ངོ་སྤྲོད་པ་ཀརྨ་དབང་འདུས།
སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༡ ནས་སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ བར།
༄༅།། དཔལ་རྒྱལ་བ་ཀརྨ་པས་དབུས་པའི་བླ་སྤྲུལ་ཆེ་བགྲེས་རྣམས་ཀྱིས་ཚོགས་མགོན་མཛད་དེ་གྲྭ་བཙུན་དང་དད་ཅན་གྱི་ཁྱིམ་པ་ཕོ་མོ་སྟོང་ཕྲག་དུ་མ་ཞལ་འཛོམས་པས་འཛམ་གླིང་བདེ་བ་དང་། སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་བྱིན་རླབས་སེམས་ཅན་ཀུན་ལ་ཐུག་རེག་ཏུ་འཇུག་པའི་ཐུགས་སྨོན་གཟབ་ནན་མཛད་པ་གཞིར་བྱས། རྒྱལ་དབང་མཆོག་ནས་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོར་གྱུར་པ་ལམ་གཙོ་རྣམ་གསུམ་དང་། ཕྱག་ཆེན་ངེས་དོན་སྒྲོན་མེ་ལས་སྐྱབས་འགྲོ་དང་རྡོར་སེམས་ཀྱི་ཁྲིད་ཀ །སྒོམ་ཁྲིད་སྣ་ཚོགས། ཚོགས་སུ་འདོན་བྱ་འགའི་འགྲེལ་བཤད་བཅས་སྩོལ་གནང་དང་། དེ་བཞིན་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མྱུར་ལམ་ཟབ་མོ་བླ་མ་རྒྱང་འབོད་ཀྱི་བཀའ་ཁྲིད་གནང་རྒྱུ་ཡིན་ཅིང་། གཞན་ཡང་གངས་ལྗོངས་བསྟན་སྲིད་ཀྱི་ཞབས་རིམ་ཁག་དང་། ཚེ་དང་ལྡན་པ་རྣམས་ཀྱི་དོན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཆོས་སྐོར་དང་དག་སྒྲོགས། སྨན་ཆོག །བར་བསམ་སྒྲོལ་གསུམ་སོགས་སྐུ་རིམ་རྣམས་དང་། གཤིན་པོ་རྣམས་ལ་མགོན་པོ་མི་འཁྲུགས་པའི་དཀྱིལ་ཆོག་དང་འབྲེལ་བའི་བྱང་སྲེག །དེ་མིན་འཇམ་མགོན་ཀོང་སྤྲུལ་རྗེས་དྲན་གྱི་མཛད་སྒོ། བསོད་སྙོམས་འབུལ་བཞེས། མདོ་ལུགས་བླ་མཆོད་དང་འབྲེལ་བའི་བཟའ་བ། མར་མེ་སྨོན་ལམ་སོགས་ཀྱི་རིམ་པ་རྣམས་གཏན་འཁེལ་གྲུབ་ཡོད།
བཀའ་བརྒྱུད་སྨོན་ལམ་དེ་སྤྱི་ཚེས་ག་དུས་ནས་མགོ་ཚུགས་གི་ཡོད་པ་རེད།
ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།།
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།།
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།།
ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།།
ཧ་ལས་པའི་གཏམ་བཟང་རེད་འདུག གསུང་ཆོས་འདི་ཐད་ཀར་རྒྱང་སྲིང་ཞུ་མིན་ལ་གནས་ཚུལ་གསུངས་རོགས།
རྒྱལ་བའི་དབང་པོ་ཀརྨ་པ་སྐུ་འཕྲེང་ན་རིམ་ནང་ནས། སྐུ་འཕྲེང་འདི་པ་ཤེས་རབ་བཟང་ཤོས་ཤིག་ཡོང་བའི་རྟགས་གསལ་པོ་འདུག ཁོང་རིག་པ་ཤིན་དུ་བཟང་ལ། དྲན་པ་ཤིན་དུ་གསལ་པོ་རེད། ལྷག་དོན་ཁོང་གི་བསམ་གཏན་ཤིན་དུ་ནས་བརྟན་པོ་ཡོད་སྟབས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་ཁོང་གི་ཐུགས་ལ་མངའ་བ་གསལ་པོ་འདུག
