Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མོ་རྟ་མགྲིན་འཚོའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་ཨ་ཕ་དང་ཁ་བརྡ་བྱས་པ། ༼པར༽

Posted on 2012-11-102012-11-10 By ཁ་བརྡ་ 8 Comments on དཔའ་མོ་རྟ་མགྲིན་འཚོའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་ཨ་ཕ་དང་ཁ་བརྡ་བྱས་པ། ༼པར༽

གནས་ཚུལ་མཁོ་གཏོང་བ། བསོད་ནམས།

ཕྱི་ཟླ་༡༡པའི་ཆེས༧ཉིན་བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཉིན་འགའི་སྔོན་ནས་མོའི་ཁྱིམ་ཚང་དུ་ཕྱོགས་གང་སར་ནས་མྱ་ངན་མཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཆེད་མི་མང་བརྒྱ་ཕྲག་མང་པོ་ཕེབས་དང་ཕེབས་བཞིན་འདུག་པའི་གནས་ཚུལ་ཞིག་བོད་ནས་འབྱོར་བ་ཞིག་གཤམ་དུ་མ་ཇི་བཞིན་བཀོད་ཡོད།

རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོའི་ཨ་ཕ་དང་ཁ་བརྡ་བྱས་པ།

ཁ་སང་ང་ཚོ་མི་བཅུ་རེབ་གོང་སྒྲོ་རོང་བོ་སྡེ་བར་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོའི་ཁྱིམ་དུ་མྱ་ངན་ཞུ་བར་སོང་། ང་ཚོས་དཔའ་མོ་རྟ་མགྲིན་འཚོའི་སྐུ་པར་སྟེང་ཁ་བཏགས་བསྒྲོན་རྗེས་ཁོ་མོའི་ཨ་ཕ་རྟ་མགྲིན་སྐྱབས་དང་གླེང་མོལ་བྱས། ཁོ་མོའི་ཨ་ཕས་གསུངས་དོན་ལ། ངའི་བུ་མོ་ད་ལོ་མོ་ལོ་ཉེར་གསུམ་ཡིན། མིང་ལ་རྟ་མགྲིན་འཚོ་ཟེར། བུ་གཅིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་ཟེར་ད་ལོ་ལོ་བདུན་ཡིན། ཁོ་མོ་ནི་གཞན་དང་མི་འདྲ་བར་ནམ་རྒྱུན་བོད་དོན་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཞིག་ཡིན། ཁོ་མོས་རང་ལུས་མཆོད་མེ་རུ་ཕུལ་བ་ནི་བོད་སྤྱིའི་དོན་དུ་ཡིན་པ་ལས་ཁྱིམ་ཚང་བཟང་ཚང་མ་འགྲིག་པའམ་རྒྱུ་རྐྱེན་གཞན་གང་ཡང་མིན། མོར་བསམ་བློ་འདི་འདྲ་ཞིག་སྐྱེས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཟླ་གཅིག་མ་ཟིན་ཙམ་གྱི་སྔོན་ལ་ངེད་ཕ་བུ་གཉིས་འཕྲུལ་རྟར་ཞོན་ཏེ་མདོ་བ་ཞང་ཐོག་ལ་སོང་། ཏག་ཏག་ཉིན་དེར་རེབ་གོང་རྫོང་ཨུའི་ཧྲུའུ་ཅི་གསར་བ་ཅང་ཧྲུའུ་ཁྲིན་ཟེར་བ་དེ་མདོ་བ་ཞང་ཐོག་ལ་ཡོང་སྟེ་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་ཚོང་ཁང་དུ་བཙོང་མི་ཆོག་པ་དང་ཁྱིམ་ཚང་དུ་ཉར་མི་ཆོག་པའི་སྲིད་ཇུས་ངན་པ་ལག་བསྟར་བྱས་པ་དང་། ཞང་སྲིད་གཞུང་གི་སྒོ་ཁར་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་ཀྱི་སྦྱར་ཡིག་སྦྱར་འདུག
