གཉན་མདང་ཕོ་ཉ།
————
༄༅། །ཕྱི་ལོ་༢༠༠༨་ཟླ་བ་༤་ཚེས་༡༡་དགོང་མོར་ང་རང་གཉིད་ནས་ཡོད། འོན་ཀྱང་ངའི་འཁྲིས་ཀྱི་ཁ་པར་ལས་སུ་ཞིག་གིས་ཁྱོད་ལ་ཁ་པར་སླེབས་སོང་བའི་བརྡ་གཏང་བྱུང་། ངས་ཁ་པར་བླངས་ནས་ཉོན་དུས་ངའི་ནམ་རྒྱུན་གྱི་གྲོགས་པོ་ཞིག་ཡིན་པ་ཤེས། དེ་དུས་ངས་ཆུ་ཚོད་ལ་བལྟ་དུས་མཚན་མོའི་ཆུ་ཚོད་ ༡༡ རེད་འདུག དེ་ནས་ངེད་གཉིས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་མཚན་གུང་ཆུ་ཚོད་དང་པོའི་བར་གཏམ་གླེང་ལྷུང་པོར་བྱུང་། དེའི་རིང་ཁོང་དང་ངས་སེམས་ ཚོར་མི་ཉུང་བ་ཞིག་གླེང་རེས་བྱས་པའི་བར་མཚམས་ཞིག་ལ། ང་གཉིས་ཀྱིས་ནམ་ཞིག་འཆི་ངེས་པའི་དུས་དེར་ཇི་ལྟར་འཆི་སྲིད་པའི་སྐོར་ལ་སྐད་ཆ་བྱས། མཚམས་དེར་ངས་ཧང་སངས་པའི་གནས་ཚུལ་ཞིག་ཐོས་བྱུང་།
༼གྲོགས་པོ་ལགས། ཁྱེད་ཀྱིས་ཡི་གེ་འདི་འདི་ནས་ཀློག་མཚམས་བཞག་སྟེ། དེ་ཅི་ཞིག་ཡིན་པའི་ཐོག་ལ་ཚོད་དཔག་ཞིག་གནང་དང།༽ ་་་་་་་་་་་་་་་་་་་་་་་་་་་་་་
འོ་ཡ། ད་ངས་ཁ གསལ་གཏིང་གསལ་བྱེད་ནས་བཤད་ཆོག དེ་ཡང་ངའི་གྲོགས་པོས་གསུངས་དོན་ནི། ཁོ་བོར་མཆིན་པའི་གཉན་ནད་ཡོད་སྟབས་རྗེས་མ་ན་ཚ་ཇེ་སྡུག་ཏུ་འགྲོ་བ་དང། ངས་ན་ཚ་དེའི་གཟེར་ཟུག་སོགས་མྱོང་མི་བསྡད་པ། ལམ་སེང་དུག་མཐུང་ནས་འཆི་ཐབས་བྱེད་ཀྱི་ཡིན་ཟེར། ངས་དེ་འདྲ་མི་རུང་བའི་སེམས་གསོ་ཕྱོགས་གང་འཐད་ནས་བྱས་ཁར། འཇིག་རྟེན་མིའི་འགྲོ་ལུགས། དམ་པའི་ཆོས་ཀྱི་བཤད་ལུགས་སོགས་གང་ལ་བསམས་ཡང་དེ་ལྟར་ནམ་ཡང་མི་རུང་བའི་ལམ་སྟོན་ཅི་དྲག་དྲག་བྱས་ཀྱང་། ཁོང་གིས། དེའི་ན་ཚ་དེ་མར་ལན་གཅིག་ཐུ་སོང་ན། ཡང་བསྐྱར་དྲག་བསྐྱེད་ཡོང་རྒྱུའི་རེ་བ་མེད་ངེས་པ་རེད། དེར་བརྟེན་གཉེན་ནེ་དང་རོགས་པ་རྣམས་ལ་དཀའ་ངལ་དང་། རྒྱུ་དངོས་ཀྱི་འགྲོ་སོང་སྟོང་ཟད་དུ་མི་འགྲོ་བ། མ་ཟད་རང་གིས་ཀྱང་ཉིན་རྟག་པ་ན་ཟུག་གི་མནར་གཅོད་དེ་མྱང་ནས་སྡུག་བསྔལ་ཁུར་མི་བསྡད་པ། ངས་ནི་དེ་རང་ལ་བློ་ཐག་བཅད་ཡོད་ཅེས་ཨུ་ཚུགས་གནང་གིན་འདུག ངས་ཡང་བསྐྱར་རེ་བ་རྒྱུན་བསྐྱང་སྟེ་ཁོང་ལ་བཤད་པ། སྤྱིར་བཏང་མཆིན་པའི་གཉན་ནད་དེ་ན་ཚ་ཐུ་མོ་རེད་ཀྱང་། དེ་སང་མཚན་རྩལ་ཡར་ཐོན་ཅན་གྱི་དུས་ཚོོད་འདིར་དེ་འདྲའི་འུ་ཐུག་དགོས་པའི་གནད་དོན་ཞིག་ཡིན་མི་སྲིད། གང་ཡིན་ཟེར་ན། དང་པོ་རྒྱ་བོད་ཀྱི་སྨན་པ་དང་། སྨན་ཁང་སོགས་ལྷ་བླ་མའི་མདུན་ནས་མོ་བརྟགས་ལེགས་པོར་ཞུས་ཏེ། སྨན་པ་རྒྱུན་བསྟེན་བྱས་ན། དྲག་བསྐྱེད་ཡོང་བའི་གནས་ཚུལ་དེ་འདྲ་གོ་རྒྱུ་འདུག དེ་ཡང་རང་གཞུང་སྨན་རྩིས་ཁང་གིས་སྔ་ཕྱི་གཉིས་ལ་མཆིན་པའི་གཉན་ནད་ཆེད་དུ་བོད་སྨན་གསར་བསྡུ་གནང་སྟེ། དེང་སང་ལག་ལེན་བསྟར་བཞིན་པ་འདིས་ཀྱང་ཁ་ཤས་ལ་ན་ཚ་སེང་དྲག་སོང་བའི་ལོ་རྒྱུས་དེ་འདྲ་འདུག གཞན་ཡང་དེ་སང་ཕྱི་ལུགས་སྨན་པས་ཀྱང་མཆན་པ་བཤག་བཅོས་ཀྱི་ལམ་ནས་མཆིན་ནད་བཅོས་བཞིན་པའི་གནས་དེ་འདྲའང་འདུག་པས། ཁྱེད་ཀྱིས་ནམ་ཡང་དེ་འདྲའི་ཅོལ་ཆུང་གི་བསམ་རྣོ་བཏང་ནས་མི་ཚེ་ལ་སྡོམ་རྒྱབ་མི་ཉན་ཞུས་ཡིན།
