དེ་རིང་ཕྱི་ཟླ་ ༡༡ ཚེས་ ༤ ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་། རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་མཇུག་ཐོགས་དེར་་འདས་གྲོངས་སུ་ཕྱིན་འདུག
རྒྱལ་གཅེས་དཔའ་བོ་ཁོང་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཕ་མིང་ལ་འབྲུག་ཐར་རྒྱལ་རང་ལོ ༥༠ ཡིན་པ་དང།་ ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ ཡིན་འདུག་ལ། འཚོ་ཐབས་ཞིང་པ་ཡིན་འདུག་ལ་འབྱོར་བ་འབྲིང་ཙམ་ཡོད་པ་ཞིག་ཡིན་འདུག རྡོ་རྗེ་ལྷུན་གྲུབ་ལགས་ནི་སློབ་ཆུང་གི་ཤེས་ཡོན་གནས་ཚད་འབྲིང་ཙམ་ཡོད་མཁན་ཞིག་དང་། ད་ཆ་ལྷ་བྲིས་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་ཞིག་ཡིན་ཁར་ཁོང་གི་བཟའ་ཟླའི་མིང་ལ་གཡང་མོ་མཚོ་དང་ལོ་ ༢༦ ཡིན་འདུག ཁོང་གཉིས་ལ་བུ་དང་བུ་མོ་གཉིས་འདུག་པ་ལས་བུ་ཀུན་བཟང་རྡོ་རྗེ་ད་ལྟ་ལོ་ ༢ དང་། བུ་མོ་ཏིང་འཛིན་སྒྲོལ་མ་ད་ལྟ་ལོ་ ༤ ཡིན་འདུག
རྗེས་འབྲེལ་གནས་ཚུལ་འབྱོར་གསལ་ལྟར་ན། ད་ནངས་དཔའ་བོ་ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་འགག་མདོ་ཁ་ཤས་ཡོད་པ་ལས། ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོ་ནས་མེར་སྲེག་བཏང་འདུག་ལ། མེར་སྲེག་གི་ལས་འགུལ་སྤེལ་བ་ལམ་འགྲོ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འབྲེལ། སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བར་བདག་གཅེས་དང་འབྲེལ། གཅིག་ལ་གཉིས་བརྒྱུད་ཀྱིས་ཐག་ཉེ་རིང་གི་མང་ཚོགས་ནས་ཤེས་རྟོགས་ཁྱབ་བརྡལ་བྱུང་སྟེ། དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་མཉམ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་། སྨོན་ལམ་གསུང་འདོན་བཅས་ཀྱི་མགོ་བཙུགས་ནས། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་པང་གི་གདོང་རྒྱལ་ལ་ཁ་ཟེར་བ་དེར་གདན་ཞུས་ཀྱི་སྐབས་ཙམ་ལ། གཞི་ནས་དཔའ་བོ་ཁོང་གང་ནས་ཡིན་པ་སོགས་ཀྱི་ངོ་འཕྲོད་བྱུང་བ་ཞིག་ཡིན་འདུག
དེ་རིང་བོད་ནང་གི་ཆུ་ཚོད་ ༢ ་དང་ཕྱེད་ཀའི་སྟེང་དགེ་འདུན་པའི་སྨོན་ལམ་ཆོ་ག་གསུང་འདོན་དང་མང་ཚོགས་ཀྱིས་མ་ཎི་འདོན་དབྱངས་དང་ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་ལྡིར་བའི་ཁྲོད་ནས་སྦྱིན་སྲེག་ཞུས་འདུག ས་གནས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་མི་མང་སྟོང་ཕྲག་ཁ་ཤས་འཛོམས་ནས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག
ད་ནངས་མེར་སྲེག་ལས་འགུལ་སྤེལ་བའི་རྗེས་ཙམ་ནས་ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་བྱེད་མགོ་ཚུགས་ཡོད་ནའང་། མང་ཚོགས་ཀྱིས་དེ་རིང་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་གདན་ཞུའི་སྐབས། ཞུགས་འབུལ་དངོས་གཞིའི་སྐབས་བཅས་ལ་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ནའང་། གནས་ཚུལ་འདི་སྐོར་ཕྱིར་བསྒྲགས་བྱས་མི་ཆོག་པའི་ཚུལ་མང་ཚོགས་ནང་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག
དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི་རེབ་གོང་གི་ལོ་རྒྱུས་ནང་གི་དམིགས་བསལ་ས་ཆ་ཞིག་སྟེ། དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་ན་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་དང་། དེ་ཡང་སྤྱིར་བཏང་གི་བླ་མ་དང་གྲྭ་པ། དེ་ལས་ཀྱང་མང་ཚོགས་དཀྱུས་མའི་རིགས་ཀྱི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་ཞིག་མིན་ནའང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་པ་དེ་ཉིད་ཀྱི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་པ་ནི། རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་སྐྱ་ཞིག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་ཐོག་མ་ཡིན་པ་དང་། དེ་རིང་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་སྐུ་ཕུང་གནས་འདི་ནས་ཞུགས་འབུལ་ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག
ས་གནས་ཀྱི་འབྲེལ་ཡོད་ཁག་ཅིག་ནས་བརྗོད་གསལ་ལ། ཉེ་སྔོན་ནས་གཞུང་གི་ལས་ཁུངས་ཁག་གི་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ཀར་མཐུད་སྦྱོར་མི་ཆོག་པ་དང་། དེ་བཞིན་དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་ཡོད་མུས་ཡིན་པ་དང་། དེ་རིང་ཉིན་རྒྱབ་ནས་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ། ད་ལྟའི་ཆར་གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱིན་པའི་གནས་སྟངས་ཆགས་འདུག་པ་བཅས་ཀྱི་གནས་བསྡུས་སུ།
གནས་ཚུལ་ཁ་སྣོན།
གནས་ཚུལ་འབྱོར་གསལ་ལ། དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་ཕ་འབྲུག་ཐར་རྒྱལ་ནས། ༼ངའི་བུ་འདི་ལྟར་གཞན་དོན་དུ་ཤི་སོང་བ་ཡིན་པས་་སྡུག་བསྔལ་བྱེད་ཀྱི་མེད། ཞི་ལིའི་ཡིད་ཚིམ་སོང་ནི་རེད། རེབ་གོང་གི་སེར་སྐྱ་ཡོངས་ཀྱིས་དེ་རིང་རྙོག་དྲ་གཞན་མི་བཟོ་རྒྱུ་རེ་བ་ཡིན་༽ཅེས་དེ་རིང་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ནས་མང་ཚོགས་ལ་སེམས་གསོ་བྱས་ཏེ། སེར་སྐྱ་མང་ཚོགས་མིག་ཆུ་ཁྲོམ་ཁྲོམ་བཞུར་དགོས་པ་ཞིག་བཟོས་ཡོད་འདུག་ལ། དེ་བཞིན། ཆུ་མའི་རྒད་པོ་གསུམ་གྱིས་མང་ཚོགས་ལ་སེམས་གསོ་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་འདུག་ལ། དེ་ཚོས་ཀྱང་འབྲུག་ཐར་རྒྱལ་གྱིས་བཤད་པའི་སྐད་ཆའི་ནང་དོན་དེ་བཤད་ཡོད་འདུག་པ་དང་། དེའི་ནང་གི་རྒད་པོ་གཅིག་གིས། ༼ང་ལོ་བརྒྱད་ཅུར་འབུད་ལ་ཁད་ཡོད། ཚང་མས་ངའི་ཁ་ལེན་རྒྱུ་འདི་རེ་བ་ཡིན་༽ ཞེས་བཤད་རྗེས། ༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་མགྱོགས་པོར་ཕེབས་པར་སྨོན༽་ཞེས་ཀྱང་བཤད་འདུག་པ་བཅས།
ནོར་བཅོས།
གསར་གནས་འདི་ཐོག་མར་སྤེལ་སྐབས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་དེ་ཉིད་ཀྱི་ཤུལ་ལུས་བྱིས་པ་གཉིས་ཀྱི་ལོ་ཚད་འགོད་ནོར་ཤོར་འདུག་ན། ཆེ་བ་བུ་མོ་ཏིང་འཛིན་སྒྲོལ་མ་ལོ་ ༤ དང་། ད་ལྟ་ཁུངས་ལྡན་ནས་ངོ་སྤྲོད་གནང་གསལ་ལྟར། ཆུང་བ་བུ་ཀུན་བཟང་རྡོ་རྗེ་ལོ་ ༢ ཡིན་འདུག་པར་ནོར་བཅོས་སོང་ཡོད།
དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་ཕ་རྒན་འབྲུག་ཐར་རྒྱལ་ལགས་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་ཡོད་པ།
མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་རང་སྲོག་བློས་གཏོང་གི་རླབས་ཆེན་མཛད་འཕྲིན་འདིར་ང་ཚོས་སྨོན་ལམ་དང་རྗེས་དྲན་ཁོ་ན་ཙམ་གྱི་སྟབས་བདེ་ངང་རྫོགས་ཚིག་མ་བཀོད་པར་ཐབས་ཤེས་གང་ཡོད་བཏོན་ནས་འཛམ་གླིང་གི་སྐྱེ་བོ་རེ་རེ་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས། ཨ། ད་ངོ་མ་གྲངས་ཀ་མང་སོང་ནི་རེད་ཡ།
རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་དང་ཁོང་གི་ཕས་གཏམ་བཤད་རེབ་གོང་མི་དམངས་ཀྱིས་གདུང་སེམས་མཉམ་བསྐྱེད་བཅས་ལ་ལྟས་ཚེ།ང་རང་ནི་རང་དབང་མེད་པར་ཁ་ཞེ་གཉིས་མེད་ཀྱི་མཆི་མ་འགོག་ཐབས་ཞིག་མ་བྱུང་བར་བཞུར་སོང་།དེ་ནི་ང་ལྟ་བུ་སྡར་མ་དང་ནུས་མེད་ཀྱི་ཕྱི་སྡོད་བོད་མི་ཚོས་ལག་རྗེས་ཅི་ཞིག་བཞག་ཡོད་དམ།ང་རང་གཙོ་བོ་བྱས་ཏེ་གྲངས་འདྲེན་པ་ལྟ་བུ་ཞིག་གྱུར་འདུག འཛམ་གླིང་ནི་དངུལ་ཁོ་ན་མ་གཏོགས་ཅི་ཡང་མི་བསམ་ལ།གནས་ཚུལ་ཡང་བོད་མི་རིགས་ཁོ་ནའི་མིག་ལམ་གྱི་གསར་འགྱུར་ཁོ་ན་ལས་འཛམ་གླིང་གི་གསར་འགྱུར་གྲལ་དུ་ཡང་ཚུད་ཀྱི་མེད།ད་ནི་མི་གྲངས་དྲུག་བཅུ་རེ་བརྒྱད་ལ་སླེབས་སོང་།འཛམ་གླིང་གི་གསར་འགྱུར་ཁྲོད་དུ་ཐེངས་ག་ཚོད་ཅིག་ལ་དཔའ་བོ་འདི་དག་གནས་ཚུལ་བཤད་ཡོད་དམ།བཙན་བྱོལ་གཞུང་ནས་རྡ་སའི་རི་སྒང་དེར་མར་མེ་ཁྲོམ་སྐོར་ཐེངས་༦༨སྒྲོན་སོང་།ཡིན་ཡང་འཛམ་གླིང་མི་དམངས་ཀྱི་མིག་མདུན་ནི་ནམ་ཡང་བོད་ཀྱི་གནས་སྟངས་མུན་ནག་རང་རེད། ་ང་ཚོ་གཞི་བྱེས་གཉིས་ཀྱི་སེམས་སུ་བཞུར་བཞིན་པའི་མིག་ཆུ་འདི་ནམ་ཞིག་ལ་བཞུར་མཚམས་ཆད་དམ། ཨ་རི་དང་ཕྱོགས་གཞན་གྱི་བོད་ཀྱི་གསར་འགོད་པ་ཚོས་བོད་མི་རིགས་མ་ཡིན་པའི་མི་རིགས་གཞན་དག་ལ་ཁྱབ་བསྒྲགས་དང་མཉམ་དུ་བཅར་འདྲི་བྱེད་པའི་བསམ་བློ་ཞིག་འཁོར་ཐུབ་བམ། ཡང་ན་ད་རུང་གནས་ཚུལ་སྤེལ་ཟིན་པ་དག་བསྐྱར་ཟློས་ཁོ་ན་བྱེད་ཀྱི་རེད།མི་རིགས་གཞན་དག་ལ་སྲང་ལམ་ནས་བཅར་འདྲ་རེ་བྱེད་ཐུབ་ན་ཁྱབ་བསྒྲགས་ཡང་འགྲོ་སྲིད་ལ།བོད་མི་རིགས་ཁོ་ནའི་མིག་ལམ་གྱི་གསར་འགྱུར་ལས་བརྒལ་ཡང་ཐུབ།གང་ལྟར་ཁ་སང་དེ་རིང་གི་སེམས་པ་ནི་སྡུག་བསྔལ་གྱི་སྨུག་པ་ཞིག་འཐིབ་ཡོད།
ད་དེ་ལྟས་ངན་རེད་མི་གསོན་པོ་གསོན་གསྲེག་བྱེད་མི་ཉེན་རེད།
གནས་ཚུལ་ཁ་གསལ་དང་ས་གནས་ལ་གནས་ཞིབ་ཕྲ་རྒྱུས་ལོན་བྱུང་བ་ལྟར་ན།
དཔའ་བོ་རྡོ་རྗེ་ལྷུན་འགྲུབ་དམ་པ་ནི་རང་༢༥ ཡིན་པ་དང་ཁོང་ནི་ལྷ་བྲིས་བ་ཞིག་རེད་འདུག
ཨ་ཕའི་མིང་ལ་འབྲུག་ཐར་རྒྱལ་དང་རང་ལོ་༥༠ཡིན་པ་དང་། ཨ་མ་མིང་ལ་ཤ་བོ་གཡང་མོ་དང་ལོ་༤༤ཡིན།
ཁོང་གི་སྐྱེས་མེད་མིང་ལ་གཡང་མོ་མཚོ་ཟེར་བ་ལོ་༢༦ཡིན་པ།
ཁོང་གཉིས་ལ་བུ་བུ་མོ་གཉིས་ཡོད་པ་དང་བུ་མོ་མིང་ལ་ཏིང་འཛིན་སྒྲོལ་མ་དང་བུ་མོ་ལོ་༤ཡིན་པ་དང་།
བུ་མིང་ལ་ཀུན་བཟང་རྡོ་རྗེ་ཟེར་བ་དང་བུ་ལོ་༢ རེད་འདུག
མེར
བསྲེགས་དུས་བོད་ནང་གི་ཆུ་ཚོད་10:30ཡིན་པ་དང་། སྐུ་ཕུང་ཆུ་ཚོད་11སྟེང་གདོང་རྒྱ་གླད་དུ་གདན་འདྲེན་ཞུས་ནས་ཆུ་ཚོད་3པ་ཡས་མས་སུ་སྐུ་ཕུང་སྦྱིན་བསྲེགས་བྱས་འདུག
སྐབས་དེར་དགེ་འདུན་པས་བསྔོ་བ་སྨོན་ལམ་གསུང་བ་མ་ནི་དབྱངས་རྟ་སོགས་གྱེར་ནས་ཕུང་པོ་སྦྱིན་བསྲེགས་བྱས་འདུག
འཚོ་ཐབས་འབྲིང་ཙམ་དང་བཟའ་ཟླ་དང་ཁྱིམ་ཚང་ལ་འཆམ་པོ་དང་མཐུན་པོ་ཡོད་པ་དུས་རྒྱུན་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཚ་ཡོད་མཁན་ཞིག་རེད་འདུག
སྐད་འབོད་གཙོ་བོ་ནི་བོད་ལ་རང་དབང་དགོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་བཅུག་དགོས།
‘རེབ་སྐྱིད་མཚོ་ཟེར་བ་འདི་་་་་་་་རྒྱ་གདོན་ཞིག་ཡིན་རྒྱུ་རེད།་་་ཁྱོའི་ཁ་ཐལ་བས་ཁྱོད་ཧ་གོ་སོང་ངམ།
གངས་ཅན་པ
ཡིད་སྨོན་ཡོད། བོད་དོན་དུ་གཤེགས་པ་ཐུགས་རྗེ་ཆེ།
ཁ་བརྡ་རྩོམ་སྒྲིག་པ་དང་། རང་རེའི་གསར་འཕྲིན་ཁག་གི་རྩོམ་སྒྲིག་པ་ཡོངས་དང་། དྲ་གྲོགས་ཡོངས་ལ་ཆེད་ཞུ།
ང་ཚོའི་དཔའ་བོ་ཕོ་མོ་དག་གིས་བླ་ན་མེད་པའི་མཛད་རྗེས་དེ་དག་ལ་བབ་པའི་ཁྱབ་བསྒྲགས་ཤིག་ཡོང་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ང་ཚོས་གནས་ཚུལ་བྱུང་མ་ཐག་ང་རང་ཚོའི་ནང་ཁུལ་གྱི་གསར་འགྱུར་ཁག་ཏུ་བཀོད་ཐལ་ཤོར་པ་དང་། ལྷག་པར་དུ་ངོ་དེབ་སོགས་སུ་བསྒྲགས་པའི་དབང་གིས་རེད།
བོད་ནང་དུ་དཔའ་བོ་༦༣་ཀྱིས་རང་སྲེག་གནང་ཡོད་ན་ད་བར་དུ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པ་ག་ཚོད་འདུག རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གིས་མ་བླངས་ན་དེ་ཙམ་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་མེད། ཁྱེད་ཅག་གིས་སྔོན་མ་བོད་རང་བཙན་ཆེད་སློ་ཕྲུག་ཚོགས་པ་དང་། རྗེས་སུ་བཙན་བྱོལ་བོད་གཞུང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདི་འདྲ་གནས་ཚུལ་སུ་ལ་རག་ན་ལམ་སང་ངོ་དེབ་སོགས་སུ་བཀོད་རྒྱུར་མ་བྲེལ་བར་བྱུང་ན་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་CNN BBC སོགས་ལ་སྐུལ་རོགས། དེ་མ་བྱུང་ན་ཁོང་ཅག་ལ་སྐུར་རོགས་ཞེས་འབོད་སྐུལ་གནང་ཡོད་པ་གསན་ཡོད་ཤག གང་ལགས་ཤེ་ན་ང་ཚོས་འདི་ལྟར་ཁྱབ་བསྒྲགས་བྱས་རྗེས་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་BBB དང་ CNN ABC སོགས་ཀྱིས་གནས་ཚུལ་རྙིང་པ་རེད་ཅེས་ངོས་ལེན་བྱེད་ཀྱི་མེད། དེ་ལྟར་ང་ཚོའི་རང་སྲེག་གི་དཔའ་བོའི་མཛད་རྗེས་དེ་ཚོ་ཁྱབ་བསྒྲགས་དགོས་ངེས་ཤིག་འགྲོ་ཐུབ་ཀྱི་མེད།