ལམ་གཙོ་རྣམ་གསུམ་གྱི་རྩ་བ་ནི་འཇམ་མགོན་བླ་མ་ཙོང་ཁ་པས་མཛད་པ་ཡིན་ཞིང་། ཁོང་གི་ལེགས་བཤད་འདིར། བོད་ཀྱི་མཁས་པ་ཐམས་བཅད་ཀྱིས་བསྟོད་པ་མཛད་པའི་གསུང་བྱིན་ཅན་ཞིག་རེད། དེའི་འགྲེལ་བ་མཛད་མཁན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི་བོད་ཀྱི་རིས་མེད་མཁས་དབང་ཚང་མས་བསྟོད་པ་མཛད་པའི་བླ་མ་ཤིན་དུ་ནས་གོང་ལ་བཀུར་འོས་པ་ལ་སོང་། གསུང་ཆོས་འདི་ལ་སྔར་བྱུང་མ་མྱོང་བའི་རྟེན་འབྲེལ་དང་བྱིན་རླབས་ཡོད་པ་ནི་ཤིན་དུ་ནས་གསལ་པོ་ཡོད་པ་དང་། དེའི་སྟེང་། རྒྱལ་དབང་ཀརྨ་པ་འདི་པ་གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་སློབ་མར་སོང་་སྟབས། རྒྱལ་བའི་བྱིན་རླབས་ཐམས་ཅད་གཅིག་ཏུ་སྤུངས་པའི་བླ་མེད་ཀྱི་སྐལ་བ་ཞིག་རང་རེད་འདུག་པས། རྗེས་སུ་ཡི་རངས་ཚད་མེད་དང་། གསུང་ཆོས་ལ་བར་ཆད་མེད་པའི་སྨོན་ལམ་ཞུ།
སྨོན་ལམ་ཚོགས་པ་ཡག་ཀྱང་ཀརྨ་གཉིས་ཀ་ནང་མཐུན་པ་མེད་པས་ཁ་བཤད་སྟོང་པ་ལས་ཉམས་སུ་ལེན་མི་ཤེས་པ་མིན་ནམ། ལམ་གཙོ་རྣམ་གསུམ་དེ་གཙོ་བོ་སེམས་ཐོག་ནས་ཉམས་སུ་ལེན་པ་ཞིག་གིས་བཤད་པ་ལས་རྫིག་རྫིག་བཤད་ཡམ་ཞིག་དེ་བས་ཀྱང་མ་རེད་ལོ། །
༸ཀརྨ་པ་༸སྐུ་ཕྲེང་བཅུ་བདུན་པ་༸ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གཅིག་ཉིད་ལས་ཀརྨ་པ་གཉིས་པ་ཞིག་ཡོད་མ་རེད་དོ། །
ཐུན་མིན་སྒྲུབ་རྒྱུད་རང་ལུགས་བསྟན་པ་འཛིན།
བསྟན་ལ་འགལ་མེད་དད་པས་སྲོག་ཟུང་ནས།
གཞན་གྱི་གདམས་ངག་ཐུབ་སྤྱོད་མ་གནང་པར།
སྲོང་པོའི་ལམ་ནས་གཞན་དོན་མཛད་པར་ཤོག
རྒྱལ་བའི་ཕྲིན་ལས་ཡོངས་རྫོགས་འདུས་པའི་སྐུ།
བྱེ་བ་ཕྲག་རྒྱའི་རྣམ་སྤྲུལ་འགྱེད་དོ་ཞེས།
ཀརྨ་པ་ཡི་ངེས་གསང་རྣམ་ཐར་ཀུན།
དེང་འདིར་འགལ་མེད་དགོངས་པ་རྒྱ་ཆེན་ཤོག
ཕྱི་ཚུལ་དང་དང་རྒྱ་མིའི་ནང་ཆོས་དང་།
ནང་དུ་ཆོས་སྲིད་ཟུང་འབྲེལ་མ་གོས་པར།
མར་མི་དྭགས་པོས་རྣམ་ཐར་ཡོངས་འཛིན་ནས།
སྨོན་ལམ་ཡོངས་རྫོགས་གོང་མའི་ཐུགས་ཟིན་ཤོག
ད་ཡིན་ན་དྲ་འབུ་ཚོས་ཀརྨ་པ་སུ་ཡིན་མིན་ཡོང་བསྐྱར་ངོས་འཛིན་གྱིན་འདུག །་ཡིན་ད་ཤུགས་རྒྱོབས་ཤིག །