ད་དུང་སྲང་ལམ་ཀུན་ཏུ་མི་རྣམས་ཁྲོམ་སྐོར་བྱས་ཏེ་ཁ་གཡང་སྒྲོག་བཞིན་འདུག སྐབས་དེར་ཁོ་མོས་གདོང་ལ་སྐྱོ་བའི་ཉམས་ཤར་བཞིན་ང་ལ་ཡང་དང་བསྐྱར་དུ། ཨ་ཕ། འུ་ཚོའི་བོད་ཀྱིས་ཅིག་དཀའ་གི་རེ། རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡང་བཤམས་མི་ཆོག་ན་ངོ་མའི་རང་དབང་ཟིག་མེད་གི་ཟེར། དེའི་དགོང་མོར་ནང་ལ་ཡོང་ནས་ཁོ་མོས་ཡང་དང་བསྐྱར་དུ་དེ་ལྟར་བཤད་སོང་། དེ་ནས་བཟུང་ཁོ་མོས་དཀར་ཟས་བསྟེནན་པ་དང་སྨྱུང་གནས་ཀྱང་མང་པོ་སྲུང་སོང་། ང་རང་ཨ་ཕ་ཞིག་ཡིན་པའི་ངོས་ནས། ཁོ་མོའི་ལུས་ཕུང་བདེ་ཐང་ལ་སེམས་ཁུར་བྱས་ཏེ་ཁོ་མོར་ཡང་དང་བསྐྱར་དུ་ཤ་བཟའ་དགོས་པར་སྐུལ་ཡང་ཁོ་མོས་དམར་ཟས་ཟོས་མ་སོང་།
ཉིན་འགའི་སྔོན་ལ་མོའི་ཐེངས་ཁ་ཤས་སུ་བདག་ལ། ཨ་ཕ་ང་རང་རེབ་གོང་རོང་བོར་ཅིག་འགྲོ་དགོས་ཟེར་ཡང་། ངས་མོ་ལ་དགུན་ཁ་ཐོན་དུས་འདིར་ཁྱིམ་གྱི་ལས་ཀ་བྲེལ་འཚུབ་ཆེ་བས་མ་འགྲོ་ཟེར་ནས་དང་ལེན་མ་བྱས། ཁ་སང་ཁེ་ཉིན་སྤྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ཁྱིམ་དུ་ཁོ་མོའི་མིང་པོ་དང་མོ་གཉིས་ཡོད་མོད། མིང་པོས་ནོར་ཟོག་རི་མགོར་དེད་ཤུལ་དུ་ཁོ་མོས་ཁང་བའི་ནང་གད་བདར་བྱས་པ་དང་། མཆོད་ཁང་ནང་རྒྱལ་བ་རིན་པོ་ཆེའི་སྐུ་པར་མདུན་མཆོད་པ་བཤམས་པར་མ་ཟད། བསྔོ་སྨོན་སྐྱབས་འཇུག་ཡང་ཤུགས་དྲག་བྱས་ཡོད་པ་འདྲ། ཕྱིའི་རྭ་སྐོར་དུ་ཡོད་པའི་འཕྲུལ་རྟའི་སྣུམ་སྒམ་ལས་རྡོ་སྣུམ་བླངས་ཏེ་སྒོ་ཕྱི་རོལ་ཏུ་མེར་བསྲེགས་ཀྱིས་རང་ལུས་མཆོད་མེ་རུ་ཕུལ་འདུག
ཁོ་མོ་ངའི་ཁྱིམ་གྱི་གཅེས་མ་གཅིག་པོ་ཡིན། མོ་རང་སྐྱེས་ནས་ད་ལྟའི་བར་ངས་ཐལ་ལྕག་གཅིག་ཀྱང་གཞུས་མ་མྱོང་། མག་པ་ཐེངས་རེ་གཉིས་བཞག་ཀྱང་མོའི་འདོད་བློ་ལྟར་བྱེད་པ་ལས་ངས་ཐེ་གཏོགས་གཅིག་ཀྱང་བྱེད་མ་མྱོང་། དེའི་ཕྱིར་མོ་རང་ང་དང་འདི་ལྟར་གློ་བུར་ཁ་བྲལ་བ་ནི། ང་ལ་མཚོན་ན་ཡ་ཆུང་ཁོག་གི་སྙིང་ཕྱུངས་པ་དང་ཁྱད་མི་འདུག་མོད། ཡིན་ནའང་། མོ་རང་གི་ལམ་ཁ་འདི་འདྲ་ཞིག་འདམས་པ་འདི་ནི། བོད་མི་སྤྱིའི་དོན་དང་རྒྱལ་བ་པ྇ན་ཆེན་གཉིས་ཀ་གདན་སར་མྱུར་ཏུ་འབྱོན་རྒྱུའི་དོན་དུ་ཡིན་ཕྱིར། ངས་ཀྱང་བསམ་བློ་མང་པོ་གཏོང་གིན་མེད་པར་མོའི་བྱ་བའི་མགོ་མཇུག་བར་གསུམ་ཀུན་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། དེའི་ཕྱིར་ཁྱེད་རྣམ་པས་ཀྱང་མོ་རང་གི་སྨོན་ལམ་ཇི་ལྟ་བ་བཞིན་འགྲུབ་རྒྱུར་འབད་བརྩོན་དང་སྐྱབས་འཇུག་ཞུ་རྒྱུ་དང་། དེར་མ་ཟད་ངའི་བུ་མོ་འདི་མ་འོངས་པར་ཆོས་སྲིད་རང་དབང་གཙང་མའི་སྐལ་བ་བཟང་པོར་ལོངས་སྤྱོད་པའི་གངས་ཅན་བོད་ཡུལ་དུ་དལ་འབྱོར་གྱི་རྟེན་བཟང་རིན་པོ་ཆེ་བླངས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་མཇལ་བའི་བསྔོ་སྨོན་སྐྱབས་འཇུག་རྣམ་པར་དག་པ་གནང་རྒྱུ་མཁྱེན། ཞེས་གསུངས་སོང་།