མཐའ་ན་ལམ་ཐོག་ཏུ་མོ་ཊ་ཞིག་བརྡབ་སྐྱོན་བྱུང་བ་ཡང་གསར་འགྱུར་དུ་ཇི་ལྟར་ཁྱབ་བསྒྲགས་འགྲོ་གི་ཡོད་པ་ལྟར་དུ་རང་ཅག་གི་དཔའ་བོ་ཕོ་མོ་དག་གི་མཛད་པ་རླབས་ཆེན་འདི་དག་དེ་ལྟར་འགྲོ་གི་འདུག་གམ། དཔའ་བོ་དཔའ་མོ་དེ་སྙེད་ཅིག་གིས་རང་སྲེག་བྱས་པའི་ཁྱབ་བསྒྲགས་ཅི་ཙམ་སོང་འདུག་ཁྱེད་ཅག་གིས་གཟིགས་དང་མཁྱེན་ཐུབ། ཁྱེད་ཅག་གིས་དགོང་པ་བཞེས་དང་།
འོ་ན་ང་ཚོས་གང་ཞིག་བྱེད་དགོས་ཤེ་ནཿ གནས་ཚུལ་འདི་འདྲ་བྱུང་བའི་གནས་ཚུལ་སུ་ལ་ཡང་རག་མ་ཐག བྱུང་ན་ལམ་སང་ BBC སོགས་ལ་གནས་ཚུལ་གསར་བ་སྐུར་དགོས། དེ་མ་ཐུབ་ན་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པར་སྐུར་དང་ཁོ་ཚོས་མ་ནོར་བར་ཁྱབ་བསྒྲགས་བྱེད་ཐུབ། དེ་མ་བྱུང་ན་བོད་གཞུང་ལ་སྐུར་དང་འགྲིག དེ་མ་བྱུང་བར་དུ་ནང་ཁུལ་ཚགས་པར་ཁག་གིས་ཀྱང་བཀོད་མི་ཉན། རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གིས་མ་བཀོད་པར་དུ་སྒུག་རོགས། ལྷག་པར་དུ་ངོ་དེབ་དུ་དེ་བས་མི་ཉན།
རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཟིན་པ་དང་། ངོ་དེབ་སོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྱབ་བསྒྲགས་བྱེད་དགོས།
ངས་ཞུས་པ་དེ་མ་འོངས་པར་ཐུགས་ལ་འཇོག་རོགས། ཁྱེད་ཅག་གི་གྲོགས་པོ་དག་ལ་ཡང་གནད་དོན་འདི་གསུང་རོགས།
BBC བཅོས།
ངས་ཞུས་པ་དེ་དྲ་གྲོགས་ཡོངས་ཀྱིས་ཁྱབ་བསྒྲགས་གང་ཐུབ་གནང་རོགས་འབོད་སྐུལ་སྙིང་ཐག་པ་ཞུ།
ཐུགས་རྗེ་གཟིགས།
བཀའ་དྲིན་ཆེ།
ཁོང་ཅག་གི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་དང་། དཔའ་བོ་དཔའ་མོ་དེ་དག་བདེ་བ་ཅན་དུ་སྐྱེ་བར་སྨོན། རེབ་སྐྱིད་མཚོ་ཟེར་བ་འདིས་ཁོག་ཏུ་དེ་འདྲ་ཞིག་ཤར་ཡང་ཁ་ནས་འདོན་མི་ཉན། དངོས་གནས་སྙིང་རྗེ། གལ་སྲིད་བསམ་ཚུལ་མི་མཐུན་པའི་འབོད་སྐུལ་འདྲ་ཞུ་ན། འགྲོ་སྟངས་ཤིག་གི་སྒོ་ནས་ཞུ་རྒྱུ་ལས་ལྟས་ངན་ལབ་ན་ང་རང་ཉིད་ལ་ཡང་ཚོར་བ་མ་འདྲ་བ་ཞིག་ཕྱིན་ཐལ། སྐུ་མཁྱེན་དེ་འདྲའི་མིང་ཚིག་བེད་སྤྱོད་མ་གཏོགས་ཞུ།
རྗེས་ཕྱོགས་ནས་རེབ་མཚོ་སྐྱིད་ཞེས་བ་འདི། མཐའ་གཅིག་ཏུ་གུང་ཁྲན་ཏང་གི་དྲ་འབུ་ལ་བརྩི་རྒྱུ་ཡིན།
གཞན་ཡང་ཁ་བརྡ་དང་དུས་བབ་སོགས་བོད་ཡིག་གི་གསར་འགྱུར་ཁག་ལ་ཆེད་ཞུ།
དང་པོ། ཁྱེད་ཅག་གིས་གོང་ཞུས་དེ་ལ་ཐུགས་བསམ་བཞེས་རོགས།
གཉིས་པ་ཁྱེད་ཅག་གི་གསར་འགྱུར་ལམ་ཁག་ལ་འདྲ་པར་དག་བཀོད་སྐབས་བོད་ཡིག་ཐོག་མིང་བྱང་ངེས་པར་དུ་འགོད་རོགས་རེ་སྐུལ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ང་ཚོས་google སོགས་འཚོལ་བྱེད་དྲ་རྒྱ་དག་ལ་བོད་ཡིག་ཐོག་དཔའ་བོ་ཆེ་གེ་མོ་ཞིག་གི་མཚན་གཏག་ནས་བཙལ་རྙེད་རྒྱུ་དཀོན་པོ་འདུག དབྱིན་ཇི་ཐོག་གཏག་ནས་བཙལ་ན་གལ་སྲིད་དྲ་ཐོག་བཞག་ཡོད་ན་ཡོད་པ་ཚང་མ་རྙེད་ཐུབ་ཀྱི་འདུག སྐུ་དཔར་མང་པོ་ཞིག་བོད་ཡིག་དྲ་ཐོག་ལ་བཞག་ཡོད་ཀྱང་བཙལ་བའི་སྐབས་སུ་རྙེད་ཐུབ་ཀྱི་མེད་པ་ནི་དྲ་ཐོག་ལ་འཇོག་སྐབས་བོད་ཡིག་ཐོག་མིང་བྱང་བཟོས་ནས་དྲ་ཐོག་ལ་འཇོག་གི་མེད་པའི་དབང་གིས་རེད་འདུག
དཔར་གང་ཞིག་དྲ་ཐོག་ལ་མ་བཞག་སྔོན་དུ་མིང་བྱང་མ་རྒྱབས་ན་དྲ་རྒྱ་རང་གིས་དེ་ལ་མིང་རེ་འཇོག་གི་ཡོད། དེ་ནི་འདི་འདྲ་ཞིག་རེད། 181868_506305959381423_1538164770_n འདི་ནི་རྒྱ་གར་ནང་རེང་སྲེག་གནང་བའི་དཔའ་བོ་ལྔའི་སྐུ་དཔར་མཉམ་དུ་སྒྲིག་ནས་བཞག་པའི་སྐུ་པར་ཞིག་རེད་འདུག་མོད་འདི་འདྲ་ནི་བོད་ཡིག་དབྱིན་ཡིག་གཉིས་ཐོག་ནས་བཙལ་ན་རྙེད་མི་ཐུབ་པའི་དཔར་རེད། རྒྱུ་མཚན་ནི་དཔར་འདིའི་མིང་བྱང་གོང་གི་ཨང་གྲངས་འདི་ཡིན་པའི་དབང་གིས་རེད།
དེའི་ཕྱིར་དྲ་གྲོགས་རྣམ་པ་དང་ལྷག་པར་དུ་རྩོམ་སྒྲིག་པ་རྣམ་པས་དྲ་ཐོག་ལ་རྒྱལ་གཅེས་དཔའ་བོ་དག་གི་སྐུ་དཔར་འཇོག་སྐབས་ངེས་པར་དུ་མཚན་བྱང་འདོགས་རོགས། བོད་ཡིག་གི་དྲ་རྒྱ་དག་གིས་སྐུ་དཔར་དེ་ཚོ་ལ་བོད་ཡིག་ཐོག་མཚན་བྱང་འདོགས་རྒྱུ་ཡེ་ནས་མ་རྗེད་རོགས། དེ་བཏག་ཡོད་ན་རྗེས་མ་དཔར་ཞིག་དགོས་མཁོ་བྱུང་ན་དྲ་ཐོག་ནས་འཚོལ་བདེ་བ་ཡོང་གི་འདུག
གོང་མིང་བས་གུས་བཏུད་བཅས།
ཁ་བརྡ་རྩོམ་སྒྲིག་པ་ལགས།རེབ་སྐྱིད་མཚོ་ལྟ་བུའི་མཆན་འགོག་ཐབས་ལ་འབད་ན་ལེགས་སྙམ།འདིས་ཁ་ཕྱོགས་གཞན་ཞིག་ལ་ཁྲིད་ཐབས་བྱེད་ཀྱི་འདུག་སྙམ།ལྷག་པར་མི་འདིས་རེབ་གོང་གི་མིང་ཟུར་ཞིག་ཀྱང་ཁྱེར་འདུག་པས་གང་གཟབ་ཀྱིས་དྲ་འབུ་འདིའི་རིགས་འགོག་ཐབས་ཀྱིས་འབོད་སྐུལ་ཞུ་བཞིན་ཡོད། བོད་མི་༦༨ཡིས་མེ་བསྲེགས་ལས་འགུལ་སྤེལ་ཟིན་པས་འདི་དག་ཚང་མ་ལྟས་ངན་ཡིན་ནམ།ཚིག་ངན་འདི་ལྟ་བུ་བསམ་བཞིན་བྲིས་ཏེ་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་གསལ་བོ་རེད།
ཨ་ཁ་ཁ
འདི་ནས་ཤི་འཕོས་གྱུར་མ་ཐག།
དགའ་ལྡན་སྐྱེས་ནས་ཡིད་དགའ་བར།།
མྱུར་དུ་བྱམས་མགོན་མཉེས་བྱས་ནས།།
བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།
ཅེས་སྨོན་ཚིག་དང་འབྲེལ་ནས་མ་ནི་ཕྲེང་སྐོར་འགའ་གསོག་གི་ཡིན།
དྲ་གྲོགས་ཚོ།
རེབ་སྐྱིད་མཚོ་རྒྱའི་དྲ་འབུ་ཡིན་པ་ཤེས་ན་འདི་ལྟར་ཡ་ལན་སྤྲད་པས་ཅི་བྱེད།
རྒྱ་གུང་ཁྲན་བཙན་ནག་འབར་བ་རེད། བོད་མི་རིགས་ཉམ་ཐག་ཁེར་རྐྱང་རེད།
བཙན་བཀོལ་གི་བཀོལ་གི་མཐའ་ལ་དེད། མཐའ་རྔ་མ་རང་སྲོག་མེ་རུ་སྦར།
ཡིད་གདུང་བས་ཡིད་བཞིན་ནོར་བུ་བོས། སྙིང་རྗེ་ན་རྗེ་རྒྱུ་གན་ན་འདུག
སྐུ་གཤེགས་ནོ་དག་ཞིང་སྐྱེ་བར་སྨོན། ཤུལ་གསོན་ནོར་བདེ་སྐྱིད་ཐོབ་པར་ཤོག
རྒྱལ་གཅེས་དཔའ་བོ་མཆོག་ལ་སྙིང་ནས་གུས་འདུད་ཞུ། བོད་ནང་གི་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་འཛད་མཐའ་མེད་པའི་རང་ལུས་མེ་སྲེག་གི་འགུལ་སྤྱོད་བྱུང་ཐེངས་རེར་ལུས་སེམས་ཉིས་ཀ་དྲགས་ཚོར་གྱིས་སྦྲིད་དུ་བཅུག
སྤྱིར་བོད་མི་རིགས་ཀྱི་འཐབ་རྩོད་ནི་བོད་མི་རིགས་རང་གིས་བྱེད་པ་ལས་རྒྱལ་ཁབ་གཞན་དང་མི་རིགས་གཞན་གང་གིས་ཀྱང་འཐབ་རྩོད་བྱེད་རོགས་མི་བྱེད་པ་ནི་ང་ཚོས་མིག་མཐོང་ལག་ཟིན་ཡིན།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།
དྲ་གྲོགས་ཨ་མཆོག་འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱི་བསམ་ཚུལ་ཧ་ཅང་ཡག་པོ་རེད། གནས་ཚུལ་འདིའི་རིགས་རྒྱལ་ཕྱི་ནང་གི་གསར་འགྱུར་དུ་གལ་ཆེན་དུ་འགྱུར་བར། ངེས་པར་དུ་རང་རེའི་དྲ་ཚིགས་དང་ངོ་དེབ་སོགས་སུ་འགོད་ཀྱང་རུང་གིན་ཡོད་ས་མ་རེད། དེ་ནི་དངོས་གནས་ཨ་མཆོག་འཇམ་དཔལ་ལགས་ཀྱིས་གསུངས་པ་བཞིན་གསར་འགྱུར་གཞན་དག་གིས་ངོས་ལེན་བྱེད་པར་གནོད་ཀྱིན་ཡོད་རབས་འདུག
གཅིག་བྱས་ན་གནས་ཚུལ་འདི་འདྲ་དངོས་སུ་འབྱོར་དུས་དངོས་གནས་ཅི་འདྲ་ཞིག་བྱེད་དགོས་མི་ཤེས་པའི་དཀའ་ལས་འདུག ད་ནང་སྔ་དྲོ་ང་ཚོས་ལག་རྩེད་སྤོ་ལོ་རྩེད་བཞིན་ཡོད་དུས། གྲོགས་པོ་ཞིག་གིས་གནས་ཚུལ་འདིའི་སྐོར་གྱི་པར་དང་སྐད་ཆ་སོགས་འཕྲིན་ཕྲན་ལས་ཡར་ལེན་བྱེད་ཀྱིན་འདུག། ངས་རྩེད་མོ་རྩེ་མཚམས་བཞགས་ནས་ཁོ་ལ་གནས་ཚུལ་འདིའི་རིགས་གང་བྱུང་ང་ཚོའི་དྲ་ཚིགས་ཁག་ལ་བསྐུར་ཉན་གི་མ་རེད་ལབ་ཀྱིན་འདུག ཁྱོད་ཀྱིས་གནས་ཚུལ་འདི་ཚོ་ཁ་ཐུག་ག་ས་གང་ལ་བསྐུར་ན་ཡག་པོ་ཡོད་རྒྱུ་མ་རེད། གནས་ཚུལ་འདིའི་རིགས་ལ་དྲིལ་བསྒྲགས་བྱེད་སྟངས་མང་པོ་ཞིག་ཡོད་ས་རེད། ང་ཚོས་བྱེད་ཐུབ་ན་དེ་འདྲ་བྱས་ན་ཡག་པོ་ཡོད་རྒྱུ་རེད་ཅེས་བསམ་ཚུལ་ཞུ་ཁུལ་བྱས་ཡོད་ཀྱང་། ཁོང་ཡང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཚགས་ཀྱིས་ལོན་རེས་བྲེལ་བའམ། ཡང་ན་ཁོང་ལའང་བསམ་ཚུལ་གཞན་ཅི་ཞིག་ཡོད་མ་ཤེས་ཀྱང་ང་ལ་དེ་ཙམ་གྱིས་ཁ་ཡ་བྱས་མ་སོང་བས་ང་ལ་ཡང་ཅི་བྱེད་མི་འདུག དེ་བས་ངས་བསམས་ན་ཁ་བརྡ་ཚང་ལའང་གནས་ཚུལ་འདི་དག་ཁོང་གིས་བརྒྱུད་སྤྲོད་བྱས་ཡོད་སྲིད་པ་ཞིག་རེད་ལ། གལ་སྲིད་འདི་ལ་བརྟེན་ནས་དཔའ་བོ་ཁོང་ལག་རྗེས་ལ་ཉམས་དམས་ཤིག་བྱུང་ཡོད་ན། བདག་ལའང་མ་འཇོན་པ་དང་ཕན་མ་ཐོག་པའི་ཉེས་པ་ཞིག་ཡོད་པས་དངོས་གནས་སེམས་ཕམས་ཡོད།
མཐའ་དོན་དུ་བོད་རྒྱལ་ལོ། རང་བཙན་རྒྱལ་ལོ། རྒྱལ་བ་རིན་པོ་ཆེ་རྒྱལ་ལོ། གཞི་བྱེས་ལྷན་འཛོམས་ཡོང་བར་ཤོག
དཀོན་མཆོག་མཁྱེན།
རྒྱལ་ཁབ་མེད་པའི་རྒྱལ་གཅེས་དཔའ་པོ་འདི་རྣམས་སྐྱབས་སུ་གསོལ།
གྲུབ་འབྲས་མེད་པའི་གཏོང་ཕོད་ཅན་རྣམས་སྐྱབས་སུ་གསོལ།
མུན་པའི་སྤྱི་ཚོགས་ལ་ཡིད་ཆེས་བཅོལ་བའི་དྭ་ཕྲུག་རྣམས་སྐྱབས་སུ་གསོལ།
རུས་རྐང་མེ་ལྕེས་འཇོམས་ཟིན་པའི་འདས་པོ་རྣམས་སྐྱབས་སུ་གསོལ།
འཕྱི་དྲགས་པའི་རེ་འདུན་དང་སྨོན་འདུན་སྙན་པོ་རེ་སྒྲོག་ཆེད།
རྩ་ཆེའི་གཅེས་སྲོག་དམར་མཆོད་བྱེད་མཁན་གྱི་སྐྱབས་སུ་གསོལ།
ནང་འཁྲུགས་ཀྱི་གྱོད་ཁ་རྒོད་པའི་བོད་སྤྱི་ཆེད།
ཁེར་རྐྱང་དུ་མཆོང་མཁན་གྱི་གླེན་པ་རྣམས་སྐྱབས་རོགས།
ཆོལ་ཁ་དང་ཆོས་ལུགས་ཀྱི་སྟར་གྲིས་རྨས་པའི་བོད་སྤྱི་བའི་ཆེད་དུ།
འཇིག་རྟེན་འདི་བློས་གཏོང་མཁན་རྣམས་སྐྱབས་རོགས།
རེ་བ་མེད་ནའང་རྩོད་དགོས་པའི་རྩ་དོན་འདས་པོའི་ཆེད་དུ།
ཁ་ཡོད་ལག་ཡོད་ཀྱི་མི་ཚེ་གཏོང་མཁན་གྱི་དཔའ་པོ་ཚོར་ལམ་སྟོན་གནང་རོགས།
རྒྱལ་གཅེས་རྒྱལ་གཅེས་ཞེས་པའི་སླུ་ཚིག་འདི་སྒྲོག་ཅིང་།།
དཔའ་པོ་དཔའ་པོ་ཟེར་བའི་ངོ་སྟོད་རེ་བྱེད་ཅིང་།།
མཆོད་འབུལ་མཆོད་འབུལ་ཞེས་པའི་མགོ་སྐོར་རེ་བཏང་ནས།།
ལོ་དང་ཟླ་བ་སྐྱེལ་བའི་རྡ་ས་ལ་རེ་མེད།།
མར་མེ་ཁྲོམ་སྐོར་ལ་འགྲོ མུ་མཐུད་དུ་་་་།
དཔའ་བོ་རེ་བརྒྱད་འདི་ལྟར་མེར་བསྲེགས་པས། ནང་མིའི་སེམས་པ་ན་ཟུག་མཆི་མས་བརླན། སྐྱིད་སྡུག་གཅིག་པའི་བོད་མིས་གདུང་སེམས་དང་། བློས་ཐུབ་གྲོགས་པོའི་སྙིང་ན་དྲན་པས་གདུང་།
འདི་མོས་མི་མ་ཤི་གསོན་བསྲེག་དག་དག་བྱས་ནས་༧གོང་ས་མཆོག་གདན་འདྲེན་ཞུ་ཐུབ་ན་མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་མིན་ནམ། ཤི་བོ་དེ་ཚོ་སྙིང་རྗེ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་རེད། ཚེ་འདས་ཆེད་དུ་ཨོཾ་མ་ནི་པད྄་མེ་ཧྰུྃ
སྟག་སྨྱོན་གྱིས་བཤད་པ་བདེན་སོང་།
དྲ་བདག་ལགས། མཆན་བཀོད་མཁན་མ་ལོན་པས་ཟོ་འདྲ་མ་གནང་རོགས། ངེས་པར་དུ་ཞིབ་འཇུག་དགོས་འདུག །དཔའ་བོ་དཔའ་མོ་ཚོས་བློས་བཏང་ལ་ཁ་ལོ་བསྒྱུར་འདོད་ཀྱིས་ངན་ཇུས་འདི་ཚོ་དག་སྣང་མ་བྱུང་བ་ཡིན་ནམ་
ངས་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་གཅིག་འདྲི། གཞན་གྱིས་གཉའ་གནོན་ལས་མྱངས་པའི་སྡུག་བསྔལ་དང་རང་གི་ཤ་ཁྲག་གདོང་བཅས་ཀྱི་ཕུང་བོའི་ཆ་ཤས་རེ་རེར་གསོན་པོར་ཚིག་བཞིན་པ་གཉིས་གང་ཐུ་གི ཚིག་ཙམ་གྱིས་གདུང་སེམས་མཉམ་སྐྱེད་ཡོད་ཟེར་བར་སྙིང་པོ་མེད་པ་གསལ་པོ་ཤེས་ཀྱང་ཁ་ནས་ཐལ།
རྗེ་བཙུན་བྱམས་པས།
ཆོས་ཀྱི་དོན་དུ་སྲོག་བཏང་བ།། བློ་ལྡན་མཐོང་བའི་ལམ་དག་གི།
ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །
ཞེས་པ་ལྟར་གཞན་དོན་དང་ལྷག་པར་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་དུ་སྲོག་གཏོང་ནུས་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་གསུངས་སྟངས་ལ་བལྟས་ན་རང་གི་བླ་མ་དང་སྤྱིར་འགྲོ་བའི་ཞི་བདེ་དང་སྒོས་ས་ཡ་དྲུག་གི་བདེ་དོན་བཅས་ཀྱི་ཆེད་དུ་རང་སྲེག་གནང་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ནི་བློ་ལྡན་གྱི་བྱང་སེམས་འཕགས་པ་ཞིག་ཡིན་པར་ལུང་རིགས་ཀྱིས་གྲུབ་འདུག།
གཞན་ཡང་།
རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པའི་དུས།། ལུས་སྲོག་ལོངས་སྤྱོད་བཅས་པ་ཡོངས་བཏང་བཞིན། །
བོད་ཀྱི་དཔའ་བོས་སྐྱབས་མགོན་གདན་འདྲེན་ཆེད།། མ་ཤི་ལུས་སྲོག་རྗེན་པ་མེར་སྲེག་གོ།