ཡང་ན་ཁོང་རྣམ་པ་གཉིས་ཀ་ཀརྨ་པ་ཡིན་པ་གཞིར་བཟུང་ནས་བཀའ་རྒྱུད་པ་ནང་ཁུལ་ཁ་འཐོར་མ་དགོས་པ་གཙོ་གནད་འཛིན་དགོས། དེ་མིན་ཁྱོད་མིན་ང་མིན་ཟེར་ནས་རྩོད་ན་ཐོབ་རྒྱུ་ཅང་ཡོད་པ་མ་རེད། ད་ལྟའི་ཆར་ཁོང་རྣམ་པ་གཉིས་ཀ་ལ་དད་པ་ཡོད་མཁན་སློབ་མ་ནི་འཛམ་གླིང་ཕྱོགས་གང་སར་གཅིག་ལས་གཅིག་མང་བ་ཡོད་པས་སོ། །
ཆོས་ལུགས་མི་གཙོ་པར་མི་རིགས་གཙོ་ཞིང་ཆོས་བཤད་མི་གཙོ་པར་སྐད་ཡིག་གཙོ་བའི་འདི་ཤེས་དེ་མེད་དུས་ད་ཁྱོད་ཚར་སོང་བ་རེད། དེ་བས་ངས་རྒྱུན་དུ་གྲུབ་མཐའ་ག་གེ་མོ་ཞིག་གི་སྨོན་ལམ་དང་དུས་སྟོན་ཡིན་ཞེས་ཐོས་དུས་སྐད་ཆ་དེའི་རིཊ་ལ་སེམས་གཏིང་ནས་སྐྱུག་དྲི་བྲོ་བཞིན་འདུག་ལ་སྐད་ཆ་དེའི་ཕག་ནའང་ཏག་ཏག་ཉི་ཚེ་བའི་གྲུབ་མཐའ་དག་གི་མཁྲེགས་འཛིན་དང་ཕྱོཊརིས་ཀྱི་ལྟ་བ་སྟུག་དྲི་བྲོ་བ་དེ་ཡོད་པའང་སུས་ཀྱང་ཐག་གིས་ཆོད། དེ་བས་རྗེས་ཕྱོགས་ང་ཚོ་ནང་གི་རིགས་ཞེན་ཅན་ཚོར་ཆོས་ལུགས་ཞེས་བའི་མི་རིགས་དང་རྒྱལ་ཁབ་དང་མདུན་སྐྱོད་ཀྱི་བཀག་རྡོ་དེ་རྩ་བ་ནས་དགོས་གི་མ་རེད།
ཀརྨ་པ་འདི་བ་མཁྱེན་དཔྱོད་ཡངས། རིག་པ་རྒོད། དོན་གཉེར་ཆེ། ཞལ་སངས་པོ་དང་ཀུན་ལ་འདྲིས་ཆེ། །སྒེར་གྱི་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེར་ཚུལ་བཞིན་བརྟེན་ནས་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཟབ་གསལ་མན་ངག་ཡོད་དོ་ཅོག་གང་ཐུབ་གསན་བཞེས་གནང་ཡོད་པ་རེད། མ་ཟད་གདན་སའི་དགེ་བཤེས་རྣམས་ལྷན་དུ་འདུལ་བ་སོགས་གཞུང་ལུགས་ཁག་གི་དོགས་གཅོད་དང་སློབ་སྦྱོང་ཧུར་ཐག་གནང་གི་འདུག །སྒེར་གྱི་དཔེ་མཛོད་ཁང་དུ་རིས་མེད་ཀྱི་དཔེ་ཆ་མང་པོ་བསྒྲིགས་འདུག །སྐད་རིགས་སྣ་མང་མཁྱེན་གྱི་འདུག །ཉིན་ལྟར་མཇལ་བ་རྒྱུན་མི་ཆད་པ་དང་སེམས་འགུལ་ཐེབས་པའི་བཀའ་སློབ་གནང་གི་ཡོད་པ་དང་སྐད་ཡིག་དང་རིག་གཞུང་ལ་ཕན་པའི་བསླབ་བྱ་གནང་མཁན་ཞིག་རེད། །རྗེ་ཙོང་ཁ་བ་དག་སྣང་དུ་མཇལ་བས་རྗེའི་བསྟོད་ཞིག་ཀྱང་མཛད་ཡོད་པ་རེད། རྗེ་ཀརྨ་རོལ་བའི་རྡོ་རྗེ་དགུང་ལོ་ཉེར་བཞིའི་ཐོག་རྒྱ་ནག་རྒྱལ་པོ་ཐོ་གན་ཐེའུ་མུར་གྱིས་གདན་ཞུ་གནང་བའི་སྐབས་མདོ་སྨད་ཙོང་ཁའི་ཕྱོགས་དེར་བྱོན། དེ་དུས་རྗེ་ཙོང་ཁ་བ་དགུང་ལོ་གསུམ་གྱི་ཐོག་ཡུམ་གྱིས་ཁྲིད་ནས་རྗེ་ཀརྨ་རོལ་བ་འདི་བར་མཇལ་ཁ་ཞུས། དགེ་བསྙེན་གྱི་སྡོམ་པ་ཕོག་ཅིང་མཚན་ལ་ཀུན་དགའ་སྙིང་པོ་གསོལ་ཏེ་སྐྱེས་མཆོག་དམ་པར་འོངས་བའི་ལུང་བསྟན་གནང་བ་སོགས་ཙོང་ཁ་བའི་བླ་མ་ཐོག་མ་དེ་ཡིན་པ་རེད།
མཁྱེན་ནོ་་་་་