ཡང་བསྐྱར་ཁོང་གིས། ངས་སྨན་ཁང་ཁག་མང་པོར་བསྟན་ཟིན། ཁོང་ཚོས་དང་ཐོག་ཁྲག་བརྟགས་དཔྱད་རིམ་པ་མང་པོར་བྱེད་ཀྱིན་འདུག་ལ། གློག་དཔར་ཡང་མང་པོར་རྒྱབ་ཀྱིན་འདུག དེ་ནས་ན་ཚ་ལ་ཉན་ཁ་གས་མི་འདུག སྨན་ལོ་གཅིག་ལ་ཟོས་དང་། དྲག་བསྐྱེད་ཡོང་གི་རེད་ཟེར་ནས་༼ཟླ་བ་རེའམ་ཟླ་བ་གསུམ་རེའི་༽སྨན་མང་པོ་ཞིག་སྤྲད་དེ། འདི་རྫོགས་རྗེས་ཡང་བསྐྱར་སྨན་ཁང་ལ་ཤོག་ཟེར་གྱིན་འདུག ཡང་སྐྱར་འགྲོ་དུས་སྔོན་མ་བཞིན་ཡང་ཁྲག་བརྟགས་དཔྱད་དང་གློག་པར་མང་པོ་ཞིག་རྒྱབ་ཀྱིན་འདུག ད་རུང་ཁོང་ཚོས་སྨན་དེ་བརྗེ་བོ་རེར་རྒྱབ་ནས་ན་ཚ་ཡག་པོ་འདུག
སྔོན་མ་ལྟར་སྨན་འདི་རྫོགས་དུས་མར་ཤོག་ཟེར་གྱིན་འདུག ང་རང་དེ་ལྟར་བྱས་ནས་ལོ་ངོ་གཅིག་མི་དགོས་དང་། ལོ་གསུམ་ཏག་ཏག་ཕྱིན་སོང་། ང་དེ་ལྟར་འགྲོ་ཐེངས་རེར་ཧིན་སྒོར་སྟོང་ཕྲག་བརྒྱད་དགུ་རེར་དེ་འདྲ་སྤྲོད་དགོས་ཀྱིན་འདུག ཡིན་ནའང་ངས་སྒོར་མོ་ཐབས་ཤེས་བྱས་ནས་རེ་བ་ཆེན་པོ་ཞིག་དང་ཡིད་ཆེས་གཙང་མ་ཞིག་བྱས་ནས་མུ་མཐུད་དེ་ཕྱིན་ཡིན། རེད་དེ། ལོ་གསུམ་གྱི་རྗེས་ལ་ང་སྨན་ཁང་དུ་འགྲོ་དུས་ང་རང་འུ་ཐུག་བྱུང་། ངས་ཁོང་ཚོར་བཤད་རྒྱུར། ད་ནི་ལོ་གསུམ་ལ་སྨན་ཟས་ཚར་ཡིན། ད་ན་ཚ་གང་འདྲ་འདུག ལོ་གསུམ་གྱི་ནང་དྲག་བསྐྱེད་ག་ཚོད་བྱུང་འདུག་ཅེས་འདྲི་དུས། ཁོང་ཚོས་ད་ནི་ན་ཚ་སྡུག་ཏུ་འགྲོ་གིན་འདུག ད་ནས་བཟུང་སྟེ་སྨན་གོང་ཆེན་པོ་དེ་འདྲ་ཟ་དགོས་ཀྱི་རེད་ཟེར།
ང་རང་ཧང་སངས་སོང་ དེ་དང་མཉམ་དུ་ངས་སྒོར་མོ་ཡོད་ཚད་ཁྱེར་འགྲོ་བའི་ཇག་པ་ཞིག་ཅིས་མིན་ནམ་དྲན་ནས། སེམས་སྐྱོ་ཞིང་ཡིད་ཕམ་ནས་ངའི་ལག་ནང་དུ་ཡོད་པའི་ཁོང་ཚོའི་ཡིག་ཆ་དེ་ཚོ་སྨན་པ་གང་གི་གདོང་པ་ལ་སྟོར་ནས་ཡོང་ཡིན། ཉིན་དེ་ནས་བཟུང་ངས་སྨན་པ་བསྟེན་རྒྱུར་མཚམས་བཞག་ནས་བསྡད་པ་ཡིན། འོན་ཀྱང་སྔོན་མ་བཞིན་ལུས་པོ་ལ་མི་བདེ་བའི་དཀའ་ངལ་དེ་འདྲ་་ཅང་མི་འདུག་ཞེས་ཁོང་གིས་གསུངས་བྱུང་། དེ་ནས་ངས་ཀྱང་ཅི་བཤད་འདི་བཤད་མེད་པར་ང་གཉིས་རེ་ཞིག་ཁ་ཁུ་སིམ་པོའི་ངང་ལུས་སོང་།
ཅུང་མ་འགོར་བ་ངས་སྔོན་མའི་སྐད་ཆ་བཤད་འཕྲོ་ཞིག་དྲན་བྱུང་། ངས་ཁོང་ལ། ད་བོད་སྨན་བསྟེན་ན་གང་འདྲ་འདུག བོད་སྨན་ལ་འགྲོ་སོང་ཆེན་པོ་དེ་འདྲ་ནི་ཡིན་ཚོད་མི་འདུག་བྱས་ཡིན། ཁོང་གིས་ངས་བོད་སྨན་ཀྱང་སྔོན་མ་མང་པོ་ཟས་ཡིན། དེ་ག་རང་རེད། ག་ཚོད་ཟས་ན་ན་ཚ་དྲག་བསྐྱེད་ཡོང་གི་འདུག་ཟེར་རྒྱུ་མི་འདུག ལོ་དང་ཟླ་བ་བྱས་ནས་ཟས་ཚར་ཡིན་ཟེར།
དེ་ནས་ངས་ཁོང་ལ་དུག་འཐུང་མི་རུང་བ་བཤད་དགོས་པ་ཤེས་ཀྱི་འདུག་ཀྱང་། ཁོང་གི་དཀའ་ངལ་དེ་སེལ་བྱེད་ཀྱི་ཐབས་ལམ་གཞན་བསྟན་རྒྱུར་མ་རག་པ་ཁ་རོག་གེར་ལྷག་སོང་། མཐའ་མ་དེར་ངས་ཁོང་ལ། ཁྱེད་རང་སེམས་ཆུང་བྱ་ནས་ཁོག་སྡུག་བྱེད་མ་བསྡད། མི་ཚང་མ་ནམ་ཞིག་འཆི་དགོས་པ་ལས་ང་ལ་ན་ཚ་མེད་ཟེར་སྐྱིད་པོའིངང་བསྡད་འདུག་ཆོག་པ་དང་། ཁོ་ན་ཚ་ཡོད་རེད་ཟེར་ནས་འགྱོགས་པོར་འཆི་དགོས་པ་དེ་འདྲ་མ་རེད། བླ་མ་དག་གི་ཞལ་གདམས་ལས། ནམ་འཆི་ཆ་མེད། མཆི་རྐྱེན་ངེས་མེད། ཅེས་གསུངས་མི་འདུག་གམ།
གསོན་པོ་འདི་ཚང་མ་ཤི་ནས་འགྲོ་དགོས་པ་ལས་སུ་ལའང་དམིགས་བསལ་མེད་པ་རེད། ཅེས་བཤད་ནས་ང་རང་འུ་ཐུག་ཐབས་ཟད་ལྟ་བུས་སྐད་ཆ་དེ་་སྐྱོ་ལྷང་ལྷང་ངང་འཇུག་བསྡུས་པ་ཡིན།
གྲོགས་པ་ཚོ། ཁྱེད་ཚོས་རོགས་པ་ཞིག་བྱོས་དང་། ངས་ཁོང་ལ་ཅི་ཞིག་གི་ཐོག་ནས་སེམས་གསོ་དང་། གང་ཞིག་གི་ཐོག་ནས་ཆེས་ཞེད་སྣང་ཅན་གྱི་གནད་དོན་དེ་ལས་སྐྱབས་ཐབས་ཡོད་རེད་དམ།