ཞེས་པ་ལྟར་སྦྱར་ཆོག་པས་བཤེས་གཉེན་བསྟེན་ཚུལ་དང་བྱང་ཆུབ་སེམས་པའི་སྤྱོད་པ་བླ་མེད་ཅིག་དུ་ངོས་འཛིན་བྱེད་ཆོག
འདི་ལྟར་ཕེབས་སོང། རང་དབང་དང་དྲང་བདེན་གྱི་ཆེད་དུ་ཕེབས་སོང་། ཅུང་མ་དང་བུ་ཕྲུག་ད་དུང་ནང་མི་ཡོངས་བློས་བཏང་གི་ངང་ཕེབས་སོང་།
དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད་ལགས།
ཁ་བརྡ་ཚང་གི་ངའི་མཆན་ག་རེ་བྱས་ནས་མ་བཏང་བ་ཡིན་གསལ་བཤད་གནང་རོགས།
ཨ་མཆོད་འཇམ་ཚུལ་ལགས་ཀྱིས་གསུངས་པ་དེ་ཚང་མས་སེམས་ལ་འཛིན་རྒྱུ་གལ་ཆེ། དེ་མིན་སྟག་སྨྱོན་དང་། ཨ་ཕྱི། རེབ་སྐྱིད་མཚོ་སོགས་དྲ་འབུ་ཁ་ཤས་སླེབས་ཡོད་ཡོད་པ་འདི་ཚོ་དྲ་འབུ་ཡིན་པ་ཤེས་པར་བྱས་ཏེ་ཁོང་ཚོའི་སྐད་ཆ་ལ་ཡ་ལན་དང་ཆ་འཇོག་གཉིས་ཀ་མི་བྱེད་རྒྱུ་ནི་དྲ་འབུ་ལ་ཁ་གཏད་བཅོག་པའི་ཐབས་ལམ་ཡག་ཤོས་རེད། ད་དུང་དྲ་འབུ་ངོས་འཛིན་སྟངས་དང་དྲ་འབུ་ལ་ཁ་གཏད་བཅོག་སྟངས་ཤེས་ཆེད་གཤམ་དུ་རྒྱ་གུང་ཕྲན་གྱི་དྲ་འབུ་ཞིག་གིས་བཤད་པའི་སྐད་ཆ་དེ་དུས་བབ་ནས་འདི་ར་འདྲེན་བཀོད་བྱས་ཡོད་པས་གཟིགས་རོགས
རྒྱ་ནག་གཞུང་གིས་དྲ་ཐོག་གི་གསར་འགྱུར་དང་གླེང་གཞི་ཁག་ཁ་བསྒྱུར་དང་ནག་བསུབ་གཏོང་བར་ཆེད་དུ་མི་སྣ་བཀོལ་སྤྱོད་ཀྱིས་དྲ་ངོས་སུ་དཔྱད་མཆན་འདེབས་འཇུག་གིན་ཡོད་ལ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༢ ནང་། སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་འཕྲུལ་སྒྲ་བརྒྱུད་ནས་དེ་འདྲའི་མི་སྣ་ཞིག་ལ་བཅར་འདྲི་བྱ་འདུན་ཡོད་ཚུལ་སྤེལ་བ་དེར། དྲ་ཐོག་གི་མཆན་མཁན་ཞིག་གིས་བཅར་འདྲིའི་རིན་འབབ་ལ་ཨེ་ཕའེ་ཌི་ (ipad) ཞིག་གི་རྔན་པ་དང་། བདེ་འཇགས་ཆེད་མིང་སོགས་མི་སྒེར་གྱི་གནས་ཚུལ་གསང་རྒྱ་བྱ་རྒྱུའི་དགོས་འདུན་འོག་བཅར་འདྲི་དང་ལེན་བྱས་ཡོད་འདུག བཅར་འདྲི་ཟླ་འདིའི་ཚེས་ ༢༡ ཉིན་གྱི་དབྱིན་ཇིའི་དུས་དེབ་ «New States Man» རྒྱ་ཡིག་དཔར་ངོས་སུ་བཀོད་ཡོད་པ་ལས་བོད་བསྒྱུར་བྱས་པ་ཡིན།
དྲི་བ། ཁྱོད་ཀྱི་མིང་དང་། ལོ། སྡོད་གནས་གྲོང་ཁྱེར། དྲ་མིང་བཅས་ངོ་སྤྲོད་གནང་ཐུབ་བམ།
ལན། ངའི་མིང་ཁྱོན་ནས་ཕྱི་ལ་བསྒྲག་རྒྱུ་ཡོད་པ་མ་རེད། ལོ་ ༢༦ ཡིན། དྲ་མིང་ཧ་ལས་པའི་མང་པོ་ཡོད། སྤྱིར་བཏང་ང་ཚོས་དྲ་ཚུགས་ཤིག་བེད་སྤྱོད་གཏོང་སྐབས་དེར་ཐོ་འགོད་བྱེད་ཀྱིན་ཡོད་པ་རེད། འདི་ནས་དེ་ཚོ་རེ་རེ་བཞིན་དཔེ་མཚོན་དུ་འདྲེན་མི་དགོས་པ་བྱོས།
དྲི་བ། ཁྱོད་རང་ངོས་ནས་ད་ལྟའི་ལས་ཀ་འདིའི་མིང་ལ་ཇི་ལྟར་འབོད་ཀྱིན་ཡོད།
ལན། ག་རེ་འབོད་འབོད་རེད། དྲ་ཐོག་གི་མཆན་འདེབས་པ། དཔྱད་མཆན་ལམ་སྟོན་པ། རྩ་བའི་ཆ་ནས་ཚང་མས་གསལ་བོར་ཤེས་ཤེས་པ་རེད། ‘‘དྲ་འབུ’’རེད།
དྲི་བ། ཁྱོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད། བྱ་བའི་ཉམས་མྱོང་། གནས་སྟངས་ག་རེའི་འོག་དྲ་ཐོག་གི་དཔྱད་མཆན་ལམ་སྟོན་པའི་ལས་ཀ་མགོ་འཛུགས་བྱས་པ་ཡིན།
ལན། ང་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་དང་། གསར་འགྱུར་སྐོར་སྦྱངས་པ་ཡིན། དེ་སྔ་བརྙན་འཕྲིན་ལས་ཁུངས་ནས་ལས་ཀ་བྱས་ཤིང་། རྗེས་སུ་དྲ་ཐོག་གི་གསར་འགྱུར་བརྒྱུད་ལམ་ནང་ཞུགས་པ་ཡིན། གང་ལྟར་ཚང་མ་གསར་འགྱུར་ལས་རིགས་དང་འབྲེལ་བ་ཡོད། ལོ་ ༤ ནས་ ༥ རིང་ལས་པ་ཡིན། ལོ་ ༡ ཙམ་གྱི་སྔོན་ལ། གྲོགས་པོ་ཞིག་གིས་དྲ་ཐོག་ནས་མཆན་འདེབས་པར་འདུན་པ་ཡོད་མེད་དང་། ཞོར་ལ་ལག་དངུལ་རག་གི་རེད་ཟེར། ངས་དེས་ན་ཚོད་ལྟ་ཞིག་བྱ་ཆོག་ཅེས་བཤད་པ་ཡིན། རྗེས་སུ་ལས་ཀ་འདི་ཧ་ཅང་གི་ལས་སླ་བོ་ཡིན་པ་ཤེས།
དྲི་བ། ག་དུས་ཁྱོད་ལ་ཕར་ཕྱོགས་ནས་ལས་ཀའི་བཀོད་མངགས་འབྱོར་ཡོང་གི་རེད།
ལན། རྩ་བའི་ཆ་ནས་ཉིན་ལྟར་སྔ་དྲོའི་ཆུ་ཚོད་ ༩ སྟེང་སྒང་གི་ལས་འགན་འབྱོར་ཡོང་གི་རེད། ང་ཚོ་ས་གནས་སྲིད་གཞུང་གི་དྲ་ཐོག་དྲིལ་བསྒྲགས་ལས་ཁུངས་ཀྱི་གནས་འཕྲིན། དེའི་ནང་དེ་རིང་ང་ཚོས་དཔྱད་མཆན་སྤེལ་དགོས་སའི་གསར་འགྱུར་དང་གནས་ཚུལ་གང་ཡིན་མིན་དང་། མཚམས་ལ་ལར་ཆེད་མངགས་དྲ་ཚུགས་གང་ནང་སྤེལ་དགོས་མིན་སོགས་ཡོད་པ་རེད། འོན་ཀྱང་གནས་ཚུལ་ཕལ་ཆེ་བར་དྲ་ཚུགས་ལ་ཚད་བཀག་ཡོད་པ་མ་རེད། སོ་སོས་འབྲེལ་ཡོད་གནས་ཚུལ་བཙལ། དེ་ནས་དཔྱད་མཆན་སྤེལ་གི་ཡོད་པ་རེད།
དྲི་བ། ཁྱོད་ཀྱི་ལས་ཀའི་བརྒྱུད་རིམ་ཞིབ་ཚགས་པའི་ཐོག་ངོ་སྤྲོད་ཅིག་བྱོས་དང་།
ལན། བརྒྱུད་རིམ་ཞིབ་ཚགས་པོ་ནི་ཐོག་མར་ ‘‘ལས་འགན་འབྱོར་བ། བརྗོད་གཞི་འཚོལ་བ། དྲ་མཆན་སྤེལ་ནས་དཔྱད་བརྗོད་ལ་སྣེ་འཁྲིད་’’པ་བཅས་གོ་རིམ་གསུམ་རེད། དང་པོ་ལས་འགན་དང་ལེན་བྱེད་དགོས་པ་རེད། གཙོ་བོ་ཉིན་རེ་བཞིན་ཡིག་སྒམ་ཁ་ཕྱེ་བར་ཁག་ཐེག་བྱེད་དགོས། རྩ་བའི་དོན་རྐྱེན་ག་རེ་བྱུང་ནའང་། གསར་འགྱུར་ནང་མ་སླེབས་པའི་སྔོན་ལ་ང་ཚོར་གནས་འཕྲིན་འབྱོར་ཡོང་གི་ཡོད་པ་རེད། ང་ཚོར་དོན་རྐྱེན་ག་རེ་བྱུང་ཡོད་མེད་དང་། དེ་ནས་དྲ་གྲོགས་ཚོའི་བསམ་བློའི་ཁ་ཕྱོགས་གང་ལ་འཁྲིད་དགོས་མིན་གྱི་མཛུབ་སྟོན་དང་། ཡང་ན་དྲ་གྲོགས་ཚོའི་གཏད་སོ་ལྟེ་བ་རབ་རིབ་བཟོ་བའམ། དེ་མིན་ཚེ་དྲ་གྲོགས་ཚོའི་ཚོར་ཤུགས་ལ་བརྒྱུད་སྐུལ་བྱེད་རྒྱུ་ལྟ་བུ་སོགས་རེད། དྲ་ཚུགས་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་གམ་གནས་ཚུལ་བརྙེད་རྗེས། ང་ཚོས་སྒང་ནས་གཏན་འབེབ་བྱས་པའི་སྤྱི་པའི་ཁ་ཕྱོགས་གཞི་རྩར་བཟུང་ནས། རྩོམ་ཡིག་འབྲི་བའམ། མཆན་བུ་འདེབས་པ། ཡང་ན་དཔྱད་མཆན་ལ་ལན་སློག་པ་སོགས་མགོ་འཛུགས་བྱེད་ཀྱི་ཡོད། འདི་ལ་ཧ་ལས་པའི་ཐབས་རྩལ་ཞིག་དགོས་པ་རེད། ཧ་ཅང་གི་གཞུང་འབྲེལ་ལྟར་བྲིས་ཆོག་གི་མ་རེད་ལ། རང་ཉིད་ཀྱི་ངོ་རྟགས་ཀྱང་སྦས་གསང་བྱེད་དགོས་ཀྱི་ཡོད་པ་རེད། ད་དུང་གཤིས་ཀ་མི་གཅིག་པའི་རྩོམ་ཡིག་མང་པོ་འབྲི་དགོས་པ་མ་ཟད། མཚམས་ལ་ལར་རང་གིས་རང་ལ་ཁ་བརྡ་དང་། ཁ་རྩོད། ཡང་ན་བརྩད་བསྡུར་སོགས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། གང་ལྟར་སྣང་ཚུལ་རྫུན་མ་ཞིག་བཟོས་ནས། དྲ་དམངས་ཀྱི་གླེང་སློང་ཚང་མའི་ཁ་ཕྱོགས་ཚུར་བསྒྱུར་ཡོང་རྒྱུ་དེ་རེད། གླེང་སྟེགས་ནང་ཁྱོད་ཀྱིས་མི་སྣ་གསུམ་འཁྲབ་དགོས་ཀྱི་ཡོད་པ་རེད། གཅིག་ནི་མགོ་འཁྲིད་མཁན་རེད། ཅིག་ཤོས་ནི་རྗེས་འདེད་གཏོང་མཁན་དང་། གཞན་པ་དེ་ཟུར་གནས་པའམ། དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་དང་ཤེས་རྟོགས་མེད་པའི་མང་ཚོགས་བཅས་རེད། མགོ་འཁྲིད་མཁན་ཟེར་བ་དེ་དབང་ཤུགས་རང་བཞིན་གྱི་སྐད་ཆ་བཤད་མཁན་ལ་གོ་གི་ཡོད་པ་རེད། སྤྱིར་བཏང་ཁོ་ཚོ་བགྲོ་གླེང་གི་མཐའ་མཇུག་ལ་མ་གཏོགས་ཕྱིར་མངོན་ཡོང་གི་མ་རེད། མང་ཚོགས་མི་འདི་རིགས་ལ་ཡིད་ཆེས་ཚད་མཐོན་པོ་རེད། རྗེས་འདེད་གཏོང་མཁན་ནང་རིགས་གཉིས་ཡོད། ཁོ་ཚོས་འཁྲབ་རྒྱུའི་མི་སྣའི་བྱ་སྤྱོད་ནི་བར་མཚམས་མེད་པར་གླེང་སྟེགས་ནང་བརྩད་བསྡུར་བྱེད་པ། རྩོད་རྙོག་སློང་བ། ཐ་ན་གཞན་ལ་ཁ་རྡུང་གཏོང་བའམ་དམོད་ཚིག་འཕེན་པ་སོགས་རེད། འདི་ལྟར་བྱས་ན་ཟུར་གནས་པ་ཚོའི་ལྟ་སྟངས་བསྒྱུར་བར་ཧ་ལས་པའི་ཕན་ཐོགས་ཡོད་པ་རེད། འདི་ལྟར་རྩོད་གླེང་བྱས་བྱས་པའི་མཐའ་མ་དེར། མགོ་འཁྲིད་མཁན་ཚོ་ཕྱིར་བཏོན་ཡོང་གི་རེད། ཁོ་ཚོས་ཚད་མཐོ་བའི་གནས་ལུགས་དང་དཔང་རྟགས་བཏོན་ནས་སྐད་ཆ་བཤད་སྐབས། དྲ་དམངས་ཀྱི་གླེང་སློང་མགོ་འཁྲིད་ཚོའི་སྒང་ལ་ཕྱོགས་འགྲོ་གི་རེད། དེ་དུས་ང་ཚོའི་དམིགས་ཡུལ་འགྲུབ་ཚར་བ་རེད། མི་སྣ་གསུམ་པ་ནི་ཟུར་གནས་པ་རེད། ཁོ་ཚོ་ནི་དྲ་དམངས་དང་། དོན་དངོས་ཐོག་ང་ཚོའི་དམིགས་འབེན་ངོ་མའམ་‘‘དྲ་ཐོག་གི་མགྲོན་པོ་’’དེ་རེད། ང་ཚོས་དམིགས་ཡུལ་གཙོ་བོ་དེ་གོང་གི་མི་སྣ་གཉིས་ཀྱི་བྱ་སྤྱོད་བརྒྱུད་ནས་མི་སྣ་གསུམ་པ་འདིར་ཤུགས་རྐྱེན་ཐེབས་འཇུག་རྒྱུ་དེ་རེད། འདི་ལྟར་བཤད་ཆོག་གི་རེད། ང་ཚོ་གློག་བརྙན་འཁྲབ་འཁྲིད་པ་ནང་བཞིན་རེད། སོ་སོས་འཁྲབ་གཞུང་སྒྲིག་ནས་འཁྲབ་འཁྲིད་དང་། འཁྲབ་སྟོན་བྱས་པ་བརྒྱུད་ལྟ་མཁན་ཚོར་ཤུགས་རྐྱེན་སྤྲོད་བཞིན་པ་ལྟར་རེད། སོང་ཙང། མཚམས་ལ་ལར་རང་གི་མི་གཤིས་ཁ་འཐོར་དུ་འགྲོ་བཞིན་པའི་ཚོར་བའང་སྐྱེས་ཡོང་གི་འདུག
དྲི་བ། མི་སྣ་གསུམ་པོ་འདི་རྒྱུན་སྤྱོད་ཀྱི་བྱེད་སྟངས་ཤིག་ཡིན་ནམ། ད་དུང་བྱེད་སྟངས་གཞན་པ་ཨེ་ཡོད།
ལན། བྱེད་སྟངས་ཧ་ཅང་མང་པོ་ཡོད་པ་རེད། མིའི་སེམས་ཁམས་ལ་རྩེད་མོ་རྩེ་བཞིན་པའི་ཚོར་སྣང་འདྲ་ཞིག་ཡོད་པ་རེད། དེང་སང་གི་དྲ་དམངས་སྔོན་མ་དང་བསྡུར་ན་བསམ་བློ་ཡོད་མཁན་མང་པོ་རེད། ང་ཚོ་ལ་ཐབས་ལམ་མང་པོ་ཡོད། ཁྱོད་ཀྱིས་དོན་དག་སྡུག་ཅག་ཅིག་མུ་མཐུད་ནས་དེ་ལས་ཀྱང་སྡུག་ཅག་གི་ངོ་བོར་བཤད། ད་དུང་དེ་ངན་པ་དགུ་འཛོམས་ཡིན་རབས་བར་དུ་བཤད་ན། གཞན་གྱིས་བལྟས་པ་ཙམ་གྱིས་ཀྱང་དེ་ཚོ་རྫུན་བཟོ་ཡིན་པ་ཚོར་ཡོང་གི་རེད། མ་གཞི་འཕྲེད་ཤད་གཉིས་ཀྱིས་མཚུངས་རྟགས་གྲུབ་ཐུབ་པ་ལྟར། ངན་བཤད་བྱས་ནས་ཚད་ཅིག་ལ་སླེབས་སྐབས། ཁོ་ཚོ་ལའང་དེ་འདྲའི་སྡུག་ཅག་ཡིན་ནམ་སྙམ་པའི་ཚོར་བ་སྐྱེས་ཡོང་གི་རེད།
དྲི་བ། ཁྱོད་ཀྱི་ལས་ཀ་འདིའི་འགན་ལེན་གང་ཡིན་ནམ།
ལན། འགན་ལེན་ནི་གོང་རིམ་གྱིས་མཛུབ་སྟོན་གནང་བའི་བསམ་བློ་གསལ་བོར་ཧ་གོ་རྒྱུ་དང་། གོང་རིམ་གྱིས་སྤྲད་པའི་དཔྱད་མཆན་ཁ་ཕྱོགས་གསལ་བོར་ངོས་འཛིན་ཐུབ་རྒྱུ། དེ་ནས་སོ་སོས་ལས་ཀ་མགོ་འཛུགས་རྒྱུ་བཅས་རེད།
དྲི་བ། ཁྱོད་ལ་འབྱོར་བའི་‘‘ལས་འགན་’’གནས་འཕྲིན་གྱི་ནང་དོན་འགའ་དཔེ་མཚོན་དུ་དྲངས་ན་ཆོག་གམ།
ལན། དཔེར་ན། ‘‘དཀྲོགས་གཏམ་མ་སྤེལ། དཀྲོགས་གཏམ་ལ་ཡིད་མ་ཆེས།’’ ཡང་ན། ‘‘xxx དོན་རྐྱེན་ཐད་ཀྱི་མང་ཚོགས་ཀྱི་ངོས་འཛིན་དང་ཤེས་རྟོགས་ལ་ཤུགས་རྐྱེན་སྤྲོད་དགོས།’’ ‘‘xx བསྟན་པའི་ཡང་དག་ལམ་སྟོན་གྱི་ཕྱོགས་སུ་སྣེ་འཁྲིད་བྱེད་དགོས།’’ ‘‘xxx དོན་རྐྱེན་སྐོར་གྱི་གསལ་བཤད་དང་དཀར་འདོན་ཐད་ནུས་ཤུགས་སྤྲུགས་དགོས།’’ ‘‘དངོས་བདེན་མིན་པའམ་ཁྲིམས་འགལ་གྱི་སྨྲ་བརྗོད་རང་དབང་ཐོན་པར་སྔོན་འགོག་བྱེད་དགོས།’’ ‘‘ཉེ་དུས་བྱུང་བའི་xxདོན་རྐྱེན་གྱིས་བསྐྲུན་པའི་སྤྱི་ཚོགས་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས།’’ ‘‘དོན་གནད་གཙོ་བོ་དྲ་དམངས་ཀྱི་བསམ་བློ་xxxxཡི་ཡང་དག་པའི་ལམ་སྟོན་ཕྱོགས་སུ་སྣེ་འཁྲིད་བྱེད་དགོས།’’སོགས་ལྟ་བུ་རེད།
དྲི་བ། འཆར་ཅན་ཁྱོད་ཀྱིས་དང་ལེན་བྱེད་བཞིན་པའི་གནས་ཚུལ་རྣམས་རིགས་ག་ཚོད་ནང་བགར་ཆོག་གི་རེད།
ལན། གཙོ་བོ་ས་གནས་རང་དུ་བྱུང་བའི་དོན་རྐྱེན་ཁག་རེད། ཕལ་ཆེར་ས་གནས་བཀོད་མངགས་བརྒྱ་ཆའི་དྲུག་ཅུ་དང་བདུན་ཅུ་བརྒལ་གི་རེད། དཔེར་ན། མི་སུ་དང་སུ་ཞུ་གཏུགས་དང་། ཡང་ན་དབུས་གཞུང་ལ་ཡར་གཏུགས་བྱེད་དུ་འགྲོ་གིན་ཡོད་མེད་སོགས་རེད།
དྲི་བ། རྒྱལ་ཡོངས་རང་བཞིན་གྱི་དོན་རྐྱེན་ཐད་ནས། མེ་ཏོག་བ་སྤུའི་ལས་འགུལ། འདི་རིགས་ལ་ཁྱོད་ཚོས་དོ་སྣང་སེམས་ཁུར་བྱེད་ཀྱི་ཨེ་ཡོད།
ལན། དྲ་ཐོག་ནས་ཚ་ཤོས་དེ་མེ་ཏོག་བ་སྤུའི་སྐོར་རེད། ང་ཚོར་ད་བར་དུ་དེ་དང་འབྲེལ་ཡོད་ཀྱི་ལས་འགན་གང་ཡང་འབྱོར་མ་སོང་། དེ་ལ་ང་ཡང་ཡ་མཚན་ནས་བསྡད་ཡོད། ཕལ་ཆེར་ང་ཚོའི་གནས་རིམ་ཚད་དེར་སླེབས་མེད་པ་ཡིན་ས་རེད།
དྲི་བ། དུས་རྒྱུན་ཁྱོད་ཀྱིས་སྤེལ་བའི་དཔྱད་མཆན་ཁག་གི་ནང་དོན་དཔེ་ཞིག་དྲངས་ན་འགྲིག་གམ།
ལན། ཁ་གསལ་བོ་བྱས་ནས་སྲིད་གཞུང་ཡག་པོ་རེད། ཁ་གསལ་བོའི་ཐོག་ནས་མི་འདི་དང་འདི་རྒྱལ་བཙོང་བ་རེད། འདི་ལྟ་བུའི་ཐབས་རྩལ་དང་ལྗིད་ཁོག་གང་ཡང་མེད་པའི་དཔྱད་མཆན་སྤེལ་མཁན་གྱི་དྲ་གྲོགས་དེང་སང་འབེལ་འབེལ་ལྷུག་ལྷུག་རེད། དྲ་དམངས་ཀྱིས་ཀྱང་བལྟས་པ་ཙམ་གྱིས་དོན་དག་ག་རེ་ཡིན་མིན་ཤེས་འགྲོ་གི་རེད། ངས་བརྩི་སྲུང་བྱེད་བཞིན་པའི་རྩ་དོན་ནི། ག་དུས་ཡིན་ཡང་དྲང་ཕྱོགས་ནས་སྲིད་གཞུང་ལ་བསྟོད་བསྔགས་མི་གཏོང་བའམ། ཡང་ན་ལྡོག་ཕྱོགས་ཀྱི་གསར་འགྱུར་ཁག་ལ་ཐད་ཀར་སྐྱོན་བརྗོད་མི་བྱེད་པ་དེ་ཡིན། ད་དུང་སྐད་ཆའི་དྲག་ཞན་དང་། གོ་གནས། ལངས་ཕྱོགས་སོགས་གང་ཡིན་ཡང་། ཡིན་གཅིག་མིན་གཉིས་བལྟས་པ་ཙམ་གྱིས་དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་མེད་པའི་མང་ཚོགས་ཤིག་ཡིན་པའི་མཐོང་སྣང་བཟོ་རྒྱུ་དེ་ཡིན། འདི་ལྟར་བྱས་ན་ད་གཟོད་དྲ་གྲོགས་ཚོའི་གླེང་གཞི་ཕྱོགས་གཅིག་ལ་འཁྲིད་ཡོང་ཐུབ། གང་ལྟར་ཟུར་ངོས་གཞན་པ་ཞིག་ནས་དྲ་དམངས་ལ་སྣེ་འཁྲིད་དེ། ཤེས་མེད་ཚོར་མེད་ངང་ཁོ་ཚོའི་གླེང་སློང་གི་གཏད་སོ་ལྟེ་བའི་ཁ་ཕྱོགས་གཞན་ལ་བསྐོར་རྒྱུ་དེ་རེད།