 

གསར་འགྱུར།

Post navigation

Previous Post: དོ་ནུབ ཁྱོད་རྨི་ལམ་དུ་འཁོར
Next Post: རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པས་རང་ལུས་མེར་བསྲེགས་བཏང་མཇུག་གི་གནས་ཚུལ་ཕྱོགས་བསྒྲིགས། ༼པར༽

Comments (8) on “དཔའ་མོ་རྟ་མགྲིན་འཚོའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་ཨ་ཕ་དང་ཁ་བརྡ་བྱས་པ། ༼པར༽”

  1. བརྩོན་འགྲུས་རྒྱ་མཚོ་ says:
    2012-11-10 at 10:35 am

    ངོ་མ་རླབས་ཆེན་གྱི་དཔའ་མོ་ལ་རླབས་ཆེན་གྱི་ཕ་མ་ཡོད་པས་མིག་ཆུ་དང་གུས་བཀུར་གྲངས་མེད་ཞུ་རྒྱུ་ཡིན།
    ཨོྃ་མ་ཎི་པདྨེ་ཧཱུྃ།

  2. སྦྲ་དཔལ་ལྡན། says:
    2012-11-10 at 11:08 am

    ངོ་མ་རླབས་ཆེ་བའི་མི་བུ་དེ་དག་གིས་སྐད་ཆ་རེ་རེའི་ཕ་རོལ་ན་མི་རིགས་ཤིག་ལ་དུངས་པ་དང་། དགའ་ཞེན་ཡོད་མེད་གསལ་བོ་འདུག་མངོན་འདུག ལྷག་པར་དཔའ་མོ་ཁོང་གི་ཡབ་ཆེན་གྱི་སྐད་ཆ་དང་ སྨོན་ཚིག་ཅི་བཞིན་ཁོ་མོ་༧རྒྱལ་བའི་བཀའ་ལུང་ཡང་དག་ཐོབ་པར་བསྔོ།

