ཕྱོགས་མེད་དུ་འཁྱམས་བཞིན་པའི་མུ
བོད་ཀྱི་ཆོས་དང་། སྲིད། དཔལ་འབྱོར་གསུམ་ལས། སྲིད་དཔལ་གཉིས་དུས་རབས་བདུན་པ་
ད་མ་འོངས་པའི་བོད་ཀྱི་ཆོས་ཕྱོ
ཕྱོགས་མེད་དུ་འཁྱམས་བཞིན་པའི་མུ
བོད་ཀྱི་ཆོས་དང་། སྲིད། དཔལ་འབྱོར་གསུམ་ལས། སྲིད་དཔལ་གཉིས་དུས་རབས་བདུན་པ་
ད་མ་འོངས་པའི་བོད་ཀྱི་ཆོས་ཕྱོ
ད་འོ་ན་ཀརྨ་པ་ལ་ཆབ་སྲིད་ཀྱི་འགན་དེ་འཕུལ་ཞིག་གོ་་་་་་ དེ་ནས་རིམ་བཞིན་མཚན་སྙན་སྒྲགས་ཡོང་གི་རེད་ལོ་་་་་་
བཀའ་རྒྱུད་ཀྱི་མག་པ་ལགས་་་་་་ འཇིག་རྟེན་སྒྲགས་འདོད་ཀྱི་ལྟམ་ལ་ང་དགའ་ནི་མ་རེད་་་་་
ཀརྨ་པ་སྐད་གྲགས་དེ་ཉེ་བའི་ལོ་ཤས་སྔོན་བོད་ནས་བྲོས་བྱོལ་དུ་ཕེབས་ཙང་སྐད་གྲགས་ཆགས་པ་རེད། ཁོང་རང་ཤེས་བྱ་ཡོན་ཏན་གྱི་ཐོག་ནས་སྐད་གྲགས་ཆགས་མེད། ཡིན་ནའང་སློབ་གཉེར་མུ་འཐུད་གནང་ནས་དཀའ་ངལ་མང་པོ་རྒྱབ་ན་རྗེས་སུ་སྐད་གྲགས་ཡོང་སྲིད། ཡིན་ནའང་ཆབ་སྲིད་ཀྱི་འགན་དེ་ཡོང་མི་སྲིད།
ཀརྨ་པའི་སྐད་གྲགས་བྲོས་བྱོལ་དུ་ཡོང་བཙམ་གྱིས་ཆགས་པ་རེད་ཟེར་ན། གད་མོ་ཤོར་བའི་སྐད་ཆ་རེད། ངས་ཀརྨ་པ་བསྟོད་པ་དེ་ཡང་། ངའི་ཆུང་མ་དང་འབྲེལ་བ་ཡོད་པ་ཙམ་གྱིས་མིན། ད་དུང་སློབ་སྦྱོང་དགོས་པ་བདེན་པ་རེད། ཆོས་ལུགས་དང་། བྱུང་འགྱུར་གྱི་སྐོར་ཚང་མས་བསམ་བློ་གཏོང་དགོས་པར་འདོད།
ཀརྨ་པ་གྲོས་བྱོལ་དུ་འཕེབས་པ་དང་ དེ་ནས་རྡ་རམ་ས་ལའི་རྒྱབ་སྐྱོར་ལ་རྟེན་ནས་སྐད་སྒྲགས་ཆགས་པ་དེ་ཡོངས་སུ་སྒྲགས་སོ།
དེ་ཡི་ཉེ་ལེན་ནི་་ རྒྱ་དཀར་ནག་གཉིས་ཀྱི་ལྟ་ཚུལ་ལ་རྟེན་ནས་བྱུང་བ་དང་་་ སྐྱབས་བཅོལ་པས་དེ་ལ་འོས་གཤོག་འཕངས་ནས་བྱུང་བ་རེད་་་་་ གཞན་བླ་མ་རྟོགས་པ་ནམ་མཁའ་དང་མཉམས་མཁན་མང་པོ་ཡོད་ཀྱང་ཁ་ཤས་ཀྱི་མཚན་ཙམ་ཡང་ཤེས་ཀྱི་མི་འདུག་ན་་་ བོད་སྤྱི་ལ་ཁྱབ་པའི་བླ་མ་དཀོན་པོ་རེད་ད་་་་་་ བླ་མ་ཞེས་པ་དེ་རང་སེམས་སངས་རྒྱས་སུ་ངོ་སྤྲོད་མཁན་གོས་ན་
དེ་ནི་དེ་སྔོན་ཡང་མང་པོ་བྱུང་ལ་ ད་ལྟ་ཡང་མང་པོ་འདུག་མ་འོངས་པ་ཡང་ཡོངས་ངེས་རེད་་་་་
བོད་སྤྱི་པའི་བླ་མ་ཞིག་དགོས་ན་ཕལ་ཆེར་དཀའ་མོ་རེད། ཉི་མ་ད་སྔོན་ལ་བསམ་ན། སྙིང་མའི་མཁས་སློབ་ཆོས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། དགེ་ལྡན་པའི་ཡབ་སྲས་གསུམ། བཀའ་བརྒྱུད་པའི་མར་མི་དྭགས་གསུམ་སོགས་ཚང་མ། ཆོས་ལུགས་ཁུལ་པོ་རེ་ཡི་བླ་མ་ཡིན་པ་ལས། བོད་སྤྱི་ཡི་བླ་མ་ཞིག་ཏུ་ཆགས་མི་འདུག ད་ལྟ་ཡང་། དེ་ནང་བཞིན་ཆོས་ལུགས་རེའི་བླ་མ་རེ་ལས། བོད་སྤྱི་དང་ཆོས་ལུགས་སྤྱིའི་བླ་མ་ཞིག་བླ་མ་རང་ངོས་ནས་ཆ་རྐྱེན་དཀོན་པོ་རེད་ལ། ཆོས་ལུགས་སྤྱིའི་ཁས་ལེན་ཐུབ་པའང་དཀའ་མོ་རེད། ༧ གོང་ས་མཆོག་ལྟ་བུས་ཀྱང་ང་དགེ་ལུགས་པ་ཡིན་པའི་ངོས་ནས་དགེ་ལུགས་པའི་ལྟ་གྲུབ་ངས་བཤད་སོགས་གསུང་ཡོད་པ་ལས། ཁོང་ཆོས་ལུགས་སྤྱིའི་མ་བགོས་ཐུན་མོངས་ཀྱི་བླ་མ་ཡིན་པ་ཞལ་བཞེས་གནང་གི་མི་འདུག་ལ། ཁས་བླངས་ཀྱང་ཁས་ལེན་ཉམས་ལེན་དང་མཐུན་པ་དཀའ་མོ་རེད། དེས་ན་བོད་སྤྱི་པའི་བླ་མ་དགོས་ཀྱི་མ་རེད་མོད་བོད་སྤྱི་ལ་ཕན་ན་འགྲིག་བསྡད་ཡོད་རེད། ཨོ་ཉི་ལགས། མ་གཞི་ཁྱོད་རང་དབུ་འཛིན་སྐོར་ལ་སེམས་ཁྲལ་དང་སེམས་ནད་ཡོད་མཁན་ཤིག་ཡིན་ས་རེད། སེམས་ཁྲལ་དེ་དེ་ཙམ་གྱི་གནད་དོན་དང་མཐུན་མིན་མི་ཤེས་ལ། ད་སྐབས་དགོས་མིན་ཡང་མི་ཤེས། འོན་ཀྱང་བསྟན་པའི་འཕེལ་གྲིབ་དང་། བསྟན་པའི་ཆགས་འཇིགས་ལ་བསམ་འཆར་ཡོད་ན་ཡག་པོ་རེད། ཀརྨ་པའི་སྙན་གྲགས་བྲོས་བྱོལ་ཙམ་ལ་བརྟེན་ནས་བྱུང་བ་མ་རེད་ལ། བཙན་བྱོལ་བའི་བཀྱགས་པས་ཀྱང་མ་རེད། དེ་ནི་ཀརྨ་པ་ཁོང་རང་ཉིད་ལ་མི་རྣམས་ཀྱི་ཡིད་དབང་འགུག་པའི་ལྷན་སྐྱེས་ཀྱི་ནུས་པ་ཐུན་མིན་ཞིག་ཡོད་པས་རེད། འོན་ཀྱང་ད་དུང་སློབ་སྦྱོང་གནང་དགོས་པ་ནི་བཤད་དུ་མེད་པའི་གནས་སྟངས་རེད།
ཨོ་ཉི་ལས་ངན་པོ་ཁྱོད་ཚེ་བླ་སྲོག་གསུམ་པོ་ཀརྨ་ནག་རིལ་གྱིས་བླངས་ཚར་འདུག་གྰ
