པད་མ་འབུམ།
ཨ་མྱེས་རྨ་ཆེན་གྱི་ནང་དུ་ལས་ཀ་བྱེད་སྐབས་ནི་ང་ཚོ་ཚང་མའི་སེམས་ཁམས་སྐྱིད་པའི་དུས་ཚོད་ཅིག་ཡིན། ལས་ཀ་ལྕི་ལ་སྤྱི་ཚོགས་ཐོག་ན་ངན་སྨྲས་དང་ཐ་ན་དགྲར་འཛིན་བྱེད་མཁན་ཡང་ཡོད། གནས་སྐབས་ཤིག་ལ་ཨ་མྱེས་རྨ་ཆེན་ཚང་གི་འགན་འཛིན་རྣམས་ཀྱིས་རང་སྲུང་གི་ཆེད་དུ་རྒྱབ་ཁུག་གི་ནང་དུ་མཚོན་ཆ་བཟུང་ནས་འགྲོ་དགོས་པའི་དུས་ཤིག་ཀྱང་ཤར། ཡིན་ན་ཡང་འགན་འཛིན་ལས་བྱེད་ཚང་མས་རང་རང་གི་བྱེད་འདོད་པ་དང་། བོད་སྤྱི་ཚོགས་ཀྱི་གོ་རྟོགས་སད་པ་ལ་མེད་དུ་མི་རུང་བའི་ལས་དོན་ཞིག་སྒྲུབ་ཀྱི་ཡོད་པའི་ཚོར་སྣང་ཡོད། ལས་ཀ་ཙམ་མ་ཡིན་པའི་ང་དང་མགོན་པོ་ལ་མཚོན་ན་ཕོགས་ཐོབ་ཀྱང་ཇེ་བཟང་ལ་སོང་ནས་སྒེར་གྱི་འཚོ་ཐབས་ལ་ཡང་ལེགས་བཅོས་བྱུང་། དེའི་སྔོན་གྱི་འཚོ་བ་ནི་ངོ་མས་ངན་ངོན་ཟེར་བ་དེ་ཡིན། མགོན་པོ་ལགས་སྦིར་ནས་ཡོང་སྟེ་དགོང་མོ་ཞིག་ངའི་ནང་ལ་བསྡད། ང་ལ་རང་ཉིད་མི་གྲང་བའི་ཉལ་ཆས་མ་གཏོགས་མེད། དགོང་མོ་དེར་ངའི་ཉལ་ཆས་གཅིག་ཁོ་ལ་སྟེར་དགོས་བྱུང་། དགོང་མོ་ཆར་ཞོད་ཡོང་ནས་འབྲུག་སྒྲ་ལྡིར་ཏེ་ང་གཉིད་ལས་སད་སོང་། གཉིད་ལས་སད་དུས་ཅུང་ཙམ་གྲང་གི་ཡོད་པའི་ཚོར་བ་ཞིག་སྐྱེས། ངས་ཐང་ན་ཉལ་བའི་མགོན་པོ་ལ་བལྟས་པ་ཡིན། ཁོ་ཉལ་ཐུལ་གྱི་འོག་ན་ལུས་པོ་བཀུམ་ནས་ཉལ་འདུག ཕལ་ཆེར་གཉིད་ཨེ་ཡོད་བསམས། ཡིན་ན་ཡང་ངས་ཁོ་མ་བོས། ཞོགས་ཀར་ངས་མདང་དགོང་གི་སྣང་ཚུལ་དེ་སྙན་ངག་འདྲ་བོ་ཞིག་གི་ལམ་དུ་དྲངས་ནས་བྲིས་པ་སྐབས་དེའི་འབྲི་དེབ་ཅིག་གི་ནང་ན་འདུག་ངས་རྙེད་སོང་།
ཆར་རླུང་གི་མཚན་མོ།
སྨག་རུམ་གྱིས་འཇིག་རྟེན་ཁུར་མིད་བྱས།
གནམ་ནས་ས།
ས་ནས་གནམ།
ཐམས་ཅད་སྟོང་སིང་ངེ་།
ཡོད་ཚད་ནག་འཐིབས་སེ།
སེམས་ཁོང་འཁྱག་སིལ་ལེ།