དྲི་བ། ཁྱོད་བརྗོད་གཞི་ལས་བར་ཐག་རིང་དུ་སོང་ན་ཆོག་གམ།
ལན། བརྗོད་གཞི་དང་རིང་དུ་འགྲོ་ཆོག་དང་ཆོག དྲ་དམངས་ཀྱི་དོ་སྣང་བྱེད་ཤུགས་ཁ་བསྒྱུར་བའམ། ཡང་ན་མང་ཚོགས་ཀྱི་གཏད་སོ་ལྟེ་བ་རབ་རིབ་བཟོ་སྐབས། བརྗོད་གཞི་དང་རིང་དུ་འགྲོ་རྒྱུ་ནི་ཕན་ཐོགས་ཡོད་པ་ཞིག་རེད། དཔེར་ན། མི་འབོར་ཞིབ་བཤེར་གྱི་སྐབས་སུ། མི་ཚང་མས་མི་འབོར་ཞིབ་བཤེར་གྱི་དངོས་ཡོད་རང་བཞིན་དང་། ཡང་ན། དེའི་གལ་འགངས་རང་བཞིན་སོགས་ལ་གླེང་སློང་ཤུགས་ཆེན་བྱེད་ཀྱི་རེད། དེ་དུས་ངས་མི་འབོར་ཞིབ་བཤེར་གྱི་ལས་ཀའི་ཁྲོད་བྱུང་བའི་དགོད་བྲོའི་གཏམ་རྒྱུད་དེ་འདྲ་སྤེལ་གིན་ཡོད། ཡང་སྲིད་དོན་གསར་འགྱུར་རིགས་ཐོན་སྐབས། ངས་དེ་ཚོའི་སྒང་ལ་ཁྱབ་བསྒྲགས་འགའ་སྤེལ་ནས་དྲ་ངོས་ནག་བསུབ་ཏུ་གཏོང་གིན་ཡོད།
དྲི་བ། ཞིབ་ཚགས་ངང་དོན་རྐྱེན་བྱེ་བྲག་པ་ཞིག་ལ་ ‘‘དཔྱད་མཆན་ལམ་སྟོན་’’ བྱས་པའི་བརྒྱུད་རིམ་ཞིག་ཤོད་དང་།
ལན། དཔེར་ན། ཐེངས་རེ་བཞིན་རླངས་སྣུམ་རིན་གོང་སྤར་སྐབས། སྔོན་ལ་ང་ཚོར་ ‘‘དྲ་གྲོགས་ཚོའི་ཚོར་འདུ་བརྟན་བརླིང་དང་། སྤྱི་མང་གི་དོ་སྣང་བྱེད་ཤུགས་ཁ་བསྒྱུར་’’ དགོས་པའི་བརྡ་ལན་འབྱོར་ཡོང་གི་རེད། ཕྱི་ཉིན་རླངས་སྣུམ་རིན་གོང་སྤར་བའི་གསར་འགྱུར་ཐོན་སྐབས། དྲ་དམངས་ཀྱིས་བརྒྱ་ཆའི་བརྒྱ་རྒྱལ་ཁབ་ལ་ཁ་རྡུང་གཏོང་གི་རེད། རྒྱ་ནག་རླངས་རྫས་དང་རྡོ་སྣུམ་ལས་ཁུངས་སོགས་ལ་ཁ་རྡུང་གཏོང་གི་རེད། དེ་དུས་ངས་དྲ་ངོས་ཤིག་ནང་ཐོ་འགོད་དང་ནང་འཛུལ་བྱས་ནས་མཆན་བུ་འདེབས་ཀི་རེད། ‘‘སྤོར། རིན་གོང་སྤོར། གང་འདོད་ལྟར་སྤོར། ཇོ་ང་ལ་སྣང་དོགས་ཅི་གང་མེད། སྡེབ་གཅིག་ལ་སྒོར་ ༥༠ བར་སྤར་ཐུབ་ནའང་ཡག་ཤོས་ཡིན། ཁྱོད་ཚོ་སྒོར་མོ་མེད་མཁན་སྤྲང་པོ་ཚོས་རླངས་འཁོར་གཏོང་མ་ཐུབ་ན་སྡུག་གྱོང་རེད། རྗེས་མ་ནས་ང་ཚོ་སྒོར་མོ་ཡོད་མཁན་ཚོས་མ་གཏོགས་རླངས་འཁོར་གཏོང་ཐུབ་ཀི་མ་རེད།’’ ཐོས་པ་ཙམ་གྱིས་རྣ་རྩར་གཟན་པའི་སྐད་ཆ་འདི་རིགས། དམིགས་ཡུལ་གཙོ་བོ་དྲ་དམངས་ལ་ཁོང་ཁྲོ་བསླངས་ནས། སྣུམ་རིན་སྐོར་གྱི་སྡིང་ཟུག་དང་དོ་སྣང་བྱེད་ཤུགས་ཡོད་ཚད་ང་མི་སྒེར་བའི་སྒང་ལ་བསྐོར་རྒྱུ་དེ་རེད། དེ་ནས་ངས་ཡང་བསྐྱར་དྲ་མིང་གཞན་འགའ་ཞིག་སྤྱད་ནས་རང་གིས་རང་ཉིད་ལ་སྡིག་དམོད་བྱེད་མགོ་འཛུགས་ཀྱི་ཡོད། འདི་ལྟར་བྱས་ན་མི་མང་པོ་ཞིག་གིས་མཐོང་ཐུབ། མི་མང་པོ་ཞིག་གིས་མཐོང་རྗེས་ཐད་ཀར་ང་ལ་རྒོལ་ལན་སློག་ཡོང་གི་རེད། ག་ལེ་ག་ལེར་སྣུམ་རིན་སྐོར་གྱི་གཞི་རྩའི་བརྗོད་དོན་འགྱུར་ནས་བརྗོད་གཞི་ལྟེ་བ་ང་ཆགས་འགྲོ་གི་རེད། བྱེད་སྟངས་འདིའི་མཇུག་འབྲས་ཧ་ལས་པའི་ཡག་པོ་ཡོད།
དྲི་བ། ཁྱོད་ཀྱི་ལས་ཀ་བྱ་ཡུལ། དྲ་ཚུགས་གང་ནང་དཔྱད་མཆན་སྤེལ་གི་ཡོད། དྲ་དམངས་གང་འདྲ་ཞིག་ལ་ཁ་གཏད་གཅོག་གི་ཡོད། ནང་དོན་ག་རེ་ཡིན།
ལན། དྲ་ཚུགས་ལ་ཚད་བཀག་ཡོད་པ་མ་རེད། ང་གཙོ་བོ་ང་ཚོའི་ས་གནས་ཀྱི་དྲ་ཚུགས་ཁག་དང་། ཡང་ན་ཐིན་ཞུན་ (腾讯)ལྟ་བུའི་ནང་འཁྱམ་ཉུལ་བྱས་ནས་སྡོད་ཀྱི་ཡོད། སུག་ཧུ་(搜狐)དང་། ཞིན་ལང་(新浪)སོགས་དྲ་ཚུགས་ཆེ་ཁག་ལ་ས་གནས་དཔྱད་མཆན་པ་མང་པོ་ཡོད་རེད། ངས་རྒྱུས་ལོན་བྱས་པ་ལྟར་ན། དྲ་ཚུགས་འདི་ཚོ་ཚང་མར་ནང་ཁུལ་ནས་དམིགས་བསལ་སྡེ་ཚན་བཙུགས་ནས་དཔྱད་མཆན་སྤེལ་གི་ཡོད་འདུག
དྲི་བ། མཆན་བུ་གང་དག་དྲ་ཐོག་དཔྱད་མཆན་པ་ཚོའི་མཆན་བུ་ཡིན་པ་ཁྱོད་ཀྱིས་ངོས་འཛིན་ཐུབ་བམ།
ལན། ང་རང་ལས་ཀ་འདི་བྱེད་མཁན་རེད། དྲ་ཐོག་ཏུ་ཡོང་ནས་གླེང་སྟེགས་ཉུལ། མཆན་བུ་བཀླགས། མཆན་ལན་སློག་གི་ཡོད་ཙང་། ངས་བསམ་ན་གླེང་སྟེགས་ཤིག་ནང་མཆན་བུ་ཁྲི་སྟོང་ཡོད་པའི་ཁྲོད། བརྒྱ་ཆའི་ ༡༠ ནས་ ༢༠ ལྷག་བལྟས་པ་ཙམ་གྱིས་དཔྱད་མཆན་པའི་མཆན་བུ་ཡིན་པ་ཧ་གོ་གི་རེད།
དྲི་བ། ཁྱོད་ཀྱིས་དྲ་ཐོག་ནས་མི་གཞན་ལ་རྩོད་གླེང་བྱེད་ཨེ་སྲིད་། སྲིད་ན་འཛིང་མོལ་གྱི་ཚད་གང་འདྲ་དང་། དེ་ལ་སྟངས་འཛིན་དང་། དེ་ནས་སེམས་ཚོར་སྙོམ་སྒྲིག་ཇི་ལྟར་བྱ་ངེས་ཡིན།
ལན། དུས་ཚོད་མང་ཆེ་བ་ང་ཚོས་སོ་སོས་སོ་སོར་རྩོད་གླེང་བྱས་ནས་སྡོད་ཀྱིན་ཡོད། མ་གཞི་ནས་ངས་དྲ་གྲོགས་ཚོ་དང་ལྷན་དུ་དོན་རྐྱེན་གང་ལའང་རྩོད་གླེང་བྱས་མྱོང་མེད་ལ། དྲ་གྲོགས་སུ་ཞིག་དང་དོན་རྐྱེན་གང་ཞིག་གིས་ཀྱང་ང་ལ་ཁོང་ཁྲོ་བསླངས་མ་མྱོང་། ལས་ཀའི་རིང་དུས་རྒྱུན་ནས་ངས་རང་ཚུགས་འཛིན་གི་ཡོད་ཅེས་བཤད་ཆོག
དྲི་བ། སྲིད་གཞུང་གིས་ ‘‘དཀྲོགས་གཏམ་མ་སྤེལ། དཀྲོགས་གཏམ་ལ་ཡིད་མ་ཆེས།’’ཞེས་དྲིལ་སྒྲོག་སྐབས། མཇུག་འབྲས་རྦད་དེ་ལོགས་ཀ་རེད། SARS ལ་ཆ་བཞག་ན། དང་པོ་མགོ་འཛུགས་སྐབས་ནས། ‘‘དཀྲོགས་གཏམ་ལ་ཡིད་མི་ཆེས།’’ དང། ‘‘སྲིད་གཞུང་ལ་ཡིད་མི་ཆེས།’’ གཉིས་ལས་གདམ་ག་བྱེད་སྐབས། མང་ཆེ་བས་སྲིད་གཞུང་ལ་ཡིད་མི་ཆེས་བ་འདེམས་འགྲོ་གི་ཡོད་རེད་དམ།
ལན། ངས་བསམ་ན་ང་ཚོའི་རྒྱལ་ཁབ་དང་སྲིད་གཞུང་གནས་སྟངས་ངོ་ཚ་བོ་ཞིག་ལ་སླེབས་འདུག དོན་རྐྱེན་ག་རེ་བྱུང་ནའང། དཔེར་ན་མི་ཞིག་གིས་ཁྲིམས་འགལ་བྱས་པའམ། ཡང་ན་རླངས་འཁོར་བརྡབ་སྐྱོན་བྱུང་བ་སོགས། གང་ལྟར་གནས་ཚུལ་མི་ལེགས་པ་ཞིག་བྱུང་སྐབས། དྲ་ཐོག་ནས་ད་འབར་ཚར་བ་རེད། ཚང་མས་སྲིད་གཞུང་ལ་ཁ་རྡུང་གཏོང་གི་རེད། ང་འདི་ལ་ཧ་ལས་པའི་ཡ་མཚན་སྐྱེས་བྱུང་།
དྲི་བ། དེ་ཡིན་དགོས་དང་དགོས། སྲིད་གཞུང་ལ་གསང་རྒྱུ་དང་བསྒྲགས་རྒྱུ་མང་པོ་རེད། གྲུབ་འབྲས་ཡོད་ཚད་རང་ལ་དབང་དགོས་ཀྱི་ཡོད་ན། ནོར་འཁྲུལ་ལ་ཡང་བདག་པོ་རྒྱག་དགོས་ཀྱི་ཡོད་པ་རེད། དོན་རྐྱེན་ལས་གཞན། ཁྱོད་ཚོར་མི་སྣའི་དམིགས་འབེན་ཡོད་དམ། འདིའི་རིགས་ཀྱི་བཀོད་མངགས་དེ་འདྲ་ཨེ་ཡོད།
ལན། ཕལ་ཆེར་ཡོད་རྒྱུ་རེད། ངས་བསམ་ན་ཏཱ་ལའི་བླ་མའི་གནད་དོན་ཐོག ཕལ་ཆེར་རྒྱལ་ཡོངས་གང་སར་ལམ་སྟོན་པ་ཡོད་ཡོད་རེད། ང་ཚོའི་རྒྱལ་ཁབ་ཀྱི་མི་ཡོད་ཚད་ཏཱ་ལའི་བླ་མ་དང་ཆོས་འཁོར་སྒོམ་སྒྲུབ་པའི་ཐོག་ཧ་ཅང་གི་སྙིང་ནད་ཡོད་པ་རེད། ང་རང་གིས་རྒྱུས་ལོན་བྱེད་ཐུབ་པ་ཞིག་ནི། དོན་རྐྱེན་འདི་རིགས་ཐོག་སྲིད་གཞུང་གི་བྱེད་སྟངས་ཚད་ལས་བརྒལ་རྒྱུ་ཅུང་མང་དྲགས་འདུག་འདོད། ལས་ཀ་འདི་དང་འབྲེལ་འདྲིས་མ་བྱས་པའི་སྔོན་ལ། ང་རང་གིས་ཀྱང་ཅི་གང་མི་ཤེས། སོང་ཙང་། ངས་གཏམ་བརྗོད་རང་དབང་བཀག་སྡོམ་བྱས་པ་ཡག་ས་དེར། ཕལ་ཆེར་དཔྱད་མཆན་འདེབས་མཁན་ཚོས་ཆ་ཤས་བླངས་ཡོད་པར་འདོད་མྱོང་།
དྲི་བ། གོང་རིམ་ནས་ཁྱོད་ཀྱི་ལས་ཀར་ཞིབ་བཤེར་དང་། གདེང་འཇོག་ག་འདྲ་བྱེད་ཀྱི་འདུག
ལན། ང་ཚོས་དྲ་འབྲེལ་མཁོ་སྤྲོད་བྱས་པ་ལྟར། གོང་རིམ་ནས་ཆེད་དུ་འདྲི་བརྩད་མི་སྣ་བཏང་ནས་བརྟག་དཔྱད་གཏོང་གི་རེད། འདྲི་བརྩད་མི་སྣས་རྩ་བའི་ཆ་ནས་ལེགས་ཉེས་ཀྱི་གདེང་འཇོག་གང་ཡང་བྱེད་ཀི་མ་རེད། རྒྱུ་མཚན་ཁོ་ཚོས་ཐེངས་རེ་བཞིན་ལས་ཀའི་དགོས་འདུན་ཧ་ཅང་གི་འཐུས་ཚང་བྱས་ནས་སྟེར་གི་རེད། ང་ཚོས་ཁོ་ཚོས་བཤད་པ་ལྟར་ཏག་ཏག་བྱས་བཞག་ན་འགྲིག་གི་ཡོད་པ་རེད། ནོར་འཁྲུལ་རིགས་འབྱུང་སྲིད་ཀི་མ་རེད།
དྲི་བ། ཁྱོད་ཀྱིས་ ‘‘ཁོང་ཚོས་ལས་ཀའི་དགོས་འདུན་ཧ་ཅང་གི་འཐུས་ཚང་བྱས་ནས་སྟེར་གི་རེད་’’ཟེར། འཐུས་ཚང་སྟངས་གང་འདྲ་རེད།
ལན། སྣེ་འཁྲིད་སའི་ཁ་ཕྱོགས་ཧ་ཅང་གི་གསལ་པོ་དང་དག་པོ་བྱས་ནས་བཤད་ཡོང་གི་རེད། དཔེར་ན། གནད་དོན་འདི་ཕྱོགས་འདི་དང་འདི་ལ་འཁྲིད་དགོས་པ་རེད། ཡང་ན། དོན་རྐྱེན་འདི་ལ་གཏོར་བརླག་གཏོང་དགོས་པ་རེད། ད་དུང་དྲ་དམངས་ཀྱི་གཏད་སོ་ལྟེ་བ་གང་ཞིག་རབ་རིབ་བཟོ་དགོས་པའམ། ཡང་ན་དོན་དག་གཞན་པ་བཙལ་ནས་དེ་ཡལ་འཇུག་དགོས་པ་རེད་སོགས་ལྟ་བུ་རེད། ངོ་མས་དཀའ་ལས་ཁག་པོ་ཅི་གང་ཡོད་པ་མ་རེད།
དྲི་བ། ཁྱོད་དང་ལམ་སྟོན་པ་གཞན་དག་གི་བར་མཉམ་ལས་བྱེད་ཀྱི་ཡོད་དམ། ག་འདྲར་བྱེད་ཀྱི་ཡོད།
ལན། གློ་བུར་བའི་དོན་རྐྱེན་བྱུང་སྐབས་མཉམ་ལས་བྱེད་རྒྱུ་མང་གི་རེད། གཅིག་གམ་འགའ་ཤས་ཀྱིས་གླེང་སྟེགས་ཤིག་ལ་འགན་བླངས་ནས་ལས་བགོས་བྱས་རྗེས། ཁ་ཤས་ཀྱིས་མཆན་བུ་བཏབས། ཁ་ཤས་ཀྱིས་མཆན་བུ་ལ་རྗེས་འདེད་བཏངས། ཡང་ཁ་ཤས་ཀྱིས་མི་གཞན་པར་རྗེས་འདེད་བཏངས། ད་དུང་ཁ་ཤས་ཀྱིས་མཆན་བུའི་ནང་རྩོད་རྙོག་བསླངས། གསལ་བསྒྲགས་སྤེལ་ནས་དྲ་ངོས་སུ་ཉོག་དཀྲུགས། ངས་ཤེས་གསལ་ལ་ད་དུང་ཆེད་དུ་མཆན་བུ་ནག་བསུབ་གཏོང་བར་འགན་འཁུར་མཁན་ཡང་ཡོད་པ་རེད།
དྲི་བ། ཁྱོད་ཀྱི་རྔན་པའམ་ལག་དངུལ་ཐག་གཅོད་སྟངས་ག་འདྲ་རེད། ཟླ་བ་རེའི་ལག་ཡོང་ག་ཚོད་རེད།
ལན། དེ་ཟླ་རེ་བཞིན་རེད། མཆན་བུའི་གྲངས་ཀ་དང་སྤུས་ཀ་ལ་བལྟས་ནས་སྤྲོད་ཀྱིན་ཡོད་པ་རེད། རྩ་བའི་ཆ་ནས་མཆན་བུ་བརྒྱ་རེར་རྔན་པ་སྒོར་ ༥༠ རེ་བྱས་ནས་རྕིས་རྒྱག་གིན་ཡོད་པ་རེད། འཕྲལ་སེལ་གྱི་དོན་རྐྱེན་བྱུང་སྐབས་རྔན་པ་མང་ཙམ་རག་གི་རེད། དཔེར་ན། གླེང་ཤུགས་ཆེ་བའི་གནད་དོན་ཞིག་ལ་སྣེ་འཁྲིད་སྐབས། མི་བཅུ་གྲངས་ཤིག་གིས་དུས་མཉམ་དུ་མཆན་བུ་སྤེལ་ན། ཉིན་གཅིག་གཉིས་དེའི་རིང་ལ་རྔན་པ་མང་ཙམ་རག་གི་རེད། རྩ་བའི་ཆ་ནས་ལས་ཀ་འདིའི་ལག་ཡོང་ཧ་ཅང་གི་དམའ་བོ་རེད། ང་འཕྲལ་སེལ་གྱི་ལས་ཀ་བྱེད་མཁན་ཡིན། ཆ་སྙོམ་ཟླ་རེའི་ལག་ཡོང་སྒོར་ ༥༠༠ ནས་ ༦༠༠ གཡས་གཡོན་རེད། གཏན་འཇགས་ཀྱིས་ལས་ཀ་འདི་བྱེད་མཁན་ཡོད་པ་རེད། དེ་ཚོར་ཟླ་རེར་སྟོང་ཕྲག་འགའ་ཤས་ཡོང་སྲིད་པ་རེད།
དྲི་བ། ཁྱོད་རང་ཉིད་ལས་ཀ་འདི་ལ་དགའ་བོ་འདུག་གམ།
ལན། དགའ་མོས་ཡོད་ཅེས་བཤད་ཐུབ་ས་མ་རེད་ལ། ཐབས་རྡུགས་རེད་ཅེས་ཀྱང་བཤད་ནུས་ས་མ་རེད། ཉིན་གཅིག་ལ་ལས་ཀ་འགའ་ཇེ་མང་དང་། ཟླ་བ་གཅིག་ལ་ལག་དངུལ་ཁ་ཤས་ཇེ་མང་དུ་ཕྱིན་པ་ཙམ་རེད།
དྲི་བ། ལས་ཀའི་ཐད་ནས་དཀའ་ངལ་ཆེ་ཤོས་དེ་གང་རེད།
ལན། ཕལ་ཆེར་དྲ་དམངས་ཀྱི་སེམས་ཁམས་ལ་ཚོད་དཔག་བྱེད་རྒྱུ། རྩོམ་འབྲིའི་ཐབས་རྩལ་འདྲ་མིན་ལ་སྦྱོང་བ་བྱེད་རྒྱུ། མི་གཞན་པའི་སྨྱུག་རྩལ་ལ་ལབ་མོ་བྱེད་རྒྱུ། མང་ཚོགས་ཀྱི་ཡིད་ཆེས་ལེན་ཐབས་དང་། མང་ཚོགས་ཀྱི་བསམ་བློར་ཤུགས་རྐྱེན་སྤྲོད་ཐབས་བྱེད་རྒྱུ་སོགས་ཡིན་ས་རེད།
དྲི་བ། ག་རེ་བྱས་ནས་ཁྱོད་མངོན་གསལ་དུ་ཐོན་ཡོང་གི་མེད། ག་རེ་བྱས་ནས་དེ་འདྲའི་ཚོར་བ་སྐྱེན་པོ་བྱེད་ཀྱི་ཡོད། ཉེན་ཁ་ག་རེ་ལྷག་ཡོད་པ་རེད།
ལན། ཁྱོད་ཀྱིས་ངའི་ཁ་ཕོར་གཅོག་འདོད་པ་ཡིན་ནམ། ང་ཚོས་གླེང་སྟེགས་དང་དྲ་ཟིན་གང་འདྲ་ཞིག་ནང་འཛུལ་བའམ། བྱེད་ཐབས་གང་འདྲ་ཞིག་དང་། དྲ་མིང་ཇི་འདྲ་ཞིག་སྤྱད་ནས་མཆན་བུ་སྤེལ་ཀྱང་ཚང་མ་སྦས་གསང་བྱེད་ཀྱི་ཡོད། རང་གི་ངོ་རྟགས་ཕྱི་གསལ་བཟོས་ན་འགྲིག་གི་མ་རེད། དེ་ལས་ཀྱང་རང་ཉིད་ཆེད་ལས་དྲ་མཆན་པ་ཞིག་ཡིན་པའང་མངོན་གསལ་བཟོ་གི་མ་རེད། གལ་སྲིད་དེ་ལྟར་ཡིན་ཚེ་ང་ཚོ་ཡོད་མེད་ལ་ཆོད་ག་རེ་ཡོད་པ་རེད། ཕྱི་གསལ་བྱས་ན་དེའི་ཤུགས་རྐྱེན་ང་ཚོ་གཅིག་བུ་མ་རེད། གོང་རིམ་ལའང་ལྡོག་ཕྱོགས་ཀྱི་བག་ཆགས་ངན་པ་ཞིག་བསྐྲུན་ཡོང་གི་རེད།
དྲི་བ། ཁྱོད་ཀྱིས་བཤད་པའི་ ‘‘གོང་རིམ་’’སུ་ལ་ངོས་འཛིན་གྱི་ཡོད། ལན། དེ་སྒང་གི་འགོ་ཁྲིད་ཡིན་ཡིན་པ་རེད། དེ་ལས་ཡར་དེད་ན། དྲིལ་བསྒྲགས་ལས་ཁུངས་ལ་ཟེར་གྱི་ཡོད་པ་རེད།
ལན། ཁྱོད་ཀྱིས་ནང་མི་དང་གྲོགས་པོ་ལ་རང་གི་ལས་ཀའི་ངོ་བོ་ཤེས་བཅུག་ཡོད་དམ། ལན། མེད། ནང་མི་དང་གྲོགས་པོ་སུ་གང་ལའང་ད་བར་དུ་ཤེས་བཅུག་མྱོང་མེད། གལ་སྲིད་ཁོ་ཚོས་ངས་ལས་ཀ་འདི་བྱེད་ཀྱིན་ཡོད་པ་ཤེས་ཚེ། ཕལ་ཆེར་ངའི་མིང་དང་། ང་ལ་བཅངས་པའི་ཡིད་ཆེས་ཀྱི་ཚད་གཞི་ལ་བག་ཆགས་ངན་པ་གང་འཚམ་ཞིག་བཞག་ཡོང་གི་རེད་འདོད།