  3. ལུང་རྟོགས། says:
    2012-11-10 at 12:55 pm

    བཙན་བྱོལ་ནང་གི་སྨྱུག་འཛིན་པ་འདི་ཚོ་ལས་བོད་ནང་གི་ཡིག་རྨོངས་བ་འདི་ཚོའི་བསམ་བློ་རླབས་ཆེ་བ་མི་འདུག་གམ།

  4. ངོ་ལུག says:
    2012-11-10 at 3:58 pm

    འདས་གསོན་གཉིས་ལ་གུས་འདུད་ཞུ། གནས་ཚུལ་ཞིབ་ཅིང་ཕྲ་བ་འདི་འདྲ་མཁོ་འདོན་བྱེད་མཁན་ཡོངས་ལ་གུས་འདུད་ཞུ།

  5. འཚོ་བྱེད་བུ་t.p says:
    2012-11-10 at 8:01 pm

    ”ཁོ་མོ་ངའི་ཁྱིམ་གྱི་གཅེས་མ་གཅིག་པོ་ཡིན། མོ་རང་སྐྱེས་ནས་ད་ལྟའི་བར་ངས་ཐལ་ལྕགས་གཅིག་ཀྱང་གཞུས་མ་མྱོང”ཞེས་བའི་འཚམས་ནས་ངའི་མིག་ཆུ་རང་དབང་མེད་ལ་ཤོར་སྟེ་ཀློག་འཚམས་རེ་ཞིག་འཇོག་དགོས་བྱུང་སོང་། ཕ་རྒན་ཁྱོད་ཐུགས་ཁག་མེད་སྙིང་དམར་པོ་བཀོག་དང་ཁྱད་ཅིག་གང་ན་འདུག བོད་མི་རིགས་ལ་ལས་དང་མཐུ་ཞིག་ཡོད་ན་སྐུ་ཉི་ད་ཀྱི་གཅེས་ཕྲུག་མ་བོད་ཆོས་ལྡན་ཞིང་དུ་ངེས་པར་སྐྱེ་དགོས་བའི་་མ་ཟད་བོད་བསྟན་སྲིད་རང་དབང་གི་དྲོད་འཁོལ་ལ་མཇལ་བའི་སྨོན་ལམ་ངུ་ངག་དང་ལྷན་ཏུ་འདེབ་བཞིན།།

  6. ཆུ་སྐྱེས་སྒྲོལ་མ། says:
    2012-11-11 at 12:53 am

    ཁྱེད་ཀྱིས་གཙོས་པའི་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་དད་གུས་དང་བོད་ལ་རང་དབང་ཉི་མ་མྱུར་དུ་འཆར་བར་སྨོན་ཞེས་མཆི་མ་དང་ལྷན་སྨོན་ལམ་འདེབས་བཞིན་ཡོད།

  7. གཉིས་མེད་སེངྒེ says:
    2012-11-11 at 10:54 am

    ངོ་མ་ཨ་ཕ་དང་བུ་མོ་གཉིས་ཀའི་སྙིང་ལ་རུས་པའི་སྲོག་ཤིང་ཡོད་ཀི གདུང་སེམས་མཉམ་སྐྱེད་ཡོད།

  8. གཉིས་མེད་སེངྒེ says:
    2012-11-11 at 11:00 am

    ངོ་མ་ཨ་ཕ་དང་བུ་མོ་གཉིས་ཀའི་སྙིང་ལ་རུས་པའི་སྲོག་ཤིང་ཡོད་ཀི ཁ་ཞེ་གཉིས་མེད་ཀྱིས་གདུང་སེམས་མཉམ་སྐྱེད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme