(གསར་འགྱུར་མཁོ་གཏོང་བ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་རྒྱུན་ལས་ཁང་ཡིན་ལ། གསར་འགྱུར་འདིའི་འགན་ཡོངས་རྫོགས་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་འཁུར་ངེས་ཡིན།)
སྤྱི་ཟླ་༢ ཚེས༢༣ ཉིན་སུད་སི་རྒྱ་ནག་གཞུང་ཚབ་ཁང་གིས་ད་ལོའི་ལོ་སར་དགོང་ཚོགས་ཀྱི་གསོལ་སྟོན་གོ་སྒྲིག་དང་། གསོལ་སྟོན་དེར་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་བ་ཡག་པོ་ཡོད་པའི་བོད་མི་མང་པོར་མགྲོན་ཤོག་བཏང་འདུག་ཅིང་། མགྲོན་ཤོག་བཏང་བ་ལྟར་གསོལ་སྟོན་དེར་མཉམ་ཞུགས་བྱེད་མཁན་སུད་སི་གནས་སྡོད་བོད་མི་ཁ་ཤས་མཉམ་ཞུགས་བྱ་འཆར་འདུག་པ་ཐོས་རྗེས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། གཞན་སུད་སི་དང་ལེཀ་ཊཡན་བོད་རིགས་མི་མང་གི་སྐབས་བཅུ་གསུམ་པའི་ཚོགས་གཙོ་ཟུར་བ་ཀརྨ་་བང་རིམ་ལགས་ཀྱིས་གཙོས་པའི་དང་བླངས་པ་ཁག་ཅིག་བཅས་ས་གནས་དེར་བསྐྱོད་དེ་རྒྱུས་ལོན་བྱས་ཡོད།
ད་ལོ་སུད་སི་རྒྱ་ནག་གཞུང་ཚབ་ཀྱི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་མཁན་ཁྲོད་ངོ་ཐག་ཆོད་པའི་བོད་མི་རྣམས་ནི་ཨ་ཕ་འབའ་བ་ནས་ཡིན་ཞིང་ཨ་མ་ལྷ་ས་ནས་ཡིན་པའི་སུད་སི་གནས་སྡོད་གཏེར་སེ་ཚུལ་ཁྲིམས་བཟའ་ཚང་གཉིས་དང་། ཕ་ཡུལ་ལྷ་ས་ནས་ཡིན་པའི་གླང་མདུན་དཔལ་ལྡན་བཟའ་ཚང་གཉིས་བཅས་ཡིན་འདུག་པ་དང་། གཞན་ད་དུང་བོད་མི་ཁ་ཤས་ཡོད་ཀྱང་དགོང་མོ་མུན་རུབ་ཀྱིན་པའི་སྟབས་དང་། ལྷག་དོན་གསོལ་སྟོན་བཤམས་ཡུལ་གྱི་ཉེ་འཁོར་ཡོངས་ལ་སུད་སི་ཉེན་རྟོག་པའི་བཀག་སྡོམ་ནན་མོ་བྱེད་བཞིན་པས་རྒྱ་གཞུང་གི་མགྲོན་ཤག་མེད་མཁན་གྱི་བོད་པ་སུ་ཡང་ཉེ་འཁྲིས་སུ་བཅར་མི་ཐུབ་པ་བཅས་ཀྱི་དབང་གིས་བོད་མི་ཁ་ཤས་ཤིག་ངོ་ཐག་ཆོད་མ་སོང་ལ། ཁ་ཤས་ཤིག་ཆེད་དུ་གསོལ་སྟོན་ལ་ཡོང་གི་ཡོད་ཀྱང་བོད་པ་རྗེས་འདེད་བྱེད་མཁན་མཐོང་རྗེས་ཕྱིར་ལོག་འགྲོ་མཁན་ཀྱང་བྱུང་སོང་།
རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་གཏེར་སེ་ཚུལ་ཁྲིམས་ལ་སུད་སི་་དང་ལེཀ་ཊཡན་བོད་རིགས་མི་མང་གི་སྐབས་བཅུ་གསུམ་པའི་ཚོགས་གཙོ་ཟུར་བ་ཀརྨ་བང་རིམ་ལགས་ཀྱིས་གསོལ་སྟོན་འདིར་སོང་ན་ཞབས་འདྲེན་ཡིན་ཚུལ་བརྗོད་སྐབས། གཏེར་སེ་ཚུལ་ཁྲིམས་ཀྱིས་ཁ་ཕོ་ཆེན་པོས་ཚུར་ཕུད་རྒྱག་བརྒྱབ་པ་དང་། དེ་རིང་འདིར་ཨ་མདོ་ནས་ཡོང་བའི་གཞས་པ་ཁ་ཤས་སླེབས་ཡོད་པ་དང་། ༧གོང་ས་མཆོག་ཀྱང་ཨ་མདོ་ནས་ཡིན་སྟབས་འགྲོ་གི་ཡོད་ཚུལ་སོགས་གནས་ལུགས་མེད་པའི་ཁ་ཕོ་ཆེན་པོ་བསྒྲགས་མཐར། སུད་སི་ཉེན་རྟོག་པ་སླེབས་ཏེ་ཀརྨ་ལགས་གསོལ་སྟོན་བཤམ་ཡུལ་གྱི་ཉེ་འཁྲིས་ལས་གྱེས་དགོས་བྱུང་ཡོད་འདུག།
སྤྱིར་རྒྱ་ནག་གིས་ཆེད་དུ་བོད་ནས་གཞས་བ་ཁག་ཅིག་སྐད་གཏོང་འདུག་ཟེར་བ་ཙམ་ལས་དོན་དངོས་སུ་གཞས་པ་སུ་ཞིག་སྐད་བཏང་ཡོད་མེད་ཀྱི་གནས་ཚུལ་གང་དུའང་ཁྱབ་བསྒྲགས་བྱས་མི་འདུག་ལ། མི་མང་པོ་ཞིག་གིས་གསོལ་སྟོན་དེ་ནི་རྒྱ་ནག་གི་ཆབ་སྲིད་གཡོ་ཇུས་ཀྱི་གསོལ་སྟོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། སྔར་ལོ་གསོལ་སྟོན་དེ་རིགས་ལ་འགྲོ་མཁན་བོད་མི་མང་པོ་ལྷ་སར་ཁྲིད་དེ་བོད་ལྗོངས་བཅིང་གྲོལ་དུས་ཆེན་གྱི་མཛད་སྒོའི་སྟེང་ཕྱི་སྡོད་བོད་མི་རྣམས་ཀྱི་འཐུས་མི་ཡིན་ཚུལ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་དང་གུང་ཁྲན་ཏང་གི་རླབས་ཆེན་དབུ་ཁྲིད་ལ་མོས་མཐུན་གཙང་མ་ཡོད་ཚུལ་གྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་ཀུན་ཀྱིས་མཁྱེན་གསལ་ལྟར་རེད།
བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་འདི་ལ་ཐུག་པའི་སྐབས་འདིར་རྒྱ་གཞུང་གིས་བོད་མི་མང་པོ་བསླུ་འགུག་གིས་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པ་སོགས་ཐབས་ཤེས་སྣ་དགུ་བཏོན་ཏེ་བོད་དོན་དཀའ་ངལ་འདི་བོད་མི་ཉུང་ཤས་ཤིག་གི་དཀའ་ངལ་ཡིན་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་། ད་རེའི་གསོལ་སྟོན་འདི་ལྟ་བུ་བཤམས་ཏེ་བོད་མི་རེ་འགའ་སྐད་བཏང་སྟེ་མཉམ་འཛོམས་བྱས་རྗེས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པ་མང་པོ་ཞིག་གིས་རྒྱ་གཞུང་དང་མོས་མཐུན་གཙང་མ་ཡོད་ཚུལ་གྱི་དྲིལ་བསྒྲགས་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ཡིན་སྟབས། སུད་སི་དང་ལེཀ་ཊཡན་བོད་རིགས་མི་མང་གི་འཐུས་མི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱིས་ལོ་སར་གསོལ་སྟོན་ལ་བོད་པ་རྣམས་སྐད་གཏོང་བཞིན་་པ་འདི་དང་། རྒྱ་ནག་གི་གཡོ་ཇུས་འོག་བོད་མི་ཁ་ཤས་བསླུ་འགུག་གིས་ཆབ་སྲིད་ལག་ཆར་བེད་གཏོང་བཞིན་པར་ངོ་རྒོལ་ཡོད་པའི་གྲོས་ཆོད་བཞག་ཡོད་པ་དང་། ལྷག་དོན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་ལོ་སྔོན་མ་ནས་བོད་མི་ཚོ་མཉམ་ཞུགས་མ་གནང་རོགས་ཟེར་ནས་རེ་སྐུལ་ཤུགས་ཆེན་བྱས་ཡོད་ཀྱང་། རེབ་འདིར་རེ་སྐུལ་དེ་སྣང་མེད་བྱས་ཐོག་རྒྱ་གཞུང་དང་མཉམ་དུ་ལོ་སར་གསོལ་སྟོན་ལ་རོལ་མཁན་བོད་མི་ཁ་ཤས་བྱུང་འདུག་འདུག་པ་གསལ་བོ་མཐོང་ཡོད།
གནད་དོན་འདིའི་ཐད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སྔར་ལོའི་སུམ་བཅུའི་དུས་དྲན་སྐབས་སུད་སི་རྒྱལ་ས་སྦརན་ནས་སུད་སི་བོད་རིགས་ཡོངས་ལ་རེ་སྐུལ་ཤུགས་ཆེན་ཞུས་ཡོད་ཅིང་། གལ་སྲིད་ད་དུང་བོད་པ་རྣམས་རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་མཉམ་ཞུགས་བྱེད་མཁན་ཡོད་ན་མཉམ་ཞུགས་བྱེད་མཁན་གྱི་མིང་དང་ས་གནས་སོགས་དྲ་རྒྱ་ཁག་ཏུ་ཁྱབ་བསྒྲག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཞུས་ཡོད་པ་དང་། ལྷག་དོན་ད་ལོའི་ལོ་སར་ཚེས་ལ་ཉེ་བའི་སྐབས་དེར་དྲ་རྒྱ་ཁག་ཏུ་སུད་སི་བོད་རིགས་ཡོངས་ལ་འབོད་སྐུལ་བསྐྱར་སྣོན་གྱི་གསལ་བསྒྲགས་ཀྱང་ཞུས་པ་ལྟརད་ལོ་བོད་མི་ཉུང་ཤས་ཤིག་ལས་མཉམ་ཞུགས་བྱེད་མཁན་བྱུང་མེད་ཀྱང་། བོད་མི་ཉུང་ཤས་འདི་དག་གིས་གསལ་བསྒྲགས་དེ་དག་དང་རེ་སྐུལ་དེ་དག་སྣང་མེད་དང་། ལྷག་དོན་བོད་ནང་གི་བོད་མི་རྣམས་ཀྱི་སྡུག་བསྔལ་ལ་བསམ་ཤེས་མེད་པའི་བྱ་སྤྱོད་འདི་རིགས་སྤེལ་བ་ཡིན་སྟབས། ཆེད་དུ་བློ་ཕམ་གྱིས་ངང་ནས་གོང་བརྗོད་བོད་པ་འདི་དག་གི་མིང་དངོས་དྲ་རྒྱ་ཁག་ཏུ་མི་བསྒྲགས་ཐབས་མེད་ཆགས་པ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད།
གནད་དོན་འདི་ང་ཚོས་རྒྱུས་ལོན་བྱ་དགོས་པའི་རྒྱབ་ལྗོངས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་ལོ་སར་ཚེས་ལ་ཉེ་བའི་སྐབས་མི་མང་ལ་རེ་སྐུལ་གསལ་བསྒྲགས་ཞུས་དོན་གཤམ་གསལ།
རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྤྱི་ཚོགས་ཁ་འཐོརགཏོང་ཆེད་ཐབས་ཤེས་ཡོད་དགུ་འདོན་གྱིན་ཡོད་པའི་ཁྲོད། ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གྱི་གོ་སྒྲིག་འོག རྒྱ་བོད་གཉིས་མཉམ་གནས་དང་མཛའ་མཐུན་གཅིག་སྒྲིལ་བྱ་དགོས་པའི་ལས་དོན་ཁག་ལ་ཁ་གཡར་ཏེ། ལོ་སར་སྐབས་དང་དུས་ཆེན་ཁག་ནང་བོད་པ་མང་པོ་བསླུ་འགུག་བྱས་ཏེ་རྒྱ་བོད་གཉིས་མཛའ་འབྲེལ་གཅིག་མཐུན་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱིན་པའི་གནས་ཚུལ་ལ་བོད་པ་ཚོས་ངེས་པར་དོ་སྣང་བྱ་དགོས་ས་འདི་དག་ཡོད།
༡༽ རྒྱ་བོད་མི་རིགས་གཉིས་དུས་དང་རྣམ་པ་ཀུན་ཏུ་མཛའ་འབྲེལ་མཉམ་གནས་བྱ་དགོས་པའི་མི་རིགས་གཉིས་ཡིན་ཚུལ་༧གོང་ས་མཆོག་གཙོས་པའི་མཁས་དབང་དུ་མས་བཀའ་གནང་ཡོད་ནའང་། རྒྱ་ནག་གཞུང་གི་ད་ལྟའི་བྱེད་བབ་འདི་ནི་མི་རིགས་གཉིས་ཀྱི་མཛའ་འབྲེལ་གཅིག་སྒྲིལ་ཡོངཐབས་ཀྱི་དམིགས་མ་ཡིན་པར། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་གཙོས་བོད་དོན་ཆེད་ཚེ་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་འཐབ་རྩོད་ལས་འགུལ་ལམ་ལྷོང་མི་ཡོང་བའི་གཡོ་ཐབས་སྲིད་བྱུས་སྤེལ་ཐབས་ཤིག་ཡིན།
༢༽ བོད་པ་རྣམས་རྒྱ་ནག་གཞུང་གི་གོ་སྒྲིག་བྱེད་ཀྱིན་པའི་ལོ་སར་མཛད་སྒོ་ཁག་ལ་ཞུགས་པ་ཡིན་ན། རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་ཀྱི་དཀའ་ངལ་ནི་ཏ་ལའི་རུ་ཚོགས་ཀྱི་དཀའ་ངལ་ཙམ་ལས་བོད་མི་མང་གི་དཀའ་ངལ་མིན་ཚུལ་འགྲེལ་བརྗོད་བྱེད་ཀྱིན་པའི་ལག་ཆ་དངོས་དང་དཔང་རྟགས་དངོས་སུ་བེད་སྤྱོད་བཏང་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནང་འགྲེམས་སྤེལ་བྱེད་ཀྱིན་ཡོད།
༣༽ རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་པའི་སྤྱི་ཚོགས་ཁག་ནང་དཀྲུག་ཤིང་དབྱེན་སྦྱོར་ཀྱི་དམིགས་ཡུལ་འཛིན་གྱིན་ཡོད་པ་ལྟར། བྱེད་ཐབས་འདི་བརྒྱུད་བོད་པའི་སྤྱི་ཚོགས་ནང་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཐོག་རྩོད་ཉོག་མུ་མཐུད་ཡོང་བར་ཆེད་དུ་སྤེལ་བའི་ལས་འགུལ་ཞིག་ཡིན།
༤༽ རྒྱ་གཞུང་གིས་བོད་པའི་འཐབ་རྩོད་ནུས་མེད་དུ་གཏོང་བའི་དམིགས་ཡུལ་རྣམས་ལམ་ལྷོང་ཡོང་ཆེད་བོད་པ་མི་ཉུང་བ་ཞིག་ལ་གཉེན་ཕྲད་ཀྱི་གོ་སྐབས་སྤྲོད་ཀྱིན་པ་དང་། བོད་ནང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གང་མཚམས་སྤེལ་ཆོག་པའི་ཆོག་མཆན་སྤྲོད་པ། སློབ་སྦྱོང་དང་ཡུལ་སྐོར་ལྗོངས་རྒྱུ་སོགས་ཀྱི་གོ་སྐབས་སྤྲོད་ཀྱིན་ཡོད་པ་བཅས་ནི། དོན་དངོས་ཐོག་མི་སྒེར་གྱི་དཀའ་ངལ་ཙམ་མ་ཡིན་པར་བོད་དོན་འཐབ་རྩོད་ཀྱི་ཕུགས་ལ་གནོད་པའི་སྲིད་བྱུས་ནག་པོ་ཞིག་ཡིན།
༥༽ བོད་ནང་དཀའ་ངལ་མུ་མཐུད་ཕྲད་བཞིན་པའི་སྐབས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་པ་རྣམས་ཀྱིས་ཁེ་ཕན་ཆུང་ཚག་དང་མི་སྒེར་གྱི་དཀའ་ངལ་ཆེད་བོད་དོན་ལས་འགུལ་གྱི་ཕུགས་ལ་གནོད་པའི་ལས་གཞི་མུ་མཐུད་རྩོམ་པར་ཆེད་དུ་ཕྱེ་བའི་སྒོ་མོ་ཞིག་ཡིན།
༦༽ བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རྒྱུན་མ་ཆད་པར་གནང་དང་གནང་བཞིན་པའི་སྐབས་འདིར། བོད་པ་རེ་ཟུང་ཞིག་གི་འཚོ་བའི་ཁེ་ཕན་ཆེད་རྒྱ་གཞུང་གི་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་དུ་བཅུག་པའི་བྱ་སྤྱོད་འདི་ནི་བོད་ནང་གི་བོད་མི་རྣམས་བློ་ཕམ་བྱུང་ཡུལ་དུ་འགྱུར་ཉེནཤིན་ཏུ་་ཆེ། གོང་གསལ་དོན་ཚན་ཁག་ལ་བསམ་བློ་ཞིབ་མོ་གཏོང་མཁན་ཞིག་ཡིན་ན། རྒྱ་ནག་གཞུང་གིས་ང་ཚོར་དགའ་མདོག་གིས་ལོ་སར་གོ་སྒྲིག་བྱེད་ཀྱིན་པའི་གནད་འགག་མང་པོ་ཞིག་ཧ་གོ་ཡོང་བས་ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན་ལ། གལ་སྲིད་གསལ་བསྒྲགས་འདི་མཐོང་བཞིན་དུ་ད་དུང་རྒྱ་ནག་གི་རྒྱུག་ཁྱི་བྱེད་འདོད་ཡོད་མཁན་བྱུང་ཚེ། ལོ་སྔོན་མ་ནས་ང་ཚོའི་ཚོགས་པའི་ངོས་ནས་གསལ་བསྒྲགས་བྱས་ཟིན་པ་ལྟར། ད་ལོ་སུད་སི་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་པའི་ལོ་སར་མཛད་སྒོ་ཁག་ལ་མཉམ་ཞུགས་བྱེད་མཁནབོད་མི་རྣམས་ཀྱི་མིང་དང་ས་གནས། ལུང་ཚན་ལོ་རྒྱུས་བཅས་བོད་ཕྱི་ནང་གཉིས་ཀྱི་དྲ་ལམ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བསྒྲགས་རྒྱུར་ཐེ་ཚོམ་ཅི་ཡང་མེད་པ་དགོངས་འཇགས་ཡོང་བར་ཞུ།
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་རྒྱུན་ལས་ཁང་ནས། སྤྱི་ལོ༢༠༡༣ལོའི་ཟླ་༡ཚེས༡༨ཉིན་སྤེལ།
གཤམ་གསལ་པར་འདི་དག་ནི་གསོལ་སྟོན་དེར་འགྲོ་མཁན་གྱི་བོད་མི་རྣམས་ཡིན།
མི་རབ་གསར་པའི་མཐུན་ཚོགས་ལ་འགན་ཁུར་བླངས་ནས་ནག་ཅན་ཐེར་འདོན་གནང་བ་ལ་ཐུགས་རྗེ་ཆེ། དེང་སང་བོད་དོན་ཞེས་གླེང་དུས་དགྲ་ཤ་ཕ་ཡིན་ཀྱང་མིག་ནས་མཆི་མ་ཤོར་བ་འདི་འདྲའི་དུས་ཚོད་ལ་ཞབས་འདྲེན་བ་བླ་གཙོང་བ་དེ་ཚོའི་ལས་སྟངས་དེ་ལ་དཀོན་མཆོག་དཔང་དུ་བཙུགས་ནས་མི་བརྗེད།
རྒྱ་དམར་གཞུང་ནི་ང་ཚོས་ཕྱིའི་དགྲ་བོ་དང་་་མི་ངན་འདི་དག་ནི་ང་ཚོས་ནང་གི་དགྲ་བོ་ལ་ངོས་འཛིན་ཐོག་ནག་ཉེས་ཐེར་འདོན་གནང་དགོས་་་ད་རིང་ཡག་པོ་བྱུང་འདུག །ཕྱིས་སུ་༸གོང་ས་མཆོག་ས་གནས་དེར་ཕེབས་སྐབས་སུ་ཁོང་ཚོ་ངེས་པ་དུ་བཀག་དགོས། མི་དེ་ཚོས་འཆར་གཞི་གང་ཡོད་ཤེས་ཁག་པོ་རེད། །
རྒད་པོ་འདིའི་མིང་ལ་གཏེར་སེ་ཚུལ་ཁྲིམས་མ་རེད། རྟ་སྲས་ཚུལ་ཁྲིམས་ཟེར་ཞིང་ཤར་ཕྱོགས་ཁུག་རྟས་རྒད་པོ་འདི་ལ་ཨ་ཕ་ཞེས་འབོད་ཀྱི་ཡོད་པ་རེད། ཤར་ཕྱོགས་ཁུག་རྟས་བྱེད་སྟངས་ལས་སྟངས་ལ་རྒད་པོ་འདིའི་ཤུགས་རྐྱེན་ཡོད་པ་རེད། འདི་ཡང་མི་མང་གིས་མཁྱེན་དགོས་བའི་རིགས་ཡིན་ཡ།
རྒྱུག་ཁྱི་ཚོ་གསལ་སྟོན་གནང་བ་ཐུགས་རྗེ་ཆེ། དངོས་གནས་མི་རིགས་ཞབས་འདྲེན་རེད།
ཁོང་ཚོར་ཁག་མེད་ལྟོ་གོས་ཀྱི་ཆེད་དུ་རེད།
བོད་རིགས་ལ་ཤ་ཞེན་མེད་མཁན་རེད་ཅེས་སུ་ཞིག་གིས་ལབ་ཐུབ།
བོད་ལ་ཤ་ཞེན་ཡོད། ལ་རྒྱལ་ཡོད། སྙིང་སྟོབས་ཡོད་ལབ་མཁན་་་གླིང་ཚ་ཚེ་རྡོར་དང་།
ཤར་ཁུག་དེ་དག་གིས་རྒྱ་མིའི་རྒྱལ་དར་འཕྱར་ཏེ་རྒྱ་ཡི་སྒེར་སྤྱོད་པ་དེ་ཚོའི་འདོད་དོན་
སྒྲུབ་པ་བཞིན་པ་མ་ཡིན་ནམ། ཁོང་ཚོས་ལབ་ན་རྒྱ་བོད་མཐུན་སྒྲིལ་གྱི་ཆེད་དུ་ཡིན་སྲིད།
གླིང་ཚ་དང་ཤར་ཁུག་རྣམས་ཀྱི་དམིགས་ཡུལ་དེ་ལས་གཞན་ཡོད་དམ།
སུད་སི་གནས་སྡོད་བོད་མི་སྟོང་ཕྲག་མང་པོའི་དཀྱིལ་ནས་བོད་མི་རེ་ཟུང་གཞུང་ཚབ་ཀྱིས་གསོལ་སྟོན་མགྲོན་འབོད་གནང་བ་འདི་ཡང་སུས་བལྟས་ཀྱང་ཡ་མཚར་ཞིག་མཐོང་གི་འདུག་ག
