་གསར་བཟོ་མཛད།” ཅེས་བཀོད་ཡོད། དེ་དུས་སྲོང་བཙན་དགུང་ལོ་སུམ་ཅུ་ཐམ་པ་ལ་སླེབས་ཡོད། ཐོན་མིས་བོད་ཡིག་གསར་བཟོ་བྱས་རྗེས་སྲོང་བཙན་གྱིས་ལོ་གསུམ་བཞི་ལ་ཐོན་མི་དགེ་རྒན་བསྟེན་ཏེ་མཚམས་ལ་བསྡད་ནས་ཡི་གེ་འབྲི་ཀློག་སྦྱངས་ཟེར་ནས་ལོ་རྒྱུས་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། སྲོང་བཙན་དགུང་ལོ་སོ་བཞི་སྤྱི་ལོ་༦༥༠ལ་འདས་པ་ཏུན་ཧོང་ཡིག་རྙིང་དང་རྒྱ་ཡི་ལོ་རྒྱུས་ལས་ཤིན་ཏུ་གསལ། དེ་ལྟར་བཤད་པ་རྣམས་བདེན་ན་སྲོང་བཙན་ཡི་གེ་འབྲི་ཀློག་ཤེས་ཙམ་ནས་མྱ་ངན་ལས་འདས་ཞེས་མི་འདོད་བཞིན་དུ་ཟེར་དགོས་པ་མ་ཟད། ལོ་རྒྱུས་རྣམས་སུ་སྲོང་བཙན་གྱིས་མ་ནུ་བཀའ་འབུམ་སོགས་བསྟན་བཅོས་མཛད་པ་དང་བསྒྱུར་ཆོས་མང་རབ་ཡོད་པ་བཤད་ཚད་རྫུན་དུ་འགྲོ་བ་ནི་ཐེ་ཚོམ་ཅི་ཞིག་དགོས། དེས་ན་ཐོན་མིས་བོད་ཡིག་གསར་རྩོམ་གྱི་ལོ་ཚིགས་འདི་ལ་ཡང་དག་པའི་དཔྱད་པ་ཞིག་ཡོད་དམ། འདི་འདྲ་ལོ་རྒྱུས་འཁྲུག་པོ་དང་ཞིག་སླ་བ་རྒྱུ་མཚན་གྱི་ལྟོས་སྲབ་པ་ལ་བསམ་ན་ཐོན་མིས་བོད་ཡིག་གསར་དུ་བཟོ་ཚུལ་གྱི་ལོ་རྒྱུས་ཁུངས་དག་དང་རྒྱུ་མཚན་ཡང་དག་ཅིག་ཨི་ཡོད་ན་སྙམ། ཁ་ཅིག་གིས་དེ་འདྲའི་སྐྱོན་མེད་དེ་སྲོང་བཙན་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཟེར་ན། དེ་ལ་བརྒལ་བརྟག་བྱེད་པ་འདིར་དགོས་པ་ཆེར་མེད་ཀྱང་ཀྱལ་ཀའི་ཚུལ་དུ་ཅུང་ཟད་སྨོས་ན། དེའི་ཚུལ་ནི། སྲོང་བཙན་སྤྱི་ལོ་༥༦༩ལ་འཁྲུངས་པར་འདོད་ན་ནི། འུན་ཤིང་ཀོང་ཇོ་རྒྱ་མོ་ལོ་བདུན་ཅུ་ཡར་བརྒལ་ཞིག་བོད་བཙན་པོའི་བཙུན་མོ་བསུས་སོ་ཟེར་དགོས་པར་འགྱུར། གང་ཡིན་ཟེར་ན། ཀོང་ཇོ་སྤྱི་ལོ་༦༤༡ལ་བོད་ལ་ཕེབས་པ་དང་ཁོ་མོ་སྲོང་བཙན་ལས་དགུང་ལོ་གསུམ་གྱིས་ཆེ་བར་བཤད་ཡོད་པས་སོ། སྲོང་བཙན་སྤྱི་ལོ་༦༡༧ལ་འཁྲུངས། ༦༩༨ལ་འདས་ཚུལ་བཤད་ན། ཁྲི་སྲོང་ལྡེའུ་བཙན་སྤྱི་ལོ་༧༤༢ལ་འཁྲུངས་པར་བཤད་པས་སྲོང་བཙན་དང་ཁྲི་སྲོང་གི་བར་ལོ་ཞེ་བཞི་མ་གཏོགས་མེད། དེའི་བར་རྒྱལ་རབས་བཞི་ལྔའི་ལོ་རྒྱུས་འཆད་ཐབས་ཞིག་ཨི་ཡོད་སྙམ། འདི་ལ་བསམ་ནས་དགེ་འདུས་རབ་གསལ་གྱིས་ཁྲི་སྲོང་སྤྱི་ལོ་༧༩༠ལོ་འཁྲུངས་པ་བཤད། དེ་ལྟར་ན་ལོ་རྒྱུས་ཐམས་ཅད་འཆོལ་བར་མི་འགྲོའམ། གང་ཡིན་ཟེར་ན། ལོ་རྒྱུས་ཚང་མས་མཁན་སློབ་ཆོས་གསུམ་དུས་རབས་བརྒྱད་པའི་ནང་འཛོམས་པར་བཤད་ཀྱིན་ཡོད། ཁྱོད་ཀྱིས་ཁོང་རྣམས་འཛོམ་དུས་ནི་དུས་རབས་དགུ་པའི་ནང་ཡིན་ཟེར་གྱི་ཡོད་དམ། དེ་ལྟར་ན་དུས་རབས་བརྒྱད་པའི་ནང་གི་ལོ་རྒྱུས་ཚང་མ་དུས་རབས་དགུ་པའི་ནང་ལ་མར་སྤོ་དགོས་པ་ཆགས་འགྲོ་བ་མ་ཡིན་ནམ། འོ་ན་སློབ་དཔོན་ཐོན་མིའི་བྱས་རྗེས་གང་ཡང་མེད་དམ་སྙམ་ན་དེ་ཡང་མ་ཡིན་ཏེ། ཁོང་རྒྱ་གར་ལ་ཕེབས་ནས་མཁས་པ་ལི་བྱིན་ལ་བསྟེན་ནས་རྒྱ་གར་གྱི་རིག་གནས་དང་ཆོས་ལ་སློབ་སྦྱོང་གནང་བ་དང་། ལྷག་པར་སྒྲ་རིག་ལ་མཁས་པར་བྱས་ནས་བོད་ལ་ཕྱིར་ལོག་སྟེ་བོད་པའི་སུམ་ཅུ་པ་དང་རྟགས་འཇུག་བརྩམས་པར་ཤིན་ཏུ་ནས་འདོད་དོ། འོན་ཀྱང་དེ་དུས་རབས་བཅུའམ་བཅུ་གཅིག་གི་རྗེས་སུ་མ་གཏོགས་ཐུན་མོང་ལ་དར་ཁྱབ་ཅན་ཞིག་མ་ཡིན་སྙམ།
སྔར་ནས་ཚར་མང་པོ་བཀླགས་ཟིན། རྒྱུགས་སྤྲད་པ་ཡིན། བསྐྱར་བཟློས་བྱས་པ་ལ་གོ་རྒྱུ་ཅང་མི་འདུག གང་ལྟར་ཡང་བན་བོན་གཉིས་ལ་ཕན་མི་ཐོགས་ཤིང་། བོད་སྤྱི་ལ་དགོས་མཁོ་མེད་པའི་བོན་པོའི་ཡི་གེ་དང་། བོན་པོའི་ལོ་རྒྱུས་གསར་རྩོམ་མི་གནང་བར་ཞུ། ལོ་རྒྱུས་ཞེས་པ་དེ་འདས་ཟིན་པའི་ཡབ་མེས་ཀྱི་བདེན་དཔང་ཡིན་པས་གང་འདོད་མི་བསྒྱུར་བར་གཟུ་བོ་གནས་པའི་སྒོ་ནས་ཉར་རོགས་ཞུ། ཁྱེད་ཅག་གིས་ལོ་རྒྱུས་དང་། ཡི་གེ་གསར་བ་ཞིག་བཟོས་བསྡད་པ་ཡིན་ན་རང་གཞན་གཉིས་ལ་ཕན་མི་ཐོགས་པར་མ་ཟད། ཁྱེད་ཅག་བོན་པོའི་རྗེས་འཇུག་པ་ཡོངས་བོད་དང་ལོགས་སུ་ཕྱེ་བཞག་པའི་རྣམ་པ་ཞིག་རང་གཞན་གཉིས་ཀའི་སྣང་ངོར་བསླེབ་ངེས་རེད། སྐབས་དེ་དུས་བདེ་བོ་ཡོད་ཁག་པོ་རེད། དེ་མིན་གནས་སྐབས་ཀྱི་དགོས་མཁོ་དངུལ་དང་། གོ་ས་རེ་རག་སྟེ་མི་རིགས་དང་། རིག་གཞུང་ལ་རིན་ཐང་མེད་པར་བསྒྱུར་དྲན་པ་ཡིན་ན། དེ་ལས་ནོར་རྔམ་པོ་ཆེ་ཞིག་རེད། ངས་བལྟས་ཚོད་ལ་ཁྱེད་ཚོ་བོད་ཀྱི་རིག་གཞུང་ལ་ཞེན་ཆགས་མེད་མཁན་གྱི་མི་རིགས་གཞན་པ་ཚོས་ཨ་མཚར་གྱིས་ཚུལ་དུ་བོན་པོའི་གྲལ་དུ་འཚང་། བན་བོན་གཉིས་ལོགས་སུ་དབྱེ་བའི་ཐབས་ལམ་འདྲ་མིན་འདིང་བཞིན་པའི་ཚོར་སྣང་ཞིག་བྱུང་། དེ་ཕྱིར་གནས་སྐབས་དང་། མཐར་ཐུག བན་བོན་གཉིས་ལ་ཕན་ཐོགས་མེད་པའི་སྐད་ཆ་དེ་ཚོ་བཤད་མ་བསྡད།
སྲོང་བཙན་གྱིས་ཡི་གེ་གསར་བཟོས་ཕྱིར་ཐོན་མི་སོགས་རྒྱ་གར་ལ་གཏོང་དོན་གང་ཡིན་ནམ། བོད་ཀྱི་ཡིག་རྙིང་བ་དེ་སློབ་ཏུ་སོང་བ་ཡིན་ནམ།
ཐོན་མིས་ཡིག་གེ་གསར་དུ་བཟོ་བ་ལ་ལོ་རྒྱུས་དང་མི་མཐུན་པའི་གཏམ་འགའ་ཞིག་གླེང་བ་མཁས་པ་རྣམས་ཀྱིས་བཞད་གད་ཀྱི་གནས་སུ་བཀོད། ཡི་གེ་ཞེས་པ་དེ་ཡིག་གཟུགས་ཙམ་མ་ཡིན་པར་སྐད་ཀྱི་གདངས་ཤིག་ལ་གོ་དགོས་ཏེ། ཁོ་བོ་བསྡུས་གྲྭའི་འཛིན་གྲྭར་ཡོད་སྐབས་སུ། མིང་ཚིག་ཅི་རིགས་པ་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་སུ་དམིགས་པ་དེ་ཡི་གེའི་མཚན་ཉིད་དུ་ཐོས། སྲོང་བཙན་སྒོམ་པོའི་གོང་དུ་ཡིག་གཟུགས་མེད་ཀྱང་། ནང་གི་རིག་པ་ཆུ་ཚོད་གོང་མཐོར་ཡོད་པ་སུས་འགོག་ཐུབ། བདག་གི་མ་མཆོག་དེས་ཡིག་གཟུགས་མི་མཁྱེན་ཀྱང་། ནང་གི་མཁྱེན་པ་དེ་ཡིག་གཟུགས་ཤེས་པ་དག་ལས་ཟབ། ཡིག་གཟུགས་མི་མཁྱེན་ཀྱང་སྒྲོལ་མ་སོགས་འདོན་པ་རེ་གསུངས་པ་ལས་བདག་བྱིས་པ་ཡིན་པས་ཀྱང་ལོབས། ལོ་རྒྱུས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ཧ་ཅང་གིས་དཀའ། གལ་ཏེ་ད་ལྟའི་ཡིག་གཟུགས་མ་དར་གོང་ན། བོད་ལ་ཡིག་གཟུགས་ཡོད་པ་ཡིན་ན། དེ་ཉིད་མེད་པར་བཟོ་བ་ཡང་ཧ་ཅང་གི་དཀའ་བ་ཞིག་ཏུ་བསམ། བོད་ཀྱི་ལུང་པ་གཅིག་ལ་མེད་ན་ཡང་གཞན་ཞིག་ན་ཡོད་དགོས། བོན་གཞུང་དང་། བོད་དབུས་སུ་བཀག་པའི་གཞུང་ལུགས་གཞན་པ་བཞིན་ལགས། ད་ལྟའི་བོད་གཞུང་དེ་ལ་ཡང་བོད་ཀྱི་ལོ་རྒྱས་སྨྲ་བ་དག་ལ་འདོད་པ་མི་མཐུན་པ་མང་། དཔེར་ན། རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་དུ་སྟོན་པའི་སྐུ་འདྲ་བཞེངས་སྲོལ་མེད་ཟེར་ན། སངས་རྒྱས་ཀྱི་ཆོས་ལུགས་དམ་དུ་འཛིན་པ་དག་གི་སྣང་བར་འགྲོ་བ་ཤིན་ཏུ་དཀའ། དེ་བཞིན་བོན་ལུགས་སུ་ཡང་སྟོན་པ་ག༷ཤེན་རབ་ཀྱི་སྐུ་འདྲ་བ༷ཞེངས་སྲོལ་དེ་ནམ་དུས་འབྱུང་བ་ཡིན་ནམ། ཞེས་དྲི་བ་བཀོད་ན། དེ་ལ་ལོ་རྒྱུས་དང་མཐུན་པའི་ལན་ཞིག་དགོས་ཀྱང་བོན་ཀྱི་ཆོས་ལུགས་ལ་ཞེན་པ་ཞིག་གིས་ལན་རྒྱབ་པ་དེ་གཞན་གྱི་སྣང་བར་མི་འགྲོ། འོན་ཀྱང་ཕན་ཚུན་འདོད་ཚུལ་སེམས་ལ་བཞག ཕན་ཚུན་བྱམས་པའི་བགྲོ་གླེང་གིས་རང་རེའི་ཤེས་རིག་འཕེལ་བའི་གྲོགས་སུ་འགྱུར་རོ།།
ས་པཎ་གྱིས་ཡི་གེའི་མཚན་ཉིད་ལ། སྒྲ་གང་ཞིག་འབྲིར་ཆགས་པ་གསུངས་འདུག །དེ་ཡང་རྒྱུ་མཚན་འདུག་སྟེ། སྒྲ་ཡིན་པ་ཙམ་གྱིས་མི་ཆོག་པར་སྐྱེས་བུའི་ངག་ནས་ཐོན་པ་ཡི་གེར་འབྲི་ཐུབ་པ་ཞིག་དགོས་པ་རེད། །ཆུ་སྒྲ་དང་རླུང་སྒྲ་ལྟ་བུའི་གདངས་ལས་ཡི་གེའི་རང་གདངས་མི་ཐོན་པ་ནི་རྒན་ལ་དྭགས་པས་གསུངས་པ་དེ་རང་རེད། ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་བར་དུ་སྐྱེས་པོ་ཚང་མའི་ངག་ཏུ་ཀ་ཁ་ག་ང་སོགས་ཀྱི་རང་གདངས་ལྷན་སྐྱེས་སུ་གྲུབ་ཡོད་ལ་དེ་མཚོན་པར་བྱེད་པ་ད་ལྟའི་ཡི་གེ་འདིས་མ་ཆོག་པ་ཞིག་བཙལ་ནས་མི་བརྙེད་པ་ཡིན། དེས་ན་ཐོན་མིའི་སྔོན་དུ་བོད་ལ་བོད་སྐད་ཀྱི་རང་གདངས་མཚོན་པའི་སྒྲ་མཚོན་གྱི་ཡི་གེ་ཞིག་ཡོད་པ་མ་རེད། ཡིན་ཡང་བོད་ལ་ཡི་གེ་གཏན་ནས་མེད་ཟེར་ན་དོན་དངོས་ལས་ཕྱི་བཤོལ་བྱེད་པའི་ལུགས་ངན་ཡིན་པས་སྤོང་ཅི་ཐུབ་བྱོས།
ད་ནས་མར་མི་ལོ་སྟོང་ཕྲག་ཁ་ཤས་ལ་བོད་ཡིག་འདི་གནས་དང་མི་གནས་ལ་དཔྱད་བརྗོད་འདྲ་མེད་ན་འདས་ཚར་བ་ནི་འདས་ཚར་བ་རེད། ལེགས་ཆ་འདྲ་ཡོད་ན་ལེན་ཡ་དང་མེད་ན་གཡུག་ཡ་རེད། འདི་ཁུངས་དག་དང་མི་དག་གིས་གང་ཡང་མི་ཕན་ནོ། མི་རིགས་ཀྱི་ཤེས་བྱ་ནི་གོང་ནས་གོང་དུ་འཕེལ་བས་ན། འཕེལ་རིམ་གྱི་ཁྲོད་ནས་མ་ལས་ན་འགྲིག་པ་རེད།
ད་ལྟའི་ང་ཚོའི་དབུ་ཅན་དང་དབུ་མེད་གཉིས་ཀ་དུས་རབས་འདིའི་མགྱོགས་ཚད་དང་སྡུར་ན་ཆེ་དལ་དལ་ལྷོད་ལྷོད་ཞིག་ཡིན་པས་ན་མགྱོགས་བྲིས་རང་བཞིན་ལྡན་བ་ཅན་ཞིག་ལ་གོམ་ཁ་སྤོ་དགོས་ས་རེད།
འདས་པ་ལས་མ་འོངས་པ་གཙོ་ཆེ་བས་བོད་ཡིག་སུས་བྱས་རྩོད་ལས་མ་འོངས་པར་བོད་ཡིག་མི་ཉམ་ཡུན་རིང་གནས་ཐབས་ཅི་འདྲ་བྱེད་དགོས་མིན་ཐོག་ཐུགས་བསམ་མང་ཙམ་བྱེད་དགོས་པའི་དུས་སྐབས་ཡིན། རི་ཕ་རི་མཐོ་ན་ཕ་རའི་རྒྱན་རེད། རི་ཚུ་རི་མཐོ་ན་ཚུ་རིའི་རྒྱན་རེད། རི་གཉིས་ཀ་མཐོ་ན་ལུང་པའི་རྒྱན་རེད། བོན་པོས་འཇོན་ན་བོན་པོའི་རྒྱན་རེད། ནང་པས་འཇོན་ན་ནང་པའི་རྒྱན་རེད། གཉིས་ཀས་འཇོན་ན་བོད་པའི་རྒྱན་རེད། བོད་ཀྱི་ཆོས་ལུགས་གཞན་རྣམས་དེ་བཞིན་ལ། བོད་ཀྱི་ཆོལ་ཁ་གསུམ་ཡང་དེ་བཞིན་ཡིན། ཚང་མས་མཐུན་སྒྲིལ་བྱོས་ནས་འཇོན་ཐང་དགོས།
གོ་ཡ་མེད་པའི་སྡུག་སྐད་འདྲ་ཞིག་རྟགས་པར་འདོན་གྱི་འདུག
ཨུ༌རྒྱན༌མིང༌ཅན༌ནི༌ཕྱོགས༌ལྷུང༌གི༌མུན༌པས༌ཡངས༌སུ༌གཏོམ༌ནས༌སྨྱོན༌བཤད༌ཁོ༌ན༌མ༌གཏོག༌ལོ༌རྒྱུས༌དང༌གནས༌
ལུགས༌ལ༌ར༌སྤྲོད༌ཐུབ༌པའི༌སྐད༌ཆ༌ཚིག༌གཅིག༌ཀྱང༌བཤད༌རྒྱུ༌མི༌འདུག༌། བོད༌སྤྱི༌ལ༌དགོས༌མཁོ༌མེད༌པའི༌བོན༌
ཡིག༌ཟེར༌བ༌ནི༌ཁྱོད༌ཚེ༌འདས༌ལུས༌ལྷ༌ལ༌འདྲོག། བོང༌གུ༌སྣོར༌མ༌ལ༌འདྲོག༌ཟེར༌བའི༌དཔེ༌ལྟར༌རེད། ད༌ལྟ༌ང༌ཚོས༌བེད་སྤྱོད༌བཞིན༌པ༌འདི༌ནི༌བོད༌གངས༌ཅན༌པ༌ཞང༌ཞུང༌གི༌ཡིག༌གེ༌རེད༌། ཞང༌ཞུང༌གི༌སྨར༌ཆུང༌
དང༌ད༌ལྟ༌ང༌ཚོས༌བེད༌སྤྱོད༌བཞིན༌པའི༌ཡི༌གེ༌ལ༌ཁྱད༌པར༌ཅི༌ཞིག༌འདུག༌། སྔོན༌ཏུན༌ཧོང༌ཡི༌གེ༌དང༌རྡོ༌རིང་
ངོས༌ཀྱི༌བོད༌ཡིག༌དག༌ང༌ཚོ༌ད༌ལྟ༌ཀློག༌འདོན༌མི༌ཐུབ༌པ༌མང༌དག༌ཞིག༌ཡོད༌། དུས༌ཚོད༌ཀྱི༌རྒྱུད༌རིམ༌ནང༌ཡིག༌
གཟུགས༌ལ༌འཕོ༌འགྱུར༌འགྲོ༌བ༌ནི༌ཆོས༌ཉིད༌རེད༌། ཏུན༌ཧོང༌ཡིག༌རྙིང༌ནང༌དུ༌ཞང༌ཡིག༌དང༌ཡིག༌རྙིང༌
འདྲེས༌མ༌བྲིས༌ཡོད༌པ༌ནི༌ང༌ཚོའི༌མཐོང༌ལམ༌རེད༌། རང༌མགོ༌རང༌གི༌བཅག༌མཁན༌ཨུ༌རྒྱན༌ཉི༌མ༌འདྲ༌པོ༌
འུག༌མིག༌ལ༌ཉི༌མ༌མི༌མངོན༌པ༌ལྟར༌བུ༌གད༌གི༌མཐོང༌མེད༌ན༌ཡང༌ཆོག། སམ༌བྷོ༌དྲ༌ཟེར༌བ༌དངོས༌ཡོད༌བྱུང༌
མྱོན༌ཡོད༌མེད༌ཕྱོགས༌ལྷུང༌གི༌མ༌གོས༌པ༌དག༌ལ༌ཉམས༌ཞིབ༌ཞིག༌གནང༌དང༌། སྲོང༌བཙན༌སྒམ༌པོ༌དང༌
ཁྲི༌རལ༌པའི༌བར༌དུ༌རྡོ༌རིང༌གང༌མང༌ཞིག༌ཡོད༌། དེ༌དག༌གི༌ངོས༌སུ༌མགར༌སྟོང༌བཙན༌སོགས༌བློན༌པོ༌མང༌
དག༌ཞིག༌གི༌མིང༌མཁོད༌ཡོད༌། ཐོན༌མིའི༌མིང༌བཀོད༌པའི༌རྡོ༌རིང༌ཞིག༌ཁྱེད༌ཚོས༌ཨེ༌མཐོང། བོད༌མུན༌
པའི༌གླིང༌དུ༌སྒྲོན༌མེ༌དཔར༌མཁན༌ཐོན༌མི༌བྱས༌རྗེས༌ཅན༌དེ༌རྡོ༌རིང༌གི༌ངོས༌སུ༌མི༌བཀོད༌པ༌ཕྱིན༌སུ༌དག༌
ཐབས༌མེད༌པའི༌ནག༌ཉེས༌ཀྱི༌བཟོས༌པ༌རེད༌། ཕྱིན༌སུ༌རྒྱལ༌རབ༌འགའ༌ཡི༌ནང༌དུ༌ཐོན༌མིས༌རྒྱ༌གར༌ནས༌ཡིག༌
གེ༌དང༌བརྡ༌དག༌ སྙན་ངག༌སོགས༌མང༌དག༌ཞིག༌བོད༌ལ༌ཁྱེར༌ཡོང༌བ༌བཤད༌ཀྱང། དོན༌དངོས༌ཐོགས༌
ཐོན༌མིའི༌ཁྱེར༌ཡོང༌བའི༌ཤོག༌ལྷེ༌གཅིག༌ཀྱང༌བཐོང༌ལམ༌དུ༌མེད༌། སུམ༌བཅུ༌པ༌ནི༌ཕྱིན༌སུ༌དངུལ༌ཆུ༌ཡབས༌
སྲས༌ཀྱི༌ལེགས༌སྒྲིགས༌བྱས༌པ༌ལས༌ཐོན༌མིས༌ཁྱེར༌ཡོང༌བ༌ཞིག༌མིན༌པ༌ལུང༌རིག༌ལས༌གསལ།
ཨུ༌རྒྱན༌མིང༌ཅན༌ནི༌ཕྱོགས༌ལྷུང༌གི༌མུན༌པས༌ཡངས༌སུ༌གཏོམ༌ནས༌སྨྱོན༌བཤད༌ཁོ༌ན༌མ༌གཏོག༌ལོ༌རྒྱུས༌དང༌གནས༌ལུགས༌ལ༌ར༌སྤྲོད༌ཐུབ༌པའི༌སྐད༌ཆ༌ཚིག༌གཅིག༌ཀྱང༌བཤད༌རྒྱུ༌མི༌འདུག༌། བོད༌སྤྱི༌ལ༌དགོས༌མཁོ༌མེད༌པའི༌བོན༌ཡིག༌ཟེར༌བ༌ནི༌ཁྱོད༌ཚེ༌འདས༌ལུས༌ལྷ༌ལ༌འདྲོག། བོང༌གུ༌སྣོར༌མ༌ལ༌འདྲོག༌ཟེར༌བའི༌དཔེ༌ལྟར༌རེད། ད༌ལྟ༌ང༌ཚོས༌བེད་སྤྱོད༌བཞིན༌པ༌འདི༌ནི༌བོད༌གངས༌ཅན༌པ༌ཞང༌ཞུང༌གི༌ཡིག༌གེ༌རེད། ཞང༌ཞུང༌གི༌སྨར༌ཆུང༌དང༌ད༌ལྟ༌ང༌ཚོས༌བེད༌སྤྱོད༌བཞིན༌པའི༌ཡི༌གེ༌ལ༌ཁྱད༌པར༌ཅི༌ཞིག༌འདུག༌། སྔོན༌ཏུན༌ཧོང༌ཡི༌གེ༌དང༌རྡོ༌རིང་ངོས༌ཀྱི༌བོད༌ཡིག༌དག༌ང༌ཚོ༌ད༌ལྟ༌ཀློག༌འདོན༌མི༌ཐུབ༌པ༌མང༌དག༌ཞིག༌ཡོད༌། དུས༌ཚོད༌ཀྱི༌རྒྱུད༌རིམ༌ནང༌ཡིག༌གཟུགས༌ལ༌འཕོ༌འགྱུར༌འགྲོ༌བ༌ནི༌ཆོས༌ཉིད༌རེད༌། ཏུན༌ཧོང༌ཡིག༌རྙིང༌ནང༌དུ༌ཞང༌ཡིག༌དང༌ཡིག༌རྙིང༌འདྲེས༌མ༌བྲིས༌ཡོད༌པ༌ནི༌ང༌ཚོའི༌མཐོང༌ལམ༌རེད༌། རང༌མགོ༌རང༌གི༌བཅག༌མཁན༌ཨུ༌རྒྱན༌ཉི༌མ༌འདྲ༌པོ༌འུག༌མིག༌ལ༌ཉི༌མ༌མི༌མངོན༌པ༌ལྟར༌བུ༌གད༌གི༌མཐོང༌མེད༌ན༌ཡང༌ཆོག། སམ༌བྷོ༌དྲ༌ཟེར༌བ༌དངོས༌ཡོད༌བྱུང༌མྱོན༌ཡོད༌མེད༌ཕྱོགས༌ལྷུང༌གི༌མ༌གོས༌པ༌དག༌ལ༌ཉམས༌ཞིབ༌ཞིག༌གནང༌དང༌། སྲོང༌བཙན༌སྒམ༌པོ༌དང༌ཁྲི༌རལ༌པའི༌བར༌དུ༌རྡོ༌རིང༌གང༌མང༌ཞིག༌ཡོད༌། དེ༌དག༌གི༌ངོས༌སུ༌མགར༌སྟོང༌བཙན༌སོགས༌བློན༌པོ༌མང༌དག༌ཞིག༌གི༌མིང༌མཁོད༌ཡོད༌། ཐོན༌མིའི༌མིང༌བཀོད༌པའི༌རྡོ༌རིང༌ཞིག༌ཁྱེད༌ཚོས༌ཨེ༌མཐོང། བོད༌མུན༌པའི༌གླིང༌དུ༌སྒྲོན༌མེ༌དཔར༌མཁན༌ཐོན༌མི༌བྱས༌རྗེས༌ཅན༌དེ༌རྡོ༌རིང༌གི༌ངོས༌སུ༌མི༌བཀོད༌པ༌ཕྱིན༌སུ༌དག༌ཐབས༌མེད༌པའི༌ནག༌ཉེས༌ཀྱི༌བཟོས༌པ༌རེད༌། ཕྱིན༌སུ༌རྒྱལ༌རབ༌འགའ༌ཡི༌ནང༌དུ༌ཐོན༌མིས༌རྒྱ༌གར༌ནས༌ཡིག༌གེ༌དང༌བརྡ༌དག༌ སྙན་ངག༌སོགས༌མང༌དག༌ཞིག༌བོད༌ལ༌ཁྱེར༌ཡོང༌བ༌བཤད༌ཀྱང། དོན༌དངོས༌ཐོགས༌
ཐོན༌མིའི༌ཁྱེར༌ཡོང༌བའི༌ཤོག༌ལྷེ༌གཅིག༌ཀྱང༌བཐོང༌ལམ༌དུ༌མེད༌། སུམ༌བཅུ༌པ༌ནི༌ཕྱིན༌སུ༌དངུལ༌ཆུ༌ཡབས༌སྲས༌ཀྱི༌ལེགས༌སྒྲིགས༌བྱས༌པ༌ལས༌ཐོན༌མིས༌ཁྱེར༌ཡོང༌བ༌ཞིག༌མིན༌པ༌ལུང༌རིག༌ལས༌གསལ།
གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་རྣམས་ལ་མ་གུས་པ་གཏན་ནས་མིན། ཁོང་རྣམ་པས་དེ་ལྟར་མི་སྒྲུབ་ཀ་མེད་རེད། དེ་ནི་ཁོང་རྣམ་པའི་བོན་བསྟན་ལ་བཅང་བའི་ལྷག་བསམ་མཚོན་པར་བྱས་པ་ཞིག་ཡིན་པས།
རྗེས་སུ་ཡི་རང་ཡོད་ལ། ང་ཚོའི་ཕ་མེས་ཀྱི་ཤུལ་བཞག་ཕ་ནོར་འདི་དག་མི་ཉམས་རྒྱུན་བྱ་རྒྱུ་ནི་ང་ཚོར་འཁྲི་བའི་བཟློག་ཏུ་མེད་པའི་འོས་འགན་རེད། ཡིན་ཡང་སྤྱིར་བཏང་ལོ་རྒྱུས་རིག་པའི་ཐོག་ནས་ཞུས་པ་ཡིན་ན།
ཏུང་ཧོང་ཡིག་རྙིང་ལས་སྲོང་བཙན་གྱི་ལོ་རྒྱུས་བཤད་པའི་ཐད་དུ། བོད་ལ་སྔ་ན་ཡི་གེ་མེད་པ་ལ་བཙན་པོ་
འདིའི་དུས་སུ་བྱུང་སྟེ། མྱི་བཟང་ལ་སྲིད་བཟང་སོགས་དངོས་སུ་གསལ་བ་དང་། ཐང་དེབ་གསར་རྙིང་ལས་
ཀྱང་བོད་ལ་ཡི་གེ་མེད་པར་བཤད་པ་དང་། ད་ལྟ་ཁོང་རྣམ་པས་བོན་ཡིག་ཏུ་ངོས་འཛིན་གནང་བཞིན་པ་འདི་་དག་གི་རྗེས་ཤུལ་ཚང་མས་ཐུན་མོང་དུ་ཡིད་ཆེས་འོས་པ་ཞིག་རག་མེད་པས། ད་དུང་དཔྱད་གཞིར་ལུས་བསྡད་པ་ཞིག་རེད། གལ་སྲིད་ཚད་ལྡན་གྱི་བདེན་དཔང་ཡང་དག་པ་ཞིག་རག་མཚམས་ང་ཚོས་ཐོན་མིས་བོད་ཡིག་གསར་བཟོ་བྱས་པའི་བཤད་སྲོལ་དེ་་དོར་ཆོག་གི་རེད།
སྲོང་བཙན་སྔོན་དུ།
མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཙམ་ཉིད་ལ་ནི། །
ཡི་གེའི་མཚན་ཉིད་འདོད་དུ་ཆུག་ཀྱང་དབྱངས་བཞི་གསལ་བྱེད་སུམ་ཅུ་པོ། །
ངག་ཐོག་བསྟར་བསྒྲིགས་བྱས་ནས་སྲོང་བཙན་སྔོན་དུ་འདོན་པ་ཡོད་དམ་ཅི། །
བཞི་དང་སུམ་བཅུའི་ཡིག་གཟུགས་ཡོད་ན་ད་གཟོད་ས་ནས་ཐོན་དགོས་ཚོད། །
ནང་ཆོས་སྔོན་དུ།
བོན་ཆོས་ངག་ཐོག་བསྒྱུར་བར་ལས། །
ཡིག་ཐོག་འབེབས་པར་ངས་མི་འདོད། །
ད་ལྟའི་བོན་ཡིག་སྟོན་ཚད་རིགས། །
ནང་ཆོས་སྔོན་ཡོད་ངས་མི་འདོད། །
སྲོང་བཙན་སྔོན་དུ།
བོད་ཡི་ཡོད་ན་དགའ་བ་ལ། །
ང་ཚོའི་མེས་པོའི་ཕྱག་རྗེས་བཟང་། །
བོད་ཡིག་མེད་ན་སྐྱོ་བ་ལ། །
དུད་འགྲོའི་རིགས་རྒྱུད་རྗེས་ལུས་ཟེར། །
སྲོང་བཙན་སྔོན་གྱི།
བོད་ཡིག་ཡོད་ན་སྟོན་རན་འདུག །
གསར་བཟོ་སྟོན་ནས་སུ་ལ་བྲིན། །
ཡིག་རྙིང་ཡོད་ན་ངོམས་རན་འདུག །
མེད་ན་ཡོད་མདོག་བཞག་ན་དགའ། །
ངའི་དྭོགས་གཞི་ནི།
ཙ་ཚ་ཛ་ཝ་ཞ་ཟ་དང་། །
མགོ་ཅན་འདོགས་ཅན་གང་ནས་དང་། །
ག་དུས་འཁྲུངས་པའི་དུས་ཚིགས་དེ། །
ཐོན་མིའི་ཉིད་ལ་གཏུགས་དགོས་སམ། །
འོནད་ཀྱང་།
བན་བོན་འདི་རུ་མ་རྩོད་ཅིག །
དེ་ལ་བདག་གིས་ཐལ་མོ་སྦྱོར། །
ཧཧཧཧཧཧཧཧཧཧཧ བོན་པོ་ཚོས་ནམ་རྒྱུན་དུ་སྐྱག་རྫུན་འདི་འདྲ་དག་དག་བཤད་ནས་བོན་བཀའ་བརྟན་ཟེར་བ་བོན་པོད་ལྔ་བརྒྱ་ལོང་བ་བཟོས་པ་རེད། ཆོ་ཅི་ཡང་མི་འདུག ལོང་བས་ལོང་བ་ཁྲིད། རྨོངས་པས་རྨོངས་པ་བདེན་ཁ་སྟེར་འཁན་གངས་སེང་ཁྱོད་ངོ་ཡང་མི་ཚའམ། རྫུན་ཆེན་ཇི་ལྟར་བཤད་མཁས་ཀྱང་བན་ཆོས་སྣུབ་ཐུབ་ཀྱིན་མ་རེད། བསམ་པ་ངན་པ་དང་རྨི་ལམ་ངན་པ་དེ་འདྲ་གཏོང་གི་མ་འདུག་ལོ།
དེ་རིང་ལོགས་སྨྲ་ཚར་གཅོད་ཀྱིས་སྐད་ཆ་ཡག་པོ་ཞིག་བཤདའདུག དེ་ལ་རྒྱབ་སྐྱོར་ཡོད།
ང་ཚོས་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པར་འདོད་པ་དེ། བོན་ལ་དགའ་མི་དགའི་གནད་དོན་ཞིག་
གཏན་ནས་མ་རེད། ཞང་ཞུང་སྨར་ཆེན་སྨར་ཆུང་དང་། ཞང་ཞུང་ཡིག་རྒན་དུ་གྲགས་པ་དེ་དག་ལ་ཐེ་ཚོམ་ཟ་
ཞིག་བྱུང་བ་རེད། དེ་མིན་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པས་བན་དེ་ལ་གནོད་དགོས་པ་གང་ཡང་མེད་ཅིང་། ད་དུང་དགའ་དགོས་པ་ཞིག་རེད། འོན་ཀྱང་ཡི་གེ་དེ་དག་ཡོད་པའི་བདེན་དཔང་གསལ་བོ་
ཞིག་མེད་པ་འདི་ལ་ཐུག་ཡོད། སྲོང་བཙན་ཡར་སྔོན་དུ་བོད་ལ་ཡེ་གེ་དེ་དག་ཡོད་པའི་རྒྱུ་མཙན་ནི་མཐར་གཏུགས་ན་སྲོང་བཙན་ཡར་སྔོན་བོན་གྱི་བཀའ་བརྟེན་དེ་ཙམ་ཞིག་དར་ཡོད་པའི་འོས་མེད་ཀྱི་རིགས་པ་འདི་
རེད། འོས་མེད་ཀྱི་རིགས་པ་འདི་ནི་དེ་བས་མུན་ཁུང་དུ་ཁྲིད་པ་ཞིག་ཡིན་པས་ཁས་ལེན་བྱ་དཀའ་བ་ཞིག་རེད། སྲོང་བཙན་གོང་དུ་བོན་གྱི་བཀའ་བརྟེན་ཡོད་པ་ནི་བོན་གྱི་རྗེས་འཇུག་པ་ཞིག་ལ་རན་པ་ལས་དེ་ཐམས་ཅད་ལ་རན་པ་ཞིག་མ་རེད།
ཐེ་ཚོམ་ཟ་ཞིག་བྱུང་བ་རེད།་༼ ཅེས་པ་ཐེ་ཚོམ་ཟ་གཞི་་བྱུང་བ་རེད། ཅེས་པར་ནོར་བཅོས་གྱིས་༽
གངས་སེང་རྩོམ་ཆོས་གནད་ལུགས་འདུག། ངལ་བ་བརྩོན་པའི་གྲུབ་འབྲས་འདུག། ནང་སྐྱོན་སྦས་པའི་རྨ་ཁ་བཏོན། །ཡང་མེས་སྐད་ཡིག་ཡོད་པར་བདེན།།
རྩོམ་ཡིག་ནང་དམིགས་བསལ་འདྲ་ཅི་ཡང་མི་འདུག འོན་ཀྱང་དགོས་པ་ཡོད། ད་དུང་མིག་བརྒྱད་པ་ཞེས་པ་དེས། ས་པན་གྱི་ལུང་ཞིག་འདྲེན་ཁུལ་བྱས་འདུག་ཀྱང་ནོར་སོང་བ་རེད། ས་པན་གྱི་ལུང་ནི་སྒྲ་གང་ཞིག་འབྲུར་ཆགས་པ། ཞེས་པ་ལས་འབྲིར་ཆགས་པ་མ་རེད། འབྲུར་ཆགས་པ་ནི་ཡིག་འབྲུའམ་གཟུགས་སུ་དོད་པ་ཞིག་དགོས་པ་དེ་རེད།
གོང་གི་ཨུ་རྒྱན་མིང་ཅན་གྱི་བོན་པོ་ཞེས་པའི་ཚིག་ཅིག་གོ་དུས་ནམ་ཞིག་ཡིན་ན་ཁྱི་ཟུག་ཟུག་བྱེད་དགོས་དོན་ག་རེ་ཡིན་ནམ། བལྟས་ཚོད་ལ་བོན་ཆོས་དང་བོན་པོ་ནི་ཁོང་གི་ཕ་བསད་གྱི་ལག་དམར་ཡིན་པ་འདྲ་བོ་འདུག
ཁྱོད་རང་ལུང་དྲངས་པ་དག་སྔར་ནས་ཚར་མང་པོ་བཀླགས་ཟིན། ལོ་རིམ་དང་པོ་ནས་བཞི་པའི་རྒྱལ་རབས་དང་། ཆོས་འབྱུང་ཞིབ་དཔྱོད་ཀྱིས་ཡིག་རྒྱུགས་སྤྲད་པ་ཡིན། དེ་ཚོ་བསྐྱར་བཟློས་བྱས་པ་ལ་གོ་རྒྱུ་ཅང་མི་འདུག གང་ལྟར་ཡང་བན་བོན་གཉིས་ལ་ཕན་མི་ཐོགས་ཤིང་། བོད་སྤྱི་ལ་དགོས་མཁོ་མེད་པའི་བོན་པོའི་ཡི་གེ་དང་། བོན་པོའི་ལོ་རྒྱུས་གསར་རྩོམ་མི་གནང་བར་ཞུ། ལོ་རྒྱུས་ཞེས་པ་དེ་འདས་ཟིན་པའི་ཡབ་མེས་ཀྱི་བདེན་དཔང་ཡིན་པས་གང་འདོད་མི་བསྒྱུར་བར་གཟུ་བོ་གནས་པའི་སྒོ་ནས་ཉར་རོགས་ཞུ། ཁྱེད་ཅག་གིས་ལོ་རྒྱུས་དང་། ཡི་གེ་གསར་བ་ཞིག་བཟོས་བསྡད་པ་ཡིན་ན་རང་གཞན་གཉིས་ལ་ཕན་མི་ཐོགས་པར་མ་ཟད། ཁྱེད་ཅག་བོན་པོའི་རྗེས་འཇུག་པ་ཡོངས་བོད་དང་ལོགས་སུ་ཕྱེ་བཞག་པའི་རྣམ་པ་ཞིག་རང་གཞན་གཉིས་ཀའི་སྣང་ངོར་བསླེབ་ངེས་རེད། སྐབས་དེ་དུས་བདེ་བོ་ཡོད་ཁག་པོ་རེད། དེ་མིན་གནས་སྐབས་ཀྱི་དགོས་མཁོ་དངུལ་དང་། གོ་ས་རེ་རག་སྟེ་མི་རིགས་དང་། རིག་གཞུང་ལ་རིན་ཐང་མེད་པར་བསྒྱུར་དྲན་པ་ཡིན་ན། དེ་ལས་ནོར་རྔམ་པོ་ཆེ་ཞིག་རེད། ངས་བལྟས་ཚོད་ལ་ཁྱེད་ཚོ་བོད་ཀྱི་རིག་གཞུང་ལ་ཞེན་ཆགས་མེད་མཁན་གྱི་མི་རིགས་གཞན་པ་ཚོས་ཨ་མཚར་གྱིས་ཚུལ་དུ་བོན་པོའི་གྲལ་དུ་འཚང་། བན་བོན་གཉིས་ལོགས་སུ་དབྱེ་བའི་ཐབས་ལམ་འདྲ་མིན་འདིང་བཞིན་པའི་ཚོར་སྣང་ཞིག་བྱུང་། དེ་ཕྱིར་གནས་སྐབས་དང་། མཐར་ཐུག བན་བོན་གཉིས་ལ་ཕན་ཐོགས་མེད་པའི་སྐད་ཆ་དེ་ཚོ་བཤད་མ་བསྡད།
རྒྱ་གར་གྱི་སྤྲང་འཁྱམ་པའི་ལོ་རྒྱུས་རྩ་ཆེར་བཟུང་ནས་ངར་ངར་བྱེད་ཅིང་བོད་གངས་རིའི་ལྗོངས་ཀྱི་བོན་ལུགས་མིག་གི་ཚེར་མ་བཞིན་དུ་བལྟ་མཁན་་་་འཚེ་བ་ཆོས་སུ་སྨྲ་བའི་ཨོ་རྒྱན་པ་་་་ཚོའི་ནང་རྟགས་ཕྱིར་མངོན་པར་བྱེད་པ་འདི་ལ་བོན་པོ་ཚོས་སྙིང་རྗེ་ཡག་པོ་བསྐྱེད་ཐུབ་ན་ཡག། གཞན་རོ་ཁོ་ཚོ་ལ་ཅི་བྱེད་རྒྱུ་ཡོད། དེང་སང་ཨོ་རྒྱན་པ་འདི་ཚོས་ཕྱི་ནང་གང་སར་ཚོགས་འདུ་འདྲ་མང་པོ་ཞིག་འཚོགས་ཀྱི་འདུག་བ། གཉིད་ལམ་བསྐྱིད་པོ་ཞིག་བཏོང་གི་ཡོད་བཟོ་འདུག། ཁོས་བསམ་པར་བོད་པ་ཚང་མས་ཨོ་རྒྱན་པས་གང་ཟེར་ཉན་ཡོང་དྲན་གྱི་ཡོད་པ་འདྲ། བོད་པ་དང་ཨོ་རྒྱན་པ་ཁག་ཁག་རེད། ཨོ་རྒྱན་པས་སྡུག་སྐད་འདོན་ན་ཨོ་རྒྱན་པ་ལ་ཐོན། བོད་མི་རིགས་ལ་ཨོ་རྒྱན་པས་བཀའ་གཏོང་རྒྱུའི་ཐོབ་ཐང་ཡོད་མ་རེད། ཤེས་པར་གྱིས་ཤིག།
དཔེར་ན། གཡོས་པའི་ཟས་ནང་ཤ་དང་ཚོད་མ་དེ་བཞིན་སྨན་སྣ་སོགས་ཇི་ཙམ་མང་ན་དེ་ཙམ་གྱིས་རོ་བྲོ་ལྡན་པ་ཞིག་རེད་ཟེར་ཆོག དེ་བཞིན་བོད་གངས་ལྗོངས་འདི་ན་ཆོས་ལུགས་ལྟ་གྲུབ་མི་འདྲ་བ་ཇི་ཙམ་མང་བ་དེ་ཙམ་གྱི་རྒྱལ་ཁབ་འདི་ནི་རིག་གནས་ཕྱུག་པོ་དང་སྟོབས་འབྱོར་ལྡན་པ་འཐུས་སྒོ་ཆ་སྐྱེན་ཕུན་སུན་ཇེ་ཚོགས་སུ་གཏོང་ཐུབ། འོན་ཀྱང་ཡུལ་ལུང་དེ་ན་གནས་པའི་འབངས་མི་རྣམས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཤེས་མཁན་དང་རང་དང་ལྟ་གྲུབ་ཆ་ལུགས་མི་མཐུན་མཁན་ཚོར་ལའང་འཛའ་གྲོགས་མཉམ་གནས་ཀྱི་ཆོད་སེམས་བརྟན་པོའི་ངང་ཆོས་ལུགས་དང་ཆོལ་ཁ་གཞན་ལ་ཆེ་མཐོང་དང་གུས་ཞབས་རང་དབང་བཅས་སྤྲོད་ཤེས་པ་ཤ་སྟག་དགོས་རྒྱུ་ནི་ཡར་ཐོན་དམངས་གཙོ་ལུང་པའི་དགོས་ཆོས་ངོ་མ་དེ་ཡིན།
བོན་པོ་ཚོས་ད་ལྟ་སྲོང་བཙན་སྔོན་ལ་ཡི་གེ་ཡོད་ཀྱང་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་ཐུ་མིས་བརྩམས་པ་རེད་ཅེས་ཅི་ནུས་ཀྱིས་སྒྲུབ་པར་བྱེད་བཞིན་འདུག། གང་འཚམས་ཞིག་གི་རྗེས་ནས་བརྡ་སྤྲོད་སུམ་རྟགས་ཀྱང་ཐུ་མིས་བརྩམས་པ་མ་རེད་ཅེས་བརྗོད་ཐག་ཆོད་ཡིན། དེ་ལྟར་ཡིན་པ་ཡང་སུམ་རྟགས་ཀྱི་ནང་དུ་རྟག་ཞི་བ་ཟེར་བ་ཞིག་ཡོད་པ་དེ་ཡང་སྟོན་པ་གཤེན་རབ་ཡིན་པར་སྒྲུབ་བཞིན་འདུག་པས་ཤེས།
ཁ་ཅིག་གིས་བོན་པོ་དག་གིས་དེ་ལྟར་བཤད་དགོས་དོན་ནི་བོན་པོའི་གཞུང་ལ་ཞེན་པ་ཆེ་བས་ཡིན་ཟེར། བོན་པོའི་གཞུང་ལ་ཞེན་པ་ཆེ་ན་བོན་གཞུང་བཤད་སྒྲུབ་ལས་གསུམ་གྱིས་དར་སྤེལ་མཛད་དགོས་པ་ལས། བན་དེ་ལ་མི་དགའ་བ་བསྐྱེད་ནས་ཅི་ལ་ཕན། བན་དེ་ལ་སྨ་ཕབ་པས་བོན་པོའི་བསྟན་པ་དར་ཞིང་རྒྱས་པར་ཕན་པ་ཞིག་ཡོད་པ་ཡིན་ནམ། དེ་འདྲ་ཡོད་ན་བོན་བསྟན་སྐྱོང་བའི་ཚུལ་ནི་ཅི་འདྲའི་ཡ་མཚན་ཆེ་བ་ལ་ཨང་། བན་དེའི་གཙོ་བོ་རྒྱལ་བ་རིན་པོ་ཆེས་བོན་ལ་ཇི་ཙམ་བརྩི་མཐོང་ཆེར་མཛད་གནང་རུང་། ད་དུང་བོན་པོ་དག་གིས་བན་དེ་ལ་དགྲ་བོའི་དྭངས་མར་བལྟ་བཞིན་འདུག་པ་ལ་བལྟས་ན་དེ་རིང་ནས་ཡུན་མི་རིང་བར་བོད་ཀྱི་བན་བོན་གཉིས་དབར་དཀའ་ངལ་ཆེན་པོ་ཞིག་འབྱུང་ངེས་པར་འདུག་པས། ཚང་མས་གཟབ་དགོས་པར་མཐོང་ངོ་།
ཧཧཧཧཧ་་་ད༌ཁྱེད༌ཚོ༌སྨྱོས༌འདུག༌སུམ༌བཅུ༌པ༌དངུལ༌ཡབས༌སྲས༌ཀྱི༌རྩོམ༌པ༌ཡིན༌པ༌ཚང༌མས༌ཤེས༌གསལ༌རེད།
ག༌རེ༌ལབ༌ཀྱི༌ཡོད༌། གོང༌གི༌ཨུ༌རྒྱན༌མིང༌ཅན༌ནང༌བཞིན༌བྱེད༌མ༌ཡོང༌། ཁོ༌ནི༌ལོ༌རྒྱུས༌དང༌དངོས༌བདེན༌
གང༌ཡང༌མེད༌བཏང༌རྒྱུ༌མེད༌པའི༌སྐྱེ༌པོ༌དྲེགས༌པ༌ཅན༌ལྟར༌སྨྱོ༌བཤད༌ཁོ༌ནར༌ལ༌དུས༌ཚོད༌བསྐྱལ༌མཁན༌ཞིག༌རེད༌
འདུག། ང༌ཚོ༌ཚང༌མ༌ང༌ཤི༌ཁྱོད༌གསོན༌མ༌རེད༌། རྒྱ༌དཀར༌ནག༌དང༌ དབྱིན༌ཇི༌སོགས༌ནང༌བཞིན༌
ང༌ཚོ༌བོད༌ལ༌ཡང༌ལོ༌རྒྱུས༌རིང༌བོའི༌ཤེས༌རིགས༌ཀྱི༌ཡུལ༌ཞིག༌ཡིན༌མིན༌གྱི༌སྐོར༌རེད༌། དེ༌ལ༌དྲང༌བདེན༌
གྱི༌ལོ༌རྒྱུས༌སྨྲ༌བ༌ལས༌ཁོང༌ཁྲོ༌བྱེད༌དགོས༌དོན༌མེད༌མོད།
ཧཧཧཧཧ་་་ད༌ཁྱེད༌ཚོ༌སྨྱོས༌འདུག༌སུམ༌བཅུ༌པ༌དངུལ༌ཡབས༌སྲས༌ཀྱི༌རྩོམ༌པ༌ཡིན༌པ༌ཚང༌མས༌ཤེས༌གསལ༌རེད།
ག༌རེ༌ལབ༌ཀྱི༌ཡོད༌། གོང༌གི༌ཨུ༌རྒྱན༌མིང༌ཅན༌ནང༌བཞིན༌བྱེད༌མ༌ཡོང༌། ཁོ༌ནི༌ལོ༌རྒྱུས༌དང༌དངོས༌བདེན༌
གང༌ཡང༌བཏང༌རྒྱུ༌མེད༌པའི༌སྐྱེ༌པོ༌དྲེགས༌པ༌ཅན༌ལྟར༌སྨྱོ༌བཤད༌ཁོ༌ནར༌ལ༌དུས༌ཚོད༌བསྐྱལ༌མཁན༌ཞིག༌རེད༌
འདུག། ང༌ཚོ༌ཚང༌མ༌ང༌ཤི༌ཁྱོད༌གསོན༌མ༌རེད༌། རྒྱ༌དཀར༌ནག༌དང༌ དབྱིན༌ཇི༌སོགས༌ནང༌བཞིན༌
ང༌ཚོ༌བོད༌ལ༌ཡང༌ལོ༌རྒྱུས༌རིང༌བོའི༌ཤེས༌རིགས༌ཀྱི༌ཡུལ༌ཞིག༌ཡིན༌མིན༌གྱི༌སྐོར༌རེད༌། དེ༌ལ༌དྲང༌བདེན༌
གྱི༌ལོ༌རྒྱུས༌སྨྲ༌བ༌ལས༌ཁོང༌ཁྲོ༌བྱེད༌དགོས༌དོན༌མེད༌མོད།
ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་ཕྱིན་པའི་ལོ་རྒྱུས་ལ་དཔྱད་བཟོད་པའི་ཆ་ག་ཚོད་ཡོད་པ་རེད་དམ། ཡི་གེ་ཟེར་བ་འདི་མིང་ཚིགས་གཉིས་ཀྱི་རྟེན་ནམ་གསོག་གཞིར་གྱུར་བའི་སྐད་ཀྱི་གདངས་ལ་འདོད་ན་ནི་སྲོང་བཙན་སྔོན་ལ་བོད་ཀྱི་མི་ཚོས་སྐད་ཆ་བཤད་མི་ཤེས་པར་ཐལ་བ་ལས་གཞན་མེད་པ་དང་། ཡིག་གཟུགས་ཙམ་ལ་འདོད་ན་ནི་བོད་ཡིག་ཙམ་མ་ཟད་གུབྟའི་ཡིག་གཟུགས་ཀྱང་རང་རེའི་ཚིགས་དོན་དང་མཐུན་པ་མང་བ་ལས་རྒྱ་གར་རང་གི་ཚིགས་དོན་ལ་སྦྱོར་མི་ཐུབ་པས་ཅི་ལྟར་འགྲེལ་བརྗོད་བྱེད། ཏུན་ཧོང་ཡིག་རྙིང་དུ་ཐོན་མིའི་མིང་ཙམ་ཡང་མེད་དོན་ཅི་རེད། ད་དུང་་་་་་་་། ད་རྗེས་ནས་འདྲི་ཆོག
ཐོན་མི་རྒྱ་གར་དུ་ཕེབས་པའི་ཁུངས་ལུང་ང་ཚོ་གཉིས་ཀ་གྲགས་པའི་ལུང་ཞིག་འདྲེན་མེད་མོད། ཏུང་ཧོང་
ཡིག་རྙིང་ནི་ཕྱོགས་གཉིས་ཀས་ཁས་བླང་དུ་རུང་བའི་ལུང་ཞིག་ཡིན་ཆོག་སྟེ། དེའི་ནང་དུ་གཉའ་ཁྲི་བཙན་པོ་
ལྷ་ཡུལ་ནས་ཕེབས་པར་བཤད་པ་སོགས་ཀྱིས་དེ་བན་དེས་བྲིས་པ་ཞིག་མ་ཡིན་ལ། དེས་ན་ཡིག་རྙིང་དེའི་ནང་དུ་སྲོང་བཙན་གྱི་ལོ་རྒྱུས་བཤད་པ་ན། བོད་ལ་སྔ་ན་ཡི་གེ་མེད་པ་ལ། བཙན་པོ་འདིའི་དུས་སུ་བྱུང་སྟེ། སོགས་ཆེས་གསལ་བར་ཡོད་པའི་ཕྱིར། བོད་ལ་སྲོང་བཙན་ཡར་སྔོན་དུ་ཡི་གེ་ཡོད་ན་འདི་ལྟར་བཤད་མི་སྲིད་
པའི་ཕྱིར། ཚེ་ཏན་ཞབས་དྲུང་ཚང་གིས་རྒྱ་ནག་གི་ཡིག་ཚང་དུ་ཐོན་མི་རྒྱ་གར་ལ་ཕེབས་པའི་ལོ་ཚིགས་བཀོད་ཡོད་པར་གསུངས་འདུག་ལ། རིགས་པས་ཀྱང་སྒྲུབ་་ཏུ་ཡོད་དེ། སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པ་གོང་གི་ལུང་དེས་གྲུབ་ཅིང་། སྲོང་བཙན་གྱི་སྐབས་སུ་རྒྱ་གར་དུ་གུཔྟའི་ཡི་གེ་དར་སོ་ཆེ་བའི་སྒང་ཡིན་པ་དང་།
བོད་ཡིག་དང་གུཔྟའི་ཡི་གེ་གཉིས་ཤིན་ཏུ་འདྲ་བ་དེ་བརྟས་དབང་ཞིག་ཡིན་མི་སྲིད་པའི་ཕྱིར་དང་། བརྡ་སྤྲོད་ལ་ལེགས་སྦྱར་ལྟར་རྣམ་དབྱེ་བརྒྱད་ཀྱི་གོ་རིམ་མ་འཆོར་བར་རྟགས་འཇུག་ཏུ་འབྱུང་བའི་ཕྱིར་དང་། ད་དུང་
ལེགས་སྦྱར་དང་འདྲ་བར་ཡི་གེ་ལ་ཕོ་མོ་མ་ནིང་གི་དབྱེ་བ་མཛད་ཡོད་པའི་ཕྱིར་དང་། ལྷ་སའི་རྡོ་རིང་གི་ཡི་གེ་དང་ཏུང་ཧོང་ཡིག་རྙིང་སོགས་གུཔྟའི་ཡི་གེ་དང་ཤིན་ཏུ་འདྲ་བའི་ཕྱིར། དེས་ན་རྒྱུ་མཚན་འདི་དག་གིས་ཐོན་མི་རྒྱ་གར་དུ་ཕེབས་པ་ལ་བདེན་དཔང་བྱེད་ཐུབ་སྟེ། སྲོང་བཙན་སྐབས་སུ་བོད་ལ་ཡི་གེ་གསར་སུ་བྱུང་ཞིང་།
སྔོན་གྱི་བོད་ཡིག་རྣམས་གུཔྟའི་ཡི་གེ་དང་འདྲ་ཆེ་བ་སོགས་ཀྱི་སྒོ་ནས་དེ་ལ་དཔེ་བླངས་པར་ངེས་ལ། དེས་ན་
ཐོན་མི་རྒྱ་གར་དུ་མ་སོང་བར་གུཔྟའི་ཡི་གེ་ཚུར་ཕེབས་པ་མ་ཡིན་པའི་ཕྱིར་རོ། །
ངས་གོང་དུ་དྲིས་པའི་ལན་གལ་གནད་ཅན་ཞིག་ཁྱེད་ཀྱིས་སྣང་མེད་དུ་བཞག་འདུག་སྟེ། ཐོན་མིའི་ལོ་རྒྱུས་ལ་དཔྱད་བཟོད་ཀྱི་ཆ་གང་ཡོད་པ་དང་། གུབྟའི་ཡིག་གཟུགས་དང་རང་རེའི་ཚིགས་དོན་གཉིས་ཤིན་ཏུ་མཐུན་པ་ལས་རྒྱ་གར་རང་གི་ཚིགས་དོན་དང་རྩ་བའི་ཆ་ནས་འདྲ་ས་གང་ཡང་མེད་དོན་ཅི་རེད། ཏུན་ཧོང་ཡིག་རྙིང་དུ་བཤད་ཚད་ཚང་མ་ཤ་གཟུགས་བཟའ་རྐྱང་བྱེད་མི་འོས་ནའང་ཁྱོད་ཀྱི་འཕོང་གཏད་ས་དེ་ཙམ་ལས་གཞན་གང་ཡང་མི་འདུག ཡི་གེ་དང་ཡིག་གཟུགས་ཀྱི་སྐོར་ལ་དེ་བས་ཀྱང་ཧཱུྃ་ཧཱུྃ་ཕཊ༔ཕཊ༔་་རེད། ཏུན་ཧོང་ཡིག་རྙིང་འབྲི་བ་པོས་འདི་འདྲའི་གལ་ཆེན་གྱི་མི་སྣ་ཞིག་ཞིབ་འབྲི་མ་བྱས་ཀྱང་རོབ་འབྲི་ཙམ་ཡང་མི་བྱེད་དོན་ཅི་རེད། ཁྱོད་དང་ཁྱོད་འདྲ་བ་ཚོས་ཕྱོགས་གཅིག་ལས་མི་མཐོང་བ་དེ་ཡང་རང་དམན་གྱི་འདུ་ཤེས་ངན་པ་དེ་བཀྲུ་མ་ཐུབ་པས་ལན་པ་རེད། རབ་ཡིན་ན་ངས་དྲིས་པའི་གཏམ་ལ་ལུང་དང་རིགས་པ་རྐྱ་བསྒྲིལ་ནས་ལན་ཞིག་འདེབས་རོགས། རྩ་བ་བོར་ནས་རྩེ་མོར་འཐམ་པས་གང་ཡང་འཐོབ་རྒྱུ་མེད་པས་དེ་ལུགས་ཡིད་འཇགས་འཚལ།
རྨུ་ཐག་གི་བུ་རྒྱུད་མཆོག་གི་གསུང་པ་ལ་བསྟོད་དོ།
དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས།
བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་པར་ཐོན་མི་བགྲང་མོད་ཀྱང་།།
དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙཱའི་ཐོག་མ་འདིའི།།
བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།།
ཞེས་པ་ནི་དེ་ཁོ་ན་ཉིད་དོ།། དེའི་རྐྱེན་གྱིས་བློན་པོ་འགའ་ཞིག་གི་བློ་ལ་མ་བབས་ནས་རྒྱལ་པོས་འབངས་ལ་འདི་ལྟར་བཀུར་བ་མི་རིགས་སོ་ཞེས་ལྐོག་ལབ་གླེང་བ་ཐོན་མིས་གསན་ནས། ཉིན་གཅིག་རྒྱལ་པོ་གྲལ་གྱི་གུང་ན་བཞུགས། བློན་པོ་ཆེ་དགུ་རྣམས་ཀྱིས་མཐའ་བསྐོར་བའི་དབུས་སུ་ཐོན་མི་ཡར་ལ་བཞེངས་ནས་ཕྲག་དོག་འཇོམས་པའི་གླུ་དབྱངས་མཆི་མ་དཀུ་བའི་ང་རོ་དང་བཅས་འདི་ལྟར་བླངས་སོ།།
ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།
ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།།
ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།
དོན་ཪྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།
ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།
བོད་ཡིག་སུམ་ཅུརགཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤོར།།
འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པ་སླེབས་པའི་སྔོན་མ་ཡིན།།
ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།།
གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་པའི་མི་རྣམས་ལ།།
ང་ཐོན་མི་བཀའ་དྲིན་མི་ཆེའམ་།།
ཞེས་དེ་སྐད་གླུར་བླངས་པས་ཕྲག་དོག་བྱེད་པའི་བློན་པོ་རྣམས་གཅིག་གིས་གཅིག་ལ་བལྟས། ཐོན་མིས་གང་གསུངས་ཐམས་ཅད་མདེའུ་རྩེ་རྣོན་པོས་གནད་ལ་ཕོག་པ་བཞིན་དུ་གྱུར་ནས་འགྲན་སེམས་ཞི་ཞིང་། ཐོན་མིའི་བཀའ་དྲིན་གྱི་རི་མོ་བློན་འབངས་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པར་ གྱུར་ཏོ།།
ཨུ་རྒྱན་རིག་འཛིན་ལགས་ཀྱིས་རྒྱལ༌རབས༌འགའ༌ཡི༌ནང༌དུ༌ཐོན༌མིས༌རྒྱ༌གར༌ནས༌ཡིག༌གེ༌དང༌བརྡ༌དག༌སྙན་ངག༌སོགས༌མང༌དག༌ཞིག༌བོད༌ལ༌ཁྱེར༌ཡོང༌བ༌བཤད༌ཀྱང། དོན༌དངོས༌ཐོག༌ཐོན༌མིའི༌ཁྱེར༌ཡོང༌བའི༌ཤོག༌ལྷེ༌གཅིག༌ཀྱང༌མཐོང༌ལམ༌དུ༌མེད༌། སུམ༌ཅུ༌པ༌ནི༌ཕྱིས༌སུ༌དངུལ༌ཆུ༌ཡབ༌
སྲས༌ཀྱི༌ལེགས༌སྒྲིགས༌བྱས༌པ༌ལས༌ཐོན༌མིས༌ཁྱེར༌ཡོང༌བ༌ཞིག༌མིན༌པ༌ལུང༌རིགས༌ལས༌གསལ། ཟེར། འདི་ལ་ཡིག་ནོར་མང་པོ་བཅོས་ཡོད་ལ་ཞོར་དུ་ནང་འགལ་ཡང་འདི་ལྟར་འདུག །ཐོན་མིས་རྒྱ་གར་ནས་ཤོག་ལྷེ་གཅིག་ཀྱང་ཁྱེར་མེད་ཟེར། །ཐོན་མི་ལ་ཅི་ཡང་མེད་རབས་བཤད་ནས་བཎ་དེའི་ཕྱོགས་ཀྱི་ཐོན་མིའི་ལོ་རྒྱུས་ཡོད་ཚད་ནག་གསུབ་ཏུ་བཏང་ན་ཕན་ཐོགས་ག་རེ་ཡོད། སྤྱིར་ན་སློབ་དཔོན་ཐོན་མི་བོན་པོ་མིན་པས་ཁོང་གི་ལོ་རྒྱུས་ཀྱང་དེ་མཚུངས་བོན་པོ་ལ་གཏུགས་ན་ལོ་རྒྱུས་ཚད་ལྡན་ཞིག་ཆགས་ཁག་པོ་རེད། དེ་མིན་སུམ་ཅུ་བ་དང་ལེགས་བཤད་ལྗོན་དབང་གཉིས་གཅིག་ཏུ་འཁྲུལ་བར་འདུག་སྟེ། དེ་གཉིས་ཁ་ཁ་ཡིན་པ་རེད། ཁྱེད་ཅག་གིས་དངུལ་ཆུ་ཡབ་སྲས་ཀྱིས་བཞེད་པ་ཁས་ལེན་ན། སུམ་ཅུ་པ་མཛད་པ་པོ་སློབ་དཔོན་ཐོན་མི་ཡིན་པ་གསལ་བར་གསུངས་སྟེ་ལེགས་བཤད་ལྗོན་དབང་གི་དབུར། ཐོན་མིའི་ལེགས་བཤད་སུམ་ཅུ་པའི།།སྙིང་པོ་མདོར་བསྡུས་བཤད་པར་བྱ།།ཞེས་གསུངས་པའི་ཕྱིར།
ལེགས་བཤད་ལྗོན་དབང་ལས། སུ་རྟགས་བྱུང་ན། བུ་ལས་ཕ་སྐྱེས་པ་འདྲ། ཡང་ན། སློབ་དཔིན་ཐོན་མའི་སྐྱེས་ལོ་ཟླ་ཚེས་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེའི་སྐྱེས་ལོ་ཟླ་ཚེས་གཉིས། ནོར་བ་དང་མཚུངས་སོ། སྲོང་བཙན་རྗེས་ཀྱི་ལོ་རྒྱུས་མི་ཤེས་ན། སྲོང་བཙན་སྔོན་གྱི་ལོ་རྒྱུས་ལ་རྩོད་ཟླར་བྱུང་བ་ནི། བློ་ཁོག་ཆེན་པོ་མ་རེད་དམ། ཀུ་རེ་དང་བཅས།
སྲོང་བཙན་གོང་དུ་བོད་ཡིག་ཡོད་ཀྱང་རུང་།།
དེ་ཡི་གོང་དུ་བོད་ཡིག་མེད་ཀྱང་རུང་།།
ད་ལྟའི་དུས་སུ་ཡོད་པའི་ཡི་གེ་འདི།།
བན་བོན་གཉིས་ཀར་འཁོ་བའི་ཡི་གེ་ཡིན།།
དབྱངས་གསལ་སོ་བཞིའི་བོད་ཀྱི་ཡི་གེ་འདི། །
སྲོང་བཙན་སྔོན་དུ་ཡོད་མེད་རྩོད་པ་ནི ། །
བན་བོན་ཀླད་སྟོང་བྱིས་པའི་ངང་ཚུལ་ཅན། །
འགའ་ཞིག་རང་མཚང་སྟོན་པའི་ཟློས་གར་ཉིད། །
མཁྱེན་དཔྱོད་་ཡངས་པའི་རྨུ་ཐག་ལགས། ཕྲན་གྱིས་ཁྱེད་ཀྱི་མཆན་ལ་ཞིབ་བལྟ་མ་ཞུས་པར་རྩ་བའི་དཔྱད་ཞིབ་པ་ལ་ཞུ་ཁུལ་ཡིན་མོད། ཁྱེད་ལ་ལན་དགོས་ཀྱིན་ཡོད་ན་ཞུ་བར་བྱ་སྟེ། གུཔྟའི་ཡི་གེ་འདི་ཡིག་གཟུགས་ཀྱི་
ཆ་ནས་བོད་ཡིག་སྤྱི་དང་ལྷག་པར་ཏུང་ཧོང་ཡིག་རྙིང་སོགས་དང་ཤིན་ཏུ་འདྲ་བ་ལས་། བོད་སྐད་དང་གཏན་མི་འདྲ་བ་མདོན་སུམ་རེད། ཁྱེད་ཀྱིས་དེ་སྔགས་ཡིག་དང་འདྲ་བ་འདུག་ཟེར་བ་ཡིན་ན། སྔགས་ཡིག་གི་རྒྱ་གར་གྱི་ཡི་གེ་རེད། དེ་སྔོན་ཕྲན་གྱིས་ཀྱང་བལ་ཡུལ་ཁྱུང་རང་བྱུང་གི་འཁྲིས་ལ་རྡོ་རིང་གཉིས་ཡོད་ལས། གཅིག་གི་སྟེང་དུ་གུཔྟའི་ཡི་གེ་བྲིས་འདུག་མོད། ཕྲན་བུ་ཀློག་ཐུབ་པ་ཙམ་་ལས་དོན་དག་གཅིག་ཀྱང་གོ་མི་ཐུབ་པ་སྔགས་ཡིག་ལྟ་བུ་རེད། གང་ལྟར་ཡང་ཁྱེད་ཀྱིས་དྲི་བར་གུཔྟའི་ཡི་གེའི་ནང་དོན་བོད་དང་འདྲ་བ་ལས་རྒྱ་གར་གྱི་ཡི་གེ་འི་ནང་དང་མི་འདྲ་བར་བཤད་པ་ནི་མངོན་སུམ་ལ་བསྙོན་གདེང་བ་སྟེ། དེ་བོད་སྐད་དང་གཏན་ནས་མི་འདྲ་ཞིང་། རྒྱ་གར་གྱི་སྐད་རང་ཡིན་པ་ནི་སུས་བལྟས་ཀྱང་ཤེས་ཐུབ་པའི་ཤེས་ཐུབ་པའི་ཕྱིར།་
ཁྱེད་ཀྱིས་བན་དེའི་སྔགས་ཡིག་་གི་ནང་དོན་དང་འདྲ་བའི་རྒྱུ་མཚན་གྱིས་ཡིན་ན་ནི། དེ་ནི་ཡི་གེ་བོད་ཡིག་
ཡིན་པ་ལས་ནང་དོན་རྒྱ་གར་གྱི་སྐད་ཡིན་རང་ཡིན་ནོ། །ཡང་ཁྱེད་ཀྱིས་ཏུང་ཧོང་ཡིག་རྙིང་ཤ་གཟུག་ཟ་རྐྱང་མ་
ཡིན་པར་བཤད་མོད། ང་ཚོའི་བོད་པ་ཚང་ལ་རྒྱུ་མཚན་གང་བཤད་ཀྱང་རང་དང་མཐུན་མི་མཐུན་ནི་དངོས་
ཡོད་གནས་ཚུལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་གལ་ཆེ་བར་འཛིན་པའི་རྣམ་ཐར་བཟང་བོ་དེ་་རྒྱུན་སྐྱོང་གནང་བ་ཙམ་དུ་ཟད་དོ། །
སྔགས་ཡིག་གི་རྒྱ་གར་གྱི་ཡི་གེ་རེད། ༼སྔགས་ཡིག་ནི་ནང་དོན་རྒྱ་གར་གྱི་སྐདརེད། ༽ ནོར་བཅོས་གནོངས།
་
བོད་ཀྱི་གཅེན་གཅུང་གཉིས་མཐུན་སྒྲིལ་བྱོས།
25-07-2012
ཁ་བ་ར་བས་བསྐོར་བའི་བསིལ་ལྗོངས་ཡུལ།།
གཤེན་རབ་མེས་པོའི་མུ་ཐག་གསེར་ཕྲེང་དང་།།
ཆོས་རྒྱལ་མེས་གསུམ་འདྲེན་པའི་ཤཱཀྱའི་བརྒྱུད།།
སྡེ་གཉིས་ཆོས་ཀྱི་འོད་མདངས་བོད་ཁམས་འཕྲོས།།
གནའ་བོའི་གཤེན་རབ་ཆོས་ལ་མ་སྡང་བར།།
འཕགས་པའི་ཤཱཀྱའི་ཆོས་ལ་མ་བརྙས་དགོས།།
བན་བོན་བདེ་སྡུག་གངས་ཅན་ཡུལ་ནས་ཚར།།
ནང་དམེར་མ་སྦྱོར་ཆིག་སྒྲིལ་མདུན་སྐྱོད་བསྒྱུར།།
གནའ་བོ་མེས་པོའི་རང་མདངས་རྟོགས་དཀའ་ཡང་།།
ཉེ་དུས་མེས་པོའི་གཤིས་ལུགས་ཉམས་མེད་དགོས།།
ཡར་སྟོད་གཤེན་བརྒྱུད་བོད་ཁམས་བཙན་པོ་ཡོད།།
བར་ཁམས་བན་སྡེའི་རྒྱལ་ཁམས་བཙན་པོ་འཁྲུངས།།
བོད་ཁམས་ཟུང་གིས་ལྷད་མེད་ཞབས་རྗེས་ཡོད།།
སྡེ་གཉིས་མ་འཁྲུགས་གངས་ཅན་བདེ་སྡུག་ལྟོས།།
ལ་བ་གདོང་དམར་རང་གཤིས་གནས་ལུགས་དེ།།
ནམ་ཡང་མ་དོར་བྱམས་པའི་བརྩེ་སེམས་སྐྱོང་།།
འདས་པའི་ཡབ་མེས་ལོ་རྒྱུས་ལེགས་ཉེས་གཉིས།།
ཀླད་རྙིང་སྒེར་སྤྱོད་རིང་ལུགས་ཡོངས་སྤོང་ནས།།
དཀྱེལ་ཡངས་འདྲ་མཉམ་མི་ཡི་ཚོར་ཤེས་དགོས།།
སྦྲ་ནག་ཁྱིམ་གཞིའི་བརྒྱུད་པའི་བན་བོན་གཉིས།།
དུས་རབས་ཉི་ཤུར་གཅིག་འགྲོགས་གཤེན་སངས་གཉིས།།
གངས་ཅན་བསིལ་ལྗོངས་ཁ་དབུགས་གཅིག་ལས་བྱུང་།།
འབྱུང་བཞིའི་ཕུང་པོའི་རིགས་བརྒྱུད་གཅིག་ལས་མཆེད།།
གངས་ལྗོངས་ཡབ་མེས་ཟུངས་ཁྲག་བསླད་མེད་གཉིས།།
བན་བོན་གཉིས་ཀྱིས་ཆོས་གཤིས་བདེའི་དོན་བརྗོད།།
གངས་དཀར་གདོང་དམར་རང་གཟུགས་སྙིང་རྗེ་ཡོད།།
ཡབ་མེས་སྦྲ་ནག་གཅིག་མཆེད་གཅེན་གཅུང་གཉིས།།
རྣམ་ཀུན་མཐུན་སྒྲིལ་མ་གཏོར་གངས་ཕྲུག་གཉིས།།
ས་འཛིན་དཀར་པོའི་དྲ་ཚིགས་ནས་བཤུས་ཡིན། ཁ་བའི་རྡུལ་བརྩེགས་ནས།
ཐོན་མིས་མཁས་པ་ལི་བྱིན་ལ་བསྟེན་ནས་ཡི་གེ འདི་ནང་གི ལི་བྱིན། ཞེས་པ་སྒྲ་མ་དག་སྟེ། ལི་པི། ཞེས་དགོས། ལི་པི། ཞེས་པ་ད་ལྟའི་ཧིནད་སྐད་དུ་ཡང་ཡེ་གེ་ལ་ཟེར། དེས་ན། ལི་པི་ཀཱ་ར་སྟེ་ཡི་གེ་བྱེད་པོ། ཐོན་མིས་ཡི་གེ་བྱེད་པོའི་མཁས་པ་དེ་ལ་ཡོན་ལ་གསེར་ལེགས་པར་ཕུལ་ཏེ། དེའི་དུས་ཀྱི་རྒྱ་གར་གྱི་ཡི་གེ་དེ་ལེགས་པར་སྦྱངས། ཁོང་བོད་ལ་སླེབས་པ་ན། རང་ཉིད་ཀྱིས་སྦྱངས་པའི་ཡེ་གེ་དེ་ཉིད་བཀོལ་ཏེ། བོད་ཀྱི་སྐད་དེ་ཡི་གེར་འབྲི་ཚུལ་བསླབས། དེའི་གོང་དུ་བོད་ལ་དབྱངས་དང་། གསལ་བྱེད་མེད་ཟེར་ན་མི་འཐད། དབྱངས་དང་གསལ་བྱེད་ཡོད་པའི་རྐྱེན་གྱིས་བོད་སྐད་ཡོད། འོན་ཀྱང་འདི་དག་དབྱངས་ཡིན། འདི་དག་གསལ་བྱེད་ཡིན་ཞེས་པའི་རྣམ་གཞག་སྒྲའི་བསྟན་བཅོས་མེད། ཐོན་མིས་འདི་དག་ཡིན་དབྱངས་ཡིན། འདི་དག་གསལ་བྱེད་ཡིན་པའི་སྒྲའི་བསྟན་བཅོས་བརྒྱད་མཛད་ཀྱང་། དུས་དབང་གིས་གཅིག་ཀྱང་མ་ལུས། ད་ལྟ་ཡོངས་གྲགས་ཆེ་བའི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་མཛད་ཅེས་ཐོན་མི་ལ་ཁ་འཕངས་ཀྱང་། དེ་དག་ཆོས་རྗེ་ས་པཎ་གྱི་རྗེས་སུ་བརྩམས་པ་ཡིན་ཅིང་། ཐོན་མིས་བརྩམས་པ་མ་ཡིན་པ། བོད་ཀྱི་ལོ་རྒྱུས་སྨྲ་བ་བོད་པ་དང་། བོད་པ་མ་ཡིན་པ་མཁས་པ་མང་པོས་བཀག་པ་དེ་དོན་ལ་འཐད་པ་དང་ལྡན་པར་མཐོང་ངོ་།།
མིག༌བརྒྱད༌པ༌ལགས༌ དང༌པོ༌་་ཐོན༌མིས༌ལེགས༌བཤད༌སུམ༌བཅུ༌པ༌ཞེས༌ལབ༌ཡོད༌ཀྱང༌མཇུག༌ཏུ༌མཛད༌པ༌ཕོ༌
དངུལ༌ཆུ༌ཡབས༌སྲས༌ཞེས༌བྲིས༌པ༌ལས༌ཐོན༌མི༌ཞེས༌བྲིས༌མེད༌། ཐོན༌མིའི༌སུམ༌བཅུ༌པ༌རྩོམ༌ཡོད༌ན༌མཛད༌པ༌
པོ༌དངུལ༌ཆུ༌ཡབས༌སྲ༌ཞེས༌པ༌གང༌ཡིན༌ནམ༌། གཉིས༌པ༌་་་བོད༌རྒྱལ༌པོས༌ཐིན༌མི༌གཞུང༌འབྲེལ༌ཐོག༌ཡི༌གེ༌
བསླབས༌ཏུ༌རྒྱ༌གར༌ལ༌བཏང༌ཡོད༌ན༌། རྒྱ༌བོད༌གཉིས༌ཀྱི༌གལ༌གནད༌ཆེ༌བའི༌མི༌སྣ༌དེ༌རྒྱ༌གར༌ལོ༌རྒྱུས༌ནང༌
མི༌མཁོད༌དོན༌གང༌ཡིན༌ནམ༌། གསུམ༌པ༌་་་་ཁྱིམ༌མཚེས༌རྒྱལ༌ཁབ༌བར༌པོ༌དང༌་་་་རྒྱ༌གར༌་་་རྒྱ༌ནག༌
འབར༌མ༌སོགས༌ཀྱི༌ལོ༌རྒྱུས༌ནང༌བཙན༌པོའི༌སྐབས༌ཀྱི༌བོད༌བློན༌མང༌དག༌ཞིག༌གི༌མིང༌མཁོད༌ཡོད༌ཀྱང༌
ཐོན༌མི༌གཅིག༌པུ༌མི༌མཁོད༌དོན༌གང༌ཡིན༌། བཞི༌པ༌་་་སྲོང༌བཙན༌དང༌ཁྲི༌རལ༌པ༌བར༌ཀྱི༌བཞེངས༌པའི༌
རྡོ༌རིང༌ངོས༌སུ༌བློན༌པོ༌རིམ༌པས༌མིང༌བཀོད༌ཡོད༌ཀྱང༌ཐོན༌མི༌གཅིག༌པུས༌མིང༌མེད༌པ༌གང༌ཡིན༌ནམ༌།
ད༌སྐབས༌བན༌དེ༌ཚོའི༌ཐོན༌མི༌ཟེར༌བ༌དེ༌མོ༌གཤམ༌ཀྱི༌བུ༌ལྟར༌ཡིན༌པ༌ཤེས༌བཞིན༌དུ༌སྔོན༌གྱི༌རྫུན༌བཟོ༌བྱས༌
པའི༌ལོ༌རྒྱུས༌རྣམས༌ནག༌གསུབ༌ཏུ༌འགྲོ༌བར༌དོག༌དེ༌རྒྱ༌གར༌ཆོས༌ལ༌ཞན༌ཆགས༌པ༌ནི༌ཁག༌མེད།
དངོས་གནས་རྒྱ་གར་ལོ་རྒྱུས་ནང་ཐོན་མིས་བོད་གསར་བཟོ་བྱས་ཚུལ་ཡོད་དམ། གལ་ཏེ་ཡོད་ན་དྲྭ་གྲོགས་རྣམ་པས་འདིར་འགོད་རོགས་ཞུས་ན་བཟང་གི་ཡ།
མིག༌བརྒྱད༌པ༌ལགས༌ དང༌པོ༌་་ཐོན༌མིས༌ལེགས༌བཤད༌སུམ༌བཅུ༌པ༌ཞེས༌ལབ༌ཡོད༌ཀྱང༌མཇུག༌ཏུ༌མཛད༌པ༌ཕོ༌
དངུལ༌ཆུ༌ཡབས༌སྲས༌ཞེས༌བྲིས༌པ༌ལས༌ཐོན༌མི༌ཞེས༌བྲིས༌མེད༌། ཐོན༌མིའི༌སུམ༌བཅུ༌པ༌རྩོམ༌ཡོད༌ན༌མཛད༌པ༌
པོ༌དངུལ༌ཆུ༌ཡབས༌སྲ༌ཞེས༌པ༌གང༌ཡིན༌ནམ༌། གཉིས༌པ༌་་་བོད༌རྒྱལ༌པོས༌ཐིན༌མི༌གཞུང༌འབྲེལ༌ཐོག༌ཡི༌གེ༌
བསླབས༌ཏུ༌རྒྱ༌གར༌ལ༌བཏང༌ཡོད༌ན༌། རྒྱ༌བོད༌གཉིས༌ཀྱི༌གལ༌གནད༌ཆེ༌བའི༌མི༌སྣ༌དེ༌རྒྱ༌གར༌ལོ༌རྒྱུས༌ནང༌
མི༌མཁོད༌དོན༌གང༌ཡིན༌ནམ༌། གསུམ༌པ༌་་་་ཁྱིམ༌མཚེས༌རྒྱལ༌ཁབ༌བར༌པོ༌དང༌་་་་རྒྱ༌གར༌་་་རྒྱ༌ནག༌
འབར༌མ༌སོགས༌ཀྱི༌ལོ༌རྒྱུས༌ནང༌བཙན༌པོའི༌སྐབས༌ཀྱི༌བོད༌བློན༌མང༌དག༌ཞིག༌གི༌མིང༌མཁོད༌ཡོད༌ཀྱང༌
ཐོན༌མི༌གཅིག༌པུ༌མི༌མཁོད༌དོན༌གང༌ཡིན༌། བཞི༌པ༌་་་སྲོང༌བཙན༌དང༌ཁྲི༌རལ༌པ༌བར༌ཀྱི༌བཞེངས༌པའི༌
རྡོ༌རིང༌ངོས༌སུ༌བློན༌པོ༌རིམ༌པས༌མིང༌བཀོད༌ཡོད༌ཀྱང༌ཐོན༌མི༌གཅིག༌པུས༌མིང༌མེད༌པ༌གང༌ཡིན༌ནམ༌།
ད༌སྐབས༌བན༌དེ༌ཚོའི༌ཐོན༌མི༌ཟེར༌བ༌དེ༌མོ༌གཤམ༌ཀྱི༌བུ༌ལྟར༌ཡིན༌པ༌ཤེས༌བཞིན༌དུ༌སྔོན༌གྱི༌རྫུན༌བཟོ༌བྱས༌
པའི༌ལོ༌རྒྱུས༌རྣམས༌ནག༌གསུབ༌ཏུ༌འགྲོ༌བར༌དོག༌དེ༌རྒྱ༌གར༌ཆོས༌ལ༌ཞེན༌ཆགས༌པ༌ནི༌ཁག༌མེད།
བན་བོན་ལ་སོགས་ཆོས་ལུགས་གང་ཡིན་རྣམས། རང་རང་ཕྱོགས་སུ་བཟུང་བ་ཆོས་ཉིད་ཡིན། རང་གི་རྐྱོན་མེད་དགེ་བར་གང་མཐོང་བ། དེ་ཡི་རྗེས་སུ་འབྲང་བ་མ་ཡིན་ནམ། རང་གི་ཚད་མར་བཟུང་བ་གང་ཡིན་དེ། འདི་དང་ཕྱི་མའི་སྐྱབས་སུ་འཛིན་པའི་ན། ཤི་ཡང་གཞན་དུ་གཏོང་བ་ཅང་སྲིད་དམ། དེས་ན་འདི་ལ་རྩོད་པ་དོན་མེད་ཡིན།
བཙན་པོའི་རྡོ་རིང་ངོས་སུ་ཐོན་མིའི་མཚན་དངོས་སུ་བཀོད་མེད་པས་ཐོན་མི་ཟེར་བ་ཞིག་བྱུང་མེད་ཚུལ་ཟེར་ན་རང་ཉིད་ནོར་བ་རེད། སྤྱིར་ན་ཐོན་མིའི་མཚན་ལ་མཁས་པས་བཞེད་པ་མང་པས་མཚན་ལ་འཁྲུལ་བ་དང་གཅིག །རྒྱལ་པོ་སྲོང་བཙན་གྱིས་འབངས་མི་ཕལ་བ་ཞིག་ལ་གུས་བཀུར་བླ་མེད་མཛད་པར་བརྟེན་ནས་བློན་པོ་དབང་འཛིན་པ་རྣམས་ཐོན་མི་ལ་མི་དགའ་བའི་ཕྲག་དོག་གིས་རྐྱེན་བྱས་ནས་རྡོ་རིང་ངོས་སུ་ཐོན་མིའི་མཚན་དངོས་འགོད་མ་ཐུབ་པ་རེད།
ཨུ་རྒྱན་རིག་འཛིན་ལགས་ཀྱིས་ཡིག་ནོར་ལ་གཟབ་རོགས། ཐོན༌མིས༌༼མིའི༽ལེགས༌བཤད༌སུམ༌བཅུ༌༼ཅུ༽པ༌ཞེས༌ལབ༌ཡོད༌ཀྱང༌མཇུག༌ཏུ༌མཛད༌པ༌ཕོ༌
དངུལ༌ཆུ༌ཡབས༌༼ཡབ༽སྲས༌ཞེས༌བྲིས༌པ༌ལས༌ཐོན༌མི༌ཞེས༌བྲིས༌མེད༌། ཐོན༌མིའི༌སུམ༌བཅུ༌པ༌རྩོམ༌༼བརྩམས༽ཡོད༌ན༌མཛད༌པ༌
པོ༌དངུལ༌ཆུ༌ཡབས༌སྲ༌༼ཡབ་སྲས༽ཞེས༌པ༌གང༌ཡིན༌ནམ༌། གཉིས༌པ༌་་་བོད༌རྒྱལ༌པོས༌ཐིན༌མི༌གཞུང༌འབྲེལ༌ཐོག༌ཡི༌གེ༌
བསླབས༌ཏུ༌རྒྱ༌གར༌ལ༌བཏང༌ཡོད༌ན༌། རྒྱ༌བོད༌གཉིས༌ཀྱི༌གལ༌གནད༌ཆེ༌བའི༌མི༌སྣ༌དེ༌རྒྱ༌གར༌ལོ༌རྒྱུས༌ནང༌
མི༌མཁོད༌དོན༌གང༌ཡིན༌ནམ༌། གསུམ༌པ༌་་་་ཁྱིམ༌མཚེས༌རྒྱལ༌ཁབ༌བར༌༼བལ༽པོ༌དང༌་་་་རྒྱ༌གར༌་་་རྒྱ༌ནག༌
འབར༌མ༌སོགས༌ཀྱི༌ལོ༌རྒྱུས༌ནང༌བཙན༌པོའི༌སྐབས༌ཀྱི༌བོད༌བློན༌མང༌དག༌ཞིག༌གི༌མིང༌མཁོད༌༼འཁོད༽ཡོད༌ཀྱང༌
ཐོན༌མི༌གཅིག༌པུ༌མི༌མཁོད༌༼འཁོད༽དོན༌གང༌ཡིན༌། བཞི༌པ༌་་་སྲོང༌བཙན༌དང༌ཁྲི༌རལ༌པ༌བར༌ཀྱི༌བཞེངས༌པའི༌
རྡོ༌རིང༌ངོས༌སུ༌བློན༌པོ༌རིམ༌པས༌མིང༌བཀོད༌ཡོད༌ཀྱང༌ཐོན༌མི༌གཅིག༌པུས༌མིང༌མེད༌པ༌གང༌ཡིན༌ནམ༌། ཟེར།
འདིའི་ལན་ནི་སྡིག་བློན་རྣམས་ཀྱིས་བྱས་ཉེས་རེད།
ད༌སྐབས༌བན༌དེ༌ཚོའི༌ཐོན༌མི༌ཟེར༌བ༌དེ༌མོ༌གཤམ༌ཀྱི༌བུ༌ལྟར༌ཡིན༌པ༌ཤེས༌བཞིན༌དུ༌སྔོན༌གྱི༌རྫུན༌བཟོ༌བྱས༌
པའི༌ལོ༌རྒྱུས༌རྣམས༌ནག༌གསུབ༌ཏུ༌འགྲོ༌བར༌དོག༌དེ༌རྒྱ༌གར༌ཆོས༌ལ༌ཞེན༌ཆགས༌པ༌ནི༌ཁག༌མེད།
ཨུ་རྒྱན་རིག་འཛིན་ལགས། ཁྱེད་རྣམ་པས་བན་དེའི་ཕྱོགས་ཀྱི་ལོ་རྒྱུས་ཚང་མ་རྫུན་ཡིན་པའི་ཁུངས་སྐྱེལ་གང་ལ་བྱེད། རང་ཉིད་མ་གཏོགས་མཁས་པ་མེད་ཟེར་རམ། ཐོན་མི་ཟེར་བ་མོ་གཤམ་བུ་ལྟར་མེད་ཟེར་མཁན་བན་དེ་སུ་རེད། ལོབས་དང་། གླང་དར་གྱི་གཟི་འོད་འཕྲོ་བར་ངེས།
སུམ་ཅུ། བཞི་བཅུ། ལྔ་བཅུ། ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུ། རྗེས་འཇུག་ཡོད་པའི་མཐར་༼ཅུ༽དང་མེད་པའི་མཐར་༼བཅུ༽ཞེས་འབྲི་སྲོལ་ཡོད་པ་ཧ་གོ་མཁན་སུ་ཡོད། གསུངས་རོགས།
བོད་ནང་སྲོང་བཙན་དུས་སུ་སུམ་རྟགས་མེད་ཀྱང་། སྲོང་བཙན་གོང་ལ་ཡོད་ཟེར་ཡ་དུས་ཚོད་ལ་སླེབས་གྲབས་འདུག
སུམ་བཅུ།
བཞི་བཅུ།
ལྔ་བཅུ།
། དྲུག་བཅུ།
བདུན་བཅུ།
བརྒྱད་བཅུ།
དགུ་བཅུ།
འབྲི་སྲོལ་ཡོད་པ་ལ་ཕྱིས་སུ།
སུམ་ཅུ།
བཞི་བཅུ།
ལྔ་བཅུ། །
དྲུག་ཅུ།
བདུན་ཅུ།
བརྒྱད་ཅུ།
དགུ་བཅུ།
ཞེས་རྗེས་འཇུག་ཡོད་ཚད་ལ་བ་སྔོན་འཇུག་མེད་པར་སྲོལ་གཏོད།
དགེ་ཆོས་ཀྱིས་དྲངས་པའི་གུཔྟའི་ཡིག་གཟུགས་དེ་ཏུན་ཧོང་ཡིག་གཟུགས་ལས་བརྒྱ་སྐོར་གྱིས་བཟང་འདུག དེའི་དོན་གང་ཡིན་ནམ།?
