ལྷ་ཆབ་སྦྱིན་པ།
ཁོ་བོས་ཁ་སང་ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་རྩོམ་ཐུང་ཞིག་བྲིས་ཏེ་རང་གི་ཟིན་བྲིས་སུ་ཉར་ཡོད་པ་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱི་རེ་སྐུལ་ལྟར་ཁ་བརྡ་དྲ་རྒྱའི་སྟེང་དུ་བརྒྱུད་འགོད་བྱས། རྩོམ་ཡིག་ཐུང་ངུ་འདི་བཀོད་མ་ཐག་མི་ཁ་ཤས་ཀྱི་མགོ་ལ་ཆུ་འཁོལ་བླུག་པ་ལྟར་ཚ་ཚ་འུར་འུར་གྱིས་འདི་ནི་ཁ་ཡག་གོ།། འདི་ནི་ངོ་བསྟོད་དོ།། འདི་ནི་བཤུས་རྩོམ་མོ།། འདི་ནི་བསྒྲིགས་རྩོམ་མོ་སོགས་ཀྱི་གཏམ་སྨྲ་བའི་ལས་ཁོ་ནར་འབད་དེ་ཕལ་ཆེར་ངའི་རྩོམ་ཐུང་འདི་ལ་མཆན་བུ་བཞི་བཅུར་མ་ཟིན་ཙམ་བཀོད་སོང༌། མ་གཞི་ངས་ཁ་བརྡ་དྲ་ཤོག་མང་བོ་ཀློག་གི་མེད་ཁར་དེང་སང་དེ་བས་ཀློག་ཁོམ་ཡང་མེད་པར་ལས་ཀའི་བྲེལ་བ་ཁོ་ནར་གཡེང་ཡོད། དེ་རིང་ཕྱི་དྲོར་གྲོགས་པོ་ཞིག་གིས་ཁ་པར་ནང་དུ་ཨ་རོགས་ཁྱོད་ལ་ཁོམ་པ་རེ་ཡོད་ན་ཁ་བརྡའི་དྲ་ཐོག་ལ་སོང་དང་ཁྱོད་ལ་མི་དགའ་མཁན་ཁ་ཤས་ཤིག་གིས་བུད་མེད་ཀྱི་ཅོ་འཛིང་ལྟ་བུ་ཞིག་སྡིག་གི་འདུག་ཅེས་ལབ་སོང༌། དེ་ནས་ངས་ཀྱང་ལས་ཀའི་བྲེལ་ཟིང་གི་བར་ནས་ཁ་བརྡ་དྲ་བའི་སྒོ་ཕྱེ་སྟེ་ངའི་རྩོམ་ཐུང་དེའི་སྐོར་བཙལ་བ་ཡིན། ངས་མཆན་བུ་དག་བཀླགས་རྗེས། ཨ་ལེ་མི་འདི་དག་ནི་དོན་གྱིས་ཧོར་འཇིགས་ལ་མ་དོ་བར་མ་དགའ་བ་ཁོ་ན་ལས་གང་ཡང་མ་རེད་ལ། ལྷག་པར་དུ་ང་རང་ཧོར་འཇིགས་ལྟ་བུ་ཞིག་ཆགས་མི་འགྲོའམ་སྙམ་པའི་ཕྲག་དོག་དང་ཀུན་སློང་ཞིག་གིས་སྒོ་ཀུན་ནས་སེམས་ཁྲལ་ཡོད་མཁན་ཤ་སྟག་རེད་ཨང་སྙམ་པ་དྲན་སོང༌། དེ་ལྟར་ཡིན་མིན་གང་ལྟར་ཡང༌། བྱ་རྒྱལ་རྒོད་པོ་ཞེས་པ་ཞིག་དང་ཚུལ་ཁྲིམས་མཐར་ཕྱིན། བསོད་ནམས་ཚེ་རིང༌། རྐང་རྗེན་པ། བཀྲ་ཤིས་ཚེ་རིང༌། ཀླུ་སྨྱོན་ཞེས་པ་སྟེ་མི་དྲུག་གིས་ཧོར་འཇིགས་ཀྱི་དེབ་དྲུག་པོ་དང་ཧོར་འཇིགས་ཟེར་དུས་ཁྱི་རྒན་གྱི་མདུན་ནས་རུས་ཀོག་འཕྲོག་པ་ལྟ་བུའི་ཁོང་ཁྲོ་ཞིག་དང་ཞེ་སྡང་ལངས་ཚུལ་ལ་བལྟས་ན། ཧོར་འཇིགས་ནི་ཁོང་ཚོའི་ཕ་གསོད་མཁན་དང་ཡང་ན་མར་བཙན་གཡེམ་བྱེད་མཁན་ལོས་ཡིན་སྙམ་པ་ཞིག་འདུག་མོད། དེ་འདྲའི་ངང་ཚུལ་ནི་སྔར་མཁས་དབང་དགེ་ཆོས་ཀྱི་སྐབས་སུ་ཀ་ཤོད་པའི་ཕྱོགས་ཀྱིས་བྱེད་སྟངས་དག་ཝ་ལེར་དྲན་པ་ཞིག་རེད། ཡིན་ནའང་དེ་ཡང་ཇི་སྐད་དུ་ཚོམས་ལས། གང་ཞིག་ཕ་རོལ་ཚུར་རོལ་དང༌།། ཕ་རོལ་ཚུར་རོལ་གཉིས་མེད་ཅིང༌།། ཆོས་རྣམས་ཀུན་གྱི་མཐར་ཕྱིན་དེ།། ཟམ་ཟེ་ཡིན་པར་ངས་གསུངས་སོ།། ཞེས་གསུངས་པ་ལྟར་ངས་ཧོར་འཇིགས་ཀྱི་ཡོན་ཏན་དག་མཐོང་ནས་བརྗོད་པར་ཁྱོད་ཅག་གིས་མ་མཐོང་མ་དཔྱད་པར་སྒྲོ་བསྐུར་དང་དམའ་འབེབས་བྱེད་དོན་ཅི་བས་མེད་ལ། གལ་སྲིད་མུན་འཐོམ་དང་ཕྲག་དོག་གི་དབང་གིས་དགེ་བ་ཁྱད་པར་བ་ཞིག་ཏུ་མཐོང་ནའང་ཧོར་འཇིགས་ལ་ནི་བ་སྤུའི་རྩེ་མོ་ཙམ་ཡང་མི་གནོད་དོ།།
ཡང་ང་ལ་ང་རྒྱལ་ཆེ་ཚུལ་དང་མཉམ་དུ་ཁ་བརྡ་བྱེད་སྐབས་ཁ་ཕོ་ཆེ་རབས་མང་བོ་དང༌། ལྷག་དོན་འབྲེལ་མེད་དོན་གཞན་མང་བོ་ཞིག་གླེང་འདུག ལྷག་པར་དུ་རྒྱུད་བདུད་ཀྱིས་བརླམས་པ་ལྟ་བུ་ཁ་ཤས་ཀྱིས་ཆོས་བརྒྱུད་ཕན་ཚུན་དང་སྐུ་སྒེར་ཡིག་ཚང་སོགས་ལ་སྐུར་འདེབས་དང་འཁོན་དཀྲུགས་ཀྱི་ལས་རྩོམ་གྱིན་འདུག་མོད། དངོས་གནས་བརྗོད་གཞི་དང་འཆོལ་བའི་གླེང་ཕྱོགས་བཟོ་སྟངས་ལ་བལྟས་ན་ཕལ་ཆེར་དོལ་འདྲེ་ཚོགས་པ་ལྟ་བུ་ཞིག་གི་སྒྲོ་ལོ་སྔོན་མོས་གྲོད་ཁོག་སྦྱངས་ལོས་ཡོད་བསམ་པ་ཞིག་ཤར་ལ། ཡིན་ནའང་རང་ཉིད་ལ་ནི་བདེན་པ་སྟོང་ལ་བདེན་པའི་ཁུངས་གཏད་ཡོད་པས་སྐྲག་པ་དང་འཇིགས་པའི་སྣང་བ་ཕྲ་མོ་ཙམ་ཡང་མེད་པ་དེ་ཡིན། ལར་ནས་ངས་ཁ་བརྡའི་དྲ་ཐོག་ན་ཁ་ཐག་ལད་དང་རྐུབ་གཡག་ལད་ལ་སོང་བའི་མི་ཁྱོད་ཅག་གིས་དོན་དམ་པས་གནས་ལུགས་དང་རྒྱུ་མཚན་གྱི་བགྲོ་གླེང་ཞིག་བྱེད་འདོད་ན། བུད་མེད་ཡུགས་ས་མའི་ཅོ་འཛིང་ལྟ་བུའི་ལས་དག་སྤོང་ལ་རང་ཉིད་ཀྱི་གདོང་འབག་དེ་མི་རུ་བསྒྱུར་ཏེ། ལུང་དང་རིགས་པའི་ཤོམ་བརྒྱབ་ནས་ཞོག་དང༌། ངའི་ཁ་ཕོ་འདི་སྟོང་བ་ཞིག་གམ། ཡང་ན་དོན་ལ་གནས་མིན་གསལ་བོ་བཟོ་ཆོག དེ་མིན་བླ་བཙག་ལྐོག་འདྲེན་ལྟ་བུའི་སྐད་ཆ་དང་མ་ཡིན་པ་ཡིན་པར་སྒྲུབ་པའི་སྒྲོ་བསྐུར་བྱེད་མཁན་ཚོ་ལ་ནི་སྙིང་བོ་ཅི་ཡོད་དཔྱོད།
ཁྱོད་ཅག་དགའ་ན་ཧོར་འཇིགས་ནི་དུས་རབས་ཀྱི་དཀྱོགས་མཚམས་མཚོན་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཆགས་ཚར་བ་རེད་ལ། མ་དགའ་ནའང་དུས་རབས་ཀྱི་དཀྱོགས་མཚམས་མཚོན་པའི་ལོ་རྒྱུ་ཀྱི་རྡོ་རིང་ཞིག་ཏུ་ཆགས་ཚར་བ་རེད། ཁྱོད་ཅག་ལ་ནི་ངས་སྔོན་རང་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་བདུད་སྡིག་ཏོ་ཅན་ལྟ་བུ་ཞིག་ལ་ངོས་འཛིན་པ་ལས་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ངས་འདི་ལྟར་བརྗོད་པ་མཐོང་མ་ཐག