རྒྱལ་ཁམས་པའི་སྐད་་ཆ་བདེན་པ་རེད། བསྐྱར་བཤད་མི་དགོས། ཀརྨ་ཨོ་རྒྱན་འཕྲིན་ལས་བོད་སྤྱི་པའི་བླ་མ་ཕར་བཞོག ཀརྨ་བཀའ་བརྒྱུད་ཚང་མའི་ཁས་ལེན་གྱི་མི་འདུག ད་དུང་སི་ཏུ་རིན་པོ་ཆེ་འཆམ་པོ་མེད་ཚུལ་གོ་ཐོས་བྱུང་། ལར་ནས་ཁོང་རང་དབང་ཤེད་ཚ་བོ་དང་ལྐུགས་པ་ཨུ་ཚུགས་ཅན་ཞིག་ཡིན་པ་འདྲ། ཁོ་རང་གི་ཞབས་ཕྱི་མང་ཆེ་བ་རྒྱུན་རིང་པོ་མཉམ་ཤིབས་མི་ཐུབ་གསལ་པོ་རེད། དེ་འདྲ་ཡིན་ན་དུས་རབས་ཉེར་གཅིག་ནང་སློབ་མ་སྐྱོང་བ་དང་འགྲོ་དོན་རྒྱ་ཆེན་པོ་ཡོང་བ་དཀའ་མོ་རེད།
ངའི་ཚེ་བླ་སྲོག་གསུམ་ཀརྨ་པས་ལེན་ཐུབ་པ་ཁག་པོ་རེད། ང་ཁོང་གི་ཡོན་ཏན་དང་། འཇོན་ཐང་ལ་ཡིད་སྨོན་ཤོར་བ་ཙམ་ལས། དད་པ་ཟེར་བ་དམིགས་བསལ་གང་ཡང་མེད། ཡིན་ན་ཡང་ང་ཁོང་ལ་དགའ་བོ་ཡོད། ད་ལྟའི་ཆར་བོད་སྤྱི་པའི་བླ་མ་རེད་ཟེར་ན་ཁག་པོ་རེད། གོང་ས་མཆོག་ཀྱང་སྔོན་མ་དགེ་ལྡན་པའི་བླ་མ་ཞིག་རེད། རྗེས་ནས་བོད་སྤྱི་པའི་བླ་མར་གྱུར་བ་རེད། འདི་ལྟར་མི་འགྱུར་བའི་ངེས་པ་གང་ན་ཡོད། བོད་སྤྱི་པའི་བླ་མ་དེ་གོང་ས་མཆོག་ནང་བཞིན་ཞིག་མེད་ན། གཞན་ཁག་པོ་རེད། བླ་མའི་ངོས་ནས་བསམ་བློ་བཏང་ན། རྙིང་མའི་དབུ་འཛིན་དང་། ས་སྐྱ་ཁྲི་འཛིན་གཉིས་ཀྱིས་འཐུས་ན་ཡང་། དེ་ལ་ཚང་དགོས་པའི་ཆ་རྐྱེན་གཞན་ཞིག་ཡོད་དགོས་ངེས་པ་དང་། དེ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེང་སང་གི་རིག་གསར་བའི་བློ་ཡིད་འགུགས་ནུས་པའི་རྣམ་དཔྱོད་དང་། ཤེས་རབ། འཇོན་ཐང་གསུམ་་་་་་་་་་་་་་་་་་་་་་་་་་་་དགོས་པ་དེ་རེད། ང་ལ་་་་་་་་་་་་་་་་་་་་་་་་་གང་ལྟར་བཤད་ཀྱང་ཆོག་མེད།
འགྲིགས་པ་རེད། ཀརྨ་པས་མ་འཇོན་ན། གོང་ས་མཆོག་གི་ཚབ་ཅིག་ངེས་པར་དགོས་ན། སུས་འཇོན་ས་རེད། བོད་སྤྱི་པས་སུ་ཁས་ལེན་ས་རེད། ངས་བལྟས་ན་བཙན་བྱོལ་བོད་གཞུང་ད་དུང་དུས་གཅིག་དང་། ཕྱེད་ཀ་གང་རུང་རྡ་སར་འདུག་དགོས་པར་འདོད། དེ་ལྟར་ན་ཆོས་ཀྱི་དབུ་ཁྲིད་ཅིག་ངེས་པར་དགོས་སོ། །མེད་ན་ཆབ་སྲིད་གཅིག་པུས་བོད་མིར་དབང་བསྒྱུར་བྱ་ཐུབ་པ་ཁག་པོ་རེད།
ཨ་རོ་ཨོ་ཉི། དགེ་ལུགས་ཀྱི་དགེ་བཤེས་དང་སྐྱབས་རྗེ། ཀིརྟི་སྐྱབས་མགོན། འབྲུག་དང་འབྲི་གུང་གི་སྐྱབས་མགོན་དང་ཁྲི་འཛིན་སོགས་དང་། དིལ་མཁྱེན་དང་བདུད་འཇོམས་ཡང་སྲིད་རྣམ་པ། ཀཿཐོག་དགེ་རྩེ། སྨིན་གླིང་ཁྲི་འཛིན་དང་མཁན་ཆེན། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས། རྡོ་བྲག དཔལ་ཡུལ་སྐྱབས་མགོན་ཚོ་དང་། ས་སྐྱ་ཁྲི་འཛིན་ཡབ་སྲས། སྨན་རི་ཁྲི་རབས། སོགས་གཅིག་ལས་གཅིག་ལྷག་ཡོད་པ་མ་བརྗེད་ཨྰ། ཀརྨ་ཨོ་རྡོ་དེའི་མཆོད་འོས་བསླུ་ཞིང་འགྲོ་ལ་གཡོ་སྒྱུ་བྱེད་པའི་ལོ་རྒྱུས་དག་བསམ་ཚེ་སྐྱུག་དྲོ་བ་ཞིག་རེད། ཨོ་རྡོ་ཆོས་རྒྱལ་དང་ཨོ་ཉི་ཆོས་བློན་ཡོང་བར་ཉིན་མོ་རྨི་ལམ་ཡག་པོ་ཞིག་ཁྱོད་ལ་བཏང་བར་ཡིན་པས་ཤེས་པར་གྱིས། རྒྱལ་སྡུག་སྤྲང་པོ་མ་གསོགས་ཨང་། ཡང་ན་འབྱུང་འགྱུར་ཡུག་མོ་སྒྲོན་དཀར་ཀྱང་རྡ་སའི་ཆོས་ལུགས་ཀྱི་དབུ་འཛིན་ལ་བཞག་ན་ཅི་འདྲ་འམ། ཁྱེད་ཉིད་མི་རུ་སྐྱེས་པའི་དོན་པོར་ཁ་ལག་ཟོས་ཟོས་ཟོས། ཆབ་ཆེན་བཏང་བཏང་བཏང་ནས་མཐར་དེ་ཀའི་ངང་དུ་སྐུ་ཚེའི་འཕེན་པ་རྫོགས་རྒྱུའི་ཐུགས་ཐག་བཅད་ཟིན་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ཁྱེད་ཀྱི་ཐུགས་བཞེད་འགྲུབ་ངེས་རེད་འདུག་པས་སྐྱིད་པོ་བྱས་ནས་བཞུགས་རོགས། ཡིན་ན་ཡང་དྲན་སྐུལ་ཞུ་རྒྱུ་གཅིག་ལ། བྱ་བཞག་རླབས་ཆེན་སྒྲུབ་མཁན་དང་མིས་བརྩི་བཀུར་ཡོད་མཁན་གྱི་སྐྱེས་བུ་རེ་མཐོང་ན་གཞི་མེད་སྐུར་འདེབས་གང་ཐུབ་བྱེད་རྒྱུའི་སྡོམ་པ་ཟབ་མོ་བཞེས་ཡོད་པའི་དམ་ཚིག་བརྗེད་མི་རུང་། ཕ་བཟང་གི་བུ།
རྒྱང་ལྟ་མ་མང་ཨོ་ཉི་ལགས། །
ལྔ་ལས་དྲུག་པ་མ་བྲིས་ཤིག །
ཨོ་རྒྱན་ཉིན་མ་ཆོས་ཀྱིས་མྱོས་ཚར་འདུག ཀླད་པ་འཕྲོ་བརླགས་ཕྱིན་འདུག་སྙམ། ག་དུས་ཡིན་ཡང་ཆོས་ལུགས་མ་གཏོགས་ཡང་བསམ་གྱི་མི་འདུག དེ་འདྲ་མཐོང་དུས་མ་འོངས་བའི་བོད་ལ་ཞེ་སྣང་སྐྱེས་ཀྱི་འདུག ཆོས་ལུགས་པ་ཚོས་བོད་ལ་དོན་དམ་གྱི་རང་དབང་ཞིག་སྤྲད་ས་མ་རེད།
གང་ལྟར་བསམ་ཚུལ་བྲིས་བ་ཡག་བྱུང་།
གང་ལྟར་བསམ་ཚུལ་བྲིས་བ་ཡག་བྱུང་།
ཨོ་ཉི་ཟེར་བ་འདི་མྱི་རྩ་མ་ཚང་བ་ཞིག་རེད་ད་དུང་བོད་ལ་རྒྱང་ལྟ་
