སློབ་དཔོན་ཟམ་གདོང་རིན་པོ་ཆེ།
༄༅།། ༡༩༥༡ ལོའི་ཟླ ༥ ཚེས ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཡིག་ཆ་དེ་མིང་རྟགས་བཀོད་པ་རེད། དེའི་ཉི་མ་ཁ་ཤས་ཀྱི་རྗེས་སུ་བོད་གཞུང་ཚོགས་འདུ་ནས་དེ་ངོས་ལེན་བྱས་པའི་བརྡ་ལན་བཏང་བ་རེད། དེའི་ཉིན་མོ་དེ་ནས་བོད་ཀྱི་རང་བཙན་རྫོགས་པ་རེད། ང་ཚོའི་རང་བཙན་ཤོར་བ་ཡིན་ན་འདྲ། དོར་བ་ཡིན་ན་འདྲ། བློས་བཏང་བ་ཡིན་ན་འདྲ། དེའི་ཉིན་མོ་ནས་བོད་ལ་རང་བཙན་ཡོད་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ས་གནས་སྲིད་གཞུང་ཞིག་ཆགས་ཚར་བ་རེད། ང་ཚོས་ངོས་ལེན་བྱས་པ་རེད། དངོས་ཡོད་གནས་སྟངས་ལ་དེ་ལྟར་ཆགས་པ་རེད། རྒྱལ་སྤྱིའི་ནང་དུའང་གནས་བབ་དེའི་ཐོག་ནས་བསྡད་པ་རེད། ང་ཚོས་དེ་བྱུང་རིག་པར་ཕྱིར་བལྟས་ཤིག་སློག་པ་ཡིན་ན། བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་ལ་ཕྱིར་བལྟས་སློག་པ་ཡིན་ན། བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་བོ་ཞིག་རྩ་བ་ནས་ཡོད་པ་རེད། རང་བཙན་ཟེར་བའི་ཚིག་དེ་ཡང་གཅིག་བྱས་ན་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ལྔ་གྲངས་ཀྱི་སྔོན་ལ། བོད་མི་ཚོའི་སེམས་ཀྱི་འདུ་ཤེས་ནང་ཚིག་དེ་རྒྱུན་ལྡན་བེད་སྤྱོད་བྱེད་པའི་ཚིག་ཅིག་ཆགས་ཡོད་པ་མ་རེད། ཆབ་སྲིད་ཀྱི་གོ་རྟོགས་དེ་ང་ཚོའི་རྒན་རབས་ཚོ་ཧ་ཅང་སྐྱོ་བོ་རེད། ད་ལྟ་ང་ཚོས་བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དང། ལྷག་པར་ཁྲིམས་དང་སྲིད་དོན་གཙང་མའི་ཐོག་ནས་བྱུང་རབས་དེ་རྒྱལ་སྤྱིའི་མདུན་དུ་འཇོག་དགོས་དུས་སྐབས་ལ། ཧ་ཅང་འཇོག་ཁག་པོ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པའི་སྙན་ཐོའི་ནང་དུའང། “༡༩༡༣ ནས ༡༩༥༡ བར་དུ་བོད་དེ་དངོས་དོན་རང་བཙན་རེད། ཡིན་ནའང་ཡོངས་གྲགས་དང་ཁྲིམས་དོན་གྱི་རང་བཙན་རེད་མི་འདུག” ཅེས་བཀོད་འདུག དངོས་དོན་དང་ཁྲིམས་དོན་ཟེར་བ་དེ་ངས་ད་ལྟ་བེད་སྤྱོད་བཏང་བའི་ཐ་སྙད་ཅིག་རེད། བོད་སྐད་ལ་ཚིག་དེ་ཏག་ཏག་ཅིག་ཡོད་པ་མ་རེད། གཞུང་འབྲེལ་གྱི་ཐ་སྙད་གསར་དུ་བཟོ་མཁན་ཚོས་ཚིག་དེ་གཏན་འཁེལ་ཡོད་མེད་ངས་ཤེས་མ་སོང། ཨིན་ཡིག་ནང་ ( De-Facto )དང་ ( De-Jure )རེད། ( De-jure )མ་ཡིན་པ་ཡིན་ན། དངོས་དོན་རང་བཙན་རེད་འདུག་སྟེ་རྒྱལ་སྤྱིའི་ནང་རང་བཙན་ཡིན་པའི་རྣམ་པ་བསྟན་ཐུབ་མི་འདུག་ཅེས་པ་དེ་རེད།
རྒྱ་ནག་གི་ཆབ་སྲིད་ཀྱི་བྱུང་རབས་ལ་བལྟས་པ་ཡིན་ན། སོག་པོ་གོང་མའི་སྐབས་དང། སོག་པོ་གོང་མའི་སྐབས་ལ་ཅུང་ཙམ་དུས་ཡུན་ཐུང་ངུ་རེད། མན་ཇུ་གོང་མའི་དབང་བསྒྱུར་གྱི་དུས་ཡུན་ཡོངས་རྫོགས་ལ་བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད། དེ་འདྲའི་དབང་གིས་མཆོད་ཡོན་གྱི་འབྲེལ་བ་ཟེར་བ་དེའང་མིང་སྙན་མོ་ཞིག་བཏགས་པ་མ་གཏོགས། དོན་དམ་རྒྱ་ནག་གི་ཁྱབ་ཁོངས་ལ་ཡོད་པ་ཞིག མན་ཇུ་གོང་མའི་དབང་ཆ་མཇུག་རྫོགས་པའི་རྗེས་ལ་༧གོང་ས་བཅུ་གསུམ་པས་མཆོད་ཡོན་གྱི་འབྲེལ་ལམ་བཅད་པའི་གསལ་བསྒྲགས་གནང་བ་རེད། གསལ་བསྒྲགས་དེ་གནང་བའི་སྐབས་ལའང་མཆོད་ཡོན་འབྲེལ་ལམ་གྱི་འགྲེལ་བཤད་བསྐྱོན་ཡོད་པ་མ་རེད། ད་སྔ་མཆོད་ཡོན་འབྲེལ་ལམ་ག་རེ་ཡིན་མིན་དང་ད་ནས་བཟུང་སྟེ་ཅི་ཞིག་ཡིན་མིན་གསུངས་མི་འདུག དེ་བཞིན ༡༩༡༣ ལོར་རྒྱ་གར་ནས་རྒྱལ་ས་ལྷ་སར་ཞབས་སོར་འཁོད་པའི་རྗེས་ལའང། བོད་རང་བཙན་གྱི་གསལ་བསྒྲགས་ཤིག་གནང་ཡོད་པ་རེད། བོད་རང་བཙན་གྱི་གསལ་བསྒྲགས་དེའང་རྒྱལ་སྤྱིའི་ཁྲིམས་དོན་གྱི་ཐོག་ནས་བལྟས་པ་ཡིན་ན། གནའ་སྔོ་ནས་རང་བཙན་ཡིན་གསུང་གི་ཡོད་པ་རེད་དམ། ཡང་ན་༡༩༡༣ ནས་གསར་དུ་རང་བཙན་ཡིན་གསུང་གི་ཡོད་པ་རེད། དེར་འགྲེལ་བཤད་རྒྱག་སྟངས་ཁ་ཁ་རེད། སོང་ཙང་ང་ཚོའི་བསམ་བློའི་ནང་དུ་༡༩༥༡ བར་དུ་བོད་རང་བཙན་གཙང་མར་གནས་ཡོད་བསམས་པའི་བོད་པའི་བསམ་བློའི་འདུ་ཤེས་དེ་དང། དེའི་བར་གྱི་རྒྱ་ནག་གི་དབང་འཛིན་པ་ཚོའི་བསམ་བློའི་འདུ་ཤེས་འཛིན་སྟངས་རྒྱབ་འགལ་རེད། ང་ཚོས་རང་བཙན་རེད་བསམས་པ་དང། ཁོང་ཚོས་མངའ་འོག་ཡིན་བསམས་ཀྱི་ཡོད་པ་རེད། མངའ་འོག་ཡིན་སྟངས་དེ་ཨིན་ཇིའི་ཚིག་གསར་པ་ཞིག་བཟོས་ཏེ། རྒྱ་ནག་གིས་བོད་ཐོག་ Suzerainty ཟེར་བ་ཞིག་ཡོད་པ་རེད། Suzerainty ཟེར་བ་དེ་བོད་ཀྱི་ཡིག་ཆ་རྙིང་པ་དག་གི་ནང་མིང་ཙམ་གྱི་དབང་བསྒྱུར་ཞེས་བཏགས་ཡོད་པ་རེད། སྤྱིར་བཏང་Suzeraintyཟེར་བའི་ཚིག་དེ་ཆབ་སྲིད་ཚན་རིག་གི་ཚིག་མཛོད་ནང་ནས་རག་གི་མ་རེད། ཨིན་ཇིའི་གཞུང་གིས་གསར་བཟོའི་ཚིག་ཅིག་ཡིན་པ་འདྲ། མིང་ཙམ་གྱི་དབང་བསྒྱུར་ཞེས་པ་ཚིག་ཅིག་རེད་དེ། མིང་ཙམ་གྱི་དབང་བསྒྱུར་ཟེར་བ་དེའི་ནང་དུ་རྒྱ་ནག་ལ་དབང་ཆ་ག་རེ་ཡོད་མེད་གསལ་བཤད་བྱས་ཡོད་པ་མ་རེད། འགྲེལ་བཤད་བསྐྱོན་ཡོད་པ་མ་རེད། གང་དུ་འཐེན་འཐེན་ཅིག་བཟོས་ཡོད་པ་རེད།
ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འགྲེལ་བཤད་རྒྱབ་པའི་སྐབས་ལ་སོག་པོས་བོད་ལ་ལོ་བཞི་བཅུ་ཙམ་གྱི་དབང་བསྒྱུར་བྱས་རྗེས། ༡༢༦༢ དང ༡༢༦༦ གཡས་གཡོན་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པར་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བ་ནས་བཟུང་སྟེ་བོད་ཀྱི་མངའ་དབང་བསྐྱར་གསོ་བྱུང་བ་རེད། མངའ་དབང་ཟེར་བ་དེ་ཨིན་སྐད་ནང་Sovereignty རེད། དེང་སང་གི་ཚིག་ལ་རང་བཙན་ཡོངས་སུ་རྫོགས་པ་ཞིག་དེ་དུས་བྱུང་བ་རེད། དེ་ནས་བཟུང་སྟེ་ ༡༩༥༡ བར་བོད་ཀྱི་མངའ་དབང་རྒྱ་ནག་དབང་བསྒྱུར་བ་ཚོས་འཕྲོག་མེད་ཅེས་པ་དེ་ང་ཚོའི་འགྲེལ་བཤད་བསྐྱོན་སྟངས་རེད། ཡིན་ནའང། འགྲེལ་བཤད་བསྐྱོན་སྟངས་དེའི་རྒྱབ་ཏུ་བྱུང་རབས་དང་དངོས་དོན། ལས་རིམ་བཅས་ཀྱི་ཐོག་ནས་བདེན་རྟགས་ཤིག་དགོས་པ་རེད། ཨིན་སྐད་ལ་ Evidence ། ཡིག་ཆའི་བདེན་རྟགས། ( Event Evidence གནད་དོན་གལ་ཆེའི་བདེན་རྟགས། ) རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་ཀྱི་བདེན་རྟགས་བཅས་ཀྱི་ཐད་ང་ཚོས་བདེན་རྟགས་གང་ཡང་བསྐྲུན་ཐུབ་ཡོད་པ་མ་རེད། དེ་ལྟར་ལུས་པ་རེད། ༡༢༡༢ །༡༢༡༣ ནས་སོག་པོའི་ཇིང་གི་སི་ཁཱིན་གྱི་དབང་ཤུགས་བོད་ལ་སླེབས་པ་དེ་ཕྱི་ལོ་སྔོན་གྱི་ལོ་རབས་༢༠༠ ནང་མགོ་བཙུགས་པའི་བོད་ཀྱི་མངའ་དབང་དེ་དབང་བསྒྱུར་བྱས་པ་རེད། དབང་བསྒྱུར་བྱས་པ་དེ་བསྐྱར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ནས་མངའ་དབང་མུ་མཐུད་པ་རེད་ཟེར་བ་དེ་ང་ཚོའི་དམ་བཅའ་རེད། དེ་དངོས་ཡོད་གནས་སྟངས་དང་མཐུན་པ་རེད།
ཡིན་ནའང། རྒྱ་ནག་གི་བྱུང་རབས་སྨྲ་བ་ཚོས་དེར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་ཀྱི་སྤྱི་ཁྱབ་ལ་བསྐོ་བཞག་བྱས་པ་རེད་མ་གཏོགས། བོད་ཀྱི་མངའ་དབང་དེ་ཁོང་ལ་སྤྲད་པ་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད། བོད་ཀྱི་མངའ་དབང་འགྲོ་འཕགས་ལ་རྩིས་མ་སྤྲད་པའི་བདེན་རྟགས་ཡོད་པ་མ་རེད་དེ། རྩིས་སྤྲད་པས་བོད་དང་སོག་པོའི་འབྲེལ་བ་འདི་འདྲ་ཆགས་པ་རེད་ཅེས་པའི་བདེན་རྟགས་ཀྱང་ཧ་ཅང་དཀོན་པོ་ཆགས་བསྡད་ཡོད་པ་རེད། བྱས་ཙང་དེའི་ཐོག་ལ་ཕྱོགས་གཉིས་ལ་བཤད་སྟངས་གཉིས་རེད།
ང་ཚོས་ག་དུས་ཡིན་ནའང། རང་བཙན་རྩོད་མཁན་གྱི་ན་གཞོན་དེ་ཚོས་ལྷག་པར་ཏུ་ཤེས་ཡོན་ཅན་དེ་ཚོས་རྒྱལ་སྤྱིའི་ནང་རྙོག་འཛིང་ཡོད་པའི་བོད་ཀྱི་བྱུང་རབས་དེ་གསལ་བོ་བཟོ་དགོས་པ་དང། ཕྱོགས་གཞན་ནས་བཤད་པའི་གནས་ཚུལ་དེ་བདེན་པ་མིན་པ་དང་འཁྱོག་བཤད་ཡིན་པ་ངོས་འཛིན་ཐུབ་རྒྱུའི་བདེན་རྟགས་སྒྲུབ་དགོས་པ་མང་པོ་ལྷགས་བསྡད་ཡོད་པ་རེད་ཅེས་ཞུ་ཡི་ཡོད། དེ་བྱེད་མཁན་དཀོན་པོ་འདུག རང་བཙན་རང་བཙན་ཞེས་ལབ་ནའང་སེམས་ཚོར་ཞིག་གིས་གནས་སྐབས་ཤིག་ལ་མི་འགའི་སེམས་ཚོར་ལ་འགུལ་བསྐྱོད་ཐེབས་སྲིད་ན་མ་གཏོགས། དོན་དམ་རང་བཙན་ལག་ཏུ་ལོན་རྒྱུའི་སྒྲུབ་པ་ཉམས་ལེན་ཐོག་གོམ་པ་ག་ཚོད་སྤོ་ཐུབ་ཀྱི་ཡོད་མེད་བཤད་ཁག་པོ་ཞེ་དྲག་རེད།
༡༩༡༣ ལོར་བོད་དང་སོག་པོའི་བར་མཛའ་བརྩེའི་ཆིས་ཡིག་ཅིག་བཞག་ཡོད་པ་རེད། དེ་ང་ཚོའི་བྱུང་རབས་སྨྲ་པ་ཚོས་བོད་རང་བཙན་ཡིན་པའི་བདེན་རྟགས་ལ་ཧ་ཅང་རྩ་ཆེན་པོ་བྱས་ནས་ངོམས་འཕྱར་བྱེད་པའི་ཐུགས་འདོད་ཡོད་པ་རེད། ཡིན་ནའང། ང་ཚོས་དེ་ངོམས་འཕྱར་བྱེད་གཞི་ཞིག་ཏུ་མཐོང་གི་ཡོད་པ་མ་རེད། གང་ཡིན་ཟེར་ན། ཆིངས་ཡིག་དེའི་སྔོན་བརྗོད་ནང། བོད་སོག་གཉིས་མན་ཇུའི་མངའ་འོག་ནས་བསྡད་པ་རེད། ཡིན་ནའང་ད་ལྟ་རང་བཙན་བྱུང་བ་ཡིན་ཙང་མཛའ་མཐུན་གྱི་ཆིངས་ཡིག་འདི་འཇོག་གི་ཡིན་ཞེས་བཀོད་ཡོད་པ་རེད། དེ་ལ་བོད་སོག་སྐུ་ཚབ་གཉིས་ཀྱིས་མིང་རྟགས་བཀོད་ཡོད་པ་རེད། དེ་ཡིན་དུས་ང་ཚོའི་བྱུང་རབས་དེ་ཡང་བསྐྱར་སྐོར་བ་གཅིག་འཁོར་ཚར་བ་རེད། ཆིངས་ཡིག་དེ་སྦས་བཞག་ན་འགྲིག་གི་ཡོད་པ་མ་རེད། མ་སྦས་ན་རྒྱལ་སྤྱིའི་ནང་གསལ་བཤད་ག་འདྲ་ཞིག་བྱེད་དགོས་ཀྱི་རེད།
དངོས་དོན་ལ་བོད་རང་བཙན་བྱས་ནས་བསྡད་པ་རེད། དེ་ལ་སུ་གང་གིས་ཀླན་ཀ་བཙལ་ཐུབ་ཀྱི་མ་རེད། ང་ཚོའི་མི་ཚེའི་ཉམས་མྱོང་ལའང་རང་བཙན་ཡིན་པའི་བོད་དེ་ཡོད་པ་རེད། ༡༩༥༡ སྔ་རྗེས་ཀྱི་བོད་དེ་ག་འདྲ་ཞིག་ཡོད་མེད་མིག་གིས་མཐོང་ནས་སླེབས་པ་རེད། དེ་མ་ཟད་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་ཤེས་ཀྱི་ཡོད་པ་རེད། ཤེས་ཀྱི་ཡོད་པ་རེད་དེ། ཁོང་ཚོ་དགོས་མཁོ་ཡོད་དུས་རང་བཙན་ཡིན་པར་བརྩི་བ་དང་དགོས་མཁོ་མེད་དུས་བརྩི་ཡི་ཡོད་པ་མ་རེད། ཨིན་ཇིའི་མངའ་འོག་གི་རྒྱ་གར་ནས་བོད་དང་མཉམ་དུ་དམག་འཐབ་བྱས་པ་རེད། གྲོས་བསྡུར་བྱས་པ་རེད། ཆིངས་ཡིག་བཞག་པ་རེད། ཡིན་ནའང་དེ་ཚོའི་ཚང་མའི་སྐབས་ལ་གཙང་མ་གཅིག་ཀྱང་བཟོས་ཡོད་པ་མ་རེད། ༡༩༠༤ ལ་ཨིན་ཇིས་བོད་ལ་བཙན་འཛུལ་བྱས་ཏེ་༧སྐྱབས་མགོན་རིན་པོ་ཆེ་སོག་ཡུལ་ལ་ཕེབས་དགོས་བྱུང་པ་རེད། བཙན་འཛུལ་བྱས་པའི་རྗེས་ལ་དམག་ཕྱིར་འཐེན་རྒྱབ་པ་རེད། དམག་མཚམས་བཅད་པའི་ཆིངས་ཡིག་བོད་དང་རྒྱ་གར་ཨིན་གཞུང་འདྲ་མཉམ་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་བཞག་ཡོད་པ་རེད། སྐབས་དེར་རྒྱ་ནག་གི་ཨམ་བྷན་ཡོད་པ་རེད་དེ། ཨམ་བྷན་ལ་ཆིགས་ཡིག་ཐད་མོས་མཐུན་གྱི་མིང་རྟགས་ཙམ་ཡང་བཀོད་བཅུག་ཡོད་པ་མ་རེད། དེ་དུས་རྒྱ་གར་ཨིན་གཞུང་ལ་བོད་རང་བཙན་དེ་དགོས་ཀྱི་ཡོད་པ་རེད།
དམག་མཚམས་བཅད། དམག་གི་གུན་གསབ་སློག་ཚར་བའི་རྗེས་ལ། ༡༩༡༣ དང ༡༤ ལ་སིམ་ལའི་ཚོགས་འདུ་འཚོགས་པའི་སྐབས་སུ། རྒྱ་གར་ཨིན་གཞུང་གིས་བོད་རང་བཙན་གཙང་མ་ཡིན་པ་ཁས་བླངས་ཡོད་པ་མ་རེད། རྒྱ་ནག་གི་ ( Suzerainty)མིང་ཙམ་གྱི་དབང་བསྒྱུར་བོད་ཐོག་ཡོད་པ་རེད། དེ་ཡིན་ཙང་ང་ཚོ་ཕྱོགས་གསུམ་མཉམ་ཚོགས་གནང་ན་མ་གཏོགས་ཕྱོགས་གཉིས་རྐྱང་པས་འགྲིག་གི་མ་རེད་ཅེས་ལབ་ནས་ཕྱོགས་གསུམ་འཚོགས་པ་རེད། ཆོན་སྦི་ཝེ་ལིས་སམ་ཆོན་སྦི་ཟེར་བའི་རྫོང་དེ་ང་ཚོའི་དམག་གི་གུན་གསབ་ཧིན་སྒོར་འབུམ་དྲུག་སྤྲད་པ་རེད། སྐབས་དེ་དུས་བོད་གཞུང་གིས་དམག་གི་གུན་གསབ་སྤྲོད་དགོས་པའི་ཞལ་འདེབས་སློང་བ་རེད་ཅེས་གོ་མྱོང། གུན་གསབ་མ་སྤྲད་སྔོན་ནས་ཆོན་སྦི་ཝི་ལི་རྩིས་ལེན་ཆོག་ཅེས་རྒྱ་གར་གྱིས་ལབ་རེད། གུན་གསབ་མ་སྤྲད་སྔོན་རྩིས་སྤྲད་ཆོག་གི་རེད་དམ་ཞུས་དུས། གུན་གསབ་པེ་ཅིང་ཕྱོགས་ནས་སྤྲད་སོང་ལབ་རེད། ཁྱེད་ཚོའི་གུན་གསབ་རྒྱ་ནག་གིས་སྤྲད་ཙང་ཆོན་སྦི་ཝི་ལི་སྟོང་པ་བཟོ་ཡི་ཡིན་རྩིས་ལེན་རོགས་ཞེས་ལབ་འདུག
དེ་ཚོ་ཚང་མས་ག་རེ་མཚོན་ཐུབ་ཀྱི་འདུག་ལབ་ན། བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཧ་ཅང་ཉག་ཕྲ་བོ་དང་ཕར་ཕྱོགས་ནས་རྩེད་མོ་ཅི་ལྟར་རྩེད་རྩེད་ཅིག་ཡིན་པའི་གནས་བབ་ཅིག་ཡིན་པ་གསལ་བོ་རེད། དེའི་རྗེས་སུ་སིམ་ལར་ཟླ་བ་ལྔ་དྲུག་རིང་ཚོགས་འདུ་འཚོགས་ནས་མེ་གི་མོ་ཧན་ལན་སའི་བཅད་མཚམས་བཟོ་དགོས་ཀྱི་འདུག བོད་པས་རྒྱ་ནག་གི་མིང་ཙམ་གྱི་དབང་བསྒྱུར་ཁས་ལེན་བྱེད་ཀྱི་མིན་ཞེས་ཤུགས་ཆེན་པོ་བཤད་འདུག ཡིན་ཡང་ཨིན་ཇི་དང་རྒྱ་གཞུང་གཉིས་ཀས་ཁས་ལེན་བྱས་ཡོད་པ་མ་རེད། མཐའ་མ་དེར་རྒྱ་གར་ཨིན་གཞུང་གིས་རྒྱ་བོད་གཉིས་ཀར་གནོན་ཤུགས་སྤྲད་ནས་རྒྱ་གཞུང་གིས་བོད་ཀྱི་ནང་གི་རང་སྐྱོང་ཁས་ལེན་དགོས་པ་རེད། བོད་གཞུང་གིས་རྒྱ་ནག་གི་མིང་ཙམ་གྱི་དབང་བསྒྱུར་ཁས་ལེན་དགོས་པ་རེད་ཅེས་བཤད་དེ་བོད་པས་ཁས་བླངས་པ་རེད། རྒྱ་གཞུང་ནས་ཁས་ལེན་གྱི་ཡིན་ཞེས་བཤད་ཚར་བའི་རྗེས་ལ་ཆིངས་ཡིག་ལ་མིང་རྟགས་དང་ཐམ་ཀ་མ་རྒྱབ་པར་བྲོས་སོང་བ་རེད། དེ་ཡིན་ཙང་ས་མཚམས་གང་མགྱོགས་ཐག་གཅོད་བྱེད་དགོས་པ་རྒྱ་གར་ཨིན་གཞུང་ལ་ཛ་དྲག་ཆགས་ཡོད་པར་བརྟེན། བོད་དང་རྒྱ་གར་ཨིན་གཞུང་བར་ལ་རྒྱལ་ཁབ་གཉིས་ཀྱི་བར་ལ་ཨིན་སྐད་ཐོག( By lateral)ཟེར་བ་དེའི་ཐོག་ནས་ཆིངས་ཡིག་བཞག་པ་རེད། ཡིན་ནའང། དེར་རྔ་མ་ཞིག་བཏགས་ནས་ཆིངས་ཡིག་ཨ་མ་དེར་རྒྱ་ནག་གིས་ཁས་ལེན་མ་བྱས་པར་ས་མཚམས་རྩིས་སྤྲོད་བྱས་པ་སོགས་ལ་སྒུག་གི་ཡིན་ཞེས་བཤད་འདུག སྐབས་དེ་དུས་ས་མཚམས་ལ་རྙོག་དྲ་བྱུང་བ་དེའང་བོད་དང་རྒྱ་གར་གྱི་ས་མཚམས་ལ་རྙོག་དྲ་ཡོད་པ་མ་རེད། མེ་གི་མོ་ཧན་ལན་ཟེར་བ་དེ་བོད་དང་རྒྱ་གར། བོད་དང་རྒྱ་ནག་གཉིས་ཀའི་ས་མཚམས་ལ་ཡོད་པ་རེད། བོད་དང་རྒྱ་ནག་གི་ས་མཚམས་མེ་གི་མོ་ཧན་གྱི་ཐིག་དེ་འགྲིག་གི་འདུག་མི་འདུག་ཟེར་བ་དེའི་ཐོག་རྩོད་པ་རྒྱབ་ནས་རྒྱ་ནག་ཕྱིར་འཐེན་བྱེད་དགོས་པའི་གཞི་རྩ་གཙོ་བོ་གཅིག་དེ་རེད།
དེ་ནས་ད་བར་ལུས་པ་རེད། གནས་བབ་དེ་འདྲ་ཞིག་གི་ནང་ནས་རང་བཙན་ཟེར་བ་དེ་བརྒྱ་ཆ་ལྔ་བཅུ་འདས་པའི་བྱུང་རབས་ལ་བལྟ་དགོས་པ་རེད། བརྒྱ་ཆ་ལྔ་བཅུ་ད་ལྟའི་གནས་བབ་ཀྱིས་བསྐྲུན་ཐུབ་ཀྱི་ཡོད་པ་རེད། རང་བཙན་དོར་དང་མ་དོར་གྱི་སྐད་ཆ་དྲིས་ཡོད་དུས་འདས་པའི་བྱུང་རབས་ནང་རང་བཙན་དེ་ག་དུས་ཡོད་པ་རེད་ག་དུས་ཡོད་པ་མ་རེད། དེ་རིང་དོར་ཞེས་ལབ་པ་ཡིན་ན་ཁ་སང་བར་དུ་ཡོད་དགོས་པ་རེད། བྱས་ཙང་ང་ཚོའི་ངོས་ནས་རྒྱལ་སྤྱིའི་ནང་འབྲེལ་བ་བྱས་པའི་སྐབས་ལ་མཚམས་རེར་ཡིན་པའི་ཟོལ་དང་མཚམས་རེར་མིན་པའི་ཟོལ་འདྲ་བོ་བྱས་ཡོད་པ་དེ་ང་ཚོས་ཅི་ལྟར་གསང་ཐབས་བྱེད་དགོས་པ་རེད།
དེ་རིང་སང་ཉིན་ཧེབ་ཞེ་དྲག་ལངས་ནས་༢༠༡༣ ལོར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་བྱེད་ཀྱི་ཡོད་སྐད་ཐོས། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བོད་རིགས་ཡོངས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དེ་ཡིན་གདའ་ཡིན་བཤད་མ་དགོས་པ་རེད། ཡིན་ནའང། སྐབས་དེའི་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་དེ་རྒྱལ་སྤྱིའི་ནང་ངོམས་སོ་བྱེད་པའི་ཐབས་ཤེས་བྱེད་པ་དང། ལྷག་པར་དུ་༧སྐུ་ཕྲེང ༡༣ པ་ཆེན་པོ་གང་མིན་ཚད་རེད་༧སྐུ་ཕྲེང ༡༤ པ་ཆེན་པོས་གོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་ཞོར་ལ་བསྟན་འདོད་ཀྱི་ཆེད་དུ་བྱས་པ་ཡིན་ན། ཞབས་འདྲེན་རེད། སུ་གང་གིས་ངོས་ལེན་བྱེད་མི་ཐུབ་པའི་བྱེད་བབ་དང་བསམ་ཚུལ། རྣམ་འགྱུར་ཞིག་ཆགས་འགྲོ་ཡི་ཡོད་པ་རེད།
ངས་ག་རེ་གསལ་བོ་བཟོ་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་ཞུས་ན། ང་ཚོ་ ༡༩༥༡ བར་རང་བཙན་ཡིན་པ་དེ་ཚང་མའི་སྙིང་དབུས་ནས་ཁས་ལེན་བྱེད་ཀྱི་ཡོད་པ་རེད། ༡༩༥༡ ཟླ ༥ ཚེས ༢༣ བར་བོད་རང་བཙན་གཙང་མ་ཡིན་པ་དང། དེ་ནས་རང་བཙན་ཤོར་བ་དེ་ང་ཚོའི་བསམ་བློའི་འདུ་ཤེས་དེ་རེད་ལ། ལངས་ཕྱོགས་དང་འཛིན་ཕྱོགས་ཀྱང་དེ་རེད། དེ་འདྲ་སོང་བ་ཡིན་ཙང་རང་བཙན་རྩོད་པ་དེ་ང་ཚོའི་ཐོབ་ཐང་ཡིན་པའང་ཁས་ལེན་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་གང་གི་ཕྱོགས་ནས་བལྟས་ཡིན་ན་ང་ཚོར་རང་བཙན་རྩོད་པའི་ཐོབ་ཐང་ཆ་ཚང་ཡོད་ཅེས་བཤད་བཞིན་དེ་རེད། ཡིན་ནའང། ང་ཚོའི་ལངས་ཕྱོགས་དེར་དེ་བྱུང་རིག་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དང། ང་ཚོའི་བྱེད་ཕྱོགས་མ་འགྲིག་པ་དང་མ་འདང་པ་བྱུང་ཡོད་པ་རྣམས་ཡོ་བསྲང་བྱས་ནས་ང་ཚོས་རང་བཙན་རྩོད་པའི་ཐོབ་ཐང་དེ་རྒྱལ་སྤྱིའི་ནང་མ་བརླག་པ་དང་ཉར་ཐུབ་པའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེར་ཐབས་ཤེས་བྱེད་མཁན་དཀོན་པོ་རེད་འདུག
༼ གསལ་བཤད། བཀའ་སློབ་འདི་ཉེ་ཆར་འདི་ག་ལས་འགུལ་ཁང་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གདན་འདྲེན་ཞུ་སྐབས་གནང་བ་ཞིག་ཡིན་ལ། ད་བར་ལས་བྲེལ་གྱིས་ཡིག་ཐོག་ཕབས་བཤུ་བྱེད་མ་ཐུབ་པ་དགོངས་དག་དང་འབྲེལ། བཀའ་སློབ་ཆ་ཚང་གསན་འདོད་ཡོད་མཁན་ཚོས་གཤམ་དུ་མཚན་དང་ཨིས་མལ་ཁ་བྱང་ཞོག་དང་ཆ་ཚང་བསྐུར་ཆོག གཞན་མཆན་བུ་འདེབས་མཁན་ཚོས་ཚུལ་མཐུན་བགྲོ་གླེང་་མི་གནང་བར་བརྗོད་དོན་དང་འབྲེལ་མེད་དོན་གཞན་རིགས་བཀོད་ཚེ་བསུབ་ཀྱི་ཡིན་པ་བཅས། ཤར་ཕྱོགས་ཁུག་རྟས། ༽
གོ་མིན་ཏང་གི་དུས་སུ་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་རྒྱ་ནག་གཞུང་གི་བྱུས་གཏོགས་འགྲོ་གི་མི་འདུག སྤྱིར་ན་ཟམ་གདོང་སྤྲུལ་སྐུས་གསུངས་པ་བཞིན་རྒྱལ་དབང་སྐུ་ཕྲེང་ཚོ་བསྡུར་ནས་བཟང་ངན་གླེང་ཁུལ་བྱས་ན་ཕན་ཐོགས་ཡོད་མིན་མི་ཤེས། དོན་དངོས་ཡོད་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་འཛམ་གླིང་འཁྲུགས་ཆེན་དང་པོ་མཇུག་དྲིལ་རྗེས་སུ་ཕྱི་འབྲེལ་དང་། ས་མཚམས་བརྟན་སྲུང་། གཞུང་གི་སྒྲིག་འཛུགས་དག་ཐེར། ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་སོགས་ཆབ་སྲིད་ལ་འགན་ཆེན་པོ་ཞིག་བཞེས་ཐུབ་མི་འདུག ཆུ་བྱི་ཞལ་གདམས་སྐད་གྲགས་ཅན་དེ་ཡང་དོན་དུ་ཨུ་རུ་སུ་ནས་དམར་ཤོག་དར་ཁྱབ་བྱུང་ན་གཞུང་གི་དཔོན་རིགས་ཚོའི་གོ་གནས་ལ་ཉེན་ཁ་ཡོད་ཚུལ་དང་། སངས་རྒྱས་ཀྱི་ཆོས་ལུགས་ལ་བར་ཆད་ཡོད་ལུགས་ཙམ་མ་གཏོགས་བོད་མི་མང་གི་ཆབ་སྲིད་རང་དབང་རང་བཙན་ཐད་ལ་གསལ་ཁ་གང་ཡང་གསུངས་མི་འདུག ལྷག་པར་ཡང་པན་ཆེན་རིན་པོ་ཆེ་དང་འགྲས་ཤོར་བ་དེས་གྱོང་ཆེན་པོ་ཐེབས་འདུག ད་རང་བཙན་ནི་ཐོབ་སོང་དགོངས་ནས་ཐུགས་ལྷོད་ལྷོད་མཛད་ཤོར་བ་ཡིན་པ་འདྲ།
སྤྱིར་བཏང་བསམ་འཆར་འགའ་རེ་ཡོད་ཀྱང་གནས་སྐབས་སུ་བཏང་སྙོམས་ངང་འཇོག འོན་ཀྱང་མ་བརྗོད་ཐབས་མེད་ཅིག་ནོ་ འདིའི་ཁ་བྱང་རེད། དེ་ལྟ་ན་ཟམ་གདོང་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་གིས་སྲིད་དབང་བདག་སྐྱོང་གནང་སྟངས་གཙང་མ་མེད་པའི་རྣམ་པ་མཚོན་གི དེ་ནི་ཕལ་ཆེར་ཟམ་གདོང་རིན་པོ་ཆེའི་གསུངས་ཨེ་ཡིན་ན་སྙམ་པའི་དོགས་པ་ཡོད། གལ་སྲིད་ཡིན་ན་བསམ་འཆར་མུ་མཐུད་ནས་ཞུ་རྒྱུ་ཡོད། རྩོམ་སྒྲིག་པས་ལན་ཐོབས། དེ་མིན་ཀློག་གྲངས་ལ་བསམ་བློ་བཏང་བ་དང་རང་སྣང་གང་དྲན་བྱས་པ་ཡིན་ཚེ་མི་འོས་པས་བསྐྱར་ཏུ་བཟོ་བཅོས་གནང་རོགས།
ཁ་བྱང་དེ་རིན་པོ་ཆེའི་གསུང་སྒྲོས་ཡིན་དང་རྩོམ་སྒྲིག་པའི་རང་སྣང་གང་དྲན་ཡིན་དོགས་པ་ཆེ། གསལ་བཤད་ཡོད་ན་དགའ་བསུ་ཞུ། དེ་མིན་གཟུགས་མེད་གྲིབ་བཟོའམ་འཁྱོག་བཤད་རེད།