ཀརྨ་མཁྱེན་ནོ།
གོང་གི་བརྙན་ཐག་ལ་གཟིགས་དང་རྒྱལ་བ་རིན་པོ་ཆེས་ཀརྨ་པ་ལྔ་ཡོད་ཆོག་པར་གསུངས་འདུག གཙོ་བོ་ནང་མཐུན་པ་དེ་རེད། མཁྱེན་བརྩེ་ལྔ་འཁྲུངས་པའི་དཔེ་བཅས་བཤད་བཞག བཀའ་བརྒྱུད་སྨོན་ལམ་ཅི་མ་རེད། སི་ཏུའི་སངྒྷའི་སྨོན་ལམ་རེད། ཁ་ཕ་རོས་ཚོགས་པ་རེད།
སུ་ཀརྨ་པའི་སྤྲུལ་སྐུ་ཡིན་ནའང་ཁྱད་པར་མི་འདུག དོན་ལ་བོད་མི་རིགས་ཤིགས་ཡིན་པའི་རྒྱུ་མཚན་གྱིས་བོད་མི་རིགས་ལ་ཕན་པ་ཞིག་བསྒྲུབ་མཁན་དང། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་སེམས་ཅན་ལ་ཕན་ཐོགས་ཡོད་མཁན་ཞིག་དང། སངས་རྒྱས་ཀྱི་བསྟན་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཞུ་མཁན་ཞིག་དང། སྤྲུལ་པའི་སྐུ་ཞིག་ཡིན་པའི་ཆ་ནས་འགྲོ་བ་ཐ་མལ་བ་ཞིག་དང་མི་འདྲ་བའི་མཛད་པ་རླབས་ཆེན་མཛད་མཁན་ཞིག་ཡིན་ན་དེ་ནི་སངས་རྒྱས་དང་ཀརྨ་པའི་སྤྲུལ་སྐུར་ངོས་འཛིན་དོན་གྱིས་ཆོག ང་ལ་དེ་གཉིས་ཀར་རྒྱུས་་མེད་མཁན་ཞིག་ཡིན་པས་བཟང་ངན་གཉིས་འཛིན་གྱི་འདུ་ཤེས་གང་ཡང་མེད་པ། འདུ་ཤེས་གསུམ་པ་ཅན་གྱི་མི་བུ་ཞིག་ཡིན། སྨོན་ལམ་ཚོགས་པ་ནི་རྗེས་ཡི་རངས་ཞུ་དགོས་པ་ཞིག་རེད། སྨོན་ལམ་ཚོགས་པ་ཙམ་གྱིས་མི་འགྲིག་པར་སྨོན་ལམ་ཚོགས་རྗེས་སུ་རང་གི་བྱ་བ་ཅི་ཞིག་བསྒྲུབ་ཀྱང་སྨོན་ལམ་གྱི་ཚིག་འདོན་པ་དང་མཐུན་དགོས་རྒྱུ་ནི་སྨོན་ལམ་གྱི་དགོས་འདུན་གཙོ་བོ་ཞིག་ཏུ་སེམས། དེ་མིན་ཁྲ་ཁྲ་ཟིང་ཟིང་སྤམ་པོ་དེ་འདྲའི་རིགས་ཀྱིས་འགྲོ་བར་ཕན་པ་ཅི་ཞིག་ཡོང་མིན་ནི་ཐེ་ཚོམས་ཀྱི་གནས་ཤིག་རེད
ངོ་མཚར་བའི་མཛད་པ་རེད། ཀརྨ་པ་དང་རྗེ་ཙོང་ཁ་པའི་བར་དམིགས་བསལ་གྱི་འབྲེལ་བ་འདུག ང་ནི་རྗེ་ཀརྨ་པ་འདི་བ་ལ་གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ལྟ་བུའི་དད་པ་དང་ཡིད་ཆེས་ཡོད།
དགེ་བ་ཀུན་ལ་རྗེས་ཡི་རང་།
༼ཨ་ཕྱི་ཆོས་སྒྲོན་ནས་སྨོན་ལམ་ཚོགས་པ་ཡག་ཀྱང་ཀརྨ་གཉིས་ཀ་ནང་མཐུན་པ་མེད་པས་ཁ་བཤད་སྟོང་པ་ལས་ཉམས་སུ་ལེན་མི་ཤེས་པ་མིན་ནམ། ལམ་གཙོ་རྣམ་གསུམ་དེ་གཙོ་བོ་སེམས་ཐོག་ནས་ཉམས་སུ་ལེན་པ་ཞིག་གིས་བཤད་པ་ལས་རྫིག་རྫིག་བཤད་ཡམ་ཞིག་དེ་བས་ཀྱང་མ་རེད་ལོ།༽༼ འཇམ་གཅེས་ནས་ད་ཡིན་ན་དྲ་འབུ་ཚོས་ཀརྨ་པ་སུ་ཡིན་མིན་ཡོང་བསྐྱར་ངོས་འཛིན་གྱིན་འདུག །་ཡིན་ད་ཤུགས་རྒྱོབས་ཤིག