འབྲུག་ཡུལ་དང་བོད་ཡིག པར་རིས་ཟིན་བྲིས།
འབྲུག་ཡུལ་དུ་གཤམ་གྱི་པར་རིས་ཟིན་བྲིས་ལྟར་བོད་ཡིག་རྒྱ་ཁྱབ་རང་བཞིན་གྱིས་བཀོད་སྤྱོད་བྱེད་གྱི་འདུག་ལ་ཁོང་ཚོས་དེ་ནི་བོད་ཡིག་ཡིན་པར་ཁས་ལེན་མེད་པར་རྫོང་ཁ་ཞེས་འབོད་བཞིན་འདུག སྤྱིར་བཏང་བྱས་ན་ཁོང་ཚོས་བོད་ཡིག་ལ་ཆོས་ཡིག་ཞེས་འབོད་བཞིན་པ་དང་རྫོང་ཁ་ཞེས་བ་སྤྱི་ལོ་ ༡༩༧༡་ཙམ་ལ་ཐ་སྙད་གསར་བཟོ་བྱས་པ་ཞིག་ཡིན་འདུག། ད་ལྟའི་ཆར་འབྲུག་ཡུལ་ནང་བོད་ཡིག་དཔེ་ཁྲིད་བྱེད་བཞིན་པ་མཁན་པོ་འཇུ་བསྟན་སྐྱོང་དང་གླེང་མོལ་བྱེད་སྐབས་རྫོང་ཁ་ཟེར་བ་ཚེག་བར་ཡོད་མེད་དང་། ཐ་སྙད་ཁ་ཤས་མ་འདྲ་བ་སོགས་ལས་བོད་ཡིག་རང་ཡིན་པ་མ་ཟད་གཟབ་གཟབ་བྱས་ན་ཡོངས་སུ་ཀློག་ཐུབ་པ་དང་ནང་དོན་གོ་ཐུབ་པ་འདུག་ཟེར།
གནམ་གྲུའི་ནང་གི་གསལ་བསྒྲགས།
རླངས་འཁོར་ཨང་རྟགས།
སྒོ་བྱང་རིགས།
ངས་གྲོགས་པོ་ཞིག་གིས་ཁོ་རང་འབྲུག་ཡུལ་ཏུ་སོང་ནས་ཕྱིར་ཡོང་དེ་ང་རང་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད། གལ་ཏེ། མི་ཞིག་གིས་མ་འོངས་པའི་བོད་ཟེར་བ་ཞིག་མཐོང་འདོད་ཡོད་ན་འབྲུག་ཡུལ་ལ་སོང་དང་དེ་ནས་མ་འོངས་བོད་ཀྱི་རྣམ་པ་མཐོང་ཐུབ་ཅེས་བཤད་སོང་། དངོས་ནས་དེ་རིང་འདི་ནས་བལྟས་དེ་འོང་དུས། ད་ལྟའི་འཆར་འཛམ་གླིང་འདི་ན་རླངས་འཁོར་དང་ཚོང་ཁང་། ཟ་ཁང་དང་གཞུང་འབྲེལ་ཡིག་ཆ། ཕྱི་བསྐྱོད་ལག་ཁྱེར་སོགས་ཚང་མའི་སྟེང་དུ་བོད་ཡིག་བཀོད་སྤྱོད་བྱེད་མཁན་དེ་ནི་འབྲུག་རྒྱལ་ཁབ་ཆགས་ཡོད་པ་འདྲ།
སྔོན་མའི་འབྲུག་གི་གློག་བརྙན་ཞིག་ལས་འབྲུག་ཡུལ་དུ་མཇེ་གོག་དེ་ཧིན་རྡུའི་ཆོས་ལུགས་ནང་བཞིན་ཧ་ཅང་རྩ་ཆེན་པོའི་སྒོ་ནས་ཁྱིམ་ཕུག་དང་སྒོ་གོང་དུ་བཤམས་ནས་ཡོད་འདུག་ཟེར་ལ། འདིར་ཡང་པར་རིས་དྲུག་པ་འཇམ་དཔལ་དབང་པོའི་ཚོང་ཁང་ཞེས་པའི་ནང་གི་སྒོ་གོང་དེར་ཡང་མཇེ་གོག་ཅིག་དམར་ཧྲེང་ངེར་བཤམས་འདུག་བསམས། དེ་ཡང་མཇེ་གོག་དེ་འབྲུག་པ་ཀུན་ལེགས་ཀྱིས་འབྲུག་མོ་ཚོར་རྒྱོ་ཚོད་མེད་བརྒྱབ་པའི་བཀའ་དྲིན་ནམ་འདོད་ཆགས་རྗེས་དྲན་གྱི་ཆེད་དུ་རེད་ཟེར་མཁན་ཡང་འདུག གང་ལྟར་འདི་ལ་གསལ་བཤད་རེ་ཡོད་དམ།
ཁྱིམ་སྒོའི་གོང་དུ་མཇེ་གོག་ཆེ་ཐག་ཆོད་ཅིག་བཏགས་ཚར་བའི་རྗེས་སུ་ཁྱིམ་ཕུགས་སུ་ནང་མིའི་བར་དུ་ངོ་ཚ་བརྩི་ལུགས་ཤིག་ཇི་ལྟར་བསམས་ཀྱང་མི་རྙེད་པས། འདི་ལ་འགྲེལ་བཤད་ཅིག་གནང་རོགས།
བོད་ནང་དང་ཁྱད་པར་དུ་ཨ་མདོའི་ཕྱོགས་སུ་མཇེ་གོག་སྒོ་གོང་དུ་འདོགས་རྒྱུ་ཞིག་མི་རྣམས་ཀྱི་རྨི་ལམ་ནང་དུ་ཡང་འཆར་མི་ཐུབ། དེ་ཙམ་མ་ཟད་དུ་ནང་མི་མཉམ་འཛོམ་གྱི་དུས་སུ་མཇེ་ཞེས་པའི་མིང་ཚིག་ཙམ་ལ་ཡང་ཧ་ཅང་འཇིགས་འཇིགས་སུ་ལྟ་ཞིང་། མཇེ་ཀོག་མདའ་ལྟར་ལངས་པའི་རྩ་བ་བྱས་པའི་ནག་ཉེས་བསགས་པས་ཡིན་ནམ་འདོད་ཆགས་ཞེས་པའི་ཚིག་ཙམ་ཡང་ནང་མིའི་སར་ཁ་རུ་འདོན་ཕོད་མཁན་ཞིག་ཧ་ལམ་མེད། འབྲུག་པ་ཚོ་ལོ་བརྒྱད་བརྒྱའི་ཡར་སྔོན་ཙམ་ཞིག་ཏུ་ཨ་མདོ་དང་མི་ཉག་ནས་ཡུལ་གྱར་དུ་ཡོང་བའི་ལོ་རྒྱུས་ཤིག་ཡོད་པ་དེ་བདེན་ན། ས་ཆ་དེར་མེད་པའི་གོམས་སྲོལ་ཁྱད་མཚར་མཇེ་གོག་ལྷ་རུ་མཆོད་པའི་ཧིན་རྡུའི་ལུགས་སྲོལ་དེ་འབྲུག་པ་ཚོས་གང་ནས་རྙེད་པ་རེད་དམ། འབྲུག་པ་ཀུན་ལེགས་ཀྱིས་འབྲུག་མོ་རྒྱོ་འདོད་ཚོར་ཆད་པ་དེ་འདྲ་ཞིག་བཀལ་བ་ཡིན་ནམ།