ཟམ་གདོང་བླ་མས་གསུངས་པ་དེ་ལའང་མི་བདེན་རྒྱུ་མི་འདུག།
སྙོག་ཁྲ་འདི་དག་ཀུན་ཆོས་ལུགས་ནང་ཁུལ་ཐོབ་དབང་རྩོད་རེས་ལ་བརྟེན་ནས་བྱུང་བ་རེད། རང་ཉིད་ཀྱིས་དབང་བསྒྱུར་བྱེད་པའི་ཆེད་དུ་རྒྱ་སོག་ནས་གསེ་ཡིག་གསེར་ཐམ་འཕྱར་ཏེ་མ྄ཐར་བོད་ཕུངས་པ་རེད། དཔེར་ན་ཏ་ལི་བླ་མ་རིམ་བྱོན་དང་ཀརྨ་པ་དང་དེ་བཞིན་བླ་ཆེན་དཔོན་ཆེན་དེ་ཚོ་རེད། ཧུབ་ལི་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པར་དབུ་རྨོག་དང། མིང་རྒྱལ་རབས་སྐབས་སུཀརྨ་པ་རོལ་པའི་རྡོ་ཆེར་བཀའ་ཤོག་དང། ཆིང་རྒྱལ་རབས་སྐབས་སུ་བོད་ཀྱི་སྤྲུལ་སྐུ་ངོས་འཛིནབྱེད་པར་གསེར་བུམ་དང། ཆིང་གོང་མས་ཏ་ལི་བླ་མ་སྐུ་འཕྲེང་ལྔ་པ་དང་སྐུ་འཕྲེང་བཅུ་གཅིག་པར་གནང་བའི་གེར་ཐམ་དང་གསེར་གྱི་འཇའ་ས། མིང་རྒྱལ་རབས་སྐབས་སུ་ཀརྨ་པར་གནང་བའི་བཀའ་ལུང། ལས་སོགས་ཐམས་ཅད་རྒྱ་ནག་གི་ངན་བྱུས་བྱས་པ་ཞིག་ལས་ཡག་ཡག་ལེགས་ལེགས་དེ་འདྲ་རྩ་བ་ཉིད་ནས་མ་རེད། ད་ཆ་རྒྱ་ནག་གིས་བོད་རང་བཙན་མེད་པར་བསྒྲུབ་པའི་འགྲུབ་བྱེད་ཀྱི་དར་ཆ་ཡོད་ན་མེད་ན་དེ་ཚོ་རེད།
ཟམ་གདོང་བླ་མས་རང་བཙན་ལ་དགག་པ་མ་རེད་དྲང་པོ་བཤད་པ་རེད། འདི་དག་གཞོན་སྐྱེས་པ་དག་གིས་ཤེས་དགོས་ངེས་ཞིག་རེད་བསམ། འགའ་ཞིག་གིས་བོད་འཕུང་མཁ་་ཆོས་ལུགས་ཀྱི་མི་སྣ་དེ་ཚོ་རེད་ ཅེས་ཤོད་པ་དེ་ལའང་མི་བདེན་རྒྱུ་མེད། རྒྱུ་མཚནའདི་དག་ལ་བརྟེན་ནས་༧གོང་ས་མཆོག་ནས་ཆབ་སྲིད་ལས་ཟུར་དུ་བཞུགས་པ་རེད། ཡི་་ནའང་། དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་འ྄ཕྱར་ན་ཁྱི་མི་དགའ། ཟེར་བ་ལྟར་ཡིད་ཁར་ཡོང་བ་ཞིག་དཀའ་མོ་རེད།
ལེགས་པོ་བྲིས་འདུག་ལ་ཐུགས་རྗེ་ཆེ་ཞུ། ཉེ་ཆར་རྒྱ་གར་རྒྱ་ནག་གི་ས་རྩོད་སྐོར་གྱི་དེབ་ཞིག་ལག་ལ་འབྱོར་བས་སེམས་ལ་དྲིས་བ་མང་པོ་ཞིག་འཁོར་ཡོད་པ་དེ་དག་ཡང་རིན་པོ་ཆེའི་བཀའ་སློབ་འདི་ནས་མི་ཉུང་བ་ཞིག་གསལ་བོ་བྱུང་ཐུབ་སོང་།
རིན་པོ་ཆེ་མཆོག་གིས་བོད་རང་བཙན་གྱི་གནས་བབ་སྙིང་བསྡུས་གསུངས་པ་ཐུགས་རྗེ་ཆེ། ཨ་རིག་དགེ་མཐོང་ཟེར་བས་བཀའ་སློབ་ཀྱི་དོན་མ་གོ་བར་ཅིག་ལབ་ཀྱི་འདུག སྐབས་འདིར་རིན་པོ་ཆེ་ནས ༡༩༥༡ ཡན་གྱི་ཆབ་སྲིད་ཀྱི་གནས་བབ་གསུང་གི་ཡོད་པ་རེད། མི་ཤེས་ན་ཅིག་འབྲི་གི་མ་བསྡད་ན་འགྲིག་གི་རེད། མགོས་སྙོབས་ས་མི་སྙོབས་ས་ཚང་མར་ཅིག་བཤད་དགོས་པ་དེ་ཡ་མཚན་རེད། མ་གཞི་ནས་གནད་དོན་འདི་རིགས་བྱུང་རབས་སྨྲ་པ་ཚོས་ཀྱང་ལག་ལ་ལོན་པའི་གནས་སྟངས་ཤིག་མིན་ཙང། གླེན་པ་ཞིག་གིས་ག་བ་ཡོང་གི་རེད།།།
དོམ་ཚིག་བརྒྱབ་ན་རྩོམ་ཡིག་འདི་ད་རེས་འདིར་བཀོད་པ་ལ་རྒྱུན་མཚན་ཆེན་པོ་ཡོད་ངེས་དོན་དུ་སྔ་མོ་ནས་རང་བཙན་མ་ཡིན་པ་ཞིག་སྒྲུབ་ཐབས་ཡིན་པ་འདྲ་དེས་བོད་དོན་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་མིན་ཐོག་བསམ་ཚུལ་རེ་ཡོད་ན་ཕན་རླབས་ཆེ་བར་འདོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་ནང་གི་ལས་འགུལ་ཤུགས་ཆེར་རྟེན་བཙན་བྱོལ་སྤྱི་ཚོགས་ཀྱི་མཐུན་སྒྲིག་དང་ཕན་ཚུན་བསམ་ཤེས་ཇི་ཆེར་འགྲོ་བཞིན་པའི་སྐབས་དེར་རྩོམ་ཡིག་འདི་ལྟ་བུའི་ནུས་པ་ཇི་འདྲ་ཞིག་ཆགས་ཡོང་བསམ་པའི་བློ་དོག་རང་བཞིན་གྱིས་སྐྱེས། ད་ལྟ་གནས་སྐབས་རིང་ལངས་ཕྱོགས་དང་ལྟ་བའི་འཐབ་རྩོད་འདོར་ཏེ་བོད་ནང་གི་རླབས་ཆེན་སྐུ་ལུས་མེར་མཆོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་སླེབས་ཐུབ་པ་དང་དེའི་ནུས་པ་གསལ་སྟོན་ཐུབ་པར་བོད་མི་སྤྱི་སྒེར་ཡོངས་ནས་འབད་བརྩོན་གནང་གལ་ཤིན་ཏུ་ཆར་བར་སོང་དེ་དོན་ཚང་མའི་དགོངས་མངའ་ཡོང་བའི་རེ་འདུན་ཞུ་རྒྱུ།
རྡོ་རྗེ་འབོད་པའི་བྱིས་པ་བསམ་མེད་འདིས་ཅང་མི་ཤེས་པ་མ་ཟད། བོད་ཀྱི་ཡི་གེ་ཀློག་ཀྱང་མི་ཤེས་པ་འདྲ། ངས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུང་དེ་འགྲིག་མི་འདུག་ནམ་ཡང་ལབ་མེད། ཁ་བྱང་དེ་ཁོང་གིས་གསུངས་ཡིན་མིན་ཙམ་དྲིས་པ་ཡིན།
ཨ་རོ། ཨ་ཁུ་དགེ་མཐོང། ཁྱེད་ནས་དང་པོ་ཆ་ཚང་ཅིག་ཀློག དེ་ནས་སྐད་ཆ་ཤོད་དང། ཁ་བྱང་དེ་བརྗོད་དོན་ནང་གསལ་བོ་ཤར་འདུག
རིན་པོ་ཆེའི་་དྲང་བདེན་གི་གསུང་དེ་ང་ཚོ་གོ་གཏོག་ཆེན་པོ་མེད་པའི་མི་་ལ་ཕན་འབྲས་ཆེན་པོ་ཚོར་སོང།
ཁ་བརྡ་ཚང་ལ་ཞུ་རྒྱུར། འདི་འདྲའི་རྩོམ་ཡིག་སྤེལ་བ་ཐུགས་རྗེ་ཆེ་ཞུ། འདིའི་རིགས་ཀྱིས་ང་ཚོ་ཚང་མ་ལ་བློ་སྒོ་འབྱེད་ཡོང་དུས་ངོས་ནས་དགའ་བསུ་ཞུ། ལྷག་པར་དུ་བདག་གིས་རྩོམ་ཡིག་འདི་ཨེ་ཇེབ་Egypt ཀློག་རྒྱུ་བྱུང་བས་ན་དགའ་བོ་བྱུང་སོང་།
ཟམ་གདོང་རིན་པོ་ཆེས་ཡག་པོ་གསུངས་འདུག དེའི་ནང་ང་ཚོས་བསམ་བློ་གཏོང་དགོས་ས་དང་ལས་ཀ་གང་སྒྲུབ་དགོས་པ་མང་པོ་གསུངས་འདུག ལྷག་པར་རང་བཙན་དོན་གཉེར་བ་ཚོས་བསམ་དགོས་ས་དང་བྱེད་ས་དགོས་ས་མང་པོ་འདུག
དྲ་གྲོགས་ཚོ། གོང་གི་མཁན་དབང་ཟོམ་གདོང་རིན་པོ་ཆེས་གསུངས་པའི་ནང་(ལྷག་པར་དུ་༧སྐུ་ཕྲེང ༡༣ པ་ཆེན་པོ་གང་མིན་ཚད་རེད་༧སྐུ་ཕྲེང ༡༤ པ་ཆེན་པོས་གོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་ཞོར་ལ་བསྟན་འདོད་ཀྱི་ཆེད་དུ་བྱས་པ་ཡིན་ན། ཞབས་འདྲེན་རེད། )འདི་སྐོར་འབྲེལ་བཤད་ཅིག་གནང་རོགས། དེང་སང་༧གོང་ས་མཆོག་ཐུགས་ཕམ་བྱུང་བའི་གནད་དོན་ཞིག་བྱུང་བ་དེའི་སྐོར་རེད་དམ། ལེགས་པོ་ཞིག་གོ་བ་བྱུང་མ་སོང་དགོངས་དག།
གོང་གི་བཀའ་སློབ་ནང་(བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་བོ་ཞིག་རྩ་བ་ནས་ཡོད་པ་རེད།)ཞེས་པ་ཞིག་འདུག་པ་དེར་ཤར་ཁུག་གིས་བཟོ་བཅོས་ཕྲན་བུར་མཛད་ནས་རྩོམ་གྱི་ཁ་བྱང་དུ་བཀོད་ཡིན་པ་འདྲ།
ཟམ་གདོང་རིན་པོ་ཆེ་རྣམ་དཔྱོད་ཅན། མཁས་མཛངས་གཉིས་ལྡན་གྱི་བླ་མ་བསམ་གྱིས་མི་ཁྱབ་རེད། འདས་བའི་དུས་ཚོད་ནང་ལ་ཡང་བོད་མི་རིགས་ཀྱི་རྩ་དོན་ཆེད་དཀའ་ལས་གང་བརྒྱབ་པ་དེ་གསལ་བོ་རེད། དེ་ག་ནང་བཞིན་སླད་ཡང་བོད་མི་རིགས་ཀྱི་ཡིད་སྟོན་བྱེད་ས་དང་བློ་འདུན་འཁེལ་སའི་རིན་པོ་ཆེ་བཞིན་རྟག་བརྟན་འགྱུར་མེད་སྒོས། བོད་སྤྱི་བའི་རྩ་དོན་ཆེད་རམ་འདེགས་དེ་ཡོང་རེ་ཤིན་ཏུ་ནས་ཆེ།
གཙོ་དོན་་་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་མོལ་ལྟར། ང་ཚོའི་བོད་རྒྱལ་ཁབ་དེ་སྲིད་པ་ཆགས་ནས་རང་བཙན་བློས་གཏོང་གི་ཉིན་མོ། སྤྱི་ལོ༡༩༥༡ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་དུས་སྐབས་འདི་ཆགས་བསྡད་ཡོད་ཙང་། ཉིན་མོ་འདི་ལ་ཕྱོགས་གཅིག་ནས་མྱ་ངན་བྱེད་དགོས་བ་དང་། ཕྱོགས་གཞན་ནས་་་པེ་ཅིན་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལག་ལེན་ལ་འདེབས་ཐུབ་ཀྱིན་མེད་སྟབས་རང་དབང་སླར་གསོ་བྱེད་དགོས་བ་ཞིག་ཆགས་ཡོད། སྤྱིའི་ཆ་ནས་ཆངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་མོ་ནས་བཟུང་པེ་ཅིན་གཞུང་གིས་བོད་འདི་ལ་རང་སྐྱོང་སྤྲད་ཡོད་པའི་ཁུལ་རེད། འོན་ཀྱང་། ད་ལྟའི་བར་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྒྱ་ནག་གཞུང་གི་ངོས་ལེན་གཙང་མ་ཞིག་བྱེད་ཐུབ་ཀྱིན་ཡོད་བ་མ་རེད།
དེ་སྔོན་ཕྱི་དྲིལ་དྲུང་ཆེ་བསྟན་པ་བསམ་མཁར་ལ་བཅར་འདྲི་ཞིག་བྱས་བའི་ནང་ཚན་དུ། ༼ལོ་བཞི་བཅུ་འམ་ལྔ་བཅུའི་ཡར་སྔོན་ལ་བོད་འདི་རང་བཙན་རེད། དེ་ལ་བོད་གཞུང་ཡིན་ནའང་འདྲ་བོད་མི་སུ་ཡིན་རུང་། བོད་འདི་རང་བཙན་མ་རེད་ཟེར་ན་སྐྱག་རྗུན་ཆེན་པོ་རེད། དངོས་ཡོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་བཟོ་བཅོས་རྒྱག་ཐུབ་པ་ཞིག་མ་རེད།༽ཞེས་བཀའ་མོལ་འདི་འདྲ་རེ་བྱུང་མྱོང་བ་རེད། དེར་བརྟེན་འདས་བའི་ལོ་རྒྱུས་དེ་ལོ་རྒྱུས་རང་བྱས་ནས་བཞག་ན་འགྲིག་གི་འདོད།
་་་་ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བོད་རིགས་ཡོངས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དེ་ཡིན་གདའ་ཡིན་བཤད་མ་དགོས་པ་རེད། ཡིན་ནའང། སྐབས་དེའི་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་དེ་རྒྱལ་སྤྱིའི་ནང་ངོམས་སོ་བྱེད་པའི་ཐབས་ཤེས་བྱེད་པ་དང། ལྷག་པར་དུ་༧སྐུ་ཕྲེང ༡༣ པ་ཆེན་པོ་གང་མིན་ཚད་རེད་༧སྐུ་ཕྲེང ༡༤ པ་ཆེན་པོས་གོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་ཞོར་ལ་བསྟན་འདོད་ཀྱི་ཆེད་དུ་བྱས་པ་ཡིན་ན། ཞབས་འདྲེན་རེད། སུ་གང་གིས་ངོས་ལེན་བྱེད་མི་ཐུབ་པའི་བྱེད་བབ་དང་བསམ་ཚུལ། རྣམ་འགྱུར་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། ་་་་་ཟེར།
འོན་ཀྱང་།
གོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་་་་ ཞེས་པ་ཀོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་་་་་ཞེས་འབྲི་དགོས་སྙམ་ལགས། ཀོ་བའི་ཐག་པ་ལ་གོ་དགོས་པས་སོ། །
དངོས་ཐོག་བདེན་འཚོལ་ཟེར་དུས་དངོས་གནས་འདི་འདྲ་ཡིན་པ་འདྲ།
དེ་སྔ་དུས་རབས་མང་པོའི་སྔོན་ལ་འཛམ་གླིང་རྒྱལ་ཁབ་མང་པོར་རང་བཙན་ཡིན་པ་ཁུངས་བསྐྱེལ་ཡོད་མ་རེད། དཔེར་ན་རྒྱ་གར་ལྟ་བུ་དབྱིན་ཇིའི་མ་བཟུང་གོང་རྒྱལ་ཕྲན་ཆུང་ཆུང་ཚང་མ་རང་བཙན་ལྟ་བུ་ཡིནའང་ཁུངས་བསྐྱེལ་གང་ཡང་ཡོད་མ་རེད། ཕྱིས་སུ་རྒྱ་གར་ཡོངས་རྫོགས་རང་བཙན་ལ་ཤུགས་རྒྱབ་རེད། རང་བཙན་རག་ཡོད་རེད། དཔེ་དེ་བཞིན་དུ་བོད་དེ་ཡང་དེ་སྔ་དེ་འདྲ་རེད། དུས་ཕྱིས་༧གོང་ས་བཅུ་གསུམ་པའི་རང་བཙན་གསལ་བསྒྲགས་གནང་བ་རེད།
རྒྱལ་སྤྱི་དང་རྒྱ་ནག་ལ་རེ་བ་འཆའ་བ་ལས་རང་ངོས་ནས་གཞན་གྱིས་ཁས་ལེན་དགོས་པ་ཞིག་བཟོ་བའི་བསམ་བློ་ཟམ་གདོང་སྤྲུལ་སྐུ་ལ་ནམ་ཡང་མེད། སྐད་ཆ་རིང་པོ་འདིའི་མགོ་མཇུག་བར་གསུམ་ཧྲིལ་གྱིས་དྲལ་ན་དེ་འདྲ་ཞིག་རེད། ཁོང་ད་དུང་གྷན་དྷིའི་རྗེས་འཇུག་རྣལ་མ་ཞིག་ཡིན་ཁུལ་བྱེད། འདི་གྷན་དྷིའི་ལྟ་གྲུབ་དང་མཐུན་ནམ། རྒྱ་ནག་ལ་ངོ་རྒོལ་མ་བྱེད། རྒྱ་ནག་གི་དར་ཆ་མ་བསྲེགས། རྒྱ་ནག་ལ་ཁོང་ཁྲོ་མ་སློང་། ཁོའི་སྐད་ཆ་གནའ་ནས་འདི་འདྲ་རྐྱང་རེད།
གང་ལྟར་དེའི་ནང་ན་བསམ་བློ་གཏོང་དགོས་ས་མང་འདུག
༡༩༡༣ ལོར་རང་བཙན་གསལ་བསྒྲགསས་བྱས་པ་དང་གཅིག ༡༩༥༡ ལོར་རང་བཙན་ཡོངས་སུ་ཤོར་བ་དང་གཉིས་པོ་འདི་ནི་ཧ་ཅང་གནད་འགག་ཅིག་རེད། ༡༩༡༣ ལོར་རང་བཙན་གསལ་བསྒྲགས་སྤེལ་བ་དེས་དེའི་ཡར་སྔོན་ལ་རང་བཙན་མིན་པ་དོན་གྱིས་ཁས་བླངས་འདུག་ལ། ༡༩༥༡ ལོར་སླར་ཡང་རང་བཙན་ཤོར་བ་དེས་བསྟུད་མར་ཐེངས་གཉིས་ཤོར་བ་རེད། དེའི་སྐབས་ཀྱི་བོད་དེའང་དོན་དངོས་ཐོག་གང་འདྲ་ཞིག་ལ་ངོས་འཛིན་པ་རེད་དམ། འདི་ལྟར་བསམ་ཞིང་བསམས་ན་ང་ཚོ་གཡོལ་ནས་འགྲོ་སའི་ས་དེ་གང་ཞིག་ཡིན་ནམ། དེ་ལས་གཡོལ་ནས་དེའི་བར་གསེང་ནས་འགྲོ་སའི་ལམ་གཞན་ཡོད་དམ། གལ་སྲིད་གཞན་ཡོད་ན་དེ་ཇི་ལྟར་འཚོལ་དགོས་སམ། གང་དུ་འཚོལ་དགོས་སམ། ཟམ་གདོང་རིན་པོ་ཆེའི་གསུང་ལ་དཔག་ནའང་ཕལ་ཆེར་ཨུ་ཚུགས་བྱེད་རྒྱུ་ཙམ་ལས་ཅང་ལྷག་མེད་པའི་བཟོ་འདྲ་ཞིག་མཐོང་སོང་།
དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་དབུ་མའི་ལས་འགུལ་ཚང་གིས་ད་དུང་རང་བཙན་དང་དབུ་མའི་རྩོད་པའི་འཁོར་ལོ་སྐོར་བཞིན་འདུག སྐུ་མཁྱེན་ཁུག་རྟ་ལགས། མ་མཐའ་ཡང་གནས་སྐབས་རང་སྐད་ཆ་དེ་ཚོ་མཚམས་འཇོག་རོགས། དེ་ལས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་རེ་སྤེལ་རོགས། དཔེ་ཆུང་ས་ནས། ཁྱེད་ཚོས་ལས་འགུལ་ཁང་གིས་ཀྱང་མར་མེའི་ཁྲོམ་སྐོར་ཙམ་རེ་ད་གོ་སྒྲིག་བྱེད་ཐུབ་རྒྱུ་རེད། ད་ལྟའི་དུས་ཚོད་འདི་ངེས་པར་དུ་ང་ཚོའི་རང་ཉིད་ཀྱི་མཐུན་ཕྱོགས་ནས་མང་ཙམ་གླེང་དགོས་ཀྱིན་འདུག
ཟམ་གདོང་རིན་པོ་ཆེས་ཁོང་གིས་སྲིད་བསྐྱངས་བའི་རིང་ལ་བོད་རྒྱ་ལག་ལ་ཡོངས་སུ་སྐྱེལ་འཕྲོས་ལུས་པ་ད་དུང་མཇུག་སྐྱོང་འདོད་པ་འདྲ། ཆབ་སྲིད་ཀྱི་ཁྲི་ལས་བབ་ཟིན་པས་ད་ནི་འདི་འདྲ་ཞིག་གསུངས་བཞིན་བསྡད་ངོ་མ་མི་འགྲིག་གི་ཡ། ལོ་ཉི་ཤུའི་སྔོན་གྱི་ངས་ཁོང་ལ་བཞག་པའི་གུས་བརྩི་དེ་འདི་ལྟར་གྱུར་སོང་། ཧ་ཡ་ཡ་ཡ་ ་་་
ཤར་ཁུག་ལགས་ཁྱོད་ལ་གངས་རིའི་ཕར་ཕྱོགས་ནས་ཟླ་རེར་གླ་ཆ་ག་ཚོད་རག་གི་ཡོད་དམ། ཁོང་གི་གསུང་རེ་རེ་ནས་ལན་འདེབས་བསམ་མོད་གནས་སྐབས་བློ་རྣལ་དུ་མི་ཕོབས་པས་འདུན་པ་མི་འདུག
ཨོ་དྲ་གྲོགས་ཤར་ཁུག་ལགས།
ཁྱེད་ཀྱིས་ཡི་གེ་དམར་པོ་དེ་སྔོན་ལ་མཐོང་མ་སོང་།
གཤམ་དུ་ངས་གློག་འཕྲིན་ཁ་བྱང་བཞག་ཡོད། ཁོང་གི་བཀའ་སློབ་དེ་གཅིག་སྐུར་རོགས། ཚང་མ་ཞིབ་པར་ཀློག་པའི་དུས་ཚོད་མི་འདུག་པས་ཉན་འདོད་ཡོད།
njamtsul@yahoo.com
ང་ཚོས་གཞན་གྱི་ནོར་འཁྲུལ་ལ་སྐྱོན་བརྗོད་མ་བྱེད་གོང་གི་ནོར་འཁྲུལ་དེ་སྔོན་ལ་ཁས་ལེན་དགོས།
ང་ཚོས་གཞན་གྱི་ནོར་འཁྲུལ་ལ་སྐྱོན་བརྗོད་མ་བྱས་གོང་རང་གི་ནོར་འཁྲུལ་དེ་སྔོན་ལ་ཁས་ལེན་དགོས།
སྤྱི་ལོ་༡༩༡༤ ལོའི་བོད་རྒྱ་ཨིན་གསུམ་གྱི་སིམ་ལའི་ཆིངས་ཡིག་སྐབས་སུ་བོད་གཞུང་སྐུ་ཚབ་ནས་རྒྱ་ནག་གཞུང་ལ་བོད་ཐོག་མིང་ཙམ་གྱིས་དབང་བསྒྱུར་ཐོབ་དབང་ཡོད་པར་ངོས་ལེན་གནང་བ་རེད།
སྤྱི་ལོ་ ༡༩༥༡ ལོའི་ཟླ་ལྔ་བའི་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་བོད་གཞུང་སྐུ་ཚབ་ནས་བོད་ནི་རྒྱ་ནག་གི་ཁྱབ་ཁུངས་རང་སྐྱོང་མངའ་སྡེ་ཞིག་ལ་ཁས་ལེན་བྱས་པ་རེད།
སིམ་ལའི་ཆིངས་ཡིག་སྐབས་རྒྱ་ཕྱོགས་ནས་བོད་ལ་ཕྱི་ནང་གཉིས་སུ་དབྱེ་བ་ཕྱེས་ནས་འབྲི་ཆུ་ཕན་ཆད་བོད་ཕྱི་མ་དང་། འབྲི་ཆུ་མན་ཆད་བོད་ནང་མར་དབྱེས་སྐབས་བོད་ཀྱི་སྐུ་ཚབ་ནས་ངོ་རྒོལ་གང་ཡང་མེད་པར་མོས་མཐུན་གནང་བ་རེད།
དེ་རིང་གི་ང་ཚོའི་སྐད་ཆ་ཚང་མ་ལོ་ལྔ་བཅུ་དང་ལོ་བརྒྱ་ཡི་གོང་གི་སྐད་ཆ་དེ་ཚོའི་རྒྱུན་མཐུད་ནས་ཡོད་ཅིག་ཡིན།
ཟམ་གདོང་བླ་མས་བོད་ཀྱི་ཆབ་སྲིད་ལ་ཇུས་གཏོགས་དང་གཏམ་བཤད་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ང་ཚོས་གཞན་ལ་སྐད་ཆ་ཤོད་སྐབས་རང་གིས་ཅི་ཞིག་བཤད་ཡོད་པ་དེ་ཡང་མ་བརྗེད་པར་བྱེད་དགོས།
ཨ་མཆོད་ལགས། ཁྱེད་དེ་འདྲའི་ངར་དགོས་དོན་མི་འདུག་ལ། ཁུག་རྟ་ལ་ཚིག་ངན་དེ་འདྲ་ལབ་དགོས་དེ་བས་མི་འདུག ཁྱེད་རང་ཟེར་ན་རྩོམ་པ་པོའི་གནས་ཚུལ་དེ་ཚང་མ་གསང་བ་བྱེད་དགོས་རེད་གསུང་གི་ཡོད་བས།
བཀྲིས་རྒྱལགས་ག་རེ་བྱས་ནས།
མཆན་བུ་འདེབས་མཁན་འདི་ཚོ་དངོས་ནས་ཐོམ་བསྡད་པའི་བཟོ་ཞིག་འདུག ག་གེ་ཡང་མགོ་ཚོས་ཀྱིན་མི་འདུག
བོད་རང་བཙན་ཡིན་མིན་གྱི་སྐོར་ལ་རྒྱ་ནག་དང་ཟམ་གདོང་གི་བཤད་སྟངས་ལ་ཁྱད་པར་ག་རེ་འདུག་་་་་་རང་ཚུགས་དང་འཚོར་བ་མེད་པའི་མི་ཚོས་ཉན་སྲིད་ཀྱང་། ཟམ་གདོང་ཐག་ཉེ་ཞིག་ཏུ་སླེབས་ནས་ཁ་རྒྱག་པ་བཤད་ན་ངས་ལྷམ་ཀོཀ་གཡུག་རྐྱང་ཡིན།
ཡོན་རྒྱལ་རབས་དེ་ཡང་རྒྱ་མི་ཚོས་འདོད་པ་ལྟར་རྒྱ་ནག་ལ་དབང་བ་ལྟ་བུ་ཞིག་ལ་ངོས་བཟུང་ན་རྒྱུ་མཚན་ཡོད་པ་མ་རེད། ། སོག་ཡིག་ཐོག་ཡོན་ཆེན་པོ་སོག་པོའི་རྒྱལ་ཁབ་ཅེས་འཁོད་པ་བཞིན་དེ་ནི་སོག་པོས་བཙུགས་པའི་སྲིད་གཞུང་ཞིག་ཡིན་ལ། སྐབས་དེ་དུས་རྒྱ་མི་རྣམས་སོག་པོའི་འོག་ཏུ་ཡོངས་སུ་ཚུད་མོད་བོད་དེ་ལྟར་གྱུར་མེད་ལ་ཕྱིས་འགྲོ་མགོན་ཆོས་འཕགས་སྐབས་ཆོལ་ཁ་གསུམ་གྱི་དབང་རིས་ཡོང་རྫོགས་ཚུར་ལོག་ཡོད། དོན་དངོས་འདི་ཁོ་ནའི་ཐད་ནས་བཤད་ན། རྒྱ་ནག་ནས་བོད་འདི་ཡོན་རྒྱལ་རབས་སྐབས་ནས་རྒྱ་ཁོངས་སུ་ཚུད་ཡོད་ཟེར་ན་ང་ཚོས་ཕར་། ཁྱོད་ཚོ་ངོ་ཚ་ཡི་མི་འདུག་གམ། སོག་པོའི་དབང་སྒྱུར་སྐབས་ང་ཚོའི་གནས་བབས་ཁྱོད་ཚོ་ལས་ཞེ་དྲག་ལྷགས་པ་མ་རེད་དམ། ཁྱོད་ཚོ་སྐབས་དེའི་རིང་རྒྱལ་ཁབ་དངོས་སུ་ཤོར་བ་དང་སོག་པོའི་བྲན་གཡོག་ཏུ་གྱུར་མོད་ང་ཚོ་སྐབས་དེ་དུས་སོ་སོའི་རྒྱལ་ཁབ་སོ་སོས་སྐྱོང་བཞིན་ཡོད་ཅེས་ལབ་དགོས་ལ་དོན་དངོས་ཡང་དེ་ལྟར་རེད། འདི་ནི་དཔེ་མཚོན་ཙམ་དང་ཞུ་འདོད་པ་ཞིག་ནི། བོད་ཀྱི་བདེན་པ་རྩོད་པའི་སྐབས་སུ་རྒྱ་ནག་ནས་བཟོས་པའི་ལོ་རྒྱུས་སྒྲོམ་གཞི་དེའི་ནང་ནས་ཚུར་ཐོན་ཏེ་གནས་ལུགས་གཤེར་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྤུར་རྒྱལ་གཉའ་ཁྲི་ནས་བློ་བཟང་སེང་གེ་བར་དུ་ལོ་ངོ་སྟོང་ཕྲག་འགའ་ཡི་ལོ་རྒྱུས་ཡོད་པའི་ཆེན་པོ་བོད་ཀྱི་རྒྱལ་ཁབ་འདི་ལ་རང་གི་བྱུང་རབས་གཙང་མ་ཞིག་མི་འདུག་གསུངས་ན་ཐལ་དྲགས་པ་དང་། ལྷགས་པར་དུ་རང་བཙན་བསྒྲུབ་བྱེད་མི་འདུག་བསམ་ན་དེ་བས་ཐལ་དྲག་པར་འདོད། ད་ལྟ་ང་ཚོས་རང་སྐྱོང་དང་རང་བཙན་གང་རྩོད་ཀྱང་ང་ཚོ་ལ་མ་ཚང་བ་ནི་ལོ་རྒྱུས་ཀྱི་བདེན་དཔང་མ་ཡིན་པར། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས་སོགས་བོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གྱི་སྟོབས་ཤུགས་ཤིག་གིས་འདང་གི་མེད་པར་སྙམ།
དྲ་གྲོགས་རྣམ་པ་ཚོས་མཁྱེན་གི་ཡོད་དམ། གོང་གི་བཀའ་ཟུར་ཟམ་གདོང་ཚང་གི་བཀའ་སློབ་འདིར་དྲངས་དགོས་པའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཤར་ཁུག་གིས་འདིར་སྤེལ་བ་རེད། ཤར་ཁུག་གིས་བློ་འདོན་གནང་། དབུ་མའི་ལམ་ལས་འགུལ་ཁང་གིས་གོ་སྒྲིག་བྱས། ཟམ་གདོང་བླ་མ་ལག་སྣེ་དེད་དེ་གསོག་སྒར་སློབ་གྲྭའི་གསར་འབྱོར་བ་ཚོར་བོད་རྒྱ་ཁོངས་ཡིན་པར་སྒྲུབ་པའི་སྒྲུབ་བྱེད་ཀྱི་ལོ་རྒྱུས་རགས་བསྡུས་རྙོག་འཛིང་ཅན་ཞིག་ངོ་སྤྲོད་གནང་བ་རེད། དེ་མིན་ན་བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་གཙང་མ་མིན་པ་རྐྱང་རྐྱང་ངོ་སྤྲོད་གནང་དགོས་པ་ག་རེ་རེད། བོད་ཀྱི་ལོ་རྒྱུས་ནི་ཧ་ཅང་རྒྱ་ཆེན་པོ་རེད་དེའི་ནང་ནས་ལོ་རྒྱུས་དང་བྱུང་རབས་མི་གཙང་བ་དང་། མི་གསལ་བའི་སྐོར་བཏུས་ནས་བཤད་དགོས་པ་ནི་བསམ་བཟོས་གསར་འབྱོར་སློབ་ཕྲུག་ཚོར་བག་ཆགས་ངན་པ་འཇོག་པའི་ཆེད་དུ་རེད། ཁོང་ཚོའི་དམིགས་ཡུལ་གསལ་བོ་རེད། མདོར་བསྡུས་ནས་ཁ་གསལ་བོ་བྱས་ནས་བཤད་ན་ཁོང་ཚོས་སློབ་གསོ་ག་རེ་རྒྱག་གི་ཡོད་པ་རེད་ཟེར་ན། ཁྱེད་རང་ཚོས་བོད་རང་བཙན་ལ་བསམ་བློ་མ་གཏོང་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་ཞིག་མ་རེད། དེར་བརྟེན་ཁྱེད་རང་ཚོས་བོད་རང་བཙན་མ་རྩོད། གལ་ཏེ་རྩོད་མཁན་རེ་ཡོད་ཚེ་ཁ་ཚུམས་ལ་སྡོད། ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྩོད་ས་འགྲོ་གི་མ་རེད་ཟེར་གི་ཡོད་པ་རེད། ནང་དོན་རྡོག་རྡོག་པོ་འདི་རེད། འད྄ིའི་དམིགས་ཡུལ་ག་རེ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་རྩ་མེད་ཤུལ་མེད་དུ་གཏོང་འདོད་པ་དེ་རེད། འདིའི་སློབ་གསོ་ནི་ཏང་གི་སློབ་གསོའི་མཐུན་ཕྱོགས་རེད། ཀྲུང་གོ་གུན་ཁྲན་ཏང་ལ་དགོས་པའང་འདི་རེད། ད་མཁྱེན་སོང་ངམ། །
ངས་གོང་གི་ལབ་པ་དེ་མིན་ན་དུས་སྐབས་འདི་འདྲ་ཞིག་ལ་ཟམ་གདོང་བླ་མར་གསུང་བཅུག་སྟེ་ཤར་ཁུག་གིས་བསྒྲགས་དགོས་ཡོད་པ་མ་རེད། ཟམ་གདོང་བླ་མ་ལོ་རྒྱུས་ལ་ངེས་ཆ་ཞེ་པོ་ཅིག་ཡོད་ན་ད་ལྟ་བར་དུ་སུས་ཁ་བཀག་ནས་བསྡད་པ་རེད། ཆབ་སྲིད་ཀྱི་འཁྲབ་སྟོན་ཟེར་ན་འདི་འདྲ་ཟེར་གི་ཡོད་པ་རེད། ཞེ་སུན་པ་དང་། ཡིད་མུག་པ། བློ་ཕམ་པའི་ཟློས་གར་མ་འཁྲབ་རོགས།།
གལ་ཏེ་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་རྣམས་གཙང་མ་དང་གསལ་བོ་ཞིག་མིན་ན། བོད་རྒྱ་ཁོང་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་རྣམས་གཙང་མ་དང་གསལ་བོ་ཞིག་དེ་བས་ཀྱང་མེད་པ་ནི།