ཁྱོད་ཅག་ཁ་ཤས་ཕྲག་དོག་དང་སྡུག་བསྔལ་གྱིས་གཟིར་ཏེ་ལྕེབས་པར་དོགས་ནས། ངས་དེ་རིང་མང་བོ་ཞིག་བརྗོད་པའི་ངལ་བ་མི་བྱའོ།། སླད་ནས་ང་ལ་དམའ་འབེབས་དང་མཐོང་ཆུང༌། སྒྲོ་བསྐུར་སོགས་ག་རེ་བྱེད་འདོད་ན་དེ་ལྟར་བྱོས། ཡིན་ནའང་ཧོར་འཇིགས་དང་ཁོང་གི་རྔུལ་ཁྲག་གིས་གྲུབ་པའི་དེབ་དག་ལ་གནས་ལུགས་མེད་པར་སྒྲོ་འདོགས་དང་ཕྲག་དོག་གི་སྦྱོར་བ་བརྩམས་ཚེ། དེ་ནི་ངའི་དགྲའོ་ཞེས་ཞུ་རྒྱུ་ཡིན། མཐའ་དོན་ཞུ་རྒྱུ་ཞིག་ལ། ང་ནི་ལོ་ངོ་བཅུ་ཕྲག་ཙམ་ལ་གྲྭ་ས་ཆེན་པོར་འགྲིམ་མྱོང་བའི་རྟགས་གསལ་བོ་ཞིག་གྲུབ་པ་ནི་གཞན་གྱི་གནས་ལུགས་ཡོད་མེད་ཀྱི་གཏམ་དང་དོན་མེད་ཉོག་གཏམ་གྱི་གདོང་ལ་ལངས་པའི་རིགས་པའི་གཞུང་ལུགས་ཤིག་རྒྱུད་ལ་གྲུབ་ཡོད་པ་དེ་ཡིན། དེའི་སྟབས་ཀྱིས་ས་ལ་དྲུད་པའི་ཟད་པོ་དང་རྡོ་ལ་གྲུབ་པའི་གཡའ་བོ་ཞིག་ཡིན། ཚིག་གི་མདུང་མོས་མ་ཕུག་པའི་གནས་ལུགས་དང་དྲང་བདེན་གྱི་འཁྲབ་རྨོག་གྱོན་པའི་རིག་པའི་དཔའ་བོ་ཞིག་ཡིན་པར་འདོད་ཡོད། ནག་ཁུངས་ཀྱི་ཕུགས་ལ་ཙོག་བུར་བསྡད་ནས་མཆུ་ལི་མེར་བའི་མུན་པ་སྐྱབས་བསྟེན་གྱི་བྱི་བ་དག་ཕེབས་པར་མཛོད།
༢༠༠༩༧ ༢༠ ལ་རྒྱ་གར་རྡ་ས་ནས་ཐོལ་བྱུང་དུ་སྦྱར་རོ།།
ཁྱེད་རང་ཚོ་ཁ་ཁོམ་དྲག་པས་རྐུབ་ལ་མེ་འབར་བ་མིན་འགྲོ་ དེ་འདྲ་ཞིག་གཞན་གྱི་བྱས་པ་ལ་ཡིད་མི་རུངས་པའི་རྒྱུ་མཚན་ཅི་ཡིན། སྤྱིར་བོད་སྤྱི་ལ་ཕན་པའི་ལས་ཀ་ཞིག་བྱས་པར་དགའ་བ་སྒོམ་དདགོས་པ་ཞིག་རེད།
འ་མ་མ་མ། འདི་སུ་རེད། ཁ་ཕོ་ཆེ་བ། ནང་དོན་མེད་པ། ར་བཟི་དྲག་པ། ཁྱེད་རང་མདོ་སྨད་ལོ་རྒྱུས་རྩོམ་སྒྲིག་པའི་ཁུངས་ལ་ཡོད་ས་རེད། ཅུང་ཟད་སྦམ་པོ་བྱས་ཆོག་ནི་རེད། ཁུ་སིམ་མེར་མིས་ཅི་ཟེར་ལ་ཉོན་དང་། ཨ་མདོ་ནི་ཨ་མདོ་རང་རེད། ད་དུང་དེས་མ་ཆོག་ན་རྡ་ས་ནས་ཀ་ཅ་ནི་ཀ་ཅ་རང་རེད་ཟེར་པར་རྒྱུ་མཚན་འདུག་ཀ །
ལྷ་ཆབ་ཀྱི་རང་མཐོང་དང་ངས་ཤར་བལྟས་ཤིག་ལ་རྙེད་པའི་ཡིག་ནོར་བཅོ་ལྔ་།
མ་(དགར་)དབུས་ལ་སོང་ནས། མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད།
ལྷ་ཆབ་སྦྱིན་པ།
ཁོ་བོས་ཁ་སང་ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་རྩོམ་ཐུང་ཞིག་བྲིས་ཏེ་རང་གི་ཟིན་བྲིས་སུ་ཉར་ཡོད་པ་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱི་རེ་སྐུལ་ལྟར་ཁ་བརྡ་དྲ་རྒྱའི་སྟེང་དུ་བརྒྱུད་འགོད་བྱས། རྩོམ་ཡིག་ཐུང་ངུ་འདི་བཀོད་མ་ཐག་མི་ཁ་ཤས་ཀྱི་མགོ་ལ་ཆུ་(འཁོལ་)བླུག་པ་ལྟར་ཚ་ཚ་འུར་འུར་གྱིས་འདི་ནི་ཁ་ཡག་(གོ།།) འདི་ནི་ངོ་བསྟོད་དོ།། འདི་ནི་བཤུས་རྩོམ་མོ།། འདི་ནི་བསྒྲིགས་རྩོམ་མོ་སོགས་ཀྱི་གཏམ་སྨྲ་བའི་ལས་ཁོ་ནར་འབད་དེ་ཕལ་ཆེར་ངའི་རྩོམ་ཐུང་འདི་ལ་མཆན་བུ་བཞི་བཅུར་མ་ཟིན་ཙམ་བཀོད་སོང༌། མ་གཞི་ངས་ཁ་བརྡ་དྲ་ཤོག་མང་བོ་ཀློག་གི་མེད་ཁར་དེང་སང་དེ་བས་ཀློག་ཁོམ་ཡང་མེད་པར་ལས་ཀའི་བྲེལ་བ་ཁོ་ནར་གཡེང་ཡོད། དེ་རིང་ཕྱི་(དྲོར་)གྲོགས་པོ་ཞིག་གིས་ཁ་པར་ནང་དུ་ཨ་རོགས་ཁྱོད་ལ་ཁོམ་པ་རེ་ཡོད་ན་ཁ་བརྡའི་དྲ་ཐོག་ལ་སོང་དང་ཁྱོད་ལ་མི་དགའ་མཁན་ཁ་ཤས་ཤིག་གིས་བུད་མེད་ཀྱི་ཅོ་འཛིང་ལྟ་བུ་ཞིག་སྡིག་གི་འདུག་ཅེས་ལབ་སོང༌། དེ་ནས་ངས་ཀྱང་ལས་ཀའི་བྲེལ་ཟིང་གི་བར་ནས་ཁ་བརྡ་དྲ་བའི་སྒོ་ཕྱེ་སྟེ་ངའི་རྩོམ་ཐུང་དེའི་སྐོར་བཙལ་བ་ཡིན། ངས་མཆན་བུ་དག་བཀླགས་རྗེས། ཨ་ལེ་མི་འདི་དག་ནི་དོན་གྱིས་ཧོར་འཇིགས་ལ་མ་དོ་བར་མ་དགའ་བ་ཁོ་ན་ལས་གང་ཡང་མ་རེད་ལ། ལྷག་པར་དུ་ང་རང་ཧོར་འཇིགས་ལྟ་བུ་ཞིག་ཆགས་མི་འགྲོའམ་སྙམ་པའི་ཕྲག་དོག་དང་ཀུན་སློང་ཞིག་གིས་སྒོ་ཀུན་ནས་སེམས་ཁྲལ་ཡོད་མཁན་ཤ་སྟག་རེད་ཨང་སྙམ་པ་དྲན་སོང༌། དེ་ལྟར་ཡིན་མིན་གང་ལྟར་ཡང༌། བྱ་རྒྱལ་རྒོད་པོ་ཞེས་པ་ཞིག་དང་ཚུལ་ཁྲིམས་མཐར་ཕྱིན། བསོད་ནམས་ཚེ་རིང༌། རྐང་རྗེན་པ། བཀྲ་ཤིས་ཚེ་རིང༌། ཀླུ་སྨྱོན་ཞེས་པ་སྟེ་མི་དྲུག་གིས་ཧོར་འཇིགས་ཀྱི་དེབ་དྲུག་པོ་དང་ཧོར་འཇིགས་ཟེར་དུས་ཁྱི་རྒན་གྱི་མདུན་ནས་རུས་ཀོག་འཕྲོག་པ་ལྟ་བུའི་ཁོང་ཁྲོ་ཞིག་དང་ཞེ་སྡང་ལངས་ཚུལ་ལ་བལྟས་ན། ཧོར་འཇིགས་ནི་ཁོང་ཚོའི་ཕ་གསོད་མཁན་དང་ཡང་ན་མར་བཙན་གཡེམ་བྱེད་མཁན་ལོས་ཡིན་སྙམ་པ་ཞིག་འདུག་མོད། དེ་འདྲའི་ངང་ཚུལ་ནི་སྔར་མཁས་དབང་དགེ་ཆོས་ཀྱི་སྐབས་སུ་ཀ་ཤོད་པའི་ཕྱོགས་ཀྱིས་བྱེད་སྟངས་དག་ཝ་ལེར་དྲན་པ་ཞིག་རེད། ཡིན་ནའང་དེ་ཡང་ཇི་སྐད་དུ་ཚོམས་ལས། གང་ཞིག་ཕ་རོལ་ཚུར་རོལ་དང༌།། ཕ་རོལ་ཚུར་རོལ་གཉིས་མེད་ཅིང༌།། ཆོས་རྣམས་ཀུན་གྱི་མཐར་ཕྱིན་དེ།། (ཟམ་)ཟེ་ཡིན་པར་ངས་གསུངས་སོ།། ཞེས་གསུངས་པ་ལྟར་ངས་ཧོར་འཇིགས་ཀྱི་ཡོན་ཏན་དག་མཐོང་ནས་བརྗོད་པར་ཁྱོད་ཅག་གིས་མ་མཐོང་མ་དཔྱད་པར་སྒྲོ་(བསྐུར་)དང་དམའ་འབེབས་བྱེད་དོན་ཅི་བས་མེད་ལ། གལ་སྲིད་མུན་འཐོམ་དང་ཕྲག་དོག་གི་དབང་གིས་(དགེ་)བ་ཁྱད་པར་བ་ཞིག་ཏུ་མཐོང་ནའང་ཧོར་འཇིགས་ལ་ནི་བ་སྤུའི་རྩེ་མོ་ཙམ་ཡང་མི་གནོད་དོ།།