དྲི་བ། ཁྱོད་ཀྱིས་ ‘‘གལ་སྲིད་ནང་ཉིང་ཕྱི་ལ་བཏོན་ཚེ། ཕལ་ཆེར་སྲོག་ལ་ཉེན་ཁ་ཡོད་པ་རེད་ཟེར་ནའང་སྒྲོ་འདོགས་གང་ཡང་མ་རེད་’’ ཟེར། མཇུག་འབྲས་དེ་འདྲའི་ཚབས་ཆེན་རེད་བསམ་གྱི་འདུག་གམ།
ལན། ངའི་ལས་ཀའི་ངོ་བོ། དེ་སྒང་ལ་གསར་འགྱུར་གྱི་ལས་ཀ་ཉར་མཁན་དང་། དྲ་ཐོག་གི་ལས་ཀ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གལ་སྲིད་ངའི་ལས་ཀའི་ངོ་བོའམ། ཡང་ན་དོན་རྐྱེན་གང་ཞིག་ང་བརྒྱུད་ནས་ནང་ཉིང་ཕྱི་ལ་བཅར་བ་ཡིན་ཚེ། དེས་ན་ང་ལ་ཐེབས་རྒྱུའི་ཤུགས་རྐྱེན་ཕལ་ཆེར་ཚོད་རྩིས་ཐུབ་པ་ཞིག་ཡིན་རྒྱུ་མ་རེད།
དྲི་བ། གལ་སྲིད་ཁྱོད་ཀྱིས་ལས་ཀ་འདི་མཚམས་འཇོག་བྱས་ཚེ། ཁྱོད་ལ་གནོན་ཤུགས་སླེབས་པའམ། ཡང་ན། མཐུན་རྐྱེན་ཐོལ་པ་འདྲ་སྦྱོར་རྒྱུ་ཨེ་སྲིད།
ལན། སྲིད་མདོག་ཁ་བོ་མ་རེད། སྤྱིར་བཏང་ལས་རིགས་འདི་ད་ལྟ་ཧ་ཅང་གི་མངོན་གསལ་དོད་པོ་ཆགས་ཚར་པ་རེད། ང་ལ་མཚོན་ནས་བཤད་ན། འདི་ཞོར་ལས་ཙམ་རེད། ལས་རིགས་གཞན་པ་དེ་ཚོ་དང་ཁྱད་པར་གང་ཡང་ཡོད་པ་མ་རེད། ལས་རིགས་འདི་ཁྱོད་ཚོའི་བསམ་པ་ནང་བཞིན་དེ་འདྲའི་མུན་ནག་ཡོད་པ་མ་རེད།
དྲི་བ། ཉིན་ལྟར་ཁྱོད་དྲ་ལམ་ལ་ཆུ་ཚོད་ག་ཚོད་ཞུགས་ཀྱི་ཡོད། དྲ་ངོས་གང་དག་དང་། གཟའ་མཇུག་ལ་ངལ་གསོ་ཡོད་དམ།
ལན། ངས་ཉུང་མཐར་ཡང་ཉིན་རེར་དྲ་ཐོག་ནས་ཆུ་ཚོད་ ༦ ནས་ ༨ བར་སྐྱེལ་བཞིན་ཡོད། གཙོ་བོ་ང་ཚོའི་ས་གནས་སམ། ཡང་ན། ཧ་ཅང་རྒྱུག་ཆེ་བའི་དྲ་གནས་གསར་འགྱུར་རམ། ལྦེ་པོ་(微博)ནང་འཛུལ་ཞུགས་བྱེད་ཀྱིན་ཡོད། གཟའ་མཇུག་ལ་ལས་ཀ་བྱེད་ཀྱི་མེད། ཡིན་ནའང་། ཡིག་སྒམ་བསྔོགས་ནས་གོང་རིམ་གྱི་གལ་ཆེའི་བཀོད་མངགས་འདྲ་ཡོད་མེད་ལྟ་གིན་ཡོད། དྲི་བ། དུས་རྒྱུན་འཚོ་བའི་ནང་། ཁྱོད་ཀྱིས་རང་གི་དྲ་ཐོག་གི་ལས་ཀ་དེ་ཚོར་བསམ་བློ་གཏོང་གི་ཡོད་དམ། ལན། མ་མཐར་ཡང་ཅུང་ཙང་ཡོད་རྒྱུ་རེད། དཔེར་ན་ངས་ས་གནས་རང་བཞིན་གྱི་གསར་འགྱུར་ཞིག་མཐོང་ཡོང་སྐབས། གོང་རིམ་ནས་འདིའི་ཁ་ཕྱོགས་གང་འདྲ་ཞིག་ལ་འཁྲིད་དགོས་པའི་རེ་འདུན་འདོན་སྲིད། ངས་དེའི་སྐོར་གང་འདྲ་བྱས་ནས་བཤད་དགོས་སམ། བསམ་བློ་འདི་རིགས་རང་བཞིན་གྱིས་གཏོང་དགོས་འཁེལ་གི་རེད། ང་ལ་ཆེད་ལས་ན་ཚ་ཆུང་ཆུང་ཞིག་ཕོག་མི་འདུག་གམ། དྲི་བ། ཁྱོད་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། མི་དམངས་ཚགས་པར་ལྟ་ཀློག་བྱེད་ཀྱི་ཨེ་ཡོད། ལན། གསར་འགྱུར་མང་ཆེ་བར་ལྟ་གི་ཡོད། དམིགས་བསལ་གྱིས་ས་གནས་ཁག་གི་གསལ་འགྱུར་ལ་ལྟ་གི་ཡོད། ཡིན་ཡང་རྩ་བའི་ཆ་ནས་ཀྲུང་དབྱང་གི་གསར་འགྱུར་མཉམ་སྒྲོག་ལ་ལྟ་གི་མེད། རྒྱུ་མཚན་ནི་ལེ་ཚན་དེ་འཆམ་མཐུན་ཡིན་རྒྱུ་མང་དྲགས་འདུག
དྲི་བ། ཁྱོད་འཕྲུལ་སྒྲར་ཞུགས་ཀྱི་ཨེ་ཡོད། མི་སུ་དང་སུ་ལ་དོ་སྣང་བྱེད་ཀྱི་ཡོད།
ལན། ཡོད། ཨེ་ལྦེ་ལྦེ་ཚུད་པའི་མི་ནང་དོན་ཡོད་མཁན་འགའ་ཤས་ལ་དོ་སྣང་བྱེད་ཀྱི་ཡོད། ཡིན་ཡང་འཕྲལ་སྒྲའི་ནང་ཁ་ཁྱོན་ནས་གྲགས་ཀྱི་མེད། གཙོ་བོ་ལྟ་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་ཙམ་ཡིན།
དྲི་བ། ཁྱོད་ཀྱིས་དྲ་རྒྱའམ་སྨྲ་བརྗོད་རང་དབང་དང་། དངོས་ཡོད་ཀྱི་བར་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད།
ལན། ངས་འདི་ལྟར་བཤད་ཐུབ། དྲ་རྒྱ་ཡོད་རྗེས། ང་ཚོའི་སྨྲ་བརྗོད་ལ་སྔོན་མ་དང་བསྡུར་ན་ངོ་མས་རང་དབང་མང་པོ་རེད། ཡིན་ཡང་རང་དབང་གང་འཚམ་ཞིག་རག་ན་དེ་ལས་ཀྱང་རང་དབང་ཆེ་བའི་མི་མཐོང་ཡོང་གི་རེད། དེ་ནས་ཡང་བསྐྱར་རང་སོ་སོར་རང་དབང་མེད་པའི་ཚོར་བ་སྐྱེས་ཡོང་གི་རེད། མ་གཞི། མི་སྐྱིད་པ་ཚང་མ་གཤིབ་བསྡུར་བྱས་པ་ལས་ཡོང་གི་ཡོད་པ་རེད།
དྲི་བ། ཁྱོད་ཀྱིས་བལྟས་ན། ལས་རིགས་འདིས་རྒྱ་ནག་གི་དཔྱད་མཆན་སྣེ་འཁྲིད་ལ་ཕན་ནུས་ཆེ་ཆུང་གང་འདྲ་ཞིག་ཐོན་འདུག
ལན། དྲང་བོར་བཤད་ན་ངས་འདིའི་ནུས་པ་ཆུང་ཆུང་མ་རེད་བསམ་གྱི་འདུག ངོ་མས་བཤད་ན་རྩ་བའི་རྒྱ་ནག་གི་དྲ་དམངས་ཕལ་ཆེ་བ་ཧ་ཅང་གི་ལྐུགས་པ་རེད། མཚམས་ལ་ལར་ཁྱོད་ཀྱིས་ཁོ་ཚོར་སྣེ་འཁྲིད་ལམ་སྟོན་མ་བྱས་ཚེ། ཁོ་ཚོ་ངོ་མས་དཀྲོགས་གཏམ་དེ་ཚོ་ལ་ཡིད་ཆེས་འགྲོ་གི་རེད།
དྲི་བ། དེ་ཁོ་ཚོར་རག་པའི་གནས་ཚུལ་བརྡ་འཕྲིན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་རེད། སོང་ཙང་ཚད་བཀག་ཡོད་པའི་གནས་ཚུལ་བརྡ་འཕྲིན་ནང་། རང་གིས་སྲིད་དོན་ལྟ་ཚུལ་འདོན་ཐུབ་རྒྱུ་ཧ་ཅང་གི་ཁག་པོ་རེད།
ལན། ངས་བསམ་ན་ཁོ་ཚོར་བརྒྱུད་སྐུལ་བྱེད་རྒྱུ་ཧ་ཅང་གི་ལས་སླ་བོ་རེད། ངས་ཁོ་ཚོ་ལས་སླ་བོའི་ངང་སྟངས་འཛིན་བྱེད་ཐུབ་ཀྱི་འདུག ཁོ་ཚོར་ག་རེ་བྱེད་དུ་འཇུག་བསམ་ན། ངས་དེ་སྒང་ལ་བསམ་བློ་ཏོག་ཙམ་ཞིག་དཀྲུགས་ཐུབ་ན་འགྲིག་འགྲོ་གི་རེད། ངོ་མས་ལས་སླ་བོ་རེད། སོང་ཙང་ངས་འདིའི་ཐད་ཀྱི་ཤུགས་རྐྱེན་ཆུང་ཆུང་མ་རེད་འདོད།
དྲི་བ། ཁྱོད་ཀྱིས་བསམ་ན་སྲིད་གཞུང་ལ་དཔྱད་མཆན་སྣེ་འཁྲིད་ལ་ཐེ་གཏོགས་བྱེད་པའི་དབང་ཚད་ཡོད་དམ།
ལན། ང་རང་སྒེར་ངོས་ནས་རྩ་བ་ཉིན་ནས་ཡོད་པ་མ་རེད་འདོད། ཡིན་ནའང། རྒྱ་ནག་ནང་ངེས་པར་དུ་ཐེ་གཏོགས་དང་སྣེ་འཁྲིད་བྱེད་དགོས་ཀྱི་འདུག རྒྱ་ནག་གི་དྲ་དམངས་མང་ཆེ་བར་ཧ་ལས་པའི་བརྒྱུད་སྐུལ་བྱེད་སླ་བོ་དང་། ཁོ་ཚོར་ཧ་ལས་པའི་རང་རང་གི་བསམ་བློ་ཡོད་པ་མ་རེད། བརྡ་འཕྲིན་རྫུན་མ་འགས་ཁོ་ཚོར་མགོ་སྐོར་དང་བརྒྱུད་སྐུལ་བྱེད་རྒྱུ་ཧ་ཅང་གི་ལས་སླ་བོ་རེད།
དྲི་བ། ཁྱོད་ཀྱིས་དྲ་དམངས་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད། ཁོ་ཚོའི་སྤུས་ཀ་དང་རྣམ་འགྱུར།
ལན། ངས་སྔོན་ཏག་ཏག་ལ་བཤད་པ་ཡིན། དོན་དག་བཟང་ངན་གང་ཡིན་ཡང་། རྒྱ་ནག་གི་དྲ་དམངས་ལ་བསླུ་བྲིད་གཏོང་རྒྱུ་ཧ་ལས་པའི་ལས་སླ་བོ་རེད། ཡིན་ནའང་དེང་སང་དྲ་དམངས་ཚོ་ག་ལེར་རང་ཚུགས་ཅན་དང་། ག་ལེར་བསམ་བློ་གཏོང་ཤེས་མཁན་ཆགས་ཡོང་གི་འདུག ཐོས་པ་ཙམ་གྱིས་རླུང་རྗེས་སྙེག་གི་མི་འདུག སྤུས་ཀའང་ག་ལེ་ག་ལེར་ཇེ་མཐོར་འགྲོ་གི་འདུག
དྲི་བ། ཁྱོད་ཀྱིས་རང་གི་ལྟ་ཚུལ་ཁག་ལ་ཡིད་ཆེས་དགོས་ཀྱི་ཡོད་དམ། ཆབ་སྲིད་མདུན་ལམ་ལ་དོ་སྣང་སེམས་ཁུར་བྱེད་ཀྱི་ཨེ་ཡོད།
ལན། ཡིད་ཆེས་དགོས་ཀྱི་ཡོད་པ་མ་རེད། མཚམས་ལ་ལར་ཁྱོད་ཀྱིས་རང་གི་གང་བཤད་པ་དེ་དག་རྫུན་མ་དང་ལྡོག་ཕྱོགས་ཡིན་པ་གསལ་བོ་ཤེས་ཀྱིན་ཡོད་ནའང་། ད་དུང་དེ་ལྟར་བཤད་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ཁྱོད་ཀྱི་ལས་ཀ་དེ་ག་རང་རེད། ངས་རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་སེམས་ཁུར་དེ་ཙམ་བྱེད་ཀྱི་མེད། རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་སེམས་ཁུར་བྱེད་འོས་པ་ཅི་གང་མི་འདུག
འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་བཤད་པ་དེ་བདེན་པ་རེད། དེ་རིང་གི་གནས་ཚུལ་འདི་སྐོར་ང་ཚོས་ཉིན་རྒྱབ་བར་དུ་འཚོལ་བསྡུ་དང་ལེགས་སྒྲིག་གིས། ཐོག་མར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་ལ་བཏང་ཞིང་། དེ་རྗེས་བཀའ་དྲུང་དང་། ཕྱི་དྲིལ་ལས་ཁུངས། བོད་ཀྱི་དུས་བབ་སོགས་འབྲེལ་ཡོད་ལས་ཁུངས་དང་། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཆེད་བསྐུར་ཞུས་ཡོད། གསར་འགྱུར་ཟེར་བ་ནི། སྐབས་རེར་བརྒྱུད་ལམ་ཁག་ལ་སྤྲོད་སྟངས་ཐད་དམ་དོན་དང་། སྐབས་རེར་དུས་ཚོད་ཀྱི་ཆ་ནས་ཀྱང་དམ་དོན་དགོས་པ་སོགས་ཡོང་གི་ཡོད་སྟབས། མཐའ་གཅིག་ཏུ་བརྒྱུད་ལམ་གཅིག་རང་ནས་ནམ་ཐོན་བར་སྒུག་སྡོད་རྒྱུ་དེ་ཡང་དཀའ་ངལ་ཞིག་ཆགས་ཀྱི་འདུག
མིག་ཆུ་ཞིག་འདིས་ཁྱོད་ལ་མྱ་ངན་དང་མ་ཎི་འདི་ཁྱོད་ཀྱི་རྗེས་ལ་བཏོན་རྗེས་ངའི་བདག་དང་ས་མཐའི་བདག་ལྟ་བུ་མི་བུ་རེ་རེ་ལ་དྲི་བ་ཞིག་རང་སོ་སོར་གཏོང་དགོས་པར་འདོད། ང་ཁྱོད་ཚོ་དང་འདྲ་བར་སྐྱེས་པ་རླབས་ཆེ་ཞིང་འཆི་བ་གཟི་བརྗིད་ལྡན་པ་ཞིག་བྱེད་མི་ཐུབ་ཀྱང་། མི་རིགས་འདི་དང་རིགས་གཞུང་འདིས་རྒྱུད་འཛིན་པ་ཡག་པོ་ཆགས་ཐུབ་པར་རི་ཁ་བ་ཅན་གི་འདས་གསོན་གཉིས་ལ་དམ་བཅའ་གི་ཡིན། སྙིང་ཁོངས་རུས་པའི་གཏིང་ནས་ཁོང་ཚོ་ལ་མྱ་ངན་གུས་འདུད་ཞུ།
དཔའ་རྒོད་ཁྱེད་ཅག་གི་རྣམ་ཤེས་དག་པའི་ཞིང་ནས་སྐྱེ་བར་ཤོག
འཇིགས་མེད་འོད་ལྡན་ལགས་ནས་དྲི་བ་སླེབས་པར་དགའ་བསུ་ཞུ།
ཁ་བརྡ་དྲ་དེབ་སྟེང་འཇིགས་མེད་འོད་ལྡན་ཟེར་བ་ཞིག་དང་དམེ་ཤུལ་འཇིགས་མེད་འོད་ལྡན། ད་དུང་ཟུངས་ཁྲག་ཟེར་བ་བཅས་གསུམ་ཡོད། ཁ་བརྡས་ཞིབ་བསེར་བྱས་པ་བརྒྱུད། འཇིགས་མེད་འོད་ལྡན། ཟུངས་ཁྲག དམེ་ཤུལ་འཇིགས་མེད་འོད་ལྡན་བཅས་མི་གཅིག་ཡིན་པའི་ངོས་འཛིན་འོག་ཁྱེད་རང་གི་མཆན་དེ་བཀག་པ་ཡིན། ང་ཚོས་མི་གཅིག་གིས་སྨྱུག་མིང་དུ་མ་སྤྱོད་མཁན་རིགས་འདི་བཞིན་འགོག་བཞིན་པར་བརྟེན། ཁྱེད་རང་གི་མཆན་དེ་ཡང་བཀག་པའི་གནས་ཚུལ་འདི་བྱུང་བ་ཡིན་ནའང་། ད་ལམ་ཁྱེད་ཀྱི་མཆན་དེ་དྲ་ངོས་སུ་བཀོད་ཡོད། ཁྱེད་རང་ནས་གོང་གསལ་སྨྱུག་མིང་གསུམ་གྱི་གང་རུང་གཅིག་བེད་སྤྱོད་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོ་ནོར་ཡོད་སྲིད་ན། ཁྱེད་རང་གིས་ཁ་བརྡའི་ཨིས་མལ་སྟེང་གསལ་བཤད་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha.gmail.com
སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་མེད་པའི་རེབ་སྐྱིད་མཚོ་ཟེར་བའི་ལྟས་ངན་ཁོས་སྨྱུག་མིང་བརྫུན་མའི་འོག་བདག་ཚོའི་དཔའ་བོ་རྣམས་ལ་གང་གི་ཚིག་བེད་སྤྱོད་བྱེད་པ་ནི་རང་གདོང་རིས་ཤར་ཕྱོགས་ཡུལ་གྱི་རྣམ་པ་སྟོན་འདུག།
སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་མེད་པའི་རེབ་སྐྱིད་མཚོ་ཟེར་བའི་ལྟས་ངན་ཁོས་སྨྱུག་མིང་བརྫུན་མའི་འོག་བདག་ཚོའི་དཔའ་བོ་རྣམས་ལ་གང་བྱུང་གི་ཚིག་བེད་སྤྱོད་བྱེད་པ་ནི་རང་གི་གདོང་རིས་ཤར་ཕྱོགས་ཡུལ་གྱི་རྣམ་པ་སྟོན་འདུག།
དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་ཞུ། སང་ཉིད་ཡང་སྦེལ་ཀོབ་གྲོང་སྡེ་དང་པོ་རྒན་གསོ་ཁང་གི་རྒན་རྒོན་ཚོ་དང་མཉམ་དུ་མར་མེ་ཁྲོམ་སྐོར་ལ་འགྲོ། བཙན་བྱོལ་ནང་གི་ལས་འགུལ་རླབས་ཆེ་ཤོས་དེ་རེད། སྔོན་དང་ད་ལྟ་མ་འོངས་པ་ལ་ལས་འགུལ་འདི་ལས་ལྷག་མེད་པ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། ་་་་་་་་་
དེ་རིང་ཡང་དཔའ་བོ་ཞིག་འདི་ལྟར་བསྲེགས་འདུག དཀོན་མཆོག་མཁྱེན།
རང་དབང་ལུང་བ་འདི་ནས་་་་གནས་ཚུལ་འདི་འདྲ་གོ་ཐེངས་རེར་་་་ཉིན་གང་བོར་སེམས་པ་བདེ་བོ་ཞིག་རྩ་ནས་ཡོང་གི་མི་འདུག་ལ་རང་ཉིད་ཀྱིས་ཀྱང་ལས་འགུལ་གང་ཞིག་སྤེལ་ཐུབ་མིན་ལ་བསམ་བློ་ཅི་ལྟར་བཏང་ཡང་སྐད་འབོད་དང་འདས་མཆོད་བྱེད་སར་འགྲོ་རྒྱུ་ཙམ་ལས་གཞན་རང་གིས་འཇོན་པའི་ལས་འགུལ་ཞིག་རྩ་ནས་མི་འདུག དྲང་བོ་བཤད་ན་་་་ངའི་ཤ་ཁྲག་རུས་གསུམ་ལ་བེད་སྤྱོད་མི་འདུག དགོངས་དག་སྤུན་ཟླ་ཚོ།
གངས་ཅན་འགྲོ་བའི་སྡུག་བསྔལ་རྣམས། །
ད་ལྟ་བདག་ལ་སྨིན་གྱུར་ནས། །
བདག་གིས་ལུས་མཆོད་བཏང་བ་ཡིས། །
ཁ་བའི་སྡུག་བསྔལ་སེལ་པར་ཤོག །
དཔའ་བོ་གང་གིས་བཏབས་པ་ཡི། །
སྨོན་ལམ་མྱུར་དུ་འགྲུབ་གྱུར་ནས། །
གངས་ཅན་ཁ་བའི་ལྗོངས་སུ་ནི། །
སྐྱིད་པའི་ཉི་གཞོན་འཆར་པར་ཤོག །
ཨོམམནིཔདྨེཧུམ། བོད་མི་སེམས་ཤུགས་ཅན་ཚང་མ་དེ་འདྲ་བྱས་ན་ཤི་སོང་ན་ཧ་ཅང་གི་བློ་ཕམ་ཞིག་རེད་ཨང་།
རྒྱ་མི་ནི་རྒྱ་མི་རང་ཡིན་པས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པ་རེད། ཁོང་ཚོས་ད་དུང་བོད་མི་ཚང་མ་དེ་འདྲ་བྱས་ན་ཤི་སོང་ན་དགའ་བ་ལགས་བསམ་ནས་རེ་བསྒུག་བྱེད་ཀྱི་ཡོད་རེད། བོད་མི་ཚང་མ་དེ་འདྲ་བྱས་ན་ཤི་སོང་ན་འཛམ་གླིང་སྟེང་རྒྱ་མིསབོད་མི་དངོས་སུ་བསད་པའི་མིང་ཆད་དེ་འཁྱེར་དགོས་ཀྱི་མེད།
ཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿཨོཾ་མ་ཎི་པདྨེ་ཧཱུཾཿ
༨༽ ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ནས་དོན་དག་ཡོད་པ་བཤད་འདུག