ཡིན་ན་ཅིག་’འབྲི་ཁུལ་བྱེད་བཞིན་འདུག དངོས་གནས་གད་མོ་
ཤོར་ཡ་རེད། བོད་སྤྱི་ལ་ཆོས་ཀྱི་དབུ་ཁྲིད་དགོས་འདུག དེ་ཡང་
དཔལ་རྒྱལ་བ་ཀརྨ་པ་སྐོས་ན་འགྲིག་ཟེར། ཀརྨ་པ་ལ་དགའ་ཞིང་
དད་ཡིན་ཡང་ཆོས་ལུགས་ཚང་མའི་བདག་པོ་ཟེར་ན་དཀའ་ལས་
རེད། ས་སྐྱ་གོང་མ་དང་སྨན་རི་ཁྲི་འཛིན་རྙིང་མའི་དབུ་འཛིན་
དགའ་ལྡན་ཁྲི་བ་སོགས་བོད་ཀྱི་བླ་ཆེན་ཚང་མ་ལ་བལྟ་སྟངས་
གཅིག་པ་དགོས་རེད། དེ་ནས་མཐུན་སྒྲིལ་ཡོང་གིན་རེད།
དེ་མ་གཏོགས་འདི་འདྲ་འབྲི་ཡོངདུས་བོད་པ་ནང་ཁུལ་མཐུན་འབྲེལ་
གཏོར་བཤིག་གཏོང་འོང་གིན་འདུག
ཨོ་རྒྱན་ཉི་མས། མི་ཤེས་པར་ཤེས་མདོག་གིས། ༼སངས་རྒྱས་པའི་ཆོས་ལས་གཞན་པའི་ཁྱད་ཆོས་ཤིག་བོན་པོ་ཁེ་འཆེ་བ་སོགས་ལ་འཆད་དུ་མེད་པར་མ་ཟད། སངས་རྒྱས་པའི་རྗེས་འབྲང་དག་ལ་དེ་ལས་ཟབ་པ་ཞིག་ཡོད་པའི་ཟོལ་མི་འདུག ༽ ཟེར། མང་པོ་མི་བཤད། ཐོག་མར་ཁྱོད་ཀྱིས་བོན་གཞུང་ཞང་ཞུང་སྙན་རྒྱུད་དང་། ཀླུ་འབུམ་དཀར་ནག་ཁྲ་གསུམ། སྲིད་པའི་མཛོད་ཕུགས་སོགས་ཀྱི་དོ་ཟླར་གྱུར་པའམ་གཅིག་མཚུངས་སུ་གནས་པའི་ཆོས་བརྒྱུད་ཁག་ལ་ཡོད་པའི་གཞུང་ཞིག་མིང་འདོན་བྱོས་དང་། དེ་ནས་ང་ཚོས་ག་ལེར་བགྲོ་གླེང་བྱ་ཆོག འདི་དག་བན་དེ་ལས་བཤུས་ཟེར་ན་ཁུངས་ཁྱེར་ཤོག དོན་མེད་ཁ་ཕོ་སྒྲོག་པ་ནི་རྒྱ་མཚོའི་འགྲམ་དུ་གཙང་པོའི་ཅལ་ཅོལ་ལས་མ་འདས།
དུས་ཚོད་མི་འདུག་མ་གཏོགས། བོན་པོའི་གཞུང་ཆེན་ཁག་ལ་ཞིབ་འཇུག་ཅིག་བ་ཡ་ན་འདོད།
པད་མ་ཞེས་པ་འདི་ཕུང་གསུམ་པའི་གསོ་ཕྲུག་ངོ་མ་ཞིག་ཡིན་ངེས་སོ། ་
ཁྱེད་རྣམས་ཀྱིས་ངལ་བ་ལ་མ་སེམས་པར་བགྲོད་གླེང་གནང་བར་དགའ་བསུ་ཡོད་། ཡིན་ནའང་ཁག་ཅིག་གིས་གཞན་ལ་དམའ་འབེབས་དང་དམོད་ཚིག་ཐོག་འཐབ་འཛིང་ཤ་སྟག་བྱས་འདུག་པར་ཀློག་འདོད་པ་ཞིག་མི་འདུག འདིར་མཁས་དབང་ཤ་སྟག་འཛོམས་ཡོད་པར་སོང་བཟང་སྤྱོད་ཏོག་ཙམ་ཡོད་ན་བཟང་ཆ་ཆེ་ངེས་རེད་འདུག
འོ་ཨོ་ཉི་དུན་ཙེ་དེ་ལ་ཁ་ཡ་མ་བྱེད་མི་འདི་ཡི་ཁ་ནས་བཟང་བ་ཞིག་ནམ་ཡང་འབྱུང་མི་སྲིད།
ཝ་མོའི་ཁ་ནས་དུར་འབོད་སྒྲོགས། སྲིན་བྱའི་སྐེ་ནས་ཐན་རྒོད་འབོད། ཨོ་ཉིའི་ཁ་ནས་དྲི་ངན་གཏོར།
དེ་གསུམ་ལྟས་ངན་སྤུན་གསུམ་ཡིན། ཁོ་ལ་དུས་ཚོད་མེད་ན་རང་ལྟ་ཕྱོགས་འཛིན་གྱིས་འུག་དགོད་འདི་རིགས་ཅི་ཡིས་ཕྱིར་སྒྲོགས།
དཔེ་ཆ་བལྟ་ལོང་མེད་པར་ཝ་མོའི་དུར་འབོད་རྒྱབ་པ་ཕྱིར་ལ་ལྡོག་གྱུར་ཅིག
ཁོ་ཡི་རྩོམ་དྲི་ངན་དེ་ཚོར་ཡ་མ་བྱེད་རྩོམ་དེ་རིགས་ལས་བཙོག་པ་ཞིག་མི་འདུག མི་འདི་རིགས་དང་བསྐལ་པ་སྟོང་དུ་མི་འཕྲད་པར་ཤོག བསྐལ་པ་སྟོང་དུ་ཁོ་ཡི་སྒྲ་མི་གོ་བར་ཤོག
ཨོ་ཉིས་དྲང་བཤད་བྱེད་དུས་མྱི་མི་དགའ་བ་དང་། བདེན་པ་བཤད་དུས་སེམས་མི་མགུ་བ་་་་་་་་་་་་་་་་་་་་་་་་་་་་་ཁྱེད་ཅག་ལས་ངན་ནས་རེད། ངས་སྐད་ཆ་ཡོད་ཚད་མི་རིགས་དང་། ཆོས་བརྒྱུད་ལ་ཕན་ཐོགས་ཡོད་ན་བསམ་པ་ལས། གཞན་གང་ཡང་མེད། བོད་པ་སྐྱབས་བཅོལ་དུ་ད་དུང་ཉུང་མཐར་དུས་རབས་གཅིག་དང་། ཡང་ན་ཕྱེད་ཀ་གང་རུང་དུ་ལུས་ངེས་ན། གྲ་སྒྲིག་གང་འདྲ་ཡོད། གོང་ས་མཆོག་སྐུ་ཚེ་འདི་ཉིད་ལ་བོད་དུ་ཕེབས་ཐུབ་པ་ཁག་པོ་རེད། གོང་ས་མཆོག་ད་དུང་དགུང་ལོ་ལྔ་བཅུའི་གོང་དུ་བཞུགས་ཐུབ་སོང་ན། བོད་དུ་ཕེབས་ཐུབ་པའི་རེ་བ་ལོས་ཡོད། དེ་ལས་གཞན་ཁག་པོ་རེད།
༢༠༡༣ལོར་རྒྱ་ནག་དམར་ཕྱོགས་མགོ་རྟིང་ལོག་ངེས་བས་བོད་ཀྱི་གནས་ཚུལ་ལ་འགྱུར་བ་འགྲོ་ངེས་རེད།
ཨོ་རྒྱན་ཉི་མ་ལགས་ཁྱོད་རང་གྲུབ་མཐའི་སྨོ་ཆུ་མཐུངས་ཡ་མང་གྲགས་ཡིན་ས་རེད་བོད་སྤྱི་པའི་བླ་མ་ཞིག་དེ་སྔོན་བྱུང་མ་མྱོང་རེད་ད་དུ་འབྱུང་ས་མ་རེད་གང་ཡིན་ཟེར་ན་བོད་ཀྱི་ཆོས་ལུགས་ཀྱི་དབུ་འཛིན་སུ་ཡིན་ན་རང་གི་ཆོས་ལུགས་ཀྱི་བྱེད་སྒོའི་སྐབས་སུ་རང་གི་ཆོས་ལུགས་ཀྱི་ལྟ་གྲུབས་བཤད་རྒྱུ་ཕར་བཞག་ནས་གཞན་གྱི་ཆོས་ལུགས་ལ་དམའ་འབེབ་དང་མཐོང་ཆུང་སྒྲོ་བཏགས་ཚད་ལས་དགར་བ་བྱེད་མཁན་ལས་མི་འདུག་