ཡང་ང་ལ་ང་རྒྱལ་ཆེ་ཚུལ་དང་མཉམ་དུ་ཁ་བརྡ་བྱེད་སྐབས་ཁ་ཕོ་ཆེ་རབས་མང་བོ་དང༌། ལྷག་དོན་འབྲེལ་མེད་དོན་གཞན་མང་བོ་ཞིག་གླེང་འདུག ལྷག་པར་དུ་རྒྱུད་བདུད་ཀྱིས་བརླམས་པ་ལྟ་བུ་ཁ་ཤས་ཀྱིས་ཆོས་བརྒྱུད་ཕན་ཚུན་དང་སྐུ་སྒེར་ཡིག་ཚང་སོགས་ལ་སྐུར་འདེབས་དང་འཁོན་དཀྲུགས་ཀྱི་ལས་རྩོམ་གྱིན་འདུག་མོད། དངོས་གནས་བརྗོད་གཞི་དང་འཆོལ་བའི་གླེང་ཕྱོགས་བཟོ་སྟངས་ལ་བལྟས་ན་ཕལ་ཆེར་དོལ་འདྲེ་ཚོགས་པ་ལྟ་བུ་ཞིག་གི་སྒྲོ་ལོ་སྔོན་མོས་གྲོད་ཁོག་སྦྱངས་ལོས་ཡོད་བསམ་པ་ཞིག་ཤར་ལ། ཡིན་ནའང་རང་ཉིད་ལ་ནི་བདེན་པ་སྟོང་ལ་བདེན་པའི་ཁུངས་གཏད་ཡོད་པས་སྐྲག་པ་དང་འཇིགས་པའི་སྣང་བ་ཕྲ་མོ་ཙམ་ཡང་མེད་པ་དེ་ཡིན། ལར་ནས་ངས་ཁ་བརྡའི་དྲ་ཐོག་ན་ཁ་ཐག་ལད་དང་རྐུབ་གཡག་ལད་ལ་སོང་བའི་མི་ཁྱོད་ཅག་གིས་དོན་དམ་པས་གནས་ལུགས་དང་རྒྱུ་མཚན་གྱི་བགྲོ་གླེང་ཞིག་བྱེད་འདོད་ན། བུད་མེད་ཡུགས་ས་(མའི་)ཅོ་འཛིང་ལྟ་བུའི་ལས་དག་(སྤོང་)ལ་རང་ཉིད་ཀྱི་གདོང་འབག་དེ་མི་རུ་བསྒྱུར་ཏེ། ལུང་དང་རིགས་པའི་ཤོམ་བརྒྱབ་ནས་ཞོག་དང༌། ངའི་ཁ་ཕོ་འདི་སྟོང་བ་ཞིག་གམ། ཡང་ན་དོན་ལ་གནས་མིན་གསལ་བོ་བཟོ་ཆོག དེ་མིན་(བླ་)བཙག་ལྐོག་འདྲེན་ལྟ་བུའི་སྐད་ཆ་དང་མ་ཡིན་པ་ཡིན་པར་སྒྲུབ་པའི་སྒྲོ་(བསྐུར་)བྱེད་མཁན་ཚོ་ལ་ནི་སྙིང་བོ་ཅི་ཡོད་དཔྱོད།
ཁྱོད་ཅག་དགའ་ན་ཧོར་འཇིགས་ནི་དུས་རབས་ཀྱི་དཀྱོགས་མཚམས་མཚོན་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཆགས་ཚར་བ་རེད་ལ། མ་དགའ་ནའང་དུས་རབས་ཀྱི་དཀྱོགས་མཚམས་མཚོན་པའི་ལོ་(རྒྱུ་)ཀྱི་རྡོ་རིང་ཞིག་ཏུ་ཆགས་ཚར་བ་རེད། ཁྱོད་ཅག་ལ་ནི་ངས་སྔོན་རང་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་བདུད་སྡིག་ཏོ་ཅན་ལྟ་བུ་ཞིག་ལ་ངོས་འཛིན་པ་ལས་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ངས་འདི་ལྟར་བརྗོད་པ་མཐོང་མ་ཐག ཁྱོད་ཅག་ཁ་ཤས་ཕྲག་དོག་དང་སྡུག་བསྔལ་གྱིས་གཟིར་ཏེ་ལྕེབས་པར་དོགས་ནས། ངས་དེ་རིང་མང་བོ་ཞིག་བརྗོད་པའི་ངལ་བ་མི་བྱའོ།། སླད་ནས་ང་ལ་དམའ་འབེབས་དང་མཐོང་ཆུང༌། སྒྲོ་(བསྐུར་)སོགས་ག་རེ་བྱེད་འདོད་ན་དེ་ལྟར་བྱོས། ཡིན་ནའང་ཧོར་འཇིགས་དང་ཁོང་གི་རྔུལ་ཁྲག་གིས་གྲུབ་པའི་དེབ་དག་ལ་གནས་ལུགས་མེད་པར་སྒྲོ་འདོགས་དང་ཕྲག་དོག་གི་སྦྱོར་བ་བརྩམས་ཚེ། དེ་ནི་ངའི་དགྲའོ་ཞེས་ཞུ་རྒྱུ་ཡིན། མཐའ་དོན་ཞུ་རྒྱུ་ཞིག་ལ། ང་ནི་ལོ་ངོ་བཅུ་ཕྲག་ཙམ་ལ་གྲྭ་ས་ཆེན་པོར་འགྲིམ་མྱོང་བའི་རྟགས་གསལ་བོ་ཞིག་གྲུབ་པ་ནི་གཞན་གྱི་གནས་ལུགས་ཡོད་མེད་ཀྱི་གཏམ་དང་དོན་མེད་ཉོག་གཏམ་གྱི་གདོང་ལ་ལངས་པའི་རིགས་པའི་གཞུང་ལུགས་ཤིག་རྒྱུད་ལ་གྲུབ་ཡོད་པ་དེ་ཡིན། དེའི་སྟབས་ཀྱིས་ས་ལ་དྲུད་པའི་ཟད་པོ་དང་རྡོ་ལ་(གྲུབ་)པའི་གཡའ་བོ་ཞིག་ཡིན། ཚིག་གི་མདུང་མོས་མ་ཕུག་པའི་གནས་ལུགས་དང་དྲང་བདེན་གྱི་(འཁྲབ་)རྨོག་གྱོན་པའི་རིག་པའི་དཔའ་བོ་ཞིག་ཡིན་པར་འདོད་ཡོད། ནག་ཁུངས་ཀྱི་ཕུགས་ལ་ཙོག་བུར་བསྡད་ནས་མཆུ་ལི་མེར་བའི་མུན་པ་སྐྱབས་བསྟེན་གྱི་བྱི་བ་དག་ཕེབས་པར་མཛོད།
༢༠༠༩༧ ༢༠ ལ་རྒྱ་གར་རྡ་ས་ནས་ཐོལ་བྱུང་དུ་སྦྱར་རོ།།
བཅོ་ལྔ།
ཚུལ་ཁྲིམས་མཐར་ཕྱིན(བསམ་གཏན)ལགས། ད་ཡིན་ན་གང་ཡིན་སར་དགྲ་འཛིན་གྱི་འདུ་ཤེས་དེ་དོར་རོགས་མཁྱེན། ཡིག་ནོར་རེ་གཉིས་ཁྱོད་ཀྱི་མཆན་ལ་ཡང་མཐོང་རྒྱུ་འདུག མ་གཞི་ཁྱོད་ཀྱི་ཡིག་རྩལ་མི་ཆོག་རྒྱུ་མེད་ནའང་ཀུན་སློང་མི་ཡག་གི། འདི་ངོ་མ་བཤད་ནི་མིན་ན་ཁྱོའི་སྐེ།
སྔོན་ས་ཆ་ཞིག་ལ་རྒན་མོ་ངར་མ་རྒྱ་སྟག་ཁྲ་བོ་འདྲ་ཞིག་ཡོད།
ཉིན་གཅིག་གྲོང་པ་ཁྱིམ་མཚེས་དགུ་ལ་རྒྱག་རེས་བརྒྱབ་རྗེས་ས་དེའི་མཁས་པ་རྒན་པ་ཞིག་གི་དྲུང་དུ་ཕྱིན་ཏེ། ད་ནངས་ནམ་ལངས་པ་ནས་བཟུང་གྲོང་པ་ཁྱིམ་མཚེས་དགུ་ལ་རྒྱག་རེས་བརྒྱབ་པ་ཡིན། འདི་ངའི་ལན་པ་རེད་དམ་ཁོང་ཚོའི་ལན་པ་རེད་ཅེས་དྲིས། མཁས་པ་དེའི་ལན་ཅི་ཞིག་བརྒྱབ་ཡོད་མེད་མི་ཤེས་མོད་དེ་ནས་བཟུང་སྟེ་རྒན་མོ་དེའི་མིང་ལ་གྲོང་དགུ་མ་ཞེ ས་གྲགས་པ་རེད། འོ་ན་ཧོར་འཇིགས་དང་ལྷ་ཆབ་གཉིས་ཀྱང་།་་་་་་་་་་་་་་་་་་་་་་་་་་་་་་
ཨ་རོ་ལྷ་ཆབ་པ་ལགས། ད་ཐེངས་རྒྱུགས་པས་ལེབ་རྡུང་རེད་ལ། ངས་གང་ཟིག་ན་ཧོར་འཇིགས་ལ་ཕྲག་དོག་གིས་ངན་སྨྲས་བྱས་འདུག ཧོར་འཇིགས་དེ་དགོན་པ་ཆེན་པོ་ཞིག་གི་དགེ་བསྐོས་དང་མདོ་སྨད་ལོ་རྒྱུས་དེ་དགོན་པ་བཙན་པོ་ཞིག་བཅའ་ཁྲིམས་ཡིན་ནི་མིན་ན་མི་སུས་ཀྱང་དེ་ལ་གླེང་སློང་བྱས་ནས་འདངས་པའི་སར་བསྟོད་བསྔགས་དང་མི་འདངས་པའི་ཕྱོགས་ལ་སྐྱོན་བརྗོད་བྱས་ལོས་ཆོག ངས་དངོས་ཡོད་གནས་ཚུལ་ཞིག་བཤད་ཡོད་བསམས། ཧོར་འཇིགས་དང་ཚེ་བརྟན་རྒྱལ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་མདོ་སྨད་ལོ་རྒྱུས་སུ་ཚེ་བརྟན་རྒྱལ་གྱི་མིང་ཙམ་ཡང་མི་འདུག་ཟེར་བས་དེ་ག་རེ་ཡིན་ན་བསམས་སོང་། གཅིག་བྱས་ན་ཚེ་བརྟན་རྒྱལ་ཁོ་རང་ལ་འདོད་པ་མེད་པ་ཡིན་ཡང་སྲིད། གང་ལྟར་ངས་ལོ་རྒྱུས་དེབ་དེ་ད་དུང་ཡང་ཀློག་ཐུབ་མ་སོང་། གཅིག་བྱས་ན་འདི་མི་བདེན་ཡང་སྲིད། གཉིས་པ་དེ་ངའི་གྲོགས་པོ་ཞིག་གིས་ང་ཚོའི་ས་ཕྱོགས་ཀྱི་སྡེ་བ་ཚོ་བའི་མིང་དང་དགོན་པའི་ལོ་ཚིགས་ནོར་འདུག་ཟེར། འདི་ནི་ངས་ནོར་ཆོག་པ་ཞིག་ཏུ་ངོས་འཛིན་གྱིན་ཡོད། རྒྱལ་དབང་ལྔ་བ་ལྟ་བུའི་ལོ་རྒྱུས་ནང་ན་ཡང་མ་དག་པ་ཡོད་སྲིད་ན་ཧོར་འཇིགས་སོགས་སྨྲ་ཅི་དགོས། ངས་འདི་ཙམ་ཞིག་གླེང་ཡོད། འདི་ཙམ་ཞིག་གླེང་ཆོག་གི་རེད་དམ་མ་རེད། ང་རང་ཧོར་འཇིགས་ལ་མི་དགའ་དོན་སྤུ་ཙམ་ཡང་མེད་ལ་ང་འདྲ་བ་ཞིག་གིས་ཁོང་ལ་ཕྲག་དོག་བྱས་ན་སོ་སོ་རང་ཉིད་ཀྱིས་དམན་སར་ལྷུང་བའི་རྒྱུ་ལས་ཁོང་ལ་ཅི་ཞིག་གནོད། སྔོན་ཆད་རྡ་ས་ན་ཡོད་དུས་ཨ་མདོའི་གསར་བུ་ལ་ལས་ཧོར་འཇིགས་ངན་རབས་ཐུ་རབས་ཟེར་དུས་མཐའ་གཅིག་ཏུ་གདོང་ལ་ལངས་ནས། ཧོར་འཇིགས་ངན་རབས་ཐུ་རབས་ཟེར་བ་ལ་དང་པོར་ཁྱོད་ཚོ་ཧོར་འཇིགས་ལྟ་བུའི་རྩོམ་པ་པོ་ཞིག་ཆགས་ཀི་ཆུགས། དེ་ནས་ཧོར་འཇིགས་ལ་ངན་སྨྲས་བྱོས་ཟེར་མྱོང་། ཡིན་ན་ཡང་ཧོར་འཇིགས་ཀྱིས་བརྩམས་པ་དང་ཧོར་འཇིགས་ཀྱིས་བསྒྲིགས་པའི་དཔེ་དེབ་ལ་དཔྱད་བརྗོད་སྤེལ་མི་ཆོག་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་ན་དེ་ལུགས་གསལ་བཤད་གནོངས་དང་དེ་བཞིན་རང་ཚོད་འཛིན་གྱི་ཡིན། དེ་རིང་འདི་ཙམ་བྱོས། འདི་ཚོ་ཚང་མ་སེམས་ཁོང་གི་སྐད་ཆ་ཡིན་མ་གཏོགས་ཁ་ནས་གཅིག་བཤད་ཁོག་ནས་གཅིག་དྲན་པའི་མགོ་གཉིས་མའི་བསླུ་བྲིད་ཡིན་ན་དཀོན་མཆོག་གསུམ། འདི་སེམས་ལ་ཟུངས།
གོང་དུ་རྒྱུགས་པས་ལེབ་རྡུང་ཟེར་དོན་ནི། ལྷ་ཆབ་པས། མི་འདིས་འདི་ལྟར་བཤད་པ་བདེན་པ་མ་རེད། འདིའི་ལན་འདི་འདྲ་ཞིག་ཡིན། མི་གཞན་དེའི་ལན་འདི་ལྟར་ཡིན་ཞེས་མདོ་སྨད་ལོ་རྒྱུས་ཆེན་མོ་དང་དེའི་རྩོམ་སྒྲིག་པར་སྤེལ་བའི་དཔྱད་བརྗོད་དག་ལ་ལན་གཙང་མ་རེ་བརྒྱབ་ན་ཆོག་པ་ལ། དེ་ལྟར་མ་བྱས་པར་དེའི་སྐོར་གླེང་སློང་གིས་ལྷ་ཆབ་རང་གི་ལྟ་བ་དང་མི་མཐུན་པ་བྱུང་ཚད་ཚང་མར་ཕྲག་དོག་རེད། དམའ་འབེབ་རེད། སྒྲོ་སྐུར་རེད། ཧོར་འཇིགས་སྟོན་པ་ནང་བཞིན་རེད། ཁྱོད་ཚོ་དེ་དུས་ཀྱི་བདུད་ནང་བཞིན་རེད་ཟེར་ནས་ས་འོག་རིམ་པ་དགུ་རུ་འདེད་ཅི་ཐུབ་བྱས་པར་དགེ་བསྐོས་བཙན་པོ་ཚོས་གྲྭ་པ་གཅིག་གཉིས་ཀྱིས་མ་རབས་བྱས་པས་དེ་དག་ངོས་འཛིན་མི་ཐུབ་དུས་གྲྭ་ཚང་ཡོད་ཚད་ལ་རྒྱུགས་པས་ལེབ་རྡུངས་བྱེད་སྲོལ་འཇིགས་པོ་ཞིག་ཡོད་པ་ལྷ་ཆབ་རང་གིས་ཀྱང་ཤེས་པ་དེ་བཞིན་ལབ་པ་ཡིན།
སྐུ་ཞབས་ལྷ་ཆབ་པས་ཤེས་དགོས་པ་ཞིག་ལ། སྐུ་ཞབས་ཧོར་གཙང་འཇིགས་མེད་ཟེར་དུས་མདོ་དབུས་ཁམས་གསུམ་ན་སྐད་གྲགས་ཆེ་ཙམ་ཞིག་ཡོད་པ་འདི་ནི་ཁོང་གིས་བྱས་པ་ལས་པ་ཚང་མ་འགྲིག་པ་ཟེར་ནས་ཁ་ཡག་ངོ་བསྟོད་རྐྱང་རྐྱང་བཏང་ནས་བྱུང་བ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་ཁོང་གིས་འགྲིགས་པ་དེར་བསྟོད་བསྔགས་དང་མ་འགྲིགས་པ་དེར་སྐྱོན་བརྗོད་བྱས་ནས་ད་གཟོད་ཧོར་འཇིགས་ཟེར་དུས་མི་ཚང་མས་རྣ་བ་ཅོར་ཅོར་བྱེད་དགོས་པ་འདི་བྱུང་བ་རེད། འདི་ཙམ་ཞིག་ཀྱང་མ་ཤེས་པར་ང་ཧོར་འཇིགས་ལ་དགའ། ཧོར་འཇིགས་ལ་བསྟོད་པ་འཐེན་མཁན་ཚང་མ་ངའི་གྲོགས་པོ་ཡིན། ཧོར་འཇིགས་ལ་སྐྱོན་བརྗོད་བྱེད་མཁན་ཚང་མ་ངའི་དགྲ་བོ་ཡིན་ཟེར་དུས་ཁྱོད་གཉིད་ཁུག་ཐུབ་ཀི་མ་རེད། ངས་ངོ་མ་བཤད་ནི་ཡིན། མྱི་བུ་གྲགས་ག་མཚང་གིས་གྲགས། རྟ་ཕོ་གྲགས་ག་བང་གིས་གྲགས། ཞེས་པའི་འཇིག་རྟེན་གཏམ་དཔེ་ཟོ་ར་ཡོད་ནི་རེད། དཔལ་དོན་གྲུབ་རྒྱལ་གྱིས་ཁོང་གི་བསྟོད་པ་བཀླགས་པའི་འཆར་སྣང་ཞེས་པ་ལས། ཨ་ཁུ་འབྲོང་གི་རུས་པ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །ཅེས་པ་དེ་ཡང་ཁོང་ལ་བསྟོད་པ་འཐེན་མཁན་ཚོར་དམིགས་ནས་གསུངས་པ་ཞིག་ཡིན་པ་ཤེས་ན་ལེགས།
ལྷ་ཆབ་སྦྱིན་པ་ལགས།
ཁྱེད་ཀྱིས་བྲིས་པའི་ “ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ”ཞེས་པའི་བསྟོད་རྩོམ་དེའི་བརྗོད་བྱ་ལ་རང་ཉིད་ཆ་རྒྱུས་མེད་པས་མཆན་བཏབ་མེད། ཡིན་ནའང་ཁྱོད་ཀྱི་ “མ་དགར་དབུས་ལ་སོང་ནས། མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད།”ཅེས་པའི་དམོད་རྩོམ་དུ་དམོད་ཚིག་མང་དག་ཅིག་བྲིས་བར་མཐོང་ནས་ངས་མཆན་འདི་འབྲི་བཞིན་ཡོད།
ཤེས་གསལ་རེད། ཟིན་བྲིས་སུ་བཀོད་པའི་རྩོམ་ཡིག་ལ་བསྟོད་པའི་མཆན་མ་གཏོགས་འདེབས་མི་ཆོག་ན་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་བྲིས་པ་ལྟར་བླ་མ་ཨ་ཀྱཱ་རིན་པོ་ཆེ་ལ་གང་བྱུང་མཆན་འདེབས་མི་ཆོག གལ་སྲིད་བཏབ་པ་ཡིན་ན་ནག་བསུབ་གཏང་རྒྱུ་ཡིན་ཟེར་ནས་སྔོན་བརྡ་བཏང་ན་ཟིན་བྲིས་ཀློག་པ་པོ་ཚོས་མཆན་མི་འདེབས་པར་རང་ཉིད་ཀྱི་བསམ་ཚུལ་རང་ཉིད་ཀྱི་སེམས་ཁུངས་སུ་ཉར་རྒྱུ་རེད་སྙམ། གལ་སྲིད་ཁྱེད་ཀྱིས་རིག་པའི་ཁྲབ་རྨོག་མཐུག་པོ་དེ་འདྲ་གོན་རྒྱུ་ཡོད་ན་ཟིན་བྲིས་སུ་ཁྱོད་རང་གིས་གང་བཀོད་པ་དེའི་མཆན་ལ་དུས་ཐོག་ཏུ་ཁྱོད་རང་གིས་ལན་སྤྲོད་ན་འོས་ཞིང་འཚམས་པ་ཡིན།
ངས་དོགས་འདྲི་ཁ་ཤས་ཤིག་བྱ་རྒྱུ་ཡིན།
༡༽ ཁྱོད་ཀྱིས་ཧོར་འཇིགས་ཀྱིས་སྔ་རྗེས་ལ་དེབ་བཅུ་གྲངས་ཙམ་བྲིས་ཡོད་པའི་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ཟེར་བ་དང་། མཆན་བཏབ་མཁན་འཇམ་དབྱངས་རྒྱ་མཚོས་ཧོར་འཇིགས་གཙོས་མདོ་སྨད་ལོ་རྒྱུས་འདི་འབྲི་བའི་ལོ་གྲངས་དང་དེའི་ཤོག་གྲངས་དང་། དེའི་འགྲོ་སོང་སོགས་དང་སྦྱར་ནས་གདེང་འཇོག་བྱེད་སྟངས་འདི་གཉིས་ལ་ཁྱད་པ་ཅི་འདུག