དཀོན་མཆོག་མཁྱེན། ནད་པ་ཁོ་རང་གིས་བསམ་ཚུལ་ལས་སྨན་པ་དེ་ཚོ་ཇག་པ་དང་གཅིག་པ་རེད་ཟེར་བ་དེ་ནི་བདག་ཉིད་ཆེན་པོ་གན་དེ་ལྟ་ཚུལ་དང་གཅིག་པ་རེད། ངས་སྔོན་མ་གན་དེའི་དེང་སང་གི་སྨན་པ་དང་སྨན་ཁང་གི་སྐོར་གྱི་ལྟ་ཚུལ་དེ་གློག་མྱོང་། དེའི་སྐབས་སུ་ངས་རྩོམ་ཡིག་དེའི་ནང་དོན་རྩ་ནས་ཧ་མ་གོ་བར་ལོག་ལྟ་ཡང་སྐྱེས་མྱོང་། འོན་ཀྱང་རྗེས་སུ་རིམ་པས་དེ་ལ་གོ་རྒྱུ་གཏིང་ཟབ་པོ་ཅིག་འདུག
དེ་ནས་ནད་པ་དེ་རང་སྲོག་རང་གིས་གཅོད་རྒྱུ་ཟེར་བ་དེ་ཡག་པོ་རྩ་ནས་མ་རེད། འོན་ཀྱང་མཆིན་པའི་གཉེན་ནད་སྐོར་ལ་གཡུ་སྙིང་ཉེར་ལྔ་འཐུང་ན་ཕན་པ་ཅིག་གོ་མྱོང་ལ། རྡ་ས་སྨན་རྩིས་ཁང་ན་དམིགས་བསལ་སྨན་ཅིག་བཟོས་ཡོད་ན་དེ་ཚོ་བསྟེན་ན་ཐབས་ཤེས་མེད་པ་ནང་གི་ཐབས་ཤེས་ཅིག་རེད། འདི་ལ་དྲག་བསྐྱེད་བྱུང་བ་ཡང་གོ་རྒྱུ་འདུག
ཡི་གེ་འདི་རྙིང་པ་ཞིག་རེད། ལོ་གཅིག་གི་སྔོན་གྱི་རེད། གཅིག་བྱས་ན་ནད་པ་དེ་ཤི་སོང་ན་ཐིང། མཆིན་པའི་འགོ་ནད་འདི་འཇིགས་སྣང་ཅན་ཅིག་རེད། བོད་ནང་གི་བརྒྱ་ཆའི་སུམ་ཅུ་ནས་བཞི་བཅུ་ལ་མཆིན་པའི་འགོ་ནད་བྱུང་འདུག་ཟེར། མཆིན་ནད་འདི་དང་ཨེ་ཛི་གཉིས་ཀས་བོད་མི་ཚང་མ་བསད་ནས་ཚར་སྲིད་པ་རེད་ཟེར། དེང་སྐབས་རྒྱ་ནག་གིས་འཕྲོད་རྟེན་ལས་ཁོར་ཡུག་སྲུང་སྐྱབས་གཙོ་བོར་བཤད་ཁ་བྱས་ནས་བོད་མི་ལ་འདུག་ས་སྡོད་ས་མེད་བྱེད་གིནའདུག མཆིན་ནད་འདི་ལ་རིགས་A, B,C,སོགས་མང་པོ་ཡོད་པ་རེད། A ཡིན་ན་ལམ་སང་ཤི་འགྲོ་ས་རེད། C ནི་ཅུང་ཤེས་དཀའ་བ་ཞིག་ཡིན་པ་འདྲ། ཕལ་ཆར་ཁོ་ལ་བྱུང་ཡོད་པ་B ཡིན་པ་འདྲ། བོད་པ་ལ་འདི་མང་བ་བྱུང་གི་ཡོད་ནི་རེད་། མཆིན་ནད་འདི་ཁྲག་གི་ན་ཚ་ཞིག་རེད། ནུབ་ཕྱོགས་པའི་སྨན་པའི་བཤད་ན་ནད་འདི་དྲག་མི་ཐུབ་ཟེར་། ཡིན་ནའང་འདིའི་ནང་གི་རིགས་ཁ་ཤས་ལོ་བརྒྱ་ལྷག་ལ་ཡང་འཚོ་གནས་བྱེད་ཐུབ་ཟེར། འདི་ལ་བོད་སྨན་ལས་ཕན་པ་ཞིག་ས་ཐོག་འདི་ན་མེད། དཔེར་ན་ངའི་གྲོགས་མོ་ཨ་མདོ་ཅོ་ནེ་གི་ཡིན། མའི་ཨ་མ་ལ་མཆིན་ནད་འདི་བྱུང་བ་རེད།རྒྱའི་སྨན་ཁང་ནང་ རྒྱ་སྒོར་ཁྲི་ལྔ་ལྷག་འགྲོ་སོང་བཏང་བ་རེད། ཉལ་སའི་ནང་་ལང་མི་ཐུབ་པ་ཆགས་པ་རེད། མཐར་རྒྱའི་སྨན་པའི་དྲག་མི་ཐུབ་གི་ཡུལ་ལ་སོང་ཟེར་ནས་བཅོས་ཐུབ་མེད་སོང་བ་རེད། དེ་ནས་ཟི་ལིང་ན་ཡོད་པའི་འཇིགས་མེད་བོད་སྨན་ཁང་ལ་བསྟན་པ་རེད། དེ་ན་མཆིན་པའི་སྨན་ལ་རིན་གོང་རབ་འབྲིང་ཐ་གསུམ་ཡོད་ཀི སྨན་གོང་ཆེ་ཤོས་ལ་ཟླ་གཅིག་གི་སྨན་ལ་རྒྱ་སྒོར་བདུན་སྟོང་རེད། ཟླ་གསུམ་གྱི་སྨན་འཐུང་ནས་ད་སྐབས་སངས་དྲག་གི་སོང་འདུག་ཟེར།
རྒྱ་ནག་གི་བརྒྱ་ཆའི་བཅུ་མཆིན་པའི་འགོ་ནད་Hepatitis B ཟེར་འདི་ཡོད་པ་རེད། བོད་ནང་དེ་ལས་མང་པ་རེད་ཟེར། ནད་འདིའི་བྱུང་ས་གཙོ་བོ་ཆགས་སྤྱོད་ལས་ཡོང་གི་ཡོད་པ་རེད། Hepatitis B is recognized as endemic in China by the World Health Organization (WHO).[1] Roughly 400 million people are infected with hepatitis B virus (HBV) worldwide.[2] Over one-third of the world’s population has been or is actively infected by hepatitis B virus (HBV). An estimated 130 million Chinese are infected with the disease, about 10 percent of China’s total population and about one-third of the world’s cases. Almost 1 million new cases were reported in China in 2005.
༡༽མཆིན་གཉན་ནད་གཞན་དང་བསྡོང་མེད་ན་ན་ཟུག་ཆེན་པོ་ཡོང་གི་མ་རེད། ཤི་ནའང་ལུས་ཟུངས་རྒུད་ནས་རིམ་བཞིན་གཉིད་འཐུག་ལྟ་བུའི་ངང་དུ་བརྒྱལ་དེ་ཚེ་འཕོས་འགྲོ་རྒྱུ་རེད། དུག་འཐུང་ན་ན་ཟུག་བཟོད་དུ་མེད་པ་འབྱུང་བ་དང་། འགའ་རེ་རྩ་ཁམས་ལྟ་བུའི་དབང་གིས་ཡུན་རིང་འཆི་མི་ཐུབ་པའང་་ཡོང་གི་ཡོད། དུག་འཐུང་ནས་ཤི་ན་འཐུང་མཁན་ཁོ་རང་འཆི་བར་མྱུར་ནའང་ནང་མི་ལམིང་ངན་པ་ཕོག་པ་དང་། ཉེ་འབྲེལ་རྣམས་ལ་བརྗེད་དཀའ་བའི་སྡུག་བསྔལ་ཞིག་ཤུལ་དུ་བཞག་པ་རེད། དེས་ན་ཪང་ཉིད་འཆི་བར་མི་བསམ་པར་་གཉེན་ཉེ་་མཛའ་བཤེས་ལ་བསམ་བློ་རེ་གཏོང་་དགོས་ཚུལ་དྲན་གསོ་བྱེད་དགོས། ན་འཆིའི་འཇིག་པ་ཡོང་ཚེ་སྒྲིབ་སྦྱོང་ཡིན་སྙམ་པའི་བློ་སྦྱོང་རེ་བྱེད་ཐུབ་ན་སྡུག་བསྔལ་གྱི་མགོ་གནོན་པ་ལ་ཕན་ཆེ། གཙོ་བོ་རང་ཉིད་གང་ལ་དད་པའི་་བླ་མའི་མདུན་ནས་ན་ཚ་དང་འཆི་བ་ལམ་དུ་འཁྱེར་ཚུལ་ལ་རིག་པ་གསལ་ཐོག་དེར་སློབ་སྦྱོང་བྱ་རྒྱུ་གལ་ཆེ། དུས་ནད་མཆིན་གཉན་ཡིན་ན་ཚབ་ཆེ་ཆུང་ཅི་རིགས་པ་ཡོད། སྐབས་དང་པོ་ནས་བཞི་བའི་བར་དབྱེ་སྲོལ་ཡོད། ཐོག་མ་གཉིས་བོད་སྨན་གྱིས་བཅོས་ཐུབ་སྲིད། ཕྱི་སྨན་ལ་ཟེར་བཅོས་དང་རྫས་འགྱུར་གྱི་བཅོས་གཉིས་ཡོད། དེ་གཉིས་གང་གིས་བཅོས་ཀྱང་ཡར་དྭངས་ཡོང་ངེས་རེད། བརྒྱ་ཆ་ལ་བསྡུར་ན་སྐབས་དང་པོ་ལ་རྒྱ་ཆའི་༨༠་སྐབས་གཉིས་པ་ལ་༦༠་ཙམ་གྱི་རེ་བ་ཡོད། སྐབས་གསུམ་པ་ལ་༣༠་ནས་༥༠་བར་རེད། སྐབས་བཞི་བ་ལ་སྨན་གྱིས་བཅོས་ཐུབ་པ་༠་༥་རེད། སྐབས་འདིར་སྨན་པ་ཕལ་ཆེར་གྱིས་ཟླ་༣་༦་ཚེ་ཚད་རེད་ཆེས་བཤད་སྲོལ་འདུག འོན་ཀྱང་འདི་འདྲའི་ནད་པ་ལོ་གསུམ་ལ་འཚོ་ཡོད་མཀན་ཡང ཁ་ཤས་དང་འཕྲད་མྱོང་། རྫས་སྔགས་ཏིང་འཛིན་བདེན་པས་ཚེ་ཚད་བསྲིང་པ་ཡིན་ངེས།
༢༽ མཆིན་གཉན་ལ་ན་ཟུག་བྱུང་དུས་ཕལ་ཆེར་སྐབས་ཕྱི་མ་གཉིས་ལ་སླེབས་ཚར་བ་རེད། གནས་གཞན་ལས་འཕོས་པ་ཡིན་ན་ཉེན་ཁ་ཤིན་ཏུ་ཆེ། གཉན་ཚད་ཁྲི་ལས་བརྒལ་བ་དང་། ཁྲག་དཀར་ཁྲི་གཉིས་བརྒལ་ཚེ་སྐབས་རེར་ཚ་བ་འབར་རྒྱུ་རེད། སྐབས་དེར་སྡ་དྲོ་གཡུ་རྙིངཉེར་ལྔ་དང་ཁྱུང་ལྔ། ཉིན་གུང་གུར་ཏིག་ལ་ནག་པོ་དགུ་སྦྱོར་ཁ་ཚར་བཏབ་པ། དགོང་མོ་གུར་ཁྱུང་། ཉལ་ཁ་སྲོག་འཛིན་ཉེར་ལྔ་དང་ནག་པོ་དགུ་སྦྱོར་བརྟེན་ན་ཟུག་མེད་པ་དང་གནས་སྐབས་ཙམ་རེར་་ཡར་དྭངས་ཡོང་གི་འདུག ནད་པ་དེ་རྒྱ་བལ་ཕྱོགས་སུ་ཡོད་ན་སྙེད་སླ་བ་པདྨ་གེ་སར་གྱི་བར་ཤུན་སྲང་གང་། བདུད་རྩི་ལོ་མ་སྐར་གང་། ཤུ་དག་ནག་པོ་སྐར་གང་། གླ་རྩི་དྲི་ཙམ། སྥུ་ནག་གི་ཤ་བཙོས་མ་ཁམ་རེར་སྦྱར་ནས་གསོལ་ནའང་ན་ཟུག་གཅོག་པ་དང་གནས་སྐབས་བདེ་བ་རེ་ཡོང་བ་མྱོང་གྲུབ་ཡིན། སྐབས་གསུམ་་བཞི་སོགས་བོད་སྨན་ལ་བརྟེན་ན་འགྲོ་སོང་ཆུང་ཞིང་ཕན་པ་ཆེ་བ་ཡོང་སྙམ་པས་དཔྱད་པར་འཚལ།