ནོར་ལྷ་དང་ལས་འབྲེལ་མེད་པའི་སྙན་ངག་མཁན་ཞིག
ཡང་ཞིང་སྲབ་པའི་ཉལ་ཐུལ་གྱི་ནང་དུ།
པུས་མོ་བྲང་སྦྱར།
རྟིང་པ་འཕོངས་ལ་སྦྱར།
སྒོ་སྲུབས་ནས་ལྷགས་རླུང་གིས་ཤུ་སྒྲ་སྒྲོགས།
ལག་ཟུང་ཉལ་ཐུལ་ལ་འཐམས།
ཤེལ་དྲ་ལ་ཆར་བས་ཐེག་ཐེག་རྡེག
མགོ་བོ་རུམ་ལ་བཏུམས།
མགོ་བོ་དང་པུས་མོ་ཞལ་མཇལ་ཐོབ།
ཁ་རླུང་དང་ཞབས་རླུང་གཅིག་ཏུ་འདྲེས།
ང་ཚོའི་འཚོ་ཐབས་སྐྱོ་ན་ཡང་། མགོན་པོ་ལ་དེས་ཅི་ཡང་མི་གནོད། ཡོད་དུས་ཟ་ཞིང་འཐུང་། མེད་དུས་སྡུག་སྐད་གཏན་ནས་རྒྱག་རྒྱུ་མེད། གང་ཡོད་པ་དེ་ཟས་ནས་འཐུང་ནས་འདུག་པ་མ་གཏོགས་དེ་ལས་ལྷག་པ་འཚོལ་སྒྲུབ་ཀྱང་མི་བྱེད། ཆང་རེ་འཐུང་རྒྱུ་ཡོད་དུས་བག་མེད་དུ་འགྲོ་བའི་བར་དུ་འཐུང་། ཕྱི་ཉིན་ཡོང་ནས་མདང་དགོང་ངས་ཅི་བྱས་སོང་ཟེར་ནས་འདྲི། ཁོས་དགོད་རྒྱུ་ཡོང་བ་རེ་བྱས་ཤིང་བཤད་ཡོད་ན་དེའི་ཐོག་ལ་སྣོན་མ་བརྒྱབ་ནས་བཤད་ན་ཁོའི་སྨིན་མ་སྟུག་པོའི་མིག་གཉིས་ལས་འཛུམ་ཟེར་འཕྲོ་ཞིང་ཧབ་་ཆ་བརྒྱབ་ནས་དགོད། ཡིན་ན་ཡང་ཁོས་གྲོགས་པོ་དང་ལྷན་འཛོམས་དང་སྟོན་མོ་སོགས་ཀྱི་སྐབས་སུ་འཐུང་བ་མ་གཏོགས་རྒྱུན་དུ་མི་འཐུང་། དེ་དུས་གསར་འབྱོར་པ་རྣམས་ཀྱི་འཚོ་ཐབས་སྐྱོ་སྟབས་གསར་འབྱོར་བ་མང་པོའི་ཚོར་བ་ལ་རྙིང་འབྱོར་བ་རྣམས་ཀྱིས་ཁོ་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པའི་ཚོར་བ་རྒྱུན་དུ་ཡོང་གི་ཡོད། ཡིན་ན་ཡང་མགོན་པོ་ལ་ཚོར་བ་དེ་འདྲ་ཡང་མེད།
མགོན་པོའི་ཧབ་ཆ་བརྒྱབ་ནས་དགོད་པ་བཤད་ན་ཡང་ངས་ཁོའི་ཧབ་ཆ་འཛད་མཐའ་མེད་པའི་དགོང་མོ་ཞིག་དྲན་སོང་། དགོང་མོ་དེར་ངས་ནུབ་ཚ་བཏུང་ཚར། མགོན་པོ་དང་དཔལ་ལྡན་རྒྱལ་གཉིས་ངའི་ནང་ལ་ཡོང་སོང་། མགོན་པོའི་མིག་གཉིས་ལ་འཛུམ་ཆེན་ཞིག་ཤར་འདུག