བོད་རང་དབང་གི་རྒྱལ་ཁབ་ཡོད་པ་དེ་ཆོས་ལུགས་པ་དེ་ཚོས་མེད་པ་བཟོས་སོང་ད་དུང་བོད་མི་ལ་སྡུག་བསྔལ་གཏང་མཁན་ཆོས་འཛིན་པ་དེ་ཚོ་རེད་ད་བོད་པ་ཚང་ལ་ཆོས་ལུགས་དགོས་པ་མི་འདུག་ལ་ཕན་ཐོག་ཀྱང་མི་འདུག་བོད་པ་ཚང་ལ་དགོས་རྒྱུ་དེ་རྒྱལ་ཁབ་དང་རང་དབང་མང་གཙོ་ཡང་དག་པ་ཞིག་རག་ན་དེ་ག་རང་འགྲིག་གི་ད་ནི་ཟུངས་བོད་གངས་ཅན་པའི་གཞོན་སྐྱེས་ཚོས་གྲུབ་མཐའི་སྨོ་ཆུ་མ་མཐུང་རོགས་ཞུ་རྒྱུ་ཡིན།
ཆོས་མེད་ན་བོད་པ་ཞེས་མི་ཕལ་ཆེ་བའི་མིག་སྔར་མཛེས་པ་དེ་མེད་ལ། ཆོས་མེད་ན་རྡ་རམ་ས་ལའི་གཞུང་ཡོད་མ་སྲིད་ལ། ཆོས་པ་མེད་ན་བོད་པས་གང་ཡང་མི་འཇོན་པ་དེ་ཕར་བལྟས་ཚུར་གཟིགས་རེད། དེ་ཕྱིར་ཆབ་སྲིད་སྐྱོང་མཁན་མི་སྐྱ་ཡོད་ཀྱང་། དེའི་སྲོག་འཚོ་མཁན་ཆོས་ཀྱི་དབུ་ཁྲིད་ཅིག་དགོས་ངེས་རེད། ཀརྨ་པ་ལ་ཁྱད་ཆོས་ཕལ་ཆེ་བ་ལྡན་ཡང་། ད་དུང་ཐུན་མིན་གྱི་རིག་གཞུང་གི་ཞུན་མཐར་གཅོད་དགོས་པར་འདོད། ་ ་་་་་་་ ་
ཧཧཧཧ། ཆོས་མེད་ན་བོད་མེད། གོང་ཁྲན་ཏང་མེད་ན་ཀྲོང་གོ་གསར་བ་མེད། ཀྲོང་གོ་གསར་བ་མེད་ན་བོད་ལྗོངས་གསར་བ་མེད། གཅིག་བསྡུ་རིང་ལུགས་འདི་དག་ཧམ་པ་ཆེ་བ་ལ། ཆོས་མེད་ན་ཨོ་རྒྱན་སྤྲུལ་མེད་ཅིང་ཨོ་རྒྱན་སྤྲུལ་སྐུ་མེད་ན་བོད་ལ་མགོ་སྐོར་བཏང་ཅིག་མེད་སོང་བ་རེད། མགོ་སྐོར་བཏང་མཁན་ཞིག་མེད་ན་བོད་ཀྱི་བདེ་སྐྱིད་རེད།
ཀརྨ་པ་རྣམ་གཉིས་གང་ལ་ཟེར་རྒྱུ་ཡོད་དམ། དེ་སྔོན་ཨོ་ཉིས་ཆོས་པས་སྲིད་ལ་མ་འགྲོ་ཟེར། དེ་རིང་དབུ་འཁྲིད་སྐོར་བཤད་ཀྱིན་འདུག དེ་ནི་ཆབ་སྲིད་པའི་རིག་ལམ་རེད་དམ། ངོ་མ་ཨོ་ཉི་ཟེར་བ་སོ་སོའི་འདས་ཚིག་རྗེས་དྲན་མི་ཤེས་གི ཧཧཧཧ གང་ཟག་བློ་ངན་བ་ང་ཚོས་ཀརྨ་པ་རྣམ་གཉིས་ཡག་སྡུག་དབྱེ་བ་འབྱེད་ཐུབ་ནི་མ་རེད། ཨོ་ཉི་སྨྱོ་ཚར་འདུག ཧཧཧཧཧཧ
ཨོ་ཉི་སྤྲུལ་རྫུན་ཆོས་ཀྱི་དབུ་ཁྲིད་གྲུབ་མཐའ་རང་རང་སོ་སོར་
ཡོད་ནི་རེད་ད་བར་དུ་སོ་སོའི་གྲུབ་མཐའ་སོ་སོས་བདག་པོ་དང་
གཅེས་ཉར་ཡག་པོ་གནང་བས་དེང་འཛམ་གླིང་འདིར་ངོམ་རིན་
ཡོད་པ་བྱུང་བ་འདི་རེད། བོད་སྤྱིའི་ཆོས་ཀྱི་དབུ་ཁྲིད་ཟེར་ན་བོད་
སྤྱིའི་ཁས་ལེན་དཀའ་མོ་རེད་དོ། མི་ངན་ཁྱོད་ལ་དམིགས་ཡུལ་
ཞིག་ཡོད་རྒྱུ་རེད་དེ་འགྲུབ་ཀྱིན་མ་རེད་ལོ།
ཨོ་རྒྱན་ཉི་མ་ལགས་་་་་ གོང་གི་མཆན་བདུན་པར་ལྟར་ན་ དེང་སང་བླ་མ་དག་ལ་བོད་སྤྱི་ལ་ཁྱབ་བྱེད་ཀྱི་སྐུ་ཡོན་མི་འདུག་གསུང་གི་ཡོད་པས་་་་་་ ཁྱེད་ད་ལྟ་བར་དུ་གང་དུ་ལྷག་སོང་བ་རེད་ཨ་ཁ་ཁ་་་་
སོ་སོའི་བླ་མའི་ཡོན་ཏན་དེ་ད་གདུང་ངོ་ཤེས་མི་འདུག་ད་གང་དྲག་་་་་
བླ་མའི་རྣལ་འབྱོར་ཡང་ཡང་འདོན་དང་བླ་མའི་བྱིན་སླབས་སྣ་རེ་འཇུག་ཡོང་་་ དེ་དུས་བླ་མའི་ཡོན་ཏན་ཤེས་ཀྱི་རེད་་
དེ་ནས་བོད་མི་གཅིག་པུ་ཕར་བཞག་ འགྲོ་བ་རིགས་དྲུག་ཀར་འདྲེན་ནུས་པའི་ཡོན་ཏན་དེ་སོ་སོའི་བླ་མ་ལ་ཡང་ཡོད་པ་ཤེས་ཀྱི་རེད་དོ་་་་་ དེ་མིན་བོད་སྤྱི་ལ་ཁྱབ་པའི་བླ་མ་དཀོན་པོ་ཡིན་ འདྲེན་པའི་བླ་མ་རྒྱ་ཡོད་ཀྱང་
གཙུག་གི་བླ་མ་གཅིག་ལས་མེད་དོ་་་་་་ གསུང་པ་དང་་་ སངས་རྒྱས་ཀྱང་མང་ལ་་ བྱང་སེམས་ཡང་མང་ལ་ དེ་ཡི་སྤྲུལ་བ་ཡང་མང་ངོ་། བླ་མ་ཞེས་པ་དེ་དཔེར་ན་་་ འདི་འདྲ་ཞིག་གོས་ནི་རེད་ཨ་་་ དབང་བསྐུར་རྒྱུད་བཤད་མན་ངག་གནང་ལ་སོགས།
རྡོར་རྗེ་སློ་དཔོན་དྲུག་གི་སྦྱིན་གྱི་བརློབས། ཞེས་པ་ལྟར་རོ་་་་ ཡང་མིན་ན་སྔོན་ གནམ་ལོ་དྲུག་བཅུ་དང་བདུན་བཅུའི་སྐབས་སུ་
དགེ་ལུགས་པའི་དབང་འཛིན་པ་མཚོས་འཆར་གཞི་བཞག་ནས་་་ ཆོས་ལུགས་ཁག་མང་པོ་དགོས་མེད་རུ་གཙིས་ནས་་་་་
དགེ་ལུགས་ཁོ་ན་བྱ་དགོས་པའི་བཀའ་རྒྱ་དང་ མ་ཟད་ཆོས་ལུགས་གཅིག་མཐུན་ཞེས་པའི་ཚོགས་པ་ཡང་བཙུགས་པ་དང་
སྐབས་དེ་དུས་སུ་སྒྲོན་པའི་བླ་ཆེན་རྣམས་ཀྱི་སྐུ་དཔར་མཚོན་ཕྲ་མེད་པ་དག་ད་ལྟ་ཡང་མཇལ་རྒྱུ་འདུག་ན་་ དེ་ངོ་མ་ཡིན་མིན་
ད་ལྟ་བླ་མ་སྐུ་གྲེས་དག་དང་ལྷག་པར་དུ་༧ དགོང་ས་མཆོག་ལ་དྲིས་དང་་གསལ་པོ་རེད་དོ་་་
དེ་ན་ཆོས་ལུགས་གཅིག་མཐན་གྱི་ཚོགས་པ་དེ་འཇའ་ལུས་ལ་འཕེབས་མཚར་བ་རེད་་་
མ་ཟད་ཆོས་རྒྱུད་སོ་སོར་ལ་མཐུན་མིན་གྱི་མན་ངག་མང་པོ་ཡོད་པ་དེ་སོ་སོའི་བླ་མ་དབང་ལུང་མན་ངག་གི་རྒྱུད་པ་ཡོད་མཁན་ཞིག་ནས་ཞུ་དགོས་པ་ལས་་་ དེ་དག་མེད་མཁན་སྐད་སྒྲགས་ཆེན་པོ་ཡིན་པ་ཙམ་གྱི་མན་ངག་ག་ལ་ག་ལ་ སྐད་སྒྲགས་ཕར་ཚད་རེད་དོ་་་་་ དེ་བཞིན་དམ་པའི་སྐྱེས་ཆེན་དག་ཀྱང་འཕགས་ཡུལ་སོགས་ལ་འཕེབས་དགོས་དོན་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་