རྒྱ་གཞུང་གིས་ནུས་ཤུགས་ཡོད་དགུས་ལོ་ནས་ལོ་བསྟུད་དེ་རྫུན་སྒྲིག་བྱས་པའི་ཡིག་ཆ་ཁག་ལ་ལེགས་པར་ལྟོས་དང་ཧ་ཅང་གསལ་བོ་རེད།
ང་ཚོས་ཤེས་དགོས་པ་ཞིག་ནི། རྒྱ་མིས་བོད་ལ་བཙན་འཛུལ་དང་བཙན་བཟུང་བྱས་པ་ནི་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་ཡིག་ཆ་གཙང་མ་མེད་པས་མ་རེད།
བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་དང་།
བོད་རང་བཙན་ཡིན་པའི་བྱ་འགུལ་གྱི་དཔུང་(Event Evidence)རྟགས་དང་།
བོད་རང་བཙན་ཡིན་པའི་རྒྱལ་སྤྱིའི་འབྲེལ་ལམ་གནད་དོན་གལ་ཆེའི་བདེན་རྟགས་དང་།
བོད་རང་བཙན་ཡིན་པའི་དཔུང་རྟགས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐད་ང་ཚོ་ལ་བདེན་རྟགས་གསལ་རྒྱས་པ་མང་པོ་ཞིག་མནའ་ནས་ད་བར་ཡོད་ཡོད་པ་རེད།
འོ་ན་རྒྱ་གཞུང་གིས་བོད་ལ་ཁྲིམས་འགལ་སྒོས་བཙན་འཛུལ་དང་བཙན་བཟུང་བྱེད་དོན་གང་ཡིན་ཟེར་ན། དེ་ནི་འདོད་རྔམས་ཀྱི་ཀུན་སློང་དང་ངོ་ཚ་ཁྲེལ་མེད་ཀྱི་དྲག་སྤྱོད་ལ་བརྟེན་ཏེ།
བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་ནས་བོད་ཡུལ་འདི་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་མི་རྣམས་རྒྱ་མིའི་བྲན་གཡོག་ཏུ་བྱས་ནས་བོད་ཀྱི་རྩ་ཆེའི་གཏེར་དངོས་ཡོངས་རྫོགས་རྐུ་འཕྲོག་བྱེད་སླ་བའི་ཆེད་ཁོ་ན་རེད།
ལེགས་པར་དཔྱོད་དང་སྤྱི་ལོ་༡༩༥༡་གི་སྔོན་ལ་འཛམ་གླིང་འདིར་ད་ལྟ་རང་བཙན་ཡིན་པའི་རྒྱལ་ཁབ་བརྒྱ་ཆ་%༥༠་ཡན་ལ་རང་བཙན་ཡིན་པའི་བདེན་དཔུང་ཡིག་ཆ་མེད་ན་ཡང་ཁོ་ཚོའི་རང་བཙན་ཤོར་མེད། ང་ཚོ་བོད་ཀྱི་རྒྱལ་ཁབ་ལ་རང་བཙན་ཡིན་པའི་བདེན་དཔུང་ཡིག་ཆ་གསལ་ཞིང་རྒྱས་པ་མང་པོ་ཞིག་ཡོད་བཞིན་དུ་རང་བཙན་འཕྲོག་ཤོར་བ་འདིའི་ཅི་ཞིག་སྟོན་འདུག
གལ་ཏེ་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་རྣམས་གཙང་མ་དང་གསལ་བོ་ཞིག་མིན་ན། བོད་རྒྱ་ཁོང་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་རྣམས་གཙང་མ་དང་གསལ་བོ་ཞིག་དེ་བས་ཀྱང་མེད་པ་ནི།
རྒྱ་གཞུང་གིས་ནུས་ཤུགས་ཡོད་དགུས་ལོ་ནས་ལོ་བསྟུད་དེ་རྫུན་སྒྲིག་བྱས་པའི་ཡིག་ཆ་ཁག་ལ་ལེགས་པར་ལྟོས་དང་ཧ་ཅང་གསལ་བོ་རེད།
ང་ཚོས་ཤེས་དགོས་པ་ཞིག་ནི། རྒྱ་མིས་བོད་ལ་བཙན་འཛུལ་དང་བཙན་བཟུང་བྱས་པ་ནི་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་ཡིག་ཆ་གཙང་མ་མེད་པས་མ་རེད།
བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔུང་(Evidence)ཡིག་ཆ་དང་།
བོད་རང་བཙན་ཡིན་པའི་བྱ་འགུལ་གྱི་དཔུང་(Event Evidence)རྟགས་དང་།
བོད་རང་བཙན་ཡིན་པའི་རྒྱལ་སྤྱིའི་འབྲེལ་ལམ་གནད་དོན་གལ་ཆེའི་བདེན་རྟགས་དང་།
བོད་རང་བཙན་ཡིན་པའི་དཔུང་རྟགས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐད་ང་ཚོ་ལ་བདེན་རྟགས་གསལ་རྒྱས་པ་མང་པོ་ཞིག་མནའ་ནས་ད་བར་ཡོད་ཡོད་པ་རེད།
འོ་ན་རྒྱ་གཞུང་གིས་བོད་ལ་ཁྲིམས་འགལ་སྒོས་བཙན་འཛུལ་དང་བཙན་བཟུང་བྱེད་དོན་གང་ཡིན་ཟེར་ན། དེ་ནི་འདོད་རྔམས་ཀྱི་ཀུན་སློང་དང་ངོ་ཚ་ཁྲེལ་མེད་ཀྱི་དྲག་སྤྱོད་ལ་བརྟེན་ཏེ།
བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་ནས་བོད་ཡུལ་འདི་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་མི་རྣམས་རྒྱ་མིའི་བྲན་གཡོག་ཏུ་བྱས་ནས་བོད་ཀྱི་རྩ་ཆེའི་གཏེར་དངོས་ཡོངས་རྫོགས་རྐུ་འཕྲོག་བྱེད་སླ་བའི་ཆེད་ཁོ་ན་རེད།
ལེགས་པར་དཔྱོད་དང་སྤྱི་ལོ་༡༩༥༡་གི་སྔོན་ལ་འཛམ་གླིང་འདིར་ད་ལྟ་རང་བཙན་ཡིན་པའི་རྒྱལ་ཁབ་བརྒྱ་ཆ་%༥༠་ཡན་ལ་རང་བཙན་ཡིན་པའི་བདེན་དཔུང་ཡིག་ཆ་མེད་ན་ཡང་ཁོ་ཚོའི་རང་བཙན་ཤོར་མེད། ང་ཚོ་བོད་ཀྱི་རྒྱལ་ཁབ་ལ་རང་བཙན་ཡིན་པའི་བདེན་དཔུང་ཡིག་ཆ་གསལ་ཞིང་རྒྱས་པ་མང་པོ་ཞིག་ཡོད་བཞིན་དུ་རང་བཙན་འཕྲོག་ཤོར་བ་འདིའི་ཅི་ཞིག་་་་་་་
དཔལ་འབྱོར་གྱི་སྟོབས་ཤུགས་སྐོར་ནས་བཤད་ན། ད་ལྟ་བོད་ནང་དུ་ཡོད་པའི་རྒྱུ་སྟོབས་ཅན་འགའ་ཤས་ཕྱི་ཕྱོགས་རང་དབང་རྒྱལ་ཁབ་ནང་གནས་སྤོ་ཐུབ་ན་ཡག་པོ་འདུག བསམ་མནོ་འདིའི་སྐོར་ནང་ཁུལ་དུ་གོ་བ་སློབ་གསོ་སྤྲོད་གལ་ཆེ། བོད་ནང་དུ་ད་ལྟ་རྒྱུ་སྟོབས་ག་ཚད་ཡོད་ཀྱང་མི་རིགས་ལ་ཕན་དཀའ་བ་དང་། ཉི་མ་གཅིག་ལ་རྒྱ་གཞུང་ནས་གཞུང་བཞེས་གཏོང་ཐེངས་གཅིག་གམ་བཙོན་ལ་འཕེན་ཐེངས་གཅིག་འོག་རྒྱུ་བོར་འགྲོ་བ་རེད། རང་དབང་རྒྱལ་ཁབ་ནང་བོད་པའི་དཔལ་འབྱོར་ཡག་པོ་བྱུང་ན་བརྙན་འཕྲིན་སོགས་འཛུགས་ཆོག་པ་དང་། གྲགས་པ་ཅན་གྱི་བརྙན་འཕྲིན་ལས་ཁུངས་དེ་དག་བེད་སྤྱད་ནས་བོད་དོན་དྲིལ་བསྒྲགས་བྱེད་ཆོག་པ་རེད།
༄༅།། ལོ་རྒྱུས་རང་བཙན་ཡིན་པའི་དཔང་ཡིག་གང་།
བོད་ལ་མེད་ན་སྔར་ནས་ད་ཡི་བར།
རྒྱལ་གཞེན་དཔའ་བོས་རང་སྲོག་དོར་བ་འཕང་།
རང་བཙན་མིན་པའི་དཔང་ཡིག་ཡོད་དམ་ཅི།
མེས་དཔོན་རྣམས་གསུམ་ཚུད་པའི་བཙན་པོའི་སྲིད།
སྔོན་ནས་ད་བར་གཙང་མ་མིན་པར་བཤད།
གུང་ཁྲན་དམར་པོའི་བཤད་ཡམ་གོས་འདུག་པས།
རྒས་པོ་གདོན་གྱི་མྱོས་པ་མིན་ལས་ཆེ།
རྒྱལ་སྤྱིའི་སྟེང་དུ་རང་བཙན་ཡིན་པའི་རྟགས།
སྐད་རིགས་ཆ་ལུགས་གཤོག་ལོར་སྦྲགས་རྟགས་དང་།
རིགས་གཞུང་སྐད་ཡིག་ལས་ཀྱང་རྩ་ཆེ་བའི།
དཔང་རྟགས་གང་ཞིག་དགོས་པ་མ་མཐོང་ངོ་།
ཉིན་གཅིག་རང་བཙན་ཡོད་པ་རང་བཙན་དང་།
ལོ་རྒྱུས་རང་བཙན་གཉིས་ཀ་ཁུངས་ལྡན་ལ།
དཔང་རྟགས་མེད་ཀྱང་རང་བཙན་རྒྱལ་ཁབ་མང་།
འོ་ན་བོད་དེ་རང་དབང་རྩོད་དང་དོར།
དཔའ་བོའི་བློས་གཏོང་གང་གི་ཆེད་ད་ཡིན།
ད་བར་མི་ཡུལ་གྱར་དགོས་གང་ཞིག་ཡིན།
བསམ་ཞིག་བསམ་ན་གཏད་སོ་མེད་པའི་གཏམ།
གངས་ཅན་པ་ཡི་རེ་བལྟོས་ཡལ་ལ་ཉེ།།
ཟམ་གདོང་བླ་མས་ཆོས་ཤེས་པ་ལས། སྲིད་མི་ཤེས་ཐག་ཆོད་རེད།
སོག་པོའི་ལོ་རྒྱུས་གཞིར་བཟུང་ནས་བོད་རང་བཙན་ལ་ཁུང་གཏུགས་ཀྱང་ཆོག དེ་བཞིན་རྒྱ་ནག མན་ཇུའི་རྒྱལ་རབས་གང་ལ་གཞིར་བཞག་ནས་ཟམ་གདོང་བླ་མ་དགག་སྒྲུབ་བྱས་ཀྱང་། དོན་ངོ་མས་ཟམ་གདོང་བླ་མའི་བཀའ་མོལ་འདིའི་ཡང་སྙིང་འབབ་ས་དེ་གླེང་ཐུབ་ཀྱིན་མི་འདུག གཙོ་བོ་ཟམ་གདོང་བླ་མ་ལ་རྒྱུས་མངའ་ཡོད་མེད་ཀྱི་སྟེང་ནས་གནད་དོན་འདི་གླེང་ཤེས་ཀྱིན་མེད་པ་གསལ་བོ་རེད། ཟམ་གདོང་བླ་མ་ཆོས་ཁྲིད་བྱེད་མཁན་ཞིག་མ་རེད་ལ། དེ་བས་ཀྱང་ལོ་རྒྱུས་སྨྲ་བ་ཞིག་མ་རེད། དོན་དངོས་ཐོག་ཟམ་གདོང་བླ་མ་ནི་ཆབ་སྲིད་པ་ཞིག་རེད། དེར་བརྟེན་ཞུས་ཆེན་པ་འབོད་པས་ཟམ་གདོང་བླ་མའི་བཀའ་མོལ་འདིའི་ཁ་འཁོར་ཕྱོགས་ཅུང་ཙམ་ཞིག་བསྟན་འདུག་སྟེ། གནས་ལུགས་འདི་ཙམ་གྱིས་མཐའ་སྐྱེལ་ཐུབ་པ་ཞིག་མ་རེད།
ཟམ་གདོང་བླ་མའི་བཀའ་སློབ་ལྟར་ན་ཆངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཉིན། སྤྱི་ལོ་༡༩༥༡ལོ་འདིའི་ནང་བོད་རྒྱལ་ཁབ་ཀྱི་རང་བཙན་བློས་གཏོང་བྱས་ཟིན་པ་རེད། བྱས་ཙང་ཡུལ་གྱར་གཞུང་འབངས་འདིའི་དམིགས་ཡུལ་ལ་རང་བཙན་བཟུང་དང་མ་བཟུང་གི་ལས་འདེད་བྱེད་ས་ཡོད་བ་མ་རེད་ཅེས་བའི་གོ་དོན་རེད། འོན་ཀྱང་། ད་ལྟའི་ཡུལ་གྱར་སྒྲིགས་འཛུགས་འདིའི་བསྙེགས་ཡུལ་ཚད་མཐོའི་རང་སྐྱོང་དེ། སྔོན་ཆད་ཆངས་ཡིག་དོན་ཚན་བཅུ་བདུན་ལ་མོས་མཐུན་བྱས་ཉིན་ནས་པེ་ཅིན་གཞུང་གིས་བོད་འདི་ལ་རང་སྐྱོང་དེ་སྤྲད་ཡོད་པའི་ཁུལ་རེད། བར་འདི་ན་ཁ་གསལ་མེད་པའི་འདྲི་གཞི་ཞིག་ལྷག་གྱིན་མེད་དམ་སྙམ།
སྤྱི་ལོ་༡༩༥༡ལོར་ཆངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ནས་བོད་རང་བཙན་བློས་བཏང་བ་བདེན་པ་ཡིན་ན། ཉིན་མོ་འདི་ང་ཚོས་བརྗེད་མི་རུང་བ་ཞིག་དང་ནམ་རྒྱུན་མྱ་ངན་ཞུ་དགོས་བའི་དུས་ཚིགས་ཅིག་རེད། དེ་ག་ནང་བཞིན་གྲོས་ཆོད་དོན་ཚན་བཅུ་བདུན་ལ་རྒྱ་བོད་གཉིས་མོས་མཐུན་བྱུང་ཡོད་དབང་དུ་བཏང་རུང་། པེ་ཅིན་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་བྱེད་ཐབས་མེད་པར་ཁ་བཤད་དོན་ལ་གནས་ཀྱིན་མེད་སྟབས། རང་བཙན་ཡིན་ཀྱང་ཆོག་རང་དབང་སླར་གསོ་བྱེད་དགོས་ཀྱང་རུང་ཁ་གསལ་གཏིང་གསལ་གྱི་གདམས་ཀ་ཞིག་གཏོང་དགོས་བའི་རྒྱུ་མཚན་ཞིག་ལྷག་ཡོད་བ་རེད།
ཕྲན་གྱི་བསམ་སྣང་ལ་གླེང་མོལ་འདི་གལ་ཆེན་མིན་པར་བོད་ཀྱི་དབུ་ཁྲིད་ལྷན་རྒྱས་ནས། ད་ལྟའི་བོད་ཀྱི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་ཐད་ལ་ཐབས་ཇུས་ལབ་ནའང་འདྲ། འཐབ་རྩོད་ཀྱི་ཁ་ཕྱོགས་ཤིག་ལམ་སྟོན་བྱེད་ཐུབ་རྒྱུ་འདི་གལ་ཆེན་དོན་རེད་བསམ་པ་དྲན་བྱུང་། དཔེར་ན། ཟམ་གདོང་བླ་མ་ལྟ་བུ་རྣམ་དཔྱོད་ཅན། ལྟ་གྲུབ་ཅན། མཁས་མཛངས་གཉིས་ལྡན་གྱི་མི་བུ་དག་གིས་བོད་མི་མང་ལ་སྣེ་ཁྲིད་པའི་རེ་བ་ཤིན་ཏུ་ཆེ།
དངོས་ཐོག་བདེན་འཚོལ་ཟེར་བའི་ཐ་སྙད་འདི་ཡང་རྒྱ་ནག་གི་དཔོན་པོ་ཏིང་ཞོ་ཕུན་གྱིས་བཤད་པའི་སྐད་ཆ་ཞིག་རེད། ས་ཚོད་ཀྱི་ཆུ་དང་ཆུ་ཚོད་ཀྱི་རྩྭ་ཟེར་བ་དེ་རང་རེད། བོད་རང་བཙན་གླེང་མཁན་ཚོའང་སྒ་འོག་ཏུ་མི་ཆུད་པའི་རྟ་དང་ཟམ་འོག་ཏུ་མུ་ཆུད་པའི་ཆུ་མ་རེད། ཁྲིམས་ལུགས་དོན་དམ་གྱི་སྟེང་ནས་བཤད་ན་བོད་འདི་སིལ་བར་གྱུར་བ་ནས་བཟུང་ག་དུས་ཡིན་ཡང་རང་བཙན་གྱི་རྒྱལ་ཁབ་སྙོམས་ཆུང་ཞིག་རེད། སོག་པོ་དང་རྒྱ་གར་དང་གོར་ཁ་དང་རྒྱ་ནག་དང་ཁ་ཆེ་དང་མགོ་སེར་སོགས་བརྗོད་ལས་འདས་པའི་མི་རིགས་དག་གིས་བརྙས་བཅོས་བྱས་དང་བྱེད་བཞིན་པ་དེ་རེད། རྒྱ་ནག་ལ་ཁ་ཡག་ངོ་དགའ་བྱས་ནས་བོད་ཀྱི་བདེ་སྐྱིད་དང་ཐོབ་ཐང་བསྐྱར་གསོ་བྱེད་མི་ཐུབ་ལ་ཁུར་ཚུར་ཚད་ན་དེ་བས་ཀྱང་མིན། ཡིན་ཡང་དྲང་པོ་གཞུང་བསྲིང་ན་སྒོ་ངས་རྟ་འཁྱོག་ཟེར་བ་ལྟར་ཀུན་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་རྩ་ཁྲིམས་ཀྱི་བོད་ལ་བྱིན་པའི་ཐོབ་ཐང་གི་ཐོག་ནས་རྩོན་ལེན་བྱེད་དགོས་པ་ལས་ཡིག་ཆ་ཡ་མ་བརླ་རེ་གཉིས་ལ་བློ་བཅོལ་གྱི་རེ་བ་སྟོང་བ་བཅིང་མི་ཉན། བོད་ཀྱི་ལྐོག་གྱུར་གྱི་སྟོབས་ཤུགས་ཆེན་པོ་དེ་བོད་ན་ད་དུང་མ་ཤི་བར་ལུས་ཡོད་པ་རེད། མེ་རོ་དེ་གསོ་ཆེད་ང་ཚོས་བློ་གྲོས་ཀྱི་རྩལ་དགུ་སྤྲུགས་ནས་འབད་བརྩོན་བྱེད་དགོས། ཟམ་གདོང་རིན་པོ་ཆེའི་ཉམས་མྱོང་ལྡན་པའི་སྐད་ཆ་དང་བསམ་བློ་ལ་སྙིགས་དོར་བཅུད་ལེན་བྱས་ནས་གོ་བ་ལེན་དགོས་པ་དང་སྒྲ་ཇི་བཞིན་པར་གོ་བ་ཁོ་ན་མ་ལེན།
ད་འདི་ལ་སྐད་ཆ་མང་པོ་མི་འདུག ལོ་རྒྱུས་དེ་ལོ་རྒྱུས་མཁས་པ་དག་གིས་ཞིབ་འཇུག་གིས་གླེང་རྒྱུ་དེ་རེད། ཞྭ་སྒབ་པས་ཀྱང་གླེང་ཡོད་པ་རེད་ལ། མུ་མཐུད་ནས་གླེང་རྒྱུ་རང་རེད། སྐུ་མདུན་གྱི་མཛད་རྣམ་བོད་ཡིག་མ་དང་དབྱིན་ཡིག་མ་གཉིས་ཀ་ན་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་པ་དང་། ལྷུན་རྩེ་རྫོང་ནས་གཞུང་བཙུགས་པའི་ལོ་རྒྱུས་སོགས་གསལ་ཐིང་ཐིང་རེད། སུམ་བཅུ་དུས་དྲན་དང་པོ་ནས་བཅུ་པའི་བར་གྱི་གསུང་འཕྲིན་ཐོག་ལ་གཟིགས་དང་། རང་བཙན་ཤ་སྟག་རེད། རིན་པོ་ཆེ་ནི་མཚན་མཐོང་དང་མཁས་པའི་སྙན་པ་ཆེན་པོ། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་པ་ལ་ཅི་ལ་ཡང་མི་སྙམ་པར་མཆོད་པ་སྒྲུབ་པ་ཞིག་ཡིན་སྟབས། འདི་ལྟར་གསུངས་པ་ལའང་དགོངས་པ་ཡོད་ཀྱི་རེད། དེ་མིན་ད་ལྟའི་ཆར་ལ་རང་བཙན་གྱི་བསམ་བློ་ཅན་ལ་བསྔགས་བརྗོད་ཅིག་ལས་དམའ་འབེབས་བྱེད་པའི་དུས་ཤིག་མ་རེད། ཨ་ནེ་གྲོངས་འགྲོ་མཁན་དེས་ལག་པའི་ཐོག་ལ་བོད་རྒྱལ་ཁབ་རང་བཙན་ཞེས་བྲིས་འདུག་ག
དོན་ཚན་གཉིས་པ་ནི་འདི་རེད། བོད་ཙམ་ཞིག་མ་རེད། འཛམ་གླིང་གི་རྒྱལ་ཁབ་ཡོད་དོ་ཅོག་ལ་རང་བཙན་ཡིན་པའི་ལོ་རྒྱུས་ཐོག་རྩོད་རྙོད་མེད་མཁན་ཡོད་པ་མ་རེད། ལོ་རྒྱུས་ཐོག་ལ་རྩོད་པ་ཡོད་པ་དང་། མི་དམངས་ཀྱི་འདོད་པ་དེ་རང་བཙན་ཡིན་པ་གཉིས་ལ་ཁྱད་པར་ཡོད་པ་རེད། དེ་ཙམ་ཞིག་ཞུ་འདོད་བྱུང་།
དྲ་འབུ་རྣག་ཐར་སྐྱིད་སོགས་ཀྱིས་བརྗོད་དོན་ཐད་བགྲོ་གླེང་གནང་བཞིན་པར་དགའ་བསུ་ཡོད། དེ་མིན་གླེན་པ་ལུག་གི་ཞེན་ཁོག་ཅན་རྣམས་ཀྱིས་མངོན་གྱུར་རྟགས་ཀྱི་བདེན་པ་མིག་གིས་ལྟ་བཟོད་ཀྱི་མི་འདུག་པར་དགོངས་སེལ་ཞུ།།
ཟམ་གདོང་ཚང་གིས་སྐབས་རེར་གཏམ་རྒྱུད་བཤད་པའི་བཟོ་འདྲ། སྐབས་རེར་ཁའི་སྒྲུང་བཤད་ཀྱི་ཡོད་པའི་བཟོ་འདྲ། ཡང་སྐབས་རེར་ལོ་རྒྱུས་སྨྲ་མཁན་གྱིས་གཞན་ཕྱོགས་འཛིན་གྱི་ཡོད་པའི་བཟོ་འདྲ། ཡང་སྐབས་རེར་རང་ཕྱོགས་འཛིན་གྱི་ཡོད་པའི་བཟོ་འདྲ། ཁོས་གང་ལྟར་འཇུ་ས་དང་འཛིན་ས་ཙམ་ནས་མེད་པའི་བོད་ཀྱི་ལོ་རྒྱུས་ཞིག་བཤད་ཡོང་གི་འདུག། རྒྱ་དམར་གྱི་ས་གནས་མི་རིགས་རང་སྐྱོང་གི་སྲིད་ཇུས་ལ་ཡིད་ཆེས་དང་ཚད་འཛིན་བློས་གཏོད་ཀྱིས་རྒྱལ་བོད་བར་གྱི་དཀའ་ངལ་སེལ་རྒྱུ་དང་། བོད་ལ་ནང་ཆོས་བྱུང་ན་གཞན་གང་ཡང་མི་དགོས་ཚུལ་བཤད་པ་དང་། བླ་མིས་བཀའ་སྒྲུབས་པ་ལས་བོད་ཀྱི་སྲིད་ཞུ་སྒྲུབས་རྒྱུར་འདོད་པ་མེད་ཚུལ་བཤད་པ་སོགས་ལ་གཞིག་ན་ཁོང་གི་ལྟ་གྲུབ་དང་བཤད་ཚུལ་ལ་ཡིད་ཆེས་ཐུབ་པ་ཞིག་རྩ་བ་ནས་མ་རེད།
སྔ་མོ་སྲིད་ཁྲི་ལ་འདུག་ནས་ཆོས་བཤད།
མ་ཎི་བགྲང་དུས་སྲིད་བཤད། ཨོཾ་མ་ཎི་པདྨེ་ཧཱུཾ:
དེའི་ནང་བོད་ཡིག་ཀ་ངོ་ཤེས་ཙམ་མང་པོ་ཞིག་གིས་ཟམ་གདོང་རིན་པོ་ཆེས་གང་གསུངས་ཀྱི་ཡོད་པའི་དོན་ཙམ་ཡང་ཧ་མི་གོ་བར་དགག་ཁུལ་བྱས་པ་ནི་ངོ་མ་ཁྱད་མཚར་རེད། ཁོང་གིས་བོད་སྔ་མོ་རང་གཙན་མ་ཡིན་པར་གང་དུ་གསུངས་འདུག དེས་མ་ཚད་སྔ་མོ་རང་བཙན་ཡིན་པ་དང་། བོད་མི་ཚོའི་འདུ་ཤེས་ནང་ཡང་དེ་ལྟར་ཡོད་པ། རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་གསུངས་འདུག དེ་ཚོ་མ་མཐོང་བ་རེད་དམ། ཡང་ན་ཀློག་མ་ཤེས་པ་རེད། ཡང་ཁོང་གིས་རང་བཙན་ཡིན་པའི་དཔང་རྟགས་ཁུངས་བཙན་འཚལ་དགོས་པ་གསུངས་འདུག དེ་བཞིན་སྔོན་མ་རང་བཙན་ཤོར་བ་གསུངས་འདུག དེ་ཚོ་ཚང་མ་དངོས་ཡོད་མ་རེད་དམ།
ཟམ་གདོང་རིན་པོ་ཆེས་བོད་རང་བཙན་སྔོན་མ་ནས་ཤོར་ཟིན་པ་ལས་ད་ལྟ་བོད་མིའི་སྒྲིག་འཛུགས་དབུ་མའི་ལམ་ལ་བསྐྱོད་པའི་དབང་གིས་ཤོར་བ་མིན་ཚུལ་གསུངས་པ་རེད། དེ་ཡང་བདེན་པ་མ་རེད་དམ།
དྲ་འབུ་ནག་ཐར་ཅན་སོགས་ཕྱོགས་གཏོགས་དང་བཅས་པ་ཉོན་ཤིག །ལོ་རྒྱུས་ནི་ལོ་རྒྱུས་རང་ལས་སོ་སོའི་འདོད་མོས་ལྟར་བཤད་ཆོག་ཆོག་ཞིག་མིན་པར་ཁྱོད་ཚོས་ཤེས་པའི་ཐོག་ནས་ཟམ་གདོང་བླ་མའི་བཀའ་སློབ་དཔྱད་ཞིབ་བྱོས་དང་རྒྱུ་མཚན་ལྡན་པ་ཞིག་ཡོང་ལས་ཆེ། དེ་མིན་མིག་ལྡན་གཡང་འཆོང་བྱས་ན་སོ་སོའི་མདོག་ཆ་མ་གཏོགས་གང་ཡང་མི་མངོན། ཟམ་གདོང་བླ་མ་ཁྱོད་ཀྱིས་ངོ་སྤྲོད་དགོས་པ་མ་རེད་ལ། ༧གོང་ས་མཆོག་དབུས་པའི་གཞིས་བྱེས་བོད་མི་བསམ་ཡོད་ཀུན་གྱི་ཡིད་ཆེས་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ས་དེ་རེད་ལ། ད་ལྟའི་སྐབས་སུ་ཡང་དགའ་ལྡན་ཕོ་བྲང་གི་ལམ་བསྟན་པ་འམ་ཡང་ན་འཆར་འགོད་པ་ཟེར་ཡང་ཆོག །བཀའ་ཤག་གི་འཛད་ཁུར་ཚར་མ་ཐག་ཏུ་༧གོང་ས་མཆོག་གིས་ཐད་བསྐོས་གནང་བ་དེ་ངས་ཁྱོད་ཚོར་ངོ་སྤྲོད་མདོར་བསྡུས་ཤིག་ཡིན། །
་་་་་་ སྤུར་རྒྱལ་གཉའ་ཁྲི་ནས་བློ་བཟང་སེང་གེ་བར་དུ་ལོ་ངོ་སྟོང་ཕྲག་འགའ་ཡི་ལོ་རྒྱུས་ཡོད་པའི་ཆེན་པོ་བོད་ཀྱི་རྒྱལ་ཁབ་འདི་ལ་རང་གི་བྱུང་རབས་གཙང་མ་ཞིག་མི་འདུག་གསུངས་ན་ཐལ་དྲགས་པ་དང་། ལྷགས་པར་དུ་རང་བཙན་བསྒྲུབ་བྱེད་མི་འདུག་བསམ་ན་དེ་བས་ཐལ་དྲག་པར་འདོད། ད་ལྟ་ང་ཚོས་རང་སྐྱོང་དང་རང་བཙན་གང་རྩོད་ཀྱང་ང་ཚོ་ལ་མ་ཚང་བ་ནི་ལོ་རྒྱུས་ཀྱི་བདེན་དཔང་མ་ཡིན་པར། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས་སོགས་བོད་པ་རྣམས་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གྱི་སྟོབས་ཤུགས་ཤིག་གིས་འདང་གི་མེད་པར་སྙམ། ་་་་་ཟེར་བ་འདི་ལ་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།
༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་མཚན་སྨོད་ཞུས་བོད་སྤྱི་མཐུན་བསོད་ནམས་ཉམ་ཆག་འགྲོ་ཡི་རེད། ༧གོང་ས་༡༣ པ་ལས་ཀྱང་བོད་ལ་བཀའ་དྲིན་ཆེ་བ་ཟམ་གདོངརིན་པོ་ཆེ་རེད། དེ་ལས་ཀྱང་བཀའ་དྲིན་ཟླ་མེད་ལོ་རྒྱུས་ནང་མ་བྱུང་བ༧གོང་ས་སྐྱབས་མགོན་ཆེན་པོ་རེད། ཁོང་རྣམ་པ་གཉིས་ཀྱི་ལམ་སྟོན་ལ་རིག་པ་དང་མཐུན་པའི་དཔྱད་ཞིབ་མ་བྱས་པར། འདྲ་མི་འདྲ་ལབ་ན་རང་ཉིདབྱབ་ཆུང་ཡིན་རྟགས་སྟོན་པ་ལསགཞན་གང་ཡང་མ་རེད། དྲ་གྲོགས་འཇམ་གཅེས་སོགས་ཡག
༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་མཚན་སྨོད་ཞུས་༼ན་༽བོད་སྤྱི་མཐུན་བསོད་ནམས་ཉམ་ཆག་འགྲོ་ཡི་རེད། ་་་་་ཟེར།
དྲ་འབུ་ཀ་རྡོས་ན་ཞིག་བསྣན་པ་ཐུགས་རྗེ་ཆེ།། མེ་ཏོག་དཀར་པོ་སོགས་ཆོལ་ཁའི་ན་ཚ་ཅན་འདི་ཚོ་སྙིང་རྗེ།
མངོན་པར་བསྟོད་དོ།
མང་པོ་ཞིག་ཞུ་བསམ་ན་ཡང་དངོས་སུ་ཞུ་འདོད་ཡེ་མེད་པ་ཞིག་འབྱུང་གིན་འདུག རྒྱུ་མཚན་ཇི་ཡིན་ནི་སེམས་པ་ཡོངས་སུ་དཀྲུགས་པས་ཡིན་པ་འདྲ།
གང་ལྟར་༥༡ལོར་ནས་བོད་རང་བཙན་ལ་འཇུ་ས་མེད་པར་ཆགས་ཡོད་ན། དེས་རྗེས་ནས་རྒྱ་ཕྱོགས་ནས་གྲོས་མཐུན་ལ་བརྡལ་བཤིག་བཏང་བ་དང་། ལྟག་པར་དུ་༥༩་ལོ་ཟླ་༤་བར་རྒྱ་གར་ས་ཐོག་ནས་གྲོས་མཐུན་ལ་མོས་མཐུན་པར་༧གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་མཚན་ཐོག་ནས་གྲོས་མཐུན་ལ་མེད་པའི་བསྒྲགས་གཏམ་སྤེལ་བ་དེ་ནས་བཟུང་འཇུ་ས་ཡོད་པར་གྱུར་བ་རེད།
ལྷག་པར་དུ་ཡུལ་ལུང་གང་ལ་ཡང་རང་བཙན་འཐབ་རྩོད་ཟེར་བ་དེ་ལོ་རྒྱུས་ཁུངས་ལུང་མེད་ན་ལམ་ཁ་མེད་པ་ཞིག་ཡེ་ནས་མ་རེད། འདི་ངེས་པར་དུ་མཁྱེན་རོགས་གནང་།
ངས་བློ་ཡུལ་ལ་མི་ཤོངས་བ་ནི་མི་འདི་དག་གིས་རང་བཙན་རག་ཐབས་ཀྱི་ཕྱོགས་ལ་ཚིག་ཁ་སྣོན་བྱེད་རྒྱུ་མེད་པར་མི་རག་ཐབས་ཀྱི་ཕྱོགས་ལ་རང་ནུས་གང་ཡོད་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་འདི་གང་གིའི་ཕྱིར་ཡིན་ནའང་སྙམ་མོ།
ལྷག་པར་དུ་༥༩་ལོ་ཟླ་༤་བར་རྒྱ་གར་ས་ཐོག་ནས་༧གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་མཚན་ཐོག་ནས་གྲོས་མཐུན་ལ་མེད་པའི་བསྒྲགས་གཏམ་སྤེལ་བ་དེ་ནས་བཟུང་འཇུ་ས་ཡོད་པར་གྱུར་བ་རེད།
ཨོ་ཧོ་ཧོ། ད་ངོ་མ་ང་སྨྱོས་འདུག ཡང་ནོར་འཁྲུལ་བྱུང་འདུག
ལྷག་པར་དུ་༥༩་ལོ་ཟླ་༤་བར་རྒྱ་གར་ས་ཐོག་ནས་༧གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་མཚན་ཐོག་ནས་གྲོས་མཐུན་ལ་མོས་མཐུན་མེད་པའི་བསྒྲགས་གཏམ་སྤེལ་བ་དེ་ནས་བཟུང་འཇུ་ས་ཡོད་པར་གྱུར་བ་རེད།
་་་བཅོས།
་་་་་ ལྷག་པར་དུ་ཡུལ་ལུང་གང་ལ་ཡང་རང་བཙན་འཐབ་རྩོད་ཟེར་བ་དེ་ལོ་རྒྱུས་ཁུངས་ལུང་མེད་ན་ལམ་ཁ་མེད་པ་ཞིག་ཡེ་ནས་མ་རེད། འདི་ངེས་པར་དུ་མཁྱེན་རོགས་གནང་། ་་་་་ཟེར།
༧གོང་ས་མཆོག་གི་བོད་དེ་དེ་སྔ་རང་བཙན་རེད། ཡིན་ནའང་ད་ང་ཚོ་དབུ་མའི་ལམ་ལ་འགྲོ་གི་ཡིན། དེ་ནི་རྒྱ་བོད་གཉིས་ཕན་རེད་མ་གཏོགས་གཅིག་རྒྱལ་གཅིག་ཕམ་ཡོད་མ་རེད་ཅེས་གསུངས་ཡོད། ཟམ་གདོང་བླ་མའི་བོད་དེ་སྔ་རང་བཙན་ཡིན་པ་ཁུངས་བསྐྱེལ་བདེན་རྟགས་གང་ཡང་མེད་གསུངས་འདུག དེ་གཉིས་ལ་ཁྱད་པར་ཆེན་པོ་འདུག
ཨ་རིག་དགེ་མཐོང་ཟེར་བ་དེས་ཡང་འདི་ནས་མ་ཤེས་མདོག་གིས་ཆེན་པོ་ཤེས་མདོག་རེད། ཨ་ཡ་ད་ཐང་ཆད་གི་ཡ།