དཔལ་ལྡན་རྒྱལ་གྱི་མཆུ་འདབས་ལ་འཛུམ་ལངས་འདུག ངས་ཁོ་གཉིས་ལ་ནུབ་ཚ་བཏུང་ངམ་ཞེས་དྲིས་པ་ཡིན། མགོན་པོས་ཧབ་ཆ་བརྒྱབ་ནས་བགད་སོང་། ངས་དེ་ལ་ཅིའི་ཕྱིར་དགོད་ཀྱི་ཡོད་དམ་སྙམ་ནས་ག་རེ་རེད་ཅེས་པ་དྲིས་པ་ཡིན། མགོན་པོ་ངའི་ཉལ་ཁྲིའི་ཐོག་ལ་བསྡད་ནས་ཧབ་ཆ་བརྒྱབ་ནས་དགད་སོང་། ངས་ཁོ་གཉིས་ཆང་གིས་བཟི་ཡོད་པ་རེད་སྙམ་ནས་ཇ་འཐུང་རྒྱུན་ཡིན་ནམ་ཞེས་དྲིས་པ་ཡིན། མགོན་པོས་ལུས་སྟོད་ངའི་ཉལ་ཐུལ་ལྟེབས་མའི་ཐོག་ལ་བསྙེས་ནས་ཧབ་ཆ་བརྒྱབ་ནས་དགད་སོང་། ངས་ཅི་ཞིག་བྱེད་དགོས་མ་ཤེས་ལ་ཅི་ཞིག་བཤད་དགོས་ཀྱང་མ་ཤེས། ད་ཁྱོད་ཉལ་དུ་སོང་ཞེས་བཤད་པ་ཡིན། མགོན་པོས་ད་དུང་གདོང་ངའི་ཉལ་ཐུལ་ལ་སྦྱར་ནས་ཧབ་ཆ་རྒྱག་བཞིན་འདུག དཔལ་ལྡན་རྒྱལ་གྱི་གདོང་ལ་འཛུམ་ཞིག་ལངས་ནས་ཁོ་ལ་ད་འགྲོ་ཟེར་ནས་ཁོ་གཉིས་ཕྱིན་སོང་། ཁང་པའི་ཕྱི་ན་མགོན་པོ་ད་དུང་ཧབ་ཆ་རྒྱག་ཞོར་དུ་འགྲོ་གི་འདུག ཕྱིས་སུ་ཤེས་པ་ལྟར་ན་དགོང་མོ་དེར་མགོན་པོས་ལྡུམ་བུ་ཞིག་འཕུར་ནས་ཉལ་ཐ་ཞིག་ལེན་རྒྱུ་ཡོད་པ་བླངས་ནས་འཐེན་པ་རེད་ཟེར། ཉལ་ཐ་དེ་འཐེན་ན་མི་སྐོར་ཞིག་ལ་དགོད་རྒྱུ་འཛད་མེད་ཅིག་ཡོང་རྒྱུ་ཡོད་པ་རེད་ཟེར། དེའི་རྗེས་སུ་མགོན་པོས་ཉལ་ཐ་འཐེན་པ་གཏན་ནས་མཐོང་རྒྱུ་མ་བྱུང་། ཕལ་ཆེར་ཐེངས་དེར་ཁོས་ཚོད་ལྟ་འདྲ་ཞིག་བྱས་པ་མིན་ནམ་སྙམ།
བཀླགས།
ད་ངའི་དྲ་གྲོགས་མགོན་པོ་མཐོང་ཡོང་གིན་འདུག མུ་མཐུད་ནས་བྲིས་དང་མུ་མཐུད་ནས་བཀླག
མགོན་པོའི་ལོ་རྒྱུས་ཀློག་པ་ན། ཚེ་འདས་འདི་པས་ཨ་མྱེས་རྨ་ཆེན་གྱི་རིག་གཞུང་ལས་ཁུངས་ལ་བྱ་བ་གལ་པོ་ཆེ་བསྒྲུབས་འདུག ད་བར་ཨ་མྱེས་རྨ་ཆེན་གྱིས་ཁོང་གི་ནང་མི་རྣམས་ལ་སེམས་གསོའི་ཡི་གེ་གཅིག་སྐུར་ཨེ་ཡོད། དེ་ལྟར་བྱུང་ན་བཟང་ངོ།