ཡང་ན་ཁོང་རྣམ་པ་གཉིས་ཀ་ཀརྨ་པ་ཡིན་པ་གཞིར་བཟུང་ནས་བཀའ་རྒྱུད་པ་ནང་ཁུལ་ཁ་འཐོར་མ་དགོས་པ་གཙོ་གནད་འཛིན་དགོས། དེ་མིན་ཁྱོད་མིན་ང་མིན་ཟེར་ནས་རྩོད་ན་ཐོབ་རྒྱུ་ཅང་ཡོད་པ་མ་རེད། ད་ལྟའི་ཆར་ཁོང་རྣམ་པ་གཉིས་ཀ་ལ་དད་པ་ཡོད་མཁན་སློབ་མ་ནི་འཛམ་གླིང་ཕྱོགས་གང་སར་གཅིག་ལས་གཅིག་མང་བ་ཡོད་པས་སོ།༽ཆོས་སྒྲོན་ཟེར་བའི་ཇོ་ལོག་དང་། འཇམ་གཅེས་ཟེར་བའི་གྲྭ་ལོག་གཉིས། ཁྱེད་གཉིས་པོ་བྱུས་གཏོགས་དགོས་དོན་མེད། ཁོང་ཀརྨའི་མཛད་ཕྲིན་འགྲན་ཐབས་བྲལ།
བླ་མ་ཞྭ་ནག་པོ།
དགོན་པ་རྒྱབ་རི་་ནག་པོ།
གྲྭ་བ་སེམས་ནག་པོ།
འབྲུག་པ་ཀུན་ལེགས་པས།
ཀརྨ་པ་བཅུ་བདུན་གཉིས་ལ། དང་པོ་ སི་ཏུའི་ངོས་འཛིན་གནང་བ་དེར་མདའ་ཁའི་ཞལ་ཆེམས་རྫུན་མ་རེད། ཞྭ་དམར་ངོས་འཛིན་གནང་བ་དེར། ་དང་པོར་མདའ་ཁའི་ཞལ་ཆེམས་མཁའ་འགྲོའི་བརྡ་ཡིག་ཡོད་ཟེར། རྗེས་སུ་སྟོན་རྒྱུ་མེད་པའི་ཞལ་རྫུན་དུ་གྱུར། མདོར་ན་གཉིས་ཆ་རྫུན་མ་རེད། དུས་དེ་ནས་བཟུང་ང་ལ་སྤྲུལ་སྐུའི་ཡང་སྲིད་ལ་ཡིད་ཆེས་མེད་པར་གྱུར།
དྲྭ་ཕྲིན་ལགས། ཨ་ལོག་ཡིན་ཡང་ཆོག་གྲྭ་ལོག་ཡིན་ཡང་ཆོག །མི་ཆོག་པ་ཞིག་ཡོད་པ་ནི་འདི་དག་ཡིན། ཕ་ཆུས་དང་ཕོར་ཆུས་བརྗེ་མི་ཆོག །ཆར་སྣང་རླུང་འདྲེན་མི་ཆོག །མཐུན་སྒྲིལ་གཏོར་རླག་མི་ཆོག །བཀའ་དྲིན་ལོག་འཇལ་མི་ཆོག །
དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་ཚེ་ཡུན་དུ་བརྟན་པར་ཤོག །ཁོང་གིས་རིས་མེད་དར་སྤེལ་ཡང་དགོས་དོན་བསྒྲུབ་པར་ཤོག །
དཔལ་རྒྱལ་དབང་ཀརྨ་པ་མཁྱེན་ནོ།།
ཆོས་རྔ་ཆེན་པོ་སྒྲ་ཡིས་ནི། །སེམས་ཅན་སྡུག་བསྔལ་སེལ་བྱེད་པ། གསུངས་བ་བཞིན་བློ་ཆོས་ལ་དྲངས་བའམ། ཆོས་སེམས་ལ་སྦྱར་བ་དང་། ཆོས་ཉམས་སུ་ལེན་པ་པོ་སུ་ཡིན་ཀྱང་ལམ་གཙོ་རྣམ་གསུམ་གྱིས་གནད་དུ་སྡོམ་མི་ཐུབ་པ་ཞིག་ག་ལ་ཡོད། རྒྱལ་བ་ཀརྨ་པ་དབུ་བཞུགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ལེགས་འགྲུབ་ཡོངས་བར་ཤོག། བཀྲ་ཤིས་པར་གྱུར་ཅིག །དོན་འགྲུབ་པར་གྱུར་ཅིག།
ཀརྨ་བཀའ་རྒྱུད་ཀྱི་སྨོན་ལམ་འདི་ལ་ཁག་གཉིས་འདུག་པས་ན་དང་པོ་ནི་འཇིག་རྟེན་སྒྲགས་པའི་ལྟམ་དང་མ་འདྲེས་པར་
ཁ་ཁུ་བསིམ་པོའི་ངང་ ༧ ཀརྨ་པ་༡༧ པ་མཐའ་ཡས་རྡོར་རྗེ་དང་ བཅུ་དྲུག་རིག་པའི་རྡོར་རྗེ་སྐུ་ཡི་མཚའ་བོ་པ་
ཞ་དམར་རིན་པོ་མཆེ་བཅས་དབུ་བཞུགས་ཐོག་སྨོན་ལམ་ལེགས་པར་སྒྲུབ་ཚར་བ་རེད་ན་ཡིད་རངས་བསྐུལ་ཞིང་གསོལ་བ་འདེབས་སོ་་་་་་