འདི་ན་ཡང་། གླེན་རྟགས་ཤིག་བསླངས་འདུག ཁྱེད་ཚོས། བསམ་རེ་ཐོོངས་དང་། ཡུ་བུ་ཅག་འདི་ལྟར་རྗེས་ལུས་མི་རིགས་ཀྱི་གྲས་སུ་ཚུད་པའི་རྐྱེན་གང་ཞིག་རེད་དམ། གཞན་ཞིག་མ་ཡིན་ཏེ། ང་ཚོས་འདི་ལྟར། རྣམ་རིག་བསྒྲིམ་ས་དང་། བློ་སྤོབས་གཏད་ས་གོལ་གྱིན་ཡོད་པས་རེད། དངོས་གནས། ངེད་ཅག་ལ། ས་སྒང་འདིར་ཡར་ཐོན་གྱི་གནས་བབས་ཤིག་དང་། མི་རིགས་ཀྱི་ཐོབ་ཐང་ཞིག་མཁོ་ཡི་འདུག་ན། ད་ནི། ངེས་པར་དུ། རྣམ་རིག་སྐྱེན་པོ་བྱེད་དགོས། དཔུང་ཤུགས་གཅིག་ཏུ་སྒྲིལ་དགོས། ཉེར་མཁོའི་ཤེས་གསར་སྦྱང་དགོས། ཁ་བརྡའི་དྲ་རྒྱའི་ནང་གི་ཁྱེད་ཚོའི་གླེང་གཞི་འདི་དག་གི་ཚུལ་ལ་ལེགས་པར་བལྟས་ན། འཇིག་རྟེན་གཏམ་དཔེར། ཆང་ལ་ཁག་དཀྲིས་ནས་གླུ་བླངས།ཞེས་པ་ལྟར། བགྲོ་གླེང་གི་རྣམ་པས་སྐབས་ཕྱེ་ཞིང་། དོན་དུ་བན་དྷེ་དང་བོན་པོའི་བར་གྱི་ན་ཟུག་རྙིང་པ་དེ་སློང་གིན་འདུག སྤྱིར། ཆོས་ལུགས་ཆོལ་ཁའི་ཐད་ཀྱི་ནད་རྙིང་འདིས། འུ་ཅག་འདམ་རྫབ་ཏུ་བརྡབས་པ་ཉུང་ཉུང་མིན། ༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་མཚོན་ན། ནད་རྙིང་འདི་རིགས་ཀྱི་སྐོར་ལ། འཛམ་གླིང་ནང་སྨན་པ་ཆེ་ཤོས་དེ་ཡིན་པས། ཁོང་ནས་ད་བར་ནད་རྙིང་འདི་རྩ་མེད་བཟོ་ཆེད། རང་ཅག་ལ་གཏར་བསྲེག་སྦྱང་ལུམ་གྱི་ལག་ལེན་གང་མང་ཞིག་གནང་རུང་། ད་དུང་ཡང་སངས་དྲག་ཏུ་འགྲོ་ཐུབ་མེད་པ་འདི་རེད། སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་ཀྱང་འདྲ། མེད་ཀྱང་རུང་། རང་རེ་ཁ་བའི་ལྗོངས་སུ་བོད་ཡིག་འཚར་ལོངས་བྱུང་བ་ནས་ད་བར་བོད་ཡིག་གིས་བོད་མི་རིགས་ལ། ཁེ་ཕན་ལས་གྱོང་ཡེ་ནས་སྟེར་མྱོང་མེད་པ་བཤད་ཅི་དགོས། ཁྱེད་ཚོར། དངོས་གནས། མི་རིགས་ཀྱི་ལ་རྒྱ་དང་། ཤ་ཞེན་མཆིས་ན། ང་ཚོའི་དམིགས་འཆར་རྩལ་སྤྲུག་ཏུ་འགྱུར་བའི་རྐྱེན་འདི་རིགས་ཅིའི་པྱིར་ལག་ལེན་བྱེད་ཀྱི་ཡོད་དམ། འདི་རིགས་ཆམ་གྱིས་སྐྱུར་ཐོངས། མདོ་རྩ་བཤད་ན། ལར། ལྷོ་གླིང་འདིར། སྨྲ་བརྗོད་རང་དབང་གི་སྒོ་འཕར་ཕྱེ་ཟིན་ཡོད་པ་བདེན་མོད། དེ་ཡང་། རང་དགར་སྤྲད་པའི་ཐོབ་ཐང་ཞིག་ག་ལ་ཡིན། སུ་ཞིག་བགྲོ་གླེང་གི་གྲས་སུ་འཚངས་ཚར་ཕྱིན། སྨྲ་བར་བྱ་རྒྱུའི་གཏམ་གྱི་ལེགས་ཉེས་རྒྱུ་མཚན་བཅས་ལ། བརྟག་དཔྱད་ཕུར་ཆོད་ཀྱི་སྒོ་ནས་འཇུག་པ་གལ་ཆེ། དེ་དོན་རང་མཉམ་གཞོན་སྐྱེས་ཡོངས་ཀྱི་དགོངས་འཇགས་འཚལ་ཞུའོ
འདི་ན་ཡང་། གླེན་རྟགས་ཤིག་བསླངས་འདུག ཁྱེད་ཚོས། བསམ་རེ་ཐོོངས་དང་། ཡུ་བུ་ཅག་འདི་ལྟར་རྗེས་ལུས་མི་རིགས་ཀྱི་གྲས་སུ་ཚུད་པའི་རྐྱེན་གང་ཞིག་རེད་དམ། གཞན་ཞིག་མ་ཡིན་ཏེ། ང་ཚོས་འདི་ལྟར། རྣམ་རིག་བསྒྲིམ་ས་དང་། བློ་སྤོབས་གཏད་ས་གོལ་གྱིན་ཡོད་པས་རེད། དངོས་གནས། ངེད་ཅག་ལ། ས་སྒང་འདིར་ཡར་ཐོན་གྱི་གནས་བབས་ཤིག་དང་། མི་རིགས་ཀྱི་ཐོབ་ཐང་ཞིག་མཁོ་ཡི་འདུག་ན། ད་ནི། ངེས་པར་དུ། རྣམ་རིག་སྐྱེན་པོ་བྱེད་དགོས། དཔུང་ཤུགས་གཅིག་ཏུ་སྒྲིལ་དགོས། ཉེར་མཁོའི་ཤེས་གསར་སྦྱང་དགོས། ཁ་བརྡའི་དྲ་རྒྱའི་ནང་གི་ཁྱེད་ཚོའི་གླེང་གཞི་འདི་དག་གི་ཚུལ་ལ་ལེགས་པར་བལྟས་ན། འཇིག་རྟེན་གཏམ་དཔེར། ཆང་ལ་ཁག་དཀྲིས་ནས་གླུ་བླངས།ཞེས་པ་ལྟར། བགྲོ་གླེང་གི་རྣམ་པས་སྐབས་ཕྱེ་ཞིང་། དོན་དུ་བན་དྷེ་དང་བོན་པོའི་བར་གྱི་ན་ཟུག་རྙིང་པ་དེ་སློང་གིན་འདུག སྤྱིར། ཆོས་ལུགས་ཆོལ་ཁའི་ཐད་ཀྱི་ནད་རྙིང་འདིས། འུ་ཅག་འདམ་རྫབ་ཏུ་བརྡབས་པ་ཉུང་ཉུང་མིན། ༧གོང་ས་བཅུ་བཞི་པ་ཆེན་པོ་མཆོག་ལ་མཚོན་ན། ནད་རྙིང་འདི་རིགས་ཀྱི་སྐོར་ལ། འཛམ་གླིང་ནང་སྨན་པ་ཆེ་ཤོས་དེ་ཡིན་པས། ཁོང་ནས་ད་བར་ནད་རྙིང་འདི་རྩ་མེད་བཟོ་ཆེད། རང་ཅག་ལ་གཏར་བསྲེག་སྦྱང་ལུམ་གྱི་ལག་ལེན་གང་མང་ཞིག་གནང་རུང་། ད་དུང་ཡང་སངས་དྲག་ཏུ་འགྲོ་ཐུབ་མེད་པ་འདི་རེད། སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་ཀྱང་འདྲ། མེད་ཀྱང་རུང་། རང་རེ་ཁ་བའི་ལྗོངས་སུ་བོད་ཡིག་འཚར་ལོངས་བྱུང་བ་ནས་ད་བར་བོད་ཡིག་གིས་བོད་མི་རིགས་ལ། ཁེ་ཕན་ལས་གྱོང་ཡེ་ནས་སྟེར་མྱོང་མེད་པ་བཤད་ཅི་དགོས། ཁྱེད་ཚོར། དངོས་གནས། མི་རིགས་ཀྱི་ལ་རྒྱ་དང་། ཤ་ཞེན་མཆིས་ན། ང་ཚོའི་དམིགས་འཆར་རྩལ་སྤྲུག་ཏུ་འགྱུར་བའི་རྐྱེན་འདི་རིགས་ཅིའི་པྱིར་ལག་ལེན་བྱེད་ཀྱི་ཡོད་དམ། འདི་རིགས་ཆམ་གྱིས་སྐྱུར་ཐོངས། མདོ་རྩ་བཤད་ན། ལར། ལྷོ་གླིང་འདིར། སྨྲ་བརྗོད་རང་དབང་གི་སྒོ་འཕར་ཕྱེ་ཟིན་ཡོད་པ་བདེན་མོད། དེ་ཡང་། རང་དགར་སྤྲད་པའི་ཐོབ་ཐང་ཞིག་ག་ལ་ཡིན། སུ་ཞིག་བགྲོ་གླེང་གི་གྲས་སུ་འཚངས་ཚར་ཕྱིན། སྨྲ་བར་བྱ་རྒྱུའི་གཏམ་གྱི་ལེགས་ཉེས་རྒྱུ་མཚན་བཅས་ལ། བརྟག་དཔྱད་ཕུར་ཆོད་ཀྱི་སྒོ་ནས་འཇུག་པ་གལ་ཆེ། དེ་དོན་རང་མཉམ་གཞོན་སྐྱེས་ཡོངས་ཀྱི་དགོངས་འཇགས་འཚལ་ཞུའོ།།
ཧཧཧཧ། ཨོ་རྒྱན་ཉི་མ་ཟེར་བ་དང་། ཀརྨ་ཡེ་ཤེས་ཟེར་བ་འདི་གཉིས་ངོ་མ་ཇབ་ཆུང་ཀླད་མེད་ཕྱོགས་རིས་ཀྱི་མིག་ལོང་བའི་ལོང་ནག་ཅིག་རེད་འདུག ལོང་བ་འདི་གཉིས་ཀྱིས་བོད་ཡིག་དང་ཞང་ཡིག་སོགས་ཀྱི་གཏམ་གོ་མ་ཐག་བན་བོན་གྱི་ནད་རོ་དེ་སློང་ཡོང་གི་འདུག སྲོང་བཙན་ཡར་སྔོན་དུ་བོད་ཡིག་ཡོད་མེད་དཔྱད་དུས་བན་བོན་གྱི་དམག་འཁྲུག་སློང་དོན་གང་ཡིན་ནམ། ཡོད་ན་བན་དེས་ཤོར་བ་དང་། མེད་ན་བོན་པོས་ཤོར་རྒྱུ་གང་ཡང་ཡོད་མ་རེད། བོད་ཡིག་ནི་ང་ཚོ་ཚང་མའི་སྤྱི་རྒྱུ་རེད།
ཕྱོགས་རིས་ཀྱིས་མིག་ལོང་ཞེས་བཅོས་རོགས།
བོད་ཡིག་སྲོང་བཙན་ཡར་སྔོན་ཡོད་པའི་རྒྱུ་མཚན་ནི་སྲོང་བཙན་ཡར་སྔོན་བོད་ལ་རིག་གནས་དར་རྒྱས་ཆེན་པོ་ཡོད་པའི་ཕྱིར་ཟེར། དེ་ལ་འདི་སྐད་དྲི་བར་བྱ་སྟེ། སྲོང་བཙན་ཡར་སྔོན་བོད་ལ་རིག་གནས་དར་རྒྱས་ཆེན་པོ་ཡོད་ན་ཐུ་མི་རྒྱ་གར་དུ་གཏང་དགོས་དོན་གང་ཡིན། ཐུ་མི་རྒྱ་གར་དུ་བཏང་བ་མི་བདེན་ཞིང་སུམ་རྟགས་བརྩམས་པ་ཡང་མི་བདེན་ན། སུམ་རྟགས་སུས་བརྩམས། སུམ་རྟགས་ཕྱིས་སུ་དངུལ་ཆུ་ཡབ་སྲས་སོགས་ཀྱིས་བརྩམས་པར་འདོད་ན་དེའི་སྔོན་སྒྲའི་བསྟན་བཅོས་ཏེ་ཡི་གེ་སྦྱོར་བ་བསྟན་པའི་གཞུང་ཡོད་དམ་མེད། ཡོད་ན་དེའི་མཚན་ལ་ཅི་ཞིག་ཟེར་དང་དེ་ཇི་འདྲ་ཞིག་ཡོད། མེད་ན་རིག་གནས་ཕུན་སུམ་ཚོགས་པ་ཡོད་པར་འདོད་པའི་དམ་བཅའ་འབུད། མ་ཟད་སྲོང་བཙན་ཡར་སྔོན་གྱི་མཁས་པ་དག་གིས་བརྩམས་པའི་བསྟན་བཅོས་ཅི་ཞིག་ཡོད། རྡོ་རིང་དང་ཏུན་ཧོང་གི་ཡིག་རྙིང་ལ་ཐུ་མིའི་མཚན་མ་བྱུང་བས་ཐུ་མི་མོ་གཤམ་གྱི་བུ་ཡིན་པར་འགྱུར་ན། དེ་དག་རྣམས་སུ་མི་སྣ་ཡིན་ནམ་ཆོ་ལུགས་ཡིན་ཆ་མ་འཚལ་བའི་བོན་ཟེར་བའི་ཐ་སྙད་ཙམ་ལས་བོན་གྱི་མཁས་པ་དག་གི་མཚན་དང་བོན་གྱི་བཀའ་བརྟེན་གྱི་མཚན་ཡང་མ་བྱུང་བས་དེ་དུས་བོན་ཡང་མོ་གཤམ་གྱི་བུར་འགྱུར་རམ། མ་ཟད་སྲོང་བཙན་ཡར་སྔོན་བོན་ཡོད་པའི་སྒྲུབ་བྱེད་ཀྱང་བན་དེའི་ཆོས་འབྱུང་ཁག་ལས་གཞན་མི་སྣང་ན། བོན་གྱི་སྐོར་བཤད་པ་དེ་ལ་བདེན་པར་འཛིན་ཞིང་། བན་དེའི་སྐོར་བཤད་པ་དེ་ལ་རྫུན་པར་བརྩི་དགོས་དོན་གང་ཡིན།
ཡང་བོད་ཡིག་སྲོང་བཙན་ཡར་སྔོན་ཡོད་ཅིང་། དེ་ཞང་ཡིག་ནས་བྱུང་བ་རེད་ཟེར། ཞང་ཡིག་ནས་རང་བཞིན་གྱིས་འགྱུར་བ་ཕྱིན་པ་རེད་དམ། ཞང་ཡིག་ལ་བལྟས་ནས་གཞན་ཞིག་གིས་གསར་དུ་བཟོས་པ་རེད། གསར་དུ་བཟོས་པ་ཡིན་ན་སུས་བཟོས་པ་དང་འགྱུར་བ་ཕྱིན་པ་ཞེ་ན་དེ་ལྟར་ཡིན་པའི་རྒྱུ་མཚན་གང་ལས་ཤེས། བོན་གྱི་བསྟན་བྱུང་དག་ལས་དེ་ལྟར་བྱུང་བའི་ཕྱིར་ཞེ་ན་ནི་བན་དེ་བས་ཁས་མི་ལེན་ཏེ། བན་དེའི་བསྟན་བྱུང་ལས་བྱུང་བ་བོན་གྱིས་ཁས་མི་ལེན་པ་དང་མཚུངས་སོ། །ཞང་ཡིག་དང་བོད་ཡིག་གཉིས་འདྲ་བའི་ཕྱིར་ཞེ་ན་འདྲ་བ་ཙམ་ལ་བརྟེན་ནས་སུ་ཞིག་ཕ་དང་སུ་ཞིག་བུ་ཡིན་པ་ཇི་ལྟར་ཤེས་ཏེ། མི་ཞིག་ཡིན་ན་ལོ་ན་ཚོད་རྒན་གཞོན་ལ་བརྟེན་ནས་དཔག་ནུས་ཀྱང་། ཡི་གེ་ལ་དེ་ལྟའི་ཁྱད་ཆོས་དང་མི་ལྡན་པའི་ཕྱིར། ཡི་གེ་འབྲི་ཚེ་ཚེགས་ཆེ་ཆུང་གི་ཁྱད་པར་ལ་བརྟེན་ནས་རྒན་གཞོན་རྟོགས་ནུས་ཞེ་ན་ཚེགས་ཆེ་ཆུང་ནི་སོ་སོའི་གོམས་ཆ་ལ་རགས་ལས་པས་མ་ངེས་སོ། །ད་དུང་བོད་ཡིག་དང་འདྲ་བ་མཁའ་འགྲོ་བརྡ་ཡིག་ཟེར་བ་ཞིག་ཀྱང་ཡོད་ཅིང་། དེ་དག་སྔར་མཁན་སློབ་ཆོས་གསུམ་གྱི་དུས་སུ་ས་འོག་སོགས་སུ་གཏེར་དུ་སྦས་པ་ལས་དུས་ཕྱིས་གཏེར་སྟོན་པ་རྣམས་ཀྱིས་གཏེར་ནས་བཏོན་པར་བདེན་ན་དེ་ཡང་། བོད་ཡིག་གི་ཕའམ་མ་ཡིན་པར་འགྱུར་བར་དོགས་སོ། །
ཧཧཧཧཧཧཧཧ་་་ད༌ཁ༌ཤས༌ཀྱི༌སྐད༌ཤོར༌འདུག༌་་་ཐོན༌མིའི༌མིང༌མི༌བཀོད༌མཁན༌བློན༌པོ༌སྡིག༌ཉེས༌ཅན༌ཡིན༌
བན༌བོན༌སུས༌ལོ༌རྒྱུས༌ནང༌བཤད༌འདུག༌། ཁྱེད༌ངར༌ཚོ༌ལོ༌རྒྱུས༌སྨྲ༌བ༌ཕྱོགས༌ཞན༌ཅན༌ཁ༌ཤས༌ཀྱི༌དེ༌འདྲ༌བ༌
ཅང༌ཅང༌བཤད༌ནས༌མི༌ཚེ༌བསྐྱལ༌བ༌རེད༌། ད༌རང༌མདོག༌ངོ༌མ༌དེ༌མངོན༌ཡོང༌གི༌འདུག༌བ༌། ཕྱིན༌སུ༌དེ༌
འདྲ༌མ༌བྱེད༌ལོ༌།
བན་བོན་གཉིས་ལ་སྤྱིར་རྩོད་གཞི་ཡོང་དགོས་པའི་རྒྱུ་མཚན་མེད། གཡུང་དྲུང་བོན་གྱི་གསུང་རབ་ཏུ་སྟོན་པ་ཤཱཀྱ་ཐུབ་པ་སྟོན་པ་གཤེན་རབ་ཀྱི་སྤྲུལ་སྐུ་ཡིན་པར་གསུངས་ཡོད་ལ། བན་དེའི་ཀ་ཁོལ་སོགས་སུ་སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཡིན་པར་གསུངས་ཡོད། གཉིས་པ་ཤཱཀྱའི་རྗེས་འཇུག་པ་ཞིག་ལ་མཚོན་ན་བོད་དུ་ཐུབ་བསྟན་དར་བའི་སྔ་ལྟས་སུ་གཡུང་དྲུང་བོན་བྱུང་བར་གསུངས་པ་དང་། བན་བོན་གཉིས་ལ་ཐ་སྙད་ཀྱི་ཁྱད་པར་ཕྲན་བུ་ཙམ་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མཐའ་དག་ཆུ་ལ་ཆུ་བཞག་བཞིན་དུ་གྱུར་ཟིན་པས། ལྟ་གྲུབ་ཀྱི་ཆ་ནས་རྩོད་རྒྱུ་གང་ཡང་མེད་དོ། །དེས་ན་ཕ་མེས་གཅིག་པའི་གཅེན་གཅུང་དང་། ཤ་ཁྲག་གཅིག་པའི་སྤུན་ཟླ་ཡིན་པ་མ་བརྗེད་པར་གྱིས་ལ། བན་བོན་གྱི་་རིག་གཞུང་གང་ཡིན་ཡང་ང་ཚོའི་ཕ་མེས་གོང་མ་རྣམས་ཀྱིས་ང་ཚོར་བཞག་པའི་ཕ་ནོར་ཡིན་པ་ཤེས་པར་བྱས་ནས་སོ་སོའི་ས་ནས་
མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་འུ་བུ་ཅག་གི་ཕྲག་པར་བབས་པའི་བཟློག་ཏུ་མེད་པའི་འགན་འཁྲི་ཞིག་རེད།
ཨུ་རྒྱན་རིག་འཛིན་ལགས། གཡུང་དྲུང་བོན་ནི་བན་དེའི་གཅེན་པོར་རྩི་བཞིན་ཡོད་པས། ང་ཚོས་ཁྱེད་ཚོར་གུས་ཞབས་དང་ཞེ་ས་ལོས་ཞུ། འོན་ཀྱང་ཁྱེད་རྣམ་པས་བཀའ་འདྲི་གནང་བའི་ལན་ཅུང་ཟད་ཅིག་ཞུས་ན།
ཐོན་མིའི་མཚན་ལྷ་སའི་རྡོ་རིང་དུ་མེད་པས་སྤྱིར་རྡོ་རིང་དུ་མ་བཀོད་པར་སྒྲུུབ་པ་དང་། ང་ཚོས་མཐོང་བའི་
ཏུང་ཧོང་ཡིག་རྙིང་དུམ་་མཐོང་བས་སྤྱིར་ཏུང་ཧོང་ཡིག་རྙིང་དུ་མེད་པར་སྒྲུབ་པ་དང་། ང་ཚོས་མ་མཐོང་ན་མེད་པས་ཁྱབ་པར་སྒྲུབ་པ་འདི་ལ་ལྷག་ལྡན་གཏན་ཚིགས་ཟེར་བ་རེད། ཕྲན་གྱིས་མཐོང་བའི་ཏུང་ཧོང་ཡིག་
རྙིང་ལྟ་སྐབས་ཐོན་མིའི་མཚན་ཐོན་མི་ཐོན་ལ་དོ་སྣང་མ་སྤྲད་པས་ཡོད་མེད་མི་དྲན་མོད། ཕྲན་གྱི་གོ་ཐོས་ལྟར་ན་ཏུང་ཧོང་ཡིག་རྙིང་ལ་ཡང་ཁ་འཐོར་གྱི་རིགས་མང་བོ་ཡོད་པར་སྣང་བས། གཅིག་ན་མེད་པས་གཞན་ནས་མེད་པར་ཐག་ཇི་ལྟར་གཅོད་ནུས་སོ་སྙམ་ལགས།
ཁྱེད་རྣམས་ཀྱིས་དུས་ཚོད་འཕྲོ་བརླགས་དེ་འདྲ་གཏོང་བ་ཡ་མཚན་ཆེ།
ངས་བལྟས་ན་ཁྱེད་ཚོས་ཕལ་ཆེར་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་དང་ལྷག་པར་དུ་ཐོན་མི་སམ་བྷོ་ཌས་བོད་ཡིག་གི་བྱེད་པོ་ཡིན་མིན་སོགས་ཀྱི་ཐད་ལ་བགྲོ་གླེང་མོ་པོར་གནང་སོང་བས་ཐུགས་རྗེ་ཆེ།
ད་ངས་བསམ་ན། ཐོན་མིའི་སྔོན་ལ་བོད་དུ་གཟུགས་རིས་ཀྱི་ཡི་གེ་ཞིག་ཡོད་རྒྱུ་བྱས། ཕྱིས་སུ་ཐོན་མིས་སྔ་ཡོད་བོད་ཀྱི་གཟུགས་མཚོན་ཡི་གེ་འདིའི་སྟེང་དུ་རྒྱ་གར་ནས་ལེགས་ཆ་བླངས་ཏེ། ཐོན་མི་ནི་བོད་ཀྱི་ཡི་གེའི་སྲོལ་བཏོད་པ་པོ་མ་ཡིན་པ། ཁོང་ནི་བོད་ཡིག་གསར་བཅོས་བྱེད་མཁན་ཡིན་རྒྱུ་བྱེད་ན་གང་འདྲ་འདུག འདི་ནི་བོན་དང་བོད་གཉིས་བར་གྱི་ལམ་དབུ་མ་དེ་ཡིན་ཟེར་ན།
གངས་སེང་ཟེར་བ་ཁོ་བོན་ཞེན་དང་ང་རྒྱལ་ཆེ་དྲག་པ་མ་གཏོགས། གནས་དོན་འདི་ངེས་པར་དུ་དཔྱད་པ་བཏང་དགོས་པ་ཞིག་རེད་འདུག འོན་ཀྱང་དེ་འདྲ་བྱས་ན་ང་རྒྱལ་དང་བན་ཞེན་ཆེན་པོས་དེ་ཚོས་བཟོད་དཀའ་མོ་རེད།
ངོ༌མ༌འདྲེ༌ནག༌མགོ༌དགུ༌དང༌་་་མི༌ཉག༌་་་་ཤེས༌དགའ༌སོགས༌ནས༌གསུང༌པ༌བདེན༌། ང༌ལ༌བན༌བོན༌ཁྱད༌
དེ༌འདྲ༌མི༌ཆེ༌་་་འོངས༌ཀྱང༌ཨུ༌རྒྱན༌ཉི༌མ༌ཟེར༌བ༌མི༌ངན༌ཁག༌གཅིག༌གི༌བོད༌ལ༌ཡི༌གེ༌ཡོད༌མེད༌སྐོར༌གླེང༌བ༌
དང༌ལྷན༌དུ༌བན༌བོན༌གི༌འཐེན༌འཁྱེར༌དྲུད༌ཡོང༌གི༌འདུག༌། བོད༌ལ༌ཡི༌གེ༌ཡོད༌མེད༌དེ༌བན༌བོན༌གྱི༌རྩོད༌གཞི༌
ཞིག༌མ༌ཡིན༌། བོད༌ལ༌རིག༌གནས༌ཀྱི༌ཕུགས༌རྒྱུན༌རིང༌ཐུང༌གི༌བགྲོ༌གླེང༌ཞིག༌རེད༌མ༌གཏོགས༌། སྲོང༌བཙན༌སྔོན༌
དུ༌བོད༌ཡིག༌ཡོད༌ན༌བོན༌པོ༌ལ༌ཕན༌འགྲོ༌ཡ༌དང༌མེད༌ན༌བན༌དེ༌ལ༌གནོད༌འགྲོ༌ཡ༌གང༌ཡོད༌། དམིགས༌སུ༌བཀར༌
ནས༌ཁུངས༌ལུང༌མེད༌པའི༌འཁྱོག༌གཏམ༌བཤད༌ནས༌བན༌བོན༌གྱི༌རྩོད༌གཞི༌སློང༌མཁན༌དག༌ལ༌ངས༌ལེན༌ཞིག༌ མ༌སྤྲད༌ན༌ཐབས༌མེད༌བྱུང། འདྲེ༌ནག༌མགོ༌དགུ༌ནས༌ཁ༌ཏ༌གནང༌བ༌ཐུགས༌རྗེ༌ཆེ༌།།
ང་ལ་བོན་ཞེན་ཡོད་མེད་ལ་མ་ལྟོས་པའི་ངས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པ་ལུང་རིགས་གཉིས་ཐོག་ནས་གྲུབ་པར་བཤད་པ་དང་། དེ་ཡང་སྒྲ་སྦྱོར་གྱི་ཡི་གེ་དང་། དེ་ཡང་དབྱངས་གསལ་ལྡན་པ། དེའི་མཚོན་བྱེད་ཡི་གེའི་གཟུགས་རིས་བཅས་ཆ་ཚང་མ་ཞིག་ཡོད་པར་འདོད། དེ་མིན་ཆོས་འདོན་ཐུབ་ཙམ་ལས་སྲིད་ཕྱོགས་ལ་བེད་སྤྱོད་མེད་པ་དེ་འདྲ་གཏན་ནས་མིན་པ་མ་ཟད། ཐག་པ་ལ་མདུད་རྟགས་རྒྱག་ཡག་དང་བྱ་གཅན་གྱི་གཟུགས་རིས་བྲིས་ཡག་དེ་བས་ཀྱང་མིན་ཞེས་བཤད་ཡོད། དེ་ལ་ཁྱེད་རྣམ་པས་ལུང་རིགས་ཀྱི་བརྒལ་བརྟག་གནང་མཁན་ཡོད་ན་འགའ་བསུ་ཞུ་བཞིན་ཡོད་དོ།
མཁྱེན་སྤྱན་ཡངས་པའི་དྲ་གྲོགས་ཚང་མར་ཞུ་རྒྱུར། ཐོན་མི་སམ་བྷོ་ཊ་ཞུ་བ་ཞིག་ཕེབས་མ་ཕེབས་དང་ཁོང་གིས་སུམ་རྟགས་སོགས་བརྩམས་མ་བརྩམས་སོགས་ད་དུང་བདེན་དཔང་མཐིལ་ཕྱིན་པ་ཞིག་རྙེད་མེད་ལ། དེར་
མཁས་དབང་དང་ཞིབ་འཇུག་པ་ཚོས་ཞིབ་འཇུག་དང་ཚོལ་ཞིབ་གནང་བཞིན་རེད། སྲོང་བཙན་ཡར་སྔོན་ལ་
བོད་ཡིག་འདི་ཉིད་ཡོད་མེད་གང་ལྟར་ཡང་ཞང་ཞུང་རྒྱལ་ཁབ་དེ་བོད་དབུས་གཙང་ལས་ཤེས་རིག་དར་རྒྱས་
ཆེ་བ་ཡོད་པར་ཁས་བླང་ཆོག་ཅིང་། དེར་ཡི་གེ་ཞིག་ཀྱང་ཡོད་ཆོག་པ་རེད། ལོ་རྒྱུས་མང་བོའི་ནང་གྲུ་གུ་ལ་ཡང་ཡི་གེ་ཡོད་པར་བཤད་འདུག ཀླུའི་སྤང་སྐོང་ཞེས་པའི་དབུར་ཞང་ཞུང་སྐད་དང་། སུམ་པའི་སྐད། བོད་