མཆིན་ཚད་Hepatitis A, B,C་སོགས་ཡིན་ན་བཅོས་ཐབས་ཡོད། ནད་དེ་ཙམ་ལྕི་མོ་མ་རེད། འགོས་རྐྱེན་ཕོར་བ་དང་། སོ་ཤིང་། འོ་བྱེད་པ། འཁྲིགས་སྤྱོད། མ་ཡི་མངལ། སྨན་དང་ཟས་རིགས་ལ་བརྟེན་ནས་འགོ་བ་ཡང་ཡོད། ཐེ་ལན་ལྟ་བུ་ཡིན་ན་མི་ལྔའི་ནང་དུ་གཅིག་ཡོང་གི་ཡོད། Hepatitis C་ཁ་རླང་དང་ཁ་ལུད་ནས་ཀྱང་འགོ་སྲིད་པས་སྔོན་འགོག་དཀའ་ཤོས་རེད། མ་ཡི་མངལ་ནས་འགོས་པ་དེ་མཆིན་ཚད་འགོ་གནོན་ཐུབ་ཙམ་པ་ལས་རྩད་ནས་ཕྱུངས་ཐུབ་པ་དཀའ་ལས་ཡོད་རེད། གང་ལྟར་འདི་ལ་ཕྱི་སྨན་ལས་བོད་སྨན་ཕན་པོ་ཡོད་ངེས་རེད།
གཞོན་ནུ་ཟླ་མེད་ཀྱིས་གྷན་དྷིའི་གསུངས་དེ་བཀླགས་འདུག་ག
ཁོང་གི་དགོངས་པ་ལ། སྨན་པ་ཚོས་ལྐོག་རྔན་ཟ་བ་དང་། ཡང་སྨན་པ་འདི་རྩ་བ་ནས་མེད་ན་མི་རྣམས་ཀྱིས་ཐོག་མ་ནས་དམ་གཟབ་ཀྱིས་འཕྲོད་བསྟེན་ཐོག་མཐུས་ཤོར་མེད་པ་བྱེད་ཀྱི་རེད་ལ། དེར་བརྟེན་འཇིག་རྟེན་འདིར་ནད་པ་འདི་འདྲ་ཡོང་གི་མ་རེད་གསུངས་པ་རེད།
ངས་ཀྱང་སྔོན་མ་ཞིག་བཀླགས་མྱོང་ཡོད།
ཁྱེད་ཀྱིས་གཡུ་སྙིང་ཉེར་ལྔ་ཟས་ན་ཟེར། དེ་ནི་ནམ་རྒྱུན་གྱི་སྨན་ཞིག་ལས་དེས་ནད་དེ་སེངས་དྲག་ཡོང་གིན་མེད་པ་རེད། ད་རུང་སྨན་རྩིས་ཁང་གི་སྨན་དེ་ཚོ་ལའང་ཁོང་རེ་ཐག་ཆད་པ་ལྟར་སྣང་།
ཡ་ཡ་ཡ་
བློ་བཟང་ལགས་ཀྱིས་མི་དེ་ཤི་ཚར་ཡོང་ན་གང་ཤེས་ཟེར།
མི་དེ་ཤི་མེད་པ་ངས་གསལ་པོ་བརྗོད་རྒྱུར་ཡིན། ད་རུང་ཁོང་སྔོན་མ་ལྟར་ནད་རྟགས་འདྲ་ཅི་ཡང་མེད་པར་གནས་འདུག
ཁྱེད་ཀྱིས་བོད་ནང་གི་འཇིགས་མེད་སྨན་ཁང་གི་སྨན་ཞིག་ཡོད་ཚོད་གསུངས་འདུག
ཡག་པོ་བྱུང་། སྨན་དེས་ནད་དེ་ཏག་ཏག་དྲག་བསྐྱེད་ཡོང་ཐུབ་ཀྱིན་ཡོད་རེད་དམ།
ད་རུང་སྨན་དེའི་མིང་དེ་ཁྱེད་ཀྱིས་མཁྱེན་ནམ།
འདི་ནི་ངའི་གྲོགས་པོའི་གནས་སྟངས་དང་འབྲེལ་ཡོད་ལ། ཡང་སྒོས་བོད་མི་རིགས་ཀྱི་བདེ་སྡུག་དང་ཏན་ཏན་འབྲེལ་ཡོད།
མ་ཟད་ན་བཞིན་པའི་གནམ་འོག་གི་སྡུག་རྒན་མ་ཡོད་ཚད་ཀྱི་མི་ཚེ་དང་འབྲེལ་ཡོད་པས་ཁྱེད་ཀྱིས་དོ་ནན་གྱིས་རྩད་གཅོད་བྱེད་རོགས།
འོ་ཡ་་་་་་་་་་་་་
འཇིགས་མེད་བོད་སྨན་དེ་དེང་སང་མཆིན་ནད་སེལ་བའི་ཐད་དུ་སྐད་གྲགས་ཆེན་པོ་འདུག ཁྱེད་ཀྱི་གོ་སྐབས་འགྲིག་ངེས་པར་དུ་ཁོང་ཚོའི་སྨན་དེ་འཐུང་ན་ལེགས། འཇིགས་མེད་བོད་སྨན་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆོད་སྤྱད་གཙོ་བོ་དེ་ཁོང་ཚོའི་མཆིན་སྨན་གྱིས་རེད།
ཆད་པ། ཁྱེད་ཀྱིས་གོ་སྐབས་འགྲིགས་ན་་་་་་་་་་
ཁྱེད་ཀྱི་གྲོགས་པོས་་་་་་་་
འཇིགས་མེད་བོད་སྨན་ཁང་གི་མཆིན་པའི་སྨན་མང་པོ་བཟོས་ཡོད་པ་རེད། ཁོ་ཚོར་འབྲེལ་བ་བྱེད་ཐུབ་ན་ཡག་པོ་རེད། ཁོ་ཚོའི་ཁ་པར་ཨང་གྲངས་ནི་་་་༩༧༡་ ༥༣༡༨༡༦༢ རེད།
H1N1ནད་ཚ་འདི་འགོག་ཐབས་ཤིག
ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།