རྒྱལ་ཁབ་ཚང་མ་ནས་མི་འདིའི་རིགས་ཕྱི་ལ་སྔོག་ན་ཡག་པོ་ཡད་པ་རེད། ལས་འདི་གང་ས་གང་ན་འཁྲབ་ཀི་ཡོད་པ་རེད་ཟེར། ༧གོང་ས་མཆོག་སྐུ་རྐྱང་དུ་འཇོག་པར་གཟས་བའི་རྒྱ་ནག་གི་སྲིད་ཇུས་དེ་ལ་རྒྱལ་ཁ་དང་བདེན་ཁ་ཅི་ཙམ་ཞིག་བོད་མི་སུ་དང་སུས་ལྐོག་ལས་བྱེད་ཀྱི་ཡོད་པ་ཤེས་གསལ་བྱུང་ན་སྐུའི་བདེ་འཇགས་དང་བོད་མའི་དབྱེན་དཀྲུག་ལ་ཐེ་བཅོས་སོགས་ཡོད་མེད་ཀྱི་ནུས་པ་གང་ཙམ་འདོན་བཞིན་ཡོད་པ་སོགས་ལ་གཟབ་ཤེས་སྟེར་སྲིད་པས་ཤེས་འདོད་དང་ལྟ་འདོད་ཡོད་ན། ཕྱོགས་ཡོངས་ནས་ནང་དགྲ་ངོ་གཉིས་མ་འདི་ཚོ་ཐེར་འདོན་ཡོད་པར་ཤོག།
ང་ཚོར་ཡང་དབུ་མའི་ལམ་ཐོག་ནས་གསོལ་སྟོན་ནས་བཤམས་རོགས་ཞེས་ཨུ་ཚུགས་རྒྱག་བཞིན་མིན་ནམ། སྔ་ཕྱི་མ་གཏོགས་བོད་གཞུང་ཡང་གསོལ་སྟོན་འདི་འདྲ་ཞིག་གི་ཐོག་ནས་བོད་དུ་བསྐྱོད་རྒྱུའི་གྲ་འགྲིག་ཆ་ཚང་ཡོད་པ་འདྲ།
མི་རབས་གསར་པའི་མཐུན་ཚོགས་ལ་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་་་་་་བླ་བཙོང་འདི་ཚོས་ནམ་ཡིན་ཡང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་དཀྲུག་གི་ཡོད་པ་རེད་་་་རང་རིགས་དགྲ་ལ་བཙོང་བའི་ནང་འདྲེ་འདི་ཚོའི་བྱ་སྤྱོད་དང་མ་འོངས་པར་ཁོང་ཚོ་ལ་ཡིད་གཟབ་བྱ་དགོས་་་་་་༌༸གོང་ས་མཆོག་ཕེབས་སྐབས་འགོག་དགོས་པ་གལ་ཆེན་རེད་་་
ཁོང་ཚོར་རྒྱ་མིའི་གསོལ་སྟོན་ལས་བཟའ་རྒྱུ་མ་ཡོད་པ་རེད་དམ་་་་་
ང་ཚོ་བོད་ནང་ནས་ཡང་རྒྱ་ནག་དམར་ཕྱོཊ་ཀྱི་ཆེད་སྒྲིག་གསོལ་སྟོན་དང་ལོ་གསར་སོཊ་ལ་ཞུཊ་མཁན་གྱི་བོད་པ་དེ་ཚོ་ནི་ཏག་ཏག་དམར་ཕྱོཊ་སུ་ཞུགས་ཡོད་པའི་རྒྱ་མིའི་གླ་བ་སྙིང་རྗེ་བོ་དེ་ཚོ་རྐྱང་རྐྱང་རེད། ཡིན་ནའང་ང་ཚོ་ཕྱི་ནང་གི་བོད་པ་ཚང་མས་མུ་མཐུད་དུ་རྡོག་རྩ་གཅིག་བསྒྲིལ་བྱས་ན་ཁོ་ཚོ་ནམ་ཉི་མ་ཞིག་ལ་རྒྱ་ནག་གིས་རྩེད་སྤྱད་བྱས་ནས་མར་གད་སྙིགས་ཁྲོད་དུ་འཕངས་དུས་ད་ཁེར་རྐྱང་དང་ཡིད་མུག་གིས་འཆི་དགོས་གི་རེད། དེ་ད་ཁོ་ཚོར་རྒྱ་དམར་གྱིས་བྱིན་དང་སྟེར་སྲིད་པའི་ཁེ་བཟང་རེད། ཧ་ཧ་ཧ་ཧ
རྒྱ་སྐྱག་ལྡག་མཁན་རེད།
རྒྱ་གླ་འདི་ཚོའི་གནས་ཚུལ་ཞིབ་རྒྱས་ཀྱི་ཐེར་འདོན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། རྒྱའི་ལག་གཡོག་པ་འདི་ཚོ་ད་ལྟའི་ཆ་ལ་ཚོགས་པ་སྐྱིད་སྡུག་གང་གི་གྲལ་ན་ཡོད་ཚེ། ཚོགས་པ་སྐྱིད་སྡུག་གང་རུང་དེའི་གྲལ་ནས་མཐའ་སྤྲོད་གཏོང་བའམ་ཞིབ་འཇུག་གཏིང་ཟབ་པོ་བྱེད་དགོས་རྒྱུ་རེད། དེ་མ་གཏོགས་རིམ་བཞིན་འཆར་གཞི་ཡོད་པ་དམིགས་ཡུལ་ལྡན་པའི་སྒོ་ནས་བོད་རྒྱ་འཆམ་མཐུན་ལ་ཁ་གཡར། བོད་སྤྱི་བའི་རྩ་དོན་འགག་རྐྱེན་གང་མང་བཟོ་སྲིད་པ་མ་ཟད། ཉེ་རབས་ལོ་རྒྱུས་ནང་བཞིན་གུང་ཁྲན་ཕྱོགས་ཁག་གིས་མེས་རྒྱལ་གཅིག་གྱུར་གྱི་ཁ་དབྱངས་གྱེར་ནས་རང་བཙན་ཕྱོགས་ཁག་ལ་རྒོལ་གཏམ་བཏང་བའི་འདྲ་གཟུགས་དེ། བསྐྱར་དཔར་བརྒྱབ་ནས་བོད་སྤྱི་ཚོགས་ཁྲོད་འབར་རྫས་མང་བོ་གཡུག་བཞིན་པའི་རྣམ་པ་གསལ་བོ་རེད། དེར་བརྟེན་མྱུ་གུ་ཆུང་ཆུང་འདི་ཚོའི་གཉོམ་ལག་རྒྱས་རེག་བར་དུ་རྩ་རྫོགས་བྱེད་དགོས་བ་གལ་ཆེན་པོ་ཞེ་དྲགས་རེད།
ཁ་བརྡ་དྲ་སྟེང་ནས་ཆ་མཚོན་ན་ཡང་དཔྱད་མཆན་པ་རེ་གཉིས་ནས་དམིགས་ཡུལ་ལྡན་པའི་སྒོ་ནས་ད་ལྟ་ནས་བོད་གཞུང་གི་སྲིད་དོན་དང་འབྲེལ་བའི་འཆལ་གཏམ་དང་དཀྲོགས་གཏམ་བཟོ་མཁན། དབང་འདུས་མིང་ཅན་ལྟ་བུ་རྒྱུན་ཏུ་འབྱུང་རྒྱུ་རེད།
་་་་་་་ སྔར་ལོ་གསོལ་སྟོན་དེ་རིགས་ལ་འགྲོ་མཁན་བོད་མི་མང་པོ་ལྷ་སར་ཁྲིད་དེ་བོད་ལྗོངས་བཅིང་གྲོལ་དུས་ཆེན་གྱི་མཛད་སྒོའི་སྟེང་ཕྱི་སྡོད་བོད་མི་རྣམས་ཀྱི་འཐུས་མི་ཡིན་ཚུལ་དང་།
བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་དང་གུང་ཁྲན་ཏང་གི་རླབས་ཆེན་དབུ་ཁྲིད་ལ་མོས་མཐུན་གཙང་མ་ཡོད་ཚུལ་གྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་ཀུན་ཀྱིས་མཁྱེན་གསལ་ལྟར་རེད། ་་་་་་ཟེར།
མི་རབས་གསར་བའི་མཐུན་ཚོགས་ལ་བཀའ་དྲིན་ཆེ་ཞུ། མིང་དོན་མཚུངས་པའི་ཚོགས་པ་ཞིག་རེད་ཡི་རང་བསྔགས་བརྗོད་ཡོད། མི་ངན་འདིའི་རིགས་ནམ་ཡང་འུ་ཚོས་སེམས་ནས་མ་བརྗེད། ལས་རྒྱུ་འབྲས་ཟེར་བ་ཞིག་འཁོར་རྒྱུ་ཡོད་ན་འདི་ཚོའི་མགོ་ཐོག་ལ་འཁོར་དགོས་པ་རེད། ལྷ་སྲུང་མའི་བཀའ་ཆད་ཟེར་བ་དེའང་འདིའི་གྲས་ལ་གཅོད་དགོས་བསམ། འདི་དག་ནི་བོད་ནང་གི་གསང་ཉུལ་བ་དག་ལས་ཀྱང་སྡུག་གི དངོས་གནས་འདི་དག་གོ་ན་སེམས་སྐྱོ་ནས་མིག་ཆུ་འཆོར་བ་དང་། བློ་ཕམ་ནས་དབུགས་རིང་འཆོར་གྱིན་འདུག
བོད་པ་ཁག་ཅིག་ཟ་རྒྱུ་རིགས་ན་འཆི་རྒྱུ་མི་དྲན་ཟེར་བ་དེ་རེད། དེ་ཚོ་ཐབས་སྐྱོ་པོ་རེད། ཡིན་ཡང་སྐད་ཆ་དྲང་པོ་བཤད་དགོས། ཁ་ཤས་ཀྱིས་ག་རེ་བྱས་བྱས་དང་། ཁ་ཤས་ལ་ཁ་གཏད་གཅོག་རྐྱང་བྱས་ན་ཡག་པོ་མི་འདུག དེ་བས་ནང་ཁུལ་གྱི་མཐུན་སྒྲིལ་ལ་མི་གནོད་པ་ཞིག་བྱེད་རྒྱུ་གལ་ཆེན། ལོ་སར་གསོལ་སྟོན་དུ་འགྲོ་མཁན་ངོ་ཐག་མ་ཆོད་པ་དེ་ཚོ་ངོ་ཤེས་རྒྱུས་ཡོད་རེ་ཡིན་སྲིད། བོད་ལ་རྗེས་དེད་བཏང་བ་བཞིན་རྒྱ་ལ་དེ་འདྲ་རྗེས་འདེད་ཅིག་གཏོང་ཐུབ་ན། ང་ཚོར་རྒྱལ་ཁ་ཐོབ་ཟིན་ཡོད་སྲིད། སྤྱིར་བཏང་རྒྱའི་གསོལ་སྟོན་ལ་འགྲོ་མཁན་དང་། རྒྱ་ལ་འབྲེལ་བ་ཡོད་མཁན་ཚོར་ལྟ་སྟངས་དེ་བོད་མི་ཁག་ཅིག་གིས་དོན་ལ་མི་ལྟ་བར་མི་ལ་ལྟ་ཡི་ཡོད་པ་གསལ་པ་རེད་འདུག ད་དུང་ཁྱེད་ཚོའི་ཧུར་བརྩོན་ཆེན་པོའི་ལས་འགུལ་སྤེལ་རྒྱུ་ཡིན་ན། བཙན་བྱོལ་བོད་མིའི་བསྟི་གནས་རྒྱ་གར་དུ་རྒྱ་དར་གནམ་ལ་འཕྱར་དེ་རྒྱ་འོག་ཏུ་འགྲོ་ཐབས་བྱེད་བཞིན་འདུག འདི་ཚོལ་གསོལ་སྟོན་ལ་སོང་བ་ཙམ་མིན་པར། བོད་མི་རིགས་ལ་མཐོང་ཆུང་མ་རེད་དམ།
བལ་ཡུལ་ལ་ཡང་འདི་འདྲ་ཁག་ཅིག་ཡོད་རབས་འདུག མི་ངན་འདི་ཚོ་བོད་པའི་སྤྱི་ཚོགས་ནས་རྒྱང་ཕུད་གཏོང་དགོས་ངེས་རེད།
ངན་ལ་ངན་ཞེས་མ་བཤད་ན་ངན་མང་རུ་འགྲོ་ཟེར་བ་བཞིན་གསལ་བསྒྲགས་ཁུངས་ལྡན་གནང་བར་བསྔགས་བརྗོད་ཞུ། འོན་ཀྱང་འདི་ནི་ལམ་དབུ་མ་ཟེར་བ་དེའི་ཉམས་ལེན་ངོ་མ་འདི་ཚོ་རེད། ཁོ་ཚོ་ལའང་དབུ་མའི་ལུང་ཁ་ཤས་བགྲང་རྒྱུ་ཡོད་པ་ཐག་ཆོད།
འགན་ཁྱེར་བའི་ཕྱག་ལས་ཡག་པོ་གནང་འདུག། བཀའ་དྲིན་ཆེ། སུད་སི་བོད་རིགས་རེ་ཟུང་རྒྱའི་གཞུང་ཚབ་ཏུ་ལྟོ་སློང་བར་འགྲོ་བའི་གནས་ཚུལ་དེ་དེ་སྔོན་ཡང་བྱུང་པ་རེད། སྐབས་དེར་བོད་རིགས་མི་མང་གི་ཚོགས་གཙོ་དང་འཐུས་མི་ཚོས་ཁོ་ཚོ་སྐད་བཏང་ནས་གནས་ཚུལ་དེའི་ཐད་སད་ཀྲོལ་བྱས་པ་འདྲ། འོན་ཀྱང་མི་ངན་དེ་རིགས་ཀྱིས་མུ་མཐུད་ནས་རྒྱ་མིའི་རྐུབ་ལྡག་པར་འགྲོ་བ་ནི་ངོ་མ་ཡིད་སྐྱོ་དགོས་པ་རང་རེད།
འོ་ཡ་ད་ཡིན་ན་ལྟད་མོ་འདུག་་་་་་་་་་ད་ང་ཚོས་ཁོང་ཚོ་བསད་དགོས་རེད་པས་བརྡུང་དགོས་རེད་་་་་་ཡང་ན་ཁོང་ཚོ་དང་ཆོས་དང་ཟང་ཟིང་གི་འབྲེལ་ཐག་བཅད་དགོས་རེད་པས་?
