བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག
༼གསལ་བཤད། རེའུ་མིག་འདིའི་རྩོམ་པ་པོ་ནི་ མཁས་དབང་ཐུབ་བསྟན་ཕུན་ཚོགས་ལགས་ཡིན་ཞིང་། ཁོང་གིས་མཛད་པའི་ཚིག་མཛོད་ཆེན་མོ་ཞིག་ཡོད་པ་དེའི་མཇུག་ཏུ་བཀོད་འདུག ཉེ་ཆར་འདི་ནས་ཟུར་དུ་བཏོན་པའི་རེའུ་མིག་ཅིག་ཁ་བརྡར་བཀོད་པ་ལ་གཟིགས་མཁན་རྣམས་ཀྱིས་ཐུགས་སྣང་ཆེན་པོ་སྣང་བཞིན་འདུག་སྟབས་འདིར་ཆ་ཚང་བ་བཀོད་པ་ཡིན། དྲ་ངོས་ནས་རེའུ་མིག་རྣམས་གོ་རིམ་འཆོལ་འདུག་སྟབས་ PDF ཐོག་གཟིགས་ན་འདིར་ཡོད། bod kyi lo rgyus don chen re’u migཁ་བརྡས།༽
༡ དམར་འཇམ་ལྷ་ཡི་དུས་རབས།
དཔོན་མིང་། |
གསལ་བཤད་། |
ཐུགས་དཀར་ཁེ་གོད་ལ་སོགས་གཙང་མའི་ལྷ་རིགས་རྣམས། | ཡུལ་གྱི་མིང་ལ་ལྷ་ཡུལ་གུང་ཐང་ཟེར། གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང་། མི་ཡིས་དུད་འགྲོར་མི་འཚེ་གཏམ་བརྡ་འཕྲོད། མི་ལོ་འབུམ་ཕྲག་མང་པོ་དེ་ལྟར་གནས། |
༢ མ་སངས་གཉན་གྱི་དུས་རབས།
དཔོན་མིང་། |
གསལ་བཤད་། |
མི་མགོན་དཀར་པོ་ལ་སོགས་གཉན་རིགས་རྣམས། | ཡུལ་གྱི་མིང་ལ་གཉན་ཡུལ་གསེར་སྟེང་ཟེར། རྫ་རི་སྤང་ལྗང་ཤིང་ལ་གནས་བཅས་ནས། དེ་དུས་མི་ཡིས་དུད་འགྲོ་གསོད་པ་བྱུང་།
|
༣ འཕྱེ་བོ་ཀླུ་ཡི་དུས་རབས།
དཔོན་མིང་། |
གསལ་བཤད་། |
འཕྱེ་བོ་ཀླུ
འཕྱེ་བོ་ལ་སོགས་ཀླུ་རིགས་རྣམས། ཡུལ་མིང་ཀླུ་ཡུལ་ན་ར་སེང་སྔོན་ཟེར། མཚོ་རྫིང་ཆུ་ཀླུང་ནེའུ་གསེང་ལ་གནས་བཅས། མི་རྣམས་མནོལ་བཙོག་བྱས་ཚེ་ཀླུས་གནོད་བྱེད། དེ་བཅོས་ཀླུ་འབུམ་ཀླུ་ཆོག་ལ་སོགས་དར། སྔ་རྟགས་རྟ་ཕྱུགས་ལོངས་སྤྱོད་བྱེད་པ་བྱུང་།
༤ གནོད་སྦྱིན་བཙན་གྱི་དུས་རབས།
དཔོན་མིང་། |
གསལ་བཤད་། |
གནོད་སྦྱིན་ནག་པོ་ལ་སོགས་གནོད་སྦྱིན་རིགས། | ཡུལ་མིང་གདོང་དམར་བཙན་གྱི་ཡུལ་ཞེས་བྱ། འགའ་ཞིག་བཟང་ཡུལ་རྒྱན་མེད་ཅེས་ཀྱང་ཟེར། རྫ་བྲག་ནགས་ཁྲོད་ཤིང་ལ་གནས་བཅས་ཏེ། འགྲོ་བ་མི་ལ་ཕན་དང་གནོད་པ་བྱེད། བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་བྱུང་། ཡུལ་ལྷ་མཆོད་པས་མི་དང་གཏམ་ཡང་སྨྲ། སྔ་རྟགས་གཉན་པོ་བཙན་པ་དེ་ནས་བྱུང་། མཚོན་ཆ་མདའ་གཞུ་དེ་ཡི་དུས་ནས་དར། |
༥ སྲིན་པོའི་དུས་རབས།
དཔོན་མིང་། |
གསལ་བཤད་། |
སྲིན་པོ་གཉའ་རིང་ལ་སོགས་སྲིན་རིགས་རྣམས། | ཡུལ་མིང་སྲིན་པོའི་ཡུལ་དགུ་ཟེར། བྲག་རི་དམར་ནག་ནགས་ཁྲོད་གནས་སུ་བཟུང་། མི་རྣམས་སེམས་ཅན་ཤ་ཟ་གདོང་པ་དམར། སྲིན་མོའི་རྐང་དང་འུར་རྡོ་ལག་ཆ་བྱུང་། འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། སྲིན་མོའི་རྐང་ཞེས་པ་སེམས་ཅན་རུས་པ་ལས་བཟོས་པའི་གྲི་དང་ཁབ་སོགས་ཡིན་པར་སེམས། |
༦ བདུད་ཀྱི་དུས་རབས།
དཔོན་མིང་། |
གསལ་བཤད་། |
བདུད་རྒྱ་ལག་ལ་སོགས་བདུད་རིགས་རྣམས། | ཡུལ་མིང་བདུད་ཡུལ་ཁ་རགས་རོང་དགུ་ཟེར། རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅས་ནས། བོད་ཀྱི་ཆུ་བོ་བཞི་འདུས་མགོ་འཇུག་བར། དམག་དཔུང་དྲངས་ཏེ་གཤེན་ལ་དོ་རུ་བསྡོ། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་། |
༧ འགོང་པོ་སྤུན་དགུའི་དུས་རབས།
དཔོན་མིང་། |
གསལ་བཤད་། |
འགོང་པོ་སྤུན་དགུ། | ཡུལ་གྱི་མིང་ལ་ངམ་ཡུལ་ནག་པོ་ཟེར། སྔ་རྟགས་རྐ་བུ་ཆུ་ལ་སྤྱོད་པ་བྱུང་། ཆུ་རྐ་བཟོས་ཏེ་ཆུ་ཡུར་དུ་དྲངས་ནས་ཞིང་གི་ལོ་ཏོག་སྐྱོང་བའི་ལས་ཀ་ཡིན་པར་སེམས། |
༨ རྨུ་ཡི་དུས་རབས།
དཔོན་མིང་། |
གསལ་བཤད་། |
དམུ་རྗེ་བཙན་པོ་ལ་སོགས་རྨུ་རིགས་རྣམས། ཡུལ་གྱི་མིང་ལ་ངམ་ཡུལ་ནག་པོ་ཟེར། མདུང་དང་ཞགས་པ་འབྲེལ་བའི་ལག་ཆ་བྱུང་། དུས་དེར་ཞགས་པ་འཕེན་ནས་རི་དྭགས་སེམས་ཅན་འཛིན་པ་མ་ཟད། དམག་འཐབ་པའི་སྐབས་སུའང་དགྲ་བོ་ཞགས་པ་འཛིན་པ་དང་། རི་དྭགས་རྔོན་པ་དང་། དམག་འཐབ་པའི་སྐབས་མདུང་ཞགས་འཕེན་སྲོལ་ཡང་སྐབས་འདི་ཙམ་ནས་དར་བར་སེམས། བོན་གྱི་སྟོན་པ་གཤེན་རབ་ནི་དམུའི་གདུང་རབས་ཉི་ཤུ་པ་ཡིན་པར་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་གསལ།
༩ མ་སངས་རུས་དགུའི་དུས་རབས།
(ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༣༦་ཙམ་ནས་དུས་རབས་༢༨པའི་བར་ཙམ)
དཔོན་མིང་། |
གསལ་བཤད་། |
༡ གཉན་གཡའ་སྤང་སྐྱེས། |
༢ གར་ཏིང་ནམ་ཚ།
༣ གླེ་ངན་ལམ་ཙང་སྐྱེས། ༤ རུ་ཐོ་ཀར་ནམ་ཚང་།
༥ ཤེ་ཐོ་ཀར་ནམ་ཚང་།
༦ མེ་པད་སྐྱེས།
༧ གསད་གེ་འཕྲུལ་ཆེ།
༨ དྲང་པ་དྲངས་མ་མགུར།
༩ བཀོད་སྟོར་ནམ་ཚ། ཡུལ་གྱི་མིང་ལ་བོད་ཁམས་གཡའ་དྲུག་ཟེར། སྔ་རྟགས་མདའ་གཞུ་མཚོན་ཆ་རྩེ་བ་དང་། ལག་ཆ་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། བཞོན་པ་ཞོན་ཞིང་རྒྱན་ཆ་འདོགསཔ་དང་། ཤོ་རྒྱན་རྩེ་ཞིང་དངོས་པོ་ཉོ་ཚོང་དར། དུས་འདིར་ལྕགས་རིགས་རྙེད་ཅིང་ལྕགས་ཆས་སྤྱོད་སྲོལ་དར་བ་དང་། དངོས་རྫས་བགོ་བཤའི་ཆེད་དུ་ཤོ་རྒྱན་འདེབས་པ་དང་། བྲེ་དང་སྲང་བཅོས་ནས་དངོས་པོ་ཉོ་ཚོང་གི་ལས་ལ་དར་རྒྱས་བྱུང་ཡོད། ཕལ་ཆེར་ཆབ་མདོ་ཁ་རོའི་གནའ་ཤུལ་གྱི་དུས་ཙམ་ན་ཡིན་པར་མངོན།
༡༠ ཟ་རམས་སྐྱེས་དྲུག་གི་དུས་རབས།
(ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༢༨པ་ནས་༢༣པའི་བར་ཙམ)
དཔོན་མིང་། |
གསལ་བཤད་། |
ཟ་རབས་སྐྱེས་དྲུག ཡུལ་མིང་བོད་ཁམས་སྟོང་སྡེ་བཅོ་བརྒྱད་ཅེས། སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་། གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་དར། དུས་འདིར་རྡོ་བཟོ་དང་། ཤིང་བཟོའི་ལག་རྩལ་བཟང་པོར་བྱུང་། སྤྱི་ལོའི་སྔོན་གྱི་༢༣༡༧པའི་ཤིང་སྤྲེལ་ལོར། རྩིས་ཀྱི་སློབ་དཔོན་ས་བདག་རླུང་རྒྱལ་ཞེས་པ་འཁྲུངས་ཤིང་དེས་ལོ་སྐོར་བཅུ་གཉིས་དང་། འབྱུང་བ་ལྔ་སྦྱར་ནས་ལོ་རྒན་དྲུག་ཅུའི་བརྩི་སྲོལ་བཤད། ཅེས་བཻ་དཀར་ལས་གསལ།
༡༡ རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རབས།
(ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༢༣པ་ནས་༡༢པའི་བར་ཙམ)
རྒྱལ་ཕྲན་མིང་། |
རྗེ་མིང་། |
བློན་གྱི་རུས་མིང་། |
གསལ་བཤད། |
མཆིམས་ཡུམ་གྲུ་བཞི། | མཆིམས་རྗེ་ནི་གུ། | སྣང་། དེང་། | ཡུལ་མིང་བོད་ཁམས་སྤར་ཁ་ཆེ་བརྒྱད་ཅེས། སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང་། སྔར་གྱི་སྒྲུང་གཏམ་ཕྱི་མིས་བཤད་པར་བྱུང་། སྤུ་བྲེག་ཐག་ཚེམ་འབྲོག་པའི་སོ་ནམ་དར། སྤྱི་ལོའི་སྔོན་༡༩༡༧པའི་ཤིང་བྱི་ལོར་གངས་ཏི་སེའི་བདུན། མཚོ་མ་ཕམ་པའི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་ན་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས། དབྱངས་གསལ་སོ་བཞི་ཅན་གྱི་བོད་ཀྱི་ཤེས་རིག་གི་དཔེ་ཆ་མང་པོ་བརྩམས། དབོ་བཟའ་ལ་སོགས་རྒྱལ་ཕྲན་རྣམས་ཀྱི་སྲས་མོ་བརྒྱད་ཁབ་ཏུ་བསུས། སྤྱི་སྔོན་༡༨༩༧པའི་ཤིང་སྤྲེལ་ལོར་དབོ་བཟའ་ལ་གསོ་རིག་འབུལ་བཞི་རྩོམ་པ་པོ་སྲས་དཔྱད་བུ་ཁྲི་ཤེས་འཁྲུངས། སྤྱི་སྔོན་༡༨༩༣པའི་ས་བྱི་ལོར་རྒྱ་བཟའ་ལ་རྩིས་རིག་མཁས་པ་ཟེའུ་ཀོང་འཕྲུལ་ཆུང་འཁྲུངས། སྤྱི་སྔོན་༡༥༥༧པའི་ཤིང་བྱི་ལོར་ཀོང་ཙེ་འཕྲུལ་རྒྱལ་འཁྲུངས། དེས་འབྱུང་རྩིས་དང་། གཏོ། མདོས། ཡས་གླུད་ཀྱི་བསྟན་བཅོས་མང་པོ་བརྩམས། |