བཀླགས་ཟིན་་་་་ཁྱོད་ཚོའི་སྐབས་ཀྱི་གསར་འབྱོར་བའི་འཚོ་བ་སྐྱོ་བོ་ཡིན་ཐག་ཆོད་རེད་། ང་དྷ་སར་སླེབས་དུས་རྟ་མགྲིན་རྒྱལ་བོ་སོགས་ཕོ་གསར་སྐྲ་རིང་སྐོར་ཞིག་གིས་རིག་ལམ་སློབ་གྲྭའི་གཞི་མདོ་དེ་ན་ཨ་མདོ་པག་ལེབ་བཞི་ལྔ་རེ་ཞོགས་ཀ་རྟག་པར་བཙོང་གི་འདུག ང་ལ་ཡང་ཉིན་མ་གཉིས་གསུམ་རེར་ཟ་རྒྱུ་མ་རེག་པའི་དཀའ་ངལ་འཕྲད་མྱོང་ལ་་་ཁང་གླ་སྤྲོད་རྒྱུ་ཉིན་མ་ཁ་ཤས་འགོར་འགྱངས་བྱུང་དུས་་་ཁང་བདག་ཨ་མ་ལོ་ལོན་དེས་གསར་འབྱོར་པ་མགོ་ཡིན་ན་ཅིག་ཟེར་ནས་མཐོང་ཆུང་མང་བོ་བྱས་མྱོང་བ་ཡ་་་་་ཟ་རྒྱུ་མེད་པས་སེམས་པ་སྐྱོ་མྱོང་རྩ་ནས་མེད་ཀྱང་་་་རྙིང་འབྱོར་བས་མཐོང་ཆུང་འདྲ་ཞིག་བྱས་ཡོང་དུས་སེམས་པ་ཐང་ལ་ལྷུང་མྱོང་བ།
ཨ་མྱེ་རྨ་ཆེན་ཚང་གི་འགན་འཛིན་ལྷན་ཚོགས་ཀྱིས་རང་སྲུང་གི་ཆེད་དུ་རྒྱབ་ཁུག་ནང་མཚོན་ཆ་བཟུང་བའི་སྣང་ཚུལ་ལས་སྐབས་དེའི་རྡ་སའི་སྤྱི་ཚོགས་ཞི་བདེ་དང་ལྷང་འཇགས་མེད་པའི་འཚོ་བ་འཇིགས་སུ་རུང་བའམ་སྐྱག་དྲི་ཐིལ་ལེ་བ་ཞིག་ཚོར་བྱུང་།
ཐེངས་ཅིག་ཀློག་ཡིན་སྙན་མོ་འདུག། ཨ་ཁུ་པདྨ་འབུམ་གི་གསུངས་བ་ལེ་བདེན། ཨ་མྱེ་རྨ་ཆེན་ཚང་གི་འགན་འཛིན་ལྷན་ཚོགས་ཀྱིས་རང་སྲུང་གི་ཆེད་དུ་རྒྱབ་ཁུག་ནང་མཚོན་ཆ་མ་འཁྱེར་བ་ཡིན་ན་རྙིང་འབྱོར་ཀླད་པ་རྙིང་པ་ལྟ་བ་མཁྲེག་པོ། བསམ་བློ་དམོད་པོ་དེ་ཚོས་འདྲེ་མཐོང་བ་དང་འདྲ་ནི་རེད། སྐབས་དེ་རྡ་སའི་རི་གྲོང་ན་བསམ་བློ་ལ་མིག་ཐོག་ཡོད་པ་ཉུང་ཉུང་ཡིན་ལ་ཡོད་པ་དེ་ཚོ་ལ་རང་དབང་ཞིག་མེད་པས་ན། ཁོང་ཚོ་ཁག་ཡོད་པ་མ་རེད། གང་ལྟར་བཙན་བྱོལ་ནང་གི་ཤེས་ལྡན་པ་རྙིང་པ་ཁྱོད་ཀྱི་འཚོ་བ་འདི་ལྟར་ཀློག་དུས་ཁྱོད་ཚོའི་དཀའ་ལས་ཅི་ཞིག་རྒྱབ་པ་དེ་རྟོགས་ནས་འདུག་གི། ད་དུང་མི་འགོད་གནང་བར་ཐུགས་རྗེ་ཆེ་ཞུ