ད་དངོས་གནས་ ཅི་བཤད་དགོས་ནི་མི་ཤེས་ཀི་ དྲུག་ཅུ་རེ་གསུམ་ལ་ཐོན་ཐལ བཙན་བྱོལ་ཚང་ ལྷིང་འཇགས་རེད་ ང་ཚོས་ཅིག་བྱེད་རྩིས་མེད་ནི་ཨེ་རེད་ དངོས་ནས་ང་ཚོས་བོད་ནང་ལ་བལྟ་བསྡད་ཀིན་ཡིན་ནམ་ བོད་ནང་གི་བོད་མི་དེ་ཚོ་དངོས་གནས་སྙིང་རྗེ་ནི་ཞིག་རེད་ ཐ་ན་བོད་མི་རེ་མེ་སྲེག་ན་ ཕུང་བོ་ཙམ་རྒྱ་ལག་ལ་སྤྲད་མེད་ནོ་བལྟས་ན་ དཔའ་རྒོད་ཟེར་ན་ དེ་རུ་འདུག་་
རླབས་ཆེན་གྱི་དཔའ་བོ་དཔའ་མོ་ཚོས་ཚེ་སྲོག་གི་སྐུལ་འདད་དེས། བོད་པའི་རྒན་གཞོན་པར་གསུམ་ལ། མེས་པོ་དམ་པས། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་པའི་གོ་དོན་དེ་རྟོགས་བཅུག་པ་མ་ཟད། བོད་མི་རྒན་དར་གཞོན་གྱི་ཁྲག་རྩའི་སྦུབས་སུ་ལ་རྒྱའི་ཟུང་ཁྲག་མཆོང་སྐྱོད་ཀྱིས་བཞུར་བཅུགས་སོང་། དེ་ནི་རང་དབང་འཐབ་རྩོད་ལ་མེད་ཐབས་མེད་པས། རྨང་གཞི་གལ་ཆེ་ཤོས་དེ་རེད་ལ། དེ་ནི་གཤེགས་ཟིན་པའི་སྐྱེས་ཆེན་ཚོ་བླ་མེད་ཀྱི་ཐུགས་བཞེད་ཀྱང་ཡིན་པ་རེད། དེའི་ཕྱིར་་་བོད་དཔའ་བོ་དཔའ་མོ་ཚོ་རླབས་ཆེན་གྱི་བློས་གཏོང་དེར་གྲུབ་འབྲིས་དེ་ཙམ་པར་བསྒྲགས་སྤེལ་བྱེད་མཁན་ཚོས། བོད་སྤྱི་ཚོགས། ལ་རྒྱ་དང་འཐབ་རྩོད་ཕྱོགས་ལ་ཅི་ཙམ་སྐུལ་འདེད་བཏང་ཡོད་པ་མཐོང་བར་གྱིས་ཤིག
གྲུབ་འབྲས་དེ་ཙམ་མེད་པར་ ལ་བཅོས་དགོས་པ་ཡིན་
རྡ་སའི་རི་ངོས་ནས་ད་བར་དུ་མར་མེ་ཁྲོམ་སྐོར་ཐེངས་68ཡིན་མི་སྲིད་དེ། རྒྱུ་མཚན་མི་གཉིས་མཉམ་བསྲེགས་སྐབས་སུ་མར་མེ་ཁྲོམ་སྐོར་ཐེངས་གཉིས་བྱས་མེད། ཐེངས་ག་ཚོད་ཅིག་ལ་མར་མེ་ཁྲོམ་སྐོར་བྱས་ཡོད་མེད་དེ་ཙམ་གལ་ཆེན་ཞིག་ཡིན་མིན་གང་ལྟར་ཡང་རྡ་སའི་ཁྲོམ་གཞུང་གཡས་གཡོན་གྱི་ཚོང་ཁང་དེ་ཚོར་ངོ་ཚ་མེད་ཐོག་སྙིང་རྗེ་ཞིག་ཀྱང་མེད་པ་དེ་གནད་དོན་གྱི་གནད་དོན་ཞིག་རེད།
གོང་གི་མཆན་སོ་གཉིས་པ་འབྲི་མཁན་གྱིས་རང་ལུས་དམར་མཆོད་བྱས་པའི་ཐོབ་འབྲས་ངོ་སྤྲོད་ཅིག་བྱོས་དང་། ད་དུང་བོད་དོན་འགྲུབ་ཆེད་མི་ག་ཚོད་ཀྱིས་དམར་མཆོད་བྱེད་དགོས་མིན་ལབ་རོགས།
རང་ཤི་བརྒྱག་རྒྱུ་ལས་ཐབས་ལམ་གཞན་མེད་ཐག་ཆོད་རེད་དམ།
ཚོང་ལས་དང་ངལ་རྩོལ་དང་། ཤེས་ཡོན་ལག་རྩལ། སྐད་ཡིག་གཙང་ཉར་སོགས་ལེན་གྱི་ཐོག་ནས་སྒྲུབ་དགོས་པ་ཆེས་མང་བས། དེ་དག་གི་ཆེད་ངལ་བ་བློས་བཏང་ནས་འབད་རྩོན་གྱིས་སྒྲུབ་མཁན་སུ་ཡོད་པ་རེད། ག་རེ་བྱས་ནས་བཀའ་སྤྱི་ཟེར་བ་གཉིས་ལ། བོད་དོན་འཐབ་ཀྱི་སྣེ་ཁྲིད་ཐབས་ཀྱི་སྲིད་ཇུས་གཏན་པོ་ཞིག་མེད་དོན་ཅི་ཡིན་ནམ། གླེང་དགོས་པ་དང་སྒྲུབ་དགོས་པ་ཚོ་སྣང་མེད་ཟུང་འཇོག་བྱས་ཏེ། མཆོད་འབུལ་མཆོད་འབུལ་ལབ་བསྡད་ན་འགྲིག་གི་རེད་དམ། གཙོ་བོ་བོད་ནང་དུ་པཎ་ཆེན་རིན་པོ་ཆེས་སྲོལ་བཏོད་ཀྱང་སྣེ་ཁྲིད་པ་ལམ་ཁ་དེ། རྒྱ་ནག་གཞུང་ལ་ཐད་ཀར་ཡིག་ཐོག་ནས་འཐུས་སྒོ་ཚང་བ་ཞུ་གཏུག་བརྒྱག་དགོས་པ་རེད། དེ་ཡང་པེ་ཅིན་གྱི་བོད་མིའི་འཐུས་མི་ཚོས་འོས་འགན་རེད། གཏམ་ཨ་ཕས་བཤད་ཡ་ན་མས་བཤད་ཟེར་བའི་དཔེ་ལྟར། བོད་མི་ཐོབ་ཐང་བོད་ཀྱི་འཐུས་མིའི་མིང་ཁུར་མཁན་ཚོས་མི་གླེང་བར། གཤམ་འོག་གི་མི་སེར་དཀྱུས་མ་ཚོས་ཚེ་སྲོག་ལ་འཕང་སྣང་མེད་པའི་རྣམ་འདི་དག་དགའ་བསུ་མེད། རྩོད་མཁན་པེ་ཅིན་གྱི་བོད་མི་ཚོ་རེད། རྡ་སའི་བཀའ་སྤྱི་ལ་བོད་དོན་སླར་གསོ་བྱེད་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོད་པའི་ཐོག་ནས་འཐབ་རྩོད་ཀྱི་སྲིད་ཇུས་ནུས་ལྡན་ཞིག་དགོས་པ་རེད་མོད་དེ་ནི་མེད་པར། སོ་སོའི་ངོ་དེབ་ནང་འཇོག་རྒྱུའི་པར་སྙིང་པོ་རེ་བརྒྱག་ཐུབ་ཆེད་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཁག་ཏུ་ཁྱོ་ལྡོམ་ནང་བཞིན་འཆམ་མྱུལ་བྱེད་བཞིན་བྱེད་སྟངས་ལ་དགའ་བསུ་སུ་ཡིས་བྱེད་དམ།
ཚེ་སྲོག་གཅིག ཚེ་སྲོག་གཉིས། ཚེ་སྲོག་གསུམ།
ཨ་ཆད་འུ་ཐུག་ངང་ཚེ་སྲོག་རེ་རེ་རིམ་བསྟུད་ཀྱིས་རང་ཉིད་ཀྱི་ཆུང་མ་དང་བུ་ཕྲུག
ཕ་མ་དང་སྤུན་མཆེད་ཡོད་ཚད་བསྐྱུར་ནས་རང་ཉིད་རྩྭ་ཕུང་བཞིན་བསྲེགས་ཏེ།
རང་དབང་དང་བདག་དབང་རྩོད་པ་འདི་ཇི་འདྲའི་ཚད་མཐོ་བའི་བློས་གཏོང་གསོན་པོ་ཞིག་མ་རེད་ཨང་།
ཡིན་ཡང་། ཕྱོགས་ངོས་གང་སར་ཕན་ནུས་ལྡན་པ་ཞིག་ཡོང་ཐུབ་ཀི་མེད་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་རེ་སྐུལ་ཙམ་ལས་དོན་དམ་གྱིས་རྒྱབ་སྐྱོར་གཙང་མ་ཞིག་བྱེད་ཐུབ་ཀི་མེད་ལ་འབྱུང་འགྱུར་ཡང་བྱེད་ཁག་པོ་ཞིག་ཏུ་སེམས། གང་ལྟར་ཀྱང་རང་དབང་
དགོས་མཁན་ང་ཚོ་ཡིན་ལ་རང་དབང་རྩོད་མཁན་ཡང་ང་ཚོ་ཡིན་དགོས་དུས། སྤྱིར་བཏང་ཡིན་ན་ཚེ་སྲོག་མེ་བསྲེག་གིས་རྒོལ་བ་བྱུང་ཉིན་ནས་ཕྱོགས་སོ་སོ་ནས་བདེན་པའི་རྒྱབ་ལངས་བྱས་ཏེ་བསྡེབས་ལངས་ཀྱི་ངོ་བོ་འགྱུར་ནས་ཆིག་སྒྲིལ་གྱི་ཕྱོགས་སུ་བསྐྱོད་དགོས་ནའང་། ད་ཆ་མེ་སྲེག་གི་གྲངས་འབོར་བཅུ་ཕྲག་བདུན་ལ་ཉེ་ཡང་ས་གནས་ས་ཐོག་གི་རྒྱབ་སྐྱོར་ཙམ་ལས་བོད་སྤྱི་ཡོངས་ལ་ཁྱབ་པའི་ལས་འགུལ་ཞིག་བརྩམས་ཐུབ་མེད། ཕྱོགས་གཅིག་ནས་བསམ་བློ་བཏང་ཚེ་ལས་འགུལ་རྩོམ་རྒྱུ་ལས་སླ་བོ་མེད་ལ་བརྩམ་པའི་དབང་དུ་བྱས་ཀྱང་མཇུག་འབྲས་རྡུང་རྡེག་དང་མནར་གཅོད། ཤི་མིན་གསོན་མིན་གྱི་སོ་འཚམས་ལས་འདའ་ས་མེད་པའང་ཀུན་པོས་ཤེས་གསལ་རེད་ལ། བདེན་དོན་གྱི་རང་དབང་རྩོད་སར་ཤེས་ཡོན་པའི་དཔུང་སྡེ་མདུན་དུ་ཐོན་ཐུབ་ཀི་མེད་པའང་གནས་སྟངས་འདིར་ཐུག་ཡོད། དེས་རྐྱེན་གྱིས་ཚེ་སྲོག་མེ་བསྲེག་གི་རྒོལ་བ་འདི་མཚམས་བཞག་ནས་སྤུན་ཟླའི་ཚེ་སྲོག་ལ་བདག་གཅེས་བྱས་ཏེ་མ་འོངས་འཚོ་སྡོད་ལ་མང་མང་གི་བསམ་བློ་བརྗེ་རེས་བྱས་ཏེ་ཚང་མ་ཕྱོགས་གཅིག་ཏུ་བསྐྱོད་ཐུབ་པའི་བསམ་ཚུལ་ཙམ།
སྐྱེས་གོ་ཆོད་སོང་། ནང་མིར་སེམས་གསོ་ཡོད། བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་འཆར་ངེས་པ་དཔའ་རྒོད་ཁོང་ཅག་གི་མཛད་རྗེས་ཀྱིས་ཐུགས་གཏན་འཁེལ་སོང་། དྲ་འབུ་རེབ་སྐྱིད་མཚོ་དང་སྟག་སྨྱོན་ཟེར་བ་ཁྱོད་ཚོ་ཧ་གོ་གི་ཡོད། ཚིག་དོན་དེ་ཚོ་སེམས་ལ་ཉར་ནས་འདུག་རྒྱུ་ཡིན།
སྟག་སྨྱོན་གྱིས་བཤད་པ་ལ་སྙིང་ནས་རྗེས་སུ་ཡིད་རང་ཡོད་བཤད་བདེ་པོ་དེ་ལྟར་ཡོད་ན་བོད་མི
་ཇི་ཙམ་གྱི་ཚེ་སྲོག་མེར་སྒྲོན་དུས་ཞི་ནས་རྒྱ་ནག་གི་བློ་ཁ་བསྒྱུར་ཐུབ་བམ།བརྒྱ་ཁ་མ་ལོན་བ་ཡིན་
ནམ་ཡང་ན་བརྒྱ་དང་ག་ཚོད་ཙམ་འདས་རྗེས་འདས་པོ་དག་གི་དམིགས་འདུན་བསྒྲུབ་ཐུབ་མིན་
དངོས་དཔག་ཡོད།ངས་བལྟས་ན་མེར་སྲེག་ཆེད་འུར་རྒྱབ་སྟེ་དཔའ་བོ་དང་དཔའ་མོ་ཞེས་བཤད་
མཁན་དག་དགོས་གནད་གང་ཡང་ཡོད་ན་སྙམ།གལ་ཏེ་ཡོད་ན་ཐུགས་དག་དེ་མིན་མི་མེ་སྲེག་
གི་གྲངས་འབོར་ཙམ་གྱིས་ང་ཚོའི་འདོད་དོན་བསྒྲུབ་པ་ལ་དཀའ་ཙམ་མིན་འགྲོ། ད་ལྟོས་དང་
འགའ་ཤས་རང་རང་གི་གྲོང་སྡེར་སྲེག་པ་ལས་དམིགས་གསལ་དངོས་སུ་མཐོང་མཁན་རྒྱ་རྒན་
ཉུང་ཉུང་ཡིན་མཁན་ཡང་མི་འདུག་གེ། ཐབས་ལམ་གཞན་གང་ཡང་མེད་པ་ཡིན་ནམ།
ཀྱེ་མ་ཀྱེ་ཧུད།
ངས་བཤད་རྒྱུ་ཞིག་ལུས་ཤག ཚིག་རྩུབ་དྲགས་ཙང་དྲ་གྲོགས་ཚོའི་ཐུགས་ལ་ཧ་ཅང་མ་རངས་པ་
བྱུང་ཡོད་བཟོ་རེད། ད་དུང་འགའ་ཞིག་གིས་ཚིག་དེ་བེད་སྤྱོད་བཏང་ན་མི་བཟང་བའི་སེམས་
གཏམ་ལྟ་བུར་བཤད་པའང་སྣང་། དེ་ནི་ངོ་མ་བདེན། ཡིན་ཡང་ངའི་བལྟས་ན་བོད་མི་མང་པོ་ཞིག་
མེར་སྲེག་ཁོ་ནའི་ལམ་ནས་རྒྱུན་མཐུད་བསྡད་ན་དེ་ལྟས་བཟང་པོ་ཞིག་ཏུ་རྩ་བ་ནས་ཁས་ལེན་
ཐབས་མེད་པར་འདོད།
རང་ལུས་མེར་བསྲེག་ན་བོད་དོན་ལ་ཕན་སྟངས་ཤོད་དང་། དམིགས་ཡུལ་དང་གདེང་ཚོད་གསལ་བོ་གང་ཡང་མེད་པར། ཚོད་ཚོད་ལ་མི་སྲོག་མང་པོས་ཚོད་ལྟ་བྱེད་སྤྱད་བྱས་ན་ཡག་པོ་མ་རེད། གཞན་ཡང་ད་བར་དུ་བོད་མིའི་ཚེ་སྲོག་གི་འགྲོ་སོང་གཏོང་རྒྱུ་ཉུང་དྲགས་ནས་བོད་དོན་མ་འགྲུབ་པ་རེད་དམ།
ཚོད་རྩིས་བྱས་ན་བོད་མི་འབུམ་མང་པོས་སྲོག་བཏང་ཟིན་ཡོད་ཚོད་འདུག ༡༩༤༩ ལོ་ནས་ད་བར་བོད་མི་ག་ཚོད་ཀྱིས་བཏང་བའི་གྲངས་འབོར་དང་། དེའི་གྲུབ་འབྲས་སོགས་བསྡུར་ནས་གསལ་བཤད་བྱོས་དང་། ངས་བསམ་པར་བོད་མི་རིགས་ཀྱི་སྙིང་སྟོབས་རྟ་མགོ་མེད་ཅིག་དང་འདྲ་བོ་མཐོང་གི་འདུག བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་བྱེད་ཐུབ་ཀྱི་མི་འདུག བཀའ་སྤྱི་རྟ་མགོ་ཡིན་པའི་ཁུལ་རེད། འོན་ཀྱང་རྟ་མགོ་སྐམ་པོ་འདིས་ལམ་སྣ་མ་ནོར་བ་སྟོན་ཐུབ་ཀྱི་མི་འདུག
དཔའ་བོ་ཁོང་ལ་སེམས་སྟེང་ནས་གུས་འདུད་ཞུ་ཞུ་ཞུ།།།
ལ་ལ་ཞིག་ལ
ཚོད་ཚོད་ལ་ཚོད་མེད་པའི་སྐད་ཆ་ཤོད་མཚམས་བཞག་ན་ཡག་གི་རེད། དེ་མ་གཏོགས་གཞན་དག་གིས་ཁྱེད་ཀྱི་ཤེས་པ་རང་བཞིན་དུ་གནས་མི་འདུག་ཟེར་གི་རེད།
སུ་ཡིན་ཡང་མི་ཤི་ན་འདོད་པ་ཡོད་མཁན་གཅིག་ཀྱང་མེད། ཡིན་ཡང་རང་སྲོག་རྐྱེན་དབང་གིས་གཞན་ལག་དུ་ཤོར་པ་དང་། རང་སྲོག་བསྟན་སྲིད་ཆེད་རང་དབང་གིས་ཕུལ་པ་དེ་གཉིས་གཏན་ནས་མི་འདྲ་བའི་རྒྱུ་མཚན་སུ་ལའང་འགྲེལ་བཤད་དགོས་གི་མ་རེད། དེ་འདྲ་མ་རེད་ཟེརན་ན་མི་གཅིག་ལ་ན་ཟུག་བཏང་དུས་མི་ཁྲི་ཕྲག་ལ་དུས་མཉམ་དུ་ན་ཟུག་གཏོང་དགོས་དོན་མེད། དོན་དག་འདི་ཆོས་ཕྱོགས་ནས་དེ་འདྲ་རེད་ལ་ཆབ་སྲིད་ཐོག་ནས་ཀྱང་དེ་འདྲ་རེད། མ་ཟད་རྒྱུ་འབྲས་ཀྱི་རྣམ་བཞག་དང་ཚན་རིག་གི་ཞིབ་འཇུག་འབྲས་བུ་ལྟར་ནའང་དེ་བཞིན་རེད།
གང་ལྟར་་་ཨོམ་མ་ཎི་པདྨེ་ཧཱུམ། ཁོག་ཅག་གི་སྲོག་ང་ཚོའི་ཆེད་དུ་བཏང་བ་རེད།
དམར་གསུང་གིས་མདེའུ་གཅིག་ཙམ་གྱི་འགྲོ་སོང་གཏང་མི་དགོས་པར། ལ་རྒྱ་ཅན་དང་སྙིང་སྟོབས་ཅན་གྱི་བོད་མི་རྣམས། གཅིག་རྗེས་གཉིས་མཐུད་ཀྱི་རང་མེད་བྱས་དང་བྱེདཀྱིན་འདིས། ཧ་ཅང་འགྲིག་སེམས་ཅན་གྱི་བོད་མི་་རྣམས། ཁྱེད་ཅག་གི་སྙིང་ལ་རྒྱ་གདོན་དངོས་སུ་ཞུགས་པ་མ་ཡིན་ནམ།
དམར་གསུང་ཞེས་པ་ དམར་གཞུང་དུ་བཅོས་དགོས།
དཔའ་བོ་སྟག་སྨྱོན་དང་དཔའ་མོ་རེབ་སྐྱིད་མཚོ་ལགས། ༡༩༥༩ ་་་ནས་་་་ ༢༠༡༢ བར་བོད་མི་རྩ་ས་དང་། རྐུན་ཇག ཚིག་མཐོ་དམན་གྱིས་སྲོག་དམར་པོ་འགྲོ་བ་ག་ཚོད་ཙམ་ཡོད་སྲིད། གྱི་ནའི་ལས་སྤུ་སུད་ཙམ་གྱི་ཆེད་སྲོག་དམར་པོ་ནར་ནར་འགྲོ་དུས་ཁྱེད་གཉིས་ཀྱི་བསམ་ཚུལ་དང་ཁྱེད་གཉིས་ཀྱིས་སློབ་སྟོན་འདྲ་གནང་ཡོད་ན་ཅི་མ་རུང་སྙམ་པ་ཡང་ཡང་འཆར།
ད་ལྟ་ནི་ག་རེ་བཤད་རུང་མ་བཤད་རུང་ས་ཡ་དྲུག་གི་ཆེད་དུ་སྲོག་བློས་གཏོང་རེད་པས་སྒོར་མོ་སྤྲད་དེ་ལྷམ་ཉོས་པ་ལས་ཙནྡན་བཙོང་སྟེ་སོལ་བ་ཉོས་པ་མ་རེད་འདོད།
ངས་ཁྱོད་ཚོར་ཅིག་འདྲི།
བོད་ནང་གི་བོད་མི་ཚོར་སྐྱིད་ནས་མེ་བསྲེགས་བཏང་བ་མ་ཡིན་པར་སྡུག་ཐུག་ནས་མེར་བསྲེགས་པ་བཏང་བ་རེད་དམ་མ་རེད།
རང་གི་སྲོག་ལ་མི་གཅེས་མཁན་དང་བདག་པོ་མི་རྒྱག་མཁན་སུ་གཅིག་མེད་ནའང་་་་་ཐབས་ཟད་སྡུག་ཐུག་གིས་ཐ་མའི་ཐག་བཅད་འདི་གནང་བ་རེད་དང་མ་རེད།
མེ་སྲེག་མི་དགོས་པར་ལམ་ཁ་གཞན་ཞིག་ཁྱོད་ཚོར་སྟོན་གྱི་ཡོད་དམ་མེད།
སྐྲག་མི་དགོས་ས་ནས་་ལས་འགུལ་འདི་འགྲིག་དང་མི་འགྲིག་ཤོད་རྒྱུའི་སྤོབས་པ་འདི་ཁྱོད་ལ་སུས་གནང་སོང་།
དཔའ་བོ་སྟག་སྨྱོན་སྟག་རེད། སྟག་སྨྱོན་པ་ཡིན་ནོ་བདེན་གི། དེམིན་ན་སྟག་སྨྱོན་བཏགས་ནས།། ཁྱི་བཞིན་དུ་ངུ་ཟུག་ཆེད་བྱེད།།རེབ་སྐྱིད་འཚོ་སྐྱིད་ནོ་བདེན་གི།།རེབ་སྐྱིད་འཚོ་སྐྱིད་ནི་མིན་ན།།ཁ་རྒྱ་སྒོ་འདྲ་བོ་ལྡང་ནས།།བུ་དཔའ་བོར་ངན་སྨྲས་ཆད་བྱེད།།ཁྱོ་གཉིས་ཀ་སྐྱེས་བ་འདི་ལ།། སྐྱབས་མེད་ལ་སྐྱག་པ་ཟ་བའི།།ལས་རྒྱུ་འབྲས་མྱུར་དུ་འཁོར་ར།།
ཤི་བོ་དང་གསོན་པོ་ཡོངས་ལ། ཁྱེད་ཅག་གི་འཐབ་རྩོད་འདི་འ་ཅག་ཚང་མིའི་དོན་དུ་ཡིན་པ་ཤི་མགོ་ཐང་ལ་མ་བཞག་བར་དུ་བརྗེད་མི་སྲིད་པའི་དམ་བཅའ་ལ་ན་ཚིག་གི་སྐྱོར་མ་ཡོད། དཀོན་མཆོག་གསུམ། ཁྱེད་ཅག་ཡ་མེད་དབའ་བོ་ཚོས་སྤྲད་པའི་མི་རིགས་འདི་དང་རྒྱལ་ཁབ་འདི་ལ་ཞེན་པའི་སེམས་ཤུགས་མུ་མཐུད་དུ་ཡོད་ན། བོད་ལ་དགོས་བའི་རྒྱལ་ཁ་ཞིག་དུས་དང་ནམ་ཞིག་ལ་ཐོབ་རྒྱུ་ཡིན་པས། ང་ནི་མི་རིགས་འདི་དང་རྒྱལ་ཁབ་འདི་ལ་བརྩེ་བ་དང་སྤོབས་པ་ཇེ་ཆེ་རེད།
ཤི་རྒྱོ་ལ་མི་སྐྲག་ནོའི་མིས་གཞན་གསོད་རྒྱོ་ལ་ཡང་མི་སྐྲག་པ་ཀུན་གྱིས་ཤེས་ཡོད་པ་རེད། རང་དབང་ནི་ཚང་མ་ལ་ཆ་མཉམ་དུ་ཡོད་དགོས་བ་ཞིག་ཡིན་པ་ཡང་ཀུན་གྱིས་ཤེས་ཡོད་པ་རེད།