ཞང་ཞུང་། ལེགས་སྙ་ཤུར།རྨ། ར་སངས།མྱོང་རོ་ཕྱོང་ དཀར།གཙང་རྗེ་ཐོད་དཀར།གནང་།གནུབས་ཡུལ་
གླིང་དགུ།སྣུབས་རྗེ་
དམིགས་པ།རྨེའུ། འབྲོ།ཉང་རོ་ཤམ་པོ།ལོ་ངམ་རྗེ།ཤེ། སུང་།ཀྱི་རི་ཀྱི་ལྗོན།རྗེ་རྨད་པོ།ངམ། འབྲོམ།ངམ་ཤོད་ཁྲ་སྣ།ཟིངས་རྗེ་ཁྲི་འཕྲང་།མགར། གཉན།འོལ་ཕུ་སྤང་མཁར།ཟིང་རྗེ་ཐོད་ཕྲེང།རྔོག སྦས།སྲིབས་ཡུལ་རལ་གོང་།བྲང་རྗེ་གོང་ནམ།སྤྲད། ཞུགས།ཀོང་ཡུལ་བྲེ་སྣ།ཀོང་རྗེ་ཀར་པོ།ཏུག མཁར།ཉང་ཡུལ་
རྣམས་གསུམ།ཉང་བཙུན་གླང་རྒྱལ།ཕུག ངོ་རྗེ།དྭགས་ཡུལ་གྲུ་བཞི།དྭགས་རྗེ་མང་པོ་རྒྱལ།རླངས། སྐམ།
༡༢ རྒྱལ་ཕྲན་སིལ་མ་བཞི་བཅུའི་དུས་རབས།
(ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༡༢པ་ནས་༤པའི་བར་ཙམ)
རྒྱལ་ཕྲན་ཁག་གི་མིང་། |
གསལ་བཤད། |
རྒྱལ་ཕྲན་བཅུ་གཉིས། མཁར་བཅུ་གཉིས། ཡུལ་བཅུ་གཉིས། འབྲོག་མོ་རྣམ་གསུམ། གཡེ་མོ་ཡུལ་དྲུག སེ་མོ་གྲུ་བཞི། སུམ་ཡུལ་ཡ་གསུམ།ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་ཟེར། སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་པ་བསྒྲུབ། ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་དང་། རྨོ་བརྐོ་འདེབས་འཛུགས་ཞིང་བའི་སོ་ནམ་དར། འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང་།
སྐབས་འདིར་བོད་འབངས་རྣམས་ཕྱིའི་ཕྱོགས་ནས་དགྲ་ཡིས་འཚེ་ཞིང་། ནང་དུ་ཡུལ་དཔོན་རྣམས་ཀྱིས་རྟག་ཏུ་མནར་གཅོད་བྱེད་ཅིང་། བྲོས་ན་ལམ་མི་སྟེར། ཀླུང་ཐང་དུ་བསྡད་དགྲ་ཡིས་སྡང་བས་སྡོད་མི་ནུས་པ་རི་བྲག་སོགས་ལ་བཙན་རྫོང་བཟུང་ནས་འདུག་དགོས་པར་བྱུང་། སྤྱི་ལོའི་སྔོན་གྱི༡༢༢༨པའི་ལྕགས་སྟག་ལོར་མཁས་པ་མུ་ཙ་ཏྲ་ཧེ་ཡིས་གཙུག་གཤེན་རྒྱལ་དང་། དྲང་སྲོང་རྒྱལ། རྨ་ལོ། གཡུ་ལོ། མུ་ཆོ་ལྡེམ་དྲུག་བཅས་ལ་དྲང་སྲོང་གི་སྡོམ་པ་གནང་། དེ་ནས་བཟུང་མི་ལོ་སུམ་བརྒྱ་ཉེར་ལྔའི་བར་ཞང་ཞུང་གི་ཡུལ་དུ། བྲག་དགོན་དང་། རི་ཁྲོད་དང་། ཤིང་དྲུང་སོགས་ལ་དཀའ་ཐུབ་ཀྱིས་ཉམས་ལེན་བྱེད་མཁན་དང་། ལྷ་རྟེན་བཞེངས་མཁན་མང་པོ་བྱུང་། སྤྱི་ལོའི་སྔོན་གྱི་༩༠༤པའི་མེ་སྦྲུལ་ལོར་ག་ཅུ་གཙུག་ཕུད་རྒྱལ་བ་དང་། དེའི་སློབ་མ་ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤིན་དཔལ་གྱི་དབང་ཕྱུག་རྣམས་ཀྱིས་སོ་ཐར་གྱི་སྡེ་པ་བཙུགས་ཤིང་འདུལ་བསྟན་སྤེལ་ཞིང་གནས་དགོན་མང་དུ་འཕེལ།
སྤུ་རྒྱལ་ཀྱི་དུས་རབས།
༡ གནམ་གྱི་ཁྲི་བདུན་གྱི་དུས་རབས།
360B,C-84B,C.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས་ཚོད། |
ཁྲི་ལོ |
གསལ་བཤད། |
|
གཉའ་ཁྲི་བཙན་པོ། | 360B.C-345B.C. |
15 |
གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་གྱུར་རྗེས་ཕྱིང་བ་སྟག་རྩེར་ཕེབས་ནས་བོད་ཀྱི་རྒྱལ་སྲིད་སྐྱོང་ཐབས་ཀྱི་ཁྲིམས་བཅས། སྤྱི་སྔོན་༣༥༥པའི་མེ་སྟག་ལོར་མུ་ཁྲི་བཙན་པོ་འཁྲུངས། ཁྲོ་བོ་དབང་ཆེན་གྱི་རྒྱུད་ཞུས་ནས་ལྷ་རི་གྱོང་ཐོ་ལ་བསྒྲུབ་པ་མཛད་པས་གྲུབ་པ་ཐོབ་པས་བོན་གྱི་བླ་བརྒྱུད་ཀྱི་གྲལ་ན་ཡོད། སྤྱི་སྔོན་༢༧༢པའི་ས་གླང་ལོར་སྐུ་གཤེགས། སྤྱི་སྔོན་༢༥༧པའི་མེ་རྟ་ལོར་བླ་ཆེན་དྲན་པ་ནམ་མཁའ་འཁྲུངས། སྐབས་འདིར་གྲུབ་པ་ཐོབ་པའི་གཤེན་དགུ་མཁས་པ་མི་དགུ། མཐུ་བོ་ཆེ་མི་དགུ་བཅས་བྱུང་ཡོད་པར་གྲགས། | |
མུ་ཁྲི་བཙན་པོ། | 345B.C-272B.C. |
73 |
||
དིང་ཁྲི་བཙན་པོ། | ||||
སོ་ཁྲི་བཙན་པོ། | ||||
མེར་ཁྲི་བཙན་པོ། | ||||
གདགས་ཁྲི་བཙན་པོ། | ||||
སྲིབས་ཁྲི་བཙན་པོ། | 84B.C. |
37 |
||
༢ བར་གྱི་སྟོང་གཉིས།
84B.C-31B.C.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས་ཚོད |
ཁྲིར་ལོ། |
གསར་བཤད། |
|
གྲི་གུམ་བཙན་པོ། | 84B.C-81B.C. |
3
|
གྲི་གུམ་བཙན་པོའི་སྐབས་རལ་གྱི་དགུ་ཟི་བཟོས། སྤྱི་སྔོན་༨༡ལོར་བློན་པོ་ངམ་གྱིས་གྲི་གུམ་བཀྲོངས་ནས་ལོ་༡༣རིང་དུ་རྒྱལ་སྲིད་བཟུང་། སྤུ་ལྡེའུ་གུང་རྒྱལ་སྐབས་སུ་བློན་པོ་རུ་ལས་སྐྱེས་ཀྱིས་མགར་དང་། ཤིང་བཟོ། ཞིང་ལས་བཅས་ཀྱི་ལག་རྩ་ཡར་རྒྱས་གཏོང་ཡོད་པ་རེད། | |
ལོ་ངམ། | 81B.C-68B.C. |
13
|
||
སྤུ་ལྡེའུ་གུང་རྒྱལ། | 68B.C-31B.C. |
37 |
||
༣ ས་ཡི་ལེགས་དྲུག
31B.C-142A.D.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས་ཚོད |
ཁྲིར་ལོ། |
གསར་བཤད། |
|
ཨེ་ཤོ་ལེགས། | རྒྱལ་པོ་ཟ་ནམ་ལེགས་ཀྱི་བློན་པོ་བོད་ཀྱི་ཛངས་མི་བདུན་གྱི་གཉིས་པ་ལྷ་བུ་མགོ་དཀར་གྱིས་སྤྱི་ལོའི་དུས་རབས་དང་པོ་མགོ་ཚུགས་ཁ་ཙམ་ན། ཞིང་འབྲོག་ལས་རིགས་ཡར་རྒྱས་གཏོང་འབྲོག་ལ་ཐུར་རྩིས་དང་། ཞིང་ལ་དོར་རྩིས་ཀྱིས་འབངས་ལ་ཁྲལ་བཀོད་པའི་སྒྲིག་སྲོལ་བཙུགས། རྒྱལ་པོ་འདི་རྣམས་ཀྱི་དུས་སུ་བོད་ཀྱི་ཤེས་རིག་ལ་རྩ་བའི་རིག་གནས་ལྔ་ཞེས་པ་སྨན་དང་། སྔགས། རྩིས། སྒྲ། བོན་བཅས་དབྱེ་བ་ཕྱེས་ཏེ་འཆད་གཉེར་དང་དར་སྤེལ་བཏང། | |||
དེ་ཤོ་ལེགས། | ||||
ཐི་ཤོ་ལེགས། | ||||
གུ་རུ་ལེགས། | ||||
འབྲོང་ཞི་ལེགས། | ||||
ཟ་ནམ་ལེགས། | ||||
༤ ཆུ་ལ་ལྡེ་བརྒྱད།
142A.D.-341A.D.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས་ཚོད |
ཁྲིར་ལོ། |
གསར་བཤད། |
|
ཟ་ནམ་ཟིང་ལྡེ། |
ཆུ་ལ་ལྡེ་བརྒྱད་ཀྱི་སྐབས་སུ་བོན་སྲིད་རིག་གནས་གང་ཅིའི་ཐད་དམིགས་བསལ་གྱི་ལོ་རྒྱུས་འཁོད་པའི་ཡིག་ཆ་གང་ཡང་ད་ཕན་མ་མཐོང་། དུས་སྐབས་འདིར་བོད་སྲིད་ལ་ཅུང་ཟད་ཉམས་རྒུད་བྱུང་ཡོད་པར་སེམས།
འཕྲུལ་ནམ་གཞུང་ལྡེ། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན།
༥ ཚིགས་ལ་བཙན་ལྔ།
34A.D.-493A.D.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས |
ཁྲིར་ལོ། |
གསར་བཤད། |
རྒྱལ་ཏོ་རི་ལུང་བཙན། |
སྤྱི་ལོ་༣༥༨པའི་ས་རྟ་ལོར་གཙང་སྟོད་བྱེ་མ་གཡུང་དྲུང་དུ། ལྷུན་གྲུབ་དབྱིངས་ཀྱི་ལྷ་ཁང་བཞེངས། སྤྱི་ལོ༤༣༣པའི་ཆུ་བྱ་ལོར་ལྷ་ཐོ་ཐོ་རི་བོད་ཀྱི་རྒྱལ་པོར་གྱུར། དུས་དེར་བལ་ཡུལ་ནས་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ཐི་ལེ་སེ་གཉིས་ཀྱིས་སྤང་ཀོང་ཕྱག་རྒྱ་པ་དང་། མདོ་ཟ་མ་ཏོག་གཉིས་བོད་ཀྱི་རྒྱལ་པོའི་ཕྱག་ཏུ་ཕུལ་བར་རྒྱལ་པོས་ཕོ་བྲང་དུ་མཆོད་པའི་རྟེན་བདག་ཉར་བྱས་ཡོད་པ་རེད།ཁྲི་ནམ་བཙན།
ཁྲི་སྒྲ་དཔུང་བཙན།
ཁྲི་ཐོག་རྗེ་བཙན།
ལྷ་ཐོ་ཐོ་རི་སྙན་བཙན།
433A.D.-493A.D.60
༦ ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི།
འདི་ལ་འོག་གི་བཙན་བཞི་ཡང་ཟེར།
493A.D.-629A.D.
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས་ཚོད |
ཁྲིར་ལོ |
གསར་བཤད། |
ཁྲི་གཉན་བཟུང་བཙན། |
493A.D.-516A.D.
23
འབྲོང་གཉན་ལྡེའུ་སྐབས་སུ་བོད་ལ་དཀར་ཡོལ་བཟོ་བའི་ལག་རྩལ་དར། སྟག་རི་གཉན་གཟིགས་ཀྱི་སྐབས་མཛངས་མི་གསུམ་པ་བློན་པོ་མོང་གི་བུས་བྲེ་དང་། སྲང་བཟོ་བཅོས་བྱས་ནས་ཚོང་ལས་ཡར་རྒྱས་གཏོང་།འབྲོང་གཉན་ལྡེའུ།
516A.D.-556A.D.