གཅིག་ནས་སྙིང་རླུང་སྟོད་ལ་འཚང་བ་དང་་གཉིས་ལས་བྲེལ་ཆེ་བས་ལན་དོན་མཐུན་ཞིག་མ་བྱུང་ན་ཡང་། ཚོར་བ་ཙམ་ཞིག་གིས་སྣེ་དྲངས་བའི་ལན་འགའ་འདེབས་ན།
‘ང་ཚོས་ངོས་ལེན་བྱས་པ་རེད། དངོས་ཡོད་གནས་སྟངས་ལ་དེ་ལྟར་ཆགས་པ་རེད།’ ཟེར་། ཐོག་མར་ང་ཚོས་ངོས་ལེན་བྱས་ཀྱང་དེ་ལ་ཕར་ཕྱོགས་ནས་བརྡལ་བཤིག་བཏང་ཟིན་པ་དང་། ང་ཚོ་རང་དབང་ལུང་པར་སླེབས་མ་ཐག་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་ཟིན་པས་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ན་ཁྲིམས་མཐུན་ཆགས་ཡོད་མེད་ཁྱེད་རང་ཉིད་ཀྱིས་མཁྱེན་གྱི་ཡོད་བཞིན་དུ་ཚིག་སྣེ་ཐམས་ཅད་མི་སྤྲོད་དགོས་དོན་གང་རེད། ཟམ་གདོང་མཆོག་གྲྭ་སར་བཞུགས་ཡུན་རིང་པོ་མིན་ན་ཡང་ཁོང་གི་གསུང་དང་ཐུགས་བསམ་གྱི་ནང་དུ་མཚན་ཉིད་པ་རིགས་འགྲེས་ཕོངས་ཞེས་པའི་ནོངས་བ་དེ་ཡང་ཡང་ཡོང་གི་འདུག ང་ཚོས་གནས་སྟངས་ག་གེ་མོ་ཞིག་གི་འོག་ནས་སྐད་ཆ་ཐན་ཐུན་རེ་ཤོར་ཡོད་སྲིད་ཀྱང་ཁྲིམས་ཀྱི་སྐད་ཆའི་ནང་དུ་དེ་ལ་དགོངས་འགྲེལ་དང་འབྲུ་འགྲེལ་འགྲོ་ས་ཡོད་གི་འདུག་པ་ལས་ལན་བཞི་བོའི་གང་རུང་ལས་འགྲོ་ས་མེད་པའི་རྟགས་གསལ་གྱི་སྐབས་དང་ཡེ་ནས་མི་འདྲ། འདི་ཡང་ཁྱེད་ཀྱིས་མཁྱེན་ངེས་ཀྱང་དགོས་པ་ཞིག་གིས་འདི་ལྟར་གསུང་གིན་འདུག
‘བོད་མི་ཚོའི་སེམས་ཀྱི་འདུ་ཤེས་ནང་ཚིག་དེ་རྒྱུན་ལྡན་བེད་སྤྱོད་བྱེད་པའི་ཚིག་ཅིག་ཆགས་ཡོད་པ་མ་རེད། ཆབ་སྲིད་ཀྱི་གོ་རྟོགས་དེ་ང་ཚོའི་རྒན་རབས་ཚོ་ཧ་ཅང་སྐྱོ་བོ་རེད།’ ད་སྐབས་རང་བཙན་ཡིན་པའི་རྒྱལ་ཁབ་གང་མང་ཞིག་ལ་སྔར་རང་བཙན་བྱས་པའི་ལོ་གཅིག་ལོ་རྒྱུས་ཀྱང་མེད་མཁན་མང་པོ་ཡོད་འདུག རང་བཙན་བྱེད་པར་ལོ་རྒྱུས་དགོས་ན་འཛམ་གླིང་འདིར་རྒྱལ་ཁབ་གསར་བ་ཞིག་ཡོང་མི་ཤེས་པ་ཁྱེད་རིག་པ་སྨྲ་བ་ཞིག་མི་ཤེས་ག་ལ་ཡིན། ཁྱེད་རང་ཉིད་ཆབ་སྲིད་ཀྱི་གོ་རྟོགས་ཇི་ཙམ་སྐྱོ་བོ་ཡིན་པ་དེ་བཞིན་དུ་ཕྱི་རབས་པ་དག་གིས་བཤད་ངེས་ཡིན་པ་ལོས་མཁྱེན།
“༡༩༡༣ ནས ༡༩༥༡ བར་དུ་བོད་དེ་དངོས་དོན་རང་བཙན་རེད། ཡིན་ནའང་ཡོངས་གྲགས་དང་ཁྲིམས་དོན་གྱི་རང་བཙན་རེད་མི་འདུག” རེད། དངོས་དོན་རེད་འདུག་གའ་། རང་བཙན་གྱི་རྒྱལ་ཁབ་ཚང་མ་འགྲོ་སྟངས་གཅིག་ཡིན་དགོས་པའི་ཆ་རྐྱེན་གང་དུ་མེད་པ་ཁྱེད་ཀྱིས་མཁྱེན་བཞིན་དུ་མཁྱོག་ལམ་སྟོན་པ་ཅིའི་ཕྱིར་ཡིན།
‘མན་ཇུ་གོང་མའི་དབང་བསྒྱུར་གྱི་དུས་ཡུན་ཡོངས་རྫོགས་ལ་བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད།’ ཟེར། ཁོ་ཚོའི་སེམས་ནང་དུ་བོད་རྒྱ་ཁོངས་སུ་ཡིན་ཤག་བྱེད་པ་དེ་ལ་ཆ་འཇོག་ཡོད་པ་དང་ང་ཚོའི་སེམས་ནང་དུ་མིན་ཤག་བྱེད་པ་དེ་ལ་གདེངས་འཇོག་མེད་པའི་རྒྱུ་མཚན་གང་རེད།
‘གསལ་བསྒྲགས་དེ་གནང་བའི་སྐབས་ལའང་མཆོད་ཡོན་འབྲེལ་ལམ་གྱི་འགྲེལ་བཤད་བསྐྱོན་ཡོད་པ་མ་རེད།’ མཆོད་ཡོན་གྱི་འགྲེལ་བ་རྒྱག་མི་དགོས་པས་འགྲེལ་བཤད་མ་བརྒྱབ་པ་རེད། མཆོད་གནས་དང་ཡོན་བདག་ལས་གཞན་པའི་འགྲེལ་བ་ཞིག་ཅིའི་ཕྱིར་འཚོལ། ཁྱེད་ཀྱིས་འདིའི་ནང་དུ་ཡང་རང་ཕྱོགས་ལ་གནོད་བྱེད་དུ་འགྲོ་བའི་ཚིག་དོན་རེ་ཨེ་རྙེད་བལྟ་དགོས་གང་ཡིན།
‘གནའ་སྔོ་ནས་རང་བཙན་ཡིན་གསུང་གི་ཡོད་པ་རེད་དམ། ཡང་ན་༡༩༡༣ ནས་གསར་དུ་རང་བཙན་ཡིན་གསུང་གི་ཡོད་པ་རེད། དེར་འགྲེལ་བཤད་རྒྱག་སྟངས་ཁ་ཁ་རེད།’༧གོང་ས་༡༣་གསུམ་པའི་གསལ་བསྒྲགས་གནང་སྟངས་དེ་ཡང་ཆ་དང་ལྷུ་མ་ཚང་བའི་སྐྱོན་ཆ་ཡོད་མདོག་ཅིག་སྟོན་དོན་གང་རེད།
‘ང་ཚོས་རང་བཙན་རེད་བསམས་པ་དང། ཁོང་ཚོས་མངའ་འོག་ཡིན་བསམས་ཀྱི་ཡོད་པ་རེད།’ཟེར་། ཁྱེད་ཀྱིས་ཁོང་ཚོས་བསམ་གྱི་ཡོད་པའི་རྟགས་མཚན་ཇི་ལྟར་སྟོན། ཁྱེད་ཀྱིས་མང་ཚོགས་ཀྱི་དབུས་སུ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་གསུང་གིན་ཡོད་དམ། ཁོ་ཚོས་དེ་ལྟར་བསམ་གྱི་མེད་ཀྱང་བོད་ཟ་སེམས་ཀྱིས་དེ་ལྟར་འགྲེལ་གྱི་ཡོད་པ་ལས་སེམས་ལ་ཤར་གྱི་ཡོད་པའི་ངེས་པ་གང་ཡང་མེད།
‘རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་དོན་བྱེད་ཕྱོགས་ཀྱི་བདེན་རྟགས་བཅས་ཀྱི་ཐད་ང་ཚོས་བདེན་རྟགས་གང་ཡང་བསྐྲུན་ཐུབ་ཡོད་པ་མ་རེད།’ཟེར། སྲིད་གཞུང་དག་གིས་དངོས་སུ་ཁས་ལེན་མིན་ལ་མ་ལྟོས་པར་ད་སྐབས་འཛམ་གླིང་ཡོངས་སུ་བོད་དེ་སྔན་ཆད་རང་བཙན་ཡིན་པའི་ངེས་པ་ཡོངས་སུ་རྙེད་ཟིན་ཡོད་པ་འདི་ང་ཚོ་ལ་དཔང་རྟགས་ཤིག་ཡོད་པའི་རྐྱེན་གྱིས་བྱུང་བ་ལས་མིག་བཙུམ་ནས་ངེས་པ་རྙེད་པ་དེ་འདྲ་ཡིན་རྒྱུ་མ་རེད། ལར་ནས་ཁྱེད་ཀྱི་རྣམ་རྟོག་ལ་སླད་ཞུགས་པའི་དབང་གིས་གཟིགས་འདོད་ཡོད་རྒྱུ་མ་རེད་མ་གཏོགས། སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་གྱི་སྒྲུབ་བྱེད་མ་ཚང་བ་མེད་པ་ཞིག་ག་ས་གང་དུ་བཀྲམས་ཡོད་པ་དེ་ཁྱེད་ཀྱིས་གཟིགས་ན་འདི་ལྟར་གསུང་མདོག་ཁ བོ་མ་རེད།
‘དོན་དམ་རང་བཙན་ལག་ཏུ་ལོན་རྒྱུའི་སྒྲུབ་པ་ཉམས་ལེན་ཐོག་གོམ་པ་ག་ཚོད་སྤོ་ཐུབ་ཀྱི་ཡོད་མེད་བཤད་ཁག་པོ་ཞེ་དྲག་རེད།’ཟེར། དེ་ཁྱེད་ལྟར་བུ་བླ་རྒན་གཅོས་གྲབས་ཡོད་པ་དག་གི་སེམས་ལ་འཆར་སྣང་ཞིག་ཡིན་པ་ལས་བོད་གངས་ཅན་གྱི་མི་རབས་གསར་བའི་བློ་སྤོབས་ང་ཚོ་ལས་བརྒྱ་འགྱུར་གྱིས་ཆེ་བ་དང་། ནུས་པ་ང་ཚོ་ལས་སྟོང་འགྱུར་གྱིས་ཆེ་བ་ཡིན་པ་ཁྱེད་མཁས་མིང་འཛིན་པ་ཞིག་གིས་ཞལ་གྱིས་བཞེས་རོགས་ཞུ།
‘བོད་སོག་གཉིས་མན་ཇུའི་མངའ་འོག་ནས་བསྡད་པ་རེད།’ཟེར། ངས་དྲན་ཚོད་ལ་ཚིག་འདི་འདྲ་ཞིག་མེད། གལ་སྲིད་ང་ནོར་མེད་ན་ཁྱེད་ཀྱིས་མངོན་སུམ་ལ་གསུང་རྫུན་གསུང་གི་འདུག ལར་ནས་འདིས་མན་ཇུའི་འདྲེ་ལག་བོད་སོག་གི་ཐོག་ཏུ་བརྐྱངས་བ་མཐར་སྤྲོད་བྱས་ཐུབ་པར་གོ་བ་ལས་བོད་སོག་གིས་འདོད་བཞིན་དུ་མན་ཇུའི་འོག་ལ་འཛུལ་བའི་གོ་བ་ཡིན་དགོས་པའི་ངེས་པ་ཇི་ལྟར་ཡོད།
‘ང་ཚོའི་མི་ཚེའི་ཉམས་མྱོང་ལའང་རང་བཙན་ཡིན་པའི་བོད་དེ་ཡོད་པ་རེད།’ ཞེས་དང་། ‘དངོས་དོན་ལ་བོད་རང་བཙན་བྱས་ནས་བསྡད་པ་རེད། དེ་ལ་སུ་གང་གིས་ཀླན་ཀ་བཙལ་ཐུབ་ཀྱི་མ་རེད།’ འདི་ཀུན་ལས་གལ་ཆེ་བ་རེད། ཁྱེད་ལྟ་བུ་མཁས་པ་དང་སྤྱི་ཚོགས་ཐོག་མཐོང་ཡོད་མཁན་དག་གིས་གོང་གི་འཁྱལ་འཁྱོལ་གྱི་བཀའ་མོལ་དེ་འདྲ་དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཤ་སྟག་གསུང་ནས་བཞུགས་པ་ལས་འདི་འདྲའི་བཀའ་མོལ་རེ་གནང་ན་རིན་ཐང་ཆེ་བ་རེད། ང་ཚོ་མི་རབས་ཕྱི་མ་དག་གིས་བཀའ་མོལ་འདི་འདྲ་ལ་རེ་སྒུག་བྱས་ཡོད་པ་ལས་ཁྱེད་ཅག་གིས་མ་མཇོན་མ་ནུས་ཚུལ་དང་། ལྷག་པར་དུ་གཞན་ཕྱོགས་བདེན་པ་དང་རང་ཕྱོགས་རྫུན་པ་ཡིན་མདོག་གི་བཀའ་མོལ་དེ་འདྲ་ཡེ་ནས་མ་གསུང་རོགས།
‘དངོས་དོན་ལ་བོད་རང་བཙན་བྱས་ནས་བསྡད་པ་རེད། ་་་་ ཅེས་པ་ནས་ ་་་་རེད་ཅེས་ལབ་ནས་ཕྱོགས་གསུམ་འཚོགས་པ་རེད།’ཁྱེད་ཀྱི་གསུང་གི་ནང་དུ་རིན་ཐང་ཡོད་པ་འདི་རེད།
བོད་གཞུང་གིས་རྒྱ་ནག་གི་མིང་ཙམ་གྱི་དབང་བསྒྱུར་ཁས་ལེན་དགོས་པ་རེད་ཅེས་བཤད་དེ་བོད་པས་ཁས་བླངས་པ་རེད།
‘དེ་རིང་སང་ཉིན་ཧེབ་ཞེ་དྲག་ལངས་ནས་༢༠༡༣ ལོར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་བྱེད་ཀྱི་ཡོད་སྐད་ཐོས།’ བཀའ་མོལ་འདིའི་གདོང་ལ་བལྟོས་དང་། ཇི་འདྲའི་སྐྱུག་དྲོ་བ་མི་འདུག་གམ། ལར་ནས་བོད་གཞུང་བཀའ་ཁྲིའི་ཁྲི་ཐོག་ན་བཞུགས་བཞིན་དུ་ ‘སངས་རྒྱས་བསྟན་པ་འདི་གནས་ཐུབ་ཙམ་བྱུང་ན་བོད་མི་རིགས་འདི་གནས་མ་གནས་གང་ཡང་མེད།’ཚུལ་གསུང་མཁན་གྱི་སྐྱེས་བུ་ཞིག་གི་ངག་ལས་སྐད་ཆ་འདི་འདྲ་ལ་ཡ་མཚན་རྒྱུ་ཅི་ཡོད།
‘ལྷག་པར་དུ་༧སྐུ་ཕྲེང ༡༣ པ་ཆེན་པོ་གང་མིན་ཚད་རེད་༧སྐུ་ཕྲེང ༡༤ པ་ཆེན་པོས་གོ་ཐག་གློད་མདོག་མདོག་གི་རྣམ་འགྱུར་ཞོར་ལ་བསྟན་འདོད་ཀྱི་ཆེད་དུ་བྱས་པ་ཡིན་ན། ཞབས་འདྲེན་རེད། སུ་གང་གིས་ངོས་ལེན་བྱེད་མི་ཐུབ་པའི་བྱེད་བབ་དང་བསམ་ཚུལ། རྣམ་འགྱུར་ཞིག་ཆགས་འགྲོ་ཡི་ཡོད་པ་རེད།’འདི་ན་ཁྱེད་སྐྱུག་པས་མ་ཚད་བརྙང་བཞག་འདུག རང་སེམས་ཇི་ལྟར་མཁྱོག་ཡོད་ན་དེ་གོ་བ་ཡང་མཁྱོག་ནས་མ་གཏོགས་ལེན་མི་ཤེས་པའི་བཤད་སྲོལ་ཞིག་ཡོད་པ་རེད། ངས་ཁྱེད་ཀྱི་ཐུགས་སེམས་མཁྱོག་ཡོད་པའི་གསལ་སྒྲོག་སྤེལ་མི་ཕོད་ཀྱང་ཁྱེད་ཀྱིས་གོ་བ་ལེན་ཕྱོགས་འདི་ཧ་ཅང་ཐབས་སྐྱོ་བོ་འདུག་ཅེས་ཞུ་ཕོད་པར་འདུག
‘དེ་འདྲ་སོང་བ་ཡིན་ཙང་རང་བཙན་རྩོད་པ་དེ་ང་ཚོའི་ཐོབ་ཐང་ཡིན་པའང་ཁས་ལེན་བྱེད་ཀྱི་ཡོད་པ་རེད། ང་ཚོས་རང་བཙན་རྩོད་པའི་ཐོབ་ཐང་དེ་རྒྱལ་སྤྱིའི་ནང་མ་བརླག་པ་དང་ཉར་ཐུབ་པའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་རེད།’འདི་ནི་མཐར་མཇུག་ཁྱེད་ཀྱིས་ལུས་ཐོག་གི་རྡུལ་སྤྲུག་པ་ལྟ་བུ་རེད། ཐོབ་ཐང་དེ་བརླག་འགྲོ་རྒྱུ་ཞིག་ཅང་མེད། རང་བཞིན་གྱིས་གྲུབ་ཡོད་པ་རེད། ཐོབ་ཐང་དེ་ལ་གནོད་པ་བྱེད་མཁན་རེ་གལ་སྲིད་ནང་ཁུལ་ནས་ཡོང་གི་ཡོད་ན་དེའི་ནང་དུ་ང་ཚོས་མགོ་འཕྲུག་བཞིན་དང་ལྕེ་ནར་བཞིན་ཁྱེད་ཀྱི་མཚན་དེ་ཡང་ཤོར་གྲབས་བྱེད་ཀྱི་འདུག
གོང་གི་ཁོ་བོས་འཁྱལ་འཁྱོལ་འདི་དག་ལ་ཟམ་གདོང་རིན་པོ་ཆེས་གསུང་ལན་འབྱུང་བའི་རེ་བ་མེད་ཀྱང་། དྲ་གྲོགས་ཤར་ཁུག་ལགས་ཀྱིས་ལན་འདེབས་རེ་འབྱུང་བར་རེ་སྒུག་བྱེད་ཡིན། ལར་ནས་ལས་ཁྱེད་ཀྱིས་ཁོང་གི་བཀའ་སློབ་དེ་གློག་འཕྲིན་ཐོག་སྐུར་གི་ཡིན་གསུང་ན་ཡང་། ངས་ཁྱེད་ལ་སྐུར་རོགས་རེ་བསྐུལ་ཞུས་པ་ཀྱང་ཁྱེད་ཀྱིས་དེ་སྐུར་མི་འདུག ཁྱེད་ནི་གཉིས་སྨན་དབུ་མའི་ལམ་པ་བ་ཞིག་ཡིན་པས་ ཁྱེད་ཐུགས་སེམས་གུ་དོགས་ཅན་ཞིག་མ་ཡིན་པར་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་བ་ཞིག་ཡིན་སྟབས་ ཁ་སང་ངས་ཁྱེད་ལ་ཚིག་ངན་ཞིག་སྨྲས་ཐལ་ཤོར་བ་ལ་ཐུགས་སྤྲོ་བཞེས་པ་ནི་ཡིན་རྒྱུ་མ་རེད། གལ་སྲིད་ཡིན་ན་ངས་སྙིང་ནས་དགོངས་དག་ཞུ་རྒྱུ་དང་། ཁྱེད་ལ་གངས་རིའི་ཕར་ཕྱོགས་ནས་གཅིག་རག་གི་ཡོད་པའི་དཔང་རྟགས་ཟུར་མ་དགོས་དྲི་མ་ཙམ་ཡང་ང་ལ་སྟོན་རྒྱུ་མེད་ཅེས་ཡོངས་བསྒྲགས་བྱེད་པ་ཡིན། ཁྱེད་ཅག་གི་གནང་ཕྱོགས་དེས་ང་ལྟ་བུ་བསམ་མེད་ཤེས་ཆུང་དག་གི་ངག་ནས་ཚིག་འདྲ་མིན་དབང་མེད་དུ་ཤོར་འགྲོ་གི་འདུག་ཅེས་ཞུ་རྒྱུ་ཡིན།
ཧཧཧཧ དྲ་གྲོགས་འཇམ་དཔལ་ལགས་ཁྱེད་ཚོ་་ཚོར་བ་ཁ་གང་ཁོག་ལ་ཉར་མི་ཐུབ་མཁན་ཚོས་དེ་འདྲ་ལབ་དྲག་ནས་ང་བྱང་ཆུབ་སེམས་པའི་རིགས་སུ་གནས་ཡོད་ས་རེད་བསམས་པའི་དོགས་པ་ཡོད། ཡིན་ནའང། ཁྱེད་ཉིད་ཞེ་དྲག་ཡག་པོ་རེད། གང་ཡིན་ཟེར་ན། དངོས་མིང་བཏོན་ནས་སླེབས་པ་འདི་རྩ་བ་དྲང་པོའི་ཤན་མ་བརླག་པ་ཡིན་ཙང།
འཕྲད་ཚེ་ཉེ་དང་གམ་ནས་ཞུམ་ཞུམ་གྱིས་བྲེལ་ཞིང།།
གོམ་གང་བྲལ་ཚེ་གཞི་མེད་ངག་ཀྱལ་ལ་ཞུགས་པའི།།
ཕྲག་དོག་ཁྲག་གི་རྩ་ཆེན་ལྷོག་ལྷོག་ཏུ་ལྡིང་པའི།།
གྲོགས་ཞེས་འབོད་པ་དག་ལས་ཁྱེད་ཉིད་རང་མཆོག་གོ།
ཅེས་ཀྱང་སྨྲ་ལ།
དེ་རིང་འཛམ་བུ་གླིང་གཟའ་ཉི་མ་ཡིན་ཙང་ཕྱི་བསྐྱོད་ཀྱིས་ད་ལྟ་ནང་དུ་འབྱོར་མ་ཐག་ཡིན་ལ། སྙིང་རྗེ་ཅན་གྱིས་འགྲོ་བའི་རྨོངས་མུན་སེལ་ཕྱིར་དུས་རབས་༢༠ མཇུག་དང་ ༢༡ པའི་ནང་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་བོད་བསྟན་སྲིད་མི་རིགས་ལ་བཀའ་དྲིན་གཞལ་མེད་༧སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་བསྐུར་ཡོད་པས་ཤེས་རབ་ཀྱི་མིག་ཐོབ་པར་སྨོན་ནོ།།
ཆུ་ཚོད་བྱུང་ན་ཉིད་ཀྱི་ཚོར་བ་ཐད་བརྡོལ་དག་ལ་ལན་ཐུང་རེ་ཡང་འབྲི་ངེས་བཅས་ཤར་ཕྱོགས་པས།།
ཟམ་གདོང་རིན་པོ་ཆེར་བསྟོད་པ་འབུལ་བའམ་དམོད་པ་བྱེད་པ་ནི་སྐབས་དོན་མིན་པར་སྣང་། དོན་ངོ་མ་ནི་འདི་རེད། ལོ་བཅུའམ་ཉི་ཤུའི་གོང་ཞིག་ལ་རིན་པོ་ཆེས་གནང་བའི་བཀའ་སློབ་ཅིག་ཏུ་བོད་གཞུང་འདི་ལོ་ངོ་བརྒྱ་ཕྲག་མང་པོ་ནས་མཐུད་པའི་གཞུང་ཡིན་པ་དང་། དེའི་སྒྲུབ་བྱེད་དུ་རང་བཙན་གྱི་གཞུང་དྲངས་ནས་གསུངས་སོང་། ད་རང་བཙན་མིན་པའི་སྐོར་གསུངས་འདུག ལོ་རྒྱུས་དེ་འཐེན་ནས་རིང་དུ་གཏོང་བ་དང་། བསྐུམས་ནས་ཐུང་དུ་གཏོང་བ་གཉིས་ཀ་ཡོང་གི་མ་རེད། དེ་གཉིས་གང་རུང་ཡོད་ན། དེ་བདེན་པ་མ་རེད། ལར་ནས་ལོ་རྒྱུས་ཙམ་ཞིག་གིས་བོད་ལ་རང་བཙན་དགོས་ཟེར་གྱི་ཡོད་མ་རེད། ད་ལྟའི་མི་མང་གི་འདོད་བློ་དེ་རང་བཙན་རེད། རང་བཙན་འདོད་མཁན་གྱི་བོད་མིའི་ཁ་གྲངས་ཧ་ཅང་མཐོ་པོ་རེད། འདི་དོན་དག་ཅིག་ཡིན།
ད་དོན་དག་གཉིས་པ་ནི། རང་བཙན་འདོད་མཁན་རྣམས་ཀྱང་བོད་མི་རེད། འདི་བོད་པ་ཞེས་པའི་ཁོངས་ནས་རྣམ་པ་གསལ་བ་དང་མི་གསལ་བ་གང་རུང་གི་ཐོག་ནས་ཕྱིར་འབུད་གཏོང་རྒྱུ་ཡོད་མ་རེད། བོད་མི་ཟེར་བ་འདི་ཆིག་སྒྲིལ་གྱི་རྩ་བ་དེ་རེད། ཐ་ན་སྲུང་མ་བསྟེན་མཁན་རྣམས་ཀྱང་བོད་མི་རེད། ཆོས་དད་ཐོག་ནས་མ་མཐུན་རུང་། ཤ་ཁྲག་སྤུན་ཟླའི་ཐོག་ནས་བོད་མི་ཡིན་པ་མཐུན་པ་རེད། འདི་དག་གལ་ཆུང་དུ་མི་འཛིན་རོགས། གལ་སྲིད་ལྟ་བ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་ཁ་ཡོད་དང་དབང་ཡོད་ཀྱི་ཐོག་ནས་བོད་མི་སྐོར་ཞིག་བོད་མིའི་གྲས་ནས་སྤུད་པ་ཡིན་ན། དུས་རབས་ཉེར་གཅིག་པའི་ཡ་རབས་དང་མཐུན་གྱི་མེད་པ་རེད། ལྟ་བ་མ་མཐུན་ནས་རྩོད་པ་རི་འདྲ་ཞིག་བརྒྱབ་ཚར་བའི་རྗེས་ལ། བོད་དང་བོད་མི་ཞེས་པའི་གནད་དོན་ལ་ཐུག་སྐབས་ ཕན་ཚུན་གྲོགས་པོ་དང་སྤུན་ཟླའི་འདུ་ཤེས་ཤིག་ཡོང་ཤེས་དགོས་ཀྱི་ཡོད་པ་རེད།
ཚེ་སྒྲོལ་འདི་ལ་ཨ་ཅག་བསམ་ཤེས་ཤིག་གི་བཟོ་ལྟ་འདུག་ནའང། ཚིག་མགོ་ཏག་ཏག་ཅིག་གཅུམ་ཐུབ་མེད་པ་འདྲ། ང་ཚོའི་དབུས་སྒྲིག་འཛུགས་ལོ་ངོ་བརྒྱ་ཕྲག་ནས་མཐུད་པའི་གཞུང་མ་རེད་ཅེས་གང་དུའང་གསུངས་མི་འདུག་ལ། གོང་དུའང་གསུངས་མི་འདུག དེ་ང་ཚོའི་བཞེད་ཕྱོགས་ཡིན་པ་ནན་ཏུར་གྱིས་གསུངས་འདུག དེ་དང་མཉམ་དུ་ཕར་ཕྱོགས་ཀྱི་བཤད་སྟངས་ཀྱང་གསུངས་ཞོར། འདས་པའི་སྐབས་དུས་སོ་སོར་ཆབ་སྲིད་ཕྱག་ལས་གནང་ཕྱོགས་ཐད་མ་འདང་པའི་ཆ་སྦ་གསང་བྱེད་ཐུབ་མེད་པར་གསུངས་པ་དེ་གསལ་རྟོགས་གནང་རོགས་ཞུ།
དེ་དང་མཉམ་དུ་དེང་སང་རང་བཙན་པར་ཁེས་འཆེ་བ་ཆོལ་ཁའི་ཕྱོགས་ལྷུང་རུ་ཁག་གི་བེད་སྤྱོད་འོག་ཕྱིན་པ་རེ་ཟུང་གིས་རང་བཙན་པ་མཐའ་འདེད་བྱེད་ཀྱི་ཡོད་ཚུལ་གཡམ་སྒྲོག་ཅི་མི་སྙམ་པར་བྱེད་པ་དེ། ཨ་ཅག་ཚེ་སྒྲོལ་ལགས་ནས་ཀྱང་བཤད་ཡོང་ན་ཅུང་ཁྱད་མཚར་ཞིག་རེད། བསམ་ཤེས་ཤིག་དང་གཟུར་གནས་ཤིག་གིས་སྐད་ཆ་འདི་འདྲ་བཤད་ན་ཅུང་མི་བདེ་བ་འདྲ་ཞིག་འདུག བྱུང་རབས་ལ་ཞིབ་འཇུག་བྱས་པ་ཡིན་ན་རང་བཙན་པ་མཐའ་འདེད་བྱས་པ་ཡོད་པ་མ་རེད་ལ། དོལ་རྒྱལ་རྗེས་འབྲངས་པ་དེ་བས་ཀྱང་ཕྱིར་ཕུད་བྱས་པའི་གནས་ཚུལ་ཡོད་པ་མ་རེད། ཆོས་ཕྱོགས་ཀྱི་དམ་ཚིག་དབང་གིས་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་ཏུ་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་ཡོང་ཐབས་མེད་ཚུལ་བསམ་ཚུལ་བཏོན་པ་་དེ་བདེན་པ་ཡིན་ན་ཡང། དེར་བསྟུན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་ཁེ་གཙང་ཟུར་སྡོད་བྱ་རྒྱུར་གྲྭ་ཚང་སོ་སོས་སྩལ་བའི་དངུལ་ནི་རྒྱ་མིས་བྱིན་པ་ལས་ཀྱང་ཧ་ཅང་ཕོན་ཆེ་ཡིན་སྟབས། དོལ་རྒྱལ་རྗེས་འབྲངས་པའི་ཁ་སྟབས་དོལ་བསྟེན་མིན་པའི་བླ་གྲྭ་བྱིངས་ལས་ཞེ་དྲག་ཕྱུག་པོ་རེད། ཁ་སྐད་ལ་གཉར་རྒན་ཟེར་བ་དེ་རེད། གནས་སྟངས་དེ་མཁྱེན་པ་ཡིན་ན། རྒྱ་གཞུང་དང་ཆོལ་ཁའི་ཕྱོགས་ལྷུང་རུ་ཁག་གི་འཁྱོག་བཤད་འོག་ཨ་ཅག་ཚེ་སྒྲོལ་འགྲོ་མི་སྲིད་པའང་ཡིད་ལ་ཤར་སྟབས་ཆབས་ཅིག་སྨྲས་པའོ།།
སྙིང་རྗེ་ཅན་གྱིས་འགྲོ་བའི་རྨོངས་མུན་སེལ་ཕྱིར་དུས་རབས་༢༠ མཇུག་དང་ ༢༡ པའི་ནང་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་བོད་བསྟན་སྲིད་མི་རིགས་ལ་བཀའ་དྲིན་གཞལ་མེད་༧སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག
བསྟོད་པ་འདི་ངོ་མ་མི་འབྱོར་ཡ། ད་ལྟ་ངའི་སེམས་ལྷོད་ལ་བབས་ནས་བསམ་སྐབས་ངའི་ཁོང་ཁྲོ་འདིའི་ཁ་ཕྱོགས་ཁྱེད་ལ་འཕོས་འགྲོ་གི་འདུག ཁོང་ནི་སྤྱིར་ན་རྒན་འཁོགས་ཤིག་རེད། (སྔོན་མ་ངས་ཁོང་ལ་བཞག་པའི་གུས་བརྩི་ནི་ཁྱེད་ལས་ལྷག་མིན་རུང་མི་ཞན་བསམ)ལྷག་པར་དུ་རང་ཉིད་ཀྱི་ཆབ་སྲིད་ལྟ་གྲུབ་ཀྱིས་རྐྱེན་པས་ནམ་རྒྱུན་གྱི་འཆར་སྒོ་དེ་དུས་སྐབས་དེར་མི་ཚོགས་ཉུང་ངུ་ཞིག་གི་མདུན་དུ་ཕྱིར་མངོན་པ་ཙམ་རེད། ནོར་འཁྲུལ་གྱིས་གང་ཞིང་དུས་སྐབས་དང་མི་འཚམས་པའི་གསུང་བཤད་དེ་འདི་ལྟར་རྒྱ་སྒྲོག་བྱེད་མཁན་ཁྱེད་འགྲིག་གི་མི་འདུག་བསམ། དབུ་མའི་ལམ་དེ་ཆབ་སྲིད་འཐབ་ཇུས་ཡིན་ནི་ཁྱེདཀྱིས་དེ་འདྲ་གནང་རྒྱུ་ཡེ་ནས་མ་རེད་ལགས། དམིགས་ཡུལ་ཡིན་ནི་ཁྱེད་ཀྱི་ལས་ཁུངས་ཀྱིས་གནང་སྟངས་དེ་ཡེ་ནས་མ་རེད། མ་གཞི་འདི་གསལ་ཆ་སུ་ལ་ཡང་ཡོད་མེད་མི་ཤེས། ངས་ཞུ་འདོད་པ་ནི་རང་བཙན་འཐབ་རྩོད་པ་རྣམས་འདི་ལྟར་འབུར་འཇོམས་བྱེད་ཀྱི་མ་འདུག སྐུ་མཁྱེན། ཐུགས་རྗེ་གཟིགས། ངས་རང་བཙན་གྱི་ལྟ་ལ་མིག་བཙུམ་ཞེན་པ་བྱས་པ་དེ་འདྲ་གང་ཡང་མིན། ཁོང་ཅག་གི་ཕྱོགས་བཟུང་བ་ཙམ་ཡིན།
ཁུགས་རྟ་ལགས་ཀྱིས་འཇམ་དཔལ་ཞེས་པ་དངོས་མིང་ཡིན་པ་ག་འདྲ་བྱས་ཏེ་ཤེས་སོང་། ཧཧ་ཧཧ་
སྙིང་རྗེ་ཅན་གྱིས་འགྲོ་བའི་རྨོངས་མུན་སེལ་ཕྱིར་དུས་རབས་༢༠ མཇུག་དང་ ༢༡ པའི་ནང་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་བོད་བསྟན་སྲིད་མི་རིགས་ལ་བཀའ་དྲིན་གཞལ་མེད་༧སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག
བསྟོད་པ་པ་འདི་ངོ་མ་མི་འབྱོར་གི་ཡ། འདི་ལ་བལྟས་སྐབས་ཁྱེད་ཀྱི་ཀུན་སློང་ལ་བསམ་གཞིགས་བྱེད་དགོས་པ་ཞིག་མིན་ནམ་སྙམ་འོང་།
ད་ལྟ་ངའི་སེམས་ཅུང་ཟད་ལྷོད་ལ་བབས་ནས་བསམ་སྐབས་ངའི་ཁོང་ཁྲོ་འདིའི་ཁ་ཕྱོགས་ཁྱེད་ཀྱི་ཕྱོགས་སུ་འཕོས་འགྲོ་གི་འདུག ཧ་ཧ་ཧ་ གང་ལགས་ནཿ ཁོང་ནི་གཅིག་ནས་རྒན་འཁོགས་ཤིག་རེད། (སྔོན་ཆད་ངས་ཁོང་ལ་བཞག་པའི་གུས་བརྩི་ནི་ཁྱེད་ལས་ལྷག་མིན་རུང་མི་ཞན་བསམ) གཉིས་ནས་ཁོང་གིས་རང་ཉིད་ཀྱི་ཆབ་སྲིད་བལྟ་གྲུབ་ཀྱི་རྐྱེན་པས་ནམ་རྒྱུན་གྱི་འཆར་སྒོ་དེ་དུས་སྐབས་དེར་མི་ཚོགས་ཉུང་ངུ་ཞིག་གི་མདུན་དུ་ཕྱིར་མངོན་པ་ཙམ་རེད། དེ་ཡང་ནང་འཚགས་ལྟ་བུར་དགོངས་པ་ཡང་ཡིན་སྲིད།
ནོར་འཁྲུལ་གྱིས་གང་ཞིང་དུས་སྐབས་དང་མི་འཚམས་པའི་གསུང་བཤད་དེ་འདི་ལྟར་རྒྱ་སྒྲོག་བྱེད་མཁན་ཁྱེད་འགྲིག་གི་མི་འདུག་བསམ། དབུ་མའི་ལམ་དེ་བོད་དོན་ཆབ་སྲིད་ཀྱི་འཐབ་ཇུས་ཤིག་ཡིན་ན་ཁྱེད་ཀྱིས་དེ་འདྲ་གནང་རྒྱུ་མ་རེད་ལགས། བོད་དོན་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་ན་ཁྱེད་ཀྱི་ལས་ཁང་གིས་གནང་སྟངས་དེ་འདྲ་མ་རེད། མ་གཞི་འདི་ལ་གསལ་ཆ་སུ་ལ་ཡང་ཡོད་མེད་མི་ཤེས།
ངས་ཞུ་འདོད་པ་ནི་རང་བཙན་འཐབ་རྩོད་པ་རྣམས་ལ་འདི་ལྟར་འབུར་འཇོམ་བྱེད་ཀྱི་མ་འདུག སྐུ་མཁྱེན། ཐུགས་རྗེ་གཟིགས། ངས་རང་བཙན་གྱི་ལྟ་བ་ལ་མིག་བཙུམ་གྱིས་ཞེན་པ་བྱས་པ་དེ་འདྲ་གང་ཡང་མིན། ཁོང་ཅག་གི་ཕྱོགས་བཟུང་བ་ཙམ་ཡིན།
སྐྱབས་མགོན་རིན་པོ་ཆེའི་རང་རྣམ་ “Freedom In Exile” ཞེས་པའི་ཤོག་ངོས་ ༡༤༧ ཐོག་ཁོང་གིས་ནེ་རུ་ལ་བཀའ་མོལ་གནང་བ་ཞིག་འདི་ལྟར་གསུངས་འདུག
I told him very firmly that my main concern was twofold: “I am determined to win independence for Tibet, but the immediate requirement is to put a stop to the bloodshed.”
དྲ་འབུ་འཇིགས་མེད་ཐོས་པ་རང་གྲོལ་ལགས།
དབུ་མའི་ལམ་ལས་འགུལ་ཁང་གིས་རང་སྲེག་བྱུང་སྐབས་མར་མེ་ཁྲོམ་སྐོར་བྱེད་ཀྱི་མེད། མཆོད་འབུལ་སྨོན་ལམ་ཀྱང་ཆོས་མཐུན་རང་མ་གཏོགས་སྦིར་གྲགས་ཆེ་བའི་རྣམ་པར་བྱེད་ཀྱི་མེད། དེ་ལ་རྒྱུ་མཚན་ཡོད།
གཅིག བོད་ནང་ལོ་རྒྱུས་ལྡན་པའི་ལས་འགུལ་སྤེལ་སྐབས་བཙན་བྱོལ་ནས་ལོ་རྒྱུས་ཅན་གྱི་རྒྱབ་སྐྱོར་ཐུབ་ངེས་ཀྱི་ལས་འགུལ་སྤེལ་རྒྱུ་མ་རྙེད་ཚེ། མ་རྙེད་པའི་གནས་སྟངས་དེ་ག་རང་ངོས་ལེན་བྱ་རྒྱུ་ལས། མར་མེ་ཁྲོམ་སྐོར་ལྟ་བུས་དུས་ཚོད་ཕུད་རྒྱག་བྱེད་པའི་རྣམ་འགྱུར་སྟོན་མ་འདོད་པ་ཡིན། དེ་ནི་བཟང་སྤྱོད་ཅིག་ཀྱང་ཡིན། གཞན་ནས་རང་སྲེག་ལས་འགུལ་ནམ་བྱུང་སྐབས་ཀྱི་བྱུང་རིམ་དང། སྐད་འབོད། ཞལ་ཆེམས་ཙམ་དུ་མ་ཟད། རང་སྲེག་བྱུང་ཡུལ་གྱི་ས་གནས་སོ་སོའི་གནས་སྟངས་དངོས་ཤེས་རྟོགས་ཨེ་ཐུབ་གཟབ་ནན་ཏན་ཏིག་བྱ་བཞིན་ཡོད།
གཉིས། མཆོད་འབུལ་སྨོན་ལམ་བྱེད་ཀྱི་ཡོད། ཆོས་དང་ཡོངས་སུ་མཐུན་པར་བྱེད་ཀྱི་ཡོད་པ་ལས། དེ་བྱས་པའི་ངོ་སོ་ཁྱབ་བསྒྲགས་བྱེད་པ་སོགས་ལ་འཛེམ་གང་ཐུབ་བྱེད་ཀྱི་ཡོད།
ཞོར་དུ། འདི་ག་ལས་འགུལ་ཁང་རང་སྲེག་མཚམས་འཇོག་གནང་རྒྱུ་འབོད་སྐུལ་བྱ་མཁན་ཡིན་སྟབས། ལངས་ཕྱོགས་དེ་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད། རང་སྲེག་མཚམས་འཇོག་འབོད་སྐུལ་གནང་དུས་རང་སྲེག་གྲངས་ ༡༡ པའི་མཚམས་ཡིན་ཅེས་དེ་དོན་མངའ་ཆུབ་ཞུ།།
དྲ་གྲོགས་འཇམ་གཅེས་ལགས། གནས་ལུགས་རེ་བཤད་ཐུབ་པའི་རེ་བ་མུ་མཐུད་ནས་རྒྱབ་བསྡད་ཡོད་ལ། ཨམ་ཅོག་ཡང་དེ་ལྟར་སྐུ་ཉིད་ཀྱི་ཕྱོགས་སུ་ཀེར་ནས་བསྡད་ཡོད་ལགས། དེ་ན་ཁ་གསལ་ཀྱིས་གནས་ལུགས་རེ་བྱེད་རོགས། ཕྲན་གྱིས་ད་ལྟ་བར་དུ་གང་གི་ཕྱོགས་ཀྱང་བྱས་མྱོང་མེད་ལ་མ་འོངས་བར་ཡང་བྱེད་མི་སྲིད། རྒྱུ་མཚན་དོན་དམ་གྱི་ང་ལ་ལངས་ཕྱོགས་གསལ་བོ་གང་ཡང་མེད་མཁན་ཞིག་ཡིན། སེམས་མི་བདེ་ས་དང་བློ་མི་བདེ་ས་དེ་ཡུལ་གྱར་བོད་མི་ཚོས་འདི་ལྟར་ཁ་དབང་རྩད་ནས་ཉི་མ་ཕུལ་ཐབས་བྱེད་གྱི་རེད་བསམ་པའི་སྟེང་ནས། རང་ཤེད་ཀྱིས་མི་ལྕོགས་རུང་མཁས་མཛངས་ཀྱི་སྐྱེས་བུ་དག་གིས་བསམ་ཤེས་རེ་བྱེད་ཐུབ་པའི་སྐྱབས་འཇུག་ཞུ་བཞིན་ཡོད་ལགས། མི་བདེ་ས། མི་སྐྱིད་ས་ཡོད་ན་བྲིས་བ་ཕྲིས་དང་ལན་མི་འདེབས་མཁན་ཞིག་ང་མིན། ཐུགས་རྗེ་ཆེ།
ཨ་མཆོད་འཇམ་ཚུལ་ལགས་ལ།
ཨ་ཅག་ཚེ་སྒྲོལ་ལ་ཞུས་པའི་དུམ་བུ་གཉིས་པའི་ནང་གི་ཆོལ་ཁའི་ཕྱོགས་ལྷུང་རུ་ཁག་གི་བཤད་ཡམས་འོག་མ་ཚུད་ཅེས་པ་བསྐྱར་དུ་བཤད་རྒྱུ་ཙམ་ལས། ལན་འདེབས་ཞུ་ཡུལ་གང་ཡང་མི་འདུག ཉིད་ཀྱི་ཐུགས་ཁྲལ་དེ་ནི་རི་བོང་གནམ་རྡིབ་ཀྱི་དཔེ་ཟླར་སོང་འདུག་ཀྱང་སྙམ་མོ།།
ཤར་ཕྱོགས་པ་ལགས།ང་ལའང་བཀའ་སློབ་བསྐུར་རོགས།ཁ་བྱང་atanziin@yahoo.com
ཨིས་མལ་ཁ་བྱང་མཉམ་མཚན་དངོས་དགོས་པ་རེད། དྲ་ཐོག་འབྲི་བདེ་མེད་ན། 0091-9882533773 ནང་གསུངས་རོགས།
དྲ་གྲོགས་ཁུག་རྟ་ལགས།
དབུ་མའི་ལམ་དེ་བོད་དོན་ཆབ་སྲིད་ཀྱི་འཐབ་ཇུས་ཤིག་ཡིན་ན་ཁྱེད་ཀྱིས་དེ་འདྲ་གནང་རྒྱུ་མ་རེད་ལགས། བོད་དོན་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་ན་ཁྱེད་ཀྱི་ལས་ཁང་གིས་གནང་སྟངས་དེ་འདྲ་མ་རེད།
འདི་ལ་ལན་ཞིག་ཡོད་ན་གནང་རོགས་ཅི་ནས་ཀྱང་ཞུ།
དབུ་མའི་ལམ་ནི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་རེད། དེ་ཙམ་དུ་མ་ཟད། བོད་ཀྱིས་འཇིག་རྟེན་ཧྲིལ་བོ་དང་དེའི་མཉམ་ཞི་མཐུན་མཉམ་གནས་ཐུབ་ཐབས་ཐད་བཏོན་པའི་སྒོ་གསུམ་གྱི་ཀུན་སྤྱོད་ཀྱང་ཡིན་སྟབས།
དབུ་མའི་ལམ་ལ་འདས་པ་མི་གཙོ་དངོས་ཡོད་གཙོ། ཁ་སང་མི་གཙོ་སང་ཉིན་གཙོ། སྲིད་དོན་མི་གཙོ་དྲང་བདེན་གཙོ། ཁེར་རྐྱང་མི་གཙོ་མཉམ་རུབ་གཙོ།
བོད་ཀྱི་བྱུང་རབས་ལ་འགྱུར་བ་མི་གཏོང་བ་དང། བྱུང་རབས་སྣོག་ལས་ཀྱིས་འགྲིག་ཐབས་མི་འཚོལ་བ་ནི་དབུ་མའི་ལམ་གྱི་དམ་བཅའ་རེད་ལ། ཆོལ་གསུམ་གོང་བུ་གཅིག་སྒྲིལ་སྲིད་པ་འཇིགས་ཀྱང་བློས་གཏོང་མི་བྱེད་པ་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་སྟབས།
ལོ་རྒྱུས་དྲངས་ནས་ལྟ་གྲུབ་གཞན་གྱི་གཉའ་གཅོག་དགོས་པའི་གནས་བབ་ཅིག་དབུ་མའི་ལམ་ལ་ནམ་ཞར་དུ་ཤར་མི་སྲིད་པ་རེད། ཡིན་ནའང། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་ཁྲོད་རྙོག་འཛིང་ཆེ་བའི་བོད་ཀྱི་བྱུང་རབས་ཀྱི་གནས་བབ་བཀོད་ཡོད་པ་ནི། དངོས་ཡོད་གསལ་རྗེན་བྱས་པ་ཞིག་ལས་གཞན་གང་ཡང་མིན་སྟབས། དེ་འབྲེལ་མཁས་པ་ཆེན་པོས་ས་རྡོ་དབྱེ་འབྱེད་ཚུལ་བཞིན་བྱས་པ་ནི་ངེད་ནས་བོད་མི་རྣམས་ལ་བློ་གྲོས་ཀྱི་མིག་ཐོབ་ཕྱིར་འདི་ལྟར་ཁྱབ་བསྒྲགས་རྒྱ་གང་ཆེ་བྱེད་བཞིན་པ་ལྟར། མ་འོངས་པའང་བྱེད་རྒྱུའི་བསོད་ནམས་ལྡན་ཕྱིར་གཅིག་ཏུ་སྨོན་བཞིན་ཡོད་དོ།།
ཨ་ཅག་ཚེ་སྒྲོལ་གྱིས་ཆབ་སྲིད་ཟེར་བ་འདི་རྟག་བརྟན་ཐེར་ཟུག་གང་ཡང་མེད་མཁན་ཞིག་ཡིན་པ་ཤེས་བཞིན་ཟོག་གཏམ་བཤད་བཞིན་འདུག ༥༦ ལོར་ནེ་རོར་དང་པོ་ཐུག་དུས་ནས་རིམ་པར་བཙན་བྱོལ་དུ་འབྱོར་ནས། རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་འགྲོས་ལ་གཞིགས་ནས་རླབས་ཆེན་གྱི་བཀའ་མོལ་རིམ་ཕེབས་རྣམས་ལ་དེ་ལྟར་དུ་གོ་བ་ལེན་སྟངས་ཀྱང་མ་ནོར་བ་བྱེད་དགོས། གསུང་དུམ་དེ་འདྲ་མང་པོ་རེད། དེའི་ལན་འདེབས་ལྟ་བུའི་གསུང་དུམ་ཡང་མང་པོ་ཡོད་པ་རེད། བྱས་ཙང་༧གོང་ས་ཆེན་པོའི་བཀའ་སློབ་མི་ཉུང་བ་ཞིག་མཇལ་རོགས་ཞུ་ཞེས་ཞུ་འདོད་བྱུང།
ང་ཚོའི་བོད་ལ་ད་ལྟའི་དངོས་ཡོད་དང་མཐུན་པར་འཐབ་རྩོད་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་སང་ཉིན་ཐོབ་པ་ཡིན་ནའང། དེ་ཁ་ཡོད་ལག་ཡོད་ལ་མིང་དོན་མཚུངས་པར་མ་ཕྱིན་པ་ཡིན་ན་ཉི་མ་དེ་ནས་ང་ཚོ་ལམ་ཁ་གང་དུའང་ཞུགས་ཆོག་པ་རེད་ལ། ཞུགས་ཀྱི་རེད་མ་གཏོགས། ད་རང་སྐྱོང་ཐོབ་ཚར་ན་སྲིད་མཐའི་བར་གནས་བབ་དེའི་ཐོག་འགྲོ་དགོས་པ་རེད་བསམས་ཚེ་བྱིས་པའི་སེམས་ཁྲལ་རང་རེད།།
ཐུགས་རྗེ་ཆེ་དཔེ་ཡག་པོ་འདུག་་་་་བཀའ་སློབ་དེ་ཆ་ཚང་ཞིག་བསྐུར་རོགས་གནང་tsesang2007@yahoo.com
དྲ་གྲོགས་ཤར་ཁུག་ལགས།
ཁྱེད་ཀྱིས་གསུང་དེ་ཁ་སྟོང་ནང་གི་ཚིག་ཅིག་དང་ཧ་ཅང་འདྲ་བོ་འདུག ཁྱེད་ཀྱིས་དབུ་མའི་ལམ་འདི་ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་ཡིན་ཟེར། ཁྱེད་ཅག་གིས་འདི་འདྲ་རྐྱང་རྐྱང་གསུང་སྟབས་དོན་དམ་གྱི་བསམ་གཞིགས་བྱེད་མཁན་ཚོས་མགོ་མི་ཚོད་པ་ཡོང་གི་ཡོད་པ་རེད། ཐབས་ལམ་དང་དམིགས་ཡུལ་གཉིས་ཀ་ཇི་ལྟར་ཡིན་ཤེས་ཀྱི་རེད། གཞི་གཅིག་གི་རྒྱུ་འབྲས་གཉིས་ཀ་ཡིན་པ་མེད་པའི་སྐོར་ཡོངས་གྲགས་པ་མིན་ནམ།
གང་ལྟར་ཐབས་ལམ་ཡིན་ན་ཁྱེད་ཀྱིས་གནང་སྟངས་དེ་འགྲིག་གི་མི་འདུག
དམིགས་ཡུལ་ཡིན་ན་ཁྱེད་ཀྱི་ལས་ཁང་གིས་གནང་ཕྱོགས་དེ་ཏག་ཏག་མ་རེད། ཁྱེད་ཀྱི་འདིའི་དོན་གོ་ཐུབ་པའི་རེ་བ་ཡོད། གང་ལྟར་ངའི་སེམས་པར་འགྲོ་བའི་ལན་ཞིག་ཁྱེད་ཀྱིས་ཐེབས་པའི་རེ་བ་མེད། ངས་ཁྱེད་ཀྱིས་གཞན་གྱི་བསམ་ཚུལ་ལ་བསམ་གཞིགས་རེ་སྣང་བའི་རེ་སྐུལ་ཞུ། དེ་མ་ཐུབ་རུང་རང་གི་བསམ་ཚུལ་ལ་སྐབས་རེ་དྲན་ཤེས་རེ་བསྟེན་པའི་རེ་བ་ཞུ། ད་དེ་ཙམ་ཡིན། ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བར་ཤོག ཁྱེད་ཅག་གི་ཕྱག་ལས་དེས་བོད་མི་རིགས་ཀྱི་མདུན་ལམ་ལ་མི་གནོད་པར་ཤོག
ད་ངས་ཀྱང་རྩོམ་འདི་ལ་མཆན་མཐའ་མ་འདི་འབྲི་གི་ཡིན། བྱིས་པ་དང་ཟོག་གཏམ་སོགས་ནི་བརྗོད་གཞི་ལ་འབྲེལ་བ་གང་ཡང་མི་འདུག ནང་དོན་ངོ་མ་དེ་འདི་རེད། དོན་ཚན་བཅུ་བདུན་དེ་རང་བཙན་ཤོར་སྤྱད་དེ་རེད་ཟེར་དུས། འདི་བདེན་པ་མ་རེད། རྒྱལ་བ་རིན་པོ་ཆེས་འདི་འདྲ་གསུངས་མི་འདུག ལོ་རྒྱུས་ཀྱི་ཐོག་ན་འདི་འདྲ་མི་འདུག སྐད་ཆ་འདི་རེད།
རྟ་ཕོ་ན་ཉིན་འགྱེལ།
ཐལ་འཚུབ་ད་ལོ་ལང་།
༄༅།། ཤར་ཕྱོགས་ཁུག་རྟ་ལགས། ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དེ་གུས་པར་ཡང་བསྐུར་རོགས་གནང་།
nyanthing@yahoo.com
ཐུགས་རྗེ་ཆེ་བ་མཁྱེན།།
ཤར་ཕྱོགས་པ་གོང་གི་མཆན་༧༦པའི་མིང་ལ་བསྟན་འཛིན་འོད་གསལ་ཡིན།
གོང་དུ་མང་པོ་ཞིག་བྲིས་ཡོད་པའི་མཆན་མང་བོ་ཞིག་དེ་རིང་(Cairo) ཁ་རོལ་གནམ་ཐང་ནས་ཀློག་རྒྱུ་བྱུང་བ་དང་དུས་ཚོད་མགྱོག་པོར་འགྲོ་རོགས་ཉན་སོང་།
ད་ནི་རྩོད་རྙོད་དང་ཡར་ལང་མེད་པར་ཞི་བདེར་འཚོ་བའི་ནུབ་གླིང་ལ་ལོག་ཡོད་པ་དང་ཉལ་སའི་ནང་ནས་བསམ་བློ་ཞིག་བཏང་དུས་མཆན་མིང་བོ་ཞིག་གི་དོན་ཡིད་ལ་མི་ཤར་གི
གང་ལྟར་བདག་ཅག་གི་ཕ་ཡུལ་དང་ཉེ་ཆར་བདག་འགྲོ་སའི་ཁ་ཆེའི་རྒྱལ་ཁབ་ཚོ་ལ་འདྲ་ས་གཅིག་ཡོད་པ་དེ་ནི་ཚར་རྒྱུ་མེད་པའི་ཆབ་སྲིད་ཀྱི་རྙོག་འཛིང་དེ་རེད་འདུག སྐྱོ་བ་ཞིག་ལ་རྙོག་འཛིང་དང་འཐབ་རྩོད། ཡར་ལང་དང་གཡུལ་འགྱེད་བྱུང་སྐབས་མཐར་གཏུག་གི་སྡུག་བསྔལ་ནི་མི་དམངས་དཀྱུས་མ་ལས་མི་ཆེབ་དཔོན་ཆེན་ལ་མི་ཡོང་བ་དེ་རེད་འདུག
བོད་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་སྐབས་འདིར།
བོད་ཀྱི་མཐོ་རིམ་ཤེས་ཡོན་ཅན་ཡིན་རློམ་བྱེད་མཁན་འདི་ཚོས།
བོད་དགྲ་རྒྱ་དམར་གྱི་རྐུབ་འོག་ཏུ་མགོ་བོ་ཐུར་དུ་སྒུར་ཏེ།
བོད་ཀྱི་ལོ་རྒྱུས་སྲོག་རྩ་ལ་རྒོལ་བའི་བཀྲོགས་གཏམ་སྤེལ་ཕོད་པ་ནི།
བོད་ཀྱི་ཁྲག་དང་མིག་ཆུ་རྒྱ་ལ་ཚོང་མཁན་མིན་ན་བོད་མི་གསོན་པོ་སུ་ཞིག་ཡོད????????