དྲ་གྲོགས་ཚོ་ལ་བཀྲ་ཤིས་བདེ་ལེགས་འབྲེལ་འབྲུག་གི་རྒྱལ་ཁབ་དེ་མི་བརྒྱུད་བཟང་ལ་ཆོས་སེམས་ཆེ་ལྷག་པར་་རང་གཞུང་ཕྱུག་ལ་ཕྱི་གཞུང་མཁས་བྲུག་པ་རྣམས་ངག་སྐད་རྫོང་ཁ་འབོད་ཏེ་ཡིག་གཟུགས་དེརྫོང་ཁ་ཟེར་དཔེར་ན་བལ་པོ་ཡིག་གཟུགས་འདི་རྒྱ་གར་ཡིགཟུགས་འདྲ་ན་བལ་པོ་ཡིགཟུགས་བརྗོད
རེད། འབྲུག་ཡུལ་གྱི་ཁྱིམ་ཚང་གི་གྱང་ངོས་དང་སྒོའི་ཀླད། ད་དུང་དགོན་པའི་དུས་ཆེན་སྐབས་གྱི་མཇེ་པར་ད་དུང་རྗེས་ན་ཡོད། ཨ་ལགས་ཚང་གི་སྤྱན་རྣོ་བ་ལ་དྲི་བ་འདི་རྗེས་མའི་མཇེ་པར་ཟིན་བྲིས་ལ་འོས་བསམ། སྐབས་འདིར་བོད་ཡིག་གི་སྐོར་ཡིན་ཏ།
སྤྱིར་བཏང་ངས་ཀྱང་དེའི་ཐད་སྐད་ཆ་མི་ཉུང་པ་ཟིག་འབྲུག་ཡུལ་ནས་དྲིས་བ་ཡིན་ར་ལན་འདེབས་གསལ་བོ་བྱེད་མཁན་ཟིག་མ་བྱུང་།
གྲོགས་པོས་ཚོས་ཤེས་གསལ་ལྟར་འབྲུག་པ་ཚོས་སྔོན་མ་ཁོང་ཚོ་བོད་པ་མ་ཡིན་མདོག་མདོག་བྱས་ནས་ཡི་གེ་ལ་བསྒྱུར་བཅོས་བཏང་པ་རེད། ཚེག་ཁ་ཀོག་པ་སོགས་བྱས་འདུག
འོན་ཀྱང་ད་ཆ་བོད་ཡིག་གཙང་མ་བྲིས་ཐབས་བྱ་བ་དེ་བསམ་བློ་ཐོབ་པའི་རྟགས་རེད་ལ། མ་འོངས་པ་ན་ཁོང་ཚོའི་ང་ཚོ་ཡང་བོད་པ་དང་གཅིག་པ་རེད་ལོབ་ངེས་རེད་སྙམ།
ཀླུ་སྨྱོན་ལགས། རེད། འབྲུག་པའི་མཇེ་མགོ་སྒོ་ཀླད་དུ་བཏགས་པ་དེ་འབྲུག་པ་ཀུན་ལེགས་ཀྱི་མཇེ་མགོའི་བྱིན་རླབས་འཇུག་པའི་ཆེད་དུ་རེད། དེ་ངོ་མ་རེད། མཇེ་མགོ་ལ་མཆོད་པ་ནི་མཇེ་མགོ་ལོངས་བའི་ཆེད་དུ་ཡིན་ལ་རིགས་བརྒྱུད་འཕེལ་བའི་ཆེད་དུའང་ཡིན། ཀུན་སློང་དེ་འདྲ་དང་འབྲེལ་བའི་གཟུགས་རིས་ཤིག་བོད་དུ་དར་ཡོད་མེད་མི་ཤེས། ཡིན་ནའང་བོད་བརྒྱུད་ནང་བསྟན་པའི་ལྷ་ཁང་དང་མཆོད་ཁང་དུ་ལྷ་དམར་ཧྲེང་དམར་ནག་ཏུ་བྲིས་པ་མཐོང་རྒྱུ་ ཤིན་ཏུ་མང་པོ་འདུག སྟུ་ལྷུག་ལྷུག་དེ་འདྲ་དང་མཇེ་མགོ་དང་རླིག་པ་ནར་ནར་དེ་དག་སྤུན་ཉེ་དང་མཉམ་དུ་མཆོད་མཇལ་དུ་འགྲོ་དུས་ཧོན་འཐོར་དོག་མི་བདེ་བ་ཞིག་རེད།
བོད་ཀྱི་སྡེབས་རིས་དང་ཐང་གའི་སྟེང་གི་ལྷ་དང་ལྷ་མོ་གཅེར་ཧྲེང་མ་དེ་དག་དང་། ཧིན་དྷི་པའི་དབང་ཕྱུག་དབུ་མའི་མཇེ་སྟུ་དང་། འབྲུག་པའི་ཀུན་ལེགས་ཀྱི་མཇེ་མགོ་དང་། རྒྱ་ནག་པའི་བོང་བུ་དང་སྟག་གི་མཇེའི་ཚལ་མ་ལ་སོགས་པ་མིའི་རྣམ་རྟོག་ལས་འཁྲུངས་པའི་ཐབས་ཤེས་རྣམ་པ་སྣ་ཚོགས་རེད།
མཇེ་སྟུའི་འདྲ་རིས་འདི་དག་ལ་བལྟ་དུས་སེམས་སུ་སྟབས་མི་བདེ་བ་ཞིག་ཡོང་གི་རེད། དེ་ནི་གདོད་མའི་མིའི་བསམ་བློ་གཏོང་སྟངས་དང་དེང་སང་མིའི་འཁོར་ཡུག་གཉིས་མ་འཚམས་པ་ཆགས་པས་རེད། ཕྱོགས་ཡོངས་ཀྱི་མིའི་སེམས་ཁམས་ལ་འགྱུར་བ་ཕྱིན་ཡོད་ཀྱང་དུས་ཀྱི་འགྱུར་འགྲོས་དང་མཐུན་པ་ཞིག་འགྲོ་ཐུབ་མེད་པ་རེད། དཔེར་ན། ངེད་ཚོ་ལ་འབུ་སྲིན་དང་གཅན་གཟན་གང་ཞིག་གིས་སོས་འདྲད་མ་མྱོང་ནའང་འཇིགས་སྣང་རང་བཞིན་གྱིས་ཡོང་གི་ཡོད་པ་རེད།