ག་རེ་རེད་ལབ་དང་ལབ་དང་།དེ་འདྲ་ཡིན་ན་ད་དུང་་་་་ལྷ་སྲས་རྒྱ་ལོ་དོན་འགྲུབ་ག་རེ་བྱེད་དགོས་རེད?
མ་ཟད་བོད་ནང་དུ་བོད་པ་ཚོས་རྒྱ་མིའི་འགོ་འཁྲིད་ཚོར་འབྲེལ་བ་བྱེད་ཡག་རགས་སོང་ན་ཧ་ཅང་གི་འཇོན་པོ་ཞིག་ལ་བརྩིས་ཀྱི་ཡོད་པ་རེད་མ་ཟད་བོད་རིགས་ཁྲི་ཕྲག་མང་པོའི་རྒྱ་ནག་གཞུང་གི་ལས་ཀ་བྱེད་ནས་ཕོག་བཟའ་ཡི་ཡོ་རེད་དེ་ཚོ་ག་རེ་བྱེད་དགོས་རེད་ཡིན་ཅིག་ལ་་སྟོན་བཀའ་སློབ་ཞིག་གནོང་རོགས་གནང་།།
འོ་འོ་ ད་ཡིན་ན་ལྟད་མོ་འདུག་གོ་ ཨ་ཁ་ཁ་ ད་གང་དྲག
༡) བོད་དོན་ཁྱབ་བསྒྲགས་ཟེར་ནས་ བྱ་མ་རྟ་ཡིས་བུ་མོའི་རྐུབ་བསྟན་འགྲན་བསྡུར་ཁྲོད་ནས་གྲོད་པ་བཙོང་།
༢) ཞི་བའི་འཐབ་རྩོད་ཟེར་ནས་ དགྲ་དར་འཕྱར་སྟེ་དགྲ་བོའི་རྐུབ་ལྡག་རང་རིགས་སྤུན་ཟླ་རྡོག་པའི་མནན།
༣) ཞི་བའི་གོམ་བགྲོད་ཟེར་ནས་ དགྲ་བོའི་གསོལ་སྟོན་དགྱེས་བཞེས་ལམ་ཞོར་རང་རིགས་སྤུན་ཟླར་བརྙས་དམོད་བྱས།
༤) ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ལུས་སྲོག་དམར་རྗེན་མེ་རུ་ཕུལ་བའི་སྤུན་ཟླ་ཁྱེད་ཅག་་་་་་་་་་་་་་་་་་་་
ལས་འགུལ་ཡག་པོ་སྤེལ་འདུག ད་ང་ཚོ་འཇམ་ཐེང་ངེར་བསྡད་པའི་དུས་མ་རེད། དེ་སྔོན་གཅིག་གིས་གཅིང་ངོ་སྲུང་ནས་བསྡད་ཙང་དངུལ་གྱི་ཆེད་དུ་རྒྱུག་ཁྱི་མང་ནས་མང་དུ་འགྲོ་གི་ཡོད་རེད། སྔ་མོ་རྒྱ་ནག་དང་ཉི་ཧོང་འཁྲུགས་པའི་སྐབས་རྒྱུག་ཁྱི་རྩ་མེད་གཏོང་གི་ཡོད་རེད། ཐ་ན་ཉི་ཧོང་གི་སྐད་བསྒྱུར་བ་ཡན་ཆད་རྒྱུག་ཁྱིར་བརྩིས་ནས་རྩ་མེད་བཟོ་གི་ཡོད་རེད། ཁ་ཅིག་གིས་ལྟོ་གོས་གྱི་ཆེད་དུ་རེད་ཟེར་བ་ནི་ངོ་མ་བྱིས་པ་ལོ་གསུམ་གྱི་སྐད་ཆ་རང་རེད། རྒྱུག་ཁྱི་རྣམས་མ་གཏོགས་གཞན་ལ་ལྟོ་གོས་དགོས་ཀྱི་ཡོད་མ་རེད་པས། མདོར་ན་ལྟོ་གོས་ཕར་བཞག་ཕ་མའི་ཆེད་དུ་ཡིན་ནའང་རྒྱུག་ཁྱི་ནི་རྒྱུག་ཁྱི་རང་རེད། ཐར་པར་གཏོང་མི་རིགས།
གནད་དོན་འདི་ལ་བསམ་ཞིབ་རགས་ཙམ་བྱས་ཏེ་བརྗོད་ན། དང་པོ། གསོལ་སྟོན་ལ་འགྲོ་མཁན་དེ་ཚོས་བོད་སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་ལྐོག་ནས་སྒྲུབ་མཁན་གྱི་བོད་མི་རྐྱང་ཡིན་པའི་ངོས་འཛིན་སུད་སི་ནང་སྔོན་མ་ཐེངས་དུ་མར་གླེང་སློང་བཟོས་ཡོད་པ་ཁུངས་ལྡན་དང་། གཉིས་པ། གསོལ་སྟོན་ལ་འགྲོ་མཁན་དེ་ཚོ་གསོལ་སྟོན་ལ་སོང་བ་ཐེངས་གཅིག་དང་གཉིས་མ་ཡིན་པར་རྒྱ་གཞུང་ལ་ཐད་གར་འབྲེལ་ལམ་བྱེད་ཀྱིན་པ་དང་། འབྲེལ་ལམ་དེ་ཚོ་ཡང་མི་སྒེར་གྱི་ཁེ་ཕན་ཁོ་ནའི་ཆེད་སྤྱི་མིང་རྒྱ་ལ་བཙོང་བཞིན་པའི་གནས་ཚུལ་ལོ་སྔོན་མར་ལྷ་ས་ནས་བྱུང་བའི་གནས་ཚུལ་དག་ཁུངས་ལྡན་དང་། གསུམ། རྒྱ་དར་འཁྱེར་མཁན་དང་རྒྱ་ནག་གི་ལོ་སར་ལ་འགྲོ་མཁན་གཉིས་ཀུན་སློང་དང་དམིགས་ཡུལ། བྱ་སྤྱོད། ལས་འགུལ་བཅས་གང་ནས་བལྟས་ཀྱང་ས་དང་གནམ་གྱི་ཁྱད་པར་ཡོད་པ་ནི་ཀུན་ཀྱིས་མཁྱེན་དགོས་ངེས་ཤིག་དང་། ལྷག་དོན་སྐུ་ཚབ་ཚོ་དང་རྒྱལ་དོན་མཆོག་བཅས་ཀྱིས་རྒྱ་ནག་ལ་འབྲེལ་བ་བྱེད་ཚུལ་དེས་བོད་ཀྱི་ལོ་རྒྱུས་དང་འཐབ་རྩོད་ལ་གནོད་པའི་བྱས་ཉེས་སྤུ་ཉག་ཙམ་ཡང་བཞག་ཡོད་ཚུལ་དྲང་ཕྱོགས་ཀྱིས་དཔྱད་ན་རྙེད་མི་སྲིད། བཞི། བོད་ཀྱི་མཐུན་ལམ་མམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ནི་སྤྱི་མིང་དགྲ་བཙོང་མཁན་རྣམས་ལ་བཟོད་སྒོམ་དང་། བླ་མར་སྐྱག་པ་འདྲེན་མཁན་རྣམས་ལ་དཔའ་དར་འཐེན་དགོས་པའི་དོན་མིན་པ་སུས་ཀྱང་ཤེས་ངེས་ལྟར། བོད་སྤྱི་དོན་ལ་གནོད་པའི་ལས་དོན་བྱེད་མཁན་སུ་ལའང་བཟོད་སྒོམ་དང་གུ་ཡང་བྱེད་ཐབས་མེད་པ་ད་ལྟའི་ཛ་དྲག་གིས་དེད་པའི་གནས་བབ་ཡིན།
གང་ལྟར་ཆབ་སྲིད་ཀྱི་གནད་འགག་ཧ་གོ་བའི་ཐོག་ནས་སྐད་ཆ་བརྗོད་རྒྱུ་ནི་ད་ལྟའི་བོད་ཀྱི་དཀའ་ངལ་དང་གནས་བབ་ཀྱིས་དེད་པའི་འགན་འཁྲི་ལྡོག་མེད་ཅིག་ཡིན་པ་ཀུན་ཀྱི་མཁྱེན་ཆུབ་ཡོང་བར་ཞུ།
དབུ་མའི་ལམ་སྟེང་ནས། །
རྒྱ་མིའི་གསོལ་སྟོན་ལ། །
འགྲོ་བར་ཕན་གནོད་ཀྱི། །
སྐད་ཆ་ལྷག་མེད་དོ། །
བོད་རྒྱ་འབྲེལ་བ་བྱེད་ནས་དབུ་མ་ལམ་དགོས་ན་འདི་འདྲ་བྱེད་ནས་རིམ་ཞིམ་རིམ་ཞིམ་
མགོ་བཙུགས་དགོས་རེད་་བོད་རྒྱ་འབྲེལ་བ་བྱེད་ནས་རྒྱ་ནག་གིས་རྒྱུག་ཁྱི་རེད་ཟེར་བ་ནས་
དབུ་མའི་ལམ་དེ་དམག་རྒྱབ་ནས་མགོ་བཙུགས་དགོས་རེད་དམ་?