40
སྟག་རི་གཉན་གཟིགས།
556A.D.-608A.D.
52
གནམ་རི་སྲོང་བཙན།
608A.D.-629A.D.
21
ཆོས་ལྡན་རྒྱལ་རབས་སྐབས།
629-841
རྒྱལ་པོའི་མཚན |
སྲིད་སྐྱོང་དུས |
གསར་བཤད།
|
སྲོང་བཙན་སྒམ་པོ། |
629-650 |
སྤྱི་ལོ༦༣༢པའི་ཆུ་འབྲུག་ལོར་བལ་བཟའ་ཁྲི་བཙུན་བོད་དུ་བཙུན་མོར་བསུས་ཤིང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས། སྤྱི་ལོ་༦༣༣ཆུ་སྦྲུལ་ལོར་ཐུ་མི་སཾ་བྷོ་ཊ་སོགས་གཞོན་ནུ་ཁག་ཅིག་རྒྱ་གར་དུ་སློབ་སྦྱོང་བཏང་། སྤྱི་ལོ་༦༣༥པའི་ཤིང་ལུག་ལོར་དམར་པོ་རི་ལ་ཕོ་བྲང་པོ་ཏ་ལའི་རྨང་བཏིངས། རྒྱལ་ས་ལྷ་སར་སྤོས། སྤྱི་ལོ་༦༣༩པའི་ས་ཕག་ལོར་ལྷ་སའི་ཇོ་ཁང་བཞེངས། སྤྱི་ལོ་༦༤༡ལྕགས་གླང་ལོར་བློན་པོ་མགར་སྟོང་བཙན་དང་། དབའ་དབྱི་ཚབ། ཁྱུང་པོ་སྤུང་སད་ཟུང་རྩེ་སོགས་ཁོད་དཔོན་ཁག་ཅིག་བསྐོས་ནས་བོད་ཀྱི་རྩ་ཁྲིམས་གཏན་འབེབས་བྱས། བཀའ་རྟགས་ཀྱི་ཕྱག་རྒྱ་དང་། རུ་རྟགས་ཀྱི་ཕྱག་རྒྱ་སོགས་ལས་ཚན་ཁག་གི་ཕྱག་རྒྱའམ་ཐེལ་ཙེ་གཏན་འཁེལ་གནང་། དམག་གི་རུ་ཆེན་བརྒྱད་བཙུགས། སྤྱི་ལོ་༦༤༤པའི་ཤིང་འབྲུག་ལོར་ཞང་ཞུང་ལ་དམག་བཏང་སྟེ་ཞང་རྒྱལ་ལི་མིག་རྐྱ་བཀྲོངས། ཞང་ཞུང་ཡུལ་གྲུ་ཐམས་ཅད་འབངས་སུ་བཅུག
གུང་རི་གུང་བཙན།
634-638
འདི་ཉིད་སྲོང་བཙན་སྒམ་པོའི་གཅུང་པོ་ཡིན། སྤྱི་ལོ་༦༣༤ལོ་རྒྱལ་པོ་སྲོང་བཙན་སྒམ་པོ་དམག་ལ་ཕེབས་སྐབས་རྒྱལ་སྲིད་གཅུང་གུང་རིས་བསྐྱངས། དགུང་ལོ་༡༨ཟིན་པ་དང་སྐུ་བཤེགས།
མང་སྲོང་མང་བཙན
650-676
སྤྱི་ལོ་༦༦༥པའི་ཆུ་ཁྱི་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུ་ལ་དམག་བརྒྱབ། སྤྱི་ལོ་༦༦༧ལོར་བློན་པོ་མགར་འདས། མགར་ལ་བུ་བཞི་ཡོད་པའི་མགར་བཙན་སྙ་ལྡོམ་བུས་ཕའི་གོ་གནས་བཟུང་། གཞན་གསུམ་པོས་དམག་དཔོན་བྱས། ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས། འབྲི་ཆུ་ལ་ལྕགས་ཟམ་བཙུགས་ནས་དམག་དཔུང་ཤར་བསྐྱོད་བྱས། འཇང་གི་ཞིང་ཆེན་བཅུ་གཉིས་བཅོམ། སྤྱི་ལོ༦༦༨ལོར་བོད་དམག་གིས་ནུབ་ཕྱོགས་ཀྱིས་གྲུ་གུའི་ཚོ་ཆེན་བཅུ་གསུམ་བཟུང་། སྤྱི་ལོ་༦༧༠ལོར་བོད་དང་ལི་ཡུལ་གཉིས་གྲོགས་སུ་བསྡེབས་ནས་རྒྱ་ནག་གུ་ཅིའི་གྲོང་ཁྱེར་གྱི་ལྕགས་རི་བཤིག་རྒྱའི་ཞིང་ཆེན་བཞི་བོད་ཀྱི་ལག་ཏུ་ཤོར།
འབྲོ་བཟའ་ཁྲི་མ་ལོད། |
676-691 |
སྤྱི་ལོ་༦༧༦ལོར་རྒྱལ་པོ་མང་སྲོང་མང་བཙན་སྐུ་གཤེགས། ཁྲི་མ་ལོད་ཀྱིས་སྲིད་བསྐྱངས། མགར་བཙན་སྙ་ལྡོམ་བུ་དང༌། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། སྤྱི་ལོ་༧༨༠པའི་ལྕགས་འབྲུག་ལོར་ཀླུ་འཕེལ་ས་ཁུལ་དུ་བོད་ཀྱིས་འབྲི་ཆུའི་དམག་སྒར་ཞེས་པ་བཙུགས་ནས་ཤར་ཕྱོགས་སུ་དམག་ཤུགས་རྒྱ་བསྐྱེད། དེང་དུས་ཡུན་ནན་ས་ཁུལ་གྱི་ས་ཆ་དང་སྡེ་འབངས་མང་པོ་བཟུང་། སྤྱི་ལོ་༦༨༩ལོར་སྔར་བོད་ཀྱི་མངའ་འོག་ཏུ་གྱུར་པའི་ཚོགས་པ་ཉེར་ལྔ་ངོ་ལོག་བྱས་སྟབས། དེའི་ཕྱི་ལོར་འདུས་སྲོང་རྗེ་སྐུ་དངོས་ཀྱིས་རུ་འདྲེན་འཇང་ཡུལ་དུ་ཕེབས།
འདུས་སྲོང་མང་རྗེ།
679-704
སྤྱི་ལོ་༦༩༢ལོར་ལྗང་མོ་ཁྲི་བཙུན་ཁབ་དུ་བཞེས། མགར་ཁྲི་འབྲིང་གིས་རྒྱལ་པོའི་ཕོ་བྲང་གི་དབང་ཆ་ཕལ་ཆེར་བཟུང་། སྤྱི་ལོ་༦༩༩་པའི་ས་ཕག་ལོར་བཙན་པོ་འདུས་སྲོང་མང་རྗེས་མགར་སྤུན་མཆེད་ལ་བཀའ་ཉེན་བཏང་། མགར་ཁྲི་འབྲིང་གིས་གཡུལ་མ་སྤྲད་པ་རང་སྲོག་བཅད། མགར་བཙན་བྲོད་ཀྱིས་འཁོར་སྟོང་ཕྲག་གཅིག་ལྷག་དང་། ཅེན་པོའི་སྲས་མང་པོ་རྗེ་སྟག་ཚབ་སོགས་ཁྲིད་དེ་ཐང་ལ་མགོ་འདོག་ཞུས། སྤྱི་ལོ་༧༠༣ལོར་འཇང་པ་ལ་སོགས་བོད་ཀྱི་ཁོངས་སུ་ཡོད་པའི་ལྷོ་ཕྱོགས་ཀྱི་ཚོ་པ་ཁག་འགའ་ངོ་ལོག་བྱས་པར་བཙན་པོ་རང་ཉིད་ཀྱིས་དམག་དྲངས་ཏེ་ཕེབས། ཡངས་པའི་གཙང་པོ་ལ་ལྕགས་ཟམ་བཙུགས་ནས་དམག་བརྒྱབ། ལོ་དེར་འཇང་ཡུལ་དབང་དུ་བསྡུས། སྤྱི་ལོ་༧༠༤པའི་ཤིང་འབྲུག་ལོར་འཇང་ཡུལ་དུ་བཙན་པོ་དམག་ཐོག་ཏུ་འདས།
ཁྲི་ལྡེ་གཙུག་བརྟན།
(མེས་ཨོག་ཚོམ)
705-755
སྤྱི་ལོ་༧༠༥པའི་ཤིང་སྦྲུལ་ལོར་སྲས་རྣམ་རྒྱལ་ས་ལ་རྩོད་པའི་མཐར་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་འཁོད། ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་སླར་ཡང་སྲིད་དབང་ཕལ་ཆེར་བཟུང་། བློན་སྟོང་གཞེར་རྒྱ་ནག་ཏུ་བཏང་སྟེ་ཚ་བོ་ལ་གཉེན་བསླངས། གོང་མ་ཀྲིང་ཙུང་གི་ཚ་མོ་ཅིན་ཁྲིན་ཀོང་ཇོ་བོད་དུ་བཏང་རྒྱུ་ཁས་བླངས། སྤྱི་ལོ་༧༡༢ལོར་ཀོང་ཇོ་བོད་དུ་འབྱོར། སྤྱི་ལོ་༧༣༩པའི་ས་ཡོས་ལོར་ཅིན་ཁྲེན་ཀོང་ཇོ་གྲོངས། སྤྱི་ལོ་༧༤༢པའི་ཆུ་རྟ་ལོར་སྣ་ནམ་བཟའ་ལ་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། སྤྱི་ལོ་༧༥༥ལོར་རྒྱལ་པོ་མེས་ཨོག་ཚོམ་ཡར་འབྲོག་སྦྲ་ཚལ་དུ་བློན་པོ་འབའ་ལྡོང་ཚབ་དང་། ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་བཀྲོངས།
ཁྲི་སྲོང་ལྡེའུ་བཙན།
755-780
སྤྱི་ལོ་༧༡༦པའི་གླང་ལོར་བསམ་ཡས་གཙུག་ལག་ཁང་རྨང་བཏིང་། སྤྱི་ལོ་༧༦༢ལོར་གཡུ་ཐོག་ཡོན་ཏན་མགོན་པོས་ཀོང་པོ་ཡུལ་དུ་གསོ་རིག་སློབ་གྲྭ་བཙུགས། སྤྱི་ལོ༧༦༣ལོར་སློབ་དཔོན་པདྨ་བོད་དུ་གདན་དྲངས། བོད་དམག་གིས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བཅོམ། སྤྱི་ལོ་༧༦༦ལོར་བསམ་ཡས་སྒྲ་སྒྱུར་གླིང་ངམ་ལོ་ཙཱ་བའི་སློབ་གྲྭ་བཙུགས། སྤྱི་ལོ༧༨༠ལོར་ལྕགས་སྤྲེལ་ལོར་སྲས་མུ་ནེ་བཙན་པོ་ཁྲི་ལ་བཀོད་ནས་རྒྱལཔོ་ཉིད་དམ་ཆོས་ཉམས་ལེན་མཛད། མུ་ནེ་བཙན་པོ་རྒྱལ་པོ་བསྐོས།
མུ་ནེ་བཙན་པོ། |
780-797
རྒྱལ་པོ་འདིའི་རིང་ལ་བོད་རྣམས་དབུལ་ཕྱུག་སྙོམས་པའི་ཁྲིམས་སྲོལ་གཏོད་ནས་དབུལ་ཕྱུག་ཐེངས་གསུམ་སྙོམས་པར་བྱས་ཀྱང་། མཐར་སྙོམས་མ་ཐུབ་པར་སྔར་སྲོལ་བཞིན་ལུས། ཡབ་རྒྱལ་པོ་འདས་ནས་ལོ་གཅིག་དང་ཟླ་བ་བདུན་ལོན་པའི་སྤྱི་ལོ་༧༩༧མེ་གླང་ལོར་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཆུང་བ་ཚེ་སྤོང་བཟས་མོ་རང་གི་སྲས་མུ་ཏིག་བཙན་པོ་རྒྱལ་སར་འཁོད་པའི་རེ་བས་མུ་ནེ་བཙན་པོ་དུག་གིས་བཀྲོངས།
མུ་ཏིག་བཙན་པོ།
797-804
སྤྱི་ལོ་༧༩༧ལོར་མུ་ཏིག་བཙན་པོ་རྒྱལ་སར་འཁོད། རྒྱལ་པོ་འདིའི་རིང་ལ་དམག་ཤུགས་ཧ་ཅང་ཆེ། རྒྱ་ནག་གི་ཞིང་ཆེན་ཆིན་ཀྲོའུ་དང་། ཡོན་ཀྲོའུ། ཨན་ལོ་ཀྲོའུ་རྣམས་བཟུང་། རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལཱ་བོད་དུ་ཁྲིད་ནས་བཟང་བཙོན་བྱས་ཟེར་བའང་གྲགས། སྤྱི་ལོ་༨༠༤ལོར་སྣ་ནམ་པས་ངན་གཡོའི་རྐྱེན་གྱིས་ཆིབས་དཀྲོགས་ནས་རྟ་གྲིར་འདས།
ཁྲི་ལྡེ་སྲོང་བཙན།
མུ་རུག་བཙན་པོ
སད་ན་ལེགས་མཇིང་།
804-815