ངེད་ཚོ་ཤིང་ནགས་སུ་སྤྲོ་འཆམ་ལ་འགྲོ་ན་དུད་འགྲོ་མང་པོ་ཞིག་ཆགས་སྲེད་ཀྱིས་བཟིས་ནས་འཛིང་རེས་དང་འཕྲོག་རེས་བགོས་ནས་ཆགས་སྤྱོད་དམར་ཧྲེང་ངེ་“གནང་”་བཞིན་ཡོད་པ་མཐོང་རྒྱུ་མང་པོ་ཡོད་པ་རེད།
དུས་ཡུན་རིང་པའི་སྔོན་གྱི་འགྲོ་བ་མིའི་རིགས་ལ་གཅན་གཟན་དང་འབུ་སྲིན་གྱིས་ཚེ་སྲོག་ལ་བསུན་བཙེར་བསྟུན་མར་ཡོད་པ་མ་ཟད། རང་གི་ཆུང་མའང་ཁ་གཡེང་པ་ཙམ་གྱི་དུས་ཡུན་ནང་དུ་མི་གཞན་གྱི་རྒྱོ་ཚར་བའི་ཉེན་ཁ་དུས་རྒྱུན་དུ་ཡོད་པ་རེད། དེ་ལྟར་བུ་ལོ་ངོ་ས་ཡ་མང་པོར་དཀའ་ངལ་འཕྲད་པས་གདོད་མའི་སེམས་ཁམས་དེ་དུས་དེང་སང་ཡང་གནས་ཡོད།
སེམས་གཤིས་རྙིང་པ་དེ་གང་རེད་ཟེར་ན། མཇེ་སྟུ་སྦས་ན་བཟང་སྤྱོད་བརྩི་བ་དང་། མཇེ་སྟུ་བསྟན་ན་ངན་སྤྱོད་བརྩི་བ་ནི་མཇེ་སྟུ་བོར་བརླག་ཤོར་བའི་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་ཡོང་གི་ཡོད། དེར་བརྟེན་མཇེ་སྟུའི་སྐོར་གླེང་པ་དང་མཇེ་སྟུ་བསྟན་ན་སྤྱོད་པ་རྩིང་པོ་ལ་བརྩི་པའི་རྒྱུ་མཚན་དུས་རབས་དང་མཐུན་པ་ཞིག་མ་རེད།
ཀླུ་སྨྱོན་ལགས་ཨ་ཁུ་ཞིག་ཨེ་ཡིན། ཡིན་ན་མཇེ་སྟུ་བོར་བརླག་ཤོར་བའི་ཉེན་ཁ་མེད་པ་རེད། ཡིན་ནའང་འབྲུག་པའི་ཀུན་ལེགས་ཀྱི་མཇེ་མགོ་སྒོ་ཀླད་དུ་བཏགས་པ་ལ་ཐུགས་དོགས་ཡོང་གཞི་དེ་གོང་གི་འགྲེལ་བཤད་དང་འཚམས་པོ་ཨེ་འདུག
དེ་སྔོན་ཆགས་རྩོམ་སྐོར་གྱི་ཟིན་བྲིས་ཀྱི་མཆན་དེ་དག་བཀླགས་རྗེས་མཇེ་སྟུ་བོར་བརླག་ཤོར་བའི་ཉེན་ཁ་ལ་གདོང་ལེན་བྱས་ནས་ཆགས་རྩོམ་སྤེལ་རྒྱུ་མེད་ལུགས་བཤད་ནས་གདོད་མའི་གཤིས་ཚུལ་བསྟན་མཁན་གྱི་གྲངས་ཀ་མི་ཉུང་བ་ཞིག་བྱུང་སོང་། དེའི་མཆན་ཚང་མ་བཀླགས་པ་ཡིན། བསམ་བློའི་རྒྱབ་ལོག་ལ་བསམ་བློ་གཏོང་ན་ངེད་ཅག་གི་སེམས་ཁམས་སུ་ཡ་མཚན་པའི་ལྐོག་གྱུར་མང་པོ་དཉིད་དུ་ཉལ་ཡོད་པ་རེད།
མེ་སྒྱོགས་ལགས་ཀྱི་དཔྱད་བརྗོད་དེ་སྐྱིད་པོ་ཞིག་འདུག
འབྲུག་པའི་གདོན་འདྲེའི་གནོད་པ་སྲུང་ཕྱིར་སྒོ་ཐོད་དང་རྩིག་ངོས་སུ་ཕོ་མཚན་བྲི་སྲོལ་སྐོར་རྒྱས་པ་མཁྱེན་འདོད་ཡོད་ན་གཤམ་གསལ་དྲྭ་བྱང་དག་ལས་གཟིགས་ཐུབ།
http://www.stanford.edu/~siegelr/bhutan/penispage.html
http://www.sepiamutiny.com/sepia/archives/001270.html
http://news.bbc.co.uk/2/hi/south_asia/4381893.stm
http://current.com/items/88908124_penis-art-in-bhutan.htm
http://www.youtube.com/watch?v=lW9utzo_z7Y
དེང་སང་བོད་རིགས་ཚོས་བོད་ཀྱི་དྲ་ཚིགས་གང་ས་ལ་འབྲུག་གི་སྐོར་གླེང་བཞིན་འདུག་པ་དེ་ནི་གནས་ཚུལ་བཟང་ངན་གང་ཡིན་ཆ་མ་འཚལ་ཡང་བཤད་སྟངས་ལ་བལྟས་ན་དེ་འདྲ་གླེང་བར་འདོད་པའི་ཀུན་སློང་ནི་ངན་པ་ཞིག་ཡིན་པར་མཚོན་གྱི་འདུག། བོད་རིགས་ཚོས་འབྲུག་རིགས་ལ་མ་མགུ་མ་རངས་བྱེད་དགོས་དོན་ཅི་ཡིན་ནམ། དྲ་ཚིགས་གང་དུ་ཡིན་ན་ཡང་འབྲུག་རིགས་སྐོར་གླེང་དུས་འབྲུག་རིགས་ལ་སྨ་འཕེབས་པའི་སྐད་ཆ་ཞིག་དང་འབྲུག་རིགས་ནི་བོད་རིགས་ལས་མཆེད་པ་ཡིན་ཚུལ་འབའ་ཞིག་ལས་གཞན་གླེང་རྒྱུ་མིན་འདུག། འདིར་ཟིན་བྲིས་འགོད་པོས་ཀྱང་འབྲུག་གིས་བོད་ཡིག་སྤྱོད་ཀྱིན་ཡོད་པའི་སྐོར་གླེང་བ་དེ་འབྲུག་རིགས་བོད་རིགས་ཡིན་པར་སྒྲུབ་ཆེད་ཡིན་གྱི་རེད། དེར་བསམ་འཆར་འགོད་པོ་རྣམས་ཀྱིས་ཀྱང་འབྲུག་རིགས་ནི་བོད་རིགས་ནས་མཆེད་པ་ཡིན་ཚུལ་དང་འབྲུག་གི་ལམ་སྲོལ་ལ་ཟུར་ཟ་བའི་ཚིག་གའའ་བརྗོད་འདུག། དེ་ལ་བརྗོད་རྒྱུ་མང་པོ་ཡོད་ཀྱང་་ཆགས་སྡང་ཕྱོགས་རིས་ཀྱི་མཐའ་ལ་ལྷུང་བའི་གང་ཟག་ཚོར་དོན་མཐུན་གྱི་ལན་བརྗོད་པས་དགོས་མི་ཡོང་བསམ་པ་ཞིག་འདུག དེས་ན་གཞན་རྣམས་བཏང་སྙོམས་སུ་བཞག་ནས་ཀླུ་སྨྱོན་གྱིས་འབྲུག་རིགས་དེ་ལོ་༨༠༠ འི་སྔོན་ལ་ཨ་མདོ་ནས་མཆེད་ཚུལ་ཞིག་གསུངས་འདུག་པ་དེར་དྲི་བ་མདོ་ཙམ་ཞིག་ཞུ་གི་ཡིན། ཨམ་མདོའི་མི་རིགས་གང་ནས་འབྲུག་རིགས་གང་ཟེར་བ་དེ་མཆེད་པ་ཡིན་ནམ། དེ་འདྲ་ཡིན་པའི་ཁུངས་ལུང་ག་རེ་ཡོད་དམ། འབྲུག་ལ་བོད་ནས་མཆེད་པའི་མི་རིགས་གཏན་ནས་མེད་ཟེར་བ་ནི་མིན་ཀྱང་འབྲུག་རིགས་ཚང་མ་ཨ་མདོ་ནས་མཆེད་ཚུལ་གསུངས་ན་དེ་ནི་འུབ་ཤོད་ཡིན་ངེས་རེད། དེ་འདྲ་ཡིན་པའི་ཁུངས་ལུང་གང་ཡང་མེད་བཞིན་དུ་དེ་ལྟར་ཡིན་པའི་ཨུ་ཚུགས་རྒྱག་པ་ནི་བླུན་པོ་བ་ལང་རྫིའི་ངང་ཚུལ་ཡིན་པས་དེ་འདྲའི་མི་ལ་དོན་དང་མཐུན་པའི་ལན་རྒྱག་པས་ཕན་པ་ཅི་ཡང་མི་ཡོང་། ཡིན་ན་ཡང་དེ་འདྲའི་འུབ་ཤོད་ལ་ལན་དོན་མཐུན་ཞིག་མ་རྒྱག་ནས་བཏང་སྙོམས་སུ་བཞག་ན་འགའ་ཞིག་གིས་འབྲུག་རིགས་ནི་ཅི་གང་མི་ཤེས་རྒྱུའི་བླུན་པོ་ཞིག་དང་བོད་རིགས་ཀྱིས་གང་བཤད་ཀྱང་བཤད་ཆོག་པ་འདྲ་བུ་ཞིག་རེད་འདུག་བསམ་ཉེན་འདུག། དེར་བརྟེན་ངས་ལན་མདོར་བསྡུས་ཤིག་བཀོད་པ་ཡིན། འབྲུག་པས་སྤྱོད་པའི་ཡི་གེ་དེ་བོད་ཡིག་ཡིན་མིན་སྐོར་ཡང་དཔྱད་གཞི་རེད། འབྲུག་གི་ཡི་གེ་དེ་དབྱངས་གསལ་སོ་བཞི་ཡིན་པར་བརྟེན་བོད་ཡིག་རེད་ཅེས་བརྗོད་ན་་བོད་ཡིག་ཀྱང་རྒྱ་ཡིག་དབྱངས་གསལ་ལྔ་བཅུའི་ནང་གསེས་ཡིན་པས་བོད་ཡིག་ལ་ཡང་རིག་པ་དེ་མཚུངས་ཀྱི་སྐྱོན་འབབ་ཀྱི་རེད། ཡིག་གཟུགས་འདྲ་བས་བརྗོད་ན་འདྲ་བའི་ཁྱད་ཆོས་ལ་བརྟེན་ནས་དེ་ཡིན་པར་འདོད་དགོས་ན་དེ་ལྟར་ན་འབྲུག་པས་སྤྱད་པའི་ཡི་གེ་ལ་བོད་ཀྱིས་སྤྱད་པའི་ཡིག་ཚུགས་དང་ཏོམ་ཙམ་མི་འདྲ་ས་ཡོད་པས་མི་འདྲ་བའི་ཁྱད་ཆོས་ཤིག་ལ་བརྟེན་ནས་དེ་མིན་པར་སྒྲུབ་མི་ཐུབ་དོན་ཅི། གང་ལྟར་ཡང་གོང་དྲ་གྲོགས་ཅིག་གིས་བརྗོད་པ་ནང་བཞིན་རྒྱ་གར་གྱི་ཡི་གེ་དང་བལ་པོའི་འདྲ་པོ་འདྲ་རྐྱང་ཡོད་ཀྱང་རྒྱ་ཡིག་དང་བལ་ཡིག་ཡིན་མིན་སྐོར་རྩོད་པ་གང་ཡང་བྱུང་མིན་འདུག་ལ། དེ་བཞིན་དབྱིན་ཡིག་སྤྱད་པའི་རྒྱལ་ཁབ་མང་དག་ཅིག་ཡོད་ཀྱང་དེ་ཚོས་དབྱིན་ཡིག་དེ་ངའི་ཡིན་ཁོའི་མིན་སོགས་ཀྱི་རྩོད་པ་བྱུང་མིན་འདུག་ན་བོད་རིགས་ཚོས་འབྲུག་པས་སྤྱད་པའི་ཡི་གེ་བོད་ཡིག་ཡིན་ཅེས་བརྗོད་དགོས་དོན་ཅི་ཡིན་ནམ། དེ་འདྲའི་རྩོམ་ཡིག་གི་རྒྱབ་ལ་འཇིགས་ཤིང་རྔམས་པའི་མཆེ་བ་དང་ལྡན་པའི་ཀུན་སློང་ངན་པ་ཞིག་ཡོད་པས་ཨེ་ཡིན། ངས་ནི་འབྲུག་པས་སྤྱད་པའི་ཡི་གེ་དེ་བོད་ཡིག་མིན་ཞིང་བོད་པས་སྤྱད་པའི་ཡི་གེ་ཡང་བོད་ཡིན་མིན་ཞེས་བརྗོད་པར་འདོད་དོ།།