རྒྱ་ཁབ་ཞིག་གི་བདག་དབང་རྩོད་སྟངས་ལ་ཡང་ངོན་ལྐོག་ཞི་དྲག་གང་གི་ལམ་ནས་ཤི་མེད་གོ་མེད་དུ་ལུས་ན་མི་འགྲིག་པ་འདི་ཡང་ཀུན་གྱིས་ཤེས་ཡོད་པ་རེད།
སྟག་སྨྱོན་དང་རེབ་སྐྱིད་མཚོ་སོགས་ཀླད་ཆུང་གི་དྲྭ་འབུ་ཡོངས་ལ་ཞུ་རྒྱུར།
རང་སྲེག་གིས་ཕན་འབྲས་རླབས་ཆེན་ཇི་བྱུང་རྣམས་འགོད་ན།
༡ མེར་སྲེག་གིས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་རྣམས་ལ་བསམ་བློ་ཆིག་སྒྲིལ་དང་མི་རིགས་ཀྱི་ལ་རྒྱའི་ནུས་པ་གོང་མཐོར་རམ་ཤུགས་ཆེར་སོང་ཡོད། ༢ བྱེས་འབྱོར་གྱི་བོད་རིགས་རྣམས་ལ་སེམས་ཤུགས་འཕར་མ་ཞིག་དང་ཆོས་ལུགས་ཆོལ་ཁའི་དབར་གྱི་ཞན་ཆ་རྣམས་རིང་དུ་དོར་ཏེ་ཆིག་སྒྲིལ་གྱི་གོང་བུའི་ནུས་པ་བླ་མེད་ཅིག་སྤྲོད་ཡོད། ༣ རྒྱ་གུང་ཁྲན་ལ་ཆ་མཚོན་ནའང་བོད་མིའི་སྙིང་སྟོབས་དང་སོ་སོའི་མི་རིགས་ཀྱི་ལ་རྒྱ་ཆེ་ལོད་ཇི་ཙམ་ཡོད་མེད་འགྲེལ་བཤད་ངོ་མ་དེ་རྒྱབ་ཐུབ་ཡོད། ༤ རྒྱ་ཡི་མགོ་ཁྲིད་ཚོ་ལ་བོད་ཀྱི་དཀའ་རྙོག་འདི་ནི་ལས་སླ་པོ་ཞིག་མིན་པ་དང་འདིའི་ཐོག་ཐབས་ལམ་ཡང་དག་པ་ཞིག་ཏན་ཏན་མ་འཚོལ་ན་བོད་རིགས་འདི་ལ་རྒྱ་མིས་དངུལ་དངོས་དང་བློ་གསོས་བསླུ་ཐུབ་ཀྱི་མེད་པ་མ་ཚད་དྲག་གནོན་གྱིས་ཀྱང་འགོག་ཐུབ་ཀྱི་མེད་པ་ཤེས་སུ་བཅུགས་ཡོད། ༥ དེ་བཞིན་རྒྱལ་སྤྱིའི་ཐོག་ལའང་ཕན་ནུས་ཐོན་མིན་ལ་མ་ལྟོས་པ་རྒྱ་ནག་སྐྱུག་མེ་ལང་མཁན་དང་བོད་མིར་སེམས་ཁུར་བྱེད་མཁན་མང་དུ་སོང་བ་མ་ཟད་སེམས་ཚོར་ཆེན་པོས་རྒྱབ་སྐྱོར་གྱིས་བསྒྲག་གཏམ་སྤེལ་མཁན་ཤུགས་ཆེར་སོང་ཡོད། ༦ རྒྱ་གཞུང་གིས་དུས་རྟག་ཏུ་ཁ་ན་ནའི་བར་བོད་མི་རྣམས་བོད་ནང་དུ་བདེ་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡིན་སྐོར་དང་ཏང་དང་རྒྱལ་ཁབ་ལ་དགའ་མོས་ཡོད་ཚུལ་སོགས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ལོ་མང་རིང་བྱས་དང་བྱ་འདོད་པ་རྣམས་སྐད་ཅིག་གིས་རྫུན་སྐུབ་བརྡོལ་ཏེ་ཆུ་ནང་དུ་གཡུག་ཐུབ་ཡོད།
ནང་དམེ་བྱས་དུས་ཁོང་ཅག་གི །
ཚེ་སྲོག་རིན་ཐང་མེད་དམ་ཅི། །
རྒྱལ་ཁབ་ཆེད་དུ་སྲོག་གཏོང་དུས། །
སེམས་ཁུར་ཆེ་མདོག་ཅི་ཡི་ཕྱིར། །
དུས་རབས་དང་མི་མཐུན་པའི་ལས་ཀ ད་ཡང་དམར་གསུར་ཕུད་སོང་། ལྟས་ངན་དེ་འདྲ་ཨ་ཁ་ཁ། ད་དུང་གཏམ་འཆལ་འུར་སྒྲོག་ཞིག་ལ་བོད་མི་བརྒྱ་སྟོང་བསྲེགས་ན་བོད་རང་བཙན་ཐོབ་པ་རེད་ཟེར། འཛམ་གླིང་རྒྱལ་སྤྱིས་རོགས་པ་ཡོད་འདོགས་བཤད་འུར་འདུག་ཟེར། ཏྰ་ལའི་བླ་མ་དང་ཀརྨ་པ་བོད་ལ་ཕེབས་ཀྱིན་རེད་ཟེར། ཨ་ཙི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མཆན ༦༧ དེ་བོད་པ་ཨ་ཕྱི་ལ་ཡང་ངོ་།།
ཨ་ཕྱི། དུས་རབས་དང་མི་མཐུན་པའི་ལས་ཀ་བྱེད་མཁན་བོད་པ་མ་རེད། རྒྱ་མི་རེད། དམར་བསུར་གཏོང་མཁན་རྒྱ་མི་རེད། བོད་པ་དམར་བསུར་དུ་རྒྱ་མིས་བྱས་པ་རེད།
ང་དངོས་གནས་སྙིང་ལངས་གི། ཁོང་ཁྲོ་ལངས་གི། ང་དང་ང་ལྟ་བུ་ཕྱི་རོལ་གི་མྱི་ཚོ་ཡ། ང་ཚོས་ད་དུང་འདི་འདྲ་བྱས་དེ་བསྡད་ཀྱི་ཡིན་ནམ། ང་དངོས་གནས་སྙིང་ལངས་གི། རང་གིས་རང་ལ་་་་་་་་་་་་ང་དང་འདྲ་བའི་ཁྱོད་ཚོ་ལ་་་་་
ཨ་ཟེར་བ་རྒྱ་སྐྱག་ཟ་མཁན་ཁྱོ། གོང་གི་མཆན་བརྒྱད་པ་འགོད་མཁན་དེས་སློབ་ཕྲུག་བོད་རང་བོད་རང་བཙན་ཆེད་སློ་ཕྲུག་ཚོགས་པའི་ཚོགས་གཙོ་བོད་དོན་ཚོང་རྫས་བྱེད་པའི་ཚོང་བ་བསྟན་རྡོར་རམ་བསྟན་འཛིན་རྡོ་རྗེ་ཁྱབ་བསྒྲགས་བྱེད་བཞིན་འདུག ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་གྱི་སྐབས་སུ་ལས་འགུལ་ཡག་པོ་སྤེལ་སོང་།ཚོགས་གཙོ་བརྗེ་བོ་བརྒྱབ་རྗེས་སོ་སོའི་ལྟོ་རྒྱབ་ཀྱི་ཆེད་དུ། དེའི་སྔའི་ཚོགས་པའི་བྱས་རྗེས་ཀྱི་གདོང་འབག་གྱོན་ཏེ།བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་གྱིན་ཡོད་ཅེས་ཏེ།བོད་ཕྱི་ནང་ནས་བྱུང་བའི་གནས་ཚུལ་ཁག་གསར་འགྱུར་བརྒྱུད་ལམ་ཁག་ན་འབྱུང་བཞིན་པ་དེ་དག་བསྡུ་སྒྲིག་གིས།ཚོགས་མི་ཡིན་པའི་ཕྱི་རྒྱལ་བ་ཚོར་ཚོང་རྫས་ལྟར་མཁོ་སྤྲོད་ཀྱི་ཚོགས་དངུལ་སློང་མོ་བརྒྱབ་ནས་རང་གི་ལྟོ་རྒྱབ་ཀྱི་འགྲོ་སོང་སྤོས།བོད་མི་ཚོར་རྡ་རམ་ས་ལ་ནས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཟེར་བ་དེ་རེ་སྤེལ་བོད་དོན་གྱི་ལས་ག་བྱེད་བཞིན་ཡོད་པའི་རྣམ་པ་བསྟན་དེ་རང་གི་འཚོ་བ་སྐྱེལ་ནས་སོས་དལ་ངང་བསྡད་ཡོདཔ་ང་ཚོས་ཤེས་གསལ་ལྟར་རེད།བོད་མི་ཚོས་གཟབ་གཟབ་མ་བྱས་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཨ་རིས་ལོ་རེར་ཨ་སྒོར་ས་ཡ་༧ལྷག་གི་འགྲོ་སོང་བཏང་སྟེ་བོད་ལ་རྒྱབ་སྐྱོར་བྱས་ཀྱང་ང་ཕོད་འཇིགས་མེད་རྒྱ་དགའ་དང་ཀརྨ་རྒྱ་མཚོ་གཏོར་གཟན་(ཀརྨ་རྒྱ་མཚོ་མ་སུ་རུའི་སློབ་སྤྱིའི་སྒབས་ཁོའི་བུ་དེ་བླ་མ་བཟོ་ནས་གཏོར་མ་ཟ་བཞིན་ཡོད་པ་རེད)་་གཉིས་ཀྱིས་བོད་ཕྱི་ནང་བར་ལ་ཕུང་དཀྲིགས་ཀྱི་ལས་ཀ་རྐྱང་ལས་བོད་དོན་ལ་ཕན་པའི་ལས་ཀ་ངོ་མ་དེ་བསྒྲུབ་གིན་མེད་པ་དེ་སྔ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བོད་གཞུང་གི་སྐབས་༡༤པའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཆེན་སྟེང་ཟམ་གདོང་རིན་པོ་ཆེ་ཁོ་རང་བཀའ་བློན་ཁྲི་བ་ཡིན་དུས་ཁྱབ་བསྒྲགས་སྤེལ་ཡོད་པ་ལྟར་རེད། ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མཚོ་མོ་དགའ་ནི་ནམ་ཡང་རང་ཉིད་རི་མོ་རྒྱུ་རྩལ་པ་ཞིག་ཡིནའདོགས་ཀྱིས་བུ་མོ་མཛེས་མ་ཡིན་མིན་ལ་མི་ལྟ་བར་ལོ་ཆུང་རྣམ་པ་འགྲིག་ཙམ་ཡོད་ན་རྒྱོ་རྐྱང་གིས་ལས་བྱེད་ནང་བསྡུ་གང་ཐུབ་བྱེད་པ་དང་དེར་རྒྱ་དགའ་ཚེ་བརྟན་དབང་ཕྱུག་དང་བོང་རྐུན་རྡོ་རྗེ་ཚེ་བརྟན་(༡༩༨༢ལོར་སྡེ་བའི་ནང་གི་ཤིང་རྟ་འདྲུད་བྱེད་ཀྱི་བོང་བུ་དང་ཤིང་རྟ་གཉིས་བརྐུས་ནས་བཙོང་རྗེས་འདུག་མ་བདེ་བར་༨༣ལོར་རྒྱ་གར་ལ་བྲོས་ནས་སླེབས་པ་རེད།)གཉིས་ཀྱིས་རྒྱབ་སྐྱོར་བྱས་ནས་ཡང་བོད་དོན་རྒྱབ་སྐྱོར་གྱི་ཨ་སྒོར་ས་ཡ་མང་པོ་འཕྲོ་བརླག་ལ་གཏོང་གི་ཡིད་ཕ་རེད།དེ་འདྲ་ཡིན་དུས་ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ལ་རེ་བ་བརྒྱག་ས་ལྷག་ཡོད་པ་མ་རེད།ཁོ་ཚོ་ལ་མཚོན་ན་བོད་ཕྱི་ནང་ནས་དོན་དག་རེ་བྱུང་བ་ཡིན་ན་ལོ་ཡག་བྱུང་བ་རེད།ལས་ག་རག་ནས་ལྟོ་རྒྱབ་བདེ་ཐོག་ན་འགྲོ་གི་ཡོད་པ་རེད།དེ་ལྟར་མིན་ན་བོད་ནས་སླེབས་པའི་ཆབ་སྲིད་བཙོན་མ་ཚོ་ལ་ཡང་ད་ལྟ་ཨ་རིའི་བོད་ཀྱི་གསར་འགྱུར་རྒྱུ་ལམ་ཁག་གི་བོད་ཀྱི་ལས་བྱེད་ཚོས་ལས་ག་འདི་སྒྲུབ་རྒྱུའི་ནུས་པ་ཡོད་པ་རེད།གཅིག་བྱས་ན་དུས་ཡུན་རིང་པོར་ལས་ག་བྱས་ན་ད་ལྟའི་འདི་ཚོ་ལས་ལྷག་པ་འབྱུང་སྲིད། གང་ལྟར་ཡང་བོད་གཞུང་དང་སྲིད་སྐྱོང་བློ་སེང་བོད་ནང་གི་བོད་མི་ཚོར་མཐའ་ལ་གཏུགས་ནའང་རྒྱབ་སྐྱོར་ཡོད།དཔའ་བོ་ཁོང་དག་ཞིང་ནས་སྐྱེས་པའི་སྨོན་ལམ་ཡོད།
ངས་མིག་ཆུ་ཁྲོམ་ཁྲོམ་ངང་མཆན་འདི་སྤེལ་གྱིན་ཡོད་ ཨ་ཙི། དཔའ་བོ་ཟེར་ན་ཁྱེད་ཚོ་ཡིན། གཞན་ལ་གནོད་པ་ཏིལ་འབྲུ་ཙམ་ཡང་མ་བྱས་པར། རང་ཉིད་ཀྱི་གཏམ་དོན་གང་ལ་ཡང་མ་བསམ་པར་གཞན་དོན་འབའ་ཞིག་གི་ཆེད་དུ་སྡུག་བསྔལ་ཆེན་པོ་དེ་འདྲ་ཞིག་དང་དུ་ལེན་ནས་གཤེགས་པ་ནི། ངོ་མ་བསམ་ཚུགས་ཞིག་གྲབས་བྱེད་ཀྱིན་འདུག
ང་ཚོ་གདོང་དམར་བོད་པ།
དཔའ་བོའི་གདུང་བརྒྱུད།
ད་གཅིག་བྱེད་རན་འདུག
ཚོང་གིས་དབང་བསྒྱུར་བའི་འཛམ་གླིང་འདིར་མི་ལ་རེ་བ་རྐྱང་བཅོལ་ནས་བསྡད་ན་མི་ཡོང་ཐག་ཆོད་ཡིན་པ་འདས་པའི་ ༦༣ གྱི་ཉམས་མྱོང་གིས་ཁ་གྲགས་སོང་། ང་ཚོ་ཕྱི་ཕྱོགས་ཀྱི་ཁ་བ་ཅན་པ། ད་ཡིན་ན་བོད་ལ་ལོག་ན་བསམས།
ལོག་སྨྲ་ཚར་གཅོད་པ་སོགས་དེར་ཕྱོགས་མཚུངས་རྣམས་ལ་ངས་འདི་ལྟར་འདྲི།དེ་སྔོན་
བོད་མི་མེར་སྲེག་གི་ལས་དོན་འདིས་ཁྱོད་ཚོས་བཤད་པ་བཞིན་ཕན་འབྲས་རླབས་ཆེན་ཞིག་
བྱུང་བ་ཁས་ལེན་ཡོད་ད་ཡོད།ཡིན་ཡང་མ་འོངས་པར་འདི་ལྟར་མུ་མཐུད་དེ་མེ་ལ་སྲེག་རྐྱང་
གནང་བ་ཡིན་ན་འདི་ལས་རླབས་ཆེ་བའི་ཕན་འབྲས་གང་ཡོད་དམ། ང་ལྐུགས་པ་མ་བརྩི་
དེ་སྔོན་གྱིས་ཕན་འབྲས་མ་ཤེས་པ་མིན་ད་དུང་་་་་་འདི་བརྩི་གྲངས་བརྒྱབ་ན་མི་འདོད།
དེས་ཕྱིར་བོད་མེ་མང་པོས་སྐྱར་དུ་ཐབས་རྩོད་བྱ་ཆེད་འུར་སླངས་འདོད་མེད།
སྟག་སྨྱོན་ཞེས་པའི་དྲ་འབུ་ཁྱོད་ལྟ་བུའི་རིགས་ལ་སྐད་ཆ་བཤད་འདོད་མེད་ཀྱང་། ང་ལ་དམིགས་སུ་བཀར་ནས་བཤད་འདུག་པས་ལན་ཞིག་མ་རྒྱབ་ན་གཏམ་གཏམ་ལན་མེད་ན་ལྐུགས་པ་ཞེས་པའི་དཔེ་རུ་འགྱུར་བས་ན་ལན་ཅུང་ཟད་ཅིག་འབྲི་རྒྱུ་ཡིན། རང་ལུས་མེར་བསྲེགས་ཀྱི་གྲུབ་འབྲས་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཕལ་མོ་ཆེ་རྒྱ་གཞུང་ལ་ཞེན་པ་གཏིང་ནས་ལོག་ཡོད་པ་མ་ཟད། བོད་མིས་རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་དང་། རང་གི་རིག་གཞུང་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བྱུང་མྱོང་མེད་པ་ཞིག་བྱུང་ཡོད་པ་དང་། རང་སྲེག་ཐོག་མར་བྱུང་སྐབས་རྒྱ་གཞུང་ཉེན་རྟོག་པས་མེས་ཚིག་བཞིན་པ་ལ་ཡང་རྡུང་རྡེག་དང་སྐུ་ཕུང་བཙན་འཕྲོག འབྲེལ་ཡོད་འཇུ་བཟུང་དང་བཀག་ཉར་སོགས་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་ནས་དེ་དག་ལ་འགྱུར་བ་སོང་ཡོད་པ་དང་། སྔར་ཡིན་ན་བོད་མི་ཚོས་གོང་ས་མཆོག་གི་སྐུ་དཔར་མངོན་གསལ་དོད་པོས་ཁྱེར་རྒྱུ་ཕར་ཞོག་མཚན་ཙམ་གླེང་ན་ཡང་བཙོན་འཇུག་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་གྱི་རང་སྲེག་གནས་ཚུལ་ནམ་བྱུང་ལ་འདས་པོའི་ཕུང་པོའི་མགོར་སྐུ་པར་མངོན་གསལ་དོད་པོས་གཤམ་ཡོད་པ་དང་། འདས་མཆོད་སྐབས་སུ་སེར་སྐྱ་མི་མང་གི་ལག་ན་ཡང་སྐུ་པར་མངོན་གསལ་དོད་པོས་ཁྱེར་ཡོད་ཀྱང་རྒྱ་གཞུང་གིས་ཅི་ཡང་བྱེད་ཐུབ་ཀྱི་མེད་པ་སོགས་འདི་ཚོ་ནི་རང་སྲེགས་ཀྱི་གྲུབ་འབྲས་རེད་ལ། ད་དུང་གྲུབ་འབྲས་ཆེ་ཤོས་ནི་རྗེས་ལ་ཡོད་པ་རེད། བོད་དོན་འགྲུབ་ཆེད་མི་ག་ཚོད་ཀྱིས་དམར་མཆོད་འབུལ་དགོས་མིན་ནི་གཞན་སེམས་ཤེས་པའི་མངོན་ཤེས་འདྲ་ཡོད་ན་མ་བཏོགས་སུས་ཀྱང་བཤད་ཤེས་ཀྱི་མ་རེད་ལ། འདས་ཟིན་པའི་འཛམ་གླིང་འདིའི་སྟེང་གི་རང་དབང་འཐབ་རྩོད་ཅི་འདྲ་ཞིག་ལ་ཡང་མི་འདི་ཙམ་གྱིས་སྲོག་བློས་བཏང་ན་རང་དབང་ཐོབ་ཀྱི་རེད་ཅེས་བཤད་མཁན་སུ་ཡང་བྱུང་མྱོང་མེད་པ་རེད། དེས་ན་དྲི་བ་འདི་ནི་ཁྱོད་ག་དུས་ཤི་ཡི་རེད་ཅེས་དྲི་བ་བཀོད་པ་དང་གཅིག་པ་རེད། ཤེས་ཡོན་ལག་རྩལ་དང་སྐད་ཡིག་གཙང་ཉར་སོགས་ནི་ང་ཚོས་འདི་ནས་བཤད་བསླ་ཡང་། བོད་ནང་ལ་རྒྱ་གཞུང་གིས་མི་རིགས་རྩ་མེད་དང་མི་རིགས་དབྱེ་འབྱེད་ཀྱི་གདུག་རྩུབ་སྲིད་ཇུས་འོག་སྒྲུབ་བསླ་བ་ཞིག་མིན་པ་བོད་ནང་ལ་འཚོ་བ་སྐྱེལ་མྱོང་མཁན་ཞིག་ཡིན་ན་ཧ་ཅང་གསལ་པོ་ཤེས་ཀྱི་རེད། ཁྱོད་ཀྱིས་བཀའ་སྤྱི་གཉིས་ནས་གླེང་དགོས་པ་དང་སྒྲུབ་དགོས་པ་རྣམས་སྣང་མེད་ཟུར་འཇོག་བྱེད་ཀྱི་འདུག་ཟེར་ན། ངས་ནི་བཀའ་སྤྱི་གཉིས་ཀྱིས་རང་ནུས་གང་ཡོད་ཀྱིས་ལས་འགུལ་སྤེལ་གྱི་ཡོད་པ་ལས་སྣང་མེད་སྐྱུར་འཇོག་བྱས་པ་ཞིག་མཐོང་གི་མི་འདུག་པས། གླེང་དགོས་པ་ཅི་ཞིག་གླེང་གི་མི་འདུག སྒྲུབ་དགོོས་པ་ཅི་ཞིག་སྒྲུབ་ཀྱི་མི་འདུག་གསལ་པོ་ཞིག་ཤོད་དང་རྒྱུ་མཚན་ཡོད་མེད་དེ་ནས་བལྟ་ཆོག གཞན་ཡང་བོད་མིའི་འཐབ་རྩོད་ནི་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་དུ་ཡིན་པ་ལས་བོད་པའི་དབུ་ཁྲིད་ཁ་ཤས་ཀྱི་ཆེད་དུ་མིན་པས་གཞུང་དམངས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་པ་ལས་སུས་སུ་ཡི་མགོ་ལ་གཡུག་ས་མེད་པ་རེད། དབུ་ཁྲིད་ཚོ་ཕྱི་རྒྱལ་ལ་གཟིགས་བསྐོར་ཕེབས་པ་དེ་སྤྲོ་འཁྱམ་ཡིན་པར་བཤད་པ་ནི། རང་ཉིད་དབུ་ཁྲིད་ལ་མ་དགའ་བའི་སྙིང་ནད་དྲ་ཐོག་ཏུ་བསྟོན་པ་ཙམ་ལས་གནས་ལུགས་རྒྱུ་མཚན་གང་ཡང་མི་འདུག་ལ། ད་བར་དུ་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་སོགས་དང་འཇལ་འཕྲད་དང་། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོར་བཀའ་སློབ་སོགས་བོད་དོན་གྱི་ཆེད་དུ་ཕྱག་ལས་གནང་གི་ཡོད་པ་ཧ་གོ་དོན་གསལ་རེད།