རྣམ་དཔྱོད་དང་བློ་སྟོབས་ཀྱི་ཡང་རྩེར་སོན་པའི།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་མཆོག་ནས།
གངས་ལྗོངས་བོད་ཀྱི་རྒྱལ་ཁབ་ལ་སྙིང་ནས་གུས་ཤིང་།
དྲང་བདེན་ལོ་རྒྱུས་ཀྱི་བདེན་དཔུང་རྒྱབ་ཏུ་ཁུར་ཏེ།
ལེགས་བཤད་རིན་པོ་ཆེ་ཕྱོགས་བརྒྱར་བསྒྲགས་དུས།
རུས་མེད་རྒྱལ་ཚོང་བ་ཉུང་ཤས་ཀྱིས་ལོག་བཤད་སྨྲེང་ངག་འདོན་པ་ལས།
ཁྱེད་ཀྱིས་རྒྱུ་མཚན་ཡང་དག་ཇི་ཙམ་བཤད་ཀྱང་ཉན་འདོད་མེད་པ་ནི་
རྒྱ་དམར་གྱི་ཟས་གྲིབ་ཕོག་པ་ཡིན་ཤས་ཆེ།
དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་རྟག་ཏུ་བྱེད་མཁན་རྒྱ་དམར་རྗེས་འབྲངས་དང་བཅས་པ་ལ། མཁས་མཆོག་ཁྱེད་ཀྱིས་རྒོལ་ལན་གནད་ལ་ཕོག་པ་འདི་འདྲ་གནང་ཐུབ་པ་ལ། བོད་ཀྱི་ལྷ་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུ།
སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུང་དེ་ཡག་པོ་འདུག ཁོང་གིས་ཚང་མ་ལ་འགྲེལ་བཤད་དང་བསླབ་བྱ་རྒྱུ་མཚན་དང་ལྡན་པ་མང་པོ་གསུངས་འདུག ཡིན་ནའང་དེ་དང་ཆབས་ཅིག་ཟམ་གདོང་རིན་པོ་ཆེ་ལ་དྲི་བ་མང་པོ་ཞིག་འོང་གི་འདུག དྲི་བ་ལ་ལན་ཡོད་པ་ཞུ། ཆབ་སྲིད་ཀྱི་བྱུང་རབས་གཙང་མ་ཞིག་མེད་པའི་རྐྱེན་ཀྱིས་རང་བཙན་གཙང་མ་རྩོད་པ་ལ་དོན་འབྲས་མི་འདུག་བསམ་པ་ཡིན་ན། འོ་ན་རང་སྲིད་རང་སྐྱོང་རྩོད་པ་ལ་ཕན་འབྲས་འབྱུང་ངེས་པའི་གདེང་ཚོད་ཁྱོད་ལ་ག་ཚོད་ཡོད། གལ་དེ་ཁྱོད་ལ་གདེང་ཚོད་ངེས་ཅན་ཞིག་མེད་ན་རང་བཙན་རྩོད་མཁན་གྱིས་རང་བཙན་བརྩད། དབུ་མ་རྩོད་མཁན་གྱིས་དབུ་མ་བརྩད་ན་མི་འགྲིག་གམ། ད་ལྟའི་དུས་ཚོད་འདི་ལ་ང་ཚོ་ལ་རང་བཙན་རྩོད་མཁན་ཡོད་ན་དགོས་དུས་རེད། དབུ་མ་རྩོད་མཁན་ཡོད་ན་རྩོད་རན་རེད། ནང་ཕན་ཚུན་བརྩད་བསྡད་ན་དགོས་པ་ཆེ་བར་མཐོང་སོང་ངམ། རང་བཙན་བརྩད་ན་ཕན་པ་མེད་ན་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བོད་ལ་རང་བཙན་དགོས་ཟེར་བཞིན་རང་ལུས་མེ་ལ་བསྲེགས་པ་ཐམས་ཅད་དོན་མེད་རེད་དམ། ངས་བསམས་ན་ད་ལྟ་རང་བཙན་དང་དབུ་མ་རྩོད་མཁན་རྣམས་ཀྱིས་དབུ་མ་རྩོད་ན་བོད་དོན་རེད། རང་བཙན་རྩོད་ན་བོད་དོན་རེད། ཁྱོད་ཀྱིས་འཇོན་ན་འཇོན་རེད། ངས་འཇོན་ན་འཇོན་ཡིན་པས་ཐམས་ཅད་ཀྱིས་རྡོག་རྩ་གཅིག་དང་མཐུན་པའི་ལག་གདང་སྦྲེལ་དེ་མི་རེ་རེ་ནས་རང་རང་གི་འོས་བབ་ཀྱི་བོད་དང་བོད་ཀྱི་དོན་དུ་འབད་བརྩོན་བྱེད་པའི་དུས་ལ་སླེབས་འདུག་བསམ།
གསལ་བཤད། དྲ་གྲོགས་གསར་པ་ཞིག་གིས་ཟམ་གདོང་ངམ་ཡང་ན་ཟམ་གདོང་གི་གསུང་ཡིན་ཟེར་བའི་དཔྱད་རྩོམ་སྤེལ་མཁན་དེ་ལ་དྲི་བ་འདི་འདྲི་རྒྱུ་ཡིན། ཉེ་ཆར་ཨེ་རླུང་ལས་ཁུངས་སོགས་ནས་བྱུང་བའི་གནས་ཚུལ་སྐྱུག་བྲོ་བ་འགའི་རྐྱེན་གྱིས་གཞུང་གི་མགོ་ཁྲིད་ཁ་ཤས་སམ་ཡང་ན་མི་ངན་འགའ་ཡིས་བོད་པ་དང་བོད་ཀྱི་རྒྱབ་སྐྱོར་བ་རྣམས་ལ་བློ་ཕམ་པོ་བྱུང་།
ཟམ་གདོང་ཚང་གི་གསུངས་ཀྱི་བསྐོར་ལ་རྩོད་པ་མང་པོ་མང་པོ་ཞིག་བྱེད་བཞིན་ཡོད་གི་། ཧ་ཅང་ཡག་པོ་རེད་། ང་ལ་མཚོན་ན་དེའི་བསྐོར་ནས་མང་པོ་ཞིག་ཤེས་སོང་ལ་ཁོང་གིས་ལོ་རྒྱུས་དྲང་པོ་གསུངས་འདུག་། ཡིན་ན་ཡང་འུ་ཚོས་དེའི་བསྐོར་ལ་མགོ་འཁོར་ནས་ཟམ་གདོང་བླ་མའི་གསུང་རེད་དང་མ་རེད་ཟེར་ནས་སྡོད་པའམ་། ཡང་ན་ང་དབུ་མ་དང་ཁྱེད་རང་གཙན་པ་བཅས་ཁ་རྩོད་པ་བྱས་ནས་མི་སྡོད་པར་འུ་ཚོ་ཚང་མ་མཉམ་འབྲེལ་གྱིས་ཕྱོགས་གང་ཐད་ནས་རྒྱའི་སྲིད་གཞུང་སུན་པོ་བཟོ་ཅི་ཐུབ་དང་རྒྱ་ནག་མི་མང་ལ་འབྲེལབ་་ཡག་པོ་འཛིན་འུ་ཐུབ་ལྟ་རྒྱུ་ནི་དེ་རིང་ཧ་ཅང་གལ་ཆེན་པོ་རེད་སྙམ་།
དབུ་འབུ་ཁུག་རྟ་ལགས།
( མཆོད་འབུལ་སྨོན་ལམ་ཀྱང་ཆོས་མཐུན་རང་མ་གཏོགས་སྦིར་གྲགས་ཆེ་བའི་རྣམ་པར་བྱེད་ཀྱི་མེད) ཁྱེད་ཀྱིས་གསུངས་བ་ལྟར་ན་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་དག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་བྱེད་བཞིན་པ་དེ་དག་ཆོས་མཐུན་མ་རེད་ཟེར་གྱིན་ཡོད་དམ། ཡང་ན་ཚོགས་སྒེར་གཞན་དག་གི་དེ་ཆོས་མཐུན་མ་རེད་ང་ཚོས་ལྐོག་ནས་ཞལ་འདོན་སྐྱོར་བཞིན་པ་དེ་ཆོས་མཐུན་ཡིན་ཟེར་གྱིན་ཡོད་ཨེ་རེད།
( བོད་ནང་ལོ་རྒྱུས་ལྡན་པའི་ལས་འགུལ་སྤེལ་སྐབས་བཙན་བྱོལ་ནས་ལོ་རྒྱུས་ཅན་གྱི་རྒྱབ་སྐྱོར་ཐུབ་ངེས་ཀྱི་ལས་འགུལ་སྤེལ་རྒྱུ་མ་རྙེད་ཚེ། མ་རྙེད་པའི་གནས་སྟངས་དེ་ག་རང་ངོས་ལེན་བྱ་རྒྱུ་ལས། མར་མེ་ཁྲོམ་སྐོར་ལྟ་བུས་དུས་ཚོད་ཕུད་རྒྱག་བྱེད་པའི་རྣམ་འགྱུར་སྟོན་མ་འདོད་པ་ཡིན། དེ་ནི་བཟང་སྤྱོད་ཅིག་ཀྱང་ཡིན།)་
བཙན་བྱོལ་གྱི་རྒྱལ་ཁབ་གང་ས་ནས་རང་གཞུང་གཙོས་བོད་མི་གཞུང་སྒེར་ཡོངས་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་པ་དེ་ལོ་རྒྱུས་ཅན་གྱི་རྒྱབ་སྐྱོར་མ་རེད་ལབ་པ་ཨེ་ཡིན། སྐད་ཡིག་གཞན་ཐོག་གི་རྒྱལ་སྤྱིའི་རྒྱལ་ཁབ་གཞན་དག་གི་འཐབ་རྩོད་བྱད་སྟངས་ལ་ཅིག་གཟིགས་རོགས། དེ་དག་ལོ་རྒྱུས་ཅན་གྱི་རྒྱ་སྐྱོར་མིན་ན་གང་རེད།
དབུ་མའི་ལམ་གྱི་བཟང་སྤྱོད་ཁེར་སྟངས་ལྟར་ན་བོད་ནས་མེར་བསྲེག་བཏང་ཡང་བཙན་བྱོལ་ནས་བཟང་སྤྱོད་ཡིན་ཞེས་ཁུ་སིམ་མེར་འདུག་དགོས་པ་ཨེ་རེད། གལ་སྲིད། མར་མར་ཁྲོམ་སྐོར་ལས་འགུལ་མ་ཡིན་ཚེ་ལོ་རབས་དྱུག་ཅུའི་ནང་གི་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་སྐད་གྲགས་ཆེ་བའི་ཞི་བདེའི་མེ་མརའི་རྒྱང་བཞུད་ཅེས་པའི་ལས་འགུལ་སྐད་གྲགས་ཅན་དེ་ཡང་ལས་འགུལ་ཡིན་རྒྱུ་མ་རེད། དོན་ངོ་མར་ལོ་རབས་(༡༩༦༣ ནས་༡༩༧༥)བར་དུ་ཨ་རི་གཅིག་བུས་མེར་མེའི་ཁྲོམ་སྐོར་སྟོང་ཁྲག་མང་བོ་བྱས་ཟིན་ཡོད་ལ་ལོ་རྒྱུས་ཀྱི་ཡིག་ཆར་གསལ།
( གཞན་ནས་རང་སྲེག་ལས་འགུལ་ནམ་བྱུང་སྐབས་ཀྱི་བྱུང་རིམ་དང། སྐད་འབོད། ཞལ་ཆེམས་ཙམ་དུ་མ་ཟད། རང་སྲེག་བྱུང་ཡུལ་གྱི་ས་གནས་སོ་སོའི་གནས་སྟངས་དངོས་ཤེས་རྟོགས་ཨེ་ཐུབ་གཟབ་ནན་ཏན་ཏིག་བྱ་བཞིན་ཡོད།)་་ད་སྔ་ཕན་ཆོད། དབུ་མའི་ལམ་ཚང་བརྒྱུད་ནས་ཤེས་རྟོགས་བྱུང་བའི་རང་བསྲེག་གི་ལས་འགུལ་གཅིག་ཀྱང་ཐོས་མ་སོང་། ཕལ་ཆེར་གཅིག་བྱས་ན་ཡང་བཟང་སྤྱོད་དང་འགལ་བར་དོགས་ནས་གསར་ཉར་བྱས་པ་ཡིན་རྒྱུ་རེད།
( འདི་ག་ལས་འགུལ་ཁང་རང་སྲེག་མཚམས་འཇོག་གནང་རྒྱུ་འབོད་སྐུལ་བྱ་མཁན་ཡིན་སྟབས། ལངས་ཕྱོགས་དེ་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད།) དབུ་མའི་ལམ་ལས་འགུལ་ཁང་ལྟ་བུ་ཞིག་ལ་ལས་འགུལ་འདི་མཚམས་འཇོག་རོགས་ཞེས་འབོད་སྐུལ་ཞུ་བའི་ཐོབ་ཐང་ཡང་ཡོད་མེད་བཤད་ཚོད་མི་ཐིག་པ་ཞིག་རེད། ༧་གོང་ས་སྐྱབས་མགོན་རིན་པོ་ཆེས་ཀྱང་ཤུགས་ཆེན་པོས་དངོས་སུ་མཚམས་འཇོགས་རོགས་ཞུ་མ་ཐུབ་པར་བཞུགས་ཡོད་དུས། ཁྱེད་ཚོར་དེ་ལས་ལྷག་པའི་ཐཽབ་ཐང་ཞིག་གང་ནས་སླེབས་སོང་།
རྐང་གི་ནང་ན་རུས་པ་ཡོད་མཁན་ཅིག་དང་། ཁོག་པའི་ནང་ན་གློ་མཆིན་ཡོད་མཁན་ཞིག་ཡིན་ན་ཁྱི་ངན་ནང་འཛིང་དང་ནག་མོ་ཅོ་འཛིང་བྱེད་རྒྱུ་མཚམས་བཞག་ནས། སྔོན་ཆད་རང་བཙན་ཡིན་ནའང་འདྲ། སྔོན་ཆད་རང་བཙན་མིན་ནའང་འདྲ། སང་ཉིན་རང་བཙན་རག་ན་དེ་རིང་ང་ཚོས་ག་རེ་བྱེད་དགོས་མིན་དེ་གཙོ་བོ་རེད། སང་ཉིན་རང་བཙན་དངོས་ནས་རག་དབང་དུ་ན་ང་ཚོ་ལ་གྲ་སྒྲིག་ཡོད་རེད་པས། ཡོད་ན་ག་འདྲ་ཅིག་ཡོད་རེད།
དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་གྲ་སྒྲིག་དང་རྒྱལ་ཁབ་ཅིག་གི་འཆར་གཞི་ཞིག་ང་ཚོ་ལ་གདེང་འཁེལ་བ་ཅིག་ཡོད་རེད་པས། དྲི་བ་འདི་ང་ཚོ་སུ་ཡིན་ཡང་སྐད་ཆ་མ་བཤད་སྔོན་དུ་སེམས་ལ་འཁོར་བའི་ཐོག་གཞི་ནས་སྐད་ཆ་ཤོད་དགོས་གི་རེད། དེ་མིན་ཤ་མོག་མོག་མོག་དང་སྐད་ཆ་སྦོམ་སྦོམ་ག་ཚོད་ཤོད་མ་ཤོད་ག་རེ་ཡོག་རེད། མི་རེ་རེ་ཡིན་ན་ཡང་དེ་འདྲ་རེད་ལ། ཚོགས་པ་ཁག་སོ་སོ་ཡིན་ནའང་དེ་འདྲ་རེད། ཚང་མའི་སེམས་པའི་ནང་རྩིས་ཁྲ་ཅིག་ཏན་ཏན་དགོས་གི་རེད།
ཟམ་གདོང་བླ་མས་བཏགས་དོན་འཚོལ་འདུག་པས། དེ་ཐལ་འགྱུར་བས་ཀྱང་དགག་པའི་གནས་ཡིན། ་ང་ཚོས་བསམ་བློ་ཞིག་བཏང་ན་སྔར་རང་བཙན་མིན་པའི་རྒྱལ་ཁབ་ནང་ལའང་རང་བཙན་རེག་ཡོང་གི་ཡོད་པས་ང་ཚོ་རང་བཙན་དགོས་མིན་སོ་སོའི་ལག་པ་ལ་ལེན་དགོས་པ་ལས་ཞིབ་མོ་བྱས་ན་འཇིག་རྟེན་གྱི་རྣམ་བཞག་འདི་ཐམས་ཅད་འཇིག་འགྲོ་བས། རང་བཙན་ཡིན་པའི་བདེན་དབང་གང་ཡོད་པ་དེའི་སྟེང་ནས་ཉལ་དགོས་པ་ལས། དེ་ལས་ལྡོག་སྟེ་རང་ཉིད་ལ་རང་བཙན་མིན་པའི་སྒྲུབ་བྱེད་བསྒྲིག་པ་ནི་སྙོན་པའི་ལག་དུ་རལ་གྲི་ཤོར་བ་དང་འདྲ།
དཔལ་འབྱོར་གོ་ལ་གཅིག་གྱུར་་ཅན་གྱི་དུས་སུ་བདེན་པ་ཡོད་ཀྱང་བཤད་ས་མེད་པ་ཞིག་ཆགས་རེདམ་གཏོགས། དེ་སྔོན་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཞིག་སུས་བལྟས་ཀྱང་ཤེས་ཐུབ་ཡིན། སྤྱིར་རྒྱལ་ཁབ་ཆེ་བས་ཆུང་བར་ཐུབ་ཚོད་བརྙས་བཅོས་ཀྱིས་དབང་ཡོད་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད།
དེ་ནི་བོད་ཙམ་མ་ཡིན་པར་རྒྱལ་ཁབ་མང་བོར་ཡོང་མྱོང་ཡོད་རེད། རྒྱ་ནག་མཚོན་ཨིན་ཇི་དང་ཨ་རི་སོགས་ཡུ་རོབ་རྒྱལ་ཁབ་མང་བོས་ཐེར་ཇུས་བྱས་མྱོང་ཡོད་རེད། དེ་སྔར་བོད་ལ་སོག་པོ་དང་མན་ཇུས་བྱས་མྱོང་ཡོད་ཀྱང་དེས་བོད་རང་བཙན་མ་ཡིན་པར་སྒྲུབ་མི་ཐུབ། སོག་པོའི་དབང་ཤུགས་བསླེབས་པ་ནི་བོད་མིས་དང་བླངས་ཀྱིས་བྱུང་བ་མ་ཡིན་པར་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པ་རེད། འོན་ཀྱང་ཅང་མ་འགོར་བར་འགྲོ་མགོན་འཕགས་པར་སླར་ཡང་བརྩིས་སྤྲོད་བྱས་ཡོད། དགའ་ལྡན་ཕོ་བྲང་བའི་སྲིད་དབང་ཚུགས་ཟིན་པའི་རྗེས་སུ་གཞི་ནས་རྒྱ་ནག་ཏུ་མན་ཇུའི་སྲིད་དབང་བཙུགས་པ་ཡིན་པས། དགའ་ལྡན་ཕོ་བྲང་བའི་སྲིད་དབང་དེ་མན་ཇུས་སྤྲད་ཚུལ་ཞིག་ཤེས་བྱ་ལ་ཡོད་མི་སྲིད། མ་ཟད་༧གོང་ས་ལྔ་བ་ཆེན་པོར་མན་ཇུ་གོང་མ་རང་ཉིདས་ཐག་རིང་བོར་ཕེབས་བསུར་བཅར་བ་དེས་རྒྱལ་ཁབ་འདྲ་མཉམ་གྱི་དཔོན་པོ་མཇལ་ཕྲད་ཀྱི་གནས་བབ་གསལ་བར་བསྟན་ཡོད། བོད་གཞུང་དང་ཆིངས་རྒྱ་དམར་བར་ཆིངས་ཡིག་དོན་ཚན་བཅུ་བདུན་ཅན་དེ་ནི་བཙན་པོ་དབང་ཡོད་ཀྱིས་འཇོག་བཅུག་པ་ལས། བོད་མིས་ཁས་ལེན་འོས་པ་གང་ཡང་མེད། ཅིངས་ཡིག་དེ་ནུས་མེད་སོང་ཟིན་པར་ཟམ་གདོང་རིན་པོ་ཆེ་ཁོང་ཉིད་ཀྱིས་གསལ་བར་གསུངས་ཟིན་པ་ཡིན།
གོང་མ་རང་ཉིད་ནས་ཞེས་བཅོས། བོད་གཞུང་དང་རྒྱ་དམར་ཞེས་པར་བཅོས།
མ་ངན་རུལ་མའི་ཐབ་མགོ་ན།
རྫ་མ་བ་མར་ཁྱོག་སྒྱ་མང་།།
མི་ངན་བླ་མའི་ཁ་ཚིག་ན།
བདག་གཞན་གཉིས་ཀར་གནོད་སྤྱད་མང་ཟེར་བའི་གཏམ་དཔེ་འདི་མོ་གོ་མྱོང་ཨེ་ཡོད།
་་་་་་་་་་་་་་་་ ་་་་་་་་་་་་་་་
བླ་རྒན་བདག་མེད་ཞིག་གི།།
ཁ་ཚིག་ཚོད་མེད་དེ་ཚོར།།
ཡ་དང་ཡིད་ཆེ་མེད་ན།
རང་བཙན་སྐྱར་དུ་ལེན་ཆོག།
ཕ་རིའི་རྒྱ་ངོ་མ་ཤེས།
ཚུར་རིའི་བོད་ངོ་མ་ཤེས།།
དེབ་ཆད་ཞིག་གི་ངོ་ནས།།
བླ་རྒན་དབུ་འཁོར་བྱུང་བཞག།
རྒྱ་ལ་དཀར་བའི་ཚིག་དེ།
བོད་ལ་གནག་པའི་སེམས་རེད།
རྒྱ་བོད་ཞི་གནས་མེད་པ།།
མི་མཁྱེན་བླ་མ་སྙིང་རྗེ།།
ཁ་བརྡ་ཚང་གོང་གི་ངའི་མཆན་དེ་རྣོག་ལ་ཤོག།
ཕྱི་ཚེས་ ༡༣ ཉིན་རྒྱབ་ངྷ་ས་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག ཤེས་རབ་དགའ་ཚལ་སློབ་གླིང་གི་ཚོགས་ཁང་དུ། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་། སློབ་གྲྭའི་ངེས་སྟོན་པ་དང་སློབ་སྤྱི་བཅས་གཙོས་པའི་དགེ་ལས་སློབ་ཕྲུག་ཚོ་ལྷན་འཛོམས་ཐོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་ལའི་ལམ་དང་དེའི་སྲིད་བྱུས་སྐོར་ལ་གསུང་བཤད་དང་། དགེ་ལས་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་བཅས་གནང་ཡོད།
བཀའ་བློན་ཁྲི་ཟུར་མཆོག་གིས་དགེ་ལས་སློབ་ཕྲུག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོའི་ཆ་ནས་མིང་དོན་མཚུངས་པའི་ཐོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་འགྲོ་བའི་མཐའ་དང་། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་བབ་ཀྱི་མཐའ་གཉིས་སྤངས་པའི་དབུས་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲོམ་གཞིའི་འོག ཆོལ་གསུམ་ཡོངས་རྫོགས་ལ་བོད་ཟེར་བའི་ཆབ་སྲིད་དང་ས་མཚམས་ཀྱི་གྲུབ་ཆ་གཅིག་གི་ནང་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་པ་ཞིག་རྩོད་ཀྱི་ཡོད་པ་དང་། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བེད་སྤྱོད་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་རྣམས་ཡིག་ཐོག་ཏུ་ཡོད་ཀྱང་དོན་ལ་མེད་པ་ཞིག་མ་ཡིན་པའི་ཐོག དངོས་དོན་ཁ་ཡོད་ལག་ཡོད་ཡིག་ཐོག་ཏུ་གང་གསལ་བ་དེ་ལག་བསྟར་བྱ་ཐུབ་པ་ཡིན་ན། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་དགོས་མཁོ་སྟེ། རྒྱལ་ཁབ་ཁ་བྲལ་འགྲོ་མ་དགོས་པ་སྲུང་སྐྱོང་བྱ་ཐུབ་པ་ཞིག་དང་། བོད་མིའི་དགོས་མཁོ་སྟེ། མི་རབས་ནས་མི་རབས་བརྒྱུད་ཡོང་བའི་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་ལེགས་བྱང་། སྐད་ཡིག ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་རང་དབང་གི་ཐོག་ནས་མ་ཉམས་རྒྱུན་འཛིན་བྱ་ཐུབ་པ། དེ་བཞིན་འགྲོ་བ་མིའི་རིགས་ཤིག་ཡིན་པའི་ཆ་ནས་གཞི་རིམ་གྱི་རང་དབང་དང་ཐོབ་ཐང་། གུ་ཡངས་གང་ཡོད་པ་དག་འཐོབ་ཐུབ་པ་ཞིག་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་རིགས་ཡོངས་རྫོགས་ནང་ཁུལ་ཁ་བྲལ་དུ་མ་སོང་བའི་ཐོག་གོང་བུ་གཅིག་གྱུར་དུ་གནས་ཐུབ་པ། དེའི་ཐོག་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་དགོས་མཁོ་གང་ཡོད་པ་བསྒྲུབ་ཐུབ་པ་ཞིག་ལ་དམིགས་ཡུལ་བཟུང་ཡོད་སྐོར་གསུངས་སོང་།
ཡང་ཁོང་གིས་དབུ་མའི་ལམ་གྱི་གྲུབ་འབྲས་སྐོར་ནས། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ལག་བསྟར་བྱས་པ་ལ་བརྟེན་ནས། རྒྱལ་སྤྱིའི་སྟེང་བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཐད་ཕན་ཐོགས་དང་གྲུབ་འབྲས་ཆེན་པོ་བྱུང་ཡོད་སྐོར། ལོ་ངོ་དྲུག་ཅུ་བདུན་ཅུ་ནི་མི་ཞིག་གི་མི་ཚེ་ལ་མཚོན་ན་རིང་པོ་ཡིན་ཡང་། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཐད་ནས་དུས་ཡུན་ཐུང་ཐུང་ཡིན་ལ། དུས་ཐུང་ཞིག་གི་ནང་འཐབ་རྩོད་ལ་གྲུབ་དོན་རྙེད་པའམ་ཐག་གཅོད་བྱུང་བ་ཞིག་ཁག་པོ་ཡིན་པ། ལྷག་པར་དུ་ཆབ་སྲིད་དང་མི་འབོར། སྤྱི་ཚོགས། དབང་སྒྱུར་བྱེད་མཁན་རྒྱལ་ཁབ་ཀྱི་སྟོབས་ཤུགས། རང་ཡུལ་དུ་ཡོད་པ་དང་བཙན་བྱོལ་དུ་ཕྱིན་པ་སོགས་གནས་ཚུལ་མང་པོ་ཞིག་གི་ཐད་ནས། མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་འཐབ་རྩོད་བྱེད་མཁན་གྱི་བྱུང་རིམ་གང་ལ་བལྟས་ཀྱང་། བོད་པའི་གནས་སྟངས་ལ་ཞན་ཆ་མང་པ་དང་ཟུར་དུ་ཐོན་བསྡད་པ། མཚུངས་བསྡུར་བྱེད་དཀའ་བ་ཞིག་ཡིན་སྟབས། དབུ་མའི་ལམ་ཀྱི་སྲིད་བྱུས་གཏན་འབེབ་བྱ་དགོས་པ་དང་། དེའི་དགོས་དོན་ལ་ངོས་འཛིན་ཐུབ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་ཡོད།
སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་སྐབས། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པ་དེས་རང་བཙན་དོར་བ་ཞིག་ཡིན་མིན་ཐད་ཁོང་གིས། “དབུ་མའི་ལམ་གྱི་སྲིད་བྱུས་ངོས་ལེན་བྱེད་པའི་སྐབས་ལ་རང་བཙན་དོར་བ་རེད་ཟེར་བ་དང་། རང་བཙན་བློས་བཏང་བ་རེད་ཟེར་བ་དེ་སྐད་ཆ་བཤད་སྟངས་ཤིག་རེད། སྤྱིར་བཏང་དོར་བ་དང་བློས་བཏང་བ་ཟེར་བའི་ཐ་སྙད་དེ་ནི། ང་རང་ཚོར་ཡོད་པ་ཞིག་དོར་བ་དང་བློས་བཏང་བ་ཡོད་པ་ལས། ང་ཚོ་ལ་མེད་པ་ཞིག་དོར་བ་དང་བློས་བཏང་བ་ཟེར་བ་ནི་ཚིག་རང་རེད།” ཅེས་གསུངས་ཏེ། ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཡིག་ཆ་དེར་མིང་རྟགས་བཀོད་ཡོད་པ་དང་། དེའི་རྗེས་ཀྱི་ཉིན་ཤས་ནས་བོད་དབུས་གཞུང་ནས་དེར་ངོས་ལེན་བྱས་པའི་བརྡ་ལན་བཏང་བའི་ཉིན་དེ་ནས་བོད་པའི་རང་བཙན་རྫོགས་ཡོད་པས། བོད་ཀྱི་རང་བཙན་ཤོར་བ་ཡིན་ན་འདྲ། དོར་བ་ཡིན་ན་འདྲ། བློས་བཏང་བ་ཡིན་ན་འདྲ། ཉིན་མོ་དེ་ནས་བོད་ལ་རང་བཙན་མེད་པར་གྱུར་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ས་གནས་སྲིད་གཞུང་ཞིག་ཆགས་ཡོད་ལ། བོད་ཕྱོགས་ནས་དེར་ངོས་ལེན་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་གནས་བབ་དེའི་ཐད་ནས་བསྡད་ཡོད་ཚུལ། སྤྱིར་བོད་པའི་དེ་བྱུང་རིག་པར་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་པོ་ཞིག་མེད་པ་དང་། རང་བཙན་ཟེར་བའི་ཚིག་དེའང་ལྔ་བཅུ་ང་གྲངས་གོང་བོད་མིའི་འདུ་ཤེས་ནང་རྒྱུན་ལྡན་བེད་སྤྱོད་བྱེད་པའི་ཚིག་སྦྱོར་ཞིག་ཆགས་མེད་ཚུལ། བོད་པའི་ཆབ་སྲིད་དང་བྱུང་རབས་དེ་རྒྱལ་སྤྱིའི་མདུན་ལ་འཇོག་དགོས་དུས་ཁག་པོ་ཞིག་ཆགས་ཡོད་སྐོར་སོགས་ལན་འདེབས་གནང་ཡོད།
དེ་བཞིན། ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པ་དེས་རང་བཙན་འཐབ་རྩོད་ཀྱི་ཐོབ་ཐང་དོར་བ་ཞིག་མིན་པར། རང་བཙན་རྩོད་ལེན་གྱི་ཐོབ་ཐང་དེ་འདས་པའི་བྱུང་རབས་དང་ལྟའི་གནས་བབ་གཉིས་ཀྱི་སྟེང་ནས་འགྲོ་དགོས་པ་ཞིག་ལས། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་དེར་འགལ་ཟླ་འགྲོ་བ་ཞིག་མིན་པ། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་པའི་སྐབས་སུ། བོད་མིའི་རྩོད་ལེན་གྱི་ཁ་ཕྱོགས་དེ་རང་བཙན་ལ་མ་སོང་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོག་འགྲོ་རྒྱུ་ཡིན་པར་བཤད་བཞིན་པ་ཞིག་དང་། གལ་སྲིད་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་པ་ཡིན་ནའང་། རང་བཙན་རྩོད་རྒྱུའི་ཐོབ་ཐང་དེ་མེད་པ་ཆགས་འགྲོ་བ་ཞིག་དང་། བོད་རིགས་དེ་རྒྱ་རིགས་ལ་འགྱུར་འགྲོ་བ་ཞིག་དང་། བོད་སྐད་དེ་རྒྱ་སྐད་ལ་འགྱུར་འགྲོ་བ། བོད་ཀྱི་ས་ཆ་དེ་རྒྱའི་ས་ཆའི་ནང་འཐིམ་འགྲོ་བ་ཞིག་མིན་པ་མ་ཟད། རང་སྐྱོང་ཞིག་ཐོབ་པའི་རྗེས་སུ་དེ་མིང་དོན་མཚུངས་པ་ཞིག་མ་བྱུང་བ་ཡིན་ན་ཡང་བསྐྱར་རང་བཙན་རྩོད་མི་སྲིད་པ་ཞིག་མིན་སྐོར་གསུངས་ཡོད།
གོང་གི་དྲི་བར་ལན་འདེབས་དང་འབྲེལ་ཏེ་ཁོང་གིས། ༡༩༥༡ གོང་བོད་ལ་མངོན་འདོད་ཀྱི་ཆ་ནས་རང་བཙན་ཡོད་པ་བོད་མི་ཚོར་ཡོད་པའི་མྱོང་ཚོར་ཞིག་དང་། ཁོང་རང་ཉིད་ཀྱི་མི་ཚེའི་མྱོང་སྣང་ཐད་ནས་ཤེས་ཚོར་ཡོད་པ་ཞིག་ཡིན་ལ། གཞན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་ཀྱང་དེ་ཤེས་ཀྱི་ཡོད་ཀྱང་། ཁོ་ཚོར་དགོས་མཁོ་ཡོད་པའི་སྐབས་སུ་རང་བཙན་ཡིན་པར་རྩི་ཡི་ཡོད་པ་དང་། དགོས་མཁོ་མེད་པའི་སྐབས་སུ་རང་བཙན་ཡིན་པར་རྩི་ཡི་མེད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར། རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པའི་སྙན་ཐོའི་ནང་ ༡༩༡༣ ནས་ ༡༩༥༡ བར་བོད་དེ་མངོན་འདོད་ཀྱི་རང་བཙན་རེད་འདུག འོན་ཀྱང་ཁྲིམས་མཐུན་གྱི་རང་བཙན་རེད་མི་འདུག་ཅེས་བཀོད་ཡོད་སྐོར་གསུངས་ཏེ། ག་དུས་ཡིན་ནའང་བོད་རང་བཙན་རྩོད་ལེན་བྱེད་མཁན་བོད་མི་གཞོན་སྐྱེས་ཚོ་དང་། ལྷག་པར་དུ་ཤེས་ཡོན་ཅན་ཚོས། རྒྱལ་སྤྱིའི་ནང་རྙོག་འཛིང་ཡོད་པའི་བོད་ཀྱི་འདས་པའི་བྱུང་རབས་དེ་གསལ་བོ་བཟོ་དགོས་པ་དང་། ཕར་ཕྱོགས་ནས་བཤད་པ་དེ་བདེན་པ་མ་ཡིན་པ་དང་འཁྱོག་བཤད་ཡིན་པ་ངོས་འཛིན་ཐུབ་པའི་བདེན་རྟགས་བསྒྲུབ་དགོས་པ་གལ་ཆེན་པོ་ཡིན་པ་ལས། སེམས་ཚོར་ཙམ་གྱིས་རང་བཙན་བཤད་བསྡད་པ་ཡིན་ན། དོན་དམ་སྟེང་རང་བཙན་ལག་ཏུ་ལོན་རྒྱུར་ལག་ལེན་ཐོག་གོམ་པ་རྒྱག་ཐུབ་མིན་བཤད་ཁག་པོ་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས། རང་བཙན་ཟེར་བ་དེ་བརྒྱ་ཆ་ ༥༠ འདས་པའི་བྱུང་རབས་ལ་བལྟ་དགོས་པ་དང་། བརྒྱ་ཆ་ ༥༠ ད་ལྟའི་གནས་བབ་ཀྱིས་བསྐྲུན་ཐུབ་པ་ཞིག་ཡིན་ལ། ༡༩༥༡ བར་དུ་བོད་དེ་རང་བཙན་གཙང་མ་ཡིན་པ་དང་། དེ་ནས་རང་བཙན་ཤོར་ཡོད་པ་བོད་མི་ཚོས་ཁས་ལེན་བྱེད་ཀྱི་ཡོད་པ་དང་། བོད་མིའི་བསམ་བློའི་འདུ་ཤེས་འཛིན་ཕྱོགས་དང་ལངས་ཕྱོགས་ཀྱང་དེ་ལྟར་ཡིན་པ་དངོས་དོན་ཡིན་སྟབས། རང་བཙན་རྩོད་རྒྱུ་དེ་བོད་མི་ཚོའི་ཐོབ་ཐང་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་པ་ལྟར། ལངས་ཕྱོགས་དེར་དེ་བྱུང་རིག་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དང་། འདས་པའི་དུས་ཀྱི་བོད་མི་ཚོའི་བྱེད་ཕྱོགས་མ་འདང་པ་དང་མ་འགྲིག་པ་བྱུང་ཡོད་རིགས་ཡོ་བསྲང་བྱས་ཏེ། བོད་མིར་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་དེ། རྒྱལ་སྤྱིའི་ནང་མ་བརླག་པར་ཉར་ཐུབ་རྒྱུར་ཐབས་ཤེས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའང་གསུངས་སོང་།