༢༽ “ཁོང་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་དེབ་གྲངས་མང་ཤོས་དང་མཛད་རྗེས་ཆེ་ཤོས་ཤིག་ཡིན་ལ།”ཞེས་པའི་ན་གཞོན་རྩོམ་པ་པོའི་ལོ་གྲངས་ཀྱི་མཐོ་ཚད་གང་ན་འཇོག་གམ། ཧོར་འཇིགས་ཀྱིས་བྲིས་པའི་དེབ་གྲངས་ག་ཚོད་ཡོད་དམ། དེབ་གྲངས་མང་ཤོས་འབྲི་མཁན་ཨང་གཉིས་པ་དང་གསུམ་པ་སུ་རེད་དམ། དེབ་གྲངས་འདི་འདྲ་ཞིག་སུས་ཞིབ་འཇུག་བྱས་ནས་གང་དུ་བྲིས་འདུག་གམ། དེིའི་ཐད་གྲངས་ཀ་བགྲང་རྒྱུ་ཡོད་ན་ཁྱོད་ཀྱིས་བཤད་པ་ཇི་བཞིན་དུ་གནས་པ་རེད། མཛད་རྗེས་ཆེ་ཤོས་ཟེར་བ་ནི་ལྟོས་བཅས་(subjective matter) ཡིན་པས་ང་རང་གིས་ང་རང་གི་ཨ་ཕ་འཇོག་ནའང་རྩོད་གཞི་ལ་འཛད་མཐའ་མེད་པ་ཞིག་ཆགས་རྒྱུ་མེད།
༣༽ “གཞན་གྱིས་འཁུར་མ་མྱོང་བའི་མྱི་ཁ་དང་འཕྱ་དམོད་ཀྱང་མང་བོ་ཞིག་འཁུར་བ་ཡིན་ལ།”ཞེས་པ་མི་གཞན་དང་ཕར་བཞག་བོད་མིས་ཉམས་མ་མྱོང་པའི་མྱི་ཁ་དེ་གང་རེད་དམ། འཕྱ་དམོད་དེ་ཅི་རེད།
༤༽ “འདི་དག་ཚང་མ་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་ཁོ་ན་མིན་ཕྱིར་སྐྱེས་བུ་དམ་པ་ཁོང་གིས་དུས་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་ཉམས་ལེན་ཁོ་ན་ལག་ལེན་ལ་བསྟར་ཡོད།”ཅེས་པའི་ནང་དུ་དུས་“རྟག་ཏུ་” ཞེས་པ་དང་ཕར་ཕྱིན་དྲུག་པོ་“ཁོ་ན་”ལག་ལེན་བསྟར་ཡོད་ཅེས་པ་འདི་ཧོར་འཇིགས་ཁོ་རང་ལ་སྐད་ཆ་འདྲི་རྒྱུ་ཡིན་ན་ཕལ་ཆེར་དེ་འོབ་ཚོད་ཀྱིས་སྐྱག་རྫུན་བཤད་པ་རེད་ཟེར་ཉེན་ཆེ། དེ་ལྟར་མི་ཤོད་པའི་རྒྱུ་མཚན་ལ་ཁྱོད་ཀྱིས་ཕར་ཕྱིན་དྲུག་དང་སྦྱར་ནས་འགྲེལ་བཤད་བརྒྱབ་རྒྱུ་ཨེ་ཡོད། ངས་དྲི་བ་དེ་ཙམ་གྱིས་འཐུས་པ་བྱས་ནས་ལྷག་མ་རྣམས་གོང་གི་དྲི་བ་གཏོང་སྟངས་ལ་གཞིགས་ནས་ཁྱོད་རང་གིས་རང་ཉིད་ལ་དྲིས་ནས་མཇུག་བསྡུ་རོགས་གྱིས།
དུས་དེང་སང་ལའང་སྔོན་མ་ནང་བཞིན་ཆོས་ལུགས་པས་ཆོས་པའི་བླ་ཆེན་རྣམས་ཀྱི་མཛད་པ་བྲིས་དུས་ས་གནམ་དུ་མི་ཤོངས་པའི་འུར་ཤོབ་ཀྱིས་བསྐོང་པ་ལྟ་བུའི་འབྲི་སྟངས་འདི་འདོར་ན་ལེགས་བསམས།
བོད་ཡིིག་འབྲི་ཤེས་པ་ཙམ་གྱིས་མཁས་པ་བརྩི་བའི་དུས་རབས་དེ་བོད་པའི་སྤྱི་ཚོགས་ནས་རྫོགས་སོང་བ་ཡིན་ན་དེའང་བོད་ཀྱི་རིག་གནས་ཀྱི་ཀྱོག་མཚམས་གལ་ཆེན་པོ་ཞིག་ལ་བརྩི་ཆོག
ད་ནི་ཁྱེད་རང་གིས་བྲིས་པའི་ “མ་དགར་དབུས་ལ་སོང་ནས། མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད།”ཅེས་པའི་དམོད་རྩོམ་དུ་དམོད་ཚིག་བལྟ་ཙམ་བྱེད་དོ།
ཁྱོད་ཀྱིས་ཁ་བརྡའི་མཆན་བཏབ་མཁན་ཚོ་ལ་
“ང་རང་ཧོར་འཇིགས་ལྟ་བུ་ཞིག་ཆགས་མི་འགྲོའམ་སྙམ་པའི་ཕྲག་དོག་དང་ཀུན་སློང་ཞིག་གིས་སྒོ་ཀུན་ནས་སེམས་ཁྲལ་ཡོད་མཁན་ཤ་སྟག་རེད་ཨང་སྙམ་པ་དྲན་” པ་དང་།
“ཁོང་ཚོའི་ཕ་གསོད་མཁན་དང་ཡང་ན་མར་བཙན་གཡེམ་བྱེད་མཁན་ལོས་ཡིན་སྙམ་པ་” དང་།
“ཁྱི་རྒན་གྱི་མདུན་ནས་རུས་ཀོག་འཕྲོག་པ་ལྟ་བུའི་ཁོང་ཁྲོ་ཞིག་དང་ཞེ་སྡང་ལངས་ཚུལ་ཟ” བ་དང་།
“ལྷག་པར་དུ་རྒྱུད་བདུད་ཀྱིས་བརླམས་པ་”ཟེར་བ་དང་།
“ཁ་ཤས་ཀྱིས་ཆོས་བརྒྱུད་ཕན་ཚུན་དང་སྐུ་སྒེར་ཡིག་ཚང་སོགས་ལ་སྐུར་འདེབས་དང་འཁོན་དཀྲུགས་ཀྱི་ལས་རྩོམ་གྱིན་འདུག་”
“དངོས་གནས་བརྗོད་གཞི་དང་འཆོལ་བའི་གླེང་ཕྱོགས་བཟོ་སྟངས་ལ་བལྟས་ན་ཕལ་ཆེར་དོལ་འདྲེ་ཚོགས་པ་ལྟ་བུ་ཞིག་གི་སྒྲོ་ལོ་སྔོན་མོས་གྲོད་ཁོག་སྦྱངས་ལོས་ཡོད་བསམ་པ་ཞིག་ཤར་ལ”
“བུད་མེད་ཡུགས་ས་མའི་ཅོ་འཛིང་ལྟ་བུའི་ལས”
“ཁྱོད་ཅག་ལ་ནི་ངས་སྔོན་རང་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས་ཀྱི་བདུད་སྡིག་ཏོ་ཅན་ལྟ་བུ་ཞིག་ལ་ངོས་འཛིན་པ་ལས་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན།”
“ངས་འདི་ལྟར་བརྗོད་པ་མཐོང་མ་ཐག ཁྱོད་ཅག་ཁ་ཤས་ཕྲག་དོག་དང་སྡུག་བསྔལ་གྱིས་གཟིར་ཏེ་ལྕེབས་པར་དོགས་ནས། ངས་དེ་རིང་མང་བོ་ཞིག་བརྗོད་པའི་ངལ་བ་མི་བྱའོ།།”
“ང་ནི་ལོ་ངོ་བཅུ་ཕྲག་ཙམ་ལ་གྲྭ་ས་ཆེན་པོར་འགྲིམ་མྱོང་བའི་རྟགས་གསལ་བོ་ཞིག་གྲུབ་པ་ནི་” ཕལ་ཆེར་གོང་གི་དམོད་ཚིག་དེ་དག་སེམས་སུ་འཁོར་ནས་འདི་བཀོད་ཕོད་པ་ལ་བལྟས་ན་གྲྭ་ས་ཆེན་པོར་འགྲིམ་མྱོང་བའི་རྟགས་གསལ་བོ་མིན་འདུག ཁྱོད་རང་གིས་དཔེ་ཁྲིད་དགེ་རྒན་ཡང་ཁྱེད་རང་གིས་རྟགས་གསལ་དམོད་ཚིག་གིས་འགོག་སྟངས་ལ་བལྟས་ནས་སྤོབས་པ་རྩ་བ་ནས་སྐྱེས་རྒྱུ་མ་རེད་སྙམ།
ལྷ་ཆབ་སྦྱིན་པ་ལགས། ངས་ཁྱེད་ཀྱི་ཟིན་བྲིས་འགའ་དུས་བབ་ཟིན་བྲིས་ནས་བཀླགས་རྒྱུ་བྱུང་མ་གཏོགས་ཁྱེད་རང་སུ་ཡིན་མིན་མི་ཤེས་ལ་ཤེས་དགོས་དོན་ཡང་མི་འདུག རྗེས་སོར་རང་ཉིད་ཀྱི་ལྟ་ཕྱོགས་དང་ལངས་ཕྱོགས་མི་མཐུན་པའི་མི་ལ་ཚིག་མཚོན་མ་འདེབས་པ་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོ་འགྲེལ་བཤད་བྱ་རྒྱུ་ན་དགོས་པར་ཆེ།
ཁྱེད་རང་གིས་དཔེ་འཇོག་ས་སངས་རྒྱས་དང་མཁས་དབང་དགེ་ཆོས་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས་ལའང་མི་འཐད་པ་ལྟ་མཁན་མང་པོ་ཡོད་པ་དེ་དག་ལ་ཡང་ན་འགྲེལ་བཤད་བསྐྱོན་པ་དང་ཡང་ན་བཏང་སྙོམས་སུ་བཞག་ཡོད་པ་མ་གཏོགས་དམོད་ཚིག་གིས་དྲག་ཆར་སྙིལ་སྙིལ་བྱས་པ་ཞིག་མཐོང་ཐོས་མ་བྱུང་།
