རེབ་ཐོག་མདའ།
ཁ་སང་བདག་དང་ཆ་མེད་དུ་སྣང་བའི
སྙན་ངག་པ་ཞིག
སྨྱུག་གུ་དང་དུས་གཏན་དུ་གྱེས་སོང་རབས་ཟེར
སྙན་ངག་པ
མེ་ཏོག་གི་རྨི་ལམ་འཐུ་བའི་རྩྭ་ཐང་གི་རྫི་བོ་ཡིན་ལ
ཀ་མད་སུམ་ཅུའི་རྣམ་ཤེས་རུམ་པའི་ཁེར་རྐྱང་གི་ཟླ་བ་དཀར་པོ་ཡིན
སྙན་ངག་པས
ཚོར་བ་ཞིག་ནང་རོལ་ན་སྨིན་པའི་བརྕེ་བ་ངོ་མ་འབྲི་ཤེས་ལ
དུངས་པ་ཞིག་གི་མིག་ཟུང་ན་ལྷུང་གིན་པའི་མིག་ཆུ་དེའི་རྒྱབ་ལྗོངས་ཡང་གླེང་མྱོང
སྙན་ངག་པ
སྨྱུ་གུ་ལྟ་བུའི་ཚེ་སྲོག་ཞིག་བཟུང་ནས
ཤོག་བུ་ལྟ་བུའི་རྣམ་ཤེས་དེའི་བར་ནས
རང་ཉིད་རྒས་ཀྱིན་པ་མི་ཤེས་ལ
རང་ཉིད་རྫོགས་ཀྱིན་པ་ཡང་མི་ཤེས
དེར་བརྟེན
སྙན་ངག་པ འཇིག་རྟེན་འདིར་ཁུ་སིམ་གྱིས་སླེབས་སྲིད་ལ ཁུ་སིམ་གྱིས་གྱེས་སྲིད
ཡིན་ཡང་ སྨྱུ་རྕེ་ན་བཞུར་གྱིན་པའི་ཀ་ཁ་སུམ་ཅུ
ཤོག་ངོས་ན་གཉིད་དུ་ཡེར་བའི་ཐ་སྙད་གསོན་པོ་དེ་དག
དུས་ནམ་ཡང་བརྗེད་མི་སྲིད་ལ
བོར་ཡང་མི་སྲིད
དྲ་གྲོགས་རེབ་མདའ་ལགས་རྒན་དམ་པ་ལགས་ལ་མྱ་ངན་རྗེས་དྲན་ཞུས་པ་ཐུགས་རྗེ་ཆེ།
ས་རིབ་ཐེངས་རེ་ལ་ངའི་ཕ་ཡུལ་ཧ་ཅང་དྲན།་ཉེ་འཁོར་ཀྱི་ཡུལ་མི་ཚོའི་ཕ་ཡུལ་གྱི་དེང་དུས་ཀྱི་རྣམ་པ་བརྗོད་ན།དེ་མ་ཐག་རང་ཡུལ་གྱི་དྲིན་ཆེན་ཡབ་ཡུམ་གཉིས་ཀྱི་འགྲམ་ལ་བཅར་ན་འདོད།ཡིན་ན་ཡང་སྔོན་གྱི་ལས་དབང་དང་དེང་དུས་སྤྱི་ཚོགས་འགྱུར་འགྲོས་ཤིག་གིས་ལས་དབང་ཡོད་ཚད་ནས་ཡོད་ཚད་ཁ་ལོ་བསྒྱུར།
འདི་ག་འདྲ་འདུག་
རེབ་ཐོག་མདའ།
དེང་དུས་དཔྱིད་དུས་ཀྱི་རྣམ་པ་འདི་ནི་ང་ཚོའི་ཕ་ཡུལ་དང་གཅིག་པ་གཅིག་རྐྱང་རེད་།
དཔེར་ན།བྱ་བྱེའུ་གསུངས་སྐད་དང་།་བསིལ་རླུང་འཇམ་པོ།མེ་ཏོག་གི་དྲི་ཞིམ།
ད་དུང་མང་པོ་མང་པོ་ཞིག