སྤྱི་དང་བྱེ་གྲག་སོ་སོའི་ཆོས་རྒྱུད་དེ་མི་ཉམས་པ་ལ་སོགས་པའི་ཕྱིར་དུ་འཕེབས་པ་ནི་ མགོན་པོ་དག་གི་བཀའ་སློབ་འགའ་ལ་འང་
གསལ་པོ་གསུང་འདུག་ན་ད་གང་བྱེད་དགོས་སམ་ཞིག་གུ་་་
མ་ཟད་པར་ཆོས་རྒྱད་ཀུན་ལ་དག་སྣང་དང་གུས་བསྐུར་གོས་ཀྱང་། རང་ཉིད་གང་དུ་ཡོད་པའི་ཆོས་དེ་ཚུལ་བཞིན་དུ་ཉམས་སུ་ལོངས་དང་འབྲས་བུ་འབྱིན་ངེས་ཅན་རེད་ནི་་་ གཞན་ཡང་་་ ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་།
བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། ཞེས་པ་དེ་གང་ལ་གོ་་་་་
འཇིག་རྟེན་མཐུན་འཇུག་གི་སམ་པ་དེ་ལེགས་ན་ཡང་། འགའ་ཞིག་གི་ནི་དེ་ཡང་སྤངས་བར་བྱ་ཞེས་གསུང་མི་འདུག་གམ་་་་་
བྱེ་བྲག་སོ་སོའི་ཞེས་ ནོར་བཅོས་སོ་་་་
ད་བོད་པ་ལ་ཆོས་ཀྱི་དབུ་ཁྲིད་མི་གོས་སོ་་་་་
གལ་སྲིད་ཆོས་ཀྱི་དབུ་ཁྲིད་བཀོས་ན་ཡང་དེ་ལ་ཕྱག་ལས་མེད་ནི་རེད་ནོ།
གང་ལ་ཞེས་ན་ཆོས་རྒྱུད་སོ་སོར་དབུ་ཁྲིད་ཡོད་པའི་ཕྱིར་རོ།
ཁྱེད་རང་གི་འབྱུང་འགྱུར་ལ་ལྟ་གོས་ན་་་་
ཀརྨ་པ་རྣམ་པ་གཉིས་པོ་དེ་ ལྷན་དུ་རུམ་གཏིག་རུ་གདན་ཞུ་ཇི་ལྟར་བྱ་བསམ་ན་ཡག་ས་རེད་
བྱུང་ན་གོང་མའི་གདན་ས་ཡང་སྲིད་ཀྱི་སྐྱོང་དགོས་ཀྱི་རེད་ནི་་་་་་
མ་གཞི་ཁྱོད་ཟ་ས་མཐུང་ས་ཚར་ས་བྱངས་ས་བཞུ་ས་མཐོས་ས་དོད་ས་་་་་ དེ་གང་དུ་རེད་ཚངས་མ་བྱེད་མཚར་སོང་ངམ་་་་་་
སྤྲུལ་སྐུ་ཨོ་རྒྱན་ཉི་མས་གསུངས་དེ་མ་རེད་ཞུ་རྒྱུ་མི་འདུག ཡིན་ན་ཡང་ཀརྨ་པ་ཁོ་ན་འདོད་པ་ཡིན་ན་རྡ་སར་མཐོང་རྒྱའི་ཡོན་ཏན་མེད་པ་རེད། ཀརྨ་པ་ཡང་ཁྱོད་ཀྱི་སྡང་སའི་ཕུང་གསུམ་པ་དེ་རེད་བཞག ། རྒྱུ་མཚན་གང་ཡིན་ཟེར་ན་སྔགས་པ་ནི་མ་རེད་གསང་སྔགས་མི་ཤེས་པ་མ་ཟད་སྔགས་པ་ཚོ་ལ་སྡང་མཁན་ཞིག་རེད། རབ་བྱུང་ནི་མ་རེད་བཞག ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལྟ་ཅི་ནག་ཚོང་པ་འཇིག་རྟེན་ཆོས་བརྒྱད་སྒྲུབ་མཁན་ཞིག་རེད་བཞག དེས་ན་ཀརྨ་པ་ཕྲིན་ལས་རྡོ་རྗེ་ཟེར་བ་འདི་ཡང་ཕུང་གསུམ་བསྟན་པའི་དགྲ་བོ་ཡིན་པར་ཏག་ཏག་ཆགས་ཚར་བ་རེད། གང་ལྟར་སྙན་རྩོམ་ཆུ་བོས་རྒྱུན་བཞིན་གནང་བར་དགའ་འོས་པ་རེད། ད་དུང་ཁོང་གི་བརྩམས་པའི་ཆོག་ཤེས་ལ་གཟིགས་དང་དེང་དུས་ཀྱི་ཕུང་གསུམ་ཚོ་ཐེར་འདོན་བྱས་འདུག པན་ཆེན་རིན་པོ་ཆེ་ནང་བཞིན་ཨོ་རྒྱན་ཉི་མ་འདི་གངས་ཅན་བོད་པའི་རིག་པ་སྨྲ་བའི་དཔའ་རྒོད་ཅིག་ཏུ་མཐོང་། ཡིན་ན་ཡང་ཁྱོད་རང་གི་མེ་ཏོག་གང་ལ་ཕོག་པའི་རིང་ལུགས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཚང་མ་ཕུང་གསུམ་དུ་བཞགས་པ་ནི་ཧ་ལས་ས་ཞིག་རེད། དེ་འདྲ་ཨེ་ཡིན་ནམ།
ཁྱེད་ཅག་གིས་ང་ལ་བསམ་བློ་བཏང་སྟངས་ནོར་སོང་། ཆོས་བརྒྱུད་ཆེན་པོ་བཞིའི་དབུ་འཛིན་རྣམ་པ་ཡོན་ཏན་ཅན་རྐྱང་རྐྱང་རེད། མཚན་ཉིད་ཚང་བ་རྐྱང་རྐྱང་རེད། བོད་པའི་ཆོས་ཀྱི་དབུ་ཁྲིད་ཅེས་པ་དེ་ལ་གཟི་བརྗིད་དང་། རྣམ་དཔྱོད་དམིགས་བསལ་ཞིག་དགོས་པ་དང་། དེས་ཆབ་སྲིད་ལ་ཐེ་དོགས་བྱ་མི་དགོས་ཀྱང་། ཆབ་སྲིད་པ་ཡོངས་ཀྱིས་སེམས་པ་གཏད་ས་ཞིག་དང་། ཡིད་ཆེས་ཡོད་ས་ཞིག ལུགས་གཉིས་ཀྱི་དོན་ལ་མཁྱེན་རབ་མངའ་བ་ཞིག ཕྱི་ནང་ཀུན་ལ་བྱམས་པ། རིག་པ་གསར་རྙིང་གཉིས་ཀའི་མདུན་སར་མི་ཞུམ་པའི་གཟུངས་སྤོབས་ཀྱི་བློ་གྲོས་མངའ་བ། བོད་མི་སེམས་བདེ་བ། མི་རིགས་གཞན་པ་དག་ཡིད་སྨོན་ཤོར་ས་༧གོང་ས་མཆོག་ནང་བཞིན་ཞིག་དགོས་པར་འདོད། དེ་ལྟ་བུ་ཞིག་མེད་རྒྱུ་ན། གོང་ས་མཆོག་གི་གཞུག་ནས་བཙན་བྱོལ་བོད་གཞུང་སྲ་བརྟན་དུ་གནས་ཐུབ་པ་ཁག་པོ་རེད། དེང་སང་༧གོང་ས་མཆོག་གིས་ཆབ་སྲིད་འོས་འགན་བཞེས་ཀྱིན་མེད་ཀྱང་། བཙན་བྱོལ་བོད་གཞུང་བོད་གཞུང་སུམ་ཆ་གཉིས་ཁོང་ལ་བརྟེན་ནས་གནས་ངེས་རེད། གལ་སྲིད་ཁོང་རྡ་རམ་ས་ལར་མ་བཞུགས་པ་ཡིན་ན། ས་ཆ་གང་ཞིག་ཏུ་བཞུགས་ས་བརྗེ་སྲིད་ན། རྡ་སའི་གཞུང་དེ་མ་ཉིད་དུ་འཇིག་ངེས་སོ། དེ་ཕྱིར་མ་འོངས་པའི་དོན་དུ་དམིགས་ཏེ། ཁོང་དང་འདྲ་བའི་གང་ཟག་ཅིག་བསྐྱེད་བསྲིང་བྱ་དགོས་པའི་དུས་ལ་བབ་པར་མཐོང་། ཡོངས་འཛིན་རྣམ་གཉིས་དང་། གོང་ས་མཆོག་གི་རྣམ་དཔྱོད་གསུམ་གཅིག་ཏུ་ཚོགས་པ་ལ་བརྟེན་ནས། ད་ལྟའི་འགྲན་ཟླ་བྲལ་བའི་མཁས་དབང་འདི་ཉིད་ཕེབས་པ་རེད། ཀརྨ་པ་ལ་ཡང་དེ་དང་འདྲ་བའི་ཡོངས་འཛིན་ཞིག་དང་། ཁོང་དང་མཚུངས་པའི་ཐུགས་བཞེད་ཅིག་ཡོད་སྲིད་ན། རྣམ་དཔྱོད་དང་། སྤོབས་པས་འདང་ཐག་ཆོད་རེད། ཀརྨའི་རྣམ་སྤྲུལ་དུ་མ་ཡོད་སྲིད་པ་རེད། ང་ལ་དེ་དག་ལ་བཟང་ངན་དང་། དབྱེ་འབྱེད་སྨྲ་བའི་སྤོབས་པ་མེད། རང་རང་གི་གདུལ་བྱ་རང་རང་གིས་བསྐྱང་རྒྱུ་རེད། ཀརྨ་པའི་སྤྲུལ་སྐུ་གཅིག་གི་གོ་ས་ལ་ཡོད་ཚད་བསླེབ་དགོས་པའི་ངེས་པ་གང་ཡོད། གལ་སྲིད་དེ་འདྲའི་བསམ་བློ་གཏོང་མཁན་ཡོད་ན་ནོར་བ་རེད།
ང་སྐྱེ་ས་འཚར་ས། ང་བཀའ་དྲིན་ཆེ་བའི་རྩ་བའི་བླ་མ་དང་། མཁན་སློབ་རྣམ་པ་ངས་དུས་ནམ་ཡང་བརྗེད་མི་སྲིད་ཀྱང་། བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་བཤད་དུས། ང་ལ་བཀའ་དྲིན་ཆེ་བ་ཙམ་གྱིས་ཁོང་རྣམ་པའི་མཚན་བཏོན་དགོས་པའི་ངེས་པ་གང་ན་ཡོད། དེ་ལྟར་ན་ཆོས་ཀྱི་དབུ་ཁྲིད་ལ་ངའི་ཕ་མ་གཉིས་དགོས་ཞེས་ཨུ་ཚུགས་བྱེད་པ་དང་། སྒོ་ཀུན་ནས་མི་མཚུངས་སམ། མ་གཞི་ནས་བོད་པ་ཚོ་དེང་སང་སྨྱོ་འདུག ཁྱེད་ཚོས་ང་སྨྱོས་ཚར་འདུག་ཟེར་བཞིན་འདུག་སྟེ། ངས་བལྟས་ན་ཁྱེད་ཚོ་སྨྱོ་འདུག བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱི་བསམ་འཆར་ཁྲོད་་་་་་་་་་་་་་་་་ཆོས་བརྒྱུད་ཆེན་པོ་བཞིའི་དབུ་ཁྲིད་རྣམ་པ་འོས་མིན་བཤད་ན་མི་འགྲིགས་པ་གང་ཡོད། ཁོང་རྣམ་པ་ཡང་མཁྱེན་ཡོན་ཆེན་པོ་རྐྱང་རྐྱང་རེད། ཡིན་ན་ཡང་ཤེས་འཇོན་གང་ཡང་མེད་པའི་ཕུང་གསུམ་པ། མིང་ཆེན་པོ་ལ། ཡོན་ཏན་མེད་པ། བསྟན་པ་ལ་ལྷག་བསམ་མེད་མཁན། ཆུ་ཤིང་གི་སྡོང་པོ་འདྲ་བ་དེ་ཚོ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཀྱི་གྲལ་དུ་སྤུངས་པ་ནི། རང་ཉིད་ལ་ཞེན་འཁོགས་ཁོ་ན་ཙམ་ལས། ཤེས་ཡོན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད།
ཨ་ལས་ངན་པོ། ངས་ཁྱེད་མིའི་སྐད་ཆ་ཉན་ཤེས་མཁན་དང་བསམ་ཤེས་མཁན་ཞིག་རེད་བསམ་ཀྱང་། ངས་པ་ཅི་མ་བདེན། སྔ་འགྱུར་རིག་འཛིན་བརྒྱུད་པ་དང་ས་དགེ་བཀའ་བོན་བཅས་པ་ལ་ཁྱོད་ཀྱིས་ཤེས་འཇོན་གང་ཡང་མེད་པའི་ཕུང་གསུམ་པ། མིང་ཆེན་པོ་ལ། ཡོན་ཏན་མེད་པ། བསྟན་པ་ལ་ལྷག་བསམ་མེད་མཁན། ཆུ་ཤིང་གི་སྡོང་པོ་འདྲ་བ་དེ་ཚོ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཀྱི་གྲལ་དུ་སྤུངས་པ་ནི། རང་ཉིད་ལ་ཞེན་འཁོགས་ཁོ་ན་ཙམ་ལས། ཤེས་ཡོན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད། ཟེར་བ་འདི་དང་། ཀརྨ་པ་ཡག་རབས་བཤད་པ་འདིས་ཡུག་མོས་གབ་འདྲེ་སྙིང་ལ་ཞུགས་པ་རེད། ཁྱོད་ཀྱི་ཕ་མ་ཤེས་མེད་ལས་ལྷག་གི་རྩ་རྒྱུད་བླ་མ་ཤེས་འབྱོན་མེད་ན་ཏྲེ་ཕྲུག་ལས་ངན་ཁྱོད་ཚར་སོང་ནི་རེད་གོ རྒྱལ་བ་ཞེ་རྫོགས། བཀའ་དཔལ། རྡོར་སྨིན། ས་བཀའ་བོན་ཇོ་སོགས་ཆོས་རྒྱུད་འཛིན་པ་ཀུན་ལ་ཁྱད་དུ་བསད་ནས། རྫུན་གྱི་རྒྱལ་པོ། རྐུན་མའི་དཔོན་པོ། ནང་དཀྲུག་གི་ཏེ་བོ། རྒྱ་དམར་གྱི་སོ་བ། དམ་སྲིའི་རང་གཟུགས་ཀརྨ་ནག་དོང་གིས་ཆོས་རྒྱལ་དགོས་ན་བོད་གངས་ཅན་པ་ཚང་མ་ཁ་དོང་ནང་དུ་ཕྱོགས་ཚར་ནི་རེད་ཀོ ད་དུང་ཁྱོད་ལ་ཀརྨ་པར་ཆོས་འབྲེལ་དང་དད་པ་མེད་ཟེར། ཁྱོད་རང་གི་ངོས་དད་གུས་ཀྱི་ཆོས་ཀྱི་དབུ་འཛིན་གདམས་ཐུབ་ཀི་མེད་ན་ད་དུང་བོད་སྤྱི་ལ་ཅི་ཞིག་ཇུས་དོགས་ཐལ། ངོ་ཚ་མེད་པ་ཁྱོད་དངོས་ནས་རྒྱོ་སྨྱོས་ཁུར་འདུག ཡང་ན་ཨ་ཀོང་སང་གི་དུད་ནག་གིས་བཟི་སོང་བ་ཡིན་ནམ། ཨ་ཙི་ཨོ་ཉི་དམ་ཉམས། རྒྱལ་བ་རྫོགས་ཆེན་པ་དང་༧གོང་ས་མཆོག་དང་གྲུབ་དབང་རིན་པོ་ཆེ། མཁན་པོ་འཇིགས་ཕུན་སོགས་ཀྱི་ཞབས་ནས་མ་འདྲེན་རོགས།