གཞན་ཨོ་རྒྱན་ཕྲིན་ལས་རྡོར་རྗེ་དང་ལྷན་དུ་སི་ཏུ་པ་རྡོར་གདན་དུ་སྨོན་ལམ་ཚོགས་པར་གཏན་ནས་མི་འཕེབས་པ་དེ་གང་ཡིན་ནམ་རྒྱུ་མཚན་ཡང་དག་ཞིག་ཡོད་ན་གསུང་རོགས་གནང་་་་
དེ་མིན་བཀའ་རྒྱུད་སྨོན་ལམ་ཞེས་ན་ཆེས་ཁྱབ་རྒྱ་ཆེ་བ་འདྲ་་་་ རྒྱུ་མཚན་ནི་ བཀའ་རྒྱུད་ལ་དབྱེ་ན་ནི་ ཆེ་བཞི་ཆུང་རྒྱད་དོ་་་་་་
ཀརྨ་པ་ཡི་རིང་ལུགས་ནི་དེ་ཡིས་ནང་ནས་གཅིག་པུ་ཡིན་ནོ་ཡིན་ནོ་ཡིན་ནོ་་་་་་་་་
རྒྱལ་དབང་ཨུ་རྒྱན་འཕྲིན་ལས་རྡོར་རྗེར། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བྱིན་རླབས་སྨར་རྗེན་ཕོག་ནས། དུས་ཐོག་ལ་ཉམས་ལེན་གནང་གི་འདུག། མཁས་པ་མཁས་པའི་དྲུང་ན་མཛེས་ཟེར་བ་བཞིན། འཛམ་གླིང་ཕྱོགས་བཞིར་གང་ཟག་བསམ་བློ་ཡོད་མཁན། ཤེས་རབ་ཡོད་མཁན། རིག་པ་ཡོད་མཁན་ཚོས་བལྟས་ན། ལས་འགུལ་འདི་ནི་ཤིན་དུ་ནས་མཛེས་པ། བློ་ལ་འབབ་པ། ཡིད་དབང་འཕྲོག་པ། དེ་བཞིན་ཁོང་བླ་མ་དམ་པ་ཞིག་གི་རྟགས་མཚན་མ་སྟོན་གྱི་ཡོད། རྗེ་རིན་པོ་ཆེའི་གསུང་ལ་འགྲེལ་བཤད་རྒྱབ་ཆོག་ཆོག་ཞིག་མ་རེད། ཁོང་གིས་དེ་ལྟར་བརྩམ་པ་དེས། རང་གི་ཡོན་ཏན་སྟོན་ཐུབ་ཀྱི་ཡོད། ཕྱི་རྒྱལ་ལ་ཡོད་པའི་བླ་མ་ང་ཡིན་ཁོ་ཡིན་ཟེར་མཁན་ཚོར། མེད་དགག་དང་མ་ཡིན་དགག་དབར་ལ་ཁྱད་པར་གསུང་རོགས་ཟེར་དུས། མགོ་ན་འཚར་འགྲོ་བཞིན་འདུག
ཞྭ་མར་པའི་་་་ཀརྨ་པ་མཁྱེན་ནོ་་་་་
ཨ་ཕྱི་ཆོས་སྒྲོན་ཞེས་པ་དེ་ནི་ངོ་དེབ་ནང་མཁན་ཆེན་བླ་མའམ་དཔལ་དགྱེས་ཞེས་པ་དེང་སང་ཨེ་ལན་ཌིར་བསྡད་ཡོད། ཁོང་ཡིན་པར་ཐེ་ཚོམ་ཡོད། གང་ཡིན་ཟེར་ན་དེ་སྔོན་རྒྱལ་བ་ཀརྨ་པར་མཚན་སྨད་དང་བཀའ་བརྒྱུད་ནང་དམེ་གང་ཐུབ་བྱེད་བཞིན་འདུག ཨ་ཕྱི་ཆོས་སྒྲོན་ཞེས་པ་བཀའ་བརྒྱུད་པ་ཞིག་རྩ་ནས་མ་རེད། མཁན་ཆེན་བླ་མའམ་དཔལ་དགྱེས་ཞེས་པ་དེས་བཀའ་བརྒྱུད་དང་དགེ་ལུགས་སོགས་ལ་མཚན་སྨད་གང་ཐུབ་བྱེད་ཀྱིན་འདུག་པས། དྲ་གྲོགས་ཡོངས་ཀྱིས་ཐུགས་གཟབ་གནང་རོགས།
ཆོས་ཕྱོགས་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རེད།ཆོས་འགལ་སྲིད་དོན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རེད