གྲོགས་པོ་ལྷ་ཀླུ་གཉན་གསུམ་ལ། འབྲུག་ལ་སླེབས་ན་འབྲུག་ཡུལ་མཐོང་ཐུབ་ཀྱི་རེད་མ་གཏོགས་འདས་མ་འོང་ད་ལྟ་དུས་གསུམ་གྱི་བོད་གང་ཡང་མཐོང་ཐུབ་ཀྱི་མ་རེད། ཁྱེད་ཀྱི་གྲོགས་པོ་འབྲུག་ལ་ཕྱིན་ནས་སླར་ལོག་སླེབས་མཁན་དེ་འབྲུག་པའི་ཨ་རག་གིས་བཟི་ཐག་ཆོད་པ་ཡིན་པ་རེད། དེ་འདྲ་ཨ་རག་གིས་རྦད་བཟི་ཐག་ཆོད་པའི་ཁ་ལ་ཉན་ཉན་གྱི་མ་རེད་ད་གྲོགས་པོ། ལམ་སྣ་ཕག་པས་ཁྲིད་ན། །སྐྱག་ཚང་ནང་དུ་སླེབས་ཡོང་། །ཟེར་གྱི་ཡོད་རེད་ད་གྲོགས་པོ་ལགས།
དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་བོད་རིགས་ཡོངས་ལ་ཞུ་བ། ཁྱེད་བོད་རིགས་ཚོས་དེང་སང་འབྲུག་གི་སྐོར་མང་དག་ཅིག་གླེང་གི་འདུག། དེ་འདྲ་གླེང་དགོས་དོན་གང་ཡིན། ངས་བལྟས་ན་རྩོམ་ཡིག་དེའི་རྒྱབ་ལོགས་ལ་ཀུན་སློང་ངན་པ་ལས་སྐྱེས་པའི་གདོང་འདྲེ། ཤིན་ཏུ་འཇིགས་ཤིང་རྔམས་པ་ཅིག་ཡོད་མདོག་ཁག་པོ་འདུག། དེ་འདྲ་ཞིག་གཏན་ནས་མེད་ན། ག་དུས་ཡིན་ན་ཡང་དྲ་ཚིགས་ག་པ་ཡིན་ན་ཡང་འབྲུག་རིགས་བོད་རིགས་ལས་མཆེད་ཚུལ་དང་འབྲུག་གི་སྐད་ཡིག་བོད་ཀྱི་སྐད་ཡིག་ཡིན་ཚུལ། འབྲུག་པས་སྤྱད་པའི་ཡི་གེ་དེ་བོད་ཡིག་ཡིན་ཚུལ་སོགས་གླེང་དགོས་དོན་ག་རེ་ཡིན། འབྲུག་རིགས་སྐོར་གླེང་རྒྱུའི་བརྗོད་བྱ་འདི་གཅིག་ལས་མེད་དམ་ཅི།
ཟིན་བྲིས་རྩོམ་པོ་དེས་འདིར་འབྲུག་པས་བོད་ཡིག་སྤྱད་ཚུལ་གྱི་སྐོར་གླེང་བ་དེ་ཡང་འབྲུག་རིགས་བོད་རིགས་ཡིན་པར་སྒྲུབ་ཕྱིར་རེད་ལ། བསམ་འཆར་འཁོད་པོ་རྣམ་པས་ཀྱང་འབྲུག་རིགས་བོད་རིགས་ཡིན་ཤག་ཏུ་བཀོད་འདུག། དེ་འདྲ་བཀོད་པ་མང་དུ་མཐོང་ཡང་འབྲུག་རིགས་བོད་རིགས་ཡིན་པའི་སྒྲུབ་བྱེད་རྣམ་དག་ཅིག་ད་ལྟའི་བར་དུ་སུས་ཀྱང་བཀོད་པར་མཐོང་མ་མྱོང། འདིར་ཡང་དེ་ག་རང་རེད་འདུག
ལྷག་པར་དུ་ཀླུ་སྨྱོན་གྱིས། འབྲུག་རིགས་ནི་ལོ་༨༠༠ འི་སྔོན་ལ་ཨ་མདོ་ནས་མཆེད་པ་ཡིན་ཟེར། དེ་ལྟར་ཡིན་པའི་ཁུངས་ལུང་རྣམ་དག་ག་རེ་ཡོད། སྤྱིར་འབྲུག་ལ་བོད་ནས་མཆེད་པའི་རིགས་གཏན་ནས་མེད་པ་མ་ཡིན་ཀྱང་བོད་རིགས་ནས་མ་མཆེད་པའི་སྔོན་ལ་འབྲུག་རིགས་གཏན་ནས་མེད་པ་ཁྱེད་ཀྱིས་གང་འདྲས་ཤེས། ལྷག་པར་དུ་ང་ཚོ་འབྲུག་པའི་རྒན་རབས་ཚོས་ད་ལྟའི་བར་དུ་སོ་སོའི་བུ་དང་བུ་མོ་ཚོར། ཆང་སང་སུ་དང་རྒྱག་ན་ཡང་རྒྱ་གར་དང་བོད་རིགས་མཉམ་དུ་མ་རྒྱག་ཟེར་སློབ་གསོ་གཏོང་བཞིན་ཡོད་པས་ཀྱང་འབྲུག་རིགས་དེ་བོད་རིགས་ནས་མཆེད་པ་མིན་པར་ཤེས་ཐུབ་ཀྱི་རེད། གལ་ཏེ་སྔོན་འབྲུག་རིགས་རྣམས་ལོ་༨༠༠ འི་སྔོན་ནས་བོད་ནས་མཆེད་པ་བདེན་ན་དུས་ཚོད་དེ་ཙམ་གྱི་ནང་དུ་འབྲུག་རིགས་ཚོས་བོད་རིགས་ཐ་ཤལ་ཞིག་ཏུ་བརྩི་སྲོལ་ལ་གོམས་གཤིས་དེ་འདྲ་རྟན་པོ་ཆགས་སྲིད་ཀྱི་མ་རེད།
བྱ་རྒོད་རྒྱལ་པོས་འབྲུག་པ་ཚོས་བོད་པ་མ་ཡིན་མདོག་ཁག་པོ་བྱས་ནས་ཞེས་འབྲུག་རིགས་བོད་ནས་མཆེད་པ་ཙམ་མིན་པར་ད་ལྟ་ཡང་བོད་རིགས་ཡིན་ཤག་བྱས། དེ་འདྲ་བཤད་ལུགས་ལ་བལྟས་ན་བོད་རིགས་ཚོ་འབྲུག་པ་ལ་སྙིང་ནས་སྡང་བཞིན་ཡོད་ཚོད་འདུག དེ་འདྲས་སྡང་བ་བསྐྱེད་དགོས་དོན་ཅི་ཡིན། འབྲུག་པ་ཚོས་ཁྱེད་ཀྱི་ཕ་ཡུལ་འཕྲོག་སོང་ངམ། ཁྱེད་ཀྱི་ཆུང་མ་འཕྲོག་སོང་ངམ། ཁྱོ་ག་འཕྲོག་སོང་ངམ། ངས་བྱས་ན་ད་འདྲའི་བར་དུ་འབྲུག་པ་ཚོས་བོད་རིགས་སྐྱབས་བཅོལ་བ་རྣམས་ལ་རོགས་པ་གང་འཚམས་བྱས་ཡོད་རེད་མ་གཏོགས་གནོད་འཚེ་ཅི་གང་བྱས་མེད་བསམ་གྱི་ཡོད། གལ་ཏེ་རོགས་སྐྱོར་བྱས་ཐུབ་མེད་ན་ཡང་གནོད་བསྐྱལ་མེད་པ་ངེས་བདེན་རེད།
ཟིན་བྲིས་རྩོམ་པོ་དེས་རྫོང་ཁ་ཞེས་བ་སྤྱི་ལོ་ ༡༩༧༡་ཙམ་ལ་ཐ་སྙད་གསར་བཟོ་བྱས་པ་ཞིག་ཡིན་འདུག་ཅེས་བཀོད་འདུག། རྫོང་ཁ་དེ་གསར་བཟོ་བྱས་པ་མིན་པར་སྔར་ནས་ཡོད་པ་ཞིག་མ་རེད། ཡིན་ན་ཡང་རྒྱལ་ཡོངས་ཀྱི་སྐད་ཡིག་ཅེས་འབྲུག་པའི་སྤྱི་སྐད་ཅིག་མེད་པར་བརྟེན་འབྲུག་རྒྱལ་པོ་གསུམ་པས་གོང་གི་སྤྱི་ལོ་དེར་རྫོང་ཁ་དེ་འབྲུག་པའི་སྤྱི་སྐད་དུ་ཆ་འཇོག་མཛད་ནས་ཁྱབ་བསྒྲགས་གནང་བ་རེད། དེ་བཞིན་རྫོང་ཁ་ཡིག་ཐོག་ཏུ་འབྲི་སྲོལ་ཡང་དུས་དེ་ནས་འགོ་བརྩམས་པ་མིན་པར་སྔར་ནས་ཡོད། འོན་ཀྱང་ཁྱེད་ཀྱིས་བརྗོད་པ་ནང་བཞིན་ཆོས་སྐད་ལ་རྩལ་དུ་བཏོན་ནས་སྡོད་ཡོད་པས་དར་ཁྱབ་ཤུགས་ཆེར་ཕྱིན་མ་ཐུབ་པ་རེད། རྫོང་ཁ་འབྲུག་པའི་སྤྱི་སྐད་དུ་ཁྱབ་བསྒྲགས་གནང་བའི་དུས་དེ་ནས་བཟུང་སྟེ་འབྲུག་མི་ཚང་མས་ཡིག་སྡེབ་གཅིག་མཚུངས་འབྲི་བའི་ཆེད་དུ་རྫོང་ཁ་རབ་གསལ་ལམ་བཟང་ཟེར་བའི་རྫོང་ཁའི་ཡི་གེ་སྦྱོར་བ་སྟོན་པའི་གཞུང་ལུགས་ཅིག་ཀྱང་བརྩམས་ཡོད་རེད།
འབྲུག་པས་སྤྱད་པའི་ཡི་གེ་དེ་བོད་ཡིག་ཡིན་མིན་སྐོར་གྱི་ཐད། དབྱངས་གསལ་སོ་བཞིན་ཡིན་པའི་ཆ་ནས་བོད་ཡིག་ཡིན་ཟེར་རམ། ཡིག་གཟུགས་འདྲ་བའི་ཆ་ནས་ཟེར། དང་པོ་ལྟར་ན་ཡི་གེ་ཚང་མ་བོད་ཡིག་ཏུ་འདོད་དགོས་པར་གྱུར་ཏེ་ཡི་གེའི་ངེས་ཚིག་མི་འགྱུར་བ་ཞེས་པའི་དོན་འགྲེལ་དུས་སོ་སོའི་ལམ་ལུགས་ལ་བརྟེན་ནས་ཡིག་གཟུགས་མི་འདྲ་འབྲི་སྲོལ་འབྱུང་ཡང་ང་རོ་ནི་དབྱངས་གསལ་སོ་བཞི་ལས་མ་འདས་པས་འགྱུར་བ་མེད་པར་བརྟེན་འགྱུར་མེད་ཅེས་འགྲེལ་བའི་ཕྱིར་རོ།།
གཉིས་པ་ལྟར་ན་ཡིག་གཟུགས་འདྲ་བའི་ཆ་ནས་བོད་ཡིག་ཡིན་ཅེས་བརྗོད་རུང་ན་འབྲུག་པས་སྤྱད་པའི་ཡི་གེ་དེ་བོད་པས་བྲིས་བཞིན་པའི་ཡིག་གཟུགས་ལས་མི་འདྲ་ས་ཞིག་ཀྱང་ཡོད་པས་མི་འདྲ་བའི་ཁྱད་ཆོས་དེ་ལ་བརྟེན་ནས་བོད་ཡིག་མིན་ཞེས་བརྗོད་ན་བརྗོད་མི་རུང་བའི་རྒྱུ་མཚན་ཅི་ཡོད།
ཁྱེད་བོད་རིགས་ཚོ་ཚིགས་པ་ཟོས་ཀྱང་རུང་མ་ཟོས་ཀྱང་རུང་། ངས་ནི་འབྲུག་པས་སྤྱད་པའི་ཡི་གེ་བོད་ཡིག་མིན་ཅིང་བོད་ཀྱི་སྤྱོད་པའི་ཡི་གེ་ཡང་བོད་ཡིག་མིན་ཞེས་བརྗོད་པར་འདོད་དོ།།