བོད་ནང་གི་རང་ལུས་མེར་བསྲེགས་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། བཀའ་བློན་ཁྲི་ཟུར་མཆོག་གིས་ “བོད་ནང་ ༢༠༠༩ ནས་ད་ལྟའི་བར་དུ་རྒྱལ་སྤྱིའི་བྱུང་རབས་ནང་ནམ་ཡང་བྱུང་མ་མྱོང་བའི་མི་འབོར་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས། བློས་བཏང་། དཀའ་ཐུབ་དང་ལེན་བཅས་བསམ་ཡུལ་ལས་འདས་པའི་རླབས་ཆེན་རྨད་དུ་བྱུང་བ། ཧ་ལས་དགོས་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་རེད། ཁོང་ཚོ་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་། ང་ཚོ་གྲྭ་རྐྱང་ཞིག་ཡིན་པའི་ཆ་ནས་སྨོན་ལམ་རྒྱག་རྒྱུ་དང་མཆོད་འབུལ་བྱ་རྒྱུ་བཅས་ཡིན་པ་ལས། སྲིད་དོན་ཀྱི་ཐད་ནས་འགྲེལ་བརྗོད་གང་ཡང་ཞུ་འདོད་མེད་ལ་ཞུ་རྒྱུ་ཡང་ཁག་པོ་རེད།”ཅེས་གསུངས་ཏེ། བོད་མི་ཚོའི་བསམ་བློའི་ནང་རེ་བ་ཞིག་དང་གདེང་ཚོད་ཅིག་ཡོད་དགོས་པ་དང་། གལ་སྲིད་མེད་ན་བསྐྲུན་དགོས་པ་ཞིག་ཡིན་པ། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་དེར་སྔ་ཕྱི་མ་གཏོགས། བློས་གཏོང་དང་མཉམ་པའི་གྲུབ་འབྲས་ཡང་དག་པ་ཞིག་ཡོང་པའི་རེ་བ་བྱེད་དགོས་ལ། རེ་བ་དང་མཉམ་དུ་གདེང་ཚོད་ཀྱང་དགོས་པ་དང་། ཁོང་རང་ཉིད་ཀྱི་ངོས་ནས་ཁོང་རྣམ་པའི་བློས་གཏོང་ཆེན་པོ་དེ་ཆུད་ཟོས་སུ་མི་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།།།།།།།།།།།།། དྲ་བའི་འབུ་སྲིན་ཚོ་ཁྱོད་ཚོས་བོད་ཡིག་ཀློག་ཤེས་པ་དང་་་གོ་དོན་རྟོགས་ཐུབ་མཁན་ཡོད་ན་གོང་གསལ་རྩོད་གཞི་ཅན་དུ་གྱུར་པའི་སྐྱབས་རྗེ་ཟམ་གདོང་ཚང་གིས་བཀའ་སློབ་འདི་རེད་་་་་་་་་་་་་་་་་་་ཡོང་ཁུངས་བོད་ཀྱི་དུས་བབ་་་་་་་་་་་་་་་་་་་་་་་་་
ཡ་ཡ། ད་བོད་རང་བཙན་མིན་པ་ཚད་མས་གྲུབ། རང་བཙན་རྩོད་པ་ལ་ལོ་རྒྱུས་མི་དགོས་པའང་ཚད་མས་གྲུབ། དབུ་མའི་ལམ་ལོ་རྒྱུས་དང་འབྲེལ་བ་མེད་པའང་ཚད་མས་གྲུབ། གཙོ་བོ་བོད་པས་འཇོན་ན་ག་རེ་བྱས་བྱས་རེད། མ་འཇོན་ན་ས་མཐའ་ནས་འཐོར་ནས་ཤི་ཡང་སྲིད་པ་རེད། དེ་ཚང་མས་སེམས་ལ་ཉར་རོགས།
དེ་ནས་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གསལ་བསྒྲགས་གནང་བ་དེས་བོད་རང་བཙན་མུ་མཐུད་གནས་པ་ཡིན་ཟེར་ན་དེ་གཞི་རྩ་མེད་པར་འདོད། ཆིངས་ཡིག་དེ་ཁྲིམས་མཐུན་ཡིན་མིན་ལ་བཙན་འོག་ནས་བཞག་དང་མ་བཞག་ལ་ཁྱད་པར་མེད་པ་རྒྱལ་སྤྱིས་ཡོངས་གྲགས་ཁས་ལེན་བྱེད་ཀྱི་ཡོད་པ་རེད། སྡུག་གཱ་ཅིག་ལ་གྲོས་མཐུན་དེ་རྩིས་མེད་གཏོང་ཕྱོགས་ཀྱི་ཆ་རྐྱེན་གྲོས་མཐུན་ནང་བཀོད་ཐུབ་ཡོད་པ་མ་རེད། བྱས་ཙང། བྲོས་བྱོལ་བྱས་པའི་རྗེས་ཀྱི་རྩིས་མེད་གསལ་བསྒྲགས་ལ་དེ་ཙམ་ནུས་པ་མེད་པ་དང། རྒྱལ་སྤྱིས་སྟེང་དེ་གཅིག་གིས་ཀྱང་ཁས་ལེན་བྱས་མེད་པ་མ་ཟད།
ཕྱིས་སུ། ༢༠༠༧ དང་༢༠༠༨ གཡས་གཡོན་ལ་༸གོང་ས་མཆོག་དང་བཀའ་བློན་ཁྲི་པའི་གསུང་བཤད། དེ་བཞིན་རྒྱ་ནག་དང་འབྲེལ་བའི་ཡིག་ཆ་སྣ་མང་ཐོག་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་ཡོད་པའི་ཟོལ་འདྲ་ཞིག་གནང་ཡོད་པ་རེད། དེ་ཚང་མས་མཁྱེན་པ་གནང་རོགས།།། ནམ་ཟླ་ཉིན་རེར་འགྱུར་བ་སྣ་ཚོགས་འགྲོ་བ་འདི་ཆབ་སྲིད་ཀྱི་གཤིས་ཀ་དང་མཚུངས་ཟེར་བའང་ངང་ཚུལ་འདི་འདྲར་བསམས་ནས་ཡིན་ངེས་རེད།།
བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་པོ་ཞིག་མེད་པ་དང་། རང་བཙན་ཟེར་བའི་ཚིག་དེའང་ལྔ་བཅུ་ང་གྲངས་གོང་བོད་མིའི་འདུ་ཤེས་ནང་རྒྱུན་ལྡན་བེད་སྤྱོད་བྱེད་པའི་ཚིག་སྦྱོར་ཞིག་ཆགས་མེད་ཚུལ། བོད་པའི་ཆབ་སྲིད་དང་བྱུང་རབས་དེ་རྒྱལ་སྤྱིའི་མདུན་ལ་འཇོག་དགོས་དུས་ཁག་པོ་ཞིག་ཆགས་ཡོད་སྐོར་སོགས་ལན་འདེབས་གནང་ཡོད། གོང་གསལ་རིན་པོ་ཆེའི་བཀའ་སློབ་དེའི་ནང་དུ་འདི་འདྲ་ཞིག་གསལ་བ་ལས།་་་་་་་་་་་་་་་་་་ བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་གཅིག་ཀྱང་མི་འདུག་ཟེར་བ་ཞིག་དུས་བབ་ནང་དུ་མི་གསལ། གལ་སྲིད་དེ་འདྲ་ཞིག་གསུངས་ཡོད་པའི་དབང་དུ་བཏང་ཡང་་་་་བདེན་པ་རང་ཡིན་པར་སྐྱག་རྫུན་གསུངས་པ་ཞིག་མིན་པར་ལོ་རྒྱུས་མཁྱེན་མཁན་ཚོས་མཁྱེན་ངེས་རེད་་་་་་་་་་་་་དེ་མིན་སྒེར་ནད་དང་ཕྱོགས་ཞེན་དབང་གིས་རིན་པོ་ཆེ་ལ་མཚན་སྨོད་ག་ཚོད་ཐུབ་ཐུབ་ཞུས་དང་། ཁོང་མི་གྲལ་ནས་བུད་་་་ཁྱི་གྲལ་ལ་ལྷུང་ངེས་རེད་་་་་་དྲ་འབུ་ཚོ་ཤུགས་རྒྱོབ་ཤིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་གནས་ལུགས་དང་རྒྱུ་མཚན་ནི་ཁྱོད་ཚོས་མི་ཤེས་་་་འུར་ཤོད་དང་དཀྲུགས་ཤིང་ནི་ཁྱོད་ཚོ་དགའ་་་ད་ཡིན་དྰ་་
ཤར་ཕྱོགས་པའི་མཆན ༧༩ པར་གུས་བརྩི་ཞུ། ཤར་ཕྱོགས་པས་ཕྱི་གསལ་ནང་གསལ་གྱི་འགྲོ་ལུགས་འདི་གཏན་ནས་མ་བརླག རིག་པའི་རྗེས་སུ་འབྲངས་པ་ལ།། གླེན་པས་གནོད་པ་མི་ཐུབ་བོ།། ཞེས་པ་འདི་ཁྱེད་ཉིད་ལ་ཤིན་ཏུ་རན།།
དྲ་གྲོགས་རྡོ་རྗེའི་ལོངས་ཕྱོགས་རྡོ་རྗེ་ལྟ་བུ་ཞིག་བཟུང་ནས་གནས་ལུགས་རྡོ་རྗེ་ལྟ་བུ་རྟག་བརྟན་ཞིག་གསུང་པར་ཡིད་རངས་ཞུ།
༩༤༽ འདྲེ་ནག་མགོ་དགུ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢ གི་ཆུ་ཚོད་ ༢༠ སྐར་མ་ ༥༡
དཔལ་འབྱོར་གོ་ལ་གཅིག་གྱུར་་ཅན་གྱི་དུས་སུ་བདེན་པ་ཡོད་ཀྱང་བཤད་ས་མེད་པ་ཞིག་ཆགས་རེདམ་གཏོགས། དེ་སྔོན་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཞིག་སུས་བལྟས་ཀྱང་ཤེས་ཐུབ་ཡིན། སྤྱིར་རྒྱལ་ཁབ་ཆེ་བས་ཆུང་བར་ཐུབ་ཚོད་བརྙས་བཅོས་ཀྱིས་དབང་ཡོད་བྱེད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། ་་་་ཟེར་བ་འདི་ལ་གོ་ཆུང་ཆུང་ཅིག་གིས་ཚད་མ་སོང་། ང་ཡང་འདི་འདྲ་བ་ཞིག་དྲན་ནས་བསྡ་ད་ཡོད་ལགས།
ཡ་ཡ་དྲ་གྲོགས་ཚོ། དེ་སང་ཨ་ཧྥེ་རི་ཀའི་གླིང་དང་ཁ་ཆེ་ལུང་བ་དང་། ཡུ་རོབ་སོགས་ན་རང་བཙན་རྩོད་མཁན་དང་རང་བཙན་ཐོབ་མཁན་འགའ་ཞིག་བྱུང་དང་འབྱུང་བཞིན་པ་འདི་དག་ལ་སྔར་ནས་རང་བཙན་ཡིན་པའི་ལོ་རྒྱུས་དང་ཆིངས་ཡིག་གང་འདྲ་ཞིག་གི་འོག་ནས་རང་བཙན་ཤོར་བ་དང་། དེ་ནས་གནས་ལུགས་གང་འདྲ་ཞིག་གི་འོག་ནས་རང་བཙན་རྩོད་ཀྱིན་ཡོད་ཅིག་ཤོད་དང་། ངས་བསམས་ན་བོད་རང་བཙན་བྱེད་མི་བྱེད་ནི་བོད་མི་རིགས་ཀྱི་མངོན་འདོད་ལ་རག་ལས་པ་ཞིག་ལས་དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་ངེས་པར་ཡོད་དགོས་པ་མ་ཡིན་ལ། འོན་ཀྱང་ལོ་རྒྱུས་ཤིག་ཡོད་དགོས་ན། བོད་ཀྱི་བཙན་པོའི་ལོ་རྒྱུས་ཀྱིས་མ་ཆོག་པ་ཅི་ཞིག་ཡོད།
མན་ཇུས་བོད་ལ་ཇུས་གཏོགས་བྱས་པ་ཙམ་གྱིས་བོད་ཀྱི་རང་བཙན་ཤོར་བ་ཡིན་ན། ད་ལྟ་བལ་ཡུལ་དང་ཨབ་གྷན་ནི་སི་ཐན་གྱི་རང་བཙན་ཤོར་བར་ཐལ་ཏེ། ་བལ་ཡུལ་ལ་རྒྱ་ནག་གཞུང་གིས་གང་བཤད་བཤད་ཡིན་པའི་
ཕྱིར་དང་། ཨབ་གླན་ནི་སི་ཐན་ལ་ཨ་རིས་གང་བཤད་བཤད་ཡིན་པའི་ཕྱིར།
འདྲེ་ལགས།
རང་བཙན་ལེན་འདོད་ན། ལོ་རྒྱུས་དགོས་ཀྱི་མ་རེད། འཚེ་མེད་ཞི་བ་ཡིན་མིན་ཡང་གལ་ཆེན་མ་རེད། ག་རེ་བྱས་ན་བྱས་ཆོག་གི་རེད། ཡིན་ནའང། ཡོད་ཚད་བྱས་ཚར་བའི་རྗེས་ལ་ཅི་ཡང་ཐོབ་རྒྱུ་མེད་པ་ཡིན་ན་ཐབས་སྐྱོ་བོ་རེད། གཉིས་ནས། དེང་སང་རང་བཙན་ལེན་མཁན་དངོས་གནས་ཤིག་ཡོད་པ་མ་རེད། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལེན་ཆེད་རང་བཙན་ལབ་བསྡད་ཡོད་པ་རེད། བོད་ནང་གི་གནས་སྟངས་ལ་ཡ་མེད་བཏང་ནས་རང་བཙན་ལབ་བསྡད་ཡོད་པ་རེད། ཁོ་ཚོས་རང་བཙན་ལབ་བསྡད་ན་འགྲིག་གི་ཡོད་པ་རེད། ཁོང་ཚོར་ལོ་རྒྱུས་སྟོབས་འབྱོར་མེད་པ་ཁོང་ཚོས་ཀྱང་ཤེས་པས་མ་ཟད། དེ་གཉིས་དགོས་མཁོ་ཞིག་ཏུ་ངོས་འཛིན་གནང་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་མ་རེད། དཔེར་ན། འཇམ་ནོར་ལྟ་བུར་གཟིགས་དང། ཨ་རིའི་རྒྱ་ནག་དང་ཁ་གཏད་ཚོགས་པའི་གསང་བའི་ངང་བེད་སྤྱོད་གཏོང་བཞིན་པ་རེད། དེ་འདྲ་མང་པོ་རེད། རང་བཙན་ལོན་ན། ཐབས་ལམ་ག་རེ་ཡིན་ན་འགྲིག་གི་རེད། འགོག་མཁན་གཅིག་ཀྱང་ཡོད་པ་མ་རེད།
ལོ་རྒྱུས་ལ་འཁྱོག་བརྗོད་མེད་པར་བདེན་གཏམ་བཤད་མཁན་ཞིག་ཡིན་ཕྱིན་བོད་དེ་རང་བཙན་གཙང་མའི་ངོ་བོར་གནས་པའི་དུས་ཚོད་ཞིག་ཆོས་རྒྱལ་ཚོས་སྐབས་སུ་མ་གཏོགས་དུས་རབས་མང་པོ་ནང་བྱུང་མེད་པར་མི་འདོད་བཞིན་དུ་སྨ་དགོས་ངེས་རེད། ལྷག་པར་དུ་ཡང་གླེང་བཞིན་པའི་བོད་ཆོལ་ཁ་གསུམ་ཡོང་རྫོགས་རང་དབང་བཙན་ཟེར་བ་འདི་ནི་བཙན་པོའི་དུས་སུ་ཡང་བྱུང་མེད་གསལ་པོ་ཆགས་ཡོད། ཡོང་རྒྱུ་མེད་པའི་ཉོག་གཏམ་བཤད་པ་ལས་དོན་དངོས་ཁ་ཡོད་ལག་ཡོད་ཀྱི་ལམ་དབུ་མའི་ལམ་གྱི་སྲིད་ཇུས་འདིའི་སྒང་ནས་རང་སྐྱོངས་གིས་གནས་བབ་ཞིག་བྱུང་བར་ཆིག་བསྒྲིལ་ལ་བསམ་བློ་ཐོངས་ཤིག །
བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཙང་མ་མེད་པའི་སྒང་ལ་ཟམ་གདོང་བླ་མས་བཤད་སྟངས་དེས་དེ་བས་ཀྱང་གཙོག་རུ་གཏོང་གི་འདུག བླ་རྒན་ཁ་ནག་འདིས་གཏམ་ངན་ཁོ་ན་ལས་བཤད་ཤེས་ཀི་མ་རེད། མི་གསལ་བ་དང་མི་རྙེད་པ་ཚང་མ་བོད་རྒྱ་ནག་གི་མངའ་འོག་ཡིན་པའི་དཔང་རྟགས་ཏུ་ཇི་ལྟར་གྱུར་བ་རེད་དམ། མདོར་རྒྱ་ནག་གིས་བོད་དང་མཉམ་དུ་ཡང་ནས་བསྐྱར་དུ་གྲོས་ཆོད་རྣམ་པ་འདྲ་མི་འདྲ་རིམ་པ་མང་པོ་འཇོག་མྱོང་བ་འདིས་ག་རེ་མཚན་གྱི་ཡོད་པ་རེད་དམ།
དཔེར་ན་ ༡༩༥༩ ལོ་བར་བོད་ཀྱི་སྐད་ཡིག་གི་ཐོག་ནས་བོད་ལ་རྒྱ་ནག་གི་ཤུགས་རྐྱེན་མེད་པ་གསལ་བོ་རེད།
བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ཐོག་ནས་བོད་ཐོག་རྒྱ་ནག་གི་ཤུགས་རྐྱེན་སླེབས་མ་མྱོང་བ་གསལ་བཤད་བྱེད་ཐུབ།
བོད་ཀྱི་རི་ཆུ་ནགས་ཀློང་གི་མིང་འདོགས་སྟངས་ཀྱི་ཐོག་ནས་བོད་ལ་རྒྱ་ནག་ཤུགས་རྐྱེན་སླེབས་མ་མྱོང་བ་བཤད་ཐུབ།
བོད་ཀྱི་བླ་རྒན་རྒྱལ་ཚོང་བ་ཚོ་དང་རྒྱ་ནག་གི་གོང་མིའི་བར་ཁེ་ཕན་སྤྲོད་རེས་ཀྱི་འབྲེལ་བ་རྣམ་པ་སྣ་ཚོགས་བྱུང་ཡོད་སྲིད། དེ་མིན་བོད་མི་རིགས་རྒྱ་ཆ་དགུ་ཅུ་གོ་དགུ་ཙམ་གྱིས་རྒྱ་ནག་ནི་བསྟན་པ་དང་མི་རིགས་ཀྱི་དགྲ་བོར་ངོས་འཛིན་པ་ལས། དེའི་ཆ་ཤས་ཤིག་དུ་གྱུར་མྱོང་མེད་རེད།
བླ་རྒན་ཁ་ནག་འདི་ཚོ་བོད་ཀྱི་སྲོག་གཅོད་རེད།
མི་ངན་པ་སྐྱེས་ན་ཕུ་ནུའི་གྱོད་ཡིན་ཟེར་ལྟར་བླ་རྒན་འདྲ་བ་དང་མི་ངན་བློ་སེང་འཆལ་བོ་འདི་ཚོའི་རིགས་ཀྱི་བྱས་ཉེས་ལ་རྟེན་ནས་བོད་ལ་ནང་འཁྲུགས་རྟ་རྒོད་རྒྱུགས་རྒྱུགས་ཡོང་གི་རེད། བོད་ཀྱི་བདག་དབང་དགྲ་ལ་ཤོར་བ་སོགས་ཀྱི་གོད་ཆགས་ཡོད་ཚད་ཡོང་བ་རེད།
ཟམ་གདོང་བླ་མས་ཁ་བདག་པོ་བརྒྱབས་ན་ཡག་པོ་འདུག ལོ་རྒྱུས་ལ་དེང་སྐབས་ཀྱི་རྒྱ་ནག་གཞུང་དང་ཁྱོད་ཀྱི་རིག་འཁྱོག་དེ་འདྲ་འགྱོ་ནི་མ་རེད། ཁྱེད་ཀྱི་དབྱིན་ཡིག་གི་མིང་ལ་འགྲེལ་རྒྱག་སྟངས་ཀྱང་ནོར་འདུག ཆུ་ཚོད་ཡོད་དུས་ཤིག་ལ་དམར་ཁྲིད་བྱེད་ངེས་ཡིན། ངོ་མ་ཡིན།ཟམ་གདོང་གིས་རྒྱ་བོད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡིན་ཟེར་ན་དགོད་རྒྱུ་ཡོང་གི ངོ་མ་ཡིན།
གོང་ན་དྲ་གྲོགས་རེ་གཉིས་ཀྱིས་ཟམ་གདོང་བླ་མ་མཁས་པ་ཡིན་རབས་དང་ཁོང་གི་བཀའ་གསུང་ལ་འཁྲུལ་བ་མེད་རབས་བཤད་འདུག ཟམ་གདོང་བླ་མ་མཁས་པ་ཡིན་མིན་དེ་ང་ཚོའི་རྩོད་གཞི་མ་རེད། ཟམ་གདོང་བླ་མ་མཁས་པ་ཡིན་མིན་བཤད་ན་མཁས་པ་རེད། ཁོང་མཁས་པ་ཆེན་པོ་རེད། ནང་དགོས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ནང་བསྟན་ཆོས་ལུགས་ལ་མཁས་པའི་དགེ་བཤེས་ཡིན་པ་མ་ཟད། གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་དང་རྒྱ་གར་གྱི་མེས་པོ་དམ་པ་གྷན་ཌྷི་རྗེའི་མཚན་ཉིད་རིག་པའི་གཞུང་ལུགས་ལ་ངེས་ཤེས་འདྲོངས་པ་ཞིག་ཡོད་པ་རེད། ལྷག་པར་དུ་བཙན་བྱོལ་བོད་མིའི་ཆབ་དཔལ་རིག་གསུམ་དང་གནས་སྟངས་ཡོངས་ལ་བྱང་ཆུབ་པ་ཞིག་རེད། དེས་ཆ་ནས་ང་ཚོས་གུས་ཞབས་གདེང་འཇོག་ལས་བྱེད། ཁོང་གི་ཕྱི་རྗེས་ལ་ངོ་སོ་ལས་བསྟོད། ཡིན་ནའང་ཁོང་མཁས་པའི་བྱ་བ་རྣམ་གསུམ་ལས་འཆད་རྩོད་གཉིས་ལ་མཁས་པ་ལས་རྩོམ་ལ་མཁས་པ་ཞིག་མ་རེད། དེ་བས་ཀྱང་སྲིད་དོན་རིག་པ་དང་རྒྱ་ནག་གི་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པའི་རྣམ་པ་སྔ་ཕྱི་བར་གསུམ་དུ་བསྟན་མ་སོང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལའང་ཆེད་ལས་མཁས་པ་ཞིག་མ་རེད། དེར་བརྟེན་གོང་གི་ཁོང་གི་ལོ་རྒྱུས་འཆད་ཁྲིད་ལའང་ཐལ་ཆ་མང་བོ་ཤོར་འདུག ལོ་རྒྱུས་ཞིབ་ཚགས་བཤད་དགོས་ན་འདིར་བཤད་ཐུབ་པ་དང་ཤོང་ཐུབ་པ་ཞིག་མ་རེད། ལོ་རྒྱུས་ཞིབ་ཚགས་མ་བཤད་ན་འདི་ལྟར་སྐྱོན་ཤོར་གི་ཡོད་རེད། ལོ་རྒྱུས་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་སྟབས་ལོ་རྒྱུས་ཆེད་མཁས་པ་དང་ལོ་རྒྱུས་ཞིབ་འཇུག་པ་ཚོའི་དཔྱད་གཞི་ཞིག་རེད། བོད་ཀྱི་གནའ་དེང་གི་ལོ་རྒྱུས་དང་ལྷག་པར་དུ་བོད་རྒྱ་སོག་གསུམ་བར་གྱི་ལོ་རྒྱུས་ཀྱི་རྩོད་རྙོག་མཐའ་དག་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་པ་དེའང་ད་ལྟའི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་གཡོལ་ཐུབ་མེད་པའི་ལས་འགན་ལྡོག་མེད་ཅིག་རེད། ཅེ་ཙང་ང་ཚོ་ལ་ལོ་རྒྱུས་རིག་པ་དང་སྲིད་དོན་རིག་པ་ལ་མཁས་པའི་ཆེད་ལས་མཁས་པ་ཧ་ཅང་ཉུང་ཉུང་རེད་ལ་ལོ་རྒྱུས་དང་སྲིད་དོན་རིག་པའི་ཆ་ནས་རྒྱལ་སྤྱིའི་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཆེད་མཁས་པའང་དཀོན་པོ་རེད། འདིས་ཆ་ནས་ང་ཚོས་དམིགས་བསལ་གྱིས་སྲིད་དོན་ཚན་རིག་པ་དང་ལོ་རྒྱུས་ཞིབ་འཇུག་སྨྲ་བ་མང་བོ་སྐྱེད་སྲིང་བྱ་དགོས་པ་ཁ་ཚ་དགོས་གཏུགས་རེད། །རང་ཉིད་ཀྱི་ཁེ་ཕན་དང་དགོས་མཁོ་ཞིག་གི་ཆེད་དུ་སྐབས་རེར་རང་བཙན་ཡིན་པའི་སྒྲུབ་བྱེད་བཏང་སྐབས་རེར་རང་བཙན་མིན་པའི་སྒྲུབ་བྱེད་བཏང་བསྡད་ན་རིགས་ལམ་གྱིས་རྩེད་བྱེད་ཙམ་ལས་དཀའ་ངལ་སེལ་བྱེད་ལ་ཕན་མི་ཐོགས་པ་མ་ཟད། ཕྱི་རབས་གཞོན་སྐྱེས་རྣམས་ལ་བག་ཆགས་ངན་པ་བཞག་སྟེ། དེ་བས་གསར་སྐྱེས་ཚོའི་སེམས་ནང་ལ་ལོ་རྒྱུས་ཀྱི་རྙོག་འཛིང་ཆེ་རུ་བཏང་བ་རེད། བོད་རྒྱ་ཁོངས་ཡིན་པར་སྒྲུབ་པའི་སྒྲུབ་བྱེད་གཏོང་མཁན་དེ་རྒྱ་གཞུང་རེད། དེ་ང་ཚོས་སྒྲུབ་དགོས་པ་ཞིག་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་ཇི་ལྟར་རང་བཙན་ཡིན་པའི་སྒྲུབ་བྱེད་བཙལ་ནས་འགོད་རྒྱུ་དེ་ང་ཚོའི་འོས་འགན་རེད། ཟམ་གདོང་བླ་མས་སྲིད་བཤད་དུས་ཆོས་བཤད། ཆོས་བཤད་དུས་སྲིད་བཤད་པ་དེ་ལ་ང་མོས་མཐུན་མེད། ང་ཚོའི་མི་རིགས་འདི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་དྲག་པའི་དབང་གིས་བླ་མ་ཡིན་ཚད་ཀྱི་བཀའ་གསུང་ཇི་བཞིན་སྒྲུབ་དགོས་ཟེར་བ་དེ་རེད། རང་གི་བླ་མ་ལ་དད་པ་དག་སྣང་སྦྱང་དགོས་ཟེར་བ་དེ་ཆོས་ཕྱོགས་ཁོ་ནའི་བྱེད་སྟངས་ཤིག་རེད། འདི་སྲིད་ཕྱོགས་ལ་གོ་རྒྱུ་ཡོད་པ་མ་རེད། དད་པ་དག་སྣང་ཟེར་བ་དེ་སྲིད་ཕྱོགས་ལ་གོ་ནས་བཀོལ་ན་ཉ་ཉོག་མཉམ་བསྲེས་ཆགས་ནས་ཆོས་སྲིད་གཉིས་མེད་ཀྱིས་ཕུང་འགྲོ་གི་རེད། ལོ་རྒྱུས་དང་ཆབ་སྲིད་ཀྱི་སྐོར་ལ་ཐུག་དུས་དངོས་ཡོད་གནས་ཚུལ་ལ་དཔྱད་པ་བྱས་རིགས་ལམ་དེད་དེ་འགྲོ་རྒྱུ་ལས་དད་པ་དག་སྣང་སྦྱང་ནས་ཡོང་རྒྱུ་ཅི་ཡང་ཡོད་པ་མ་རེད། ང་ཚོའི་མི་རིགས་འདིའི་སེམས་ཁམས་ལ་ཆོས་སྲིད་མཉམ་བསྲེས་བྱས་པ་མང་དྲག་སྟེ་སྲིད་ཕྱོགས་ནས་ད་ལྟ་བར་དུ་ཕོངས་པ་རེད། ཆོས་བཤད་དུས་ཆོས་རེད་སྲིད་བཤད་དུས་སྲིད་རེད། ཆོས་སྲིད་གཉིས་ཀྱི་བྱ་བྱེད་ལས་གསུམ་པོ་རྣམ་དབྱེ་དགར་ཐུབ་དགོས་གི་ཡོད་རེད། ཆོས་བཤད་དུས་བླ་མ་ལ་དག་སྣང་སྦྱང་ཐུབ་གི་རེད་དེ་སྲིད་བཤད་དུས་བླ་མ་ལ་དག་སྣང་སྦྱང་ཐུབ་གི་མ་རེད། བླ་མ་ནི་སྲིད་ཀྱི་བླ་མ་མ་རེད་ཆོས་ཀྱི་བླ་མ་རེད། སྲིད་ཕྱོགས་ནས་སུ་ནོར་རུང་ང་ཚོས་ཁས་ལེན་བྱས་ཐུབ་གི་མ་རེད། དེར་བརྟེན་ཟམ་གདོང་བླ་མས་གསུང་ཚད་ཚང་མ་ཚད་ལྡན་མ་རེད། སྲིད་ཕྱོགས་ནས་བླ་མ་ཡིན་རུང་ནོར་འཁྲུལ་ཤོར་ན་ངེས་ལེན་བྱས་དགོས་ཡོད་རེད། །
འཇམ་གཅེས་ལགས་། བོད་ཀྱི་ཆོས་རྒྱལ་ཚོ་མི་དགོས་པར་༧གོང་ས་ལྔ་བའི་སྐབས་སུ་བོད་ཆོལ་ཁ་གསུམ་ལས་ལྷག་པ་ཞིག་ལ་དབང་བྱེད་ཐུབ་ཡོད་དེ། དང་བོ་ཀོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་མཚོ་ཁ་སྟེ་མཚོ་སྔོན་སོགས་མདོ་སྨད་ཀྱི་ཡུལ་ལུང་ཕལ་ཆེར་དབང་སྒྱུར་བྱས་ཟིན་ཅིང་། དེ་ཁམས་ཡོངས་རྫོགས་ལ་དབང་སྒྱར་བྱེད་མཁན་བེ་རུ་རྒྱལ་ཁབ་གཏོར་ཕམ་བཏང་ནས་དབང་སྒྱུུར་བྱས་པ་དང་། དེ་ནས་དབུས་གཙང་དབང་ཁྱོན་ལ་དབང་སྒྱུར་བྱེད་མཁན་གཙང་བ་སྡེ་སྲིད་གཏོར་ཕམ་བཏང་བ་དང་། དེ་མངའ་རིས་ལ་བཙན་འཛུལ་བྱེད་མཁན་ལ་དྭགས་བདེ་ལེགས་རྣམ་རྒྱལ་ཕམ་པར་བཏང་སྟེ་མངའ་རིས་ལ་དྭགས་དང་བཅས་པར་དབང་སྒྱུར་ཅིང་། དེ་དག་ཐམས་ཅད་ཀྱི་མངའ་དབང་ཡོངས་རྫོགས་༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་མ་ཟད། ད་དུང་སྔར་རང་ཉིད་ཀྱིས་དབང་སྒྱུར་བྱ་ཡུལ་སོག་ཡུལ་དང་བཅས་པ་ཕུལ་བའི་སྔོན་བྱུང་ལོ་རྒྱུས་དེ་དག་ཁྱོད་ཀྱིས་ཁས་ཨེ་ལེན།
སྤྱིར་ཕྲན་ཟམ་གདོང་རིན་པོ་ཆེར་དད་གུས་དང་ཁོང་གི་རྗེས་སུ་སློབ་པར་རློམ་མཁན་ཞིག་ཡིན་མོད། རིགས་པ་དང་བདེན་པའི་གནས་ལུགས་དང་འགལ་ན་ཟམ་གདོང་རིན་པོ་ཆེ་ལྟར་ཞོག སངས་རྒྱས་ཀྱི་བཀའ་ཡང་ཁས་ལེན་མི་རིགས་པ་ཡིན། དེས་ན་ལོ་རྒྱུས་གཙོ་བོརགཟུང་དགོས་ཀྱི། མཁས་པ་ཆེན་པོ་ཡིན་པའི་རྒྱུ་མཚན་གཙོ་བོ་མ་ཡིན་ཏེ། མཁས་དགོས་ན་སློབ་དཔོན་དབྱིག་དང་ཕྱོགས་གླང་ལྟ་བུ་ལས་ལྷག་པ་ཞིག་དཀའ་ཡང་དཔལ་ལྡན་ཟླ་བ་དང་ལེགས་ལྡན་སོགས་ཀྱིས་གནས་ལུགས་ཀྱི་མདུན་ནས་དམིགས་བསལ་མ་བཏང་བར་དགག་བརྒྱབ་པའི་ཕྱིར་རོ། །
དབྱིག་གཉེན་ལ་བཅོས།
ད་བྱས་ན་ཆིངས་ཡིག་དོན་ཚན་བཅུ་བདུན་མེ་མདའི་ཁ་འོག་བཞག་ཡོད་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། ཐམ་ག་རྫུན་མ་ཡིན་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། བཙན་བྱོལ་དུ་སླེབས་མ་ཐག་རྩིས་མེད་བཏང་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། མཐོ་རིམ་དབང་འཛིན་ཤོག་ཁག་གིས་ད་བར་མི་དམངས་དང་ལྷག་པར་དུ་གཞོན་རབས་པ་ང་ཚོར་སྐྱག་རྫུན་རྐྱང་རྐྱང་བཤད་འདུག། བྱས་ཙང་སྐྱག་རྫུན་གྱིས་ཁུངས་མི་འཁྱོལ་བ་དེ་འདི་རེད། ད་ནི་ཡིད་ཐང་བད་དེ་ཆད་སོང་།
དྲ་གྲོགས་གཡོན་གཟུར་དཔྱོད་ཤེས་ཅན་འཇམ་གཅེས་ལགས་ཀྱི་ཨམ་ཅོག་ཅོར་ནས་ཉན་རོགས།
༡༽ཟམ་གདོང་བླ་མའི་བཀའ་མོལ་ངོ་བཤུས་རྒྱབ་ནས་རང་ཉིད་ཀྱི་ལངས་ཕྱོགས་ལ་རྒྱབ་དཔུང་འཚོལ་གྱིན་པ་འདི་འགྲིག་བསྡད་ཡོད་བ་རེད། ཟམ་གདོང་བླ་མའི་འདོད་བློ་ཡང་དེ་ག་རང་རེད། འོན་ཀྱང་། ཐབས་ཇུས་འདི་རིགས་བོད་སྤྱི་བའི་རྩ་དོན་བསྒྲུབས་པར་ཕན་ལས་གནོད་ཆེ་བ་འདུག ལམ་དབུ་མའི་དགོས་འདུན་ཁོ་ནའི་ཆེད་ལྟ་སྤྱོད་ཉག་གཅིག་བཟུང་ནས་བོད་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསམ་ཚུལ་ལ་བཀག་སྡོམ་བྱས། རྡོག་རྩ་གཅིག་སྒྲིལ་དེ་བློ་གཅིག་སེམས་གཅིག་གི་སྤར་མོ་ནང་བཙུར་ན། དོན་གྱིས་བོད་མང་མང་ཕྲེང་རྡོག་བརྒྱ་དང་བརྒྱད་ལ་རྒྱུ་མ་གཅིག་གི་བཟོ་ལྟར། ལྟ་ཚུལ་གཅིག་དང་ལངས་ཕྱོགས་གཅིག་གི་ཇུས་འགོད་ཁྲོད་གཡས་སྐོར་གཡོན་སྐོར་ཅི་ལྟར་བརྒྱབ་རུང་སྲིད་ཀྱི་སྣེ་མོ་ལ་ཐོན་ཐབས་ཡོད་བ་མ་རེད། འདི་ཁ་སང་དེ་རིང་གི་ཡུལ་གྱར་གཞུང་འབངས་ཚོའི་གནས་སྟངས་རེད། བསམ་བློ་ཞིབ་ཏུ་བཏང་ན་བོད་སྤྱི་བའི་རྩ་དོན་སྟེང་གི་འགག་རྐྱེན་གཅིག་འདི་རེད།