གཞོན་ནུ་ཚོགས་པ་སོགས་རང་བཙན་ལྟ་བ་ཅན་རྣམས་དང་དབུས་སྒྲིག་འཛུགས་སོགས་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་གཉིས་ཀ་ལ་ཡིད་རངས་དང་རྒྱབ་སྐྱོར་ཡོད། ཡིན་ནའང་དེང་སང་དྲྭ་རྒྱའི་ནང་རང་བཙན་དང་དབུ་མའི་ལམ་གྱི་མིང་འཁུར་ནས་བོད་མི་ནང་ཁུལ་དཀྲུགས་ཐབས་དང་མི་སེམས་གཡོ་ཐབས་བྱེད་མཁན་འགའ་ཞིག་འདུག་པས་ཚང་མས་དོ་ནན་ཐོག་མི་ངན་གྱི་གཡོ་ཐབས་འོག་ལ་ཚུད་པར་བྱེད་དགོས
མ་ཚུད་པར་བྱེད་དགོས།
ང་ཚོ་བོད་མི་མཐུན་སྒྲིལ་དགོས་ཟེར་བའི་དོན་ནི་བོད་མི་རྣམས་ཕུག་གི་ལྟ་བ་དང་དམིགས་ཡུལ་མཐུན་པའི་ཐོག་དགྲ་བོ་་ལ་འཐབ་རྩོད། རིག་གཞུང་རྒྱུན་འཛིན་སོགས་དགོས་པའི་དོན་ཡིན་པ་ལས། རྒྱུག་ཁྱིས་དགྲ་བོའི་རྐུབ་རྡག་ནས་མ་མཐོང་མདོག་མདོག རྒྱལ་ཁབ་གཙོང་ནས་མ་ཤེས་མདོག་མདོག་ངང་གུ་ཡངས་གཏོང་བའི་དོན་མ་ཡིན་པར་ཤེས་དགོས།
ད་ཡིན་ན་སུད་སིར་གནས་སྡོད་པས་ཞབས་འདྲེན་ཞུ་གི་འདུག་ག
ལོ་སྔོན་མར་རྟ་སྲས་ཚུལ་ཁྲིམས་ཚང་ལ་རྩོམ་པ་པོ་ཝང་ལི་ཞོན་སླེབས་འདུག་ཟེར།
ད་དུང་རྟ་སྲས་ཟེར་བ་དེས་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་བཞིན་་ཡོད་པ་རེད་ཟེར་གྱི་འདུག་པ་གོ་ཐོས་བྱུང་།
ད་བྱས་དུས་ཁོང་ངོ་ལོག་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་།
འགྱངས་མེད་༧གོང་ས་མཆོག་ལ་ཡུལ་དེར་ཆིབས་བསྒྱུར་སྐབས་བདེ་འཇགས་ལ་གཟབ་གཟབ་བྱེད་དགོས་ཀྱི་འདུག
དེས་མ་དེ་རེད། ནོར་བཅོས་ཡོང་བར ཞུ།
ཁོང་གིས་སུད་སིར་ས་གནས་ཞིག་ཞིག་ཏུ་ཡང་ཁང་པ་ཆེན་པོ་ཞིག་ཉོས་ཡོད་རེད་ཟེར།
ལ་ལེས་བོད་དོན་ཟེར་བཞིན་ཟེར་བཞིན་རྒྱ་དར་མགོ་ལ་ཤར་ནས་འགྲོ་།
ལ་ལེས་དབུ་མ་བརྗོད་ཀྱིན་བརྗོད་ཀྱིན་བོད་ལ་རང་བཙན་མེད་རབས་རྩོད་།
ལ་ལེས་བོད་པའི་ཚབ་ཡིན་གླེང་བཞིན་གླེང་བཞིན་རྒྱ་ཟས་མངར་མོར་རོལ་།
ཁྱི་ཡིས་བྱེད་སྟངས་དེ་རྣམས་གུང་ཁྲན་ཏང་གི་སེམས་ཀྱི་ནོར་བུ་ཡིན་།
ཕར་རོལ་དགྲ་ལ་མི་ཐུབ་ཆོལ་གསུམ་ནང་ཁུལ་དཀྲུག་་པའི་གཞི་མ་ཡིན་།
རྐུན་མའམ་ཇག་པ། ཡང་ན་བཙན་འཛུལ་བའི་ལག་ཏུ་ཤོར་བའི་ཅ་ལག་དེ་ཕྱིར་ལེན་འདོད་ན། སུ་ཞིག་ལ་འབྲེལ་བ་བྱེད་དགོས། སུའི་ལག་ཏུ་ལེན་དགོས། སུ་ཞིག་ལ་སྐད་ཆ་བཤད་དགོས།
སྐད་ཆ་མི་བཤད་པར། འབྲེལ་བའང་མི་འཛིན་པར། ཅ་ལག་དེ་ཕྱིར་གང་ལྟར་ལེན། དཔེ་དེ་བཞིན་ཏུ་ང་ཚོ་བོད་གངས་ཅན་གྱི་བླ་མ་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དེ་རྒྱ་མི་རིགས་ཀྱི་ལག་ནས་ཕྱིར་ག་འདྲ་ཞིག་གི་ཐབས་ཤེས་འོག་ལེན་རྒྱུ་ཡིན། རྒྱ་ལ་འབྲེལ་བ་མ་བྱས་ན་ཁོང་ཉིད་གནས་གང་ཞིག་ལ་བཞུགས་ཡོད་པ། གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་བཞུགས་ཡོད་པ་སོགས་ལྷ་དང་ཀླུ་སོགས་ཀྱིས་གསུང་རྒྱུ་རེད་དམ། ་་་་་་་་
ད་ཡོད་རེད་དོ་་
རྒྱ་མིའི་གསོལ་སྟོན་ལ་མི་ཆེན་པོ་བཅར་ཆོག་རྒྱུ་ཞིག་དང་མི་ཆུང་ཆུང་བཅར་མི་ཆོག་དོན་གང་ཡིན་ནམ། སྔོན་མ་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཀྱང་ཕྱི་སྡོད་བོད་རིགས་སྤུན་ཟླའི་མིང་ཐོག་ནས་རྒྱ་ནག་ལ་སོང་བ་རེད། གསོལ་སྟོན་ཟོས་པ་རེད། ལྟ་སྐོར་ལ་ཡང་ཁྲིད་པ་རེད། གུང་ཁྲན་གྱི་ཆབ་སྲིད་ཀྱི་སློབ་གསོ་ཚང་མ་ཉན་ནས་ཚུར་ལོག་ཡོང་བ་རེད། འདི་ཚོ་བོད་ིགས་མང་ཚོགས་ཀྱི་ཁྲོད་ནས་ཕྱིར་ཕུད་ཐུབ་བམ། བོད་མི་དཀྱུས་མ་ཚོ་རྒྱ་དམར་གཞུང་གི་བྱེད་སྒོའི་གསོལ་སྟོན་སོགས་ལ་ཞུགས་ཀྱང་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཟེར་བའི་མིང་ཐོག་ནས་ཞུགས་ཀྱིན་ཡོད་པ་ལས་ལྷག་ཅིག་མ་རེད། གཞུང་གི་མགྲོན་འབོད་བྱུང་ན་འགྲོ་དང་འགྲོ། བོད་མི་སྤྱི་སྒེར་སུ་ཡིན་ཡང་རྒྱ་མི་ལ་འབྲེལ་བ་ག་ཚོད་ཐུབ་ཐུབ་བྱེད་དགོས་པ་དེ་དབུ་མའི་ལམ་གྱི་ལམ་སྟོན་གཅིག་རེད་བསམ་སོང་། དབུ་མའི་ལམ་འདི་འདི་ལྟ་བུའི་གསལ་ཁ་མེད་པ། ཁ་ཕྱོགས་མེད་པ། གཏད་སོ་མེད་པ་ཞིག་ཡིན་སྟབས་ངས་འདི་ཡག་པོ་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་འདི་རྩིས་མེད་དུ་བཏང་ཟིན་པའི་ཁྱབ་བསྒྲགས་བྱ་བའི་དུས་ལ་བབ་འདུག་ཅེས་བཤད་པ་ཡིན། རྒྱ་དམར་གཞུང་གིས་ཕྱིར་སྡོད་བོད་མི་ལ་འབྲེལ་གཏུག་དང་རོགས་སྐྱོར་གྱི་འཆར་གཞི་ཆེན་པོ་འཇོག་གི་འདུག རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་ལ་ངོས་ལེན་མེད་པའི་ཁྱབ་བསྒྲགས་གསལ་པོ་ཞིག་མ་བྱས་ཕྱིན་ཕྱིར་སྡོད་བོད་མི་དཀྱུས་མ་ཚོ་རྒྱ་མིའི་མཛད་སྒོར་བཅར་མི་ཆོག་དོན་མི་འདུག་སྙམ།
སྤོབས་མཐས་གསུང་པ་དེ་ག་རང་རེད། ཁ་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཡང་དོན་གཅོད་སྐུ་ངོ་ཀུན་དགའ་བཀྲ་ཤིས་ཟེར་བ་དེ་ཡང་ནེའུ་ཡོག་རྒྱ་ནག་གཞུང་ཚབ་ཁུང་གི་མི་སྣ་དག་དང་མཉམ་དུ་གསོལ་སྟོན་ལ་རོལ་བ་མ་ཟད་རྒྱ་མི་ཚོས་ཁོ་ལ་ཡིག་སྐོགས་དམར་པོ་ལྐོག་སྤྲད་བྱས་པ་མཐོང་མཁན་ཡང་འདུག །དེ་ཚོ་ལ་ནི་ཡིན་དང་ཡིན་ཟེར་ནས་བཞག་ཡོད་པ་རེད།
ཏིང་ཞོ་ཕིང་གིས། ལམ་བསྟོན། ཟམ་གདོང་བླ་མས་མཇུག་སྐྱོང་པའི་དབུ་ལམ་གྱི་སྲིད་ཇུས་ཉམས་ལེན་ངོ་མ་ལག་ཏུ་བླང་ན། གུང་ཁྲན་ཏང་གི་གསོལ་སྟོན་ལ་འགྲོ་དགོས་ངེས་རེད། ད་དུང་ཡང་དར་དམར་འཕྱར་དགོས།
དེ་རྒྱ་མི་རིགས་ལ་མཐུན་ལམ་ཡིན་པ་མ་ཚད། དབུ་ལམ་གྱིས་དགོངས་དོན་བཞིན། གུང་ཁྲན་ཏང་ལ་མཐུན་འབྲེལ་དང་དགའ་ཞེན། མ་འོངས་པར་མཉམ་གནས་བྱ་ཐུབ་པའི་སྔོན་བརྡ་རེད།
ཨོ་སི་ཀྲི་ལི་ཡའི་མལ་སྦོན་གྲོང་ཁྱེར་གྱི་བོད་མི་སྐོར་ཞིག་གིས་བོད་པའི་ལོ་གསར་ཚེས་གཅིག་ཉིན་རྒྱ་མིའི་གཞུང་ཚབ་དང་མཉམ་དུ་ལོ་གསར་དགའ་སྟོན་བྱས་ཡོད་པ་རེད། བོད་ཕྱི་ནང་གི་བོད་མི་བརྒྱ་ལྷག་གིས་རང་ལུས་མེ་ལ་བསྒྲོན་ནས་བུ་དཔའ་བོའི་དཔའ་རྟགས་འཛམ་གླིང་ལ་བསྒྲགས་པའི་སྐབས་སུ་
རེད། གུང་ཁྲན་ལ་སྐྱབས་འཇུག་ཞུས། དབུ་མའི་དགོས་འདོད་བཞིན་དངོས་གྲུབ་རྩོལ་ངེས་རེད།
ད་ཡིན་ན་དྲ་འབུ་འགའ་ཨ་རོག་གིས་བཟི་ཡོད་ས་རེད་། ཁ་ནས་ཡོང་ཚད་་བཤད་ཡོང་གི
སེམས་ལ་གང་དྲན་བཤད་ཡོང་གི་།
ད་ཡིན་ན་དྲ་འབུ་འགའ་ཨ་རོག་གིས་བཟི་ཡོད་ས་རེད་།
ཁ་ནས་ཡོང་ཚད་་བཤད་ཡོང་གི
མཐོ་བ་༧གོང་ས་མཚོག་གི་བཀའ་དྲིན་མི་ཤེས་དབུ་ལ་བརྫིས་ནས་མཆོང་ཡོང་གི
སེམས་ལ་གང་དྲན་བཤད་ཡོང་གི་
དམའ་བ་སྤྲང་པོའི་རླིག་པ་བཏོགས་ནས་སླེབས་ཡོང་གི
འདི་ཚོ་ཤུགས་ལྡན་བ་ལ་ཡིན་རྒྱུ་རེད། རྒྱ་མིའི་རྐུབ་ལྡག་ནས་ལོ་མང་པོ་ཕྱིན་ཚར་རེད། ད་དམིགས་བསལ་ཧང་སང་ཡ་ག་རེ་འདུག ཁོང་ཚོ་ག་བ་འགྲོ་ན་འགྲོ་རུ་བཅུག ཁོང་ཚོས་ག་དུས་ཡིན་ན་བོད་དང་བོད་མི་ཚོར་གནོད་པའི་ལས་ཀ་ཞིག་འཚོལ་གི་ཡོད་རེད། ཁོང་ཚོ་ཤི་འགྲོ་དུས་ཡག་པོ་ཞིག་འཆི་ཐུབ་པར་ཤོག
རེད་རེད་དངོས་གནས་རེད་་་་་ཤུགས་ལྡན་པ་ཚོགས་ལ་ཡག་མ་བྱེད་་་་་་ཁོང་ཚོ་ག་པར་འགྲོ་ན་འགྲོ་་་་་ལམ་དབུ་མ་པ་འགྲོ་ན་ཡང་འགྲོ་་་་་་་ང་རང་ལ་དགོས་ཡག་དེ་རྒྱ་གར་ཞུང་གི་་་་་མ་ཕྱེས་བར་ུ་གནས་ཚང་གཡག་ན་དེ་ག་ཡིན་