སྐད་གསུམ་ཤན་སྦྱར་བ་ཞིག་འདུག འོན་ཀྱང་འདི་སྐོར་ལ་གཡུང་དྲུང་བོན་གཙོས་པའི་རང་རིགས་གཞོན་ནུ་
རྣམ་དཔྱོད་ཅན་ཚོས་ཐག་གཅོད་མ་སྔ་བར་ད་དུང་ཞིབ་འཇུག་དང་ཚོལ་ཞིབ་གཏིང་ཕྱིན་པ་ཞིག་བྱ་དགོས་ངེས་རེད་སྙམ་ལགས་ན། ཚང་མས་དགོངས་འཇགས་ཡོད་པར་ཞུ།
གངས་སེང་ལགས། དང་བོར་ཨོ་རྒྱན་ཉི་མ་ལགས་ནོར་བ་རེད། དེ་རྗེས་ཁྱེད་རང་ནོར་བ་རེད། ཁྱེད་རྣམ་པར་
དངོས་གནས་མི་་ཚང་མ་ཡིད་ཆེས་ཆོག་ཅིང་ངེས་་སྟེར་ནུས་ཀྱི་བདེན་དཔང་ཅི་ཡང་མི་འདུག་ལ། ལུང་ཙག་ཙིག་དང་དེ་ལ་བརྟེན་པའི་རིགས་པ་དེ་ཙམ་ཞིག་གིས་མི་ཚང་མ་ཡིད་ཆེས་ཐུབ་ཀྱི་མ་རེད། ཁྱེད་རྣམ་པ་གཉིས་ཀྱི་ལུང་དང་རིགས་པ་དག་ཁྱེད་གཉིས་མ་སྐྱེས་གོང་ནས་རང་རེའི་མཁས་པ་ཚོས་གསུངས་ཚར་བ་རེད།
དེས་ཐག་མ་ཆོད་པར་དེ་རིང་བར་ལུས་བསྡད་པ་འདི་རེད། དེས་ན་ཁྱེད་རྣམ་པས་རྙོག་དྲ་མ་སློང་རོགས།།
ཁྱེད་ཚོས་ཕྲུག་གུ་མགོ་སྐོར་གཏོང་བྱེད་ཐོན་མི་སམ་བྷོ་ཊ་ཟེར་བའི་མི་ཡ་མ་བརླ་དེའི་མིང་ཟུར་ལ་སམ་བྷོ་ཊ་སྦྱར་བ་འདི་ནི། ཁོ་རྒྱ་གར་ལ་ཞེ་བོ་གཅིག་ཕྱིན་པ་ཡིན་མདོག་མདོག་སྟོན་བྱེད་འདྲ་ཞིག་ཡིན་ས་རེད། ཁོས་དང་པོ་་་་་ཡི་གེ་་་་ཞེས་པའི་གོ་དོན་གང་ཡིན་ཤེས་ཀྱི་མེད་འགྲོ། ཡ་གི་གུ་ཡི། ག་འགྲེང་པོ་གེ་་་་ཞེས་པའི་ཚིག་འབྲུ་འདི་གཉིས། ཐོན་མི་ཟེར་བའི་མི་ཡ་མ་བརླ་དེས་གསར་བཟོས་བྱས་མེད་པ་ཐག་ཆོད་རེད། ཡི་གེ་་་་ཞེས་པའི་ཚིག་འདི་ནི་བོན་གྱི་བརྡ་རྙིང་དང་ཆེས་མཐུན་པའི་མིང་ཚིག་ཅིག་ཡིན། ཚུལ་འདི་དག་མ་ཤེས་ནས་ཀུ་ཅོ་མང་པོ་འདོན་པ་ནི་ངོ་མ་ཁྱད་མཚར།
འདྲེ་ནག་མགོ་དགུ་ལགས། ངས་ག་རེ་ལབ་ཀྱི་འདུག་ཁྱེད་ཀྱིས་ད་དུང་མགོ་མ་ཚོས་པའི་བཟོ་འདུག ང་ལ་སྔར་མེད་ཀྱི་ལེགས་བཤད་གསར་པ་གང་ཡང་མེད་ལ་རྒྱབ་རྟེན་གྱི་ལུང་རིགས་མེད་པར་རང་འདོད་ཀྱི་བཤད་ཡམས་བྱས་ན་ཕན་ཐོག་མེད་པ་ངས་ཧ་གོ་གི་ཡོད། ང་ཚོའི་ལོ་རྒྱུས་རྙིང་གྲལ་རྣམས་སུ་སྲོང་བཙན་གོང་དུ་ཡི་གེའི་བརྒྱུད་ནས་ཕན་ཚུན་ར་སྤྲོད་ཡོད་པ་བསྟན་འདུག་པ་ང་ཚོ་ཚང་མས་མངོན་སུམ་དུ་གྲུབ་བཞིན་དུ་ད་དུང་དེའི་གོང་དུ་ཡི་གེ་མེད་ཟེར་ན་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མ་རེད་ཟེར་བ་ཡིན། དེ་ལ་ཐུགས་སྣང་གནང་རོགས་ཞེས་ཞུ་འདོད་བྱུང་།
ཨ་ཡ། ད་ཡང་བན་བོན་ཐོག་བབ་འདུག། ཞང་ཞུང་ཡི་གེ་བོད་པས་བེད་སྤྱོད་གཏོང་གི་ཡོད་ན། དེ་ཡང་བོད་ཡིག་ཅིག་ཡིན་པར་བརྩི་ཆོག་གམ། སྔོན་མ་རྒྱ་ནག་དང་། ཉི་ཧོང་། དེ་བཞིན་ཀོ་རི་ཡ། དེ་བཞིན་ཝེ་ཏི་ནམ་སོགས་ཡི་གེ་གཅིག་པ་རེད། རྗེས་མ་ཡིག་གཟུགས་བསྒྱུར་ནས། ཉི་ཧོང་ཡི་གེ་སོགས་ཁག་ཁག་བཟོས་པ་རེད། རྩ་བའི་ཚང་མ་རྒྱ་ཡིག་རེད། ཞང་བོད་ཀྱི་ཡི་གེ་ཀྱང་དེ་ལྟར་རྩིས་ན་མི་འགྲིག་པ་ཨེ་ཡོད།
ཞང་ཞུང་ཡི་གེ་སྔོན་ལ་ཡོང་སྟབས། དེ་བོད་ཡིག་གེ་མ་ཕྱི་ལྟ་བུར་རྩིས་ན་སྐྱོན་ཅི་འདུག། དེ་ལ་བན་པོ་ཚོས་རྙོག་འདྲ་བཤད་ན། རྒྱུ་མཚན་མི་འདུག། བོན་པོ་ནི་ངེས་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཕ་ཆོས་རེད། དེ་ལ་རྩོད་པ་མེད། ནང་ཆོས་ནི་ངེད་ཚོའི་རྒྱལ་པོའི་ཆོས་ལུགས་རེད། བོད་ཀྱི་བཙན་པོ་དང་ཕྱིས་སུ་རྒྱལ་པོ་ཚང་མ་ནང་པ་ཤ་སྟག་རེད་ལ། ད་ལྟ་ནང་ཆོས་འདི་ངེད་ཚོའི་རྒྱལ་ཁབ་ཀྱི་བླ་ཆོས་ལྟ་བུ་ཆགས་ཡོད། དེ་ལ་བོན་པོ་རྣམས་ཀྱི་ཁས་ལེན་མེད་ན། རྒྱུ་མཚན་མིན་འདུག
ཨེ་རེད། ད་ལྟ། རྒྱ་ནག་དེས་བོད་ཅེས་པའི་མིང་གི་ལྷག་མ་ཡང་མེད་པར་བཟོ་བའི་ལས་འགུལ་རྩོམ་སྐབས། བན་བོན་རྣམས་ཆིག་སྒྲིལ་བགྱིད་ནས། རང་སྡེ་སྲུང་དགོས་པ་འདི་གནད་འགག་རེད།
སྐུ་མཁྱེན། རང་སྲོག་མེར་བསྲེགས་གནང་ནས་བོད་མིའི་སྙིང་ནད་འདོན་མཁན་རྣམས་ལ་དགོངས་ནས་བསམ་བློ་རྒྱ་ཆེ་ཙམ་གཏོང་རོགས། སྐུ་མཁྱེན་སྐུ་ཁྱེན་བན་བོན་གྱི་སྤུན་ཟླ་རྣམས། སྐུ་མཁྱེན། ངས་པུས་མོ་ས་ལ་བཙུགས། མཛུབ་མོ་ཐེ་བོང་གཉིས་གནམ་ལ་བསྟན་ནས། ཁྱེད་ལོ་ཆུང་བོད་ཀྱི་རིག་གཞུང་སྦྱངས་མྱོང་མཁན་རྣམས་ལ་ཞུ་བ་འཐེན་གྱི་ཡོད། སྐུ་མཁྱེན་སྐུ་མཁྱེན། ད་ངའི་ཁ་མདོག་ལ་མ་གཟིགས་ཀྱང་། འདས་ཟིན་པའི་གཤིན་པོ་རྣམས་དང་། ད་ལྟ་རྒྱ་འོག་གི་བཙོན་ལ་ཞུགས་པའི་སྤུན་ཟླ་རྣམས། དེ་བཞིན་བླ་རྒན་བསྟན་འཛིན་རྒྱ་མཚོ་སོགས་རིས་མེད་ཀྱི་བླ་སྤྲུལ་རྣམས་ཀྱི་རྒ་འགྲོ་བའི་རྒན་རྒོན་རྣམས་ལ་གཟིགས་ནས། ནང་དམེ་མཚམས་འཇོག་རོགས།
སྐུ་མཁྱེན། སྐུ་མཁྱེན། ངའི་གཞིས་ལུས་སྤྲུན་ཟླ་རྣམས་ལ་དགོངས་ནས་ནང་འཁྲུག་མཚམས་འཇོག་རོགས། སྐུ་མཁྱེན།
བན་བོན་རྩོད་མཁན་ཤི་རྒྱུ་མེད་པ་འདི་ཚོ་མྱུར་དུ་ཤི་སོང་ན་བོད་དོན་ལ་ཕན་རྒྱུ་མ་བཏོགས་གནོད་རྒྱུ་ཅི་ཡང་མེད།
ཧ་ཧ་བོན་པོ་ལགས་ཀྱིས་ཅི་ཟེར་འདུག་ལྟོས་དང་། ཡི་གེ་ཟེར་བ་དེ་བོན་གྱི་ཐ་སྙད་ཡིན་སྟབས་དེ་ལ་བརྟེན་ནས་བོད་ཡིག་བཟོ་མཁན་ཐུ་མི་མིན་པར་སྒྲུབ་བཞིན་འདུག། དང་པོར་ཐ་སྙད་དེ་བོན་གྱི་ཡིན་པའི་སྒྲུབ་བྱེད་གང་ཡོད། ངས་བྱས་ན་བན་བོན་གཉིས་ཀྱི་ཐུན་མོང་མིན་པའི་གྲུབ་མཐའི་ཐ་སྙད་རེ་ཡིན་ན་མ་གཏོགས། དེ་མིན་ཐ་སྙད་གང་ཞིག་ཡིན་རུང་བོད་ཀྱི་ཐ་སྙད་ཡིན་པ་ལས་བན་བོན་སུ་ཞིག་གི་ཐ་སྙད་ཀྱང་མ་རེད།
གཉིས་པ་ཐུ་མིས་བཟོས་པ་དེ་ཡིག་གཟུགས་ཡིན་ཞེས་གོང་དུ་དྲྭ་གྲོགས་འགའ་ཡིས་ཡང་ནས་བསྐྱར་དུ་གྲུབ་ཟིན་པ་ལྟར་ལས། ཡི་གེ་ཞེས་པའི་ཐ་སྙད་དེ་ཐུ་མིས་བཟོས་པ་རེད་ཅེས་སུས་ཀྱང་བཤད་ཀྱི་མེད། ལྷག་དོན་དུ་ཡང་ཐུས་མིས་བཟོས་པར་བཞེད་པ་དེ་བོད་ཀྱི་ཐ་སྙད་རྣམས་མིན་པར་བོད་ཀྱི་སྐད་དུ་ཡོད་པའི་ཐ་སྙད་རྣམས་གཟུགས་སུ་འགོད་རྒྱུའི་ཡིག་གཟུགས་དེ་ཡིན་པ་ཐུགས་ལ་ངེས་པར་གྱིས།
གང་སེང་གིས་བཤད་ན་ཁོང་གིས་མ་རྩོམ་དེ་བོན་ཞེན་གྱི་སྒོ་ནས་མ་ཡིན་པར་ལུང་རིགས་ཀྱི་སྒོ་ནས་གྲུབ་ཡོད་ཅེས་ཟེར། བན་བོན་ལ་སྡང་ཞེན་མེད་པའི་ཐོག་ནས་ལུང་རིགས་ཀྱི་གྲུབ་པ་ཡིན་ན་སྲོང་བཙན་སྔོན་ལ་ཡི་གེ་ཡོད་པར་འགྲུབ་དུས་བན་དེ་ལ་ངན་སྨྲས་དང་བཤེ་བསྐུར་སོགས་མེད་པའི་ཚིག་གི་ཐོག་ནས་འགྲུབ་ཐབས་མིན་འདུག་གམ། ད་ལྟའི་བར་དུ་ཁ་བརྡའི་སྒང་ལ་སྲོང་བཙན་ཡར་སྔོན་ཡི་གེ་ཡོད་པའི་རྩོམ་འབྲི་མཁན་མང་པོ་ཞིག་མཐོང་མྱོང་སྟེ་ག་དུས་ཡིན་ན་ཡང་སྲོང་བཙན་ཡར་སྔོན་ཡི་གེ་ཡོད་ཚུལ་འགྲུབ་དུས་དེ་སྔོན་ཡི་གེ་མེད་རབས་བཤད་པ་ནི་བན་དེའི་རྫུན་ཕུང་ཆེན་པོ་ཡིན་ཞེས་མ་བརྗོད་པར་གྲུབ་པ་གཅིག་ད་ལྟའི་བར་དུ་མཐོང་མ་མྱོང་།
ད་དུང་སྲོང་བཙན་ཡར་སྔོན་ཡི་གེ་མེད་རབས་བཤད་པས་སྲོང་བཙན་ཡན་གྱི་བོད་ཀྱི་རྒྱལ་རབས་རྣམས་ལ་བསྐུར་འདེབས་ཆེན་པོ་ཡིན་ཟེར། སྲོང་བཙན་གྱི་སྔོན་ཡི་གེ་ཡོད་པ་ཐག་བཅད་མ་ཟིན་གོང་ནས་དེ་འདྲའི་ཐག་བཅད་སྔ་བ་དེ་ཡང་རྒྱུ་མཚན་གང་ལ་ཐུག། བོན་ཞེན་ཡོད་པའི་རྒྱུ་མཚན་ལ་ཐུག་པ་མིན་ནམ། བན་དེ་བ་རྣམས་ཀྱིས་ནི་བོད་ཡིག་སྲོང་བཙན་སྐབས་བཟོས་པར་འདོད་པས་སྲོང་བཙན་སྔར་ནས་བོད་ཡིག་ཡོད་རབས་བཤད་པ་ནི་བོད་ལ་བཀའ་དྲིན་ཆེ་བའི་སྲོང་བཙན་ལ་དེ་བས་ལྷག་པའི་བསྐུར་འདེབས་ཆེན་པོ་ཞིག་མེད་པར་འདོད་ན་དེ་ལ་ཁྱེད་ཀྱི་རིག་པས་འགོག་ཐུབ་པ་ཞིག་གང་ཡང་མི་འདུག་སྙམ་མོ། །
གང་ལྟར་ཐུ་མི་རྒྱ་གར་དུ་སོང་ནས་ལོག་པའི་རྗེས་སུ་སུམ་རྟགས་བརྩམས་པ་ནི་འདོད་བཞིན་འདུག། དེས་ན་ཁྱེད་ལ་དྲི་བ་འདི་འདྲ་ཞིག་འདྲི་ན་འདོད། ཁྱེད་ཀྱིས་བོད་ལ་ཡི་གེ་ཡོད་པར་འདོད་པའི་གྲུབ་བྱེད་ངོ་མ་གཅིག་ནི་ཐུ་མིའི་སྔོན་ནས་བོད་ལ་རིག་གནས་ཕུན་སུམ་ཚོགས་པ་ཡོད་ཅེས་པ་དེ་རེད། བོད་ལ་རིག་གནས་ཕུན་སུམ་ཚོགས་པ་ཡོད་ན་ཐུ་མི་རྒྱ་གར་ཏུ་གཏང་དགོས་དོན་གང་རེད། རིག་གནས་བསླབ་ཏུ་བཏང་བར་འདོད་ན་བོད་ལ་རིག་གནས་ཕུན་སུམ་ཚོགས་པ་ཡོད་པར་འདོད་པའི་དམ་བཅའ་བུད།
དེ་བཞིན་ཐུ་མིའི་ཡར་སྔོན་བོད་ལ་སྒྲ་སྦྱོར་གྱི་བསྟན་བཅོས་ཞིག་ཡོད་དམ་མེད། ཡོད་ན་དེའི་མིང་ཅི་ཞིག་དང་ཇི་འདྲ་ཞིག་ཡོད། མེད་ན་རིག་གནས་ཕུན་སུམ་ཚོགས་པའི་དམ་བཅའ་འབུད། ཡི་གེ་སྦྱོར་བའི་བསྟན་བཅོས་ཤིག་མེད་ན་ཡི་གེ་ཡོད་ཀྱང་ཡི་གེ་ལ་བརྟེན་ནས་བརྡ་སྤྲོད་ཇི་ལྟར་བྱེད་ནུས་སམ་ལེགས་པར་བསམ་དགོས་པ་ཞིག་མིན་འདུག་གམ། བརྡ་སྤྲོད་བསྟན་བཅོས་མེད་ན་བརྡ་སྤྲོད་བྱེད་ནུས་པ་ལྟ་ཞོག། ཐ་ན་ཡི་གེ་ལ་སྦྱངས་པ་བྱེད་ཐབས་ཀྱང་ཡོང་མདོག་ཁག་པོ་མ་རེད་བསམ།
ཡང་བོད་ལ་ཡི་གེ་ཡོད་པའི་འགྲུབ་བྱེད་གཅིག་རྒྱ་བལ་ལ་ཡི་གེ་བསྐུར་ཡོད་པའི་རྒྱུ་མཚན་དེ་རེད། དེ་ཡང་སྲོང་བཙན་གྱིས་རྒྱ་བལ་གྱི་ཡི་གེ་སྦྱངས་པའི་ལོ་རྒྱུས་མེད་པས་རྒྱ་བལ་གྱི་ཡི་གེ་འབྲི་ཞེས་འདོད་མི་རིགས་ཟེར། དེ་ལ་སྲོང་བཙན་གྱི་སྐུ་མདུན་དུ་རྒྱ་བལ་ཧོར་སོག་གི་ཡིག་མཁན་ཡོད་ཟེར་ན་མ་འགྲིགས་པ་གང་ཡོད། ལར་ལོ་རྒྱུས་རྣམས་སུ་སྲོང་བཙན་གྱིས་བལ་རྒྱལ་ལ་བསྐུར་བའི་ཡི་གེ་དེ་བལ་ཡུལ་གྱི་རྒྱལ་པོ་ཁོ་རང་ཉིད་ཀྱིས་གཟིགས་པ་ལྟ་བུ་ཞིག་ལས་སུ་ཞིག་གིས་གསུང་བསྒྱུར་བྱས་པའི་ལོ་རྒྱུས་མི་སྣང་བས་ལྷག་པར་དུ་ཡང་ཡི་གེ་དེ་བལ་ཡིག་ཡིན་པར་གྲུབ་སྟེ་བལ་རྒྱལ་གྱིས་བོད་ཡིག་ཀློག་མི་ཤེས་པའི་ཕྱིར། བལ་རྒྱལ་གྱིས་བོད་ཡིག་ཀློག་ཤེས་ན་བལ་རྒྱལ་རྣམས་ཀྱིས་བོད་ཡིག་སྦྱངས་པའི་ལོ་རྒྱུས་བལ་ཡུལ་གྱི་ལོ་རྒྱུས་གང་དུ་གསལ།
ཡང་བོད་ཡིག་ཐུ་མིས་མ་བཟོས་པའི་རྒྱུ་མཚན་གཅིག་ཐུ་མིས་བཟོས་པའི་ཚུལ་ཇི་ལྟར་ཡིན་ཡིད་ཆེས་ཐུབ་པའི་ཁུངས་ལུང་མེད་པ་དེ་རེད། བོད་ལ་ཡི་གེ་སྔར་ནས་ཡོད་ན་ཡང་གང་ཟག་ཅིག་གིས་བཟོ་དགོས་རྒྱུ་ལས་རང་བཞིན་གྱིས་བྱུང་བ་ནི་མི་རིགས། དེས་ན་སྔར་ནས་ཡོད་ཀྱང་བཟོ་མཁན་ཞིག་ནི་དགོས་ངེས་རེད། འོ་ན་སྔར་ནས་ཡོད་པའི་ཡི་གེ་དེ་སུ་ཞིག་གིས་བཟོས། བཟོས་པའི་ཚུལ་ཇི་ལྟར་ཡིན། ཐུ་མིས་བཟོས་པའི་ཚུལ་བཤད་རྒྱུ་མེད་པས་ཐུ་མིས་བཟོས་པར་མ་གྲུབ་ན། སྔར་ནས་ཡོད་པའི་ཡི་གེ་དེ་བཟོས་ཚུལ་ལྟ་ཞོག་བཟོ་མཁན་ཡང་བཤད་རྒྱུ་མེད་པས་སྔར་ནས་ཡོད་པར་གྲུབ་པ་ལ་རིག་པ་དེས་འགོག་མི་ནུས་པ་རྒྱུ་མཚན་ཅི་ཡོད།
ཡང་རྡོ་རིང་སོགས་ཀྱི་སྟེང་དུ་སྔར་གྱི་རྒྱལ་པོ་དག་གི་སྐབས་སུ་ཡི་གེ་མང་རབས་ཤིག་བཀོད་ཡོད་ཚུལ་འདུག། དེར་སྲོང་བཙན་སྔོན་གྱི་རྒྱལ་པོ་དག་གིས་བཀོད་པའི་ཡི་གེ་ཞིག་འདུག་གམ་མིན་འདུག། དེ་མེད་ན་སྲོང་བཙན་སྔ་རོལ་ཡི་གེ་ཡོད་བཞིན་དུ་སྲོང་བཙན་སྔ་རོལ་གྱི་རྒྱལ་པོ་དག་གིས་བཙུགས་པའི་རྡོ་རིང་དང་དེས་བཀོད་པའི་ཡི་གེ་མེད་པའི་རྒྱུ་མཚན་ཅི་རེད། དེ་དག་ནི་ངས་བལྟས་ན་སྲོང་བཙན་སྔ་རོལ་དུ་ཡི་གེ་ཡོད་པར་འདོད་པ་རྣམས་ཀྱིས་ལེགས་པར་བསམ་དགོས་པ་ཞིག་རེད་བསམ།
གཡུ་འབྲུག་དཀར་པོ་ལགས། ཁྱོད་ཀྱིས་ངའི་ཚིག་འདིའི་དོན་ “ང་ལ་བོན་ཞེན་ཡོད་མེད་ལ་མ་ལྟོས་པའི་” ད་དུང་ཧ་གོ་མི་འདུག དང་པོ་དེའི་དོན་གོ་བ་ལེན་ཐུབ་པ་གྱིས་ཨཱ།
མཁྱེན་དཔྱོད་རབ་ཏུ་ཡངས་ཤིང་དཔལ་གཡུང་དྲུང་བོན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་ལྷག་བསམ་དུང་སེམས་ཀྱི་འོ་མཚོ་དགུང་དུ་འཕྱུར་བའི་གངས་སེང་ལགས། ཁྱེད་ཀྱིས་གསུངས་པ་དེར་གནས་ལུགས་ཤིག་
མེད་པ་མ་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དགྲ་བོའི་སོ་མྱུལ་གང་ནས་ཡོད་པས་ཁོ་ཚོས་གོ་སྐབས་བེད་
སྤྱད་དེ་བན་བོན་གཉིས་ཀྱི་བར་དཀྲུག་ཤིང་མི་བཟོ་བའི་ངེས་པ་མེད། དེར་བརྟེན་གཅུང་བོ་ཕྲན་གྱི་རེ་བར་
འདི་དག་ལ་ལན་མ་གསུངས་ན་ཡག་པོ་ཡིན་ས་རེད་སྙམ་ལགས།
གངས་སེང་ལགས། ངས་ཁྱེད་ཀྱིས་བརྗོད་པའི་ཚིག་གི་དོན་མ་གོ་བ་མིན། ཁྱེད་ཀྱིས་དངོས་སུ་དེ་ལྟར་བརྗོད་པས་ཤུགས་ཀྱིས་ཁྱེད་ལ་བོན་ཞེན་མེད་པ་དང་གོང་གི་མ་རྩོམ་དེ་བན་བོན་ལ་སྡང་ཞེན་མེད་པར་བྲིས་པ་ཡིན་ཚུལ་བརྗོད་འདོད་པ་ཡང་ངས་རྟོགས་ནས་ཁྱེད་ལ་བོན་ཞེན་ཡོད་པར་སྒྲུབ་ཅིང་། ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་ཀྱང་བན་བོན་ལ་སྡང་ཞེན་གྱི་སྒོ་ནས་བྲིས་པ་ཡིན་པར་གྲུབ་ཡོད། ཞིབ་ཏུ་བཀླག་རྒྱུའི་རེ་བ་ཡོད། འདྲེ་ནག་མགོ་དགུ་ལགས། ཁྱེད་ཀྱང་ང་ལ་དེ་ཙམ་གྱི་རྣམ་རྟོག་ཟ་དགོས་དོན་གང་ཡང་མེད། ང་ནི་འབྲུག་ལ་ཡོད་པའི་བན་བོན་གྱི་དཔེ་རྙིང་སྲུང་སྐྱོབས་ཀྱི་ལས་ཀ་ལེན་མཁན་ཞིག་ལས་སུ་ཞིག་གི་གསང་མྱུལ་བ་མིན།
ཡང་ཞུ་འདོད་པ་ཞིག་ལ། གནའ་སྔ་མོའི་བན་བོན་གཉིས་ཇི་ལྟར་ཡིན་མིན་མི་ཤེས་ཀྱང་། ད་ལྟའི་བན་བོན་གཉིས་ནི་ཕར་འདྲེས་ཚུར་འདྲེས་རེད་འདུག། ད་རིང་ངས་བོན་གྱི་མདོ་མང་རོབ་ཙམ་བཀླགས་པ་ཡིན། དེར་བན་དེའི་མདོ་མང་ནང་དུ་ཡོད་པའི་མདོ་དང་གཟུངས་མང་པོ་ཞིག་འདུག། དཔེར་ན་གཙུག་གཏོར་དཀར་མོའི་མདོ། ཀླུའི་སྤང་བཀོང་། གནམ་ས་སྣང་བརྒྱད། དག་པ་གསེར་གྱི་མདོ་ཐིག། ལ་སོགས་པ་མང་པོ་འདུག། དེ་རྣམས་མིང་ཙམ་འདྲ་བ་མ་ཡིན་པར་ནང་གི་ཚིག་དོན་རྣམས་ཀྱང་ཅུང་ཟད་མ་མ་གཏོགས་ཕལ་ཆེ་བ་འདྲ་པོ་འདུག། དེའི་ནང་ནས་ཀྱང་གཟུངས་སྔགས་ཀུན་གྱི་མགོར། ཨོཾ། དེ་བཞིན་གཟུངས་སྔགས་ཀྱི་ནང་དུ། སརྦ། ཏ་ཐཱ་ག་ཏ། ཧཱུཾ་ཕཊ། བྷྱ། བྷྱོ། ལ་སོགས་པ་བན་དེའི་གཟུངས་སྔགས་དང་ཆ་འདྲ་བ་མང་པོ་འདུག། བན་དེའི་ནང་དུ་འཕགས་པ་ཕུང་པོ་གསུམ་པའི་མདོ་ཞེས་པ་དེ་བོན་གྱི་ནང་དུ་དེ་བཞིན་གཤེགས་པའི་མཚན་བརྗོད་ཟེར་ནས་འདུག་ལ། དེར་སངས་རྒྱས་རྣམས་ཀྱི་མཚན་མ་འདྲ་བ་ལས་སངས་རྒྱས་ཀྱི་མཚན་གྱི་འོག་ནས་མར་ཚིག་གཞན་རྣམས་དང་ཚིག་གི་གོ་རིམ་ཐམས་ཅད་ཕུང་པོ་གསུམ་པའི་མདོ་དང་ཇི་མ་ཇི་བཞིན་འདུག།
བན་དང་བོན་མ་འདྲ་ས་ཞིག་ནི། བན་དེའི་མདོ་རྣམས་ཀྱི་མགོར་རྒྱ་གར་སྐད་དུ་ཞེས་ཡོང་གི་ཡོད་ལ། བོན་གྱི་མདོའི་མགོར་གཡུང་དྲུང་ལྷའི་སྐད་དུ་དང་། རྒྱ་ནག་སྐད་དུ། ཞང་ཞུང་སྐད་དུ། སུམ་པའི་སྐད་དུ་སོགས་འདུག། བན་དེའི་མདོ་མང་རྣམས་སུ་བོད་སྐད་དུ་མདོ། གཟུངས། དེ་བཞིན་གཤེགས་པ་ཞེས་པར་རྒྱ་གར་སྐད་དུ་སུ་ཏྲ། དྷ་ར་ནི། ཏ་ཐཱ་ག་ཏ་ཞེས་བྱུང་ཡང་། བོན་གྱི་མདོ་མང་རྣམས་སུ་མདོ་དང་གཟུངས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐད་དོད་གཡུང་དྲུང་ལྷའི་སྐད་དུ་མདོ་སོ་སོ་ལ་སོ་སོར་འདུག། མཚམས་རེར་དེ་བཞིན་གཤེགས་པ་ཏ་ཐཱ་ག་ཏ་ཞེས་ཀྱང་བེད་སྤྱོད་པར་མཐོང་། ཡང་བོན་གྱི་མདོ་འགའ་ཞིག་གི་མཇུག་ཏུ་བན་དེ་བ་རྣམས་ཀྱིས་རྟེན་འབྲེལ་སྙིང་པོ་ཞེས་བརྗོད་པའི་ཡེ་དྷརྨའི་གཟུངས་སྔགས་ཀྱང་བྲིས་འདུག།