མུ་མཐུད་ནས་བཀླག་གི་ཡིན། མུ་མཐུད་ནས་འབྲི་རོག་གནང་། ཐུགས་རྗེ་ཆེ།
པད་མ་འབུམ་ཟེར་བའི་གྲགས་ཅན་དེ། ཁ་བརྡ་དང་ཁ་བརྡ་འདྲ་བའི་དྲ་ཚིགས་ནས། ད་བོར་མ་སོང་ན་སྲ་ཀི
མངོན་ལྐོག་རྒྱུད་ཤུགས་ཀྱིས་དཀོན་མཆོག་གསུམ་ལ་དད་ལོག་དང་འགྲེལ་ལོག་་མང་པོ་བཤད་འབྲི་བྱས་པས་དད་ལྡན་མི་མང་ལ་དོ་ཕོག་ཡོང་བ་རེད་ཟེར་བ་ཞིག་གོ་འི།
ཨ་མྱེས་རྨ་ཆེན་ཚང་གི་ལས་མི་ཚོ་ལ་དོན་མེད་སྡང་སེམས་བཟུང་བ་ཞིག་མིན་ཟེར་ནས་ཨ་ཁུ་མགོ་རིལ་ལག་ན་ཕྲེང་བ་ཅན་ཞིག་ད་ལྟ་ཡིན་ན་ཡང་ངར་ངར་རྫིག་རྫིག་རེད།
་་་་་་་་་་ ་་་་་་་་་་་་
ལོ་མ་ལྗང་ཁུའི་དོ་ཞིག་འཐེན།
འཇིག་རྟེན་གཞན་ལ་མྱིག་ཞིག་ཕྱེ།།
སྣང་བ་སོ་མོའི་རྩ་ཁམས་ལ།།
རིག་ཚད་གོ་ཚད་དགོད་སྤྱད་རྒྱུ།
རྨོངས་དད་དང་དད་པ་གཉིས་ལ་ཁྱད་པར་ག་རེ་ཡོད་རེད། བྲིས་པ་ཡིན།
དཔེ་མཚོན་དང་བཅས་གསུང་མཁན་རེ་ཡོད་ན་དགའ་བསུ་ཞུ།
ཐུགས་རྗེ་ཆེ།
རྨོངས་དད་དང་དད་པ་གཉིས་ཀྱི་ཁྱད་པར་དང་དཔེ་མཚོན།
གང་གིས་རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ཉིད་དེ་མཐོང་ནས།
བདག་དང་གཞན་གྱི་དོན་རྣམས་འབྲས་བུ་མཐར་ཐུག་སོན་པའི་ཕྱིར།
བྱ་དང་བྱར་མེད་སོགས་ཀྱི་རྩོལ་བ་སྣ་ཚོགས་ཁུར་ཐེག་ནས།
ཕྱིར་མི་ལྡོག་པར་འཇུག་པའི་ཚུལ་ལ་དད་པ་ཟེར།
དཔེ་མཚོན། བ་ཡི་ནུ་མ་ལས་འོ་མ་བཞོ་བ་ནི་དད་པ་ཡིན། བ་ཡི་རྭ་ལས་འོ་མ་བཞོ་བ་ནི་རྨོངས་དད་ཡིན།
http://edition.cnn.com/2013/04/15/us/boston-marathon-explosions/index.html?c=intl-homepage-t
གོང་གི་ཁ་བྱང་གི་སྟེང་དུ་བསྣོན་དང་ཨ་རིའི་གྲོང་ཁྱེར་Boston དུ་bomb ཞིག་བགས་གཏོར་གྱིས་གནས་ཚུལ་ཐོན་འདུག
བོད་པའི་གསར་འགྱུར་ནང་མི་གསལ