ཁ་བའི་རྡུལ་བརྩེགས་ཀྱིས་བཤད་པར་རྒྱབ་སྐྱོར་ཡོད། ངས་ཀྱང་དེ་རང་བསམ་ཡོད། དཔལ་དགྱེས་ཀྱི་མིང་ཐོག་ཏུབཁ་བརྡ་དྲ་བར་རྩོམ་འཁྱལ་གཞན་སྨོད་མང་པོ་ཞིག་བྲིས་པར་མི་ཚོས་དགག་ལན་ཚ་ཐག་ཆོད་རྒྱབ་སྟེ་ཁོ་རང་གནོང་ངོས་ལེན་གྱིས་ཁ་བརྡ་དྲ་བ་ནས་ཕྱིར་འབུད་བཏང་ཡོད། འོན་ཀྱང་ཁོ་སླར་ཡང་སེང་གེ་བོར་བུར་རྫུས་ཏེ། བཀའ་དགེ་གཉིས་ཙམ་མ་རེད། ཁོས་རྙིང་མ་མ་གཏོགས་ཆོས་ལུགས་ཁས་མི་ལན་ཅིང། དེ་ལས་གཞན་པའི་ཆོས་རྒྱུད་ཆོས་ལུགས་ལ་དུག་ལྟར་རྩིས་ཏེ་སྨོད་རྐྱང་བྱས་ཡོད། ཾོས་སྐབས་རེར་བོན་པོ་དང་བོན་ལས་སོགས་མིང་བརྫུས་ཀྱི་འོག་ནས་ཀརྨ་པའི་སྤྲུལ་སྐུ་སོགས་ལ་ཚད་མེད་པའི་སྐྱོན་བརྗོད་བྱས་མྱོངས། དེ་ཡིས་ཀ་བོན་དབར་ལ་དཀྲུགས་ཤིང་རྒྱབ་དགོས་བསམ་པ་རེད་དེ། ཀ་བོན་གཉིས་ཀྱི་དབར་ལ་དག་སྣང་འོ་ཆུ་ལྟར་འདྲེས་ཡོད་པས་ན
་ཡང་འཁོ་་འཁྲུག་ཡོང་མི་སྲིད། མི་འདི་རིགས་ནི་བརྩིགས་པའི་ནང་གི་རྡོ་རིལ་རེད། ཤིན་ཏུ་གཟབ་དགོས། འོན་ཀྱང་ཅོལ་ཆུང་འགའ་ཞིག་དེའི་རྗེས་སུ་གཡམ་རྒྱུགས་བྱེད་བཞིན་འདུག
ུཨུ་རྒྱན་འཕྲིན་ལས་རྡོ་རྗེར་དྭོགས་པ་ཡོད་མཁན་ཚོར་འདྲི་བ་ཞིག་ཡོད། དེ་ནི། རྒྱལ་བ་རིན་པོ་ཆེས། ཇི་སྐད་དུ། ངའི་རྨི་ལམ་ཞིག་ལ། ང་ལ་གཟུགས་མེད་ཞིག་གིས། རི་གཉིས་ཀྱི་བར་སྟོང་ལ། གཤོངས་ཤིག་ཡོད་པ་དང་། དེར་མཛུམ་མོ་བཙུགས་ནས། ཀརྨ་པ་འཁྲུངས་ས་དེར་རེད་ཅེས་མཛུབ་མོ་བསྟན་བྱུང་། རྗེས་མ་པར་གྱི་ནང་ལ་ཨུ་རྒྱན་འཕྲིན་ལས་རྡོ་རྗེའི་འཁྲུངས་ཡུལ་མཐོང་སྐབས། སྔོན་མ་རྨི་ལམ་གྱི་ནང་ལ་མཛུབ་སྟོན་བྱས་པའི་ས་ཆ་དེ་ག་རང་ཡིན་པ་དང་། དེ་ཡང་། གཟུགས་མེད་དེ་ཆོས་སྐྱོང་ཞིག་ཡོན་པ་ད་གཟོད་ཤེས་གསུངས།
ཁྱེད་རྣམས་རྒྱལ་བ་རིན་པོ་ཆེའི་གསུང་འདི་ལ་དད་པ་ཨེ་ཡོད།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོར་རྗེ་ཆོག་ད་ཕལ་ཆེར་་་་་ ༼ བཀའ་རྒྱུད་ ༽ ཁམ་གཙང་ཞིག་ཨེ་ཡིན་ནམ་་་་་
ཕལ་ཆེར་གསེར་མོ་པའི་ལྷད་ཞུགས་ཡོད་ས་རེད་གོ་་ ལྷ་པར་དུ་ན་གཟའ་གནམ་སྟངས་དང་ཅས་སྔོན་གྱི་
༧ སྐུ་ཕྲེང་བཅུ་དྲུག་པ་མཆོག་དང་གཏན་ནས་མི་འདྲ་བ་འདུག་ག་་་་་
འཁོན་འཁྲུག ཅེས་བཅོས་རོགས།
ང་ནི་ཀརྨ་པའི་སྤྲུལ་སྐུ་ཡིན་ཟེར་ཚད་ལ་དད་པ་མོས་གུས་བྱེད་རྒྱུ་ཟེར་བ་ཐག་མི་ཆོད་ཀྱང་་ཡང་མཚན་སྨད་སྐུར་འདེབས་ནི་མམ་ཡང་བྱེད་མི་སྲིད། དད་མོས་གུས་པ་ཟེར་བ་གང་གི་མདུན་ནས་གདམས་པ་དབང་ལུང་ཁྲིད་སོགས་ཞུས་པ་དང། ཡང་ན་གང་གི་སྐུ་ཡོན་བླ་ན་མེད་པ་ཡོད་པར་རང་གིས་ཤེས་པ་སོགས་བྱུང་བ་ཡིན་ན་དེ་དུས་གཞི་ནས་ཐག་ཆོད་བྱེད་ཐུབ།