སྲོལ་རྒྱུན་རིག་གནས་ལ་མཁྱེན་དཔྱོད་རབ་ཏུ་ཡངས་པའི་སྤུན་ཟླ་གཡུ་འབྲུག་དཀར་བོ་ལགས། ཕྲན་ནི་ཁྱེད་དང་ཐེངས་མང་ཁ་བརྡའི་ཐོག་ནས་མཇལ་མྱོང་ཡོད་པས། ཁྱེད་ཉིད་ལ་དོགས་པ་རྣམ་རྟོག་གང་ཡང་མེད་ལ།
ཁྱེད་ཀྱི་སྐུ་ཡོན་ལ་རྗེས་སུ་ཡི་རང་ཞུ་མཁན་ཞིག་ཡིན། འོན་ཀྱང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཀྱི་རྩོད་པ་འདི་ཁ་འཇམ་ཡང་གཏིང་རྩུབ་པོ་ཞིག་རེད། དེར་བརྟེན་གུས་པས་ཚང་མ་ལ་རེ་སྐུལ་ཞུས་པ་
ཡིན་ལགས། དོན་རྐྱེན་འདི་ཕ་རོལ་བོས་བེད་སྤྱོད་ལོག་པར་གཏོང་སྲིད་པ་རེད་སྙམ་་པས་ཁྱེད་རྣམ་པས་དགོངས་འཇགས་ཡོང་བར་མཁྱེེན་མཁྱེན།
འདྲེ་ནག་ལགས། ཁྱེད་ཀྱིས་འཕྲལ་དུ་ལན་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་དོན་དུ་ཡང་སྐུ་ཉིད་ཀྱིས་ང་ལ་གསང་མྱུལ་བའི་དོགས་པ་མེད་འདུག་པས་དགའ་པོ་བྱུང་ཞུ། གོང་དུ་གངས་སེང་ལགས་ཀྱིས་ང་ལ་གསུངས་པར་སྐུ་ཉིད་ཀྱིས་གསང་མྱུལ་བ་རྣམས་ལ་ལན་མ་སྟེར་ན་དགའ་ཚུལ་གསུངས་འདུག་པར་བརྟེན་སྐུ་ཉིད་ཀྱིས་ང་ལ་གསང་མྱུལ་བའི་དོགས་པ་ཡོད་འདྲ་སྙམ་ནས་ཞུས་པ་ལགས། ད་དུང་སྐུ་ཉིད་ཀྱིས་ང་ལ་ཡི་རང་ཡོད་ཚུལ་གསུངས་འདུག་པ་ལ་ཡང་ཐུགས་རྗེ་ཆེ་ཞུ། སྤྱིར་ང་རང་ལ་སྐུ་ཉིད་ཀྱིས་ཡི་རང་འོས་པའི་ཡོན་ཏན་ཞིག་ཅང་མེད་པ་རང་ཉིད་ཀྱིས་ཤེས་པ་མ་ཟད། ཉིད་ཀྱིས་ཀྱང་ཁ་བརྡའི་སྟེང་དུ་ཡོད་པའི་ངའི་མཆན་བུ་དང་རྩོམ་ཡིག་སོགས་ལ་བརྟེན་ནས་མཁྱེན་ཟིན་པ་རེད། འོན་ཀྱང་སྐུ་ཉིད་ཀྱིས་ཡི་རང་ཡོད་ཚུལ་གསུངས་པ་ནི་ཁོ་བོ་སློབ་སྦྱོང་ལ་ནན་ཏན་བྱེད་དགོས་པའི་བསྐུལ་མའམ་དབྱིན་སྐད་དུ་ encourage ཡིན་པར་ངོས་འཛིན་ཞུ་གི་ཡིན། བཀའ་དྲིན་ཆེ།
འདྲེ་ནག་མགོ་དགུ་ལགས། ཁྱེད་ཀྱིས་ཀུན་སློང་བཟང་པོའི་སྒོ་ནས་ཕྲན་ལ་བསླབ་བྱ་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ནའང་ང་ཚོ་དྲ་འབུ་ཚོས་དྲ་བར་རྩོད་པ་འདྲ་རྒྱག་གི་ཡོད་ནའང་དེ་ལ་དོན་གཉེར་བྱེད་མཁན་སུ་གཅིག་ཡོད་ཀྱི་རེད་བསམ་གྱི་མི་འདུག གང་ཡིན་ཟེར་ན་མི་མང་ཆེ་བས་གྲྭ་རྒྱགས་ཚོས་འདྲ་མི་འདྲ་ལབ་གི་ཟེར་ནས་གནང་མེད་དུ་གཡུག་བཞག་གི་རེད།
གྲོགས་པོ་ཚོ། ཇི་སྐད་དུ། མཁས་པས་བཤད་མ་ཅི་ཡང་བདེན། །ཞེས་གསུངས་པ་ལྟར། འདས་པའི་ལོ་རྒྱུས་ཀྱི་དཔང་བོར་གྱུར་བའི་དྲང་སྲོང་དགུང་ལོ་སྟོང་ཕྲག་དུ་མར་སོན་པ་ཞིག་རྙེད་མི་སྲིད་པས། ཁྱོད་རང་བན་བོན་གྱི་མཁས་པ་སུའི་གསུང་སྟངས་ལ་གཞིགས་ཚེ། དཔུང་སྡེ་གཉིས་ཀ་ནས་ལུང་དང་རིགས་པའི་རྒྱབ་བརྟེན་མང་བོ་རང་གི་འདོད་ཕྱོགས་སུ་འདྲེན་པ་ཡིད་ལ་འགྲོ་བ་ལྟ་བུ་སྣང་ཡང་། མཐར་ཐུག་བདེན་རྫུན་དབྱེ་བ་འབྱེད་མཁན་གྱི་དཔང་བོ་དབང་ཆེན་ཞིག་འབྱུང་གི་མེད་ལ། རྣམ་རྟོག་གི་ཕུང་བོ་ནི་ཆུའི་ལྦུ་བ་བཞིན་རྫོགས་མི་བཏུབ་པས་ན། དེ་རིང་མཚན་མོར་མལ་དུ་ཉལ་ནས་སང་ཞོགས་ཡར་བཞེངས་ཚེ། སེམས་ནང་ལ་རང་འདོད་ཚད་མར་སྒྲུབ་བྱེད་གྱི་རྒྱུ་མཚན་མང་བོ་ཐུགས་ལ་འཆར་ངེས། སྤྱིར་བཏང་བགྲོ་གླེང་ནི་གནའ་ནས་ད་བར་དུ་མཁས་པའི་མཛད་སྤྱོད་དུ་མཆིས་པས། སྐབས་འདིར་ཁྱེད་ཚོས་གནད་དོན་འདིའི་སྐོོར་ལ་རང་གི་བསམ་འཆར་མི་འདྲ་བ་དག་འདོན་ན་མི་འོས་པ་མེད་མོད། གྲུབ་མཐའི་ཆགས་སྡང་གི་ཀུན་སློང་དང་མི་བསླད་པ་གལ་ཆེ་བ་ཐུགས་ལ་ཆོངས།
ཕལ་ཆེར་བགྲང་བྱ་བཅུ་ཕྲག་གཉིས་ཀྱི་སྔོན་ལ། བོད་དུ་སྦྲང་ཆར་ཞེས་པའི་དུས་དེབ་ཐོག་ཏུ་རེབ་གོང་ཕྱོགས་ནས་བོན་གྱི་མཁས་པ་ཞིག་གིས་བོད་ཡིག་གི་འབྱུང་ཁུངས་སྐོར་ལ་ཆེད་རྩོམ་གཅིག་སྤེལ་ཡོད། དེ་ལ་བན་ཕྱོགས་ཀྱི་མཁས་པ་དུ་མས་དགག་ལན་བཏང་། མཐར་གླེང་མོ་དེ་བོད་ཀྱི་སྤྱི་ཚོགས་ནང་ལ་ཆགས་སྡང་གི་རྒྱུ་ཆེན་པོར་གྱུར། དེ་འདྲ་སླར་ཡང་མི་འབྱུང་བར་གསོལ་བ་ལན་མང་འདེབས། ང་ཁ་བརྡ་ལ་སླེབས་ནས་དུས་ཡུན་རིང་བོ་མ་སོང་།
གཟུ་དཔང་ཞིག་གི་ངོས་ནས་བཤད་ན་། བན་དྷེའི་མཆན་འགོད་པ་དག་གིས་བན་དྡེ་དཔེ་ཚོགས་ཙམ་ལས། བོན་ཕྱོགས་ཀྱི་ཡིག་ཆ་ལོ་རྒྱུས་ཁག་ལ་གཟིགས་ཞིབ་བྱས་མེད་པར་སྣང་། བོན་པོའི་མཆན་འགོད་རྣམ་པའི་གཞན་སྡེའི་ལོ་རྒྱུས་ཙམ་མ་ཟད་རིག་པའི་སྒྲོ་དང་མཐུན་པའི་མཆན་འགོད་བཞིན་པ་འདི་རེད། སོ་སོའི་ངོས་ནས་གོང་གི་མཆན་བུ་དག་ལ་ཞིབ་གཟིགས་གནང་དང་ཤེས་རྟོགས་འབྱུང་པས་སོ།
སྒོ་སྟོན་གྱིས་ངའི་མཆན་བུ་༧༣་པ་དེ་བཀླགས་ཡོད་ས་མ་རེད། དེང་སང་ངས་དྲན་པ་ནམ་མཁས་མཛད་པའི་བོན་གྱི་བསྟན་བྱུང་ཞིག་ཀྱང་ཀློག་བཞིན་ཡོད། འོན་ཀྱང་ཡི་གེ་མི་གསལ་བའི་རྐྱེན་གྱིས་ཀློག་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། སྒོ་སྟོན་ཁྱེད་རང་ཀུན་སློང་བཟང་པོ་དང་བོན་བསྟན་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་ན་ང་ལ་དྲན་པ་ནམ་མཁས་མཛད་པའི་བོན་གྱི་བསྟན་བྱུང་ཡི་གེ་གསལ་པོ་ཡོད་པ་ཞིག་བསྐུར་གནང་རོགས། ངའི་ཡིག་ཟམ་dg00975@gmail.com ཡིན།
གཡུ་འབྲུག་དཀར་པོ་ལགས། བོན་པོའི་ལོ་རྒྱུས་ལ་གཟིགས་དཔྱད་གནང་བར་ཐུགས་རྗེ་ཆེ་ཞུ།
གངས་སེང་ལགས། ངས་བོན་གྱི་མདོ་མང་གི་སྐོར་ཚིག་ཕྲེང་འགའ་ཞིག་ཞུས་པ་དེ་ཁྱེད་ཀྱིས་གཟིགས་ཡོད་ལས་ཆེ། ཉིན་གཅིག་དུས་ཚོད་ཐོབ་དུས་བོན་གྱི་མདོ་མང་དེ་བན་གྱི་མདོ་མང་དང་བསྡུར་ནས་ཀློག་འདོད་ཡོད། འོན་ཀྱང་དུས་ཚོད་ཅིག་ཐོབ་མི་ཐོབ་བརྗོད་ཁག་པོ་འདུག། དེ་ཡིན་དུས་ངས་ཁྱེད་ལ་གོང་གི་ཚིག་ཕྲེང་འགའ་ནས་དྲི་བ་འགའ་ཞིག་ཞུ་ན་འདོད། ངས་ཀྱང་བན་བོན་གྱི་ཆགས་སྡང་སོགས་ཀྱིས་མ་ཡིན་པར་སྙིང་ཁོངས་རུས་པའི་གཏིང་ནས་ཞུ་གི་ཡིན་ལ། ཉིད་ཀྱིས་བན་བོན་གྱི་སྡང་ཞེན་ཟུར་དུ་བཞག་ནས་ངའི་དྲི་བ་ལ་གནད་དུ་བསྣུན་པའི་ལན་ཞིག་གནང་བའི་རེ་ཡོད།
དྲི་བ་ནི། བོན་གྱི་མདོ་མང་དུ་ཡོད་པའི་དེ་བཞིན་གཤེགས་པའི་གཙུག་གཏོར་དཀར་མོའི་མདོ་དང་། གནམ་ས་སྣང་བརྒྱད། དེ་བཞིན་གཤེགས་པའི་མཚན་བརྗོད་གསུམ་གྱི་སྐོར་གསུང་རྒྱུ་ཡོད་དམ། དེ་དག་ཞང་ཞུང་སྐད་ནས་བོད་སྐད་དུ་སུས་བསྒྱུར་པ་ཡིན་ནམ། ག་དུས་བསྒྱུར་པ་ཡིན་ནམ། དེ་དག་དཔེ་རྙིང་ཡིན་ན་ལོ་ག་ཚོད་ཟིན་པ་ཡོད་དམ། ད་དུང་སྐུ་ཉིད་ཀྱིས་ང་ལ་བན་དེའི་ནང་དུ་ཡོད་པའི་མདོ་དེ་གསུམ་གྱི་སྐོར་བཤད་རོགས་ཞེས་མ་གསུངས་རོགས་གནང་ཞུ། གང་ཡིན་ཟེར་ན་ངས་དེའི་སྐོར་གང་ཡང་མི་ཤེས། འོན་ཀྱང་སུས་བསྒྱུར་བ་ཡིན་ནི་མདོ་དེ་དག་གི་གཤམ་དུ་གསལ་བ་བཞིན་ཉིད་ཀྱིས་ཀྱང་གཟིགས་ཡོད་ལས་ཆེ། ང་ཚོ་འབྲུག་པའི་གཏམ་དཔེར་ཡང་། དཔེ་དང་བུ་མོ་རྐུབ་ལ་ལྟོས། །ཞེས་བརྗོད་སྲོལ་ཡོད་པས་བོན་གྱི་མདོ་དེ་དག་གི་གཤམ་དུ་བལྟས་པ་ཡིན་ཏེ། དེར་སྒྱུར་བྱེད་ལོ་ཙཱ་བའི་མཚན་འཁོད་མིན་འདུག་པས་སྐུ་ཉིད་ལ་དྲི་བ་ཕུལ་བ་ཡིན།
དེ་བཞིན་ད་དུང་མདོ་དང་གཟུངས་ཀྱི་སྐད་དོད་དུ་ཞང་ཞུང་སྐད་དུ་ཇི་སྐད་ཟེར། དཔེར་ན་བན་དེའི་མདོ་རྣམས་སུ་ནི་མདོ་དང་གཟུངས་ཀྱི་སྐད་དོད་དུ་སུ་ཏྲ་དང་དྷ་ར་ནི་ཞེས་བཀོལ་བཞིན་འདུག། བོན་གྱི་མདོ་མང་པོ་ཞིག་ལ་བལྟ་ཀློག་བྱས་ཀྱང་མདོ་དང་གཟུངས་ཀྱི་སྐད་དོད་འདི་ཡིན་ཟེར་བ་ཞིག་ངོས་འཛིན་ཐུབ་མ་སོང་། ཡང་བར་སྐབས་སུ་དེ་བཞིན་གཤེགས་པའི་སྐད་དོད་ལ། ཏ་ཐཱ་ག་ཏ་ཞེས་པ་ཞིག་ཀྱང་བཀོལ་བ་མཐོང་བས་ལེགས་སྦྱར་སྐད་དང་ཞང་ཞུང་སྐད་འདྲ་སེ་ཡོད་དམ་སྙམ་པ་བྱུང་། དེ་ལྟར་ཡིན་ནམ་གངས་སེང་ལགས། དེ་ལ་ཁྱོད་ཀྱིས་རང་ཉིད་ཀྱི་ཐུགས་འཆར་ཙམ་མིན་པར་ཁུངས་ལུང་རྒྱུ་མཚན་དང་བཅས་ཏེ་གསུངས་རྒྱུ་ཡོད་དམ།
གཡུ་འབྲུག་དཀར་པོ་ལགས། དགོངས་དག དེའི་སྐོར་ང་ལ་གང་ཡང་ཞུ་རྒྱུ་མེད་དོ།
བཀའ་དྲིན་ཆེ་གངས་སེང་ལགས།
ཞང་ཞུང་སྐད་དུ་་་་གུ་གེ་་་་བོད་སྐད་དུ་་་ཡི་གེ་་་་་་་འདི་འདྲ་བྲིས་པ་ཡང་ཡོད། གེ་་་་ཞེས་པ་འདི་ནི་ཞང་ཞུང་སྐད་ཅིག་ཡིན་པར་ངེས་་་བོན་པོའི་ཞང་ཞུང་གི་ལྷ་ནུས་ལྡན་ཞིག་གི་མཚན་ལ་་་་ཡིད་དམ་དབལ་ཆེན་གེ་ཁོད་་་་ཞུ་བ་ཞིག་འདུག། ལྷ་འདིའི་སྒྲུབ་གཞུང་དང་བཅས་པ་ཆ་ཚང་ཡོད་པ་རེད། དེ་བཞིན་སྟོབས་ཆེན་་་་གེ་མ་སང་གི་བུ་་་་་གཅན་གཟན་རྔམ་བརྗིད་ཅན་་་སེང་གེ་་་་་མེ་ཏོག་གི་ཟེའུ་འབྲུ་ལ་་་གེ་སར་་་་ཀེ་སར་ཡང་བྲིས་པ་ཡོད། གང་ལྟར་་་གེ་་་ཡི་གོ་དོན་དེ་ཕལ་ཆེར་རྙེད་ཐུབ་ས་རེད། ད་་་ཡི་་་་ཞེས་པའི་གོ་དོན་གང་ཡིན་ཞིབ་དཔྱོད་བྱེད་དགོས་པ་འདུག། དང་པོ་་་་ཡི་གེ་་་ཞེས་པའི་ཚིག་འབྲུ་གཉིས་པོ་འདི་དུས་རབས་ག་དུས་བྱུང་དང་འདིའི་ཚིག་གི་གོ་དོན་གང་ཡིན་ཁ་གསལ་པོ་ཤེས་དགོས་པ་འདུག། དེ་རྗེས་གཞི་ནས་་་དབྱངས་དང་གསལ་བྱེད་རྣམ་དབྱེ་སོགས་རྒྱས་སྤྲོས་བྱས་ཚད་ག་དུས་བྱུང་དང་སུས་བཟོས་མིན་གྱི་སྐོར་ལ་གླེང་ན་ག་འདྲ་ཡོང་ངམ། སྟོད་པའི་ཁ་སྐད་དུ་ཡི་གེ་ལ་་་་ཡི་འེ་་་་ཟེར་ལབ་ཀྱི་ཡོད། །
སྨྱོན་གཏམ་བཤད་ནས་དུས་ཚོད་འཕྲོག་བརླག་མ་གཏོང་རོགས་ཞུ།།
གཡུ་འབྲུག་ལགས་ཀྱིས་ལུང་རིག་ལ་མི་མཐུད་ཡོད།
བོན་པའི་གཞུང་དབུ་མ་ཚད་མ་ཕར་ཕྱིར་ཚང་མའི་རིག་པའི་འགྲོས་དང་རྟགས་སྦྱོར་བཀོད་ཚུལ་སོགས་ཕྱོགས་ས་ནས་ཞིབ་བལྟས་བྱས་དུས་དགེ་ལུགས་པའི་གཞུང་གི་གོམ་འགྲོས་པར་བཤུས་བྱས་པ་རང་རེད། དབུ་མ་དགོངས་པ་རབ་གསལ་བ་དེ་ནི་རྗེ་རིན་པོ་ཆེའི་དབུ་མ་དགོངས་པ་རབ་གསལ་གྱི་ནང་དོན་གསོན་པོ་རྐུན་མ་བརྒྱབ་འདུག ཕར་ཕྱིན་སྤྱི་མཐར་སྤྱོད་ཟེར་བ་དེ་གཉིས་ཀ་པཎ་ཆེན་བསོད་ནམས་གྲགས་པའི་གཞུང་གི་གོམ་འགྲོས་དང་རིག་བཏང་ལུགས་ཁག་གཅིག་དང་རང་ལུང་འཇོག་འགའ་ཞིག་བཅོས་བསྒྱུར་མ་བྱས་གསོན་པོ་དེ་བཞག་འདུག མོ་མ་བོན་སྨྱོུན་དེ་ཚོ་ཧ་བཤད་ཚ་རེ་ཚ་རེ་འགྲོ་གིན་འདུག་ཨ། ཚད་མའི་གཞུང་དེ་ཚོ་དཔལ་ལྡན་ཆོས་གྲགས་ཀྱི་ལུང་རིག་ཆ་ཚང་རྫུན་བརྒྱབ་པ་མ་གཏོགས་དེ་ལས་ལྷག་པའི་བོན་པོའི་རིག་པ་གཅིག་ཀྱང་མེད་འདུག་ཟེར་ཆོག་པ་རེད། ད་དུང་དེ་ལས་ངོ་ཚ་དགོས་པ་ཞིག་ལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཟེར་བ་དེ་ལ། བོན་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཟེར་ཡོད་རེད། ཤེས་བྱ་ཆོས་ཅན། ཡོད་པ་ཡིན་ཏེ། གཞི་གྲུབ་ཡིན་པའི་ཕྱིར་ཟེར་བ་དེར། བོན་ཆོས་ཅན། ཡོད་པ་ཡིན་ཏེ། གཞི་གྲུབ་ཡིན་པའི་ཕྱིར་ཟེར་ཡོད་ཟེར། དེ་དང་དེ་འདྲ་བའི་རྫུན་བཟོས་འབའ་ཞིག་རེད།
དགོང་དག་ངས་གོང་དུ་བྲིས་ཚར་དུས་ཡིག་ནོར་མ་བཅོས་གོང་དུ་གནན་ནོར་བྱས་ནས་ཡིག་ནོར་མང་པོ་ཤོར་འདུག རྗེས་མ་དུས་ཚོད་རྙེད་ན་འབྲི་འདུན་ཡོད།
དང་པོ་ཡི་གེ་ཞེས་པའི་ཚིག་འབྲུ་གཉིས་པོ་འདི་དུས་རབས་ག་དུས་བྱུང་མིན་ནི། སློབ་དཔོན་ཐོན་མིས་བོད་ལ་ཡི་གེའི་གསར་གཏོད་མཛད་པ་ནས་བྱུང་ལགས་སོ། །ཡི་གེ་ཞེས་པའི་སྐད་ཀྱི་གདངས་དང་ཡི་གེའི་གཟུགས་གཉིས་འཁྲུལ་མི་རུང་། གུ་གེ་ཞེས་པ་དེང་སང་སྟོད་མངའ་རིས་ཀྱི་ས་ཆ་རྩ་མདའ་རྫོང་ཁོངས་ཞང་ཞུང་ཟེར་བ་དེ་ལ་ཟེར་བ་མིན་ནམ་སྙམ། གུ་གེའི་སྐད་ལ་ཡི་གེ་ལ་གུ་གེ་ཞེས་འབོད་རུང་ཡང་གུ་གེ་ནི་བོད་སྤྱི་ལ་ཁྱབ་པའི་ཡི་གེའི་ཐ་སྙད་ཅིག་མ་ཡིན།
ཐོན་མིས་དཀའ་ལས་བརྒྱབ། བརྒྱབ་ནས་བོད་ཡིག་བཟོས། མཐར་བོད་པས་བོད་ཀྱི་ཡི་གེ་བཟོ་མཁན་ཐོན་མི་ཟེར་བ་ཞིག་བྱུང་མ་མྱོང་ཟེར་ན། ལས་འབྲས་ལ་ཡང་འགྲོ་ཨ་ཡོང་སྙམ་པས་་་་་་་་་་་་་
ཕྲན་རང་ངོས་ནས་བནྡེའི་གྲུབ་མཐའ་འཛིན་མཁན་ཡིན་ཀྱང་། དེང་སྐབས་བོན་པོ་ཚོའི་ནང་ལ་མཁས་པ་མང་བོ་འབྱུང་བཞིན་ཡོད་པར་ཡིད་རང་ཆེ་བ་ཡོད། ཁ་བརྡར་བྱོན་པའི་བནྡེ་རྣམ་པས་ད་དུང་ལུང་རིགས་ཇེ་མང་གནང་དགོས་པ་འདྲ།
ཡི་གེ་ཞེས་པའི་ཐ་སྙད་ཀྱི་སྒྲ་དོན་གང་ཡིན་ཁ་ཚོན་གཅོད་རྒྱུ་དཀའ་མོར་ཡོད། མིང་ཡིན་ཚད་རྗེས་གྲུབ་དོན་ལྡན་ཀྱི་ཐ་སྙད་ཡིན་མི་དགོས་པས། ཡི་གེ་ཞེས་པ་དེ་འདོད་རྒྱལ་ཐོག་མའི་མིང་ཙམ་ཡིན་སྲིད། དཔེར་ན་ཨིནྡ་རྙིལ་ཞེས་པའི་སྒྲ་ལྟར་མི་རིགས་གཞན་གྱི་སྐད་ཡིག་གི་སྒྲ་ཞིག་ཟུར་ཆགས་ནས་བྱུང་སྲིད་ཀྱང་། དཔྱད་པ་ལེགས་པོ་གནང་དགོས་ཀྱི། མཁས་དབང་དགེ་འདུན་ཆོས་འཕེལ་ཀྱིས་རང་རེ་བོད་པ་ཚོས་ས་མ་ཡ་ལྟ་བུའི་མིང་ལ་སྒྲ་དོན་གསར་བ་བཙན་གྱིས་སྦྱར་འདུག་ཅེས་སྐྱོན་བརྗོད་གནང་བ་དེ་མགོ་ཐོག་ལ་ལྷུང་ཉེན་ཆེ།
འབྲུག་དཀར་ལགས།
མཛོད་ཕུག་ལས།
སྟོབས་ལྡན་བློ་གསལ་དད་ཆེ་ལ།
ཀུན་གྲགས་རྒྱ་ཆེ་བསྟན་པར་བྱ།
མི་རྒྱལ་རིན་ཆེན་གཏེར་འཛིན་ལྟར།
གཏད་པ་དེ་ནི་བཙའ་བར་བྱ།
ཐམས་འབྱུང་བའི་མཛོད་ཕུག་འདི།
བློ་དམན་ཕུལ་གྱིས་མི་རྟོགས་ཏེ།
མུ་ལ་ཏིང་ཞུང་དང་ར་རྩ།
དེ་བཞིན་གཏིང་དཔག་དཔྱད་པ་དཀའ།
ཞེས་པས་དཀའ་ནི་རེད་ཡ།
སྒོ་སྟོན་ལགས། བོད་གྱི་བསྟན་བྱུང་བསྐུར་རྒྱུ་དཀའ་མོ་རེད་ཟེར་གྱི་ཡོད་པས། དེ་མིན་གཞན་ཡི་གེའི་སྐོར་དང་གོང་དུ་བཀོད་པའི་དྲི་བ་དེ་དག་གི་ལན་དཀའ་མོ་རེད་ཅེ་ན་དེ་ནི་དཀའ་མོ་ཡིན་པ་ང་རང་གིས་ཧ་གོ་ཚར། ཁྱེད་ཀྱིས་དཀའ་མོ་ཡིན་པའི་བསླབ་སྟོན་དགོས་པ་མེད།
ཡིད་དཔྱོད། ཡིད་ཀྱི་རྣམ་ཤེས། ཡི་རངས། ཡི་་་་་ཡི་་་་ཡི་གེ། དེར་བརྟེན་ཡི་གེ་ཞེས་པའི་ཡི་ནི་ཡིད་ཀྱི་རྣམ་ཤེས་ལ་གོ་དགོས། ཡི་གེའི་མཚན་ཉིད་ཀྱི་ཟུར་དུ་རྣམ་རིག་ཅེས་པ་ཞིག་ཀྱང་ཡོད། དེས་ན་ཡི་གེ་ནི་ཡིད་ལས་བྱུང་བས་ན་ཡི་གེ་ཞེས་བྱའོ། །
ལོ་པཎ་བཀའ་ཐང་ལས། ངེས་ཚིག་ཟས་སྐོམ་ཡིད་ལ་བཏགས།།ཞེས་པ་ལྟར་ཡི་དྭགས་ཞེས་པའི་ངེས་ཚིག་བཤད་པའི་ཡི་ནི་ཡིད་ལའང་གོ་ཆོག་པ་འདྲ། རྗེས་སུ་ཡི་རང་ལྟ་བུ། སེམས་དཔའ་ཞེས་པའི་ངེས་ཚིག་ནི། གཞན་དོན་སེམས་ཤིང་དེ་ལ་དཔའ།།ཞེས་པ་ལྟར་རོ།།
ཨ་ཨ་ཤ་ཚ་་་་་་་་་་་་་ད་ཡང་བོད་ཡིག་ཐོན་མའི་བཟོས་རེད་ཟེར་ནས་ངར་ངར་ཡང་ཉིན་ཞིག་ག་འདྲ་ལབ་ཡུང་ན།
སྔོན་མ་ལྷ་སྲས་དར་མ་བདུད་རེད་ཟེར།དིང་སང་ཡང་ཁུང་ལུང་དང་དྲང་བདེན་མདུན་ན་མཐོང་རྗེས་ཁ་གཙུམ་ནས་བསྡད་སོང་བ། དེ་ནང་བཞིན་ཡིན་འགྲོ། གང་ཤེས།
ཡི་གེ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དང་ངེས་ཚིག་གང་ཡིན་གསལ་བོ་ཞིག་སྔོན་ཆད་བོད་ཀྱི་མཁས་པ་སུས་ཀྱང་གསུངས་མེད། དེ་ནི་ཁོང་རྣམས་ཀྱིས་ཧ་མ་གོ་བའི་རྐྱེན་གྱིས་མ་ཡིན་པར། དེ་ཉིད་འདོད་རྒྱལ་ཐོག་མའི་མིང་རེད་དགོངས་ནས་རང་གར་བཞག་པ་རེད། གལ་ཏེ་ངེས་པར་དུ་དེའི་ངེས་ཚིག་ཞིག་བཙལ་དགོས་ཚེ། ལོ་རྒྱུས་དང་གནའ་བོའི་སྐད་རིགས་སྣ་ཚོགས་ལ་ཞིབ་འཇུག་ཆ་ཚང་བ་གནང་དགོས་ཀྱི། ཆུ་ཚོད་འགའ་ཤས་ཀྱི་ནང་ལ་ཐག་གཅོད་ག་ལ་འོས། འོ་ན། བོད་སྐད་ཀྱི་ཐ་སྙད་ཡོད་དོ་ཅོག་ལ་ངེས་ཚིག་འདྲེན་རྒྱུ་ཡོད་དམ། ཡོད་པར་འདོད་ན། གཡག ། འོ་མ། ཁ་བ། སྔོན་པོ། མཛེས་པ་སོགས་ལ་ངེས་ཚིག་ཡོད་པར་ཐལ་བ་མ་ཟད། འདོད་རྒྱལ་ཐོག་མའི་མིང་གཞི་མ་གྲུབ་པར་ཐལ་བའི་སྐྱོན་འབྱུང་།