ང་རང་ལས་ཀར་འགྲོ་བའི་རླངས་འཁོར་ནང་དུ་འབུད་དེ་ལས་ཀར་འགྲོ་བཞིན་པའི་ལམ་བར་དུ། ཁ་པར་གྱི་སྒྲ་དབྱངས་གངས་དཀར་ཤེལ་གྱི་གཤོག་པ། སྤང་རྒྱན་མེ་ཏོག་ལ་ཡེ་ཟེར་ནས་གྲགས་དེ་འོང་དུས་ང་རང་གིས་སུ་ཡིན་ནམ་སྙམ་ཞོར་དུ་ཁ་པར་ཨམ་ཕྲག་ལས་ཕྱི་རུ་བཏོན་ནས་བལྟས་དུས། ཁ་པར་གཏོང་མཁན་ནི་ང་རང་གི་དགའ་རོགས་མ་གངས་དཀར་ལྷ་འཚོ་རེད་འདུག ངས་ཨ་རོགས་ཟེར་ནས་ཕར་དྲི་བ་ཞིག་བཏང་དུས། ཁོ་མོས་ཁྱེད་རང་ད་ལྟ་རླངས་འཁོར་ནང་དུ་འབུད་ཟིན་པ་ཡིན་ནམ་ཟེར། ངས་ཡིན། གནས་ཚུལ་ག་རེ་ཡོད་ཅེས་དྲིས་དུས། ཁོ་མོས་ཁྱེད་རང་ལ་འདུག་སྟེགས་རེག་སོང་ངམ་ཟེར། དེ་དུས་ངས་རྩེད་མཚར་གྱིས་ལན་དུ། རེག་མ་སོང་། ཡར་བླངས་དེ་འགྲོ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་རྐུབ་སྟེགས་མེད་པར་ཡར་བླངས་དེ་བསྡད་ན་རྐུབ་ན་ཡི་འདུག་གམ་ཟེར། ངས་རྐུབ་ན་ཡི་མི་འདུག་མོད། རླངས་འཁོར་ནང་དུ་གཤོང་གི་མི་འདུག་ཟེར་ནས་སླར་ཡང་རྩེད་མཚར་བྱས་པ་ཡིན། དེ་དུས་ཁོ་མོས་གཙོ་་བཤད་རྒྱུ་ཞིག་ལ། H1N1 ནད་ཚ་འདི་མི་འགོས་པའི་ཐབས་ལམ་དྲ་རྒྱ་ཁག་དུ་ཆེད་ལས་མཁས་པ་དག་གིས་བཤད་ཚུལ་ཡིན་ན། སྤྱི་སྤྱོད་རླངས་འཁོར་དུ་འགྲོ་བ་དང་། ཕྱི་ལོག་དུ་མི་ཚོགས་ཡོད་སར་འགྲོ་བ། ཅ་དངོས་གཞན་དག་ལ་ལག་པ་འཆིང་རྗེས་སུ། ལག་པ་མ་འཁྲུས་པར་རང་གི་ལག་པས་ཁ་དང་ངོ་སོགས་ལ་རེག་པར་བརྟེན་ནས་H1N1 ནད་ཚ་འདི་འགོས་སླ་བར་བཤད་འདུག་ན། ཁྱེད་ཀྱིས་ཅིས་ཀྱང་རང་གི་ལག་པ་ཡང་ཡང་འཁྲུ་དགོས། འདག་རྫས་ཞུགས་དེ་འཁྲུ་དགོས། གལ་ཏེ། ཆུ་མེད་ས་ནས་ངལ་གསོ་བ་སོགས་བྱེད་དུས་ངས་ཁྱེད་རང་ལ་སྤྲད་པའི་འདག་རྫས་གཤེར་ཁུ་ཆུང་ཆུང་དེ་བེད་སྤྱོད་གཏོང་དགོས་ཟེར་ནས་བཤད་སོང་།
དེ་དུས་ངས་ཡ་ཡ་སེམས་འཁྲལ་མ་བྱེད། ང་རང་གིས་ལག་པ་ག་དུས་ཡིན་ཡང་ལས་ཀར་འབྱོར་མ་ཐག་ལག་པ་གཙང་མ་འཁྲུ་བཞིན་ཡོད་ཅེས་བཤད་དུས། ཁོ་མོས་སླར་ཡང་H1N1ནད་ཚ་འདི་མ་འགོས་སྔོན་ལ་གཟབ་རྒྱུ་ལས། འགོས་ཚར་དུས་དཀའ་ལས་ཁག་ཙམ་རེད་ཟེར། དེ་དུས་ངས་ལགས་སོ། ཁྱེད་ཀྱི་ང་ལ་བཤད་དགོས་པའི་གནས་ཚུལ་དེ་ཡིན་ནམ་ཟེར་ནས་ཁ་པར་གྱི་སྒོ་བརྒྱབ་པ་ཡིན།
དེ་ནས་ང་རང་གིས་ཁ་སང་དེ་རིང་H1N1ནད་ཚ་འདི་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པར་སྐྲག་སྣང་བྱེད་མཁན་དང་གླེང་མཁན་མི་ཉུང་བ་ཞིག་ཡིན་ཡང་། སྔོན་འགོག་ཐད་དུ་བསམ་ཚུལ་བརྗེ་རེའི་བྱེད་མཁན་ཉུང་བས་རང་རེའི་སྤྱི་ཚོགས་ལ་དེའི་ཐད་ཀྱི་བསམ་ཚུལ་ཐུང་ཐུང་འདི་སྤེལ་ན་ཅུང་ཙམ་ཕན་དུ་སྙམ་ནས་བྲིས་པ་ཡིན།
གལ་སྲིད། ཐ་མག་འཐེན་མཁན་གྱི་རིགས་ཀྱིས་ཕན་ཚུན་གྲོགས་པོའི་བར་དུ་ཐ་ནག་ལྷན་འཐེན་མི་བྱེད་པ། ཆང་རག་འཐུང་མཁན་ཚོས་ཨར་ཁང་སོགས་སུ་སོང་ཆང་འཐུང་ན། ཨ་རག་འཐུང་བྱེད་ཀྱི་ཤེལ་ཕོར་གཙང་མིན་ལ་བརྟག་དཔྱད་བྱེད་དགོས་པ། ལྷག་པར་དུ་གནད་འགག་ཆེས་ཆེ་བ་ཞིག་ནི། སྤྱི་སྤྱོད་གཙང་སྤྱོད་ཁང་དུ་འགྲོ་བ་སོགས་བྱེད་དུས་གཙང་སྤྱོད་ནང་གི་འདུག་སྟེགས་སྟེང་དུ་རབ་ན་མི་བཙོག་པ། གལ་སྲིད་བཙོག་པ་ཡིན་ན་ཕྱིར་སླེབས་མ་ཐག་ལག་པ་གཙང་མ་འཁྲུས་དེ་ཤོག་བུའི་གཙང་མ་བཟོ་བ། གཙང་སྤྱོད་ཀྱི་སྒོ་དང་། མགྲོན་ཁག་སོགས་ཀྱི་སྒོ་ལ་མི་མང་གིས་ལག་པ་འཆིང་གི་ཡོད་སྟབས། དེ་དག་ལ་ལག་པ་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས་པ། བྱིས་པ་སོགས་སློབ་གྲྭ་འགྲིམ་མཁན་དག་ལ་ཕ་མ་དག་གིས་བྱིས་པ་ཚོ་ལ་ཕན་ཚུན་གྱི་ཕོར་བ་བསྲེས་དེ་ཟས་མཉམ་དུ་མི་སྤྱོད་པ་དང་། ཁ་ལག་མ་ཟོས་སྔོན་དུ་ཕོར་བ་འཁྲུ་དགོས་པ། ལག་པ་གཙང་མ་འཁྲུ་དགོས་པ་སོགས་ཡིན་གཅིག་མིན་གཅིག་བཤད་དགོས། ད་དུང་། སྲང་ལམ་སོགས་ནས་ཅ་དངོས་གཞན་གྱིས་ལག་པ་འཆིང་ཟིན་པའི་རིགས་ལ་ལག་འཆིང་རྗེས་ཡིན་གཅིག་མིན་གཅིག་ལག་པ་འཁྲུ་དགོས། ཕ་མ་བྱིས་པ་དམར་འཇར་ཡོད་མཁན་གྱིས་དམིགས་བསལ་གྱིས་ལག་པ་གཙང་མ་མ་འཁྲུས་པར་བྱིས་པ་ལ་ལག་པ་མི་འཆིང་བ། དྲ་ཁང་དུ་འཛུལ་མཁན་དག་གིས་དྲ་རྒྱ་ཁག་ལ་ལག་པ་འཆིང་རྗེས་སུ་ལག་པ་འཁྲུ་བ། མདོར་ན་ཅ་དངོས་གང་ཞིག་ཡིན་ཡང་ལག་པ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་གཙང་མ་བཟོ་བ་ནི། H1N1ནད་ཚ་འདི་འགོག་ཐབས་ཀྱི་ཐབས་ལམ་ཡིན། གལ་སྲིད་ཆུ་མེད་ས་ནས་ལག་པ་ཅ་དངོས་སོགས་ལ་འཆིང་རྗེས་སུ་ལག་པ་འཁྲུ་རོགས་བར་དུ་ཁ་ངོ་སོགས་ལ་གཏན་ནས་རེག་མི་ཉན། ཡིན་གཅིག་མིན་གཅིག་ཅ་དངོས་སོགས་ལ་འཆིང་རྗེས་སུ་འདག་རྫས་ཞུགས་དེ་ལག་པ་འཁྲུ་བ་ནི་H1N1ནད་ཚ་འདི་སྔོན་འགོག་གི་ཐབས་ལམ་ཉེག་གཅིག་ཆགས་ཡོད་དུས། སྤུན་ཟླ་ཚང་མས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི། ཁྲི་ནས་འཛམ་གླིང་ཡོངས་སུ་ཐབས་ལམ་འདི་གསུང་ཐུབ་པ་ཡིན་ན། H1N1ནད་ཚ་འདི་ལས་ཐར་བའི་འགན་འཁུར་བཞེས་པར་བཤད་ཆོག་པར་འདོད་ལ། འགྲོ་བ་མི་གཅིག་གི་ཚེ་སྲོག་ཡིན་ཡང་ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱས་པར་སྙམ་ནས་དེ་རིང་ལས་གསེང་དུ་ཤར་མར་ཡིག་ཐོག་དུ་ཕབ་པ་ཡིན།
ཨོ་རེད། དམིགས་བསལ་གྱིས་སྤུན་ཟླ་དག་ལ་ཞུ་རྒྱུ་ཞིག་ལ་བོད་པ་ཚང་ལ་ང་སྣང་བཞིན་འདི་འདྲ་བསམ་མཁན་མི་ཉུང་བ་ཞིག་ཡོད། ལས་དབང་རེད། སྐྲག་ནི་ཅི་ཡོང་། ཤི་དགོས་ན་ནམ་ཡིན་རང་ཤི་འགྲོ་ནི་རེད་ཟེར་ནས་དོ་སྣང་མི་བྱེད་མཁན་ཡང་ཡོད་ཚོད་ཡོད། དེ་ནི་ལས་དབང་མ་ཡིན་པར་རྐྱེན་ལ་ཐུག་པ་ཡིན་པས་རྐྱེན་དེའི་རང་གཞན་ཀུན་ལ་གནོད་པ་བྱེད་ཀྱི་ཡོད་པ་དེ་ལ་བསམ་བློ་བཏང་ནས་སྤུན་ཟླ་དག་གིས་གཟབ་པར་འཚལ། ༩།༩༠༩ ལས་ཀ་ནས་བྲིས།
བློ་བཟང་ལགས་ཀྱིས།
འཇིགས་མེད་བོད་སྨན་ཁང་གི་ཁ་པར་ཨང་གྲངས་ཤིག་བཀོད་འདུག
རེད་དེ་འདི་བོད་ནང་ཡིན་ན། ས་ཕྱོགས་གང་གི་ཁ་པར་ཨང་གྲངས་ཡིན་མིན་ཐད་ཁ་གསལ་མི་འདུག
དེ་བཞིན་བོད་ནང་གི་ཁ་པར་ཨང་གྲངས་རྣམས་ལ་ཨང་གྲངས་༡༡་རེ་འདུག་སྙམ།
ལན་ཁ་གསལ་ཞིག་གནང་རོགས།
བོད་ལྷ་ཀླུ་ཚང་གིས།
ན་ཚའི་སྐོར་ལ་ལམ་སྟོན་ཡག་པོ་བྱས་འདུག