ད་ལྟ་ཀརྨ་པའི་ཡང་སྲིད་དུ་ཡོངས་སུ་གྲགས་པ་དེ་གཉིས་ཀར་དགའ་ཞེན་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། མཛད་པའི་འཕྲིན་ལས་ལ་བརྟེན་ནས་ཞུ་གི་ཡོད། བྱུང་ན་ཁྱེད་རྣམ་པ་གཉིས་མཉམ་འཛོམ་གྱིས་བཀའ་རྒྱུད་ཀྱི་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་བཀའ་མོལ་ཞུས་ཏེ་བཀའ་རྒྱུད་པ་ནང་ཁུལ་ཐུགས་མཐུན་དམ་གཙང་གི་ལེའུ་གསར་པ་ལོ་རྒྱུས་སུ་འཇོག་འོས་པ་ཞིག་གནང་བའི་ངས་རེ་འདུན་སྙིང་ནས་ཞུ་བཞིན་ཡོད།
ཧ ཧ ཁྱེད་ཚོ་འགར་སྒེར་འཁོན་རེ་ཡོད་ན་དེ་ག་རེད་མོ། གཙོ་བོ་ཁ་རྡུལ་དང་བན་དེ་ཟེར་བའི་གཤིན་གཟུགས་ཚོས་རང་ངོ་ལ་མཛུབ་མོ་ཚུགས་ཤིག དེ་མིན་མཁན་ཆེན་དཔལ་དགྱེས་སུ་ཡིན་ལ་དགོས་པ་ཆུང་། ངས་ཀརྨ་པ་གཉིས་ཀ་ནང་མཐུན་ཐབས་བཤད་པ་ལས་གཉིས་ཀ་ཡག་པོ་མ་རེད་བཤད་མེད། ནང་མ་མཐུན་ན་ཡག་པོ་རེད་ཁྱེད་ཚོས་ལབ་ཀྱིན་ཡོད་དམ། འཇིག་རྟེན་ན་ང་ཚོས་འཚོལ་དགོས་པ་ནི་གནས་ལུགས་དང་། ཞུགས་དགོས་པ་ནི་དྲང་བདེན་ཡིན་པར་སོང་། གནས་ལུགས་མེད་པའི་འུར་སྒྲོག་དང་། དྲང་བདེན་མེད་པའི་འཆལ་གཏམ་གྱི་རིགས་སྤང་སྟེ་བསམ་ཚུལ་བརྗེ་རེས་དང་དངོས་ཐོག་བདེན་ཚོལ་གནང་གལ་ཆེ་སྙམ། བསམ་ཚུལ་ཡིན་ཆོགས་གྲོགས་རྣམ་པ་ལགས།
ང་རང་གི་དད་མོས་ལྟར་ན། འཕྲིན་ལས་རྡོ་རྗེ་མཆོག་ནི་ཀརྨ་པའི་ཡང་སྲིད་དངོས་དང་། མཐའ་ཡས་རྡོ་རྗེ་ནི་འོས་སྤྲུལ་ཙམ་མོ། །དགེའོ། དགེའོ། དགེ་བར་གྱུར་ཅིག །
རེད་དཔལ་དགྱེས་ཁྱེད་ཀྱིས་བསྒྲལ་བའི་གཤིན་གཟུགས་ཡིན་རྒྱུ་རེད། ད་ལས་ཀྱིས་རྣམ་སྨིན་གཤིན་རྗེ་ཡིས་འདེད་ངེས་རེད།
རང་ཉིད་འདྲེ་སྨྱོན་འཁྲུལ་པ་རི་ལ་ཤོར་བར་མ་རྟོགས་པར་གཞན་ལ་གཤིན་གཟུགས་ཞེས་བརྗོད་ཕོད་པ་འདི་ཧམ་པ་ཆེ་དྲགས་པ་རེད།
ང་གཤིན་གཟུགས་ཞིག་ཡིན་ན་ཁྱོད་སྐད་ཅིག་གཅིག་ཏུ་གཤིན་རྗེ་རྒྱལ་པོའི་མདུན་ལྕོག་སྟེང་དུ་མི་བཞག་ནི།
འབྲི་གུང་ཨ་ཕྱིའི་མཚན་ཁྱེར་ནས་བསྟན་པ་ལ་དཀྲུག་ཤིང་རྒྱབ་མཁན་དེ།
མཁན་ཆེན་དཔལ་རྡོལ་ཟེར་བའི་ཉོན་མོངས་པའི་རང་གཟུགས་དེ་ཡིན་པའི་དོགས་པ་ཡོད་གང་ལྟར་དེ་བཀའ་བརྒྱུད་པ་ཞིག་མ་རེད་ངས་ཞུ་ཐུབ།
ཁ་བརྡ་ལགས་གང་བྱེད་ནས་ངས་བསམ་ཚུལ་དེ་འདི་ཐོག་མཀོད་པ་སྲིད་ཚར་འདུག་ག་རེད་བྱེད་ནས་སྲིད་པ་ཡིན་? ཁྱེད་ཁ་བརྡ་ཚང་ལ་རྨ་བརྗོད་རང་དབང་མེད་པ་རེད་དམ་? ད་ལྟར་བར་དུ་ངས་མང་པོ་བྲིས་ཡོད་སྔོན་མ་འདི་འདྲ་བྱུང་སོང་། ད་ཡིན་ན་ཁྱེད་ཁ་བརྡ་ཚང་གིས་འདོད་མོས་མ་ཏོག་བྲིས་མ་ཆོག་པ་རེད་དམ་? དངོས་གནས་སེམས་ཕམ་པོ་རེད་་་འདི་འདྲ་ཡིན་ན་ཁ་བརྡ་རྒྱ་མིས་ཅིག་པ་རེད་་་རང་གིས་བསམ་ཚུལ་བཤད་མ་ཆོག་པ་