སྤྱི་འཛམ་གླིང་གི་སྤྱི་ཚོགས་མང་ཆེ་བའི་ནང་དུ་ལྟ་སྤྱོད་མི་འདྲ་བ་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་ཡོད་པ་ཤེས་གསལ་རེད། དེ་ལ་བཟོད་བསྲན་མེད་ན་སྤྱི་ཚོགས་ནང་དུ་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་རེད།
དཀྱིལ་ཤར་ཨེ་ཤ་ཡའི་རྒྱབ་ཁབ་ཁག་ཏུ་ནང་འཁྲུག་གི་འབྱུང་གཞི་མང་ཆེ་བ་གཞན་གྱི་ལྟ་སྤྱོད་ལ་བཟོད་མི་ཐུབ་ནས་དྲག་གནོད་གྱི་ལས་ལ་ཞུགས་པས་སྤྱི་ཚོགས་ནང་བདེ་འཇགས་མེད་པ་ཆགས་ཀྱིན་ཡོད་། རང་ཉིད་ཀྱིས་ལྟ་ཚུལ་ཁོ་ནར་མཆོག་ཏུ་མི་འཛིན་པར་གཞན་གྱི་ལྟ་ཚུལ་ལའང་ཆ་འཇོག་ངེས་ཅན་ཞིག་སྤྲོད་དགོས་ཀྱི་རེད། དེ་ནི་དམངས་གཙོ་གྲ་འགྲིགས་པོ་ཞིག་ཡོང་བའི་ཆ་རྐྱེན་གལ་ཆེན་པོ་ཞིག་རེད།
བོད་ཀྱི་སྤྱི་ཚོགས་འདིའང་འཛམ་གླིང་སྤྱི་མཚུངས་ལྟར་སྤྱི་ཚོགས་ནང་དུ་ལྟ་སྤྱོད་མི་མཐུན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་ངེས་རེད། དེ་ལ་བཟོད་སྲན་མི་ཐུབ་ན་དཔེ་མཚན་ཡག་ཤོས་ཤིག་ནི་ཏ་ལི་བྷན་གྱི་སྤྱི་ཚོགས་སུ་བླུན་རྒན་རྣམས་ཀྱིས་རང་ཉིད་ཀྱི་ལྟ་ཚུལ་གང་འདོད་ལྟར་སྤྱོད་བཞིན་པ་ལ་བལྟས་ལ་ཤེས་ངེས་ཡིན།
བོད་སྤྱི་ལ་དབང་བའི་མཁས་དབང་གི་ཆོ་ལོ་འོས་པ་དགེ་ཆོས་ཙམ་ལས་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་དུ་དཀོན་པོ་རེད། ཁོང་ནི་བློ་རིག་བཀྲ་ལ་བློ་རྒྱ་ཡངས་བ། རྩོད་པ་དང་རྩོམ་པ་ལ་མཁས་པ། ཡུལ་ལུང་དང་གྲུབ་མཐའི་རྒྱ་རྙིད་དུ་མ་ཚུད་པ། སྔོན་ཐོན་གྱི་བསམ་བློ་ཡོད་པ། དེ་ཇི་བཞིན་ཤོད་ཕོད་པ། སོགས་དེ་ཙམ་གྱིས། ལས་ཀའི་དུས་ཚོད་བརྐུས་ནས་ལས་གནས་ནས་འབུད་སོང་ན་ཁ་བརྡས་ང་ལ་འཚོ་རྟེན་སྦྱོར་མི་ཐུབ།
ལྷ་ཆབ་བྱིན་པ་ལགས། ངས་བྱས་ན་ཁྱེད་ཀྱི་མིང་བྲི་སྟངས་ཀྱང་སྦེད་དེ་ནོར་ཤག ཁྱེད་ཀྱི་བོད་ཡིག་ལོ་བཅུ་ལྷག་སྦྱངས་བསྡད་པ་ཡིན་ཟེར་ནའང་། སོ་སོའི་མིང་གི་དག་ཆ་ཡང་བྲིས་ཤེས་མི་འདུག།
ཡག་པོ་ཉོན་ཨང་། ཁྱེད་རང་གི་མིང་བྲིས་དུས།
ཧོར་འཇིགས་གཅིན་པ་་་་་་་ཞེས་བྲིས་དགོས།
ཧ་ཧ་ཚིག་པ་ཟ་གི་འདུག་གས། ཁྱེད་ཀྱིས་ང་ཚོ་ལ་དོལ་རྒྱལ་ཚོགས་པས་དངུལ་ཟས་སོང་བསམ་གི་ལབ་འདུག་ག ངོ་ཚ་གི་མི་འདུག་གས།
སོ་སོ་དང་སོ་སོའི་དགའ་སར་མཁས་པས་དགག་དུས་བདེན་པ་ར་སྤྲོད་ཀྱི་ལན་མ་བཏབ་པར་དོལ་རྒྱལ་བསྟེན་མཁན་ལབ་ན་ཡག་པོ་ཨེ་ཡིན།
ཁྱེད་ནས་ད་བར་རྩོམ་ཡིག་ཡ་མ་གཟུགས་མང་པོ་ཞིག་བྲིས་པ་དེ་དག་ལ་དོལ་རྒྱལ་ཚོགས་པར་དངོས་སུ་དགག་པ་རྒྱབ་བཞག་པ་གཅིག་ཡོད་པས། གལ་སྲིད་དོགས་པ་བྱས་ན་སོ་སོ་ལ་བྱེད་དགོས་ས་རེད།
ངས་ཁྱེད་ལ་དོགས་པ་བསལ་ཡག་གཅིག་ལ་བཟང་ངན་གང་ནས་བཤད་ཀྱང་ཁྱེད་རང་ཧོར་འཇིགས་འདྲ་པོ་ཆ་ཡོང་སྙམ་པའི་དོགས་པ་མི་འདུག།
ངན་ཕྱོགས་ནས་ཁྱེད་རང་ཧོར་འཇིགས་འདྲ་པོ་མ་ཚད་དཔར་བཤུས་བྱས་པ་ནང་བཞིན་རེད། བཟང་ཕྱོགས་ནས་ལབ་ན་ཁྱེད་ཧོར་འཇིགས་ཀྱི་སྐྱག་པ་གཏོང་ས་ལའང་སླེབས་ས་མེད།
ཁོང་ཁྲོ་ཟ་གི་འདུག་གས། སྡུག་རུས་བྱོས།
གལ་ཏེ་མི་བཅུ་ཡིས་ཁྱིའི་ཚེ་གང་པོ་གཅིག་ལ་དེབ་དྲུག་བསྒྲིགས་ནས་ཧོར་འཇིགས་དུས་རབས་ཀྱི་ཀྱོག་མཚམས་མཚོན་པའི་རྡོ་རིང་ཞིག་ཆགས་པ་ཡིན་ན་ཁྱེད་རང་ཡང་རྡོ་རིང་དེ་མཚན་པའི་བྱ་རྒོད་ཀྱི་སྐྱག་པ་ཞིག་ཆགས་པ་མ་རེད་དམ། ཁོང་ཁྲོ་མ་ཟ་ཨ།
དེས་ན་ལྷ་ཆབ་བྱིན་པ་རང་ལ་ང་ཚོས་བོད་ཀྱི་རྩོམ་པ་པོ་ཞེས་ཁས་ལེན་ཐུབ་པ་མི་འདུག གང་ཡིན་ཟེར་ན། ཁྱོད་ཀྱི་རྒྱ་ནག་གི་རྩོམ་པ་པོ་ལྟར་ངོ་དགའ་སྤྲེལ་ལད་ལས་དྲང་བདེན་དང་གནས་ལུགས་འཚོལ་བའི་རྒྱུ་མཚན་བཤད་ཤེས་ཀྱི་མི་འདུག། གལ་ཏེ་ངོ་བསྟོད་ཡིན་ནའི་རྒྱུ་མཚན་མེད་པར་བྱས་ན་ཆུ་ངོགས་གཏམ་རྒྱུད་ནང་གི་ཀའུ་ཆིའུ་ཡི་བུ་ཚབ་ལྟ་བུ་རེད།
མཐའ་མ་གཏམ་བཟང་གཅིག་ལ་ཁྱེད་ལ་དགྲ་མི་འདུག།
གང་ཡིན་ལབ་ན། ད་སྐབས་ཧོར་འཇིགས་དང་མདོ་སྨད་ཆོས་འབྱུང་ལ་ཕྲག་དོགས་ཟ་མཁན་ཕར་བཞག་མི་ཁ་ཤས་ཀྱིས་མིང་དེབ་ཐོག་ཏུ་འཁོད་པ་ནོར་འདུག་ཟེར་བ་དང་། སྤྱང་བ་ཁ་ཤས་ཀྱི་སྔ་ས་ནས་མ་རྒྱབ་རོགས་ལབ་ཡོད་ས་རེད།
ཁོང་ཁྲོ་མ་ཟ་ཨ། སྤྱིར་སྟངས་ངས་ཁྱོད་རང་དང་ཧོར་འཇིགས་གཉིས་ཀ་ངོ་ཤེས་ཀྱི་མེད་མོད། ཁྱོད་ཀྱིས་གནས་ལུགས་རྒྱུ་མཚན་མ་བཤད་པར་དོལ་ཚོགས་ཟེར་ཡོང་དུས་བཟོད་སྒོམ་བྱེད་ཐུབ་ཀྱི་མི་འདུག་པས། ངས་ད་རིང་འདིར་ཁྱེད་ཀྱི་ལན་རྒྱག་སྟངས་ལྟར་བྱས་ནས་ཚིག་ཅུང་ཟད་སྡུག་པོ་ཐལ་སོང་བས། ཚང་མ་རྩེད་མོ་ཡིན།
དྲ་གྲོགས་མང་པོ་ཞིག་གིས་༼༼མདོ་སྨད་ལོ་རྒྱུས་ཆེན་མོ་༽༽ཞེས་པའི་ལོ་རྒྱུས་དེབ་དྲུག་པོའི་རྩོམ་པ་པོ་ནི་ཧོར་གཙང་འཇིགས་མེད་གཅིག་པུ་མ་རེད། སྐུ་ཉིད་གཏོགས་པའི་མི་བཅུ་ཙམ་གྱིས་མཉམ་རུབ་ཀྱིས་བསྒྲིགས་པ་རེད་གསུང་གི་འདུག ངའི་གོ་ཐོས་ལྟར་ན་ཧོར་གཙང་འཇིགས་མེད་ཀྱིས་༼༼མདོ་སྨད་ལོ་རྒྱུས་ཆེན་མོ་༽༽འབྲི་བཞིན་པའི་བརྒྱུད་རིམ་ནང་སྐུ་ཉིད་ཀྱང་ཞུགས་ཡོད་པར་གྲགས། དེ་བདེན་ན་སྐུ་ཉིད་ཀྱིས་ཧོར་འཇིགས་ལ་དཔྱད་གཞི་ཡིག་ཆ་གང་དང་གང་བཙལ་བ་དང་། ཡིག་ཆ་གང་དང་གང་བསྒྱུར་བ་སོགས་དང་། དེ་བཞིན་སྐུ་ཉིད་ཀྱི་ལས་གྲོགས་གཞན་པ་ཚོས་ཀྱང་ཕྱག་ལས་གང་དང་གང་གནང་བ་སོགས་ངོ་སྤྲོད་ཅིག་གནང་ཐུབ་ན་ཐུགས་རྗེ་ཆེ་ཞུ། དེ་མིན་གོང་གི་བསམ་ཚུལ་འདི་འཁྲུན་ཐག་ཆོད་པ་ཞིག་རྩ་ནས་ཡོང་གི་མི་འདུག
ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ། དཀོན་མཆོག་གསུམ། ལྷ་ཆབ་ཡིན་ན་འདི་ཇི་འདྲའི་མི་མ་རབ་ཐབས་རྡུག་ཐ་ཆད་འུ་ཐུག་ཅིག་རེད་འདུག། ཤེས་ཡོན་ཅན་གྱི་མི་མང་པོ་འདི་འདྲ་ཞིག་དོལ་ཚོགས་ཀྱི་དངུལ་ཟ་མཁན་རེད་ཟེར། རྒྱུ་མཚན་ནི་ཧོར་འཇིག་ལ་ཁ་བཏང་བ་དང་། ཁོའི་གང་བཤད་པ་དེ་ཁས་ལེན་གྱི་མི་འདུག་ཟེར་བ་ཙམ་རེད། ད་དུང་ལྟོས་དང་། ཧོར་འཇིགས་སངས་རྒྱས་དང་། ཧོར་འཇིགས་ལ་མི་དགའ་བ་ཚོ་བདུད་སྡིག་ཏོ་ཅན་རེད་ཟེར། ཡང་ལྟོས་དང་། ཧོར་འཇིགས་ལ་མི་དགའ་བ་ཚོ་ཁོ་བོའི་དགྲ་ཡིན་ཟེར། འོ་ན་ཧོར་འཇིགས་ལ་མི་དགའ་མཁན་མང་དྲག་པས་ད་ཁྱོད་ལ་ཟ་མ་ཟ་རྒྱུའི་ཡི་ག་མེད་པར་དང་ཁ་འགག་འགྲོ་གི་ཡོད་རྒྱུ་རེད་སྙམ། ད་དུང་ལྟོས་དང་། ལོ་བཅུ་ཁ་ཞིག་ལ་གྲྭ་ས་འགྲིམས་པ་ཡིན་ཟེར། རང་གི་ཡིག་ནོར་གྱི་གྲངས་དང་ཕར་ཕྱིན་དྲུག་ཟེར་བ་ཙམ་ཡང་ཅི་ཡིན་ཤེས་མེད་ལུགས་ལ་བལྟས་ན་ཁྱོད་གྲྭ་སར་འགྲིམས་དུས་མིག་བཀབ་ཅིང་རྣ་བ་ལ་སྲིང་བལ་བརྫངས་ནས་གྲྭ་ས་འགྲིམས་བསྡད་པ་ཡིན་ས་རེད། ངོ་མ་ཁྱོད་མ་དགར་དབུས་ལ་སོང་། མ་མཇལ་ཕྱིར་ལ་ཐོན་ཡོང་རུང་ཧོར་འཇིགས་ཀྱི་དེབ་དེ་ཡག་པོ་བྱུང་འདུག་ཟེར་མཁན་ཧོར་འཇིགས་ཀྱི་ཁ་ཆུ་ལྡག་རྒྱུ་རག་མཁན་དང་། རང་གཤིས་མེད་པར་ཁྱི་ཕྲུག་བཞིན་མཇུག་མ་གཡུག་ཏེ་བདག་པོའི་ངོ་ལ་ཅེར་རྒྱུ་ལས་ཅི་ཡང་མི་ཤེས་མཁན་ཁྱོད་དང་བེར་འཇིགས་མ་གཏོགས་སུ་ཡང་མི་འདུག ད་དུང་མི་ཚང་མས་ཡག་པོ་བྱུང་འདུག་ཟེར་རྒྱུ་ལས་ལྡོག་ཏེ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱས་ནས་ལོ་རྒྱུས་ཀྱི་ཁོག་རུལ་ཏེ་ལྗང་གུར་གྱུར་འདུག་པ་དང་། ས་མིང་ཆུ་མིང་དང་། ལོ་ཚིགས། མིའི་མིང་། གྲོང་པའི་མིང་། དགོན་པ་ཁག་གི་མིང་དང་འདེབས་ལོ་འདེབས་མཁན། དངོས་བྱུང་གི་ལོ་རྒྱུས་སོགས་ཕྱོགས་ཡོངས་ནས་ནོར་འཁྲུལ་དང་འགལ་འདུའི་ཕུང་པོ་རི་རབ་ལྟ་བུར་སྤུངས་པའི་དེབ་ཅིག་རེད་ཟེར་གྱི་འདུག སྤྱིར་རྒྱལ་པོའི་དཀོར་མཛོད་ལ་བྱི་བས་སེར་སྣ་བྱེད་དགོས་དོན་མེད་ཀྱང་། སྐུ་སྒེར་ཡིག་ཚང་གི་དངུལ་དེ་འདྲ་མང་པོ་འཕྲོ་བརླག་ཏུ་བཏང་འདུག་ཟེར་ནས་ཕངས་སེམས་བྱེད་མཁན་ཡང་ཧ་ཅང་མང་གི ཁོང་ཚོ་ཡང་གོང་ས་མཆོག་གི་ཐུགས་རེ་དང་སྐུ་སྒེར་ཡིག་ཚང་ལ་ཤ་ཚ་ནི་ལོས་ཡིན། གཅིག་བྱས་ཁྱེད་ཚོ་ཨ་ཕྲུག་ཚོས་ལོ་རྒྱུས་ཀྱི་ས་བོན་བསྡུ་རུབ་བྱས་དུས་བསམ་གནག་བྱས་ཡོད་པ་འདྲ། གང་ལྟར་ཧོར་འཇིགས་ཀྱི་དེབ་དེ་བྱིས་པ་བཙས་མ་ཐག་ཏུ་ཤི་སོང་བ་ཞིག་དང་འདྲ་བར་དེབ་ཐོན་པ་དང་ཤི་བ་གཉིས་ཀ་དུས་མཉམ་དུ་བྱུང་འདུག་པས་ད་ཁྱོད་ཀྱིས་ཞོགས་ཇའི་ནང་དུ་ཧོར་འཇིགས་ཀྱི་གཅིན་པ་བླུགས་ནས་འཐུང་བསྡད་རུང་ཕན་ཐོག་ས་མ་རེད། ང་ཡང་དྲ་ཐོག་འདིར་མཆན་འདེབ་འདོད་གཏན་ནས་མེད་ཀྱང་། ལྷ་ཆབ་ཟེར་བ་འདིས་མངོན་སུམ་འཛེམས་མེད་ལ་ཀློག་པ་པོ་ཚོར་བརྙས་བཅོས་ལྟ་བུར་སྡིག་དམོད་གཏོང་རྒྱུ་མང་འདུག་པས་ཁོ་རང་གི་གཤིས་ཀ་དང་མཐུན་པའི་མཆན་འདི་མི་འདེབས་ཀ་མེད་བྱུང་།
འ་རོགས་ཚོ། ལྷ་ཆབ་སྦྱིན་པ་ཟེར་བ་འདི་མཐོང་མྱོང་མཁན་འེ་ཡོད། ཁོང་ལ་རྔ་མ་སྐྱེས་ཡོད་ས་རེད་འདུག་ན། རྔ་མ་གཡུག་སྟངས་དེ་དཔེ་མི་སྲིད་པ་ཡག་པོ་འདུག ཁྱི་དེ་ཚོས་ཡང་རང་གི་སྦྱིན་བདག་ལ་རྔ་མ་གཡུག་པ་ཙམ་ལས་སྦྱིན་བདག་སངས་རྒྱས་རེད་མི་ཟེར་ཡ། འ་ཤི་རེ་ཀོ་མི་ལུས་བླངས་ནོ་དོན་ཆུང་ག
ངོ་མ་སེམས་ཕམ་པོ་འདུག བོད་པ་ཕོ་གསར་ཁ་ཤས། རང་གིས་ག་ཚོད་འཇོན་ཐུབ་ཐུབ་བྱས་ནས། བོད་ལ་ཕན་པའི་དེབ་གཅིག་བྲིས། ད་དེ་ལ། ལས་ཀ་བྱེད་མ་ཐུབ་མཁན་དེ་ཚོས། གཅིག་འགྲིག་གི་མིན་འདུག གཉིས་འགྲིག་གི་མིན་འདུག་གསུངས་ཀྱི་འདུག མ་གཞི་ནས། ཁྱོད་ཚོ་སྙན་ངག་རྫུན་མ་འབྲི་མཁན་དེ་ཚོ་ག་དུས་ཡིན་ནའི་གཞན་ལ་སྐྱོན་བརྗོད་ཁོ་ན་ལས། རང་གི་འཇོན་གྱི་མིན་འདུག ཨ་མདོ་བའི་ནང་ནས་མི་དྲག་པ་གྲངས་ཀ་རྒྱག་ཡས་ཡོད། ཚེ་རྒྱམ། ཧོར་འཇིགས། བཀྲ་ཤིས་དོན་གྲུབ། དེ་ནས་བཟོད་པ་རྒྱ་མཚོ་བཅས་རེད།
ངས་གཅིག་འདྲི་ཆོག་པ་གཅིག ཁྱེད་ཚོ་ཧོར་གཙང་འཇིགས་མེད་ལགས་ལ་སྐྱོན་བརྗོད་བྱེད་ཆོག ཁྱེད་རང་ཚོས་གང་བྱས་པ་ཡིན། མ་གཞི་ནས་ག་དུས་ཡིན་ནའི་བོད་གཞུང་གི་འགྲིག་གི་མིན་འདུག བཀའ་ཁྲིས་འགྲིག་གི་མིན་འདུག གང་ལྟར་བོད་པའི་ལས་དོན་ལ་མགོ་ཁྲིད་མཁན་ཞིག་བྱུང་ན། ཁྱེད་ཚོ་ཨ་མདོ་བའི་ཕོ་གསར་མང་ཆེ་བ་དགའ་གི་མིན་འདུག ཁྱེད་ཚོས། གལ་སྲིད་ད་ལྟའི་རྒྱལ་བ་རིན་པོ་ཆེ་དེ་ཨ་མདོ་ལ་འཁྲུངས་མེད་ན། གཏན་གཏན་རྙོག་འདྲ་ཤོད་ཀྱི་རེད། ག་དུས་ཡིན་ནའི་ཨ་མདོ་བའི་གསར་འབྱོར་འདི་ཚོས་བོད་པར་བསུན་པོ་བཟོ་གི་འདུག ད་གང་བྱེད་དགོས་རེད། ལྟས་སྐྱེས་ཁྱེད་ཚོ་ད་གང་འདྲ། ཚང་མ་མ་སྐྱིད་པ་བཟོ་མཁན་ཁྱེད་ཚོ་རེད།