སྤྱི་ལོ༨༠༤ལྕགས་སྟག་ལོར་རྒྱའི་ཕོ་ཉ་བ་ལི་ཧྥིང་བོད་དུ་སོང་ནས་ཆིངས་འདུམ་བྱ་ཚུལ་སྐོརགྱི་ཡི་གེ་བཙན་པོ་ལ་ཕུལ། བོད་ནས་ཆིན་ཀྲོའུ་ལ་སོགས་རྒྱའི་ཞིང་ཆེན་རྣམས་ཕྱིར་སྤྲོད་འདོད་ཡོད་ཚུལ་སྨྲས་པར་བརྟེན། རྒྱ་ནག་གོང་མས་བློན་ཆེན་ཏུའུ་ཡུག་བྱ་བ་བོད་དང་བཀའ་མོལ་བྱེད་དུ་བཏང་། སྤྱི་ལོ༨༡༣ཆུ་སྦྲུལ་ལོར་བོའུ་ལན་ཇོ་བྱ་བའི་ས་ཆ་རྨ་ཆུ་ལ་ཟམ་པ་འཛུགས། ཟམ་པའི་མདུན་དུ་བོད་ཀྱི་དམག་མཁར་བརྩིགས། དེ་ནས་བཟུང་བོད་རྣམས་ཞོ་ཧྥེན་གྱི་ཟམ་པ་བརྒྱུད་ནས་རྒྱ་ཡུལ་བཅོམ།
ཁྲི་གཙུག་ལྡེ་བཙན
(ཁྲི་རལ་པ་ཅན)
815-836
སྤྱི་ལོ་༨༡༥པའི་ཤིང་ལུག་ལོར་ཁྲི་རལ་པ་ཅན་སྲིད་ཁྲིར་འཁོད། སྤྱི་ལོ་༨༢༡པའི་ལྕགས་གླང་ལོར་རྒྱ་དང་འདུམ་བྱས་པས་རྒྱ་ནག་ཏུ་རྡོ་རིང་བཙུགས། ༨༢༢པའི་ཆུ་སྟག་ལོར་བོད་དུ་རྡོ་རིང་བཙུགས། དེའི་ཕྱི་ལོར་རྡོ་རིང་ལ་ཡི་གེ་བྲིས། སྐབས་དེར་རབ་ཏུ་བྱུང་བ་སུམ་སྟོང་ཙམ་བྱུང་བར། རབ་བྱུང་རེ་ལ་གསོལ་ཡོན་ཕུལ་མཁན་ཁྱིམ་ཚང་བདུན་རེ་བཀོད་སྒྲིག་གནང་།
འུ་དུམ་བཙན་པོ།
(གླང་དར་མ)
836-841
རྒྱལ་པོ་གླང་དར་མས་རྒྱལ་ཁབ་ཀྱི་གནས་སྟངས་ལ་བཅོས་བསྒྱུར་བྱས། རབ་བྱུང་རྣམས་འཚོ་བ་བླ་ནས་སྦྱོར་བའི་ལམ་ལུགས་མེད་པར་བཟོས་ཏེ་རང་སྟོབས་རང་སྤེལ་བྱེད་དགོས་པ་བྱུང་མཐར། སྤྱི་ལོ་༨༤༡ལྕགས་བྱ་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོར་ལྐོག་མདའ་བརྒྱབ་ནས་བཀྲོངས། དེ་ནས་བོད་ཆེན་པོའི་རྒྱལ་ཁབ་དེ་ཉིད་རྩ་བ་ནས་བརླགས་པ་རེད།
བོད་སིལ་བུའི་དུས་རབས།
841- 1265
སྤྱི་ལོའི་དུས་རབས། |
གསལ་བཤད།
|
841-900 |
སྤྱི་ལོ་༨༤༢ལོར་དབུ་གཡོ་འཁྲུགས་པའི་འགོ་ཚུགས། སྤྱི་ལོ༨༦༥ཤིང་བྱ་ལོར་འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན་འཁྲུངས། སྤྱི་ལོ༨༦༩པའི་ས་གླང་ལོར་འབངས་གྱེན་ལོག་གི་འགོ་བཙུགས། སྐབས་དེ་ཙམ་ན་རྨ་གཡོ་གཙང་གསུམ་དབུས་ནས་བྲོས་བྱོལ་ཕྱིན། སྤྱི་ལོ༨༧༧པའི་མེ་བྱ་ལོར་བཙན་པོའི་བང་སོ་རྣམས་རུ་ཚོ་ཁག་རྣམས་བགོས་ཏེ་བསྔོགས། སྤྱི་ལོ་༨༨༥ལོར་མངའ་བདག་འོད་སྲུངས་གཤེགས། སྤྱི་ལོ༨༤༢་པའི་ཆུ་བྱི་ལོར་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། སྤྱི་ལོ༨༩༥ལོར་དཔལ་འཁོར་བཙན་འདས།
901-1000
སྤྱི་ལོ༩༠༦པའི་མེ་སྟག་ལོར་བླ་ཆེན་དགོངས་པ་རབ་གསལ་རྨ་གཡོ་གཙང་གསུམ་ལས་རབ་ཏུ་བྱུང་བས་བསྟན་པའི་མེ་རོ་མདོ་སྨད་ནས་སོས་ཞེས་པར་གྲགས། སྤྱི་ལོ༩༡༦པའི་མེ་བྱི་ལོར་དབུས་གཙང་མི་བཅུ་མདོ་སྨད་དུ་ཕེབས་ནས་བླ་ཆེན་ལས་རབ་ཏུ་བྱུང་། སྤྱི་ལོ༩༥༩་པའི་ཤིང་ལུག་ལོར་བཀྲ་ཤིས་མགོན་ལ་སྲས་སྲོང་ངེ་འཁྲུངས། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས་སྤྱི་ལོ་༩༨༩ལོར་རབ་ཏུ་བྱུང་། མཚན་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། སྤྱི་ལོ༩༩༦པའི་མེ་སྤྲེལ་ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། དུས་འདི་ཙམ་ན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གཞོན་ནུ་བློ་རིག་ཅན་ཉེར་གཅིག་རྒྱ་གར་དུ་སློབ་སྦྱོང་བཏང་། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་བསྟན་པ་ལ་ཤིན་ཏུ་ཕན་པ་བྱུང་།
1001-1100
སྤྱི་ལོ༡༠༡༢པའི་མར་པ་ལོ་ཙཱ་བ་འཁྲུངས། སྤྱི་ལོ་༡༠༢༠ལོར་འབྲོམ་སྟོན་པ་ཁམས་ཀློང་ཐང་དུ་ཕེབས་ནས་བླ་མ་སེ་བཙུན་པར་བསྟེན་ནས་ལོ་ངོ་ཉེར་གསུམ་ཙམ་ཁམས་ཕྱོགས་སུ་བཞུགས། སྤྱི་ལོ་༡༠༢༧མེ་ཡོས་ལོར་གྱི་ཇོ་ལོ་ཙཱ་བས་དཔལ་དུས་ཀྱི་འཁོར་ལོ་བོད་དུ་བསྒྱུར་བས་དེ་ནས་རབ་བྱུང་འགོ་ཚུགས། སྤྱི་ལོ་༡༠༣༡ལོར་ལྷ་བླ་མ་ཡེ་ཤེས་འོད་མཐོ་གླིང་གསེར་ཁང་དུ་ཞི་བར་གཤེགས། རབ་བྱུང་དང་པོའི་ས་སྟག་སྤྱི་ལོ་༡༠༣༨ལོར་གླིང་གེ་སར་རྒྱལ་པོ་ཁམས་སྡེ་དགེའི་ས་སྐྱིད་སོས་ཡག་གི་ཁ་མདོར་སྐུ་འཁྲུངས། ཁོང་གིས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ས་ཆ་འདི་དག་དབང་སྒྱུར་བྱས། སྤྱི་ལོ་༡༠༤༢ལོར་ཇོ་བོ་རྗེ་བོད་དུ་ཕེབས། སྤྱི་ལོ་༡༠༥༦ལོར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པ་བཏབ། སྤྱི་ལོ་༡༠༧༡ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ཕུ་ནེའུ་ཐོག་བཏབ། སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་དགོན་པ་བཏབ། སྤྱི་ལོ་༡༠༩༡ལོར་མ་གཅིག་ལབ་སྒྲོན་གྱིས་ཟངས་རི་མཁར་དམར་བཏབ།
1101-1200 |
སྤྱི་ལོ་༡༡༢༡པའི་ལྕགས་གླང་ལོར་དྭགས་པོ་རིན་པོ་ཆེས་དྭགས་ལྷ་སྒམ་པོར་བཞུགས་གནས་མཛད། སྤྱི་ལོ༡༡༥༨པའི་ས་སྟག་ལོར་ཕག་གྲུ་རྡོ་རྗེ་རྒྱལ་པོས་ལྷོ་ཁར་གདན་ས་ཐེལ་བཏབ། སྤྱི་ལོ་༡༡༥༩ལོར་ཀ་དམ་པ་བདེ་གཤེགས་ཀྱིས་ཁམས་སྡེ་དགེ་རུ་ཀཿཐོག་དགོན་བཏབ། སྤྱི་ལོ་༡༡༦༤ལོར་ཀརྨ་པ་དུས་གསུམ་མཁྱེན་པས་ཁམས་ལི་ཐང་དུ་ཀཾ་པོ་གངས་ར་དང་སྤྱི་ལོ་༡༡༨༩ལོར་མཚུར་ཕུ་དགོན་པ་བཏབ། སྤྱི་ལོ་༡༡༧༡ལོར་རྒྱལ་ཚ་རིན་ཆེན་མགོན་གྱིས་ཁྲོ་ཕུ་དགོན་བཏབ། སྤྱི་ལོ་༡༡༧༥ལོར་ཞང་བརྩོན་འགྲུས་གྲགས་པས་ཚལ་གྱི་དགོན་པ་བཏབ་ཅིང་སྤྱི་ལོ་༡༡༨༧ལོར་ཚལ་གྱི་ལྷ་ཆེན་བཞེངས། སྤྱི་ལོ་༡༡༧༩ལོར་འབྲི་གུང་འཇིག་རྟེན་གསུམ་མགོན་གྱིས་འབྲི་གུང་མཐིལ་གི་དགོན་པ་བཏབ། སྤྱི་ལོ་༡༡༨༠ལོར་སྟག་ལུང་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་པ་བཏབ། སྤྱི་ལོ་༡༡༨༡ལོར་གླིང་རས་པདྨ་རྡོ་རྗེས་སྣ་ཕུ་དགོན་པ་བཏབ། སྤྱི་ལོ་༡༡༨༨ལོར་ཡེལ་པ་ཡེ་ཤེས་བརྩེགས་པས་བྱང་རྟ་རྣ་དགོན་བཏབ།
1201-1264
སྤྱི་ལོ་༡༢༠༤ལོར་ཁྲོ་ཕུ་ལོ་ཙཱ་བས་སྤྱན་དྲངས་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤཱི་བོད་དུ་བྱོན། སྤྱི་ལོ་༡༢༠༥ལོར་སོག་རྒྱལ་ཇིང་སི་གིའི་དམག་ཐོག་མར་བོད་དུ་འཛུལ་བར་བཤད། ལོ་དེར་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་འབྲུག་སེ་བ་བྱང་ཆུབ་གླིང་བཏབ། སྤྱི་ལོ་༡༢༠༦་ལོར་གཡའ་བཟང་བ་ཆོས་སྨོན་གྱིས་གཡའ་བཟང་དགོན་བཏབ། སྤྱི་ལོ་༡༢༢༡་ལོར་ཚལ་པས་ཧོར་ཡུལ་དུ་བོད་ཀྱི་བླ་མ་ཁག་གཅིག་བཏང་བས་ཧོར་ཡུལ་དུ་ནང་ཆོས་དར་བའི་འགོ་ཚུགས། སྤྱི་ལོ་༡༢༣༩ལོར་ཧོར་དམག་བོད་དབུས་གཙང་དུ་འབྱོར། སྤྱི་ལོ༡༢༤༤ལོར་ཧོར་རྒྱལ་པོས་གདན་ཞུས་ལྟར་ས་སྐྱ་པཎ་ཆེན་ཁུ་དབོན་ཧོར་ཡུལ་དུ་ཕེབས་འགོ་བཙུགས། སྤྱི་ལོ་༡༢༤༧ལོར་ས་སྐྱ་པཎ་ཆེན་དང་། ཧོར་གོ་དན་རྒྱལ་པོ་གཉིས་མཇལ་འཕྲད་གནང་། སྤྱི་ལོ༡༢༥༣ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལེས་འགྲོ་མགོན་ཆོས་འཕགས་བླ་མར་བཀུར་ཞིང་བོད་ཆོལ་ཁ་གསུམ་གྱི་བདག་པོར་དབང་བསྐུར། སྤྱི་ལོ་༡༢༥༥ལོར་གྲུབ་ཆེན་ཀརྨ་པཀྵྀ་ཧོར་ཡུལ་དུ་གདན་དྲངས་པར་ཧོར་རྒྱལ་ཧུ་པི་ལེ་དང་མཇལ།
ས་སྐྱ་པའི་དུས་རབས།
1265-1349
སྲིད་འཛིན་སོ་སོའི་མཚན། |
སྲིད་སྐྱོང་དུས |
གསལ་བཤད། |
འགྲོ་མགོན་ཆོས་འཕགས།
1265-1280སྤྱི་ལོ་༡༢༦༥པའི་ཤིང་གླང་ལོར་འགྲོ་མགོན་ཆོས་འཕགས་བོད་དུ་ཕེབས་ནས་བོད་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་སྐྱོང་། སྤྱི་ལོ་༡༢༦༥ལོར་འགྲོ་མགོན་འཕགས་པ་པེ་ཅིང་ནས་ཕྱིར་ལོག་སྟེ་བོད་དུ་འབྱོར། སྤྱི་ལོ་༡༢༧༧ལོར་འགྲོ་མགོན་འཕགས་པས་དགེ་འདུན་པ་ཁྲི་བདུན་ལ་ཞལ་ཟས་དང་འགྱེད་གནང་། སྐྱ་སེར་འདུས་པ་འབུམ་ཚོ་གཅིག་ལྷག་ལ་ཟླ་བ་ཕྱེད་ཙམ་གྱི་རིང་ཆོས་གསུངས་པར་ཆུ་མིག་ཆོས་འཁོར་ཞེས་པ་དེ་བྱུང་།རིན་ཆེན་རྒྱལ་མཚན།1267-1275འགྲོ་མགོན་འཕགས་པ་པེ་ཅིང་དུ་བཞུགས་རིང་ས་སྐྱའི་ཁྲི་ཚབ་བྱས།
དྷ་རྨ་པཱ་ལ་རཀྵྀ་ཏ།
1280-1287སྤྱི་ལོ་༡༢༨༡ལོར་ཧོར་དམག་གིས་བྱ་རོགས་རྫོང་བཅོམ། དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས། སྤྱི་ལོ་༡༢༨༥ལོར་ས་འབྲི་འཁྲུགས། འབྲི་གུང་ཚུལ་རྒྱལ་གྱིས་དམག་དྲངས་ཏེ་ས་སྐྱའི་ཁོངས་གཏོགས་བྱ་ཡུལ་དགོན་པ་མེར་བསྲེགས།
འཇམ་དབྱངས་རིན་ཆེན་རྒྱལ་མཚན།
1287-1305སྤྱི་ལོ་༡༢༩༠ལོར་ཧོར་དམག་དང་། མདོ་སྟོད་སྨད་ཀྱི་དམག་དང་། ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་དམག་དཔོན་བྱས་པའི་དབུས་གཙང་དམག་ཕོན་ཆེན་བཅས་འབྲི་གུང་ལ་དམག་བརྒྱབ་སྟེ་འབྲི་གུང་ཐེལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས། སྐྱ་སེར་བསྡོམས་པས་མི་གྲངས་ཁྲི་གཅིག་ཙམ་སྲོག་ཤོར་བར་གྲགས།
བདག་ཉིད་ཆེན་པོ་བཟང་པོ་དཔལ།
1306-1324ས་སྐྱའི་གདུང་རྒྱུད་སྤེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་སྤྱི་ལོ་༡༢༩༨་ལོར་བོད་དུ་གདན་དྲངས། བཙུན་མོ་ལྔ་དང་། གོང་མས་གནང་བའི་ཧོར་མོ། སྔར་ཡོད་པའི་རྒྱ་མོ་བཅས་བཙུན་མོ་བདུན་བསུས། བསྡོམས་པས་སྲས་དང་སྲས་མོ་བཅུ་དགུ་ཙམ་འཁྲུངས་པར་གསལ། སྤྱི་ལོ་༡༣༢༢ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཕག་གྲུའི་ཁྲི་དཔོན་བསྐོས།མཁས་བཙུན་ནམ་མཁའ་ལེགས་པ།
1325-1343གཡའ་ཕག་གཉིས་ས་སྐྱ་ལ་གཏུག་བཤེར་བྱས། ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོས་གཡའ་ཕག་བར་བསྡུམས་བྱས། དཔོན་ཆེན་གྱིས་གཡོ་ཇུས་བཏོན་ནས་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་བཙོན་དུ་བཟུང་། ཁོང་ལ་མནར་གཅོད་ཚབས་ཆེན་བཏང་ཡང་མགོ་མ་སྒུར།འཇམ་དབྱངས་དོན་རྒྱལ།1343-1344འཇམ་དབྱངས་དོན་ཡོད་རྒྱལ་མཚན་ནི་བཙུན་མོ་ཞལ་ལུ་མའི་སྲས་གཉིས་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གཅེན་པོ་ཡིན།
བླ་མ་དམ་པ་བསོད་ནམས་རྒྱལ་མཚན།
1345-1354སྤྱི་ལོ་༡༣༤༧ལོར་ས་ཕག་འཁྲུག་པས་ས་དམག་ཕམ། སྤྱི་ལོ་༡༣༤༨་ལོར་ཕག་གྲུས་ཚལ་པའི་ཁྲི་དཔོན་དབང་དུ་བསྡུས། སྤྱི་ལོ༡༣༤༩ལོར་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་གྱིས་དམག་དཔོན་བྱས་ནས་དབུས་གཙང་ཕལ་ཆེར་དབང་དུ་བྱས། སྤྱི་ལོ་༡༣༥༤ལོར་ས་སྐྱའི་སྲིད་དབང་གི་མཇུག་རྫོགས།
ཕག་གྲུའི་དུས་རབས།
1349-1617
གོང་མའི་མཚན། |
སྲིད་སྐྱོང་དུས |
གསལ་བཤད། |
ཕག་གྲུ་བྱང་ཆུབ་རྒྱལ་མཚན།
1349-1365དུས་འདིར་《ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ》གཏན་འབེབས་དང་། མི་སེར་ལ་ཁྲལ་ཆག་ཡང་བཏང་རྒྱུ། ཡུལ་སོ་སོར་ཤིང་སྡོང་འཛུགས་རྒྱུ། དབུས་གཙང་གི་རྫོང་གཞིས་ཆེ་ཁག་གི་རྗོང་དཔོན་རྣམས་རེས་བསྐོར་ནས་བརྗེ་ལེན་བྱ་རྒྱུའི་ལམ་ལུགས་གཏན་འབེབས་བྱས།
གུ་ཤྲི་ཤཱཀྱ་རྒྱལ་མཚན།
1365-1373༡༣༦༨ལོར་ཡོན་གོང་མས་རྒྱལ་སྲིད་ཤོར། རྒྱ་ནག་ཏཱ་མིང་རྒྱལ་རབས་ཚུགས།སྤྱན་སྔ་གྲགས་པ་བྱང་ཆུབ།
1374-1381རྗེ་འདི་ཡིས་སྡེ་སྲིད་ཀྱི་འགན་བཞེས་སྐབས་རྫོང་གོང་འོག་ཐམས་ཅད་དུ་ཆོ་འཕྲུལ་ཟླ་བ་ལ་སྲོག་གཅོད་སྤོང་དགོས་པ་སོགས་ཆོས་ལྡན་གྱི་བྱ་བ་མང་དུ་སྤེལ།
གོང་མ་བསོད་ནམས་གྲགས་པ།
1382-1385
སྐབས་འདིར་དུས་འཁྲུག་ཅུང་ཟད་བྱུང་།
གྲགས་པ་རྒྱལ་མཚན།
1385-1432སྐབས་འདི་ཕག་གྲུའི་མངའ་ཐང་རྒྱས་སྒང་ཡིན། རྫོང་གཞིས་ཁག་གི་རྫོང་དཔོན་རྣམས་སྒེར་བདག་ཏུ་བསྐོས་ནས་རེས་བསྐོས་ནས་རེས་བསྐོར་བའི་ལམ་ལུགས་མེད་པར་བཟོས། དྲུང་འཁོར་དཔོན་རིགས་རྣམས་སོ་སོའི་ལས་ཚན་གྱི་གོ་རིམ་དང་བསྟུན་པའི་བོད་སྔ་རབས་པའི་རྒྱན་གོས་རྣམས་གྱོན་དགོས་པའི་སྒྲིག་སྲོལ་གཏན་འབེབས་བྱས།
གྲགས་པ་འབྱུང་གནས།
1432-1445སྤྱི་ལོ་༡༤༣༥ལོར་རིན་སྤུངས་ནོར་བུ་བཟང་པོས་དབུས་སུ་དམག་དྲངས། དུས་འདིར་རིན་སྤུངས་པ་དང་ཕག་གྲུའི་བར་ནས་སྲིད་ལ་རྩོད་པ་ཤུགས་ཆེན་བྱུང་སྟབས། ཡབ་ཆེ་ས་སངས་རྒྱས་རྒྱ་མཚོ་སྣེའུ་གདོང་དུ་བཞུགས་མ་བདེ་བ་ཡར་རྒྱབ་ཏུ་ཕེབས་ནས་སྤྱི་ལོ༡༤༤༣ལོའི་བར་དེར།
ཆེ་ས་སངས་རྒྱས་རྒྱ་མཚོ།
1445-1448འདི་ཉིད་སྲས་གྲགས་པ་འབྱུང་གནས་སྐུ་གཤེགས་པ་དང་སྲིད་བསྐྱངས།
ཀུན་དགའ་ལེགས་པ།
1448-1481ཕག་གྲུའི་ཁྱིམ་ཚང་ནང་ཁུལ་མི་མཐུན་པའི་རྩོད་པ་ལངས་པ་སོགས་ཀྱི་རྐྱེན་གྱིས་རྫོང་གཞིས་ཀྱི་དཔོན་རིགས་རྣམས་ཀྱང་གོང་མ་རང་གི་ཕྱོགས་དང་། བདག་མོའི་ཕྱོགས་གཉིས་སུ་གྱེས་ཏེ་སྡེ་འཁྲུགཐེངས་ཁ་ཤས་བྱུང་། རིན་སྤུང་ནོར་བུ་བཟང་པོས་གོ་སྐབས་དེ་དང་བསྟུན་ནས་གཙང་ཁུལ་གྱི་ཡུལ་གྲུ་ཕལ་ཆེན་བདག་བཟུང་བྱས།
སྤྱན་སྔ་ངག་གི་དབང་པོ།
1481-1490
སྤྱི་ལོ་༡༤༨༥ལོར་དབུས་གཙང་ཀུན་ཏུ་དམག་འཁྲུག་ཆེན་པོར་ལངས་བ་ལ་གོང་མ་འདི་ཉིད་སྤྱི་དཔོན་ཁོ་ན་གནང་སྟེ་བར་འདུམ་བྱས་པས་གོད་ཆག་ཆེན་པོ་མ་ཐེབས།
རིན་སྤུངས་མཚོ་སྐྱེས་རྡོ་རྗེ།
1490-1499སྤྱན་སྔར་ངག་གི་དབང་པོ་སྐུ་གཤེགས་པ་དང་། གདུང་རྒྱུད་སྐུ་ན་གཞོན་པ་བཅས་ཀྱི་རྐྱེན་གྱིས། རིན་སྤུངས་པས་ལོ་བཅུའི་རིང་ལ་སྣེའུ་གདོང་གི་དཔོན་ཚབ་བྱས་པར་བོད་ཀྱི་ལོ་རྒྱུས་ཐོག་འདི་ལ་དཔོན་ཚབ་ཐེལ་གཏོང་གི་དུས་སྐབས་ཞེས་ཟེར། འདི་ནས་བཟུང་བོད་སྲིད་ཕལ་ཆེར་དོན་གྱིས་དབང་ཆ་རིན་སྤུངས་པས་འཛིན།
ངག་དབང་བཀྲ་ཤིས་གྲགས་པ།
1499-1563
སྤྱི་ལོ་༡༥༡༥ལོ་ནས་༡༥༢༢ལོའི་བར་རིན་སྤུངས་པས་བསླངས་བའི་སྡེ་འཁྲུག་རྒྱུན་མི་ཆད་པར་བྱུང་བར་གོང་མ་འདི་ཡིས་སྡེ་འཁྲུགས་ཞི་བའི་ཐབས་སྣ་ཚོགས་བྱས། སྤྱི་ལོ༡༥༢༢ལོ་ནས་༡༥༣༨ལོའི་བར་དབུས་གཙང་སྡེ་འཁྲུག་མི་བྱེད་པའི་ཆིངས་རྒྱ་བཞག། སྤྱིར་དུས་རབས་འདིའི་ནང་བོད་ཀྱི་སྲིད་དབངས་ཕལ་ཆེར་རིན་སྤུངས་པས་བཟུང་བར་བཤད། སྤྱི་ལོ༡༥༤༨ལོར་རིན་སྤུངས་པས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཞིས་རྩེའི་རྫོང་དཔོན་དུ་བསྐོས།
སྤྱན་སྔར་གྲགས་འབྱུང་བ།
1563-1572