དད་པ་ནི། རང་གི་བློ་དེའི་ཕྱོགས་སུ་འདུན་ཞིང་སྐྱོད་པའམ་ཡིད་ཆེ་བའི་དོན་རེད། རྨོངས་དད་ནི། དཀོན་མཆོག་གི་ཡོན་ཏན་གང་ཡང་མ་ཤེས་ནས་ཐོལ་བྱུང་གི་དད་པ་སྐྱེས་པ་ལྟ་བུ། ལྷ་བ་མོ་བ་རྩིས་པ་སོགས་ཀྱི་ལུང་བསྟན་ཅུང་ཟད་ཅིག་ཁ་ཐོག་ཏུ་སོང་བ་སོགས་ལ་དད་པ་བྱས་པ་ལྟ་བུ། ལྷ་ཁང་ཁྲ་ཁྲ་མཐོང་བ་དང་རབ་བྱུང་དགེ་འདུན་པ་སོགས་མཇལ་བ་ཙམ་གྱིས་དད་པ་སྐྱེས་པ་ལྟ་བུ་སོགས་རྨོངས་དད་ཀྱི་ཆར་གཏོགས་པ་རེད་སྙམ། གང་དང་གང་གི་ཡོན་ཏན་དང་ནུས་པ་ཤེས་ནས་དད་པ་བྱེད་པ་ནི་རྨོངས་དད་མ་ཡིན་ནོ། །
མཁས་དབང་པད་མ་འབུམ་ནས་རང་གི་གྲོགས་པོའི་བྱུང་བ་ལེགས་པར་བྲིས་འདུག ཟ་རྒྱུ་གང་ཡོད་པ་དེ་ཟོས་ནས་མེད་ན་འཚོལ་སྒྲུབ་སོགས་གང་ཡང་མི་བྱེད་པ་ལ་ལྟོས་ན་བྱ་བྲལ་རྣལ་འབྱོར་བ་ཞིག་གི་སྣང་བ་སྟེར་གྱིན་འདུག ཐ་སྐྱོ་ལངས་ནས་མལ་ཁྲིའི་འོག་ཏུ་འཐེན་འཕྲོ་བཙལ་བ་སོགས་ལ་དཔག་ན་ཆང་དང་བུད་མེད་ཐ་མ་སོགས་ལ་བག་མེད་དུ་སྤྱོད་མཁན་ཐ་ཤལ་བ་ཞིག་གི་སྣང་བ་ཚོར་གྱིན་འདུག།
དགོད་རེ་བྲོ་་་་་དད་པ་ནི་ཡུལ་གྱི་སྟེང་ནས་འཇོག་གི་ཡོད་མ་རེད་་་ཡུལ་ཅན་གྱི་ཆ་ནས་འཇོག་གི་ཡོད་རེད་ལོ་་་་་ཤེས་ལ་མ་ཤེས་པར་རང་ང་ཅིག་བཤད་གི་འདུག་གི་་་་འདི་ཚོའི་ཁ་དེར་ག་རེ་མ་འགྲིག་པ་ཡིན་ནམ།
མཁས་དབང་པདྨ་འབུམ་གྱིས་མུ་མཐུད་འབྲི་རོགས་གནང་།ངོ་མ་སྙན་པོ་དང་དོན་སྙིང་ལྡན་པ་ཅིག་རེད།
མི་ཚེའི་ལོ་རྒྱུས་ཟེར་བ་འདི་འདྲ་རེད། མགོན་པོ་གཤེགས་པོའི་མི་ཚེའི་ཞོར་ལ་རྒན་པད་མ་འབུམ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཕྲན་བུ་རེ་ཞོར་ནས་མཐོང་ཡོང་གི ད་ཚང་མས་རང་རང་མི་ཚེའི་ལོ་རྒྱུས་རེ་རྒྱས་བསྡུས་ལ་མ་འཇིགས་པར་འབྲི་རོགས།