པདྨ་ཟེར་བ་ཁྱོད་གནས་ལུགས་རྡོག་རོལ་དུ་བཏང་ཞིང་། རང་སྟིག་གསེར་དུ་སྒོམ་མཁན་ཞིག་ཡིན་པ་སྔོན་ནས་རྟོགས་ཡོད། ངས་ཆོས་བརྒྱུད་ཆེན་པོ་བཞི་གཡང་དྲུང་བོན་དང་བཅས་པའི་བླ་མ་མཚན་ཉིད་ཚང་བ་དང་། བསྟན་པ་ལ་ལྷག་བསམ་ཡོད་མེད་ཤེས་ཡོད། བསྟན་པ་ལ་ལྷག་བསམ་མེད། མི་རིགས་ལ་ལ་རྒྱ་མེད་ན་སྔ་འགྱུར་བ་ཡིན་མིན་གང་ཡང་མེད། ཁོ་བོ་ནི་ལུགས་སྲོལ་ལ་མི་དུང་ཞིང་། གནས་ལུགས་ལ་དུང་བའི་གང་ཟག་ཅིག་གི་ལམ་བུ་དེད་བཞིན་པའི་སྤྲང་རྒན་ཞིག་ཡིན། ངའི་ཕ་ཆོས་སྔ་འགྱུར་བའི་ནང་རྒྱུད་སྡེ་གསུམ་རེད། དེ་ངའི་སྙིང་དང་གཅིག་པ་ཡིན། ངའི་བླ་མ་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་། གྲུབ་དབང་པདྨ་ནོར་བུ་གཉིས་ཡིན། ཁོང་གཉིས་ངའི་མིག་དང་གཅིག་པ་ཡིན། ད་དུང་དགེ་བའི་བཤེས་གཉེན་མོང་པོ་ཞིག་ཡོད། དེ་དག་ཚང་མའི་ཐུགས་ལ་གནོད་པའི་བྱ་བ་གང་ཡང་བྱས་མེད། ངས་བསྟན་པའི་ཆེད་དུ་ལ་རྒྱ་རྩོད་པ་ལ་ཐུགས་ཕམ་ཡོད་རྒྱུ་མ་རེད།
འབྱུང་གྱུར་བོད་ཀྱི་གནད་དོན་ལ་བསམ་བློ་བཏང་བ་ཙམ་ལ་ངས་ཐུགས་རྗེ་ཆེ་ཞུ་བ་ཆབ་གཅིག་ཨོ་ཉི་མཆོག་ལ་བཀའ་འདྲི་ཞིག་ཞུ་འདོད་བྱུང་། ཆུ་ཤིང་གི་སྡོང་པོ་འདྲ་བ་དེ་ཚོ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཀྱི་གྲལ་དུ་སྤུངས་པ་ནི། རང་ཉིད་ལ་ཞེན་འཁོགས་ཁོ་ན་ཙམ་ལས། ཤེས་ཡོན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད།ཅེས་པའི་དེ་སྒྲ་བཙུགས་སའི་མིང་ཆེན་ཅན་དེ་ཚོ་སུ་ཡིན་གསུངས་རོགས་གནང་དང་། གང་ཡིན་ཞེ་ན་གོ་ཆོད་མེད་པའི་གོ་བཀག་དེ་ཚོ་ཤེས་འདོད་ཤིན་ཏུ་ནས་ཆེན་པོ་འདུག།
ཨོ་ཉི་ལགས་ག་རེ་གསུངས་གི་ཡོད་། ཁྱོད་ཀྱིས་ཀརྨ་པར་ཉམས་ཞིབ་ག་འདྲ་བྱས་པ་ཡིན་།
ཁ་ཤས་ཀྱིས་ནང་པ་སངས་རྒྱས་པ་ལ་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་དོ་ཟླ་མཉམ་པའི་གཞུང་ཡོད་དམ་ཟེར་ནས་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་ཚུལ་བསྟན་པར་བྱས་པ་ནི་འུད་ཤོབ་ཡིན་ཞེས་ཞུ་འདོད་བྱུང་། ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་འཇིག་རྟེན་པའི་བོན་དང་འཇིག་རྟེན་ལས་འདས་པའི་བོན་ཞེས་གཉིས་སུ་ཕྱེ་ནས་འཇིག་རྟེན་ལས་འདས་པའི་བོན་དུ་ཕར་ཕྱིན་དྲུག་དང་སྟོང་ཉིད་ཉི་ཤུ་འཕགས་ལམ་ཡན་ལག་བརྒྱད་སོགས་བསྟན་པ་ལས་དེ་ལས་ལྷག་པའི་དོན་གཞན་གང་ཡང་བསྟན་པ་མེད། དེ་དག་ནི་ནང་པ་སངས་རྒྱས་པའི་གཞུང་ལུགས་རྣམས་སུ་ཡང་བསྟན་ཡོད་པས་སངས་རྒྱས་པའི་གཞུང་ལུགས་ལ་མེད་པའི་ཁྱད་ཆོས་ཀྱི་གྲངས་སུ་བརྩི་མི་རུང་། དེ་དག་སངས་རྒྱས་པའི་གཞུང་ལུགས་ནས་བརྐུས་པ་ཡིན་མིན་མི་ཤེས། སངས་རྒྱས་པའི་ལུགས་ཀྱི་སྟོང་པ་ཉིད་ཀྱི་དོན་བསྟན་པའི་གཞུང་ལ་དབུ་མ་ཟེར་ཞིང་དེ་ཐེག་པ་ཆེན་པོའི་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྲོལ་བཏོད་པར་བཞེད། དེ་ལྟ་བུའི་སྟོང་ཉིད་ཀྱི་དོན་བསྟན་པའི་གཞུང་དང་སྦྱིན་སོགས་ཕར་ཕྱིན་དྲུག་ལམ་ལྔ་ས་བཅུ་སོགས་བསྟན་པའི་བན་དེའི་གཞུང་ལུགས་འགའ་ཞིག་ད་ལྟའི་བར་དུ་ཡང་རྒྱ་གར་གྱི་སྐད་དུ་བཞུགས་ཡོད་པར་སྣང་ལ། རྒྱ་གར་ནས་དར་ཁྱབ་སོང་བའི་ཡུལ་གཞན་གྱི་ནང་ཆོས་ཀྱི་ནང་དུ་ཡང་བཞུགས་ཡོད་པར་མངོན། དེས་ན་ནང་ཆོས་ཀྱི་གཞུང་ནས་བྱུང་བའི་སྟོང་ཉིད་དང་ཕྱིན་དྲུག་ལམ་ལྔ་འཕགས་ལམ་ཡན་ལག་བརྒྱད་སོགས་བོན་ལས་བརྐུས་པ་མིན་པ་ནི་ཐག་གིས་ཆོད་སྙམ་མོ། །
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཤུལ་འཛིན་ཡིན་ན་དང་། སྐྱབས་རྗེ་ཡིན་ན་ཕུང་གསུམ་པ་མིན་པས་ཁྱབ། དཔེར་ན་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་བདུད་འཇོམས་རིན་པོ་ཆེ། དིལ་མཁྱེན་རིན་པོ་ཆེ། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ། འཁྲུལ་ཞིག་རིན་པོ་ཆེ། རྩེ་སྤྲུལ་རིན་པོ་ཆེ། རྡོ་གྲུབ་རིན་པོ་ཆེ། བྱ་བྲལ་རིན་པོ་ཆེ་ལྟ་བུའོ། །་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྔ་འགྱུར་བའི་བསྟན་འཛིན་ཡིན་ན་དགེ་འདུན་སྡེ་གཉིས་གང་རུང་ཡིན་པས་ཁྱབ།