སྤྱི་ལོ་༡༥༦༠ལོ་ཙམ་ན་སྤྱན་སྔར་གྲགས་འབྱུང་བ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། སྤྱི་ལོ་༡༥༦༤ལོར་ཞིང་ཤག་པས་དམག་གི་རུ་འདྲེན་གནང་སྟེ། གཙང་ཕྱོགས་ཀྱི་པ་ནམ་དང་། རྫོང་གསར་། ཕག་རི། མྱང་སྟོད་རྣམས་དབང་དུ་བསྡུ་གྲབས་བྱས་པར་མ་ཟད། རིན་སྤུངས་པ་ལའང་ཉེན་ཁ་ཆེར་བྱུང་སྐབས། འབྲུག་པ་པད་དཀར་གྱིས་བར་འདུམ་མཛད་དེ་རིན་སྤུངས་པ་རང་འཇགས་གནས་ཐུབ་པ་ཙམ་བྱུང་།
ཞབས་དྲུང་ངག་དབང་གྲགས་པ།
1572-1617
སྡེ་སྲིད་གྲགས་འབྱུང་བ་སྐུ་གཤེགས་པ་དང་། ཞབས་དྲུང་ངག་དབང་གྲགས་པ་སྡེ་སྲིད་ཀྱི་ཁྲི་པའི་རྣམ་པ་ཙམ་བཞུགས། དོན་དུ་དབུས་གཙང་གི་དབང་ཆ་ཕལ་ཆེར་ཞིང་ཤག་པ་ཕ་བུའི་ལག་ཏུ་ཤོར། འདི་ལ་སྲས་བཀའ་བརྒྱུད་པ་རྣམ་པར་རྒྱལ་བ་དང་། དེའི་སྲས་མི་ཕམ་བསོད་ནམས་ཕྱུག་འཁྲུངས་པ་དེ་སྤྱི་ལོ་༡༦༤༣་པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པས་དཔྱིད་ཀྱི་རྒྱལ་མོའི་གླུ་རྩོམ་པའི་ལོ་དེར་ཞལ་བཞུགས་ཡོད་པར་གསུངས།
གཙང་པ་རྒྱལ་པོའི་དུས་རབས།
1618-1642
རྒྱལ་པོའི་མཚན། |
སྲིད་སྐྱོང་དུས། |
གསལ་བཤད།
|
ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།
གཙང་ཡུལ་དབང་སྒྱུར་བྱས། སྤྱི་ལོ་༡༥༤༨ལོར་རིན་སྤུངས་པས་ཞིང་ཤག་པ་གཞིས་རྩེའི་རྫོང་དཔོན་དུ་བསྐོས།༡༥༦༥ལོ་ནས་གཙང་གི་ཡུལ་གྲུ་ཕལ་ཆེར་ཞིང་ཤག་པས་དབང་སྒྱུར་བྱས། དེ་ལ་སྲས་དགུ་བྱུང་བར་གྲགས་པ་ལས།
ཀརྨ་པ་བསྟན་སྲུང་དབང་པོ
ཀུན་སྤངས་ལྷ་དབང་རྡོ་རྗེ
ཀརྨ་བསྟན་སྲུང་དབང་པོ ཧ་ལམ་སྤྱི་ལོ་༡༥༨༠པའི་ནང་ཙམ་ནས་གཙང་ཡུལ་ཐམས་ཅད་ཞིང་ཤག་པའི་སྲས་གསུམ་གྱིས་དབང་སྒྱུར་བྱས། དེ་ཡང་ཀུན་སྤངས་ལྷ་དབང་རྡོ་རྗེས་གཞིས་ཀ་བསམ་འགྲུབ་རྩེ་བཟུང་། ཀརྨ་བསྟན་སྲུང་དབང་པོ་པ་རྣམ་ནོར་བུ་ཁྱུང་རྩེར་བཞུགས་ནས་འདི་དག་གིས་གཙང་ཁུལ་ཕལ་ཆེར་དབང་སྒྱུར་བྱས། སྤྱི་ལོ༡༥༨༦པའི་མེ་ཁྱི་ལོར་དེ་གསུམ་གྱི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་གཞིས་ཀ་རྩེར་འཁྲུངས།
ཀརྨ་ཕུན་ཚོགས་རྣམ་རྒྱལ།
1611-1620སྤྱི་ལོ༡༦༡༡་ལོར་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་སྲིད་ཀྱི་འགན་བཞེས། ༡༦༡༢ལོར་གཙང་དམག་གིས་དབུས་སུ་དཔུང་འཇུག་བྱས་ཏེ་འཕན་པོ་དང་སྣེའུ་གདོང་པ་རྣམས་བླངས། སྤྱི་ལོ་༡༦༡༨པའི་ས་རྟ་ལོར་ཧོར་སོག་གི་དམག་དཔུང་ཚན་ཆེན་བོད་དུ་ཡོང་ནས། ལྷ་སའི་གཙུག་ལག་ཁང་ཡང་ཧོར་དམག་གིས་བཟུང་སྟེ། མདོ་ཁམས་ཀྱི་མི་དང་། བྱར་དྭགས་ཀོང་གསུམ། དབུས་གཙང་གི་དད་ལྡན་གནས་སྐོར་བ་རྣམས་ཇོ་བོ་ལ་གསོལ་བ་རྒྱང་ནས་འདེབས་པ་ཙམ་ལས་མཇལ་སྐོར་གྱི་ལམ་བཅད། དུས་དེར་མི་དབང་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་དམག་དཔུང་ཆེན་ལྷ་སར་ཕབས་ནས་ཧོར་སོག་གི་མཐའ་དམག་ཚར་བཅད་པས་གཙང་པ་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ།
ཀརྨ་བསྟན་སྐྱོང་དབང་པོ།
1620-1642སྤྱི་ལོ༡༦༢༡ལོར་ཧོར་སོག་གི་དམག་སྐོར་གཅིག་བོད་དུ་ལྷགས་ནས་ཇོ་ཤཱཀྱ་རིན་པོ་ཆེའི་མཆོད་སྤྲིན་བཅག་པ་སོགས་དུས་མི་བདེ་བ་བྱུང་བར་སླར་ཡང་མཐར་བསྐྲོད།སྤྱི་ལོ་༡༦༣༤ལོར་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་སོག་ཡུལ་བང་མི་བཏང་སྟེ་སོག་དམག་ལ་རྒྱབ་སྐྱོར་གྱི་རེ་བ་ཞུས། དུས་འདི་ཙམ་ཞིག་ན་ལ་དྭགས་རྒྱལ་པོས་བོད་ལ་དམག་དྲངས་ཀྱང་གཙང་པ་རྒྱལ་པོས་སྣེ་ལེན་གཟབ་རྒྱས་བྱས་སྟབས། དམག་འཁྲུག་མ་དགོས་པ་དམག་ཕྱིར་ལོག སྤྱི་ལོ་༡༦༣༩ལོར་སོག་པོ་གུ་ཤྲི་ཧན་གྱི་དམག་དཔུང་མདོ་ཁམས་བརྒྱུད་ནས་ལྷ་སར་སླེབས།སྤྱི་ལོ་༡༦༤༢ལོར་སེར་འབྲས་དགའ་གསུམ་དང་སོག་དམག་དཔུང་བསྡེབས་ཀྱིས་གཙང་པ་རྒྱལ་པོའི་སྲིད་དབང་འཕྲོགས་ཏེ་དགའ་ལྡན་ཕོ་བྲང་གི་སྲིག་གཞུང་བཙུགས།
དགའ་ལྡན་ཕོ་བྲང་གི་དུས་རབས་སྤྱི་བཤད།
1642-1959
སྲིད་སྐྱོང་སོ་སོའི་མཚན |
སྲིད་སྐྱོང་དུས |
གསལ་བཤད།
|
རྒྱལ་བ་བློ་བཟང་རྒྱ་མཚོ། | 1642-1679 | སྤྱོ་ལོ་༡༦༤༢་པའི་ཆུ་རྟ་ལོར་འབྲས་ལྗོངས་དཔོན་ཕུན་ཚོགས་རྣམ་རྒྱལ་གྱིས་འབྲས་ལྗོངས་རང་བཙན་རྒྱལ་ཁབ་བཙུགས། |
བསོད་ནམས་ཆོས་འཕེལ།
1642-1658རྒྱལ་བ་ལྔ་པས་ཆོས་སྲིད་ལུགས་གཉིས་དང་། སྡེ་སྲིད་འདིས་བོད་ཀྱི་སྲིད་སྐྱོང་གི་ལས་ཀ་གཙོ་བོར་བྱས། ༡༦༥༨ལོར་སྡེ་སྲིད་འདིར་གྲོངས་པ་དང་། དུས་དེར་རྙོག་འཛིང་ཆེ་སྟབས་ཆོས་སྲིད་གཉིས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་བསྐྱངས།
གྲོང་སྨད་པ་ཕྲིན་ལས་རྒྱ་མཚོ།
1660-1668དུས་འདིར་སྡེ་དགེ་རྒྱལ་པོ་ཀུན་དགའ་ཕུན་ཚོགས་དང་ཀ་ཐོག་ཀློང་གསལ་སྙིང་པོ་རྣམ་གཉིས་མ་འགྲིག་པ་ཀློང་གསལ་དབུས་ཕྱོགས་སུ་ཕེབས་དགོས་པར་བྱུང་འདུག
བློ་བཟང་མཐུ་སྟོབས།
1669-1674ར་མོ་ཆེ་ཉམས་གསོ་དང་རྒྱ་བསྐྱེད། གནའ་རབས་བོད་རྒྱལ་པོ་ཆས་གོས་རིན་ཆེན་རྒྱན་ཆ་ཁུངས་སྒྲིག་འདུ་འགོད་བྱས། ཤིང་སྟག་སྡེ་སྲིད་ཀྱི་ཁྲི་ལས་ཕབས།
བློ་བཟང་སྦྱིན་པ།
1675-1679སྐབས་དེར་ཐོག་མར་གྲོང་སྨད་སྲས་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་གོ་གནས་གནང་ཡང་དགུང་ན་ཆུང་བས་དགོངས་ཞུས་བྱས། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པ་སྡེ་སྲིད་ལ་བསྐོས། དུས་དེར་ལ་དྭགས་ལ་དམག་བརྒྱབ།
སྡེ་སྲིད་སངས་རྒྱས་རྒྱ་མཚོ།
1679-1703སྤྱི་ལོ༡༦༨༨ལོར་སྨན་གཞུང་འགྲེལ་ཆེན་བཻ་སྔོན་རྩོམ་སྒྲིག་མཛད། ༡༦༩༤ལོར་རྒྱུད་བཞི་ཤིང་པར་བརྐོས། ལོ་དེར་རྒྱུད་བཞིའི་འགྲེལ་བཤད་ཀྱི་ཞལ་ཐང་དོན་དགུ་ཅན་འབྲི་འགོ་བརྩམས། ལྕགས་པོ་རི་ལ་སྨན་གྱི་འཛིན་གྲྭ་བཙུགས།
ངག་དབང་རིན་ཆེན།
1703-1705སྤྱི་ལོ་༡༧༠༥ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོག་པོའི་དམག་གིས་བཀྲོངས། ལོ་དེར་སྡེ་སྲིད་ངག་དབང་རིན་ཆེན་རྒྱ་ནག་ཏུ་བྲོས།
1705-1717 སོག་པོ་ལྷ་བཟང་ཧན་གྱིས་ལོ་བཅུ་གཉིས་རིང་བོད་སྲིད་བཙན་བཟུང་བྱས། ཕོ་ལྷ་བས་དཔུང་རོགས་བྱས།
སྟག་རྩེ་ལྷ་རྒྱལ་རབ་བརྟན།
1717-1720སྤྱི་ལོ་༡༧༡༧ལོར་སྟག་རྩེ་ལྷ་རྒྱལ་རབ་བརྟན་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་འཁོད་ཀྱང་དོན་གྱི་དབང་ཆ་སོག་པོ་ཇུན་གར་བས་བཟུང་། རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་སོགས་རྙིང་མའི་དགོན་སྡེ་རྣམས་གཏོར་བཤིགས་ཚབས་ཆེན་བཟོས།
རྒྱལ་བ་སྐལ་བཟང་རྒྱ་མཚོ།