དཔྱད་རྩོམ་ཞིག་ལས་སོག་པོས་མི་ཉག་རྒྱལ་རྒོད་ཀྱི་རྒྱལ་ཁོངས་སུ་དམག་རྒྱག་སྐབས། མི་ཉག་པའི་རུ་སྡེ་མང་པོ་ཞིག་དམག་འཁྲུག་ལ་བྱོལ་ཆེད་ཡུལ་གྱར་དུ་ཡོང་ནས་མཐར་བོད་དང་རྒྱ་གར་གྱི་ས་མཚམས་སྦས་ཡུལ་འབྲུག་པའི་ལྗོངས་སུ་གཞིས་ཆགས་པ་དང་། རྒྱལ་རོང་དང་ཤར་བའི་ཕྱོགས་ནས་སྡེ་ཁྱིམ་མང་པོ་ཞིག་ཡུལ་གྱར་ནས་བོད་བལ་ས་མཚམས་ཀྱི་སྦས་ཡུལ་ཁུམ་བུ་སྟོད་སྨད་བར་གསུམ་དུ་གཞིས་ཆགས་པས། ཁོང་ཚོའི་སྐད་ཀྱི་ནང་དུ་བོད་ཀྱི་ཨ་མདོ་དང་མི་ཉག་པའི་ཐ་སྙད་གང་མང་ཞིག་ཡོད་ལུགས་མཐོང་མྱོང་ཡང་དེ་རིང་ཧོབ་སྟེ་ཡིད་ལ་མི་དྲན་གི ཡི་གེའི་ཕྱོགས་ནས་བརྡ་དག་གི་ཁྱད་པར་ཞིག་ལས་བོད་ཡིག་རང་དུ་འདུག གལ་སྲིད་འབྲུག་པ་ཚོས་གསར་བཟོ་བྱས་པའི་ཡི་གེ་ཞིག་ཡིན་ན་དེ་ལྟར་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་དགོས་ཀྱང་ད་ཕན་དེ་འདྲ་མཐོང་མ་སོང་།
གསལ་བོ་ཞིག་ནི་འབྲུག་པས་འབྲི་བའི་འབྲུག་ཡིག་ཏུ་འབོད་པ་དེ་ནི་ཨ་མདོ་བ་ཚོས་འདོད་དགུར་འབྲི་ཐུབ་པའི་དབུ་ཅན་རང་དུ་འདུག ལྷ་ས་བ་ཚོའི་མིག་སྔར་དབུ་ཅན་དེ་འདྲའི་མང་པོ་ཞིག་མཐོང་བདེ་བོ་ཡོད་མེད་མི་ཤེས་ཏེ། ཨ་མདོ་བ་ཞིག་ལ་མཚོན་ན་མཐོང་བདེ་བོ་དང་ཀློག་བདེ་བོ། ཐ་ན་གོ་ཡང་བདེ་བོ་གང་འཚམ་ཡོད་པ་ཞིག་ནི་ངོ་མ་རེད་འདུག དེང་སང་གི་ཨ་མདོའི་གྲྭ་པ་དང་སློབ་གྲྭ་བ་དག་གིས་འབྲི་བའི་དབུ་ཅན་གྱི་ཡིག་གཟུགས་དང་འབྲུག་ཡིག་ལག་པས་བྲིས་པ་འདི་ཚོའི་ཡིག་གཟུགས་གཉིས་ནི་ངོ་མ་ཆུ་ལ་ཆུ་བཞག་རང་རེད་འདུག ལོ་བཅུའི་ཡར་སྔོན་དུ་ང་ལ་བལ་ཡུལ་དུ་ངོ་ཤེས་འབྲུག་པ་དམངས་གཙོ་དོན་གཉེར་བ་འགའ་ཡོད། ཁོ་ཚོའི་གཅིག་གིས་ཉིན་ཞིག་ང་ལ་ལག་པས་བྲིས་པའི་ཡི་གེ་ཞིག་བསྟན་ནས་འདི་ང་ཚོའི་འབྲུག་ཡིག་རེད། ཁྱོད་ཀྱིས་འདི་ཀློག་ཐུབ་ཀི་འདུག་གམ་ཟེར་བས། ངས་ཅིག་བལྟས་པ་ན་དེ་ནི་གོང་དུ་བརྗོད་མ་ཐག་པའི་ཨ་མདོ་བ་ཚོར་མིག་ལམ་དུ་སྐྱེས་པ་ནས་བཟུང་སྟེ་མཐོང་རྒྱུ་ཡོད་པའི་དབུ་ཅན་དེ་རང་རེད་འདུག་པས། ངས་ཐོགས་པ་མེད་པར་ཚར་གཅིག་བཀླགས་པས་གྲོགས་པོ་འབྲུག་པ་དེ་ཡ་མཚན་འདྲ་ཞིག་སྐྱེས་ནས་འོ་ན་ཁྱོད་ཀྱིས་འདི་བཞིན་འབྲི་ཨེ་ཐུབ་ཟེར། ངས་དེ་མ་ཐག་འབྲུག་ཡིག་དང་ཁྱད་པར་ཅི་ཡང་མེད་པའི་དབུ་ཅན་ཡིག་ཕྲེང་བཞི་ལྔ་ཞིག་ཤར་མར་བྲིས་པས། གྲོགས་པོ་དེས་འདི་ག་རེ་ཡིན་ནམ། ལྷ་ས་བ་ཚོས་འདི་ལྟར་འབྲི་ཐུབ་པ་ཞིག་ངས་ད་བར་དུ་མཐོང་མ་མྱོང་ཟེར། གང་ལྟར་ཁྱོད་འབྲུག་པའི་བུ་མོ་ཚོ་དང་བོད་པ་འབྲུག་པ་ཀུན་ལེགས་ཀྱི་བར་དུ་མཇེ་དང་རྒྱོ་ཡི་འབྲེལ་བ་དམ་པོ་ཞིག་ཡོད་ལ། དེ་བཞིན་འབྲུག་པའི་ཡི་གེ་དང་ཨ་མདོའི་དབུ་ཅན་གྱི་བར་དུ་ཡང་ལོ་རྒྱུས་ཀྱི་འབྲེལ་བ་ཞིག དེ་བཞིན་འབྲུག་མི་དམངས་དང་བོད་མི་དམངས་ཀྱི་བར་དུ་ཆོས་དང་རིག་གཞུང་གི་འབྲེལ་བ་ཞིག་ཡོད་པ་ནི་བསྙོན་དུ་མེད་པ་ཞིག་རེད་བསམས།
ཀླུ་སྨྱོན་ཁྱེད་ཀྱིས་སྨྱོ་བཤད་རྒྱག་རྒྱུ་མང་དྲགས་ཀྱི་འདུག་་་སྒོའི་ཡ་ཐེམ་གྱི་དངོས་པོ་དེ་འཇེ་གོག་ཆེན་པོ་ཞིག་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།ཁྱེད་ཀྱང་ཁ་སྡོད་ཚུགས་མེད་མཁན་དང་ལག་འདུག་ཚུགས་མེད་མཁན་ཞེ་པོ་ཞིག་འདུག་་གཙང་སྨྱོན་གྱི་མིང་ལ་ལད་ཟློས་བྱས་ནས་སྨྱོན་མིང་བཏགས་པ་དང་།ཡང་འབྲུག་པ་ཀུན་ལགས་ཀྱི་མིང་དེ་དང་དེའི་བྱ་སྤྱོད་ལ་ཡང་ལད་ཟློས་བྱེད་བསམ་གྱི་འདུག་གི།དེ་འདྲ་རང་ཚུགས་མེད་པའི་མི་ཞིག