ཨོ་རྒྱན་ཉི་མ་ཁྱོད་བོད་པ་ཚང་ཕུང་སྤྲུག་བྱེད་མཁན་གྱི་གསང་ཉུལ་བ་ཞིག་རེད་བཞག་གང་ཡིན་ཟེར་ན་ཁྱོས་རྟག་པར་བོན་དང་བན་སྙིང་མ་དང་དགེ་ལུགས་ས་སྐྱ་ཇོ་ནང་བཀའ་བརྒྱུད་ཟེར་ནས་བཟང་ངན་གྱི་རྣམ་དབྱེའི་འཆར་གཏམ་ཁོ་ན་ལས་མེད་མོད་དེ་ཁྱོད་ཀྱི་དམིགས་ཡུལ་ཁོད་ན་དེ་རེད་འདུག
ངས་ཆོས་སྨན་དང་ཆོས་ལུགས་ཟེར་བ་དེ་དུགས་དུ་ངོས་འཛིན་གྱི་ཡོད་གང་ཡིན་ཟེར་ན་སྤྱིར་འཛམ་གླིང་ཚང་མ་དེ་ག་རང་རེད་བཞག་ང་ཚོས་མཐོང་ཡུལ་དང་མྱོང་ཡུལ་དུ་གྱུར་པའི་ང་ཚོ་བོད་པ་ ཚང་གི་ཆོས་ལུགས་སུ་ལ་ལྟས་ན་དེ་ག་རང་རེད་ད་ངས་ངོ་སྤྲོད་མདོར་བསྡུས་ཞིག་ཞུ་རྒྱུ་ཡིན།
ང་ཚོ་བོད་པ་ཚང་ལ་དོགས་པའི་མི་ཕུད་སྔོན་བོད་རྒྱལ་བརྒྱད་པ་གྲི་རུམ་བཙན་པོ་ཁོང་བོད་མི་མང་ལ་དགོས་པའི་མི་མཆོག་དང་པོ་དེ་རེད་ཁོང་གི་སྔོན་བོད་རྒྱལ་བདུན་པོས་བོན་གཤེན་རིག་འཛིག་དེ་ཚོ་དཔོན་དུ་སྐོས་ནས་སྡེ་དཔོན་ཚང་མ་རྨོངས་དད་ལ་མགོ་འཐོམ་ནས་སྡོད་པ་ལས་འཛམ་གླིང་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤེབས་ཐུབ་པའི་སྲིད་གཞུང་ཞིག་བཙུགས་མ་ཐུབ་པ་དེ་ཆོས་ལུགས་པ་དབུ་འཛིན་དུ་སྐོས་པའི་བོན་གཤེན་དེ་ཚོས་ཆོས་ཀྱི་ལྟ་བ་ཁ་ལ་ཁྱེར་ནས་རང་དོན་ཁོ་ན་ལས་བོད་མི་མང་ལ་དོགས་པའི་སྲིད་གཞུང་དང་དཔལ་འབྱོར་ཡར་རྒྱས་གཏང་ཐབས་དང་མ་འོངས་སྲ་བརྟན་གྱི་ཁྱད་དུ་གཞོན་སྐྱེས་ལ་ཤེས་ཡོན་གྱི་སློབ་གླིང་སོགས་རྒྱབ་ཏུ་གཡུགས་ནས་མི་མང་ལ་རྨོངས་དད་ཀྱིས་མགོ་བོན་རྨོངས་སུ་བཅུག་ནས་བསྡད་ན་འཛམ་གླིང་རྒྱལ་ཁབ་ནང་བོད་མི་རིགས་འདི་རྗེས་སུ་འགྱུར་ངེས་ཡིན་པ་ཧ་གོ་ནས་བོད་རྒྱལ་ཁབ་འདི་འཛམ་གླིང་རྒྱལ་ཁབ་ནང་ཡར་ཐོང་ཅན་གྱི་གྲལ་འགྲོ་བའི་ཁྱད་དུ་ལམ་ལུགས་སྒྱུར་བཅོས་བྱས་པ་རེད་སྐབས་དེ་དུས་ཆོས་ལུགས་པ་ཚོས་ལྷ་དྲེའི་ལྟ་བ་ཁ་ལ་ཁྱེར་ནས་རྒྱལ་པོ་གྲི་རུམ་བཙན་པོ་བདུད་ཡིན་པའི་རྫུན་ཚིག་སྒྲོགས་ནས་གྲི་རུམ་བཀྲོངས་པ་རེད་བོད་པ་ཚང་གི་ཇུས་ཉེས་དང་པོ་དེ་དུས་བྱུང་བ་རེད། ཡང་བོད་རྒྱལ་བཞི་བཅུ་ཞེ་གཉིས་པ་རྒྱལ་པོ་གླང་དར་མ་ང་ཚོ་བོད་པ་ཚང་ལ་དོགས་པའི་མི་མཆོག་གཉིས་པ་དེ་རེད། ཁོང་གིས་རྒྱལ་ཁབ་གཞན་པའི་ཆོགས་དམག་དང་གསང་ཉོལ་བ་རྣམས་ཕྱིར་ལོག་གཏོང་དགོས་པ་དང་རྒྱལ་ནང་གི་ཆོས་འཛིན་པ་ཚོ་སྲིད་དབང་ལ་ཐད་ཇུས་མེད་པ་བཟོས་ནས་བོད་རྒྱལ་ཁབ་ཆེན་མོའི་སྲིད་གཞུང་འཛུག་ཐབས་ཀྱི་ལས་གཞི་འགྲོ་བཞིན་ནང་ང་ཚོ་བོད་པ་ཚང་གི་ཕུང་སྤྲུག་རྩ་བ་རྒྱ་གར་གྱི་གསང་ཉུལ་བ་ས་སྡུ་སྦ་སྦ་དཔེ་འབྱུང་གི་རྒྱུད་འཛིན་གླད་མེད་ཡབ་མེས་རྒྱལ་རབ་གོང་མ་རྒྱལ་གཉའ་ཁྲི་བཙན་པོ་ནས་བོད་རང་ས་ལ་ཡོད་པའི་རིག་གཞུང་ཕུན་ཚོགས་ཡོད་པ་རྣམས་རྩ་མེད་དུ་བཏང་མཁན་དག་གིས་བཀྲོངས་པ་རེད་དེ་བོད་པ་ཚང་གི་ཇུས་ཉེས་གཉིས་པ་དེ་རེད།
ཡང་མཁན་དབང་དགེ་འདུག་ཆོས་འཕེལ་བོད་པ་ཚང་ལ་དགོས་པའི་མི་མཆོག་གསུམ་པ་དེ་རེད། ཁོང་གིས་ལམ་ལུགས་བསྒྱུར་བཅོས་གཏོང་དགོས་པ་དང་འཛམ་གླིང་རྒྱལ་ཁབ་མཉམ་དུ་འགྲོ་ཐུབས་པའི་སྲིད་གཞུང་འཛུག་དགོས་པ་སོགས་ཀྱི་དགོངས་དོན་ལ་སེ་འབྲས་དགའ་གསུམ་གྱི་དབུ་འཛིན་པ་འམ་བདེ་བ་གཞུང་གིས་བཀྲོངས་པ་རེད་དེ་བོད་པ་ཚང་གི་ཇུས་ཉེས་གསུམ་པ་དེ་རེད་། དིང་ཡང་ཆོས་ལུགས་པ་ཚོས་ཆོས་ཀྱི་ལྟ་བ་ཁ་ལ་ཁྱེར་ནས་བོད་པ་ཁ་ཤེས་འདྲེ་དང་ཁ་ཤས་ལྷ་ཆོས་ལུགས་ཁ་ཤས་བོད་མི་ནང་ནས་ལོགས་སུ་བཀར་ཐུབ་ཐབས་དང་ཁ་ཤེས་བོད་རྒྱལ་ཁ་ལས་གཅེས་པ་སོགས་ཀྱི་བྱ་ངན་ལ་རྟེན་ནས་ད་ལྟ་བོད་པ་ཚང་མ་ལུས་ངག་ཡིད་གསུམ་གཅིག་དུ་སྦྲེལ་མི་ཐུབ་པའི་དོན་འདི་དག་བོད་པ་ཚང་ལ་སྲིད་གཞུང་ཡང་དག་ཞིག་མེད་པ་དང་ཆོས་ལུགས་པ་ཚོ་དབང་ཆ་ཆེ་གྲགས་པ་ལ་རྟེན་ནས་བྱུང་བ་རེད་མ་འོངས་པ་བོད་རང་དབང་རྒྱལ་ཁབ་ཞིག་དགོས་ཀྱི་ཡོད་ན་ལས་དང་པོ་ཆོས་ལུགས་ཀྱི་དབུ་འཛིན་བོད་ཀྱི་སྲིད་སྐྱང་འམ་སྲིད་འཛིན་བྱེད་མི་ཆོགས་པའི་འཁྲིམ་ཡིག་གཏན་འབེབ་དགོས་ཀྱི་ཡོད་རེད། ངས་བཤད་པ་དེ་ཚོ་བདེན་པ་རེད་དང་མ་རེད་དིང་གི་ཤེས་ཡོན་ཅན་ན་གཞོན་རྣམས་ཀྱི་ཐུགས་ལ་ཁྲིག་སེ་ཡོད་པ་རེད།
ད་འདི་ཚོ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཁུར་པོ་རྒྱབ་ཏུ་འཁུར་བཞིན་སེམས་པས་བར་སྣང་ཁམས་ལ་རྟ་རྒྱུགས་གཏོང་མཁན་ཤ་སྟག་རེད་འདུག