ད་རུང་ལས་དབང་རེད་ཟེར་བའི་གསལ་བཤད་དེ་ལ་ནམ་རྒྱུན་ནས་སྣང་བ་འགྲོ་བཞིན་ཡོད།
མུ་མཐུད་ནས་ལུས་སེམས་ལ་སྨན་པའི་མཐོང་ཐོས་ཀྱི་འཕྲོད་བསྟེན་སྐོར་བྲིས་དང་ངོ་མ་ཕན་ཐོགས་འདུག
ངས་མཚོན་བྱེད་ཅིག་བཤད། ངའི་གྲོགས་པོ་ཞིག་ནམ་རྒྱུན་ཟིན་བྲིས་འབྲི་བ་ནི་དུས་ཚོད་ཆོད་ཐབས་ཙམ་རེད་ལ། ཟིན་བྲིས་ཀློག་པ་ནི་དུས་ཚོད་ཆུད་ཟོས་གཏོང་མཁན་རེད་ཟེར་ནས་སྨོད་ཀྱིན་ཡོད།
རེད་དེ་ཁོས་ཁ་སངས་ན་ཚ་ཁག་གི་འཕྲོད་བསྟེན་དང་ནང་ཆོས་ཀྱི་བགྲོ་གླེང་སོགས་མཐོང་སོང་བས་ཁོ་གིས་དངོས་གནས་འདི་ཚོའང་ཀློག་ན་ཕན་ཐོགས་ཆེན་པོ་འདུག་ད། སྐད་ཆ་འདི་ཚོ་རིན་མེད་དང་གྲོགས་མེད་ཐོག་ཐོས་ཀྱིན་འདུག་ལ། འཕྲོད་བསྟེན་དང་ཤེས་ཡོན་འདི་ཚོ་དགེ་རྒན་དང་སྨན་པར་བསྟེན་མི་དགོས་པ་ཧ་གོ་ཐབས་འདུག་ག་ཟེར།
འདི་ཚོ་ལ་བསམ་དུས་ང་ཚོ་ཟིན་བྲིས་པ་དང་མཆན་བུ་བས་ནམ་ཡང་སྤྱི་ཚོགས་དང་མི་རིགས་ཆོས་ལུགས་དང་མ་འོངས་ལ་འགན་ཁུར་རང་བཞིན་ཅན་གྱིས་འབྲི་བཀོད་གནང་དགོས་ཀྱིན་འདུག
གོ་སྐབས་འདི་བཟུང་ནས་ངས་དྲ་གྲོགས་ཡོང་ལ་འཛམ་གླིང་སྤྱི་དང་མི་རིགས་ཤིག་གི་རྩ་དོན་སྙིང་ལ་འཆང་ནས་ཡོང་རོགས་ཞུ་འདོད་བྱུང་།།
ཡུམ་འཇིགས་སྣང་ཚ་བོ་ཡོད་གི
ད་ཆི་ཟི་དྲག་ཐལ།
ངས་མཆན་གཉིས་བཀོད་ཡོད་ཀྱང་ད་ག་རང་བརླགས་ཚ་འདུག
ཇག་པས་ཁྱེར་སོང་བ་མིན་ནམ་
ཨང་ཁྱི་སྤྱང་གིས།
ཨང་དེ་་་་་་་་་་་་་་་་་་་་་་
ཨ་རོ་བསྐྱར་བཤད་བྱེད་བགྱོ་དཀའ་ལེ་ཆེ་གི་ཡ། ཟི་ལིང་ན་ཡོད་པའི་འཇིགས་མེད་བོད་སྨན་ཁང་ཞེས་ཁ་སང་བཤད་བཞག་ཡོད། ཁྱེད་ཕྱི་རྒྱལ་ན་ཡོད་ན་༨༦༩༧༡་ ༥༣༡༨༡༦༢ ལ་ཁ་པར་ཐད་ཀར་བརྒྱབས་ན་ཆོག་གི་གོ
ཨ་རོ་གཉན་ཕོ་ཉ་ཁྱོད་ཀྱི་གྲོགས་པོར་འདི་ལྟར་ཤོད་ད་ལྟ་ནས་སེམས་ཁུར་མ་བྱེད་གང་དགའ་གང་སྐྱིད་བྱོས་དུས་ལ་ཐོན་ན་གང་ཡང་བྱས་ཆོག་གི་རེད།
མི་དེ་སྙིང་ཆུང་གཅིག་ཡིན་ས་རེད་དུག་འཐུང་གི་མ་རེད་ན་བར་སྐྲག་མཁན་ཞིག་ཤི་བར་དེ་ལས་སྐྲག་གི་རེད།
ད་རུང་སྡུག་སྨྲེ་འདོན་ན་འདི་འགྲེལ།
གདོན་གྱིས་བཏབ་པའི་སྐྱེ་བོ་འགའ།།
སྡུག་བསྔལ་སྤང་ཕྱིར་ལྕེབ་པ་མཐོང་།།
བློ་བཟང་ལགས་ནས་འགྲེལ་བཤད་དང་ཁ་པར་ཨང་གནང་བར་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་འགྲེལ་བཤད་བྱེད་རྒྱུ་དཀའ་ལས་ཁག་སོང་ལབ་འདུག
ཁག་མེད། དངོས་ང་ནི་མི་ཏག་ཏག་བྱེད་མཁན་དང་ཁྲིག་ཁྲིག་དགོས་མཁན་ཤིག་ཡིན།
གང་ལྟར་ངས་ངའི་གྲོགས་པོ་ལ་ཕུལ་ཆོག་ངེས་ཡིན།
དགེ་མཐོང་འདིར་འབྱོར་འདུག་ག
ཁྱེད་ཀྱིས་ཐབས་ལམ་སྟོན་པ་དགའ་བོ་བྱུང་།
འོན་ཀྱང་ཁྱེད་ཀྱིས་ན་བ་ལ་སྐྲག་མཁན་དེ་ཤི་བ་ལའང་སྐྲག་གི་རེད། དེར་བརྟེན་ཤི་གི་མ་རེད་ལབ་སྣང་།
རེད་དེ་ཤི་བ་ལ་གཟུར་ཐབས་མེད་གནས་ལུགས་ཤིག་རེད་བ། ཁོས་དེ་གདམས་མི་་སྲིད་པ་མ་རེད་ཡ།
ཁྱོད་ཀྱིས་བཤད་པ་ལྟར་ཁོས་ད་ཆ་གང་སྐྱིད་སྐྱིད་ཅིག་བྱེད་ནས་བསྡད་འདུག
ད་རུང་ཐབས་ལམ་ཁག་གསལ་བཤད་བྱེད་རོགས་ཞུ།