གླུ་སྨྱོན་ཟེར་བ་ཞིག་གིས་ག་དུས་ཡིན་ན་དྲ་རྒྱའི་ཐོག་ཏུ་མཇེ་དང་སྟུ་ཟེར་བ་གང་མང་ཞིག་བཀོད་ཀྱི་འདུག གལ་དེ་ཁྱོད་རྗོད་གཞི་དེའི་ཡིད་མ་གང་པ་ཞིག་འདུག་ན་རེ་ཞིག་ལས་དཀའ་གཞན་གཡུག་ནས་ཉིན་མཚན་མེད་པར་མཇེ་མཇེ་སྟུ་སྟུ་ཞེས་བགྲངས་ཤིང་འཇིག་རྟེན་ཁམས་ཀྱི་འབྱུང་བཞིའི་སྒྲ་ཐམས་ཅན་དེའི་རང་བཞིན་དུ་སྒོམ་ན་དེས་འདོད་པ་ཚིམ་འེ་ཐུབ། ཡང་འབྲུག་པ་ཡིན་མདོག་མིན་མདོག་འདྲ་མིན་ཁ་ཤེས་ཀྱིས་རྩོད་མི་དགོས་པའི་རྩོད་གླེང་སོགས་སྣ་ཚོགས་སུ་བཟོས་ནས་བོད་མི་འགའ་རེ་དང་འབྲུག་པ་ཁ་ཤས་ལ་དཀྲུག་ཤིང་བྱེད་པ་འདི་ཚོད་འཛིན་བྱོས་ལ་བག་ཡོད་པར་གྱིས་ཤིག
དེ་མིན་བབས་དང་བསྟུན་པའི་ཁ་བརྡའི་གླེང་སྟེགས་སུ་སླེབ་ན་དྲ་གྲོགས་སུ་ཡིན་ཀྱང་དགའ་བསུ་ཐོབ་པ་སྨོས་མེད་ལགས།
རྫོང་ཁ་འདི་འབྲུག་ཡིག་ངོ་མ་ཨིནམ་ང་གིས་ཞུ་གེ
རྫོང་ཁ་དང་བོད་ཡིག་ནི་མིང་ཙམ་ཐ་དད་པ་ལས་ངོ་བོ་དང་བྱེད་ལས་སོགས་ཅི་ནས་ཀྱང་མཚུངས། ཡིན་ན་ཡང་རྫོང་ཁ་བོད་ཡིག་ཡིན་པར་སྒྲུབ་པའི་བསམ་བློ་གཏོང་མི་ཉན། དེ་བཞིན་རྫོང་ཁའི་སྐད་དང་བོད་སྐད་འདྲ་མཚུངས་ཡོད་ཀྱང་རྫོང་སྐད་བོད་སྐད་མ་ཡིན། བོད་དང་འབྲུག་པ་འདྲ་ཙམ་ཡོད་ཀྱང་འབྲུག་པ་བོད་རིགས་སུ་སྒྲུབ་ཐབས་གནང་མི་ཉན། འབྲུག་ཡུལ་ནི་ཨེ་ཤ་ཡ་ཡི་རྒྱལ་ཁབ་གལ་ཆེན་ཞིག་ཡིན། བོད་ལ་ད་དུང་རྒྱལ་ཁབ་མེད་ནས་བོད་རིགས་རྣམས་བཙན་བྱོལ་བྱས་ཏེ་མི་ཡི་ལུང་པ་ན་ཡོད། འབྲུག་པས་མཇེ་གཟུགས་ནི་གདོན་འདྲེའི་གནོད་པ་སྲུང་བྱེད་དུ་བེད་སྤྱོད་པ་ལས་ཀུན་ལེགས་ཀྱིས་འབྲུག་མོར་གཡེམས་པའི་དྲན་གསོ་ཡིན་པ་ཁས་མི་ལེན། སྔ་མོ་བོད་ལ་ཡང་ཆོས་རྒྱལ་སྐབས་སུ་ལྷ་ཁང་བཞེངས་སྐབས་སྲིན་མོའི་གནོད་པ་འགོག་བྱེད་དུ་དབང་ཕྱུག་གི་མཇེ་རྒན་སྔོ་རྒོག་དེ་ཉིད་སྔོ་ཧྲེང་ངེར་སྲིན་མོ་ཡོད་སར་བསྒྲེངས་ཡོད་པ་ལོ་རྒྱུས་སུ་དངོས་མཐོང་དུ་ཡོད་པས་དབང་ཕྱག་དང་ཀུན་ལེགས་ཀྱིས་བོད་མོར་གཡེམས་པའི་དྲན་གསོའི་རྡོ་རིང་ལྟ་བུ་ཡིན་པ་ཁས་མི་ལེན་པ་བཞིན་ཡིན་ནོ། །དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱི་ལམ་ལུགས་དམིགས་བསལ་རེ་མཐོང་ཙམ་ནས་དཔལ་ལྡན་འབྲུག་པར་སྨོད་པ་གཏོང་བ་ནི་མིག་ཚ་བའི་གཏམ་ལས་གཞན་ཅང་ཡིན་བཟོ་མི་འདུག དེ་བཞིན་དཔལ་ལྡན་འབྲུག་ཡུལ་ན་ཞང་པོའི་བུ་མོ་གནའ་མར་བསུ་བའི་ལུགས་དང་ཨ་ནེའི་བུ་མོ་གནའ་མར་བསུ་བའི་ལུགས་ཡོད་པས་དེའི་ལམ་ལུགས་ཀྱང་བོད་ཡུལ་ཀྱི་ལུང་པ་ཁ་ཤས་སུ་ས་དར་རྡོ་དར་ཡིན། ཡང་ཉིན་ཞིག་འབྲུ་པས་དེ་བྱེད་ཀྱི་འདུག་གོ་འདི་བྱེད་ཀྱི་འདུག་གོ་ཟེར་བཞིན་ཧ་ལས་སྣང་དང་ཧོན་ཐོར་སྣང་བྱེད་ཉེན་ཡོད་པས་ད་ལྟ་ནས་གསལ་བཤད་བྱས་པ་ཡིན། བོད་ཀྱི་ཆོས་སྲིད་གཉིས་དཔལ་ལྡན་འབྲུག་པ་བཞིན་དུ་བོད་རྣམ་པར་རྒྱལ་གྱུར་ཅིག བོད་ཀྱི་ཆོས་སྲིད་གཉིས་དཔལ་ལྡན་འབྲུག་པ་བཞིན་དུ་བོད་རྣམ་པར་རྒྱལ་གྱུར་ཅིག བོད་ཀྱི་ཆོས་སྲིད་གཉིས་དཔལ་ལྡན་འབྲུག་པ་བཞིན་དུ་བོད་རྣམ་པར་རྒྱལ་གྱུར་ཅིག སྟོབས་ཤུགས་ལྡན་ནས།