ད་དུང་སྟག་སྨྱོན་དང་དེའི་ཕྱོགས་བཏོགས་རྣམས་ལ་འདྲི་རྒྱུ་ཞིག་ལ། མེར་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་བྱས་ན་བོད་དོན་ཐག་བཅོད་ཐུབ་པའི་ལས་འགུལ་ཅི་ཞིག་ཁྱོད་ཚོ་ལ་ལམ་བསྟོན་བྱེད་རྒྱུ་ཡོད། དེ་མེད་ན་ལས་འགུལ་འདི་མཚམས་འཇོག་བྱེད་དགོས་པར་བཤད་པ་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་མི་རིགས་འདི་རྒྱ་གུང་ཁྲན་གྱི་གདུག་རྩུབ་འོག་ལ་རྩ་མེད་འགྲོ་བཅུག་དགོས་པ་རེད་ཅེས་བཤད་པ་དང་ཁྱད་པར་ཅི་འདུག
༧༧ ལུང་རྟོགས་ཀྱི་དྲི་བ་ལ་དཔའ་བོ་སྟག་དང་དཔའ་མོ་རེབ་གཉིས་ནས་ལན་འདོན་དགོས།
ས་ཆ་གཞན་དུ་༧རྒྱལ་བ་རིན་པོ་ཆེའི་པར་བཤམས་མི་ཆོག་སྐབས་ཀྱང་རེབ་ཀོང་དུ་༧རྒྱལ་བ་རིན་པོ་ཆེའི་པར་བཙོང་རྒྱུ་འདུག རང་སྐྱོང་ལྗོངས་དང་ཞིང་ཆེན་ལྔ་དང་ས་ཁུལ་ཁག་གི་བར་དམ་བསྒྲགས་ཐད་ཁྱད་པར་ཆེན་པོ་འདུག སྡུག་ཤོས་བོད་རང་སྐྱོང་ལྗོངས་རེད། དེ་ནས་སི་ཁྲོན་རེད། དེའི་རྗེས་ཀན་སུའུ་རེད། མཚོ་སྔོན་དང་ཡུན་ནན་གཉིས་ཅུང་ཟད་གུ་ཡངས་པ་ཡོད་པ་འདྲ་ཞིག་འདུག་ཀྱང་དེ་ཡང་རྒྱ་ནག་ནང་ཁུལ་དང་བསྡུར་ཐབས་ཅི་ལ་ཡོད། དཔེ་ཆ་ཞིག་བསྐུར་ནའང་དཀའ་ལས་ཞེ་དྲག་འདུག རིམ་པ་དུ་མ་ཞིག་བརྒྱུད་དགོས་ཀྱི་འདུག
མེ་ནང་དུ་སྲོག་ཆད་པའི་དཔའ་བོ་དེ་དག་གི་མངོན་འདོད་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེ་བའི་ཐོག་ཏུ། དེ་ལས་ཀྱང་གལ་ཆེ་བ་ནི་བོད་པ་ནང་ཁུལ་དུ་ཁྱབས་བསྒྲགས་བྱེད་རྒྱུ་དེ་རེད། བོད་པའི་མིག་ནས་མིག་ཆུ་ལྷུང་བ་བཞིན་ཚོར་བ་ཆེ་ཤོས་དེ་བོད་པ་རྣམས་ལ་ཡོ་རེད། རང་གི་སྤུན་ཟླ་རེད། ཤ་རུས་གཅིག་པ་རེད། མ་ཎི་འདོན་མཁན་གཅིག་པ་རེད། དཔའ་བོ་དེ་དག་ཅི་ཞིག་གི་ཆེད་དུ་དེ་ལྟར་དམར་པོ་མེ་ཡིས་རང་ལུས་བཞུ་ནུས་པ་ལ་བོད་པ་ཚོས་དགོངས་པ་བཞེས་དགོས་རེད། དཔའ་བོ་དེ་ཚོར་བལྟས་ན། ཕྱི་དངོས་པོའི་འཚོ་ཆས་ཞིག་ནི་འགྲིག་འདུག འོ་ན། ནང་བསམ་པ་ནས་གང་ཞིག་ལ་བརྣག་འདུག ནང་བསམ་པ་ནས་ག་རེ་མེད་པར་གྱུར་འདུག ནང་བསམ་པ་ནས་མ་འོངས་ག་འདྲ་ཞིག་ལ་སེམས་ཁྲལ་འདུག ང་ཚོས་བསམ་བློ་གཏོང་དགོས་པ་རེད། བསམ་བློ་བསྡུར་དགོས་པ་རེད། གནས་སྐབས་འགྲིག་ཐབས་ཁོ་ན་ལ་བསམ་རྒྱུ་མི་འདུག སྡུག་བསྔལ་གྱི་རྩ་བ་གཅོད་པ་ལ་བསམ་མནོ་གཏོང་དགོས་འདུག
གོང་དུ་མི་ཞིག་གིས་དཀའ་ལས་བརྒྱབ་ནས་གནས་ལུགས་ཤིག་བཤད་རྒྱུའི་འབད་བརྩོན་བྱས་འདུག་པས་གསལ་བཤད་དང་དྲི་བ་ཐུང་ངུ་རེ་འབྲི་གི་ཡིན། ངས་སྙིང་ནད་གཙོ་བོ་རྡ་སའི་བཀའ་ཤག་དང་པེ་ཅིན་གྱི་བོད་ཀྱི་འཐུས་མི་རྣམས་ཡིན། རྡ་སའི་བཀའ་ཁྲི་འགྲོ་ས་གཙོ་བོ་ཨ་རི་རེད། དེ་ལ་རྒྱུ་མཚན་གཉིས་མཐོང་གི་འདུག དང་པོ་ཁོ་རང་གི་ནང་མི་ཨ་རི་ཡོད་པ་རེད། གཉིས་པ་ཁོས་ཨ་རི་ལ་རེ་བ་ཆེ་ཤོས་བརྒྱག་གི་ཡོད་པ་མཚོན་གྱི་ཡོད་པ་རེད། འོན་ཀྱང་དཔལ་འབྱོར་གྱི་ཐོག་ནས་བཤད་ན་ཨ་རི་དང་རྒྱ་དམར་གཉིས་ཁྱི་རྐོ་གཅིག་གི་ནང་ལ་ལྟོ་མཉམ་དུ་ཟ་མཁན་རེད། མདོ་དོན་བཀའ་ཁྱིས་དུས་ཚོད་གཏོང་ས་དང་རེ་བ་བརྒྱག་ས་ནོར་ཡོད་པ་རེད། གཞུང་གི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་བསྡད་ནས། ཕུགས་ཕན་གྱི་སྲིད་ཇུས་གཏིང་ཟབ་ཏུ་གཏོང་ཨེ་ཐུབ་མི་འབད་པར། དུས་རྒྱུས་རྒྱ་ནག་དང་ཁྱི་རྐོ་གཅིག་གི་ནང་ལྟོ་ཟ་རོགས་ཨ་རིའི་རྐུབ་ལ་རྒྱུགས་བསྡད་ཡོད་ཙང་བཀའ་ཁྱི་ལབ་པ་རེད།
གཉིས་པ། དེ་སྔོན་བོད་གཞུང་གིས་བོད་ནང་བཀའ་སློབ་དང་ཆབ་སྲིད་ལམ་སྟོན་མང་པོ་བསྐུར་ནས་བོད་ནང་གི་བོད་མི་ཚོར་བསྐུལ་སློང་བྱས་པ་རེད། ད་ལྟ་བཀའ་ཁྲི་སོགས་ཕྱི་རྒྱལ་ལ་ཕེབས་དང་དཔོན་པོ་འདྲ་མིན་ལ་ཐུག་འཕྲད་བྱས་པའི་གསར་འགྱུར་སྟོང་པ་འདྲ་མིན་བཏང་ནས་སྐུལ་སློང་བྱེད་ཀྱི་ཡོད་པ་རེད། དོན་དངོས་ཀྱི་ཐོག་ནས་བཀའ་ཁྲི་རང་གིས་ཀྱང་ཨ་རིས་རོགས་པ་བྱེད་ཀི་རེད་བསམ་པའི་ཡིད་ཆེས་ཡོད་ཚོད་མ་རེད། འོ་ན་ཐུགས་འཕྲད་བྱས་པའི་གསར་འགྱུར་དེ་ཚོ་ག་རེ་བྱས་ནས་རྒྱ་ཆེན་པོ་བཀྲམས་ཀི་ཡོད་པ་རེད། ཨ་རིའི་དཔོན་པོ་ཞིག་དང་ཐུག་འཕྲད་བྱས་པ་སྙིང་པོ་ག་རེ་ཡོད་རེད། བཤད་དགོས་པ་ངོ་མ་ཨ་རིས་བོད་ལ་རྒྱབ་སྐྱོར་བྱེད་མིན་ཁ་གསལ་བོ་བཤད་དགོས་པ་རེད། འོན་ཀྱང་ཐུགས་འཕྲད་བྱས་པ་ཙམ་ལས་ལྟ་ཉན་ཡོད་པའི་གནས་ཚུལ་ཚིག་ཡོད་མ་རེད།
གསུམ་པ་ཁྱེད་རང་གིས་ནང་མི་བོད་ནང་ཡོད་ཚེ་སྐད་ཆ་ག་རེ་བཤད་ཀི་ཡོད་དམ། རང་ཤི་བརྒྱག་དགོས་པ་རེད། མེ་བསྲེག་དགོས་པ་རེད་ཅེས་ཁྱེད་རང་གི་ཕ་མ་སྤུན་མཆེད་རྣམས་སྐུལ་སློང་དང་བསླབ་བྱ་བརྒྱག་ཡོད་དམ། མེ་བསྲེག་ན་ཕན་གི་ཡོད་པའི་ཡིད་ཆེས་ཡོད་ན་ཁྱེད་རང་མ་བསྲེག་པའི་རྒྱུ་མཚན་ཅི་ཡིན་ནམ།
ངས་ནི་རང་གི་སྤུན་མཆེད་ཚོར་གླེན་རྟགས་སྟོན་རྒྱུ་ཡོད་པ་མ་རེད། ཕྱི་ལོགས་ཀི་གསར་འགྱུར་ལ་རིན་ཐང་ཡོད་པ་མ་རེད། དེ་ལས་བོད་ནང་གནས་སྟངས་ལ་འཚམ་པའི་འགྲོ་སྟངས་ཤེས་དགོས་པ་རེད། གཙོ་བོའི་ནང་གི་གཙོ་བོ་ཤེས་ཡོན་རེད། མཁས་པ་གཅིག་གིས་མི་བརྒྱབ་ཐུབ། བླུན་པོ་གཅིག་གིས་མི་གཅིག་ཐུབ་ཟེར་བ་རེད། བྱས་ཙང་བོད་ལ་མི་བརྒྱ་ཐུབ་མཁན་མཁས་པ་མང་པོ་དགོས་པ་རེད། དམིགས་ཡུལ་དེ་འགྲུབ་ཆེད་ཤེས་ཡོན་ལ་འབད་བརྩོན་བྱོས་ལབ་ཀི་ཡོད། ངས་སྤུན་མཆེད་རང་བསྲེག་བྱེད་དགོས་པ་རེད་ཅེས་ནམ་ཡང་སྐུལ་སློང་བྱེད་ཕོད་ཀྱི་མི་འདུག བྱས་ཙང་མི་གཞན་པ་ཚོར་རང་བསྲེག་བྱས་ན་ཁེ་ཕན་ཡོད་མདོག་ཁ་བོ་བཤད་ནས་ངར་སློང་ཕོད་ཀྱི་མི་འདུག
མི་མང་ལ་སྙིང་སྟོབས་ག་ཚོད་ཡོད་ན་བློ་བཟང་སེང་གེ་ཁོའི་ལས་བཀའ་བློན་མི་ཕལ་བ་ཁ་ཤས་ཀྱིས་དབུ་ཁྲིད་པ་ཡིན་ན་རེ་བ་མཐོང་གི་མི་འདུག བཀའ་ཤག་སྤུས་དག་ཅིག་ཡོད་ན་མི་མང་སྲོག་བཏང་ཡང་བཏང་གོ་ཆོད་པ་ཡོང་མདོག་ཁ་བོ་རེད། དེ་ནི་མེད།
མཁས་པ་གཅིག་གིས་མི་རྒྱབ་ཐུབ། བླུན་པོ་གཅིག་གིས་མི་གཅིག་ཐུབ་ཟེར་བ་རེད། བོད་ལ་མི་བརྒྱ་ཐུབ་མཁན་མཁས་པ་མང་པོ་དགོས་པ་རེད་ཅེས་བསླབ་བྱ་བརྒྱག་གི་ཡོད། འགའ་རེས་བོད་ནང་ཤེས་ཡོན་གྱི་ཐོག་ནས་ཕན་ཡག་པོ་ཐོག་གི་འདུག དེ་ཚོའི་བྱས་འབྲས་བུ་རེད།
ངའི་རེ་བ་ལ་ཕྱི་ལོག་ནས་བཀའ་ཤག་གིས་སྲིད་ཇུས་གཏན་པོ་བཟོ་དགོས་པ་རེད། ནང་ལོགས་ནས་པེ་ཅིན་ན་ཡོད་པའི་བོད་རིགས་དཔོན་པོ་ཚོས་བློས་གཏོང་ཆེན་པོས། པཎ་ཆེན་རིན་པོ་ཆེས་གནང་བ་ནང་བཞིན་བོད་མའི་ད་ལྟའི་བདེ་སྡུག་གླེང་བའི་ཡིག་འབྲུ་ཁྲི་བདུན་གསར་མ་ཞིག་བྲིས་ནས་རྒྱ་ནག་གཞུང་ལ་སྤྲོད་དགོས་ཚད་རེད། ཕྱི་རྒྱལ་གསར་ལམ་ཁག་ལ་བཀྲམས་རྒྱུ་གལ་ཆེ་ཤོས་མ་རེད། འདི་གཉིས་བོད་དོན་འགྲུབ་ཐབས་ལ་མེད་ཐབས་མེད་པའི་ཆ་རྐྱེན་དང་པོ་གཉིས་རེད། ཆ་རྐྱེན་གཙོ་བོ་འདི་གཉིས་མེད་པ་ཡིན་ན་དཀའ་ལས་བརྒྱབ་ནས་ཕན་ཐོགས་ཡོད་རེད་དྲན་གི་མི་འདུག
སྟག་སྨྱོན། སྤྱིར་བོད་དོན་འཐབ་རྩོད་ནི་གཙོ་བོ་བོད་པ་རང་གི་ནུས་ཤུགས་ལ་བརྟེན་དགོས་པ་ལས། རྒྱལ་ཁབ་གཞན་ལ་སྐྱབས་ཞུ་གཅིག་པུས་ཡོང་ཡ་མེད་པ་གསལ་པོ་ཡིན་ཡང་། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་འཚོལ་དགོས་པ་ཡང་བོད་དོན་ཐག་ཆོད་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད། རྒྱལ་ཁབ་གཞན་གྱི་ནང་ནས་ཀྱང་དེ་སྔ་ཡན་ཆད་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་དང་བྱེད་ཐུབ་མཁན་ནི་ཨ་རི་ཡིན་པ་ས་རིས་ཐང་གསལ་རེད། དེས་ན་སྲིད་སྐྱོང་མཆོག་ནས་ཨ་རི་ལ་རེ་བ་ཆེ་ཤོས་གཅོལ་བ་དེ་མ་འགྲིག་པ་ཅི་ཡང་མ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ནས་བོད་པ་སྐྱབ་བཅོལ་མང་ཤོས་ཨ་རི་ལ་ཡོད་པ་དང་། ༧གོང་ས་མཆོག་ཀྱང་མང་ཤོས་ཕེབས་ས་ཨ་རི་ཡིན་ན་སྲིད་སྐྱོང་མཆོག་ཀྱང་མང་ཤོས་འགྲོ་ས་ཨ་རི་ཅི་ལ་མིན། མདོར་ན་འཛམ་གླིང་རྒྱལ་ཁབ་ཁག་ནང་ནས་རྒྱ་ནག་ལ་ཁ་གཏད་བཅོག་ཐུབ་ཅིང་བོད་དོན་ལ་རྒྱབ་སྐྱོར་གྱི་རེ་བ་ཆེ་ཤོས་ནི་ཨ་རི་ལས་མེད་པ་གསལ་པོ་རེད། གཞན་ཡང་སྲིད་སྐྱོང་མཆོག་རྒྱ་གར་ནང་གི་གཞིས་ཆགས་ཁག་མང་ཆེ་བར་གཟིགས་བསྐོར་བསྐྱངས་ཡོད་པ་དང་། དུས་ཚོད་མང་ཆེ་བ་སྡ་སར་བཞུགས་ནས་ཕྱག་ལས་གནང་གི་ཡོད་པ་ལས་རྟག་ཏུ་ཕྱི་ལ་ཕེབས་པ་དང་ཨ་རིར་བཞུགས་ཀྱི་མེད་པ་ཀུན་གསལ་རེད།
༢༽དེ་སྔོན་བོད་གཞུང་ནས་བོད་ནང་ལ་སྐུལ་སློང་བྱས་ཡོད་མེད་མི་ཤེས་ཀྱང་། གལ་ཏེ་བྱས་ཡོད་ན་ཡང་དེ་ནི་མི་འོས་པ་གང་ཡང་མ་རེད། བོད་མི་མང་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ། བཙན་བྱོལ་སྒྲིག་འཛུགས་ལ་རྒྱ་གཞུང་གི་འཁྱོག་བཤད་ཀྱིས་མགོ་བསྐོར་བའི་བོད་ནང་གི་བོད་མི་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱེད་རྒྱུའི་ལས་འགན་ཡང་ཡོད་པ་རེད། སྲིད་སྐྱོང་མཆོག་ཕྱི་རྒྱལ་ལ་ཕེབས་པ་དང་དཔོན་པོ་འདྲ་མིན་འཇལ་འཕྲད་བྱས་པའི་གསར་འགྱུར་ཆེད་དུ་བོད་ནང་ལ་བཏང་བ་ནི་ཁྱོད་རང་གིས་བཤད་པ་ཙམ་ལས་བདེན་སྤངས་གང་ཡང་མཐོང་མ་སོང་། ལར་ནས་བོད་ནང་གི་མི་མང་ལ་རང་གི་སྒྲིག་འཛུགས་དང་དབུ་ཁྲིད་ཀྱི་མཛད་འཕྲིན་དག་ཅིའི་ཕྱིར་ཤེས་སུ་བཅུག་མི་ཆོག་པ་རེད། ཁྱེད་རང་གི་སྐད་ཆ་འདི་ནི་རྒྱ་གུང་ཁྲན་གྱིས་ཏཱ་ལིའི་རུ་ཚོགས་ཀྱི་གནས་ཚུལ་གང་ཡང་བོད་ནང་ལ་བཤད་མི་ཆོག་པར་བཤད་པ་དང་ཉེ་པོ་ཆགས་མི་འདུག་གམ།
༣༽ང་ལ་ངའི་ཕ་མ་སྤུན་མཆེད་རྣམས་མེ་ལ་སྲེག་དགོས་པའི་འབོད་བསྐུལ་བྱེད་རྒྱུའི་ཐོ་ཐང་མེད་པ་རེད། གལ་སྲིད་ཁོང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་པ་ཡིན་ན་ངས་རྗེས་སུ་ཡི་རང་ཞུ་ཐུབ་པའི་ཡིད་ཆེས་ཡོད། ང་རང་ལ་མཚོན་ན་རང་སྲེག་བྱེད་ཐུབ་པའི་བློ་སྟོབས་མེད་ཀྱང་། བོད་གངས་ཅན་པའི་བསྟན་སྲིད་ལ་ཕན་པ་ཞིག་བྱུང་ན་ཤི་ཡང་མི་འགྱོད་པའི་གདེང་ཚོད་ཡོད།
༤༽བོད་ནང་ལ་བོད་རང་གི་སྐད་ཡིག་དང་རིག་གནས་སོགས་ལ་མཁས་པར་བཟོ་བའི་ལམ་ཁ་བཀག་བཞིན་ཡོད་པ་ནམ་ལང་ཉི་ཤར་རེད་ན་རང་དབང་མ་ཐོབ་པར་མཁས་པ་བཟོ་དགོས་ཟེར་ན་མགོ་མ་ཚོས་གོང་ནས་ལྕེ་ལ་སྙབས་ཞེས་པའི་དཔེ་ལས་མ་འདས་པ་རེད། གཞན་ཉ་ཉོག་མང་པོ་ཞིག་བཤད་འདུག་ཀྱང་ལན་འདེབས་རིན་ཡོད་པ་ཅང་མཐོང་མ་སོང་།
ཨ་ལགས་ཀིརྟི་ལགས་ཁྱོ་ཡང་ཁ་རོགས་ལ་འདུག་མི་ཉན་ཡ། བོད་དོན་ཐད་ཁྱོ་ལའང་སེམས་ཤུགས་ཡོད་པ་ཤེས་ཡོད་ནི་རེད་གོ། རྔ་པའི་ཡུལ་མི་ཚོས་ཁྱོ་ཁོ་ནི་ངོ་ལ་བལྟས་ནས་ཡང་མེར་བསྲེགས་མང་པོ་བཏང་ཡོད་པ་རེད།ད་དུང་རྒྱ་ནག་གིས་ན་ནིང་རྔ་བའི་མེར་བསྲེགས་དཔའ་བོའི་ནང་མི་ཚོར་སྐད་ཆ་དྲིས་པའི་བརྙན་འཕྲིན་ཞིག་བཟོ་ཡོད་པ་དེ།ད་ལྟ་རྒྱ་ནག་གིས་ཕྱི་རྒྱལ་ཁབ་མང་པོར་པཀྲམ་ནས་ནུས་པ་ཐོན་གི་ཡོད་པ་འདྲ།ཁྱད་པར་དུ་རྔ་པ་ཕྱི་རྒྱལ་ཁབ་ན་ཡོད་པ་ཚོས་་རྔ་པ་མེར་བསྲེགས་གཏོང་མཁན་ཚོས་ལྐུགས་ཕ་རེད་ཅེས་བཤད་པའི་རྒྱུ་མཚན་གིས་པོད་ནང་གི་་རྔ་པ་མང་ཚོགས་ཀྱིས་སེམས་ཤུགས་ཉམས་གི་ཡོད་ནི་རེད་ཟེར་རྒྱ་ནག་གི་ངཤད་གི་ཡོད་ནི་རེད།དེ་བདེན་མིན་མི་ཤེས་ཏེ་བར་ལམ་ནས་ག་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་གློ་བུར་དུ་གྲགས་མེད་དུ་གྱུར་སོང་བར་ཚང་མས་སེམས་ཁྲལ་བྱེད་བཞིན་འདུག རྔ་པའི་ཡུལ་མི་ཚོས་བོད་དོན་ཐད་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་ས་རིས་ཐང་གསལ་ཡིན་པས།ཨ་ལགས་ཀིརྟི་ལགས་ཁྱོ་ཡང་ཁ་རོགས་ལ་འདུག་མི་ཉན་ཡ།
གཞི་ལུས་བོད་མི་ཚོའི་བཙན་བྱོལ་བ་ཚོ་
དེང་དུས་ག་འདྲར་བསྡད་ཡོད་པ་མཐོང་ན་་་་་་་
ཡང་དགེ་བསམ་གྱིས་བྱིས་གཞེས་གཉིས་བར་དཀྲུག་ཤིང་ཞིག་རྒྱག་འཆར་རེད་འདུག་ག
ཕྱོགས་ཀྱི་གཏམ་ཁོ་ན་ཨུ་ཚུགས་ཀྱིས་བཤད་རྒྱུར་གོམས་ཟིན་པ་རྣམས་ལ་གནས་ལུགས་བཤད་པ་དོན་གོ་མེད་དོ།།
ངོ་མ་རེད། ནོར་བརྒྱ་ལ་ལ་འགྲོ་དུས། རྟོལ་ལེས་ཕྱིར་འཐེན་ཞེས་པའི་དཔེ་ལྟར། བོད་མི་རྒྱ་ཆ་བརྒྱད་བཅུ་དགུ་བཅུའི་སྲིད་སྐྱོང་མཆོག་ལ་འོས་བླུག་པ་མ་ཟད། ཁོང་གི་ཕྱག་ལས་ལ་གདེང་འཇོག་བྱེད་ཀྱི་འདུག་ཀྱང་། ཁྱོད་ལྟ་བུ་རེ་ཟུང་གིས་ལོག་པར་མཐོང་བ་ནི་ཕྱོགས་ཞེན་མིན་ན་ཅི་ཡིན།