པད་མ་དང་། ལོ་ཙ་བ་ལྟ་བུའི་མིང་འགའ་ཞིག་ལེགས་སྦྱར་ཀྱི་སྒྲ་དངོས་སམ་ཟུར་ཆགས་པའི་སྒོ་ནས་བོད་སྐད་ཀྱི་གྲལ་དུ་ཚུད་ཡོད་ཀྱང་། དེ་དག་ནི་དུས་རབས་བརྒྱད་པ་ཡས་མས་སུ་གཟོད་ནས་བྱུང་སྟབས། བོད་སྐད་དང་ལེགས་སྦྱར་ཀྱི་སྐད་རིགས་གཉིས་པོ་བརྡ་སྤྲོད་ཀྱི་ཁྱིམ་ཚང་གཅིག་གི་ནང་དུ་བསྡུ་མི་རུང་། ཡ་མཚན་པ་ཞིག་ལ། ཉི་ཧོང་དང་བོད་སྐད་གཉིས་ཕན་ཚུན་ནང་ཁུལ་ལ་མིང་ཚིག་གཅིག་པ་མང་བོ་འབྱུང་གི་འདུག །འདིིའི་ཐད་ལ་རང་གཞན་གྱི་མཁས་པ་སུས་ཀྱང་དཔྱད་ཞིབ་རྒྱ་ཆེན་པོ་གནང་ཡོད་པ་མ་མཐོང་། དེའི་སྐོར་ལ་ཐོག་དང་བོར་དོ་སྣང་ཅུང་བྱེད་མཁན་ནི་འཇར་མན་གྱི་ཡུལ་སྐོར་བ་Theodore Illionཞུ་བ་དེ་རེད། ཁོང་ནི་བོད་ལ་དུས་རབས་སྔོན་མའི་ལོ་རབས་སུམ་ཅུའི་ནང་དུ་ཕེབས་འདུག །ཁོང་གིས་རང་ཉིད་བོད་ལ་ཕྱིན་པའི་ཉམས་མྱོང་གཞིར་བཞག་ནས་དཔེ་དེབ་གཉིས་བརྩམས། བོད་དང་མི་རིགས་གཞན་གྱི་སྐད་རིགས་ལ་འབྲེལ་བ་ཅི་འདྲ་ཡོད་མེད་ཞིབ་འཇུག་བྱེད་ཐུབ་པ་བྱུང་ན། ང་ཚོའི་སྐད་ཡིག་འཕེལ་རིམ་ལེགས་པོར་རྟོགས་པ་ལ་ཕན་པ་སྨྲོས་ཅི་འཚལ།
ཡིད་ཀྱི་རྣམ་ཤེས་ཞེས་པའི་ཚིག་དང་ཡི་གེའི་ཐ་སྙད་ཟུང་ལ་འབྲེལ་བ་བསྒྲུབ་པ་འདི་སེམས་ལ་དེ་འདྲ་བདེ་བོ་འབབ་དཀའ། ཡིད་ཀྱི་རྣམ་པར་ཤེས་པའི་ཚིག་དེ་བོད་ཀྱི་ལོ་ཙ་བ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབས་རྣམས་བོད་སྐད་ཐོག་ཏུ་བསྒྱུར་སྐབས་གསར་དུ་བཟོས་པ་རེད། བི་དེ་རྣམ་པར་དང་། ཛྙཱ་ན་དེ་ཤེས་པར་བསྒྱུར་བས་ཤེས་སླ། སྐབས་དེར་བོད་ཀྱི་ལོ་ཙ་བ་ཚོས་དཀོན་མཆོག་དང་། ཆོས། བྱང་ཆུབ་སེམས་དཔའ། ཀུན་གཞི་སོགས་ཐ་སྙད་གསར་བ་མང་བོ་བཟོས། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ། བསམ་ཡས་སྒྲ་བསྒྱུར་གླིང་དུ་རྒྱ་གར་གར་གྱི་སློབ་དཔོན་དང་བོད་ཀྱི་ལོ་ཙ་བ་དག་གིས་མཉམ་སྦྲེལ་གྱིས་བོད་ཡིག་ལ་སྔར་མ་གྲགས་པའི་ཐ་སྙད་མང་བོ་བཟོས་ཡོད་པ་རེད།
གང་ལྟར་ཕྲན་གྱིས་བོད་ཡིག་ཐོག་མར་བཟོ་མཁན་སུ་ཡིན་ཐག་གཅོད་ཀྱི་མིན། འདིའི་སྐོར་ལ་སྐད་ཆ་བཤད་རྒྱུར་སེམས་ལ་དོགས་ཟོན་ཆེན་པོ་ཡོད། གང་ལགས་ཤེ་ན། བན་བོན་གང་རུང་གི་ཐུགས་ཧ་ཅང་ཕམ་འགྲོ་བ་འདྲ།
གངས་ཀྱི་རི་བོས་སྦས་པའི་ལྗོངས་དེ་ན། །
བན་བོན་ཞེས་པའི་དགེ་འདུན་སྡེ་གཉིས་ཀྱིས། །
ལོ་མང་གྲུབ་མཐའི་སྐོར་ལ་རྩོད་པ་འདིས། །
འདུ་ཤེས་ཕུང་བོ་ཞིག་ལ་རིང་བར་གྱུར། །
བོན་གྱི་ཕོ་སར་གཞོན་ནུ་དཔའ་བོ་དང་། །
བནྡེའི་མཛེས་མ་སྙིང་སྡུག་དགའ་མ་གཉིས། །
གཉིས་སྦྱོར་བདེ་བོའི་གད་མོ་སྒྲོག་ན་འང། །
བན་བོན་གྲ྄་བར་གཡུལ་འགྱེད་བྱུང་གྲབས་འདུག།
འཕགས་པའི་ཡུལ་གྱི་གོ་ཏ་མ་ཉིད་དང་། །
འོལ་མོ་ལུང་གི་སྟོན་པ་གཤེན་རབས་གཉིས། །
སྟོབས་བཅུ་མངའ་ལ་ཁྱད་པར་མ་མཆིས་ན། །
བན་བོན་ཐམས་ཅད་ནང་བའི་གྲྭལ་དུ་ཚུད། །
གཡག་རྫིས་ལགས་ཀྱིས་གསུངས་པ་ལ་ཡང་བདེན་པའི་ཆ་དང་མ་བདེན་པའི་ཆ་གཉིས་འདུག། བདེན་པའི་ཆ་ནི་”གལ་ཏེ་ངེས་པར་དུ་དེའི་ངེས་ཚིག་ཞིག་བཙལ་དགོས་ཚེ། ལོ་རྒྱུས་དང་གནའ་བོའི་སྐད་རིགས་སྣ་ཚོགས་ལ་ཞིབ་འཇུག་ཆ་ཚང་བ་གནང་དགོས་ཀྱི། ཆུ་ཚོད་འགའ་ཤས་ཀྱི་ནང་ལ་ཐག་གཅོད་ག་ལ་འོས།”གསུངས་པ་དེ་རེད།
མ་བདེན་པའི་ཆ་ནི། “ཡིད་ཀྱི་རྣམ་པར་ཤེས་པའི་ཚིག་དེ་བོད་ཀྱི་ལོ་ཙ་བ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབས་རྣམས་བོད་སྐད་ཐོག་ཏུ་བསྒྱུར་སྐབས་གསར་དུ་བཟོས་པ་རེད།”ཅེས་པ་དེ་རེད།
གལ་ཏེ་ཡིད་ཀྱི་རྣམ་ཤེས་ཞེས་པ་དེ་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་རྣམས་བོད་སྐད་ཐོག་ཏུ་བསྒྱུར་སྐབས་གསར་དུ་བཟོས་པ་བདེན་ན་ཡིད་ཀྱི་རྣམ་ཤེས་ལ་གོ་བའི་ཡིད་ཅེས་པའི་ཚིག་དང་འབྲེལ་བ་ཡོད་པའི་མིང་ཚིག་མཐའ་དག་དེ་དུས་ནས་གསར་དུ་བྱུང་བར་འདོད་དགོས་པར་འགྱུར། དཔེར་ན་ཡིད་དུ་འོང་བ། ཡིད་དགའ་བ་སོགས་དང་། འབྲུག་པའི་ཁ་སྐད་དུ་ཡང་ཡིད་ཀྱི་རྣམ་ཤེས་དང་འབྲེལ་བའི་ཐ་སྙད་དུ་མ་ཞིག་ལ་ཡིད་ཅེས་པའི་མིང་གིས་བསྙད་བཞིན་ཡོད་པ་དེ་དག་ཐམས་ཅད། དེ་དུས་ནས་གསར་དུ་འབྱུང་བར་འདོད་དགོས་པར་འགྱུར་རོ། དེ་ལྟར་འདོད་ན་དེའི་སྔོན་ཐ་སྙད་དེའི་དོད་ལ་ཐ་སྙད་ག་རེ་བེད་སྤྱད་གནང་ཡོད། དེ་ནི་ཡིད་རྣམ་ཞེས་པ་ལོ་ཙཱ་བ་དག་གིས་གསར་དུ་བཟོས་པར་འདོད་པ་རྣམས་ཀྱིས་ངེས་པར་དུ་སེམས་དགོས་པའི་གནད་ཅིག་རེད་དོ། །
མི་ཞེས་པ་དང་། དེ་བཞིན་རྟ། ཁྱི། རྩམ་པ། ཞང་ཞུང་། འབྲུག་ཡུལ། ཟ་ཧོར། འགྲོ་འདུག བྱ་བྱེད། ཕ་མ། ཤི་གསོན། སེམས། ང་ཁྱོད། ས་རྡོ། སྐྱག་གཅིན། ཤེས་པ། ལྷ། ཀླུ་ཡི་ཐ་སྙད་ཐམས་ཅད་དུས་རབས་བརྒྱད་པའི་སྐབས་གཞི་ནས་བོད་ལ་དར་བ་རེད། དེའི་གོང་ལ་བོད་མི་ཚོས་ཐག་མདུད་རྒྱག་པ་དང་། ལག་བརྡ་བྱེད་པ་ཙམ་ལས་གང་ཡང་ཤེས་ཀྱི་ཡོད་མ་རེད། གོང་གི་ཕ་མེས་ཀྱི་རྒྱལ་རབས་སུམ་ཅུ་སོ་གྲངས་ཀྱི་ལོ་རྒྱུས་དང་མཚན་ཡང་ཐག་མདུད་དང་ལག་བརྡར་བརྟེན་ནས་བློར་ངེས་ཐབས་བྱེད་ཀྱི་ཡོད་རེད། དུས་རབས་བརྒྱད་པར་ལོ་པན་བཀའ་དྲིན་ཅན་ཚོ་བོད་དུ་ཕེབས་མེད་ན་ད་ལྟ་ང་ཚོ་མིའམ་ཅི་ལས་མི་དངོས་གནས་པ་ཆགས་ཡོད་མ་རེད། སྤྲ་རྐུབ་ཀྱི་རྔ་མ་དེའང་དེང་སྐབས་ཆད་ཡག་རེད་ཡོད་ཀྱི་མ་རེད།
སྐབས་འདིར་ཕྲན་གྱིས་བསམ་བཞིན་དུ་ལོ་ཙ་བ་ཞེས་ཙའི་འོག་གི་འ་ཆུང་དེ་མར་བཏོན་པ་ཡིན། ཡོངས་གྲགས་ཀྱི་རྩོམ་རིགས་ཚང་མ་དང་ཚིག་མཛོད་རྣམས་སུ་ལོ་ཙཱ་བ་ཞེས་འ་ཆུང་བཏགས་ཡོད། འོན་ཀྱང་འདི་དང་འདི་འདྲ་བའི་ཐ་སྙད་ཀྱི་སྐོར་ཁག་གཅིག་ལ་བཅོས་བསྒྱུར་གཏོང་དགོས་པ་འདྲ། ལོ་ཙཱ་བ་ཞེས་པའི་ཐ་སྙད་དེ་བོད་ཡིག་རྣལ་མར་མི་འགྲོ །བོད་སྐད་ནང་རོལ་དུ་ལ་བཏགས་དང་ར་བཏགས་རྣམས་ཡོད་ཀྱི །འ་བཏགས་ཟེར་བ་བརྡ་གསར་རྙིང་གང་དུའང་གྲགས་མ་མྱོང་། དཔེར་ན་དབྱིན་སྐད་ལ་སོགས་པ་སྐད་རིགས་རྣམས་ཀྱི་ནང་དུ། སྐད་རིགས་གཞན་གྱི་མིང་ཚིིིིིག་ཐོན་ཚེ། རང་སྐད་དུ་གདངས་ཡིག་མ་གཏོགས་ཚབ་ཡིག་བཀོལ་གྱི་མེད། དབྱིན་ཡིག་ནང་དུ། རྩམ་པ་ལ་Tsampa ཞེས་པ་ལས་rtsampaདང་། གཡག་ལyakཞེས་པ་ལས་gyagཞེས་འབྲི་སྲོལ་མེད།
འདི་ལྟར་བཅོས་བསྒྱུར་མ་བཏང་ན། འཛམ་གླིང་གི་བརྡ་སྤྲོད་རིག་པའི་འགྲོ་སྟངས་དང་འགལ། མྱུར་དུ་བཅོས་ན། པཎྜིཏ་པན་ཏྲི་ཏ་ཞེས་འབྲི་དགོས་པར་ཐལ་ཞིང་། མིག་ལམ་བདེ་བོ་མེད་ངེས། འདིའི་སྐོར་ལ་ང་ཚོས་བསམ་བློ་གང་མང་གཏོང་དགོས་ལགས། གཞན་ཡང་སོག་སྐད་ལྟ་བུའི་མིང་ཚིག་བོད་སྐད་རང་ལ་འབྲི་སྐབས་སུ། དཔེར་ན་པཱ་ཐུར་ཞེས་པའི་འོག་ཏུ་འ་ཆུང་སྦྱར་བའི་དོན་པོ་གསལ་བོ་གང་ཡིན་ནམ། ལེགས་སྦྱར་གྱི་སྐད་ལ། སྒྲ་མདོར། ཐུང་ངུ་རིང་བོ་པླུ་ཏས་ཕྱེ་བ་རྣམས་འདྲབའོ། །ཞེས་དང་། དེ་ཡང་འགྲེལ་བ་ལས། གཅིག་གི་ཡུན་ཚད་ཐུང་ངུ་དང་། །གཉིས་ཀྱི་ཡུན་རིང་བོ་སྟེ། །གསུམ་གྱི་ཡུན་ཚད་པླུ་ཏ། །ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་མིང་ཚིག་བོད་སྐད་ལ་ཚབ་ཡིག་ཏུ་སྦྱོར་སྐབས་འ་ཆུང་གི་གཟུགས་སྦྱར་བར་དགོས་པ་ཡོད་པ་བརྡ་སྤྲོད་སྨྲ་བ་མང་བོས་མཁྱེན་གསལ་ལྟར་རེད།
དེ་དག་ལས་ཀྱང་དགོད་བྲོ་འོས་པ་ཞིག་ནི། ཐོན་མི་སོགས་སྔར་གྱི་བན་བོན་གྱི་བརྡ་སྤྲོད་པ་དག་གིས་མ་མཛད་པའི་ཧྥ་ཞེས་པའི་ཡི་གེ་གསར་བ་ཞིག་བྱུང་ཡོད། ཕལ་ཆེར་རྒྱ་ནག་གི་སྐད་གདངས་བཙན་གྱིས་བོད་སྐད་ལ་བསྒྱུར་སྐབས་སུ་གསར་བཟོས་བྱས་པ་འདྲ། དེ་ལྟར་ན། དབྱིན་ཡིག་གི་throat ལྟ་བུའི་སྒྲ་ལེགས་པོར་འདོན་ནུས་པའི་སླད་དུ། ཏྠྭ་ཞེས་པའི་ཡི་གེ་གསར་བ་བཟོ་དགོས་པར་འགྱུར་བས་ཐལ་ཆེ་བ་མ་ཡིན་ནམ། མཁས་པའི་ལྕང་སྐྱ་རོལ་བའི་རྡོ་རྗེ་ནི་མཁས་པ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་མོད། ཁོང་གིས་ཡིག་ནོར་དེ་ཉིད་ཀྱི་གསུང་རྩོམ་ནང་དུ་བཅུག་པ་མ་ཟད། ཡིག་ནོར་དེའི་བསྟན་པ་གངས་ཅན་ལ་དར་བར་མཛད་པར་བདག་བླུན་པོ་ཀྱང་ཡིད་འཐད་མི་ནུས།
ཡིད་ཀྱི་རྣམ་པར་ཤེས་པའི་ཚིག་གི་རྣམ་ཤེས་དེ་བོད་ཀྱི་ལོ་ཙ་བ་རྣམས་ཀྱིས་གསར་བཟོས་མཛད་པ་རེད་ཅེས་སྨྲས་པ་ལས། ཡིད། རྣམ་པར། ཤེས་པ་སོགས་མིང་ཚིག་རེ་རེ་བཞིན་ཁོང་ཚོས་བཟོས་པ་གཏམ་ནས་ལབ་མེད་པས། ས་རྡོ་དང་གཅིན་སྐྱག་སོགས་ཐ་སྙད་ཡོད་ཚད་ལོ་ཙ་བ་དག་གིས་གསར་དུ་བཟོས་པའི་སྐྱོན་མི་འབྱུང་བས་ཐུགས་བདེ་བར་བཞུགས།
གྲོགས་པོ་ཚོ། ད་ཕན་ཆད་ནས་ཕྲན་ནི་ཁ་བརྡར་འོང་རྒྱུ་མིན། བདུན་ཕྲག་ཁ་ཤས་ཀྱི་སྔོན་ལ་ཁ་བརྡ་བྱ་བའི་གླེང་སྟེགས་ཤིག་ཡོད་པ་གསལ་བོ་ཧ་གོ་གི་མེད། མི་ཁ་ཤས་ཀྱི་གླེང་སྟེགས་འདིའི་སྒང་ལ་ནུབ་ཕྱོགས་བོད་ཀྱི་རིས་མེད་མཁས་པའི་བགྲོ་གླེང་ཚོགས་འདུར་བྱོན་པའི་བླ་སྤྲུལ་རྣམས་ལ་ངན་སྨྲས་དང་སྐུར་འདེབས་ཀྱི་ཚིག་མང་བོ་བཀོད་ཡོད་པ་ཐོས་པས། ཕྲན་གྱི་གྲོགས་པོ་ནང་རྟོགས་དང་སྐུ་ཡོན་མཐོན་པོ་མཆིས་པ་ཁ་ཤས་ཚོགས་འདུ་དེར་ཕེབས་ཡོད་པ་ཐོས་པས། ཁོང་རྣམ་པའི་དཔུང་གྲོགས་ཀྱི་ཚུལ་དུ་གླེང་མོ་བྱེད་པར་ཡོང་། ཚང་མ་སྐུ་ཚེ་རིང་། བདེ་བོར་བཞུགས། བླུན་རྒན་པུར་མིང་ལ་གཡག་རྫིར་འབོད་པས། ཐུགས་ལ་དགོངས་འགལ་བྱུང་ཚེ་མཐོལ་ལོ་བཤགས།
ད་གཡག་རྫིས་ལགས་ཕེབས་ཚར། འོན་ཀྱང་ཚིག་འགའ་ཞུ་འདོད་བྱུང་། ནང་ཆོས་བོད་ལ་མ་བསྒྱུར་གོང་དུ་ཡིད་ཀྱི་རྣམ་ཤེས་ཟེར་བའི་ཐ་སྙད་ཅིག་མེད་ཀྱང་། ཡིད་ཀྱི་རྣམ་ཤེས་ལ་གོ་བྱེད་ཀྱི་ཐ་སྙད་ཡིད་ཅེས་པ་ཞིག་ཡོད་ན་དེ་གས་འགྲིགས་ཚར་བ་རེད། ཐ་སྙད་དེ་ལ་བརྟེན་ནས་ཡི་གེ་ཞེས་པའི་ཐ་སྙད་བྱུང་ལབ་ན་འགྲིགས།
ལོ་ཙཱ་བ་ཞེས་པ་མི་འགྲིགས་པའི་རྒྱུ་མཚན་ལ་བོད་ཡིག་བརྡ་གསར་རྙིང་གང་དུ་ཡང་འ་བཏགས་མེད་པས་སོ་ཟེར། ངའི་བསམ་པ་ལ་ཡ་བཏགས་དང་ར་བཏགས་སོགས་ཡོད་ཀྱང་འ་བཏགས་ཟེར་བ་ཞིག་མེད་དོན་ནི། འ་བཏགས་དང་ར་བཏགས་རྣམས་དམིགས་བསལ་གྱི་ཡི་གེ་འགའ་ཞིག་ལ་མ་གཏོགས་ཡི་གེ་ཚང་མར་སྦྱོར་མི་ཆོག་པ་དང་། འ་བཏགས་ནི་གསལ་བྱེད་སུམ་ཅུ་ཀུན་ལ་སྦྱར་ཆོག་པས་འ་བཏགས་ཞེས་པའི་ཐ་སྙད་ཅིག་མ་བརྩམས་པ་ཡིན་ནམ་སྙམ།
ད་ཁྱེད་ཚོས་་་ཡི་གེ་་་ཞེས་པའི་སྒྲ་དོན་ཙམ་ཡང་གསལ་པོ་མི་ཤེས་བཞིན་དུ་ད་དུང་དེ་ཐོག་མར་སུས་བཟོས་མིན་བརྩོད་པ་ནི་ཅུང་ཁྱད་མཚར། ཡི་གེ་་་་་ཞེས་པའི་མིང་ཚིག་འདི་འདོད་རྒྱལ་གྱི་མིང་རེད་ཟེར་ནའང་ཅུང་བློ་ལ་བདེ་པོ་ཞིག་མིན་འདུག། ཅིས་ན་དུས་ཕྱིས་བན་དེ་ཚང་གིས་དཔེ་བསྒྱུར་ཡིན་ཟེར་བ་མང་ཆེ་བ་ལ་འགྲེལ་བཤད་རྒྱ་གར་སྐད་དང་མཐུན་པ་ཞིག་རྒྱག་རྒྱུ་ཡོད་པ་རེད། བོད་ཡིག་དབྱངས་དང་གསལ་བྱེད་རྣམས་དབྱེ་བཅས་ཆ་ཚང་རྒྱ་གར་གྱི་ཡི་གེ་ལ་དཔེ་བླངས་ནས་བཟོས་པ་ཡིན་ན་་་ཡེ་གེ་་་་ཞེས་པའི་མིང་ཚིག་འདི་གཅིག་པུ་ལ་རྒྱ་གར་གྱི་རིག་སྒྲོས་དང་མཐུན་པའི་འགྲེལ་བཤད་ཁ་གསལ་པོ་ཞིག་ཁྱེད་ཚོ་ལ་ཤོད་རྒྱུ་མེད་ཅིས་ནོངས་པ་རེད། སྔོན་མ་བན་དེའི་མཁས་པ་དེ་ཚོས་་་་གཉའ་ཁྲི་བཙན་པོ་་་་་ཞེས་པའི་མཚན་བྱང་ལ་འགྲེལ་བཤད་བྱེད་དུས་་་གཉའ་ལྟག་སྒང་ལ་ཁྲི་བྱས་ནས་ཁྱེར་བས་ན་་་གཉའ་ཁྲི་་་ཟེར་བ་རེད་ཅེས་ཁུངས་བཙུན་མདོག་ཁ་པོས་འགྲེལ་བཤད་མང་པོ་བརྒྱབ་འདུག། ཤོད་སྟངས་དེ་ཚོ་ནི་བོད་ཀྱི་རྩ་བའི་སྐད་དང་རིག་གཞུང་གི་འགྲོ་སྟངས་ཡེ་ནས་མ་ཤེས་པའི་ནང་རྟགས་ཕྱིར་བསྟན་པ་རེད་མ་གཏོགས་་་གཉའ་ཁྲི་་་ཞེས་པའི་གོ་དོན་དེ་ལྟར་མིན་པ་བོན་གྱི་མཁས་དབང་རྣམས་ཀྱིས་ལེགས་པར་བཀྲོལ་ཡོད། ད་ཡི་གེའི་གོ་དོན་ཡིན་མདོག་ཁ་པོ་དེ་ཚོ། ཤོད་མ་སྔ་མ་གཏོགས་ཡང་བསྐྱར་རྔོ་ལོ་ཕྱར་ཡོང་ད། ཁྱེད་ཚོས་་་ཡི་གེ་་་ཞེས་པའི་སྒྲ་བཤད་ཟེར་ཤོད་པ་ནི་ཁུངས་ཐུབ་ཀྱི་ཤོད་སྟངས་མ་རེ། སྒྲ་བཤད་ཡིན་ན་ཁྱབ་པ་མེད་ཅིང་ངོས་འཛིན་བྱེད་ཐུབ་པ་ཙམ་ཞིག་ལ་གོ་དགོས་པ་དང། ཡི་གེ་་་ནི་ང་ཚོའི་རྣམ་དཔྱོད་ཀྱི་རྩལ་ཡོངས་རྫོགས་སྟོན་པར་བྱེད་མཁན་ཞིག་ཡིན་པས་འདིའི་གོ་དོན་ངེས་པར་དུ་ཤེས་དགོས་པ་འདུག། ཡང་གང་ཞིག་གིས་་་ཡི་གེ་་་ཞེས་པའི་ཡི་དེ་ཡིད་ལ་གོ་དགོས་རབས་ཤིག་བཤད་འདུག་བ། དེ་ལྟར་ཡིན་ན་ཡི་གེའི་མཚན་ཉིད་འཇོག་སྐབས་སུ་མཁས་པ་རྣམས་ཀྱིས་བརྗོད་བྱེད་ཀྱི་་་སྒྲ་་་ཕྲ་བར་གྱུར་པ་གསུངས་པ་དེ་དང་རྒྱབ་འགལ་སོང་བ་མ་ཡིན་ནམ། གང་ལྟར་ཡི་གེ་་ཡིན་ན་སྒྲ་ཕྲ་བར་གྱུར་བ་ཞིག་ཡིན་དགོས་པ་གསལ་བར་གསུངས་པས་སོ། ཡང་ཡིད་དང་སྒྲ་གཉིས་ཀྱི་གཞི་མཐུན་གསར་པ་ཞིག་འཇོག་འདོད་ན་ཁྱེད་ཚོས་འདོད་པ་ལྟར་བྱོས། །
བོད་རང་གི་ཡི་གེ་ཡོད་པར་བཞེད་པ་རྣམས་ལ་གླེང་བ། སྐྱོན་གང་པོ་ཐོན་མིའི་དང་དུས་མཉམ་པའམ། དེ་རྗེས་ཀྱི་བོད་མི་རྣམས་ཀྱིས་སྔར་ཡོད་ཀྱི་ཡིག་གཟུགས་ལ་བདག་པོ་རྒྱབ་མ་ཐུབ་པ་དེ་ཡིན་འདུག གལ་ཏེ་དེ་དག་གིས་སྔར་ཡོད་པའི་བོད་ཀྱི་ཡིག་གཟུགས་དེ་ལ་བདག་གཉེར་བྱས་པ་ཡིན་ན། ཐོན་མིས་གསར་དུ་ཁྱེར་འོངས་པའི་རྒྱ་གར་གུཔྟའི་ཡིག་གཟུགས་དེ་བོད་ལ་དར་མི་ཐུབ། ད་ལྟ་ནི་གུཔྟའི་ཡིག་གཟུགས་ཀྱི་རྒྱུན་དེ་ལ་བོད་ཡིག་ཅེས་བན་བོན་ཚང་མས་བཀོལ། རང་རང་གི་རིག་གཞུང་རྣམས་བོད་ཡིག་གི་རྒྱུན་ཅན་གྱི་ཡི་གེར་མེད་པར་གུཔྟའི་ཡིག་རྒྱུན་དུ་ཡོད་པ་འདི་ཉིད་བོད་རང་ནས་བྱུང་བ་དགོས་པར་འདོད་པ་རྣམས་ལ་བློ་ཕམ་པའི་གནས་ཤིག་ཏུ་ཆགས་མི་འདུག་གམ། ཞེས་ཞུ་བ་ལགས་སོ།།
བོན་པོ་ལགས། བན་དེས་བཤད་པ་ཚང་མ་རྫུན་པ་ཡིན་མདོག་མདོག་དང་བོན་པོས་བཤད་པ་ཚང་མ་བདེན་པ་ཡིན་མདོག་མདོག་མ་བྱས། སུ་ཞིག་གིས་བདེན་པ་བཤད་པ་དང་སུ་ཞིག་གིས་རྫུན་པ་བཤད་པ་ནི་ལས་སླ་པོ་བྱས་ནས་ཁ་ཚོན་གཅོད་ཐུབ་ཀྱི་མ་རེད། ངས་གོང་དུ་ཞུས་པ་ལྟར་བོན་གྱི་མདོ་མང་ལ་བན་དེའི་མདོ་མང་དུ་བཞུགས་པའི་ཆོས་ཚན་མང་པོ་ཞིག་བཞུགས། དེ་ཚོ་ཡང་བོན་པོ་ཚོས་བན་དེས་བོན་པོ་ནས་བརྐུས་རབས་བཤད་ཀྱི་ཡོད་སྲིད། སུ་ཞིག་གིས་སུ་ཞིག་ནས་བརྐུས་པ་ཡིན་དང་། སུ་ཞིག་གིས་བཤད་པ་བདེན་པ་དང་སུ་ཞིག་གིས་བཤད་པ་རྫུན་པ་ཡིན་ནི་ལོ་སྟོང་ཕྲག་ཁྲི་ཕྲག་ལོན་པའི་རྒན་པོ་དག་གིས་མ་གཏོགས་ཤེས་ས་མ་རེད། དེ་ཡིན་དུས་བོན་པོ་ལགས་དེ་ཙམ་ཧམ་པ་ཆེན་པོ་མ་གནང་རོགས་ཞེས་གསོལ་འདེབས་ཀྱི་ཚུལ་དུ་ཞུས་པ་ལགས།