ཨ་ཁ། ཨ་མདོ་ཤེས་ཡོན་ཅན་ཡིན་ཟེར་མཁན་དེ་ཚོའི་ཁོག་པ་དུག་གིས་ཁེངས་ཏེ་འདུག་བཟོད་མ་བྱས་པར་སྐད་ངན་ཤོར་སོང༌། ཁྱེད་ཚོ་དོལ་ཚོགས་མིན་ལས་ཆེ་ཡང༌། ཧོར་འཇིགས་ཁ་ལ་འཁྱེར་ཏེ ྋགོང་ས་མཆོག་དང་བོད་གཞུང་ལ་ཡིད་མ་རུངས་པའི་རྣམ་འགྱུར་བསྟན་སོང༌། ཧོར་འཇིགས་ནི་མདོ་སྨད་གཞོན་སྐྱེས་ཚོའི་ནང་ནས་རྩེ་དྲ་ཞིག་ཡིན་པ་བཙན་བྱོལ་སྤྱི་ཚོགས་ནང་ནས་སུས་བལྟས་ཀྱང་མཐོང་ཐུབ། དོན་གྱིས་ཁྱེད་རང་ཚོས་ཧོར་འཇིགས་ྋགོང་ས་མཆོག་གིས་སྤྱན་བསྐྱངས་གནང་བ་དང༌། སྤྱི་ཚོགས་ནང་གཟིངས་སུ་འཐོན་པའི་གནས་བབ་ཡོད་ཙང་ཕྲག་དོག་ལངས་པ་ཁོ་ན་རེད།
ལྷ་ཆབ་པས་རྒྱུ་མཚན་བཤད་གི་མི་འདུག་ལ། བཀའ་བཀྱོན་གཏོང་གི་འདུག འདི་ལ་ལན་འདེབས་བྱེད་དགོས་དོན་མི་འདུག་ལ། བྱས་ནའང་ནོར་འཁྲུལ་རེད། དོལ་རྒྱལ་བའི་སྒྲོ་ལོས་ལྟོ་བ་སྒྱངས་ཚུལ་བཤད་ཀྱི་འདུག འདི་དག་རླུང་ལངས་པའི་སྐད་ཆ་ཡིན་པ་འདྲ། གང་ལྟར་ཐོག་མ་བགྲོ་གླེང་གི་སྐབས་བཤད་པ་དེ་དག་ལ་ལན་འདེབས་ཡོད་ན་རྗེས་སུ་བགྲོ་གླེང་བྱེད་ཆོག ཁྱེད་ཀྱིས་བཀའ་བཀྱོན་ནི་བཀའ་བཀྱོན་རང་རེད།
རྣམ་པ་ཚོ། སྐད་ཆ་འཇམ་པོ་ཤོད། ཁོག་རྒྱ་ཡངས་པོ་བྱོས། གཞན་མིས་མཐོང་ན་ངོ་ཚ། རང་མིས་རིག་ན་སེམས་སྐྱོ། ལྷག་པར་དུ་ཆོལ་ཁའི་སྐོར་གྱི་སྐད་ཆ་ནི་གྱོད་གི་གཞི་མ་དང་སྡུག་གི་མགོ་མ་རེད། མ་གཞི་ནས། བསམ་བློ་གཏོང་གིན་གཏོང་གིན་སྐད་ཆ་བཤད་ན་རྒྱན་ནི་རེད། ལ་ལ་ཞིག་གི་སྐད་ཆ་བཤད་སྟངས་ནི་ངོ་མ་ཞེད་སྣང་ཚ་བོ་འདུག
ལྷ་ས་བ་ལགས།
ཨ་མདོ་བ་དེ་ཚོ་རྒྱག་རེ་བརྒྱབ་པ་ལས་ལྷ་ས་བ་དེ་ཚོ་བགད་མོ་ཤོར་བ་ཐུ་ཡ། ཀུ་རེ་ཡིན།
ལྷ་ས་བ་དེ་ཚོས་བགད་མོ་ཤོར་གི་ཤོར་གི་ལ་སྒོང་ལྡོག་བཙུར་ནས་བླ་མ་ཆེན་པོ་དེ་འདྲ་གསོད་ཤེས་ཀྱི་རེད། ཨ་མདོ་བ་དེ་ཚོ་ལ་རྒྱ་གར་བའི་རིགས་གཞུང་གི་ཤན་ལྟ་བུ་ཡོད། རྒྱག་རེ་རྒྱབ་གི་རྒྱབ་གི་བྱས། མཐའ་མར་ཁོ་ཚོ་འགྲིགས་བསྡད་ཡོད་པ་རེད།། །།
དངོས་གནས་བྱས་ན་ངས་ལྷ་ཆབ་ཁོ་རང་གི་བྱེད་སྟངས་འགྲིག་མི་འདུག་ལབ་པ་མ་གཏོགས། ཧོར་འཇིགས་ལ་སྐྱོན་བརྗོད་བྱས་མེད།འོན་ཀྱང་ཁོས་ང་ཧོར་འཇིགས་ལ་སྐྱོན་བརྗོད་བྱེད་མཁན་གྱི་གྲས་སུ་བགྲངས་འདུག ཕལ་ཆེར་ལྷ་ཆབ་ཁོ་རང་ལ་ཕོག་སོང་བས་ཡིན་རྒྱུ་རེད། འོན་ཀྱང་ཁྱད་མི་འདུག ངས་དག་འབུད་བྱེད་དགོས་དོན་མེད།
གནད་དོན་ནི། ངས་ཁོའི་སྐད་ཆ་ལ་གནས་ལུགས་དཀོན་ཚུལ་བཤད་ཡོད་པ་དེ་ཇི་བཞིན་བདེན་མིན་དེ་རེད། ཁོས་ཟིན་བྲིས་འདིའི་ནང་ཧོར་འཇིགས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་བདུད་སྡིག་ཏོ་ཅན་དང་དོལ་ཚོགས་ཡིན་པར་བཤད་པ་འདིས་ངའི་སྐད་ཆ་ལ་བདེན་དཔང་གསོན་པོ་ཞིག་བྱུང་སོང། མ་རེད་དམ།
གཞན་ཡང་། མི་རེ་ཟུང་གིས་སྐུ་སྒེར་ཡིག་ཚང་དང་བོད་གཞུང་ལ་སྐྱོན་བརྗོད། ཆོས་བརྒྱུད་དབར་དང། མདོ་དབུས་དབར་སོགས་ལ་ཕུང་ཀྲ་་ོལ་གྱི་གཏམ་འཆལ་སྤེལ་བཞིན་པ་ནི་ཕན་ལས་གནོད་ཆེ་བས་སྤངས་ན་ལེགས།
ལྷ་ཆབ་བླུན་རྒན་འདིས་ཁ་པོ་སྟོང་པ་ཞིག་མ་གཏོགས་གང་ཡང་ཤེས་ནི་མ་རེད། ཁོས་བྲིས་པའི་ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱི་རེ་སྐུལ་ལྟར་ཁ་བརྡ་དྲ་རྒྱའི་སྟེང་དུ་བརྒྱུད་འགོད་བྱས་པ་ཡིན་ཟེར། སྐུ་ཞབས་རྡོ་རྗེ་དབང་ཕྱུག་རིག་པ་གྲུང་དྲག་པས་དེ་ལྟར་བྱེད་དུ་བཅུག་པ་རེད། ད་སྐབས་རྡོ་རྗེ་དབང་ཕྱུག་གད་མོ་ཁ་མི་ཟུམ་པར་དགོད་སྡོད་ཀྱི་ཡོད་ན་ཡང་ཅི་ཤེས། བླུན་རྒན་མགོ་སྐོར་འོག་ཚུད་ཚར་བ་རེད། ཨ་ཤུ་རེ་ཀོ། འོ་ད་དུང་གསར་འགྱུར་ཞིག་ལ། རྡ་ས་ན་མི་མང་པོས་ཧོར་འཇིགས་ཀྱི་ནོར་འཁྲུལ་དང་། ཕྱོགས་ཞེན་སོགས་ལ་དགག་ཡིག་འབྲི་བའི་གྲ་སྒྲིག་བྱེད་ཀྱི་འདུག ད་ཅིག་མ་བྲིས་པར་སྡོད་དུ་མ་བཅུག་པ་རེད་ཟེར་མཁན་བཞི་ལྔ་ཞིག་དང་ཐུག་སོང་། ད་དུང་སྐུ་སྒེར་ཡིག་ཚང་ལ་ཡིག་ཚང་རང་ནས་ཞུ་དག་ཙམ་ཡང་མ་བྱས་པར་དཔར་སྐྲུན་བྱེད་དུ་བཅུག་པར་བློ་ཕམ་ཡོད་ཚུལ་དང་། དེ་ལ་གསལ་བཤད་དགོས་པའི་སྙན་ཞུ་འབུལ་དགོས་ཟེར་མཁན་ཡང་འདུག ད་ལྷ་ཆབ་ལ་དགྲ་མང་རུ་མང་རུ་འགྲོ་གི་འདུག་ཡ། ཨ་རོགས་ཆ་བོ། ད་ལྷ་ཆབ་ཀྱི་ཨ་ཡེ་རྒན་མོ་ངོ་ནག་མ་ལ་ཁ་པར་བཏང་ནས་ལྷ་ཆབ་ལ་བདག་པོ་རྒྱོབས་ལབ་དགོས་ནི་མིན་ནམ། འདི་དགྲ་མང་གི་ཐོག་ལ་རླུངས་ལངས་རྒྱུ་མང་སོང་ནས་རྐྱེན་ངན་རེ་དང་འཕྲད་སྲིད་རྒྱུ་རེད་ཀོ། བོད་པ་མི་གཅིག་ཤི་སོང་ན་ཡང་ཆེན་པོ་རེད་ཡ།
ཧོར་གཙང་འཇིགས་མེད་སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་ཞིག་མ་ཡིན་པ་ལུག་བརྫི་ཞིག་ལ་བྲིས་ནའང་རྩོད་པ་བརྒྱག་མདོག་ཁ་བོ་མ་རེད། དེ་ཕྱིར་ཁོང་གི་ཡོན་ཏན་མཐོང་ནས་དགའ་ཞིང་བསྟོད་མཁན་ཡོད་ངེས་པ་མ་ཟད། ཡང་ཁོང་གི་སྐྱོན་ལ་ལྟོས་ནས་ཁྲོ་ཞིང་སྨད་མཁན་ཡོང་ངེས་པས། མི་ཚང་མ་ཁོ་ལ་དགའ་ནས་བསྟོད་མཁན་རྐྱང་བཟོ་ཐུབ་མཁན་གཅིག་ཀྱང་མེད་པ་ནང་བཞིན། སུ་གཅིག་ཀྱང་མི་ཚང་མ་ཧོར་འཇིགས་ལ་སྡང་མཁན་དང་སྨད་མཁན་རྐྱང་བཟོ་ཐུབ་ཐབས་ཡོད་པ་མ་རེད། དེའི་ཕྱིར་མི་ཞིག་ལ་བསྟོད་ཀྱི་འདུག་ཟེར་ནས་དགའ་དོན་དང་སྨད་ཀྱི་འདུག་ཟེར་ནས་ངུ་རིན་ཡོད་པ་ཞིག་ཏུ་མ་མཐོང་།
གྲོགས་པོ་ཚོར་ཞུ་རྒྱུར།
མཆན་གྱི་རིམ་པ་འདིའི་ནང་བརྗོད་གཞི་ལ་བགྲོ་གླེང་ཇེ་ཉུང་དང་གང་ཟག་སྒེར་ལ་རྒོལ་གཏམ་ཇེ་མང་དུ་འགྲོ་བཞིན་པར་བརྟེན་མཆན་བུ་འདེབས་སའི་སྒོ་བརྒྱབ་པ་ཡིན།