༢༽ཟམ་གདོང་བླ་མའི་བཀའ་མོལ་འདིའི་ཡང་སྙིང་ཕྲན་གྱི་ལྟ་ཚུལ་ཞིག་སྔོན་འདིར་བརྗོད་ཡོད། ཆངས་ཡིག་དོན་ཚན་བཅུ་བདུན་ལ་མོས་མཐུན་གྱི་མིང་རྟགས་བཀོད་ཉིན། སྤྱི་ལོ་༡༩༥༡ལོར་འདིའི་ནང་སྲིད་པ་ཆགས་ནས་བོད་རང་བཙན་བློས་གཏོང་གི་ཉིན་དེ་ཆགས་ཡོད་ཚུལ། རིན་པོ་ཆེ་ཁོང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་བོད་མང་ཚོགས་འགྲེལ་བརྗོད་བྱེད་ཀྱིན་པ་འདི་རེད། གློ་བུར་དུ་ཟམ་གདོང་བླ་མས་བཀའ་མོལ་འདི་འདྲ་ཞིག་སྤྱི་བསྒྲགས་བྱེད་དོན་ལ་རྒྱུ་མཚན་ཉག་གཅིག་རང་རེད། དེ་ནི་ཡུལ་གྱར་གཞུང་འབངས་འདིའི་དམིགས་ཡུལ་ལ་རང་བཙན་བཟུང་དང་མ་བཟུང་གི་ལས་འདེད་བྱེད་ས་ཡོད་བ་མ་རེད་ཅེས་བའི་དོན་རེད། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཉིན་འདིར་བོད་རང་བཙན་བློས་གཏོང་བྱས་དབང་དུ་བཏང་ན། ཅིས་ཀྱང་བོད་གཞུང་འབངས་འདིས་བོད་རང་བཙན་བློས་གཏོང་ཀྱི་ཉིན་མོར་འདི་ལ་མྱ་ངན་རྒྱུན་ཆད་མེད་པ་ཞིག་བྱེད་དགོས་ཀྱིན་འདུག་བསམ་པ་དྲན་ཡོད།
ཕྱོགས་གཞན་ནས་་་་ཆངས་ཡིག་དོན་ཚན་བཅུ་བདུན་ལ་རྒྱ་བོད་གཞུང་གཉིས་གྲོས་མཐུན་བྱུང་མིང་རྟགས་བཀོད། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་སྟེང་རང་སྐྱོངས་དེ་སྤྲད་ཡོད་པའི་ཁུལ་རེད། ཡིན་ནའང་། དོན་དམ་གྱིས་པེ་གཞུང་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་བྱེད་ཀྱིན་མེད་པར་ཁ་བཤད་དོན་ལ་གནས་ཀྱིན་མེད་པ་འདི་རེད། ལམ་དབུ་མའི་དགོས་འདུན་རྒྱ་ནག་གི་སྲིད་ཇུས་མཁྲེགས་འཛིན་ཁྲོད་རིམ་གྱིས་བསྐུམས་ནས་མཐར་ཐུག་མི་རིགས་རང་སྐྱོང་གི་ལུང་ཤུར་ནང་ལ་བསྡུས་ཡོད་བ་རེད་དེ། རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་འདི་ལ་ཕྱོགས་ངོས་མང་བོ་ཞིག་ན་འགོག་རྐྱེན་འཕྲད་ཀྱིན་པ་རེད། གཅིག་དེ་རྒྱ་ནག་མཁྲེགས་འཛིན་ཕྱོགས་ཁག་གིས་ས་གནས་མི་རིགས་ཀྱི་ངོ་བོ་མཚོན་པའི་སྲིད་ཇུས་འདི། མཐའ་གཅིག་ཏུ་རྨག་མེད་དུ་བཏང་ནས་ཀྲུང་ཧ་མི་རིགས་ཀྱི་འདུ་ཤེས་ཁོ་ན་རྒྱ་བསྐྱེད་གཏོང་དགོས་བའི་བསམ་ཚུལ་ཞིག་ཡོང་ཀྱིན་པ་རེད། སྐུ་ཉིད་ཀྱི་མཁྱེན་ཡོད་པའི་རེ་བ་ཤིན་ཏུ་ནས་ཆེ། འགག་རྐྱེན་གཉིས་བ་ཞིག ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་འདིའི་འོག་བོད་མི་རིགས་ཀྱི་མགོ་བོ་ཅི་ལྟར་སྲིང་ཀྱང་། རྒྱ་ནག་པ་སྐོར་ཞིག་གིས་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་འདི་ལ་འདོད་མོས་བྱེད་ཀྱིན་མེད་པར་དམངས་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་རྩ་ཁྲིམས་ཞིག་འདོད་ཀྱིན་པ་རེད། དེ་ན་ང་ཚོའི་ད་ལྟའི་རྩ་ཁྲིམས་འདི་ལ་རེ་སྨོན་བྱས་ན་ཅི་ཞིག་གི་བཟོ་འདྲ་བོ་འདུག ཨ་ལན་ཞིག་སྤྲོད་པའི་རེ་བ་ཡོད།
ཕྲན་གྱི་བསམ་པར་ད་ལྟའི་དུས་སྐབས་འདི་རྒྱ་ནག་ལ་གྲོས་མོལ་བྱེད་རྒྱུའི་དུས་ཚོད་མ་རེད། ཆངས་ཡིག་དོན་ཚན་བཅུ་བདུན་གྱི་དགོས་འདུན་འདི་བེད་སྤྱོད་པར་རང་ས་ལ་ལོག་དགོས་ཀྱིན་འདུག རྡ་རམ་ས་ལ་ན་ལས་ཀ་གང་ཡང་ལྷག་ཡོད་བ་མ་རེད། ཆངས་ཡིག་དོན་ཚན་བཅུ་བདུན་ལབ་ནའང་འདྲ། ད་ལྟའི་ལམ་དབུ་མའི་དགོས་འདུན་ལབ་ཀྱང་ཆོག་དམིགས་ས་འདི་ལ་བསྙེགས་ནས་བདེན་པའི་ཨུ་ཚུགས་ལག་བསྟར་གྱིས་བོད་ནང་ལ་ལོག་འགྲོ་རྒྱུ་རང་མ་གཏོགས། བྱ་ཐབས་ཟད་པ་རེད། དེ་མིན་ན་རང་བཙན་སླར་གསོ་བྱེད་དགོས་བ་རེད།
༣༽མདོ་དོན། ཟམ་གདོང་བླ་མའི་དམིགས་ཡུལ་ཕན་ཆད་ནས་སྐུ་ཉིད་ཀྱིས་འུར་བརྒྱབ་ནས་ཡོང་ཀྱིན་འདུག བོད་སྤྱི་བའི་ཕ་མེས་ཡང་མེས་ཀྱི་མཛད་རྗེས་ལ་སྐུར་བ་འདེབས་ཀྱིན་འདུག སྒྲོ་འདོགས་བྱེད་ཀྱིན་འདུག ལོག་ལྟ་བྱེད་ཀྱིན་འདུག དེ་ལྟར་མ་བྱེད་རོགས། ཐུགས་ལྷོད་ཀྱི་ལེ་ཕེབས་ཤོག་དང་གནས་ལུགས་ཡོད་ན་ཅིས་ཀྱང་བདེན་ཁ་མི་སྟེར་ཐབས་མེད་རེད། ཕྲན་གྱི་བསམ་པར་བོད་བཙན་པའི་སྐབས་ཀྱི་ལོ་རྒྱུས་འདི་ད་ལྟའི་སྲིད་དོན་ཐད་བེད་སྤྱོད་བྱེད་རྒྱུ་ཡིན་ན། མ་མཐར་ཡང་སྐུ་ཉིད་ལ་ཆ་རྐྱེན་འགའ་ཞིག་ཚང་དགོས་འདུག ཐོག་མ་དེ་སྲིད་དོན་རྒྱལ་རབས་སོགས་ཀློག་འདོན་རེ་བྱས་ཡོད་ན། དེ་ལུགས་ལྟར་ཞིབ་དཔྱོད་རིམ་པ་ཞིག་དགོས་རྒྱུ་དེ་མ་མཐའ་ཆ་རྐྱེན་དུ་བསམ་རོགས། ཉམས་ཞིབ་ལབ་ཡོང་དུས་རྩིས་ཕྲ་ནང་བཞིན་ཐོ་འགོད་བྱེད་རྒྱུའི་དོན་མ་རེད། གནའ་བའི་མཁར་ཤུལ་དང་དེ་བཞིན་ཕ་མེས་ཡང་མེས་ཀྱི་ཤུལ་རྫས་ལ་རྟོགས་ཞིབ་བརྒྱུད། བདེན་པ་བརྡར་ནས་གཏམ་བཤད་པ་ཞིག་ལ་གོ་དགོས་བ་རེད། འདི་རྒྱལ་སྤྱིའི་ཞིབ་མཇུག་གི་འགྲོ་ལུགས་ཤིག་རེད། ཚན་རིག་དང་མཐུན་པ། གཡས་གཟུར་གཡོན་ལྷུང་གི་སྐད་ཆ་ཡོད་བ་མ་རེད། དེར་བརྟེན་སྐུ་ཉིད་ཀྱིས་ལོ་རྒྱུས་བཤད་ཁུལ་གྱི་མང་མང་གི་བློ་ཁ་བསྒྱུར་ཐབས་འདི། ང་ལྟ་བུ་གནོད་མི་སྲིད་དེ་རང་ཉིད་ཀྱི་ཕ་མེས་ཡང་མེས་ལ་གུས་བརྩི་ཞིག་ཅིས་ཀྱང་ཡོད་དགོས་བ་རེད། དེ་ཡང་མེད་ཚེ་བོད་སྤྱི་བའི་རྩ་དོན་ལ་ལག་པ་མ་ཆངས་ན་ཡག་ཤོས་རེད།
༤༽སྟག་སྨྱོན་ལགས་ཀྱི་སྒྲུབ་ཐབས་གསུམ་འདི་ཧ་ལས་བའི་གལ་ཆེན་ཞིག་ཡིན་སྟབས། ཨ་ལན་རེ་སྟེར་ཐུབ་ན་ཡག་གི་རེད། གཅིག སྐད་ཡིག་གི་སྟེང་ནས་ཤུགས་རྐྱེན་མེད་པ། གཉིས། རིག་གཞུང་གི་སྟེང་ནས་ཤུགས་རྐྱེན་མེད་པ། གསུམ། རི་ཆུ་སོགས་གནས་ཡུལ་གྱི་ཆ་ནས་ཤུགས་རྐྱེན་མེད་པ་ལྟ་སོགས་ཤིན་ཏུ་མང་ངོ། སྐབས་སུ་འདི་ཙམ་གྱིས། ཐུགས་རྗེ་ཆེ།
ད་བྱས་ན་ཆིངས་ཡིག་དོན་ཚན་བཅུ་བདུན་མེ་མདའི་ཁ་འོག་བཞག་ཡོད་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། ཐམ་ག་རྫུན་མ་ཡིན་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། བཙན་བྱོལ་དུ་སླེབས་མ་ཐག་རྩིས་མེད་བཏང་རབས་དེ་ཡང་སྐྱག་རྫུན་རེད་འདུག་ག། མཐོ་རིམ་དབང་འཛིན་ཤོག་ཁག་གིས་ད་བར་མི་དམངས་དང་ལྷག་པར་དུ་གཞོན་རབས་པ་ང་ཚོར་སྐྱག་རྫུན་རྐྱང་རྐྱང་བཤད་འདུག། བྱས་ཙང་སྐྱག་རྫུན་གྱིས་ཁུངས་མི་འཁྱོལ་བ་དེ་འདི་རེད། ད་ནི་ཡིད་ཐང་བད་དེ་ཆད་སོང་། དེ་ངོ་མ་ཡིན་ན་གསེར་འབྲུག་སྡེར་ལགས་ཀྱིས་འདི་ལྟར་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད། སྔ་རབས་པའི་གཡོ་འོག་དུ་ཚུད་པ་མིན་འགྲོ།
དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱིས་ཁས་ལེན་བྱས་ཡོད་ཀྱང་ད་བར་དུ་བཀའ་སློབ་སྐུར་མ་སོང་། རྒྱུ་མཚན་གང་ཡང་ཡིན། ངས་རང་ཉིད་ཀྱིས་དངོས་སུ་ཉན་འདོད་པ་ལས་སྐུར་འདེབས་བྱེད་འདོད་སོགས་གང་ཡང་མིན། ཁྱེད་ཀྱིས་ཡིག་ཐོག་ལ་ཕབས་པ་དེ་དང་ཧེ་བག་ཡོད་མེད་ཀྱང་བལྟ་འདོད་པ་ཡིན། གཞན་གང་ཡང་མིན།
{དེའི་ཉི་མ་ཁ་ཤས་ཀྱི་རྗེས་སུ་བོད་གཞུང་ཚོགས་འདུ་ནས་དེ་ངོས་ལེན་བྱས་པའི་བརྡ་ལན་བཏང་བ་རེད། དེའི་ཉིན་མོ་དེ་ནས་བོད་ཀྱི་རང་བཙན་རྫོགས་པ་རེད།} { ང་ཚོས་ངོས་ལེན་བྱས་པ་རེད། དངོས་ཡོད་གནས་སྟངས་ལ་དེ་ལྟར་ཆགས་པ་རེད། རྒྱལ་སྤྱིའི་ནང་དུའང་གནས་བབ་དེའི་ཐོག་ནས་བསྡད་པ་རེད། }འདི་ལ་གཟིགས་དང་། དྲ་གྲོགས་རྣམས་ཀྱིས་ད་དུང་རྟགས་དཔྱད་ཞིབ་མོ་གྱིས། སྔར་གྱི་ལོ་རྒྱུས་ནང་ལ་བོད་ འདི་ནས་འདི་བར་དུ་རང་བཙན་ཡིན། ་ཡིག་ཆ་འདི་མ་འོངས་ན་ཟམ་གདོང་བླ་མ་ལ་སྤྲོད་ཅེས་པའི་ཡི་གེ་ཞིག་མེད་པས་རེད། བོད་གྱི་ལོ་རྒྱུས་ན་གསལ་བོ་མེད་ན་རྒྱ་ནག་གི་ཡིག་ཚང་ན་བོད་རྒྱ་ཁུངས་ཡིན་པའི་ཡིག་ཆ་གསལ་བོ་ཞིག་དེ་ལས་ཀྱང་མེད་པ་ནི་ཤེས་ལྡན་པ་དང་ཁྱེད་རྣམས་ཀྱིས་གཟིགས་དང་། ཟམ་གདོང་གིས་ག་རེ་བྱེད་འདོད་ཡིན་པ་གསལ་བོ་ཡིན།
གོང་དུ་མཆན་ (༡༡༠༽ ཞུས་ཆེན་པ།)་ལགས་ཀྱིས་གནད་ལ་ཁེལ་བོ་ཞིག་གསུངས་འདུག དེང་དུས་ཀྱི་ཤེས་ཡོད་མེད་པའི་བོད་མི་མང་བོ་ཞིག་གིས་མཁས་པ་ཟེར་ཚད་ཤེས་བྱ་ཚང་མར་མཁས་ཡིན་ཤག་རྩི་ལ། དེ་བཞིན་བོད་ཀྱི་མཁས་པ་ཡིན་ཟེར་མཁན་ཚོས་ཀྱང་ཆོས་དང་། རིག་གནས། ལོ་རྒྱུས། ཆབ་སྲིད། དཔལ་འབྱོར་སོགས་ཚང་མའི་ནང་དུ་ཅིག་བཤད་བསྡད་རྒྱུར་དགའ་བོ་ཡོད་པ་རེད།
དེ་བཞིན་ལོ་བཅུར་རྒྱ་ནག་གི་གྲོས་མོལ་རྫུན་མའི་གཡོ་འོག་ཏུ་ཚུད་མཁན་ཞིག་གིས་ཡང་ཅིག་ཅིག་ཤེས་མདོག་སྟོན་རྒྱུར་དགའ་བ་རེད། ཤུ་ངོ་མ་ང་ཚོ་ཕུང་བ་ཚང་མ་འདིའི་རིགས་ཀྱིས་ཕུངས་བ་རེད།
ཁ་བརྡ་ལགས།
ངའི་མཆན་གཅིག་ནག་བསུབ་གཏོང་དགོས་པའི་རྒྱུ་མཚན་ཏོག་ཙམ་གསུང་རྒྱུའི་རེ་བ་ཡོད། གལ་ཏེ་ངའི་མཆན་དེ་ནག་བསུབ་གཏོང་དགོས་ཚེ་ཕལ་ཆེར་གོང་གི་མཆན་མང་པོ་ཞིག་ཀྱང་མཉམ་དུ་འགྲོ་དགོས་པ་མ་རེེད་པས། དེ་མིན་ཕྱོགས་སུ་མ་ལྷུངས་བའི་རེ་བ་མུ་མཐུད་ནས་ཡོད།
(རྒྱ་ནག་གི་ཆབ་སྲིད་ཀྱི་བྱུང་རབས་ལ་བལྟས་པ་ཡིན་ན། སོག་པོ་གོང་མའི་སྐབས་དང། སོག་པོ་གོང་མའི་སྐབས་ལ་ཅུང་ཙམ་དུས་ཡུན་ཐུང་ངུ་རེད། མན་ཇུ་གོང་མའི་དབང་བསྒྱུར་གྱི་དུས་ཡུན་ཡོངས་རྫོགས་ལ་བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད།) ཁོང་གི་སྐད་ཆ་འདི་ཁྱད་མཚར་རེད། ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད། ཁོང་ཚོའི་བསམ་བློའི་ནང་བསམ་ཡོད་པ་ཙམ་གྱིས་བོད་རྒྱ་འོག་ཡིན་པའི་རྒྱུ་མཚན་དུ་འགྲོ་གི་ཡོད་ན། བོད་མི་ཚོའི་བསམ་བློའི་ནང་བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་ཤག་ཤག་བསམ་ཡོད་པ་རེད། འོ་ན་བོད་རང་བཙན་ཡིན་པའི་དཔང་རྟགས་ཡང་འདིས་མ་འདང་བ་མེད། ང་ཚོའི་བསམ་བློའི་ནང་མིན་ཤག་ཤག་བྱས་ཡོད་པ་རེད། ད་དུང་བླ་མའི་གཏམ་དགོད་བྲོ་གཅིག་ནི། ཁོང་ཚོའི་བསམ་བློའི་ནང་ཡིན་ཤག་ཤག་བསམ་ཡོད་པ་རེད་ཟེར། དེ་འདྲའི་ལོ་རྒྱུས་བཤད་སྲོལ་ཞིག་ཀྱང་ཡོད་པ་རེད་དམ། ཁོང་ཚོད་དེ་འདྲ་དྲན་ཡོད་མེད་སུས་ཁུངས་བསྐྱལ་ཐུག་གི་རེད། མ་ཟད་དྲན་པ་ཙམ་གྱིས་ཐོབ་འགྲོ་གི་ཡོད་ན། བླ་མར་འདྲི་རྒྱུར། བོད་ཀྱི་ལོ་རྒྱུས་ནང་འཛམ་གླིང་གི་སུམ་ཆའི་གཉིས་ལ་དབྱུང་བསྒྱུར་ཞེས་ཆོས་རྒྱལ་ཚོའི་སྐབས་ཀྱི་ལོ་རྒྱུས་ནང་བྲིས་ཡོད་པ་རེད། འོ་ན་འདི་དྲན་པའི་མ་ཚད་བྲིས་ཡོད་པ་ཞིག་ཡིན་ཙང་། བོད་འདི་འཛམ་གླིང་གི་སུམ་ཆ་གཉིས་ཀྱི་བདག་པོ་ཡིན་ལབ་ཆོག་གི་རེད་དམ།
རྒྱ་ནག་གི་ཆབ་སྲིད་ཀྱི་བྱུང་རབས་ལ་བལྟས་པ་ཡིན་ན། སོག་པོ་གོང་མའི་སྐབས་དང། སོག་པོ་གོང་མའི་སྐབས་ལ་ཅུང་ཙམ་དུས་ཡུན་ཐུང་ངུ་རེད། མན་ཇུ་གོང་མའི་དབང་བསྒྱུར་གྱི་དུས་ཡུན་ཡོངས་རྫོགས་ལ་བོད་དེ་རྒྱ་ནག་གི་རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད།) ཁོང་གི་སྐད་ཆ་འདི་ཁྱད་མཚར་རེད། ངོས་འཛིན་བྱས་པ་ཙམ་མ་ཟད། ཁོང་ཚོའི་བསམ་བློའི་ནང་དུའང་ཡིན་ཤག་ཤག་བྱེད་ཀྱི་ཡོད་པ་རེད། ཟེར། ཁོང་ཚོའི་བསམ་བློའི་ནང་བསམ་ཡོད་པ་ཙམ་གྱིས་བོད་རྒྱ་འོག་ཡིན་པའི་རྒྱུ་མཚན་དུ་འགྲོ་གི་ཡོད་ན། བོད་མི་ཚོའི་བསམ་བློའི་ནང་བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་ཤག་ཤག་བསམ་ཡོད་པ་རེད། འོ་ན་བོད་རང་བཙན་ཡིན་པའི་དཔང་རྟགས་ཡང་འདིས་མ་འདང་བ་མེད། ང་ཚོའི་བསམ་བློའི་ནང་མིན་ཤག་ཤག་བྱས་ཡོད་པ་རེད། ད་དུང་བླ་མའི་གཏམ་དགོད་བྲོ་གཅིག་ནི། ཁོང་ཚོའི་བསམ་བློའི་ནང་ཡིན་ཤག་ཤག་བསམ་ཡོད་པ་རེད་ཟེར། དེ་འདྲའི་ལོ་རྒྱུས་བཤད་སྲོལ་ཞིག་ཀྱང་ཡོད་པ་རེད་དམ། ཁོང་ཚོས་དེ་འདྲ་དྲན་ཡོད་མེད་སུས་ཁུངས་བསྐྱལ་ཐུབ་ཀི་རེད་དམ། མ་ཟད་དྲན་པ་ཙམ་གྱིས་ཐོབ་འགྲོ་གི་ཡོད་ན། བླ་མར་འདྲི་རྒྱུར། བོད་ཀྱི་ལོ་རྒྱུས་ནང་འཛམ་གླིང་གི་སུམ་ཆའི་གཉིས་ལ་དབྱུང་བསྒྱུར་ཞེས་ཆོས་རྒྱལ་ཚོའི་སྐབས་ཀྱི་ལོ་རྒྱུས་ནང་བྲིས་ཡོད་པ་རེད། འོ་ན་འདི་དྲན་པའི་མ་ཚད་བྲིས་ཡོད་པ་ཞིག་ཡིན་ཙང་། བོད་འདི་འཛམ་གླིང་གི་སུམ་ཆ་གཉིས་ཀྱི་བདག་པོ་ཡིན་ལབ་ཆོག་གི་རེད་དམ།
མདོར་ན། ཟམ་གདོང་སྐད་ཆ། ལབ་པ་རེད། དྲན་ཡོད་པ་རེད། བསམ་མྱོང་བ་རེད། གསལ་བོ་ཡོད་པ་མ་རེད་ཟེར་བའི་ཚིག་འདི་དག་གིས་བོད་རྒྱ་འོག་ཡིན་པ་བསྒྲུབ་ཐུབ་གི་མ་རེད། འདི་ནི་མཁས་རྟགས་སྟོན་མ་ཤེས་པའི་བླུན་རྟགས་ཤིག་རེད། བསམ་པ་རེད་དང་དྲན་པ་རེད། ལབ་པ་རེད་ཟེར་བའི་འདི་དག་ཁྲིམས་ཐོག་ནས་རིན་ཐང་ཡོད་པ་མ་རེད།
གལ་སྲིད་ལོ་རྒྱུས་ནང་གསལ་མེད་པའི་གནད་དོན་ཞིག་ཡིན་ན། དེ་ནི་རྒྱ་བོད་གཉིས་ཀར་གཅིག་མཚུངས་ཀྱིས་བེད་སྤྱོད་མེད་པ་ཆགས་ཚར་བ་རེད།
དབུ་མའི་ལམ་ཟེར་བ་དེས་ལོ་རྒྱུས་ལ་སྐད་ཆ་བཤད་ཀྱིན་ཡོད་པ་མ་རེད། བོད་རྒྱ་གཉིས་ཀྱི་འབྱུང་འགྱུར་གྱི་སྒང་ནས་གཉིས་ཕན་བྱེད་རྒྱུར་ཡིད་འཐད་ཡོད་ཟེར་བ་དེ་རེད། རང་བཙན་མི་རྩོད་ཅེས་པ་དེ་རེད། ལོ་རྒྱུས་ཀྱི་སྒང་ནས་ཀྱང་རང་བཙན་མིན་ཟེར་བ་དེ་མ་རེད། རྒྱ་ནག་གིས་བོད་མི་ས་ཡ་དྲུག་གི་དོན་གྱི་བདག་པོའི་ཞལ་ནས་自古以來西藏是中國的一部分ཟེར་བའི་ཚིག་འདི་ཨེ་ལོན་བལྟ་བཞིན་ཡོད་ནི་རེད། ད་ལྟའི་བར་དུ་ལོན་ཡོད་པ་མ་རེད་ལ་མ་འོངས་པ་ན་ཡང་ལོན་ཐུབ་ཀི་མ་རེད། ལོ་རྒྱུས་ལ་སྐྱག་རྫུན་བཟོ་རྒྱུའི་ཐོབ་ཐང་༧གོང་ས་མཆོག་ལ་ཡང་མེད་ས་ཞིག་ན་ཟམ་གདོང་ཟེར་བའི་བོད་ཁུལ་གྱི་བླ་མ་ཆུང་ཆུང་ཞིག་ལ་འཁྲུལ་སྣང་མ་སྐྱེས་ན་ཡག་ནི་རེད། དེང་སང་བོད་མི་རིགས་འདི་ལྷུང་ས་གསུམ་ལ་ལྷུང་ཡོད་ནའང་ལས་སླ་བོའི་ངང་ནས་ཁྱུར་མེད་གཏོང་ཐུབ་པ་ཞིག་མིན་པ་དེ་རིང་ཁ་སང་གི་གནས་སྟངས་ལས་ཀྱང་ར་འཕྲོད་ན་འགྲིག་ག
ཟམ་གདོང་གིས་རང་བཙན་དང་དབུ་མའི་བར་གྱི་ནང་རྩོད་འདི་རྒྱ་གཞུང་དང་བོད་གཞུང་གི་འཐབ་རྩོད་བས་གལ་ཆེར་འཛིན་གི་ཡོད་པ་མངོན་གསལ་རེད་།
ཁོང་ཨ་ཁུ་ཁྲོ་རྒྱལ་གྱི་ཡང་སྲིད་ཅིག་མིན་འགྲོ།
ཁོང་ཨ་ཁུ་ཁྲོ་རྒྱལ་གྱི་ཡང་སྲིད་ཅིག་མིན་འགྲོ།
ཁོང་ལ་དེ་འདྲའི་ལོ་རྒྱུས་དངོས་མ་ཞིག་ཡོད་ན་སྔ་ཙམ་ནས་མི་གསུང་བ་ཅི་ཞིག་རེད་།
བོད་རྒྱ་གཉིས་ཀའི་ལོ་རྒྱུས་ཀྱི་དགག་བཞག་ལྷོད་ལྷོད་བྱས་དང་ཚིག་གཅིག་གཉིས་ཤིག་མ་རེད་ལ། ཤོག་ལྡེབ་ཁ་ཤས་ཤིག་གིས་ཡོང་བ་ཞིག་ཀྱང་མ་རེད། ངོ་མ་ཡིན། ཟམ་གདོང་གིས་བོད་ཀྱི་སྲིད་སྟེགས་རྩེད་སྤྱད་བྱེད་རྒྱུ་མང་དྲག་པ་རེད། སྔོན་མ་མི་ཁ་ཤས་ཤིག་གིས་ལག་པ་བཀྱགས་ནས་བོད་མི་ས་ཡ་དྲུག་གི་གསེར་ཁྲི་རྫོད་དུས། རླུང་འཕྲིན་བརྒྱུད་ནས་བོད་རང་བཙན་བརྩད་ན་རང་བཙན་གྱི་ཁོངས་སུ་ཁམས་དང་ཨ་མདོ་གཉིས་ཀ་འདུས་ནི་མ་རེད། དེ་ལས་༦གོང་ས་མཆོག་གི་ཐུགས་དགོངས་རྒྱ་ཆེན་པོ་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡོད་ཚད་ཚང་མ་རྩོད་ཀྱིན་ཡོད་པ་རེད། ཚང་མས་བསམ་བློ་ཐོངས་དང་ཞེས་རྒྱ་ནག་གིས་ཏཱ་ལེ་བླ་མས་སེང་གེའི་ཁ་ལྟ་བུའི་ཧམ་བཤད་རྒྱག་གིན་ཡོད་པ་རེད་ཟེར་བར་སྡེར་མོ་སྤུ་གསེང་དུ་བཅུགས་ནས་རིག་པ་བརྡར་ཁུལ་བྱས་ཡོད་པ་རེད། སྤྱིར་བཏང་ཁོ་ལྟ་བུ་ཞིག་གིས་ག་རེ་བཤད་ནའང་འདོད་པ་རེད། ཡིན་ནའང་བོད་མི་ས་ཡ་དྲུག་གི་ལོ་རྒྱུས་ཀྱི་གསོས་པའི་བོད་རྒྱལ་ཁབ་ཆེན་མོའི་གསེར་ཁྲི་སྒེར་གཅོད་ཀྱིས་སྐད་ཆ་འདིའི་རིགས་བཤད་པ་དེ་ནི་དེང་སང་བཤད་ན་༦གོང་ས་མཆོག་ལ་རྒྱལ་ཁབ་གང་མང་ནས་གཟེངས་རྟགས་འབུལ་བཞིན་པ་ལྟར་རྒྱ་ནག་གིས་ཀྱང་ལོ་རྒྱུས་སྟེང་ཞབས་རྡུལ་སྤྱི་བོར་བླངས་པའི་ལོ་རྒྱུས་དེ་བོད་རྒྱལ་ཁབ་ཆེན་མོ་རྒྱ་ནག་གི་ཁོངས་གཏོགས་ཡིན་པར་སྒྲུབ་བཞིན་པ་དེར་ཁུངས་ལུང་གང་ཡང་མེད་ནའང་། ཟམ་གདོང་གི་གསེར་ཁྲི་སྒེར་གཅོད་ཀྱི་སྐད་ཆ་དེ་ནི་བོད་རྒྱའི་ལོ་རྒྱུ་སྟེང་གི་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་དང་པོ་དེ་ཆགས་པ་རེད། དེ་བས་བོད་རྒྱལ་ཁབ་ཤོར་བའི་ཉི་མ་དེ་ཟམ་གདོང་གིས་བོད་རྒྱལ་ཁབ་ཆེན་མོའི་གསེར་ཁྲི་བདག་འཛིན་བྱས་པའི་ཉི་མ་ནས་འགོ་བརྩམས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
ཟམ་གདོང་གི་སྐད་ཆར་སྙིང་བོ་མི་འདུག ཁོང་གིས་ཅིག་གིས་ལབ་པ་རེད། ཁོ་ཚོས་བསམ་པ་རེད། དེ་འདྲ་གསལ་བོ་ཡོད་པ་མ་རེད། ཡིན་ཤག་ཤག་བྱས་པ་རེད། ཟེར་བ་སོགས་ལོ་རྒྱུས་བཤད་ཐབས་ལ་བེད་སྤྱོད་མེད་པའི་བཤད་ཐབས་འདིས་བོད་རྒྱ་འོག་ཡིན་པ་བསྒྲུབ་ཐུབ་ཀི་མ་རེད། ཁོང་གི་སྐད་ཆ་འདི་ཚོ་ཡང་ལོ་རྒྱུས་ནང་གསལ་བོ་ཡོད་ཚོད་མིའདུག་པས་ཉན་རིན་མི་འདུག ཁོ་རང་གིས་དགོས་དབང་གིས་ཨུ་ཚུགས་བརྒྱབ་ནས་རང་གི་རྟོག་བཟོ་བྱས་པའི་ཧམ་བཤད་ལོ་རྒྱུས་ནང་མེད་པ་ཞིག་ལོ་རྒྱུས་ནང་གསར་དུ་འཇུག་རྒྱུའི་ངན་རེ་བྱེད་ཀི་འདུག འོན་ཀྱང་ངན་རེ་འདི་ལོ་རྒྱུས་ཀྱིས་ངོས་ལེན་བྱེད་ཀི་མ་རེད། བསམ་པ་རེད། དྲན་པ་རེད། ཡིན་ཡིན་ཤག་ཤག་བྱས་པ་རེད། གསལ་བོ་ཡོད་པ་མ་རེད་ཟེར་བ་འདི་ཁྲིམས་དང་ལོ་རྒྱུས་གཉིས་ཀྱིས་ཁས་ལེན་གི་མ་རེད། དེ་ལ་བསམ་ཡོད་པ་མ་རེད། དྲན་མྱོང་བ་མ་རེད། མིན་མིན་ཤག་ཤག་བྱས་ཡོད་པ་རེད། ལོ་རྒྱུས་ནང་གསལ་བོ་མེད་པ་རྣམས་རྒྱ་བོད་གཉིས་ཀར་བེད་སྤྱོད་ཡོད་པ་མ་རེད་ལབ་ན་འགྲིག་ཚར་བ་རེད།
བོད་ཀྱི་བྱུང་རབས་ལོ་རྒྱུས་གཙང་མ་ཡོད་པ་མ་རེད། རྒྱུ་མཚན་བོད་ཀྱི་ལས་སྣེར་བླ་མ་ཁྱེད་འདྲ་བོ་རྒྱ་དགའ་མང་པོ་བྱུང་མྱོང་བ་རེད། བོད་ཀྱི་ལོ་རྒྱུས་འབྲི་མཁན་ཡང་བླ་རྒན་ཁྱེད་འདྲ་བོ་མང་པོ་བྱུང་ཡོད་པ་རེད། བྱས་ཙང་བོད་ཀྱི་ལོ་རྒྱུས་གཙང་མ་ཡོད་པ་མ་རེད། འོན་ཀྱང་ང་ཚོ་བོད་མི་མང་གི་ངོས་ནས་ལོ་རྒྱུས་གཙང་མ་ཡོད་རེད།
སྟག་སྨྱོན་ཁྱེད་གནམ་ལ་ལྡིང་མ་ལྡིང་མི་འདུག བླ་མས་བསྐྱལ་ན་འདྲ། དཔོན་པོས་བསྐྱལ་ན་འདྲ། གང་ལྟར་བོད་ཀྱི་ལོ་རྒྱུས་བསྐྱལ་ས་ཅིག་ལ་བསྐྱལ་ཚར་བ་རེད། ཁྱེད་ནས་བསྐྱལ་ས་ནས་ཕྱིར་ལེན་མི་ཐུབ་ཀྱང། ད་ཡོད་ཀྱི་གནས་ཚུལ་འདི་དག་ལ་བསམ་གཞིག་ཤིག་གནོང་དང། བཙན་བྱོལ་ལོ་རྒྱུས་འདི་རྒྱ་འོག་ཡིན་པ་འདྲ་ཞིག་རེད་དམ། མིན་པ་འདྲ་ཞིག་རེད། དེའང་གསལ་བོ་མེད་ན་ཐང། དཔེར་ན། དོན་ཚན་བཅུ་བདུན་རྩིད་མེད་དུ་བཏང་མ་བཏང་ནས་མགོ་བཙུགས་པ་ཡིན་ན། ང་ཚོས་ག་ཚོད་བར་དུ་རྙོག་དྲ་བཤད་མ་ཚར་བར་སྡོད་དགོས་པ་རེད་དམ།
ཁྱེད་ནས་བོད་མི་མང་གི་ངོས་ནས་རང་བཙན་གཙང་མ་ཡིན་ཟེར་འདོད་ཡོད་ན། དེས་ཕན་ག་རེ་ཐོག་གི་རེད། ག་བ་སླེབས་ཀྱི་རེད། དེ་བསམ་བློ་གཏོང་རོགས།།
བྱུང་རབས་ཀྱི་རྣག་ཐོག་ལ་ཁབ་བཙུགས་ན།ཚ་ཟུག་ན་ཟུག་ཡོད་རེད།སྙིང་རྗེ་མོ་མེད་ན་ངོ་ལྟོས་ནས་སྙིང་རྗེ་མོ་མི་འདུག་ལབ་ན་སྤོ་ལང་བ་རང་བཞིན་རེད།
ཨ་ཧོ། དྲ་གྲོགས་ཚོ་ལབ་རྒྱུ་ཕ་བསད་ཀྱི་བུ་ལ་ཡོད་ཟེར། ཟམ་གདོང་ཚང་སྨྲ་ལྕེ་བདེ་བས། སང་ཉིན་རང་བཙན་གཙང་མ་ཡིན་པ་ཞིག་ཤོད་དང་ཟེར་ན་དེ་ལས་ལྷག་པ་དྲ་འབུ་ཚང་མ་ཡིད་ཆེས་པ་ཞིག་ཤོད་ངེས་རེད། དེ་མིན་ཁོང་ནས་ཉི་མ་ནུབ་ནས་ཤར་ལུགས་བཤད་ཀྱང་རྒྱུ་མཚན་བཀོད་དེ་འདྲ་འབུ་ཁག་གཅིག་དེ་དེ་བཞིན་ནོ་ཟེར་རྒྱུ་ལས་མ་འདས། ཟམ་གདོང་ཚང་གི་རྡ་སའི་རི་གྲོང་ནང་ལོ་བཅུ་བསྡད་དེ་མཐར་བོད་ཀྱི་ཆབ་སྲིད་བྱུང་རབ་གཙང་མ་མེད་པ་ཞིག་རྟོག་པ་དེ་ཡ་མཚན་རེད། ཕྱོགས་གཉིས་ཀྱི་འཐབ་རྩོད་འཕྲོད་གང་དུ་ཡང་གཙང་མ་མེད་པ་ཆོས་ཉིད་རེད། དེར་གདོང་ལེན་བྱེད་དགོས་པ་རེད། ལམ་ཁ་བརྩལ་དགོས་པ་རེད་མ་གཏོགས་རྒྱ་འོག་ཏུ་འཛུལ་བློ་ཡོད་ཚེ་ཟམ་གདོང་བོད་ནས་འདིར་གང་བྱེད་དུ་ཡོང་བ་ཡིན།
ལམ་དབུ་མ་པ་རབ་འབྱོར་ལགས་ཀྱིས། དབུ་མ་པ་བཅོམ་ལྡན་འདས་ཟམ་གདོང་ལགས་ཀྱིས་ལ་བཀའ་དྲིའི་ལན་དུ། བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་གཅིག་ཀྱང་མི་འདུག ཟེར་བ་དང་མི་མཚུངས་སམ།
རྣམ་དཔྱོད་དང་བློ་སྟོབས་ཀྱི་ཡང་རྩེར་སོན་པའི།
མཁས་པ་སྟག་སྨྱོན་མཆོག་ནས།
གངས་ལྗོངས་བོད་ཀྱི་རྒྱལ་ཁབ་ལ་སྙིང་ནས་གུས་ཤིང་།
དྲང་བདེན་ལོ་རྒྱུས་ཀྱི་བདེན་དཔུང་རྒྱབ་ཏུ་ཁུར་ཏེ།
ལེགས་བཤད་རིན་པོ་ཆེ་ཕྱོགས་བརྒྱར་བསྒྲགས་དུས།
རུས་མེད་རྒྱལ་ཚོང་བ་ཉུང་ཤས་ཀྱིས་ལོག་བཤད་སྨྲེང་ངག་འདོན་པ་ལས།
ཁྱེད་ཀྱིས་རྒྱུ་མཚན་ཡང་དག་ཇི་ཙམ་བཤད་ཀྱང་ཉན་འདོད་མེད་པ་ནི་
རྒྱ་དམར་གྱི་ཟས་གྲིབ་ཕོག་པ་ཡིན་ཤས་ཆེ།
དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་རྟག་ཏུ་བྱེད་མཁན་རྒྱ་དམར་རྗེས་འབྲངས་དང་བཅས་པ་ལ། མཁས་མཆོག་ཁྱེད་ཀྱིས་རྒོལ་ལན་གནད་ལ་ཕོག་པ་འདི་འདྲ་གནང་ཐུབ་པ་ལ། བོད་ཀྱི་ལྷ་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུ།
བོད་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་སྐབས་འདིར།
བོད་ཀྱི་མཐོ་རིམ་ཤེས་ཡོན་ཅན་ཡིན་རློམ་བྱེད་མཁན་འདི་ཚོས།
བོད་དགྲ་རྒྱ་དམར་གྱི་རྐུབ་འོག་ཏུ་མགོ་བོ་ཐུར་དུ་སྒུར་ཏེ།
བོད་ཀྱི་ལོ་རྒྱུས་སྲོག་རྩ་ལ་རྒོལ་བའི་བཀྲོགས་གཏམ་སྤེལ་ཕོད་པ་ནི།
བོད་ཀྱི་ཁྲག་དང་མིག་ཆུ་རྒྱ་ལ་ཚོང་མཁན་མིན་ན་བོད་མི་གསོན་པོ་སུ་ཞིག་ཡོད????????