ཀྱེ་གྲོགས་པོ་ཚོ། ང་རང་ཕྱིར་ཁ་བརྡར་སླེབས་ཡོད། དུས་རབས་བརྒྱད་པའི་སྔོན་རོལ་ནས་ཡིད་དང་རྣམ་པར་ཞེས་པའི་ཡི་གེ་བོད་ལ་ཡོད་སྲིད། འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དེ་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་རྣམས་ལེགས་སྦྱར་ནས་བོད་སྐད་ལ་སྒྱུར་སྐབས་བཟོས་པ་གོར་མ་ཆག། སྒྲ་སྦྱོར་བམ་གཉིས་ལ་གཟིགས་ན་ཧ་གོ་འོང་། འོན་ཀྱང་ཡི་གེ་དང་ཡིད་ཞེས་པའི་མིང་ཚིག་གཉིས་ལ་འབྲེལ་བ་ཡོད་པར་སྨྲ་བ་བདེན་སྲིད་ཀྱང་། ཕྲན་གྱི་བློ་ལ་དེ་འདྲ་བབས་མ་སོང་། ངས་སྙམ་ན་དེ་གཉིས་ཀའི་བར་ལ་ངེས་ཚིག་གི་འབྲེལ་བ་ཞིག་གཏན་ནས་མ་མཆིས། ངའི་བློར་མ་བབས་ན་མི་བདེན་པས་མ་ཁྱབ་པས། ཁྱེད་རང་ཚོས་མུ་མཐུད་དུ་ལུང་རིགས་ཀྱི་སྒོ་ནས་རང་གི་བཞེད་པ་ཚད་མར་སྒྲུབ་རོགས།
སྐད་ཡིག་གླེང་བའི་སྐབས་སུ་ནང་བའི་མཚན་ཉིད་རིག་པ་དང་ཡར་བསྲེ་མར་བསྲེ་བྱེད་པར་ལེགས་ཆ་ཡོད་སྲིད་ཀྱང་། དེ་ལ་སྐྱོན་ཆའང་མང་བོ་འབྱུང་སྲིད། དཔེར་ན་ཡི་གེའི་མཚན་ཉིད་འཇོག་སྐབས་སུ། རྣམ་འགྲེལ་དུ། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་དང། བསྡུས་གྲྭའི་སྐབས་སུ། མིང་ཚིག་ཅི་རིགས་པའི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ཡི་གེའི་མཚན་ཉིད་དུ་བཞག་ཡོད་པ་ཁུངས་བྱས་ནས་ཡི་གེའི་ངོ་བོ་གཏན་ལ་འབེབ་པ་ནི་མི་འོས་ཏེ། གཞན་དུ་ན་ཚད་མ་དང་བརྡ་སྤྲོད་རིག་པ་སོགས་འདྲེས་དྲགས་པའི་སྐྱོན་འབྱུང་། ཕྱིས་ཀྱི་མཁས་པ་ཨ་མདོ་བ་དམུ་དགེ་བསམ་གཏན་གྱིས་བློ་གསར་དགའ་སྟོན་སོགས་བརྩམས་ནས། གོང་གི་བསྡུས་གྲྭའི་ལུང་དེ་དྲངས་ནས། ཡི་གེའི་མཚན་ཉིད་བཞག་པ་ནི་ཤིན་ཏུ་མི་འོས་པར་མཐོང་། བརྡ་སྤྲོད་པའི་རང་ལུགས་ལ་གཞིར་བྱས་ནས་ཡི་གེའི་ངོ་བོ་ངོས་འཛིན་རྒྱུ་གལ་ཆེ།
གཞན་དུ་ན་ཚད་མའི་སྐབས་སུ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་།།མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་མིག་འཛུམ་གཅིག་གི་ཚད་ལ་གནས་པའི་རྗོད་བྱེད་ཀྱི་སྒྲ་གདངས་ཡོད་ཚད་ཡི་གེར་འདོད་དགོས་པ་མ་ཟད། ཨ་ཕ་དང་ཨ་མ་ཞེས་འབོད་ཤེས་པ་ཙམ་གྱིས། ཡི་གེ་ཀློག་ཤེས་པར་ཐལ་བས་ན། བྱིས་པ་ཡན་ཆད་ནས་འཛམ་བུའི་གླིང་གི་མི་ཚང་མས་ཡི་གེ་ཀློག་ཤེས་པར་མི་འདོད་བཞིན་དུ་ཁས་ལེན་དགོས་པས་དགོད་ཤིན་ཏུ་བྲོ། དེས་ན་དམུ་དགེ་བསམ་གཏན་ཁོང་མཁས་པ་ཞིག་ཡིན་པ་སྨྲོས་མ་དགོས་ཀྱང་། ཁོང་གི་གསུངས་པ་ཚང་མ་འགྲིག་པར་འདོད་མི་ནུས།
མིག་འཛུམ་གཅིག་གི་ཚད་ཡན་ཆད་ལ་ཞེས་བཅོས་རོགས།
ད་ཡང་ཁྱེད་ཚོས་ཡིག་གཟུགས་བཟོས་པ་རེད་མ་གཏོགས་ཡི་གེ་བཟོས་ཡོད་མ་རེད་ལབ་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་ན་བོད་ཡིག་གི་ཡིག་གཟུགས་ལ་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་རེད། དེ་ཡང་དབུ་ཅན་ཟེར་བ་དང་དབུ་མེད་ཟེར་བ། ཡང་ན་ཡིག་དཀར་ཟེར་བ་དང་ཡིག་ནག་ཟེར་བ། ཡང་ན་ཚུགས་རིང་ཟེར་བ་དང་དང་ཚུགས་ཐུང་ཟེར་བ། གང་ལྟར་མདོར་བསྡུས་ན་ ཡིག་དཀར་་་་ཡིག་ནག་(འཇེབ?)་་་་འབྲུ་ཡིག་་་ཁྱུག་ཡིག་་་འདི་བཞི་པོའི་ནང་དུ་བསྡུས་ཀྱི་མེད་འགྲོ། འཁྱུག་ཡིག་འདི་སུས་བཟོས་པ་ཡིན་ཤོད་རྒྱུ་ཅང་མི་འདུག་ང་ལ་ནི་ཕན་ཐོག་ཤོས་འདི་ཡིན། ད་ཡིག་གཟུགས་ག་འདྲ་དེ་གསར་བཟོ་བྱས་པ་རེད་དམ། འདི་ཚོས་ནང་ནས་གུཔྟའི་ཡིག་གེ་དང་འདྲ་བ་གང་རེད་འདུག། མ་འདྲ་བ་གང་རེད་འདུག། མ་འདྲ་བ་དེ་ཚོ་སུས་བཟོས་པ་རེད། གསལ་པོ་ཤོད་མ་གཏོགས་ཉག་གེ་ཉོག་གེ་བཤད་མ་ཙམ་གྱིས་འགྲིག་ལེ་མ་རེད་ད་ཨ་རོགས།
ཐོན་མིས་དང་པོ། དབུ་ཅན་བཟོས་ནས་དབུ་མེད་ནི་རང་བཞིན་མགྱོགས་འབྲི་བྱས་ནས་བྱུང་བ་འདྲ།
ཐོན༌མའི༌དང༌པོ༌བཟོས༌པའི༌ཡིག༌གཟུགས༌ཀྱི༌མིང༌ག༌རེ༌ལབས་ཀྱི་ཡོད་རེད།
བཀྲ་ཤིས་བདེ་ལེགས།
བོད་ཀྱི་ལོ་རྒྱུས་མཁས་པ། མེས་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས། སུམ་ཅུ་པ་ཐོན་མིས་མཛད་པ་མ་ཡིན་པའི་སྒྲུབ་བྱེད་གཅིག་ནི། བླ་མ་ཞེས་པའི་ཚིག་ཡོད་པ་དེ་བཀོད། ཐོན་མི་ཞལ་བཞུགས་པའི་དུས་ལ་བོད་ལ་བླ་མ་ཞེས་པའི་མིང་ཚིག་དེ་མེད་པར་འདོད་པ་མཆིས་པ་འདི་ལ་ཁྱེད་རྣམས་ལ་དགག་པ་རེ་ཡོད་ན། ཡོད་ན། རྒྱབ་རན། སུམ་རྟགས་ཀྱི་ཚིགས་བཅད་མང་ཆེ་བ་ས་སྐྱ་པཎྜིཏའི་ཡི་གེའི་སྦྱོར་བ་ནས་བརྐུས་སོ། ཞེས་ཟེར་འདི་ལ་ཡང་དགག་པ་རེ་ཡོད་ན། རང་རང་སོ་སོའི་བློ་རྩལ་སྟོན་པའི་དུས་ལ་སླེབས་སོ།།
སུམ་རྟགས་ཀྱི་ཚིགས་བཅད་མང་ཆེ་བ་ས་སྐྱ་པཎྜིཏའི་ཡི་གེའི་སྦྱོར་བ་ནས་བརྐུས་སོ། ཟེར་ན། སུམ་གཉིས་པོ་སྒྲིག་མཁན་ཨ་ནུ་དེ་ཕ་བཟང་སུའི་བུ་རེད། ས་པཎ་རྗེས་ལ་བྱུང་ན་ཡིབ་དགོས་དོན་ཅི།
ཐོན་མིས་བླ་མ་ཞེས་འབྲི་མི་ཤེས་ན། ནང་པས་ཀྱང་རྫོགས་ཆེན་ཞེས་འབྲི་ག་ལ་ཐུབ། དེས་བོན་བཅོས་ནས་ཆོས་གྱུར་བའི་སྐྱོན་འདོན་ཡང་དེར་ཐལ་ལོ། ཧཧཧཧཧཧཧཧཧ།
རྒན་བློ་བཟང་འཇམ་དཔལ་ལགས་སུ།
ཐོན་མིའི་དུས་སུ་བླ་མ་ཞེས་པའི་ཚིག་མེད་པས་ཐོན་མིའི་སུམ་ཅུ་པའི་རྩ་བའི་ནང་ཚིག་དེ་མེད་དགོས་དོན་མི་འདུག་སྙམ། སངས་རྒྱས་ཀྱིས་དུས་འཁོར་གསུངས་པའི་ཚེ་ལྡི་ལི་ཞེས་པའི་ཚིག་ལྟ་ཅི་ལྡི་ལིའི་གྲོང་ཁྱེར་དེ་ཡང་གཞི་ནས་བརྩིག་རྒྱུ་ཡིན་མོད། དུས་ཀྱི་འཁོར་ལོར་གྲོང་ཁྱེར་ལྡི་ལིའི་བརྡ་ཆད་ཐོན་བཞིན་ཡོད་པར་བཤད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་མཁས་བླུན་མང་པོའི་ལག་བརྒྱུད་ཀྱིས་འོང་པའི་གཞུང་ལུགས་ཤིག་ལ་བསྲེ་ལྷད་ཀྱི་སྐྱོན་ཡོན་ཅི་ཡང་འབྱུང་སྲིད།
སུམ་ཅུ་པའི་རྩ་བའི་ཚིག་རྣམས་ས་པཎ་གྱི་ཡི་གེའི་སྦྱོར་བ་ནས་བརྐུས་ཟེར་བ་ལས་སུམ་ཅུ་པའི་རྩ་བར་ས་པཎ་གྱི་བཟོ་བཅོས་ཐེབས་ཟེར་བ་རྒྱུ་མཚན་ཆེ་བར་མཐོང་བཞིན་ཡོད།
ས་པཎ་གྱིས་རྗེ་བཙུན་གོང་མ་རྣམ་གསུམ་གྱི་སྔགས་དང་འབྲེལ་བའི་བསྟན་བཅོས་འགའ་ཞིག་ལ་ཡང་ཞུ་དག་གི་ཚུལ་གྱིས་ཚིག་ཚོགས་མང་དྲགས་པའི་རིགས་ལ་ཚིག་སྣ་བསྲིང་བ་དང་བསྡུས་དོན་ཧ་ཅང་རྒྱས་པ་རྣམས་ཉུང་ངུར་མཛད་པ་སོགས་བཟོ་བཅོས་མང་དག་གནང་ཡོད་པའི་སྐོར་ཞུ་ཆེན་གྱི་རྣམ་ཐར་དུ་གསལ་བཞིན་འདུག
དེ་དང་མཚུངས་པར་ཏན་ཏན་སུམ་རྟགས་རྩ་བར་ས་པཎ་གྱིས་བཟོ་བཅོས་མཛད་ཡོད་པར་དྭོགས་པ་མི་དགོས། གལ་ཏེ་དེ་ལྟར་བཟོ་བཅོས་མཛད་མེད་ན་བོད་ཡིག་འདི་དུས་དང་མཐུན་པར་ཡར་རྒྱས་ཀྱང་ཡོང་ཐབས་མེད་པ་རེད།
ས་པཎ་གྱིས་སུམ་རྟགས་རྩ་བར་བཟོ་བཅོས་མཛད་ཟེར་བའི་སྐད་ཆ་འདིར་ཚན་རིག་དང་མཐུན་པའི་ཁུངས་སྐྱེལ་ཞིག་ཁག་པོ་རེད། འོན་ཀྱང་ལོ་ཆེན་རིན་བཟང་གིས་མཛད་མེད་ན་ཕལ་ཆེར་ས་པཎ་གྱིས་མཛད་དགོས་ངེས།
འཇིགས་མེད་བློ་གྲོས་མཆོག
ས་སྐྱ་པཎྜིཏའི་དུས་སུ། ས་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་ཡོད་པ་ཡིན་ན། ས་པཎ་གྱིས། དེ་དག་གི་མཚན་ཙམ་ཡང་མ་གསུངས་པར། རང་གི་ཡི་གེ་སྦྱོར་བ་ན་སུམ་རྟགས་ཀྱི་ཚིགས་བཅད་མང་པོ་རང་ཉིད་ཀྱི་ཡིན་པར་སྟོན་ཐུབ་བམ། གཞན་ཡང་ས་པཎ་གྱིས་སུམ་རྟགས་ལ་རྩིས་མེད་པར་སྨྲ་སྒོ་མཚོན་ཆ་དེ་ཉིད་རྩད་ཅན་དུ་མཛད་པའི་དོན་དག་གང་ཡིན་ནམ། ངའི་བསམ་པ་ལ་བོད་ཀྱི་སྐད་སྔར་བྲིས་པ་ལས་ཁ་སྐད་དེ་ཤུགས་ཆེ་བར་སོང་ནས། སློབ་དཔོན་ཐོན་མིས་བྲིས་པའི་ལུང་དུ་སྟོན་པའི་བསྟན་བཅོས་བརྒྱད་པོ་དེ་བོད་སྐད་འགྱུར་བའི་དབང་གིས་ཕན་པ་མེད་པས། བདག་པོ་བདག་པོ་རྒྱབ་མ་ཐུབ་པར་བརླག་སྟོར་དུ་སོང་། དུས་ཕྱིས་རྒྱ་གར་ནས། བཀའ་བསྟན་མང་དུ་བསྒྱུར་པར་བོད་སྐད་སྲ་བརྟན་ཆགས། དེ་དག་སྐད་གཞིར་བཟུང་། སྨྲ་སྒོ་མཚོན་ཆ་དང་། སུམ་རྟགས་སོགས་བརྡ་སྤྲོད་ཀྱི་བསྟན་བཅོས་མང་དུ་བརྩམས་དང་རྩོམ་བཞིན་པ་ལགས་ཀྱང་། བཀའ་བསྟན་གསུང་འབུམ་བཅས་མཁས་པས་བྲིས་པ་ལ་མ་བསྟུན་ན། ཁ་སྐད་འགྱུར་བའི་དབང་གིས་བརྡ་སྤྲོད་བྲིས་མ་དག་ལ་བསྟུན་མི་ཐུབ་པ་ནི། སུམ་ཅུ་པ་ན། བདག་སྒྲ་ལ་པ་ཡིག་གཅིག་པུར་གསུངས་ཀྱང་། ཕྱིས་སུ་ཁ་སྐད་ཀྱི་ཤུགས་ཀྱིས་བདག་སྒྲ་ལ་པ་དང་བ་གཉིས་ཀ་འདོད་མཁན་དང་། ཡུལ་གནས་ཀྱི་དབང་གིས་པ་གཅིག་པུར་འདོད་པ་དང་། བ་ཡིག་ཀྱང་བདག་སྒྲར་འདོད་པ་བྱུང་། ལེགས་སྦྱར་སྐད་དུ། དེ་འདྲ་མ་ཡིན་པར་མིང་ཚིག་དག་ཆ་ལ་མཁས་པ་དག་གིས་ཤུགས་རྒྱབ་པས། ལོ་བཞི་སྟོང་སྔོན་དུ་བྲིས་པའི་སྒྲ། པཱ་ཎི་པ། ད་ལྟར་ཡང་ལེགས་སྦྱར་སྐད་སྦྱོང་བ་པོ་ལ་ཕན་ཐོགས་པ་ཡོད། བོད་ཀྱི་ཁ་སྐད་དུ། མིང་ཚིག་སོགས་ཀྱི་སྒྲ་ཇེ་ཆུང་དུ་འགྲོ། ལ་དྭགས་སོགས་བོད་ནུབ་ཕྱོགས་སུ། འབྲེལ་སྒྲ་བྱེད་རྣམས་ཀྱི་གསལ་བྱེད་གང་ཡིན་མེད་པར་སོང་ནས། ཨི་དང་ཨིས་རྐྱང་རྐྱང་ལུས། ཁ་སྐད་བཞིན་འབྲི་ན། བསྟན་བཅོས་དང་ཆེས་མི་འདྲ་བར་འགྱུར། དེ་བཞིན་དུ་ཁ་སྐད་བཞིན་འབྲི་ན། ཡིན་པས། ཞེས་པ་དེ། ཡིན་པའི། ཞེས་པ་མང་དུ་མཐོང་། འདི་ལན་མང་དུ་བྲིས་ཀྱང་། སླར་སྤྲོས་སོ། །
གནད་དུ་ཁེལ་བ་བྲིས་གནང་འདུག མཁས་དབང་གངས་སེང་ལགས་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་བསྒྲུབས་པའི་རྩོམ་ཡིག་དེ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་སྒྲུབ་བྱེད་འགའ་ཞིག་རབ་བེ་རིབ་བེ་ལས་ཁ་གསལ་ངོ་འཕྲོད་པ་ཞིག་མི་འདུག །སྒྲུབ་བྱེད་རེ་འགའ་སྒྲུབ་བྱེད་ལྟར་སྣང་ཙམ་ལས་ཡང་དག་ཏུ་གྱུར་བར་དཀའ་འདུག་སྙམ་མོ།
སྒྲུབ་བྱེད་རེ་གཉིས་ནི་གནད་ལ་ཁེལ་བར་གྱུར་འདུག་དྲན་གྱིན་ཡོད།
གུས་པས་རྒྱབ་སྐྱོར་གྱི་ཚུལ་དུ་སྒྲུབ་བྱེད་རེ་གཉིས་ཤིག་འདིར་གཞག་གིན་ཡིན་་་་་
༡༽སྔོན་གྱི་ལོ་རྒྱུས་སུ་རྒྱ་གར་གྱི་མཁས་པ་ལི་བྱིན་གདན་དྲངས། ཐོན་མི་མི་ཆུང་གིས་ཡི་གེ་བསྒྱུར་ཞེས་གསལ།
༢༽ལྕོགས་སྟོན་རིན་ཆེན་བཀྲིས་ཀྱི་བརྡ་གསར་རྙིང་གི་རྣམ་གཞག་ཏུ་བོད་ཀྱི་ཡི་གེ་ལ་བཀས་བཅད་གསུམ་མཛད་པར་བཞེད་ཡོད།
བཀས་བཅད་དང་པོ་འགོ་ཐོན་མིས་བརྩམས་པར་བཞད་ཡོད། (བཀས་བཅད་ཀྱི་དོན་ནི་ཡི་གེ་ལ་བསྒྱུར་བཅོས་སམ་བཟོ་བཅོས་བྱེད་པའི་དོན་ཡིན།)
༣༽ཐོན་མིས་བོད་ཡིག་གསར་བཟོ་མཛད་པ་འདོད་མཁན་ཚོས་ཀྱང་གྲ་མ་འགྲིག་པའི་སྐད་ཆ་ཞིག་བརྗོད་ཡོད། ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ཏེ་བོད་ཀྱི་ཡིག་གཟུགས་གསར་བཟོ་མཛད་ཚུལ་དེ་རེད། དེའི་དོན་དངོས་ནི་ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེར་བྱས་ཏེ་བོད་ཀྱི་སྔ་ཡོད་ཡིག་གཟུགས་ལ་བཟོ་བཅོས་བྱས་ཡོད་པ་གཏན་ཁེལ་རེད། (འདི་ནི་ངའི་བསམ་ཚུལ་ཡིན།)
༤༽ཏུན་ཧོང་ཡིག་ཆ། དབོན་ཞང་རྡོ་རིང་། ཞོལ་རྡོ་རིང་། བསམ་ཡས་རྡོ་རིང་སོགས་བཙན་པོ་ཚོའི་དུས་སྐབས་ཀྱི་ཡིག་རྙིང་འགངས་ཆེན་པོ་དེ་ཚོའི་ནང་དུ་ཐོན་མིས་ཡི་གེ་གསར་བཟོ་མཛད་ཚུལ་ཞིག་དང་ཕར་བཞག་སྟེ་ཐོན་མིའི་མཚན་ཡང་མཐོང་ཤིན་ཏུ་དཀོན་པོར་གྱུར་ཡོད།
སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་བསྒྲུབས་པའི་རྩོམ་ཡིག་དེའི་འོག་ཏུ་མཆན་དུ་མ་ཞིག་བཏབ་འདུག་ཀྱང་རེ་འགའ་ལས་བཀླགས་ཁོམ་བྱུང་མ་སོང་ལ་ཀློག་ཚོད་ཡོད་སའང་མི་འདུག །གཡུང་དྲུང་བོན་ཆོས་ཀྱི་དར་འཕེལ་དང་ཞང་ཞུང་གི་དར་རྒུད་གཉིས་ནི་བོད་གངས་ཅན་པའི་བྱུང་རབས་ནང་གི་ཆེས་ཐོག་མའི་ལེའུ་གལ་འགངས་དེ་ལས་ཆེ་རྒྱུ་མེད་པ་ཞིག་ཏུ་གྱུར་ཡོད་པ་ནི་མངོན་སུམ་ཚད་མར་གྱུར་ཡོད་རེད། དེ་འདྲའི་བོད་ཀྱི་ལོ་རྒྱུས་ཀྱི་ཆེས་ཐོག་མའི་ལེའུ་འགངས་ཆེན་པོ་དེ་བར་སྐབས་ཤིག་ནས་ང་ཚོ་ཚོ་ཕྱི་རབས་པ་ཚོའི་དབང་པོ་མངོན་སུམ་གྱི་སྤྱོད་ཡུལ་དུ་རབ་རིབ། ལྡབ་ལྡིབ། མག་མུག །ཀྱག་ཀྱོག། །ལྐོག་འགྱུར་ཅན་དུ་གྱུར་ཟིན་པ་རེད། དེས་ན་གཡུང་དྲུང་བོན་པོ་ཚོས་གནའ་བོའི་ཞང་ཞུང་གི་ཤེས་རིག་རྣམས་ཁ་མ་གསལ་བ་དག་གསལ་བ་བཟོས། མ་ཚང་བ་རྣམས་ཚང་བར་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་ཆེས་ཐོག་མའི་ལེའུ་དེ་སོར་ཆུད་མཛད་ཐུབ་ན་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ངོ་མ་དང་ངོ་བོ་ངོ་མ་དེ་ཚོ་འབུར་དུ་ཐོན་འོང་གིན་རེད། ང་ཚོས་བསམ་གཞིགས་བྱེད་དགོས་སའི་དཀའ་གནད་ཅིག་ནི་གཉའ་ཁྲི་ནས་སྲོང་བཙན་བར་དུ་ཡར་ཀླུང་གི་རྒྱུལ་རྒྱུད་སོ་གཉིས་སམ་སོ་གསུམ་ཐམ་པ་བྱུང་ཟིན་པ་རྣམས་རེད། སྲོང་བཙན་གྱི་ཡབ་ཀྱི་ལོ་རྒྱུས་ཕྲན་བུ་ཞིག་ཡོད་རེད། སྲོང་བཙན་ནས་མར་གླང་དར་བར་གྱི་ལོ་རྒྱུས་འགྲིག་ཐག་ཆོད་ཅིག་ཡོད་རེད། ཡིན་ནའང་གནམ་རུ་སྲོང་བཙན་གྱི་ཡར་ངོས་ཀྱི་ལོ་རྒྱུས་ཆེས་ལྐོག་འགྱུར་ཅན་དང་ཆེས་མུན་ཁུང་ཅན་དུ་གྱུར་ཟིན་པ་རེད། བྱས་ཙང་ང་ཚོས་སྲོང་བཙན་གོང་གི་ལོ་རྒྱུས་གླེང་དགོས་ལ་སྲོང་བཙན་གོང་གི་ལོ་རྒྱུས་འཚོལ་དགོས་ངེས་རེད། ལོ་རྒྱུས་ངོ་མ་གླེང་འོང་དུས་སྲོང་བཙན་གྱི་མཇུག་གི་ལོ་རྒྱུས་ལ་འགྱུར་བ་ཐེབས་པའང་མང་པོ་ཡོད་ངེས་གཏན་རེད། དེ་ལ་ང་ཚོ་སྐྲག་མི་རིགས། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་ཙང་ཆོས་ལུགས་གྲུབ་མཐའི་ཞེན་ཁོག་དང་ཆབ་སྲིད་ཀྱི་བསམ་བློ་གཉིས་རྒྱང་རིང་དུ་འདོར་དགོས་པ་ཡིན། གལ་ཏེ་སྐྱེ་བོ་གང་ཞིག་གིས་ཆོས་ལུགས་གྲུབ་མཐའ་དང་ཆབ་སྲིད་ཀྱི་བསམ་བློ་གཏིང་ཟབ་པོ་ཞིག་ཁྱེར་ཏེ་བོད་ཀྱི་ལོ་རྒྱུས་གླེང་བ་དང་འབྲི་བ་བྱེད་ན་ལོ་རྒྱུས་ཀྱི་དངོས་དོན་ལ་ནམ་ཡང་རེག་མི་ཐུབ་བའོ།
བདག་གིས་བསྐྱར་དུ་བསམ་ཚུལ་འདི་བྲིས་དོན་ནི། གོང་དུ་མཆན་འགའ་ཞིག་གི་ནང་དུ་ཆོས་ལུགས་གྲུབ་མཐའི་ཞེན་ཁོག་ཤུགས་ཆེན་པོ་འཛིན་གྱིན་ཡོད་པའི་ཚོར་སྣང་ཞིག་བྱུང་སོང་བས་སོ། གུས་པས་ཆོས་ལུགས་སྐོར་དེ་ཙམ་ཤེས་ཀྱི་མེད་མོད་རང་ཉིད་ཀྱི་ཕ་མེས་ཡང་མེས་ཚོའི་ཆོས་རྒྱུད་ནི་རི་བོ་དགེ་ལུགས་པ་ཡིན། གལ་ཏེ་ངས་བརྗོད་སྟངས་ནོར་འདུག་ན་སྔོན་ནས་དགོངས་གསོལ་ཞུ་ཆོག །དྲ་བ་འདིར་མཆན་འབྲི་བ་ཐེངས་མ་གསུམ་པ་དེ་ཡིན་པ་ཡོད། རྒྱུན་ལྡན་དུ་དྲ་རྒྱའི་ཐོག་ཏུ་མཆན་འདེབས་ཀྱིན་མེད། །
རང་ཉིད་ཀྱི་ཕ་མེས་ཚོའི་ཆོས་རྒྱུད་ནི་རི་བོ་དགེ་ལུགས་པ་ཡིན། ཡང་མེས་ཚོའི་ཆོས་ལུགས་ནི་བོན་ལུགས་དེ་ཁོ་ན་ཉིད་ཡིན། གསུངས་གནང་ན་་ག་འདྲ་འདུག་གམ་ལགས། །