1720-1728ཁང་ཆེན་བསོད་ནམས་རྒྱལ་པོ་དང་། ང་ཕོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ་རྣམས་རིམ་བཞིན་བཀའ་བློན་བསྐོས། ༡༧༢༧ལོར་བཀའ་བློན་ཕྱོགས་གཉིས་བར་འགལ་བ་རྩེར་སོན། ཁང་ཆེན་པ་བཟུང་། ཕོ་ལྷ་བ་ཡང་འཛིན་གྲབས་བྱས་ཀྱང་མ་ཟིན། དེ་ནས་༡༧༢༨ལོར་ཕོ་ལྷ་བས་རྒྱ་ནག་གོང་མ་ལ་དམག་དཔུང་གི་རོགས་སྐྱོར་ཞུས། རྒྱ་དམག་གཅིག་ཁྲི་བཞི་སྟོང་ལྔ་བརྒྱ་བོད་དུ་འབྱོར་བ་དང་། ང་ལུམ་སྦྱར་གསུམ་གཙོས་པའི་དཔོན་རིགས་ཉེར་གཅིག་ཉིན་གཅིག་ལ་སྐེ་བཅད། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཡབ་སྲས་རྣམས་ཁམས་མགར་ཐར་དགོན་དུ་བཏང་། ཕོ་ལྷ་བ་བོད་ཀྱི་སྲིད་སྐྱོང་བསྐོས།
ཕོ་ལྷ་བསོད་ནམས་སྟོབས་རྒྱལ།
1728-1747མན་ཇུ་གོང་མས་བོད་ཀྱི་ས་གནས་ཁག་བགོས་བཏང་། བོད་ཀྱི་སྲིད་སྐྱོང་གི་ལས་རོགས་རྒྱ་ཨམ་བན་མངགས་དགོས་པའི་ལུགས་སྲོལ་བཙུགས། ༡༧༣༠ལོར་ཁམས་སྡེ་དགེའི་སྤར་ཁང་བཞེངས་རྒྱུ་དང་། བཀའ་འགྱུར་པར་ཤིང་བརྐོའི་འགོ་བཙུགས།
འགྱུར་མེད་རྣམ་རྒྱལ།
1747-1750སྤྱི་ལོ་༡༧༤༧ལོར་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་། རྒྱ་ནག་གི་དམག་དཔུང་བར་ལོ་ངོ་གསུམ་ལ་དམག་འཁྲུག་བརྒྱབ། དུས་དེར་བོད་ཀྱི་སྲིད་སྐྱོང་འགྱུར་མེད་རྣམ་རྒྱལ་གྱིས་རྒྱ་བོད་ས་མཚམས་མཐའ་སྲུང་དམག་མི་བཏང་རྒྱུ་ཐག་བཅད་པར་རྒྱ་ཨམ་བན་གྱིས་ཤེས་ནས་༡༧༥༠ལོའི་བོད་ཟླ་བཅུ་པར་འགྱུར་མེད་རྣམ་རྒྱལ་བསད། བོད་བློན་རྣམས་ཀྱིས་དེའི་དགྲ་ལན་དུ་རྒྱ་ཨམ་བན་བསད། ཁྲོམ་གཟིགས་སྒང་དུ་རྒྱ་དམག་བརྒྱ་ལྷག་ཙམ་ཉིན་གཅིག་ལ་བསད་པར་བཤད།
རྒྱལ་བ་སྐལ་བཟང་རྒྱ་མཚོ།
1750-1757༡༧༥༠ལོའི་ཟླ་བ་བཅུ་གཉིས་པར་རྒྱ་ཨམ་བན་པན་ཏིས་བོད་དུ་འབྱོར། ཨམ་བན་བསད་མཁན་མི་བཅུ་གཉིས་བསད། མི་མང་པོ་བཙོན་དུ་བཅུག་བོད་ཀྱི་སྲིད་དབང་རྒྱལ་བ་བསྐལ་བཟང་རྒྱ་མཚོས་བསྐྱངས། ༡༧༥༡ལོར་བཀའ་ཤག་སྲིད་གཞུང་དངོས་སུ་བཙུགས།
དེ་མོ་བདེ་ལེགས་རྒྱ་མཚོ།
1757-1777༡༧༧༡ལོར་རྒྱལ་རོང་ཚ་ཁོ་རབ་བརྟན་རྒྱལ་པོ་དང་། རྒྱ་ནག་བར་དམག་འཁྲུག་ལངས། ལོ་བཞིའི་རིང་འཁྲུགས་རྗེས། ༡༧༧༤ལོར་རྒྱལ་རོང་དང་རྒྱའི་བར་འདུམ་གཏམ་མཁན་སི་ཏུ་ཆོས་འབྱུང་གདན་ཞུས་པ་རྒྱའི་བང་མི་དཔལ་སྤུངས་སུ་སླེབས།
ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས།
1777-1781
སྡེ་དགེའི་རྒྱལ་མོ་དབྱངས་ཅན་སྒྲོལ་མས་དུས་འདི་ཙམ་ན་འཁོར་ལོ་དགོན་པ་དང་། རྨེ་ཤོད་རྫོང་གསར་དགོན་པ་རྣམས་བཏབ།
རྒྱལ་བ་འཇམ་དཔལ་རྒྱ་མཚོ། |
1781-1804༡༧༩༩པའི་ས་ལུག་ལོར་ཉག་སྐེད་མགོན་པོ་རྣམ་རྒྱལ་འཁྲུངས།
རྟ་ཚག་བསྟན་པའི་མགོན་པོ།
1804-1811སྡེ་དགེའི་རྒྱལ་པོ་ཚེ་དབང་རྡོ་རྗེས་ལྕགས་ལ་རྒྱལ་པོའི་སྲས་མོ་ཁབ་ཏུ་བཞེས་པས་སྲས་རྒྱུད་མ་བྱུང་སྟབས། སླར་ཡང་དབུས་ནས་སྡེ་པ་རང་བྱོན་པའི་བུ་མོ་ཁབ་ཏུ་བཞེས།
དེ་མོ་ཐུབ་བསྟན་འཇིགས་མེན།
1811-1819སྤྱི་ལོ་༡༨༡༥ལོར་རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་དགུང་ལོ་བཅུ་གཅིག་པར་གློ་བུར་དུ་སྐུ་གཤེགས།
ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས།
1819-1844
སྤྱི་ལོ་༡༨༢༠ལོ་ཙམ་ན་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱིས་བྲག་འགོ་དཔོན་ལ་ཕུ་བོའི་ཤ་ལན་ལེན་པའི་ཆེད་དགྲ་བརྒྱབ། མི་བསད། རྒྱུ་འཕྲོག་པས། བྲག་འགོ་དཔོན་གྱིས་ལྕགས་ལ་རྒྱལ་པོ་བརྒྱུད་ཆིང་དམག་ལ་རོགས་སྐྱོར་ཞུས་པས་རྒྱ་དམག་ལྔ་བརྒྱ་བཏང་ཡང་མགོན་པོ་རྣམ་རྒྱལ་མ་ཐུབ། ༡༨༢༢ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པ་གསེར་བུམ་དཀྲུགས་ནས་ངོས་འཛིན། ༡༨༣༧ལོར་ཏཱ་ལའི་སྐུ་ཕྲེང་བཅུ་པ་གློ་བུར་དུ་སྐུ་གཤེགས། ༡༨༤༡ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་ཡང་སྲིད་མཁས་གྲུབ་རྒྱ་མཚོ་གསེར་བུམ་དཀྲུགས་ནས་གདམས། ༡༨༤༤ལོར་བོད་ཀྱི་དཔོན་རིགས་རྣམས་ནང་འགལ་ཚབས་ཆེན་བྱུང་བས་ཚེ་སྨོན་གླིང་དབང་ཆ་འཕྲོག སྒོས་གཞིས་གཞུང་བཞེས་བྱས།
པཎ་ཆེན་བསྟན་པའི་ཉི་མ།1844-1845སྤྱི་ལོ་༡༨༤༤ལོར་པཎ་ཆེན་བསྟན་པའི་ཉི་མ་ལྷ་སར་གདན་དྲངས་ཏེ་སྲིད་དབང་ཟླ་བ་དགུའི་རིང་བསྐྱངས།
རྭ་སྒྲེང་ངག་དབང་ཡེ་ཤེས།
1845-1855སྤྱི་ལོ༡༨༤༧ལོར་བྲག་གཡབ་ཆེ་ཚང་སྤྲུལ་སྐུ་དང་། ཆུང་ཚང་སྤྲུལ་སྐུ་གཉིས་མ་མཐུན་པའི་ཞིབ་དཔྱད་དུ་བཀའ་བློན་བཤད་སྒྲ་དབང་ཕྱུག་ཁམས་ཕྱོགས་སུ་ཕེབས། སྡེ་དགེའི་གཉེར་ཆེན་དགེ་ལེགས་བར་འདུམ་བྱེད་སར་བཏང་། ༡༨༤༩ལོར་ཉག་སྐེད་བུ་ལོང་མས་ཉག་སྡེ་ཡོངས་རྫོགས་དབང་དུ་བསྡུས།
རྒྱལ་བ་མཁས་གྲུབ་རྒྱ་མཚོ།
1855སྤྱི་ལོ་༡༨༥༥ལོར་རྒྱ་ནག་གོང་མ་ཤན་ཧྥང་གི་བཀའ་བཞིན་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཡོངས་རྫོགས་བཞེས་ཀྱང་། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་གློ་བུར་དུ་སྐུ་གཤེགས།
རྭ་སྒྲེང་ངག་དབང་ཡེ་ཤེས།
1855-1862རྭ་སྒྲེང་ངག་དབང་ཡེ་ཤེས་ཀྱིས་སླར་ཡང་སྲིད་དབང་བཟུང་། དགའ་ལྡན་ཤར་རྩེའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་བཤད་སྒྲའི་རྒྱབ་རྩ་བྱས་ཏེ་རྭ་སྒྲེང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ༡༨༦༢ལོར་རྭ་སྒྲེང་སྲིད་ཐམ་ཁྱེར་ནས་རྒྱ་ནག་ཏུ་བྲོས། བཤད་སྒྲ་བ་སྲིད་སྐྱོང་གི་ཁྲིར་འཁོད།
བཤད་སྒྲ་དབང་ཕྱུག་རྒྱལ་པོ།
1862-1864སྤྱི་ལོ་༡༨༦༣ལོར་ཉག་དམག་གིས་སྡེ་དགེ་བཟུང་ཞིང་སྡེ་དགེའི་མ་སྲས་རྣམས་འཛིན་བཟུང་བྱས་པ་དང་། ལོ་དེར་བཀའ་བློན་ཕུ་ལུང་བ་ཚེ་དབང་རྡོ་རྗེས་དམག་དཔུང་ཁྲིད་དེ་ལྷ་ས་ནས་ཐོན། ༡༨༦༤ལོར་བོད་གཞུང་གི་དམག་སྡེ་དགེར་འབྱོར།
སྡེ་དྲུག་མཁྱེན་རབ་དབང་ཕྱུག
1864-1872༡༨༦༥ལོར་བོད་གཞུང་དམག་དང་། སྡེ་དགེའི་ལས་དམག་བཅས་ཉག་རོང་དུ་དཔུང་འཇུག་བྱས་ཏེ་ཉག་རོང་མགོན་པོ་རྣམ་རྒྱལ་སྐུ་འཁོར་མཁར་རྫོང་བཅས་བཅོམ། ༡༨༧༡ལོར་མདོ་སྤྱི་ཕུན་རབ་པས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བཟོ་བའི་ཆེད་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཉག་རོང་ལ་འོང་དགོས་པའི་བཀའ་ཡིག་བཏང་།
རྒྱལ་བ་ཕྲིན་ལས་རྒྱ་མཚོ།
1873-1875༡༨༧༥ལོར་དབུས་ནས་མདོ་སྤྱི་ཕུན་རབ་པ་བརྒྱུད་དེ་ཀོང་སྤྲུལ་རིན་པོ་ཆེ་ལྷ་སར་དངུལ་ཆུ་བཙོ་བཀྲུ་བཟོ་སར་ཡོང་དགོས་པའི་བཀའ་ཕེབས་འབྱོར། དགོངས་ཞུས་བྱས་ཀྱང་གནང་བ་ཐོབ་ཐབས་མེད་པར་ཕྱོགས་པའི་སྐབས་དེར་རྒྱལ་བ་རིན་པོ་ཆེ་གློ་བུར་དགོངས་པ་རྫོགས་པས་དོན་དེ་རང་ཡལ་དུ་སོང་།
རྟ་ཚག་དཔལ་ལྡན་ཡེ་ཤེས།
1875-1886༡༨༧༨ལོར་པཎ་ཆེན་རིན་པོ་ཆེའི་ཐུགས་དམ་དང་། སྲུང་མ་གནས་ཆུང་གི་ལུང་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་ཡང་སྲིད་ངོས་འཛིན། མཚན་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ།
དེ་མོ་འཕྲིན་ལས་རབ་རྒྱས།
1886-1895སྐབས་འདིར་བོད་ཀྱི་དཔོན་རིགས་རྣམས་སྲིད་དབང་རྩོད་པའི་འཐབ་རྩོད་རྣོ་ངར་ཇེ་ཆེར་གྱུར།