ད་དེང་སང་བོད་མིང་མང་ཆེ་བ་གསོལ་ཚེ་ལ་འགྲོ་འདོད་ཡོད་པ་ཀྱང་རེད་འདུག་་་་་་ག་པར་འགྲོ་ན་ཡང་འགྲོ་་་་་སེམས་སྐྱེད་པོ་ངང་སྡོད་ཨ་གྲོགས་པོ་ཚོ་་་་་་་གཅིག་ནས་ཤུགས་ལྡན་པ་ཚོའི་བོད་མིང་སྐུ་ཚབས་བྱས་ནས་རྒྱ་ཡི་མཉམ་དུ་སྐད་ཆ་བཤད་འདུག་་་་་་་གོ་ཐོས་ལ་རྒྱ་གར་དང་བོད་ཡུལ་གནས་སྡོད་ཤུགས་ལྡན་པ་ཚང་མའི་བོད་ལ་ལོགས་ངེས་ཡིན་པ་འདྲ་་་་་་་་་ད་ཡིན་ན་སེམས་པ་སྐྱེས་པོ་འདུག་་་་་་ཤུགས་ལྡན་བ་ཚོ་རྒྱ་གར་དང་བོད་ཡུལ་ལ་མཐོང་རྒྱུ་མེད་ན་གོང་ས་མཆོག་ཐུགས་ལྷོད་ལྷོད་ངང་བཞུགས་གི་རེད་་་་་་གོང་ས་མཆོག་མཁྱེན་
ཡ གྲོགས་པོ་ཚོ། དངོས་ནས་བོད་པ་ཚང་གི་གླེན་རྟགས་ལ་རྫོགས་མཐའ་མེད་ཟེར་བ་ཅི་མ་བདེན། གོང་གསལ་དྲ་འབུ་སྐོར་ཞིག་གི་ཤེས་ཡོན་གོ་རྟོགས་ལ་བལྟས་ཚེ་བོད་པ་ཚང་གི་མ་འོངས་པ་མཐོང་གི་འདུག དངོས་ནས་ནར་མ་སོན་སླད་མ་ཞུགས་པའི་བྱིས་པ་བསམ་མེད་སྐོར་ཞིག་རྩེད་ར་ནས་མ་མཐུན་པར་ཁ་རྩོད་བྱས་པ་དང་གཅིག་འདྲ་རེད། སྙིང་རྗེ། གོ་རྟོགས་དེ་ཙམ་གྱིས་མི་རིགས་ཞིག་གི་གནད་དོན་དང་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཅིག་གླེང་རྒྱུར་ངོ་མི་གནོང་ངམ། མི་ཤེས་ན་ཁྱི་ཁ་སྐྱག་ཁ་ཚུགས་དང་ཀློའུ་རེད་ཟེར་མཁན་མེད། མི་གཞན་ལ་སེམས་སྡུག་དང་བློ་ཕམ་སྤྲད་འོང་བ་ལས་ཅི་ཡང་མི་འདུག། སྤྱིར་བོད་ཟེར་བ་འདི་ལ་གླེན་རྟགས་ཁ་ཚ་བ་མང་བོ་སྟོན་རྒྱུ་ཡོད་པ་ལོ་རྒྱུས་ལས་གསལ་བོ་རྟོགས་ཐུབ། མང་བོ་བཤད་འདོད་མེད། འདིར་སླེབས་ནས་སྐད་ཅིག་བཞག་པ་ཐོག་དང་པོ་ཡིན་ལ་ཆེས་ཐ་མའང་ཡིན་སྲིད། རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་བྱིས་པ་བསམ་མེད་སྐོར་ཞིག་གི་ཉོག་གཏམ་རྩོད་གླེང་ཁྲོད་ཞུགས་འདོད་མེད། ཡིན་ཡང་མཐོ་ས་ཞིག་ནས་ཅ་ཅོ་དུ་དུར་གྱི་བྱིས་པའི་རྩེད་ར་ཆུང་ཆུང་འདིར་ལྟད་མོར་བལྟས་འདུག་ངེས་ཡིན།
རྒྱ་དར་ཕྱར་མཁན་གླིང་ཚའི་རྒྱབ་ཏུ་ཟམ་གདོང་བླ་མ་ཡོད་པ་དེ། དྲྭ་གྲོགས་འགའ་ཤས་ཀྱིས་མཁྱེན་གྱི་ཡོད་མེད་པར་འདྲ་བོ་འདུག ན་ནིང་ཐོག་མར། གླིང་ཚས་རྒྱ་དར་ཕྱར་དུས་བསྟོད་བསྔགས་བཏང་མཁན་དེ་སུ་ཡིན་པར་ངོས་འཛིན་བྱོས། དེ་ནས་གསལ་ཡོང་། སྐད་ཆ་མང་པོར་བཤད་དགོས་དོན་མེད།
ལངས་ཡག་མེད་པ་་་་་་ཞེས་བཅོས་རོགས།
སྤོབས་པ་མཐའ་ཡས་འདི་མི་བསམ་ཡོད་ཅིག་ཡིན་བསམ་ཡང་དེ་རིང་བསམ་མེད་ཀྱི་སྐད་ཆ་ཞིག་བཤད་འདུག རྒྱ་རི་བློ་གྲོགས་བོད་དོན་གྱི་ཆེད་དུ་རྒྱ་ནག་ལ་སོང་བ་དང་སུད་སིའི་བོད་མི་ཁ་ལག་གི་ཆེད་དུ་རྒྱ་མིའི་གཞུང་ཚབ་ལ་སོང་བ་གཉིས་མཚུངས་སྡུར་བྱེད་པ་ནི་ལྐུགས་པའི་བྱེད་སྟངས་རང་རེད།
སྤོབས་པ་མཐའ་ཡས་འདི་ངའི་ནམ་ཀུན་ཤེས་ཡོན་གྱི་སྡོང་པོ་ཞིག་ཡིན་དང་་་་ད་ངས་འདི་ནས་འབྲས་བུ་ཟ་ཕོད་ས་མ་རེད་་་་ཤེས་ཡོན་ཅན་རྣམས་ཅུང་ང་ཚོར་ཕན་ཐོགས་ན་བསམས་བྱུང་ཡང་་་་ད་ཨ་ཁ་ཁ
མི་འདི་ཚོའི་ད་ལྟའི་གནས་ཚུལ་ཞིག་བཤོད་ཐུབ་མཁན་ཡོད་ན་པོ་འདུག་་་་་
སྤོབས་མཐའ་དང་ཨོ་ཉི་སྤྲུལ་དབང་འདི་དག་ཁ་བརྡའི་རྩིགས་རྡོ་རིལ་པོ་དེ་ཡིན་པར་ཁ་བརྡའི་མགྲོན་པོ་རྣམས་ཀྱིས་ཤེས་གསལ་རེད། ཆོས་ལུགས་སྐོར་བཤད་དུས་ལམ་སང་ཆགས་སྡང་རྨོངས་གསུམ་གྱི་གཏམ་གྱིས་དཀྲུགས། བོད་དོན་སྐོར་ཤོད་དུས་རྒྱ་ཚབ་བྱས་དེ་ཤོད་ཀྱི་རེད། མི་འདི་ཚོའི་སྤུས་ཀ་ཚང་མས་ཤེས་ཡོད། མི་འདི་ཚོ་བྱ་བརྒྱ་ཁ་ཤར་ལ་སྟོན་དུས་ནུབ་ཏུ་ཁ་སྟོན་མཁན་རེད་ད།
དབུ་ལམ་པ་དག་གིས་རྒྱའི་གཞུང་ཚབ་ཁང་དུ་གསོ་སྟོན་འགྲོ་རྒྱུ་ལ་ཁང་ར་བྱེད་རྒྱུ་ལྷག་མེད། ཁ་ཞེན་གཉིས་མེད་ཀྱིས་དབུ་ལམ་ལ་འབད་པ་ཡིན་ན་རྒྱ་ནག་གི་གཞུང་ཚབ་ཁང་དང་འབྲེལ་བ་དམ་པོ་བཟོ་ནས་ཁོང་ཚོའི་བཀའ་གསུང་སྒྲུབ་དགོས།
༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་བླ་མ་གཉིས་ཀྱིས་དབུ་མའི་ལམ་གྱི་དགོངས་གཞིའི་ཁྲོད་དུ་རྒྱ་གཞུང་ལ་གསོལ་སྟོན་ལ་འགྲོ་བ་དང་ཞི་བའི་འཐབ་རྩོད་བྱེད་དུས་རྒྱལ་དར་འཁྱེར་དགོས་མིན་ཁ་གསལ་བཟོ་དགོས། མ་འོངས་པར་བོད་པའི་མང་ཚོགས་ཁྲོད་དུ་དབུ་མའི་ལམ་ཟེར་བ་འདི་དང་འབྲེལ་བའི་གླེང་རྙོག་དང་འཁྲུག་རྩོད་ཅི་ཞིག་བྱུང་ན་དེའི་འགན་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གཉིས་ལ་ཡོད། དབུ་མའི་ལམ་ཟེར་བ་འདིས་བོད་པ་ནང་ཁུལ་ལ་འཁྲུག་རྩོད་ཆེན་པོ་ཞིག་བསླངས་ཉེན་འདུག
སུད་སིའི་མི་རབས་གསར་པའི་མཐུན་ཚོགས་ལ་ཐུགས་རྗེ་ཆེ་ཞུ། ད་དུང་ཡང་མི་དེའི་རིགས་ཐར་འདོན་བྱ་འོས། བོད་མི་རིགས་ལ་ཕན་འདོགས་མ་ཐུབ་ཀྱང་གནོད་པ་ནམ་ཡང་མ་སྐྱེལ་རོགས། ལས་སྒྱུ་འབྲས་ལ་འགྲོ་གི་མ་རེད།
ནོར་བཅོས། རྒྱུ་འབྲས། བོད་དོན་ལས་འགུལ་ནང་མ་ཞུགས་ན་མ་ཞུགས། ཁུ་སུམ་པོ་བྱས་ཏེ་སོ་སོའི་ལྟོ་གོས་འཚོལ་ནས་བསྡད་ཆོག མི་རིགས་འདིའི་བླ་མ་བཙོང་རོགས། གུ་ཇེ།
སྐབས་འཚོལ་པ་མང་པོ་འདུག་ག བོད་སྤྱི་བའི་དོན་དུ་བསམ་ཚུལ་སྣ་ཚོགས་པ་ཡོང་ན་ཆོག་གི་རེད། ཡིན་ནའང་སྟབས་ལ་བསྟུན་ནས་ཕུང་དཀྲུགས་ཀྱི་ལས་བྱེད་པ་འདི། དོན་ངོ་མས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་བརླ་བཙོང་མཁན་དག་རེད། དཔེར་ན། བསྟན་པ་མིང་ཅན་ལྟ་བུ་བསམ་རྒྱུ་དྲན་རྒྱུ་ཆེར་མེད་པར་སྟབས་ལ་བསྟུན་ནས་མགོ་གུག་གུག་བྱེད་མཁན་དྲན་པ་ཐང་བོ་མེད་པའི་རྟགས་རེད། ཟམ་གདོང་རིན་པོ་ཆེ་ལྟ་བུ་མཁས་དཔྱོད་མཁྱེན་ལྡན་སུ་ལ་ཐུག་རུང་བསམ་ཚུལ་མི་མཐུན་ས་གླེང་ནས་གསལ་བོ་བཟོས་ན་འགྲིག་དང་འགྲིག དོན་མེད་ལ་ངར་ངར་ཤོར་ཤོར་བྱེད་མཁན་འདི་རིགས་འདོམས་ཀྱི་ཕོ་མཚན་ཡང་གང་ལ་སྦྱར་དགོས་མི་རྟོགས་པར་གཅེར་བུ་ཡིན་ཚད་སྒང་ལ་མཆོངས་འགྲོ་བ་འདྲ།
དྲ་གྲོགས་མང་པོ་ཞིག་གིས་དབུ་མའི་ལམ་གྱི་དོན་རྟོགས་མེད་པ་འདྲ། དབུ་མའི་ལམ་ནས་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་རྒྱ་གཞུང་གིས་ཅི་གསུང་བཀའ་སྒྲུབ་ཞུས་ནས་རྒྱ་གཞུང་གི་འོག་ལ་འཛུལ་འགྲོ་བའི་དོན་མ་རེད། དེས་ན་དབུ་ལམ་ལ་འགྲོ་མཁན་ཚོ་རྒྱ་མིའི་གཞུང་ཚབ་ཀྱི་སྐུ་འགྲོན་ལ་འགྲོ་དགོས་པ་དང་རྒྱ་དར་འཕྱར་དགོས་པ་སོགས་བཤད་པ་ནི་དབུ་མའི་ལམ་གྱི་ནང་དོན་ཡག་པོ་ཤེས་མེད་པའི་རྟགས་རེད།
བོད་མི་རིགས་ཀྱི་ཞབས་འབྲན་དང་རྒྱ་དམར་གྱི་རྒྱུ་ཁྱི་དེ་ཚོ་ལ་ང་ཚོས་བོད་མི་ཡོང་གི་ས་ཆ་ག་བ་ཐུགས་ན་ཞབས་འབྲན་དང་རྒྱ་དམར་གི་རྒྱུ་ཁྱི་ལབ་ནས་མི་མང་ནང་ལ་དུས་རྟག་ཏུ་སྨ་འབེབས་བྱས་རོག་མི་ཚང་མ་གི་་་ཕྱི་དགྲ་ལས་ནང་དགྲ་དེ་སྡུག་བ་ཡོད་ཟེར་བའི་དཔེ་གཏར་་་་ཞབས་འབྲན་བླ་འཚོང་མི་དེ་ཚོ་ཡིན་་་ངོ་བསྒོར་མཐའ་ཅིག་དུ་ཡོད་
ངོ་མ་ཐུགས་རྗེ་ཆེ། ཡིན་ན་ཡང་ང་ཚོ་མཆན་རྒྱག་མཁན་སུ་ཡིན་རུང་གླེང་གཞི་དེ་དང་འབྲེལ་བའི་བཀའ་མོལ་གནང་རྒྱུ་དང་ཡང་ན་བོད་སྤྱི་ལ་ཕན་པའི་བསམ་ཚུལ་བཤད་རྒྱུ་ལས་མི་སྒེར་གྱི་འགལ་ཟླ་དང་འཁོན་འཛིན་ལས་འཕྲོས་པའི་འཆལ་གཏམ་བཤད་ན་ཕན་པ་ལས་གནོད་པ་ཆེ་བ་མཐོང་སོང་པས་ཐུགས་ལ་འཛིན་རོགས་གནང་།