རྒྱལ་བ་ཐུབ་བསྟན་རྒྱ་མཚོ།
1895-1904 ༡༨༩༩ལོར་སོག་པོ་རྡོ་རྗེ་གཡིབ་ཀྱིས་ཞུ་སྐུལ་ལ་བརྟེན་ནས་ཨོ་རོ་སོག་ཏུ་ཕེབས་གྲབས་མཛད་སྐབས། བཀའ་ཤག་ནས་བཀག་འགོག་བྱས་པས་ཕེབས་མ་ཐུབ།ཁྲི་ཆེན་བློ་བཟང་རྒྱ་མཚོ།1904-1909ཏཱ་ལའི་བླ་མ་སོག་ཡུལ་དུ་ཉེན་བྱོལ་ཕེབས་རྗེས་སྲིད་སྐྱོང་གི་ལས་ཚབ་གནང་།ཚེ་གླིང་ངག་དབང་རྒྱལ་མཚན།1910-1912ཏཱ་ལའི་བླ་མ་རྒྱ་གར་དུ་བྲོས་བྱོལ་ཕེབས་རྗེས་རྒྱལ་ཚབ་མཛད།
རྒྱལ་བ་ཐུབ་བསྟན་རྒྱ་མཚོ།1912-1933 སྤྱི་ལོ་༡༩༡༤ལོ་ནས་དམག་དཔུང་ལེགས་བཅོས་དང་དམག་གྲངས་རྒྱ་བསྐྱེད་བྱས། དེ་རྗེས་རིམ་བཞིན་ཞིང་ལས་དང་། བཟོ་ལས་སྐོར་ལ་དོ་སྣང་ཆེས་ཆེར་གནང་། སྤྱི་ལོ་༡༩༢༢ལོར་ཇ་ཞིང་འདེབས་འཛུགས་འགོ་བཙུགས། སྤྱི་ལོ་༡༩༢༥ལོར་སྦྲག་ཁང་དང་། ཏར་ཁང་སོགས་དེང་རབས་ཀྱི་ལས་ཁུངས་འགའ་ཞིག་བཙུགས། སྤྱི་ལོ་༡༩༢༨ལོ་ཡས་མས་ཙམ་ནས་ཕ་བོང་ཁ་པ་ལ་དོལ་རྒྱལ་དར་སྤེལ་སྐོར་ལ་དམ་བསྒྲགས་གནང་། སྤྱི་ལོ་༡༩༣༣ལོར་སྦྱར་དུག་གིས་སྐུ་གཤེགས།
ཁ་བརྡའི་དྲ་བདག་ལགས་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རེེའུ་མིག་འདི་བཞིན་ལེགས་སྐྱེས་གནང་བར་བཀའ་དྲིན་ཆེ།
དུས་བོད་བྱུང་ན་འདི་ཡི་ནང་དུ་ཁ་གསབ་བྱེད་དགོས་པ་འགའ་ཞིག་འདུག་པས་རྗེས་སུ་མཇལ་ཡོང། སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་ཕུན་ཚོགས་ཚེ་རིང་ནི་དུས་རབས་གསར་པ་འདི་ཡི་དོན་གྱི་རིས་མེད་ཀྱི་མཁས་དབང་ཆེན་པོ་ཞིག་རེད་འདུག ཁོང་གིས་བརྩམས་གནང་བ་ཁག་ལ་ལྟ་དུས་བློ་བསྐྱེད་གསར་པ་མང་པོ་ཐོབ་རྒྱུ་འདུག་དེ་མིན་རྒྱལ་རབས་ལོ་རྒྱུས་ཤོད་མཁན་ཨ་སྤྲོས་ཡང་སྤྲོས་ལས་རིག་པ་གསར་པ་ཐོབ་རྒྱུ་ཁག་པོ་ཆགས་ཡོད། ཁྱེད་ཁ་བརྡ་དྲ་བདག་སྐུ་ཚེ་རིང།
དགོངས་དག་ཐུབ་བསྟན་ཕུན་ཚོགས་རེད་ཤག
ལོ་རྒྱུས་དང་རྟོག་སྒྲུང་གཅིག་བྱས་ནས་རེའུ་བཀོད་པ་ངོ་ཚ་ཁྲེལ་མེད་དུ་ཟད་དོ། །
ཨ་ཕྱི་ཆོས་སྒྲོན་ལགས།
མཆན་དུ་ཡིག་འབྲི་འགའ་འབྲི་སླ་ལ། དེ་བས་སྐད་ཆ་རྫིག་པོ་ཚང་མས་བཤད་ཤེས་ནི་རེད། འོ་ན་ཁྱེད་ཀྱི་གྱ་ནོམ་པའི་ལོ་རྒྱུས་རེལུ་མིག་གཅིག་འདིར་བཀོད་དང་། དེ་ལས་ཁྱེད་ཀྱིས་བཤད་ཀྱིན་པའི་ངོ་ཚ་དང་ཁྲེལ་མེད་པ་ཟེར་བ་ག་འདྲ་ཡིན་མིན་བལྟ་ཆོག་ནི་རེད།
ཡ་ད་སློབ་དཔོན་ཚང་གིས་ཅིག་འབྲི་ནི་མ་རེད། ངས་ཉི་མ་གཉིས་ལ་དཔེ་ཀློག་ཅིག་བྱས་ནས་ཅིག་བྲིས་ན་འདི་ལས་ད་ཅིག་དགའ་ཟིག་ཐོན སྲོང་བཙན་629ལོ་ལ་འཁྲུངས། 632ལོར་བལ་བཟའ་བླངས། 650ལོར་སྐུ་གཤེགས། འདིམྱི་ཟིག་རྣ་ལ་འགྱོ་ས་རེད་པས
བོན་ཆོས་ཀྱི་ཕྱོགས་ལྷུང་མེད་ན། སྲོང་བཙན་ཡར་དེད་ཀྱི་དུས་ཚིགས་ཚོད་དཔག་བྱས་པ་ཙམ་ཡག་པོ་རེད།
དགོངས་དགཞོགས་པ་ངས་ཨ་མདོའི་ཁ་སྐད་འབྲི་ཤོར་སོང་འདུག སློབ་དཔོན་ཐུབ་བསྟན་ཕུན་ཚོགས་ལགས་འདི་ལོ་རྒྱུས་འབྲི་མཁན་ད་ཁྱོན་ནས་རེད་མི་འདུག ར་མ་ཡ་ནི་སྒྲུང་འདྲ་བོ་བྲིས་ན་ཡག་པོ་ཐོན་མཁན་དེ་རེད་འདུག ཁྱེད་ཚོས་གཟིགས་དང་། སྲོང་བཙན་གྱི་ལོ་ཚིགས་ཚིག་ཁ་ཤས་དེའི་ནང་ན་ནོར་འཁྲུལ་ག་ཚོད་ཅིག་འདུག
འདིར་ཁ་བསྐང་རྒྱུ་འགའ་འདུག་པས།
རྒྱལ་བ་བསྟན་འཛིན་རྒྱ་མཚོ། ༡༩༣༥ – ད་ལྟ་འཚོ་ཞིང་ཞུགས་པ།
ལྟག་འཚེར་ལ་སྐུ་འཁྲུངས་ནས། ལྷ་བླ་མ་མང་པོའི་དག་སྣང་དང་། མོ་ལུང་རྩིས་རྟགས་ཚང་མར་སྐུ་འཕྲེང་བཅུ་གསུམ་པའི་ཡང་སྲིད་འཁྲུལ་བྲལ་བབས། དབུས་ལ་གདན་འདྲེན་ཞུས་ནས། ཐོས་བསམ་གྱི་མཛད་པ་ཤིན་དུ་ངོ་མཚར་བྱུང་། གུང་ལོ་༡༦ལ་བོད་ཀྱི་རྒྱལ་པོར་དབང་བསྐུར་ནས། ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར། རྒྱ་ནག་དབང་སྒྱུར་པའི་དྲག་ཤུགས་ལ་ཐད་ཀར་གདོང་ལེན་གནང་སྟེ། རྒྱ་ནག་དང་རྒྱ་གར་ལ་ཕེབས་ནས་བོད་པའི་བདེན་རྩ་མངོན་གྱུར་གནང་ཐབས་མཛད།
ད་འདི་ནས་མར་ཁྱེད་རྣམ་པས་སྐོང་རོགས། དུས་ཚོད་མིན་འདུག་་་་་་་་སང་ཉིན་མུ་མཐུད་འབྲི་རྩིས།
ཡ། སྤོབས་མཐའ་ལ་བརྫོས་ནི་ཡ། ཨམ་སྐད་བྲིས་ན་དགོངས་དག་ཞིག་ཞུ་དགོས་དོན་ཆི་རེད། རྩ་མི་དྭངས་པའི་སྐད་ཆ་མ་བཤད་ན་ཡག་ནི་རེད། འབྲི་མ་ཤེས་བར་ལྷག་སོང་ནི་ཞིག་མིན་ན། འབྲི་ཤེས་ནི་ཡང་སྐྱུར་དགོས་དོན་གི་བསམ་པ་ཞིག་གང་ཟིག་ནས་རག་སོང་།
འཁྲུངས་ལོ་མི་གསལ་ལོ། སྲིད་སྐྱོང་ལོ་དེ་༦༢༩་དང་། འདས་ལོ་དེ་༦༥༠ཟེར་ནས་བྲིས་འདུག ཡག་པོ་གཟིགས་རོགས། སྤོབས་པ་ལགས། དེ་ནས་ལོ་ཚིགས་ནོར་ས་དེ་གང་ནས་རེད། ཤོད་ཅིག
ཡག་པོ་རེད་་་་རྒྱལ་བོ་དང་ལོ་ཚིག་མང་དག་ཅིག་བརྗེད་ཟིན་པའི་ང་འདྲ་བར་ཕན་ཐོགས་འདུག་ག
དེ་རིང་སྤོབས་པ་མཐའ་ཡས་ར་བཟི་སོང་ནི་མིན་ནམ་་་་་་འཁྱོག་བཤད་ལུང་བ་གང་དང་་་་་དགོངས་དག་ཞུ་མི་དགོས་ས་དགོངས་དག་ཞུས་་་་་་་་་་
ཁྲོན་པའི་སྦལ་བ་དེ་ཚོ་ངོ་ཚ་རྒྱུ་དང་ཁྲེལ་བག་རྩ་བ་ནས་མི་འདུག མིས་བྱས་དུས་མིག་ཚ། རང་གིས་བྱས་དུས་སྣ་ཚ།
ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི། ༼ བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་དོན་པདྨ་ར་གའི་ལྡེའུ་མིག༽ ལན་གཅིག་ལྟོས་དང་འདི་འདྲ་ཤོད་ཕོད་པ་འདུག་མིན་དེ་ནས་ཤེས་ལེ་རེད། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ། ཆུ་ཀླུང་ཆུང་ཆུང་འུར་སྒྲ་ཆེ། ཅིས་མི་བདེན།
ངས་ནོར་མེད་ན་གོང་དུ་ཁྲི་སྲོང་སྲིད་སྐྱོང་གི་ཁྲི་ལ་ཕེབས་དུས་༧༥༥ འཁོད་འདུག་ལ། བསམ་ཡས་ཀྱི་རྨང་བཏིང་ལོ་༧༡༦ འཁོད་འདུག། ཁྲི་སྲོང་སྲིད་སྐྱོང་གི་ཁྲི་ལ་༧༥༥ ལ་མ་གཏོགས་ཕེབས་མེད་ན་༧༡༦ ལ་བསམ་ཡས་ཀྱི་རྨང་བཏིང་བ་དེ་ཁྲི་སྲོང་གི་དུས་དང་སྦྱར་དགོས་དོན་ཅི་ཡིན་ནམ། མ་ཟད་བཀའ་ཐང་ཤེལ་བྲག་མ་དང་གསེར་ཕྲེང་མུན་སེལ་སྒྲོན་མེ་གསུམ་ཀ་གུང་མཐུན་པར་བསམ་ཡས་ཀྱི་རྨང་བཏིང་ལོ་མེ་གླང་ཡིན་པ་དང་དེ་དུས་ཁྲི་སྲོང་དགུང་ལོ་༢༠འི་ཐོག་ཡིན་པར་གསུངས་འདུག་པ་དང་། བདུད་འཇོམས་རྒྱལ་རབས་སུ་དབྱིན་ལོ་༨༡༠ ལོར་ཡིན་པར་གསུངས་འདུག་ན་འདིར་༧༡༦ གསུངས་པའི་ཁུངས་གཏུགས་ཀྱི་ཡིག་ཆ་ཅི་ཞིག་ཡིན་ནམ་མཁྱེན་མཁན་ཡོད་ན་གསུངས་གནང་རོགས་ཞུ།
གུས་འོས་རྩོམ་མཁན་དང་ཀློག་མཁན་རྣམ་པ།
ལོ་ངོ་འདི་དག་རིང་ལ་རྩོམ་པོ་ཁ་ཅིག་གི་སྙིང་ནས་བོད་མི་དམངས་ལ་ཞབས་ཞུ་རིམ་པ་བཞིན་དུ་ཞུ་ཡོད་པ་སྙིང་ནས་གུས་འདུད་ཞུ།
ཁ་ཅིག་གིས་བྱ་བརྒྱ་གནམ་ནས་འཕུར་ན་རྟ་བརྒྱ་ཐང་ནས་འདྲོག་མི་དགོས་བ་བཞིན་དུ་གཞི་མེད་ལ་སྐྱོན་འཛུགས་དང་ཟུར་ཟ་མཐོང་ཆུང་གནམ་ས་འགུལ་བ་བཞིན་བྱས་མོད་།་འདི་ནི་རྒྱ་མའི་དཀྲོགས་གཏམ་ཀྱི་རྒྱུས་རུ་འགྲོ་བ་མ་གཏོགས་བོད་མའི་བསྟན་སྲིད་ལ་ཕན་མི་སྲིད་པ་ས་མཐོང་ལག་ཟིན་ཡིན།
མཁས་དབང་ཐུབ་བསྟན་ཕུན་ཚོགས་མཆོག་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།