སྤྲུལ་དབང་ཆེན་ཟེར་བ་དེ་ནི་རྒྱ་ཕྱོགས་འཛིན་ནས་སྐད་ཆ་བཤད་མཁན་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་སྤོབས་པ་མཐའ་ཡས་ཀྱིས་དེ་རིང་བསམ་མེད་ཀྱི་སྐད་ཆ་དེ་འདྲ་གང་རེད། དམིགས་བསལ་སྐུ་ཚབ་རྒྱ་ནག་ལ་གྲོས་མོལ་འགྲོ་བ་དང་གཅིག་པ་རེད་སྙམ་པ་སེམས་ནང་ངོ་མ་དྲན་ནས་རེད་དམ། ཡང་ན་རྩེད་མོ་རེད།
བལྟས་ངན་རང་རེད་མི་ངན་དེ་ཚོའི་ཁ་ལ་རྒྱ་གཞུང་གི་སྐྱག་པ་སྤྲད་ཀྱང་དངོས་གནས་ཟ་ས་རེད་ཁྱི་རྒྱན་དེ་རིགས་དངོས་གནས་ད་ལྟའི་བོད་ནང་གི་ཡ་ང་བའི་གནང་སྟངས་དེ་རྦད་དེ་བརྗེདཔ་ཡིན་པ་རེད་ཁྱེད་སུད་སིར་གཞུགས་མི་ཞིག་གི་ངའི་ཚབ་བྱས་ནས་ཁྱི་རྒན་དེ་ཚོའི་ཁ་ལ་འཆིལ་མ་ཞིག་གཏོར་རོགས་གནང་ཐུགས་རྗེ་ཆེ་
དབུ་ལམ་རྗེས་འཇུགས་པ་ཚང་མའི་རྒྱའི་ཁྱི་རྒན་རེད་ད་
སྐད་ཆ་ག་རེ་བཤད་ཀྱང་གནས་ལུགས་དང་བསྟུན་ནས་བཤད་ན་གོ་རྒྱུ་ཡོད། དེ་མིན་ཆོ་མེད་བཤད་ནས་ཅི་བྱེད། གང་ལྟར་མི་རབས་གསར་པའི་ཚོགས་པ་དེས་ཕྱག་ལས་ཡག་པོ་གནང་གི་འདུག ཡག་པ་རེད། མི་དེ་རིགས་ཐེར་འདོན་མ་བྱས་ན་རིམ་བཞིན་མགོ་བོ་ཇེ་མཐོར་འགྲོ་གི་རེད། དེ་མིན་མཆན་རྒྱག་མཁན་ཁྲོད་ཆོ་མེད་པའི་སྐད་ཆ་ལུང་པ་གང་འདུག དེ་ཚོ་འགན་ཁྱེར་བའི་སྐད་ཆ་མ་རེད་ལ་གནས་ལུགས་ཡོད་པའི་ཕོ་གཏམ་དེ་བས་མ་རེད། དེར་བརྟེན་ཆོ་མེད་འཆོལ་གཏམ་བཤད་པ་ལས་བྷི་རག་གཅིག་བཏུངས་ནས་བསྡད་ན་ཡག་གི་མ་རེད་པས།
རྒྱ་ནག་གི་དཔོན་རིགས་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་་་་་མང་ཚོགས་ཀྱི་དཀྱིལ་ནས་འཐེན་འདོན་བྱེད་དགོས་ཀྱི་ཡོད་
ན་་་་་བརྡ་སའི་སྒྲིག་འཛུག་ནས་ད་བར་རྒྱ་ནག་གི་དཔོན་རིགས་ཚོ་དང་འབྲེལ་བ་བྱེད་ས་མ་རགས་འུ་ཐུག་ནས་སྡོད་ཡོད་མ་རེད་པས།
ཉི་མ་གཅིག་སྒྲིག་འཛུག་དེས་རྒྱ་ནག་དང་འབྲེལ་བ་བྱེད་ཀྱི་ཡོད་ན་ང་ཚོས་ལམ་སང་འཐེར་འདོན་བྱེད་དགོས་ཀྱིན་རེད་པས་གསུང་དང་། དེ་ཙམ་དུ་མ་ཟད་གོང་ས་མཆོག་རྒྱ་ནག་དང་འབྲེལ་བ་རྩ་བ་ནས་ཡོ་མ་རེད་སེ་ཚིག་ཐག་ཆོད་ནས་བཤད་ཐུབ་མཁན་ཡོད་པས།
ཡང་མིན་ན་་་་་མི་ཆེན་དཔོན་ཆེན་ཚོས་འབྲེལ་བ་བྱེད་ཆོག་པ་དང་མི་དམངས་ཉམས་ཆུང་ཚོས་མ་ཆོག་པ་དེ་འདྲ་རེད་པས་
ད་ཡིན་ན་དངོས་གནས་མགོ་འཐོམས་སོང་། གང་དྲག་ང་ཚོ་བོད་པ་ཟེར་ཡག་དེ་རྨོངས་དད་ཆེས་ཐག་ཆོད་ནས་ད་བར་བརྗེས་ལུས་ཐེབས་པ་རེད་ལ་ད་དུང་ག་དུས་བར་དུ་འདི་འདྲ་སེ་གནས་ཀྱི་ཡིན་ནམ་་་་་ཨ།།
ཨ་རྡུ་མན་འདི་ཡང་རྒྱ་ནག་གཞུང་ཚབ་ཀྱི་གསོལ་སྟོན་ལ་འགྲོ་མཁན་ཞིག་ཡིན་པ་ཐག་གིས་ཆོད་འདུག འདིས་ཁ་ལ་ཡང་འཆིལ་མ་ཞིག་བཏབ་ཤོགས་ལྷོ་འབྲུག་ལགས།
དེ་མ་བཤད་གྲོགས་པོ་ལགས་་་་་་ཁོང་གི་བཤད་པ་རྒྱུ་མཚན་འདུག་ད་་་་་་་དང་པོ་སྔོན་ལ་དར་དམར་འཕྱར་མཁན་དེ་འཐེན་རོགས་གནང་་་་་་དེ་ནས་རིམས་པས་གནང་ན་ག་འདྲ་འདུག་
རྣམ་རྟོག་སླང་མཁན་བོད་པའི་ཞབས་འདྲེན་པ་འདི་ཚོ་ལྕག་གསེག་ཚ་པོས་དབུར་ཏེ་རྒྱབ་དགོས་ལ། གདོང་ཐུག་རྒྱབ་ཚེ་སྲོག་བསླུས་སྟོང་གིས་འཛིན་ཡག་ཡིན། སུ་ཡིན་ཡང་ནམ་ཞིག་ཤི་དགོས་ལ་ཤི་བའི་ཚེ་ཞབས་འདྲེན་པ་ཞིག་གམ་ཡང་ན་རྒྱ་དམར་གྱི་མགོ་གཙོ་ཞིག་ལྔ་ལམ་དུ་མཉམ་དུའཁྲིད་རྒྱུ་བྱུང་ན་མགྱོད་པ་མེད། བོད་མི་རབ་གསར་པའི་རྒྱུན་ལས་ཚོས་ཧ་ལས་པའི་ཕྱག་ལས་གནང་བ་སྙིང་ནས་བཀའ་དྲིན་ཆེ། ནེའུ་ཡོག་ལ་ཡང་རྒྱ་རོ་དང་མཉམ་དུ་ལོ་གསར་གཏང་མཁན་ཡོད་པར་གོ་ཐོས་བྱུང་བས་དེ་དག་པར་དང་མིང་རག་ཚེ་ཡག་པོ་འདུག།
ཀུན་དགའ་ལགས་ཁྱོད་རང་དངོས་གནས་རྒྱ་དམར་གཞུང་ཚབ་མཉམ་དུ་ཁ་ལག་དང་ཤོག་ཁུག་དམར་པོ་ལེན་པས??????ཁྱོད་རང་ནས་ངེས་པར་དུ་གསལ་བཤད་དགོས་གལ་ཆེ། གལ་ཏེ་གསལ་བཤད་མ་བྱེད་ན་འབྱུང་འབྲས་ངན་པ་ཡོང་རྒྱུར་ངེས་།
ཀུན་དགའ་ལགས་ཞེས་པ་འདི་ནེའུ་ཡོག་བོད་གཞུང་དོན་གཅོད་ནང་ལ་རྒྱ་སྐད་སྡེ་ཚན་གྱི་ལས་ཀ་བྱེད་པོ་ཞིག་རེད་ལ། རྒྱ་དམར་གྱི་གཞུང་ཚབ་མཉམ་དུ་ཁ་ལག་དང་ཤོག་ཁུག་དམར་པོ་ལེན་པ་ལ་བསམ་ཚུལ་དྲ་གྲོགས་ཚོས་གསུང་རོག།། ང་ཚོ་དྲ་གྲོགས་ཚོ་དམངས་གཙོའི་སྨྲ་རྗོད་རང་དབང་ལ་ལོན་སྤྱོད་རོག། སྤྲུལ་སྐུ་དབང་ཆེན་མཆོག་ནས་ཀུན་དགའ་ལག་རྒྱ་རོའི་གཞུང་ཚབ་ཀྱི་ལས་བྱེད་པ་མཉམ་དུ་ཁ་ལག་དང་ཤོག་ཁུག་དམར་པོའི་སྐོར་ལ་བདེན་དཔང་གང་མང་སྤེལ་རོག།
གོང་དུ་མཁན་འགོད་པ་ནས་དབང་འདུས་དང་སྤོབས་མཐའ་མིང་ཅན་པ་ཉུང་ཤས་ཀྱི་ལོག་འཆར་དང་ལོག་གཏམ་དེ་དག་ལས་གཞན་དྲང་དོན་ལ་གཉེར་མཁན་ཚོར་རྒྱབ་སྐྱོར་ཡོད་།
ཁག་ཅིག་དེང་སེང་དབུ་མའི་ལམ་ཞེས་བོད་རང་བདག་ཡོང་བའི་ལམ་སྲིད་བྱུས་ཀྱི་ལངས་ཕྱོགས་སམ་ལམ་བུ་དེའི་དོན་མི་གོ་བའི་དཀའ་ངལ་གང་མང་ཡོད་བཟོ་འདུག་པས་བོད་ཡིག་ཤེས་མཁན་དང་འདིར་ཕེབས་མཁན་ཚོར་སླར་ཡང་དབུ་ལམ་གྱི་བྱུང་རིམ་ངོ་སྤྲོད་ཞུ།
༄༅། །དབུ་མའི་ལམ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་དང་། བཙན་བྱོལ་བོད་གཞུང་མང་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན།
དེ་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང༌། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད།
དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་དང༌། དེས་འབྲེལ་ཡོད་ཕྱོགས་ཚང་མའི་དགོས་ངེས་ཀྱི་ཁེ་ཕན་རྣམས་འགན་ལེན་བྱེད་ཐུབ། དེ་ཡང་བོད་མིའི་ཕྱོགས་ནས་བརྗོད་ན། བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོས་འཛིན་བཅས་མི་ཉམས་རྒྱུན་འཛིན་དང༌། སྲུང་སྐྱོབ་བྱེད་ཐུབ་པ་དང༌། རྒྱ་ཕྱོགས་ནས་བརྗོད་ན། རྒྱལ་ཁབ་ཀྱི་བདེ་འཇགས་དང༌། མངའ་ཁོངས་གོང་བུ་གཅིག་བསྒྲིལ་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱོགས་གསུམ་པས་བརྗོད་ན། ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང༌། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོང་རྒྱུ།
དེ་ལྟ་བུའི་དབུ་མའི་ལམ་གྱི་བྱུང་རིམ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔ་མོ་ནས་དགོངས་པར་འཁོར་ཡོད་ཀྱང༌། དེ་འཕྲལ་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་མ་གནང་བར་ལོ་རབས་བདུན་ཅུ་པའི་འགོ་སྟོད་ཙམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང༌། བཀའ་ཤག འབྲེལ་ཆགས་མཁྱེན་རྒྱ་ཡངས་པའི་ཤེས་མྱོང་ཅན་མང་པོར་བཀའ་བསྡུར་དང༌། དགོངས་འཆར་བསྡུ་བཞེས་རིམ་པར་གནང་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་དམར་གྱི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་བཙན་རྩོད་གླེང་མ་གནང་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་ཅེས་དོན་སྙིང་ལྡན་པའི་གྲོས་འགོ་བཏོན་སྐབས། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དེ་སྔོན་ནས་ཕན་ཚུན་གཉིས་སྨན་གྱི་དགོངས་བཞེས་གནང་བཞིན་པ་དང་གཅིག་མཐུན་ལྟ་བུ་བྱུང་སྟབས། དེ་འཕྲལ་མཐུན་ཕྱོགས་ཀྱི་བརྡ་ལན་གནང་སྟེ་བོད་རྒྱ་ཞི་མོལ་གནང་རྒྱུར་མོས་མཐུན་ཐག་གཅོད་མཛད་ཡོད། དེ་ཡང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག མཁྱེན་རྒྱ་ཡངས་པའི་མི་སྣ་བཅས་པར་བཀའ་བསྡུར་གནང་འོས་གནང་སྟེ། བབ་ལྷིང་བརྟན་གསུམ་གྱི་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་ལས་གློ་བུར་དུ་བྱུང་བ་ཞིག་དང༌། ཡང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་ཐག་བཅད་དེ་གཞུང་དང༌། མི་མང་ལ་བཙན་འགེལ་གནང་བ་མིན་པར་ཞིབ་ཕྲའི་བྱུང་རབས་ངེས་ཅན་ཡོད་པ་ཞིག་ཡིན།
དབུ་མའི་ལམ་ནི་མང་གཙོའི་ལམ་སྲོལ་ཐོག་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན།
ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སི་ཏྲས་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་མ་གནང་གོང༌། བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ་ ༦ ཚེས་ ༦ ནས་ཉིན་བཞིའི་རིང་བོད་མི་མང་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་རྣམ་པ། གཞུང་ཞབས། བོད་མིའི་སྡོད་སྒར་ཡོངས་རྫོགས་ཀྱི་ས་གནས་འགོ་འཛིན་དང་མི་མང་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ནས་གསར་དུ་འབྱོར་བའི་འཐུས་མི། དམིགས་བསལ་མགྲོན་འབོད་གནང་བའི་མི་སྣ་བཅས་ཡོད་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཐོག་གོ་བསྡུར་སྦྱང་བཤད་གནང་མཐར་ཚང་མས་གོང་གསལ་གྲོས་འཆར་ལ་མོས་མཐུན་རྒྱབ་སྐྱོར་ཞུས་ཡོད།
གྲོས་འཆར་བཏོན་ནས་དུན་ཡུན་ལོ་ཤས་ཕྱིན་ཡང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་མ་བྱུང་བར་བརྟེན་སླར་ཡང་ཕྱི་ལོ་ ༡༩༩༦ དང་ ༡༩༩༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་པའི་ལམ་སྟོན་ཕེབས་པ་བཞིན། སྔོན་འགྲོའི་བསམ་ཤོག་བསྡུ་ལེན་སྐབས་བསམ་ཤོག་བརྒྱ་ཆ་ ༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་དང༌། ཡང་ན་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། དུས་ནས་དུས་སུ་ྋགོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར། དེ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་སྙན་གསན་ཞུས་པར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༨ ཀྱི་གསུམ་བཅུའི་གསུང་འཕྲིན་ནང་༼ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་འགྱོད་པ་མེད་པ་ཞིག་ཡོང་ཐབས་སུ་ངོས་ནས་མང་མོས་འོས་བསྡུ་བྱ་རྒྱུའི་བསམ་འཆར་བཏོན་པ་དེ་སྐོར་ན་ནིང་བཙན་བྱོལ་དུ་ཡོད་པའི་བོད་མི་དང༌། དེ་བཞིན་བོད་ནང་གི་མི་མང་གི་བསམ་འཆར་གང་ཐུབ་བསྡུ་ལེན་བྱས་པ་དང༌། ཁོང་ཚོའི་བསམ་འཆར་ཇི་ལྟར་བྱུང་བའི་ནང་ནས་མང་མོས་གཞི་རྩར་བཞག་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཐོག་ནས་གྲོས་ཆོད་བཞག་པ་དེའི་ནང་མང་མོས་འོས་བསྡུའི་ཐོག་ནས་ཐག་བཅོད་བྱ་རྒྱུ་ཕྱིར་འཐེན་ཡོང་བ་དང༌། ངོས་ནས་གང་དགེའི་ཐག་གཅོད་བྱེད་དགོས་ཞེས་འཁོད་འདུག མི་མང་ནས་ངོས་ལ་རེ་བ་དང༌། ཡིད་ཆེས་བློས་འགེལ་དེ་ལྟ་བུ་བྱས་པ་ལ་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ལག་ལེན་འཁེལ་ཐུབ་པ་ཞིག་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང༌། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན།༽ ཞེས་གསུངས་པ་ལྟར། མི་མང་གི་བསམ་འཆར་དང༌། གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་ཡོད།། ༎
གོང་འཁོད་དཔར་ཁག་དང་ནེའུ་ཡོག་ཀུན་དགའ་ལགས་བཅས་ཀྱི་གནས་ཚུལ་ངོ་མ་དཔང་རྟགས་ར་འཕྲོད་ཡོད་ན། དངོས་གནས་རྙོག་དྲ་རེད། གཏམ་སྦིར་ལངས་ཟིན་པས་ voa and rfa གནས་ཚུལ་འདི་ཚོའི་རིགས་མེ་སྟག་མ་མཆེད་གོང་རྙོག་གླེང་གིས་གསལ་ཁ་གཏོད་དགོས། དེ་མིན་དྲ་རྒྱ་སོགས་གང་ནས་ཀྱང་སྐབས་བབ་འབྲེལ་ཡོད་ཚོས་སྣང་མེད་དུ་མ་སོང་གལ་ཆེ།
འོན་ཀྱང་དངོས་གནས་ཡིན། ལོ་གསར་གསོལ་སྟོན་འགྲོ་བ་ཙམ་ཉིད་ཀྱིས་ཛ་དྲག་སྦིར་ལོང་བྱས་ན། གལ་སྲིད་འདི་རྒྱ་མིས་ཆེད་མངགས་ནང་དཀྲུག་སླད་བརྩམས་པ་ཡིན་ན། དེའི་དགོས་དོན་འགྲུབ་ཉེན་ཡོད།
དབུ་མའི་ལམ་གྱི་སྲིད་ཇུས་ནང་། རྒྱ་ནག་གཞུང་ཚབ་ལ་གསོལ་སྟོན་འགྲོ་རྒྱུ་དང་། རྒྱ་དར་དམར་པོ་འཕྱར་དགོས་ཞེས་སུས་གསུང་འདུག ཡང་འོན་ཀྱང་ རྒྱ་རིགས་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་སྐད་ཆ་བཤད་ནས་འགྲིག་ཐབས་མ་བྱས་ན་ཐབས་ལམ་གཞན་གང་ཡོད།
ངོས་རང་ལ་རྒྱ་མི་ཧན་རིགས་ཞིག་ཐུག་སྐབས་ཞོར་གླེང་དུ་ཁོ་རང་ཨ་རི་ལ་དགའ་མོས་མེད་པ་དང་བོད་སྐོར་ཡང་ཕྲན་བུ་ཤེས་རུང་མཐའ་གཅིག་ཏུ་རྒྱ་བདེན་པ་ཡིན་སྐོར་དང་། ལྷག་པར་ཏཱ་ལའི་བླ་མས་སྐྱག་རྫུན་ཤ་སྟག་བཤད་ཀྱི་ཡོད་རེད་ཅེས་བརྗོད་སོང་། སྙིང་རྗེ་སྒེར་གྱི་བསམ་ཚུལ་རེད། འགྲེལ་བརྗོད་གང་འཚམས་ཞུས་ཀྱང་ང་རྒྱལ་ཆེ་སེ་འདུག་པས་གཡོལ་ཐབས་བྱས་སོང་།
ཀུན་དགའ་ལགས་ནས་གཞུང་ཚབ་ཏུ་གསོལ་སྟོན་ཕེབས་པ་མ་ཟད་ཤོག་ཁུག་དམར་པོ་བླངས་ཡོད་ན། དངོས་གནས་ཞིབ་འཇུག་ཡག་པོ་བྱ་དགོས། དོན་གཅོད་ལས་ཁུངས་འབྲེལ་ཡོད་པ་ཚོས་དེ་ལྟར་གནང་བར་བཤད་རྒྱུ་ཞིག་ཡོད་སྲིད་ལ་གནས་ཚུལ་ངོ་མ་ཇི་ཡིན་དཔྱད་ཞིབ་གསེད་བཀྲོལ་གནད་ཆེ། དངོས་ཡོད་དེ་ལྟར་ཡིན་ཐ་ཤལ་ཞབས་འདྲེན་རེད།
ཟམ་གདོང་རིན་པོ་ཆེས་རྒྱ་དར་འཕྱར་བར་རྒྱབ་སྐྱོར་གནང་བའི་ཁུངས་སྐྱེལ་གང་ཡོད་དམ། ཤེས་འདོད་བྱུང་སོང། སྒེར་པ་སུས་ཀྱང་དར་དམར་མ་ཟད་རྒྱ་ཕོགས་བླངས་ནས་ནང་ཁུལ་དཀྲུག་ཀྱང་འདོད་མོས་རེད། མགོ་བཙུགས་ནས་འག྄ོ་ན་ཡང་རང་དབང་རེད། འོན་ཏང་རང་དབང་རང་སྐྱོང་གི་ནམ་མ་ལངས་པར་དར་དམར་འཕྱར་རྒྱུའི་བྲེལ་ཟིང་གི་ཉི་མ་ཤར་བ་ནི། དངོས་གནས་འོས་
འཚམས་མ་རེད་ལ་ཐལ་ཆ་རེད།
དངོས་གནས་རིགས་ལྡན་རྒྱ་པོ་་ལགས་ཀྱི་གསུང་པ་དེ་དེ་བཞིན་་ནོ། སྤྲུལ་སྐུ་དབང་ཆེན་ནས་ཀུན་དགའ་ལགས་རྒྱ་རོའི་གཞུང་ཚབ་ཀྱི་ལས་བྱེད་པ་དང་མཉམ་དུ་ཁ་ལག་ཟས་པ་དང་ཤོག་ཁུག་དམར་པོ་ལན་པའི་སྐོར་བཀོད་འདུག། གུས་པས་དེའི་སྐོར་ཁ་གསལ་དང་དཔང་རྟགས་གང་མང་གསུང་རོག་ཞེས་ཞུ་སྐོར་བྱེད་ཡོད། ཡང་ད་ལོ་གསར་སྐབས་དོལ་ཚོགས་གང་མང་ཞིག་ནེའུ་ཡོག་རྒྱ་རོའི་གཞུང་ཚབ་ཁང་ལ་ལོ་གསར་སྤྲོད་སྐྱིད་གཏང་བའི་སྐོར་ཞིག་དྲ་རྒྱའི་ཐོག་ལ་བཀོད་འདུག། མི་རབ་གསར་པའི་མཐུན་ཚོགས་དང་མཉམ་དུ་དེ་ཚོའི་མིང་དང་ལུང་ཚན་བཅས་དྲ་རྒྱའི་ཐོག་བཀོད་ཐུབ་ན་ཡག་པོ་འདུག། ནེའུ་ཡོག་བོད་གཞུང་དོན་གཅོད་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ལས་བྱེད་པ་ཀུན་དགའ་རྒྱ་རོའི་དྲི་མ་ཁ་ན་ཆུས་བཀྲུ་བའི་དུས་ལ་བབས་སོ། འདི་སྐོར་སྤྲུལ་སྐུ་དབང་ཆེན་ལགས་ནས་མང་ཙམ་གསུང་རོག་ཞེས་ལེན་རྒྱར་རེ་བ་དང་བཅས་སོ།