ཉིན་ཤས་སྔོན་ནས་བཟུང་སྟེ་༼རང་རྣམ་གཡུས་བླུག་མ་༽ཟེར་བ་ཞིག་འབྲི་འགོ་བརྩམས་ཡོད། དེའི་ནང་དུ་ཆུང་དུས་རྒྱག་རེས་བྱས་སྟངས་དང་། བར་དུ་དགོན་པར་འཛུལ་ཚུལ། གྲྭ་བའི་ཡང་ལྗིད་འཇལ་ཚུལ། རྗེས་སུ་སྡོམ་པ་ཤོར་ཚུལ། ཞི་མོར་གཡབ་རེས་བྱས་ཚུལ། རྡ་སར་ལག་གཡོག་རྒྱུགས་ཚུལ། ད་ལྟའི་ཡོ་རོབ་ཀྱི་གནས་སྟངས་བཅས། དུས་སྐབས་སོ་སོར་འབྲེལ་བའི་གནས་ཚུལ་ཐམས་ཅད་རྟོག་བཏགས་སྒྲོ་བསྐུལ་གྱིས་མ་བསླད་པར་དྲན་ངོས་ཀྱི་གཟུགས་བརྙན་ཤོག་ངོས་སུ་འགོད་བཞིན་ཡོད།
ཀླུ་སྨྱོན་ལགས། མི་ཚོར་ལོ་རྒྱུས་སྙན་མོ་འབྲི་རྒྱུ་ཡོད་ན་དེ་ལ་ཕྲག་དོག་ཡོད་ས་རེད། ཁྱེད་རང་ལོ་རྒྱུས་འབྲི་རྒྱུར་རྔམ་ནས་ག་རེ་འབྲི་རྩིས་ཡོད། འཚོལ་སྙེགས་ནི་རང་ཉིད་ཀྱི་བདེ་སྐྱིད་ཁོ་ན་ཡིན། ཁ་ནས་ཐོན་ཚད་ཚང་མ་མཇེ་དང་སྟུ། ཁ་ལ་ཡར་བརྫང་རྒྱུ་ནུ་ཀོར་ཟས་ཀོར་ཆུ་རེད།
མི་རང་ཚུགས་ཅན་པོ་འདི་དག་གིས་ངོ་མས་ལས་ཀ་ཡག་པོ་བྱས་འདུག །
༄། །མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་ཟིན་ལས། །༼དུས་ཐོག་ཆར་བ༽དང་ནི་༼དུས་རབས་ཀྱི་གསོས་སྨན༽། །འཆི་རྟགས་ཐོན་པའི་ལུགས་གཉིས་ལམ་སྟོན་འཆི་གསོས་སྨན།།འདི་གཉིས་ཀློགས་ཤིག་སོམས་ཤིག་སྒྲུབས་ཤིག་གངས་ཅན་པ། །
དགོན་པར་དམིགས་པ་༼དུས་ཐོག་ཆར་བ༽དང་། །མང་ཚོགས་ལ་དམིགས་༼དུས་རབས་ཀྱི་གསོས་སྨན༽། །ཡར་རྒྱས་མཐོངས་སུ་འཕུར་ལ་གཤོག་ཟུང་སྟེ། །འཆི་བདག་བདུད་ལས་ཐར་འདོད་བོད་པའི་མིག །
རྡ་སའི་ཉི་མ་ལྷ་སར་འཆར་རྒྱུར་ད་དུང་ལོ་ལམ་ཟླ་ལམ་རེད།
རྒྱབ་དཔུང་མེད་པར་ཁ་དཔུང་བཤད་ན་མགོ་ཆག་རང་གིས་ཉོས་ལེ་རེད།
ནུབ་བཞིད་ལས་སྐལ་དང་ལེན་མེད་མཁན་དུས་ཀྱི་ལྐུག་པ་ལྐུག་ནག་རེད།
ཞེ་བློ་འགྱོད་པའི་ཚིག་གཅིག་ཡོད་ནོ་གཏན་བྲལ་འདི་འདྲ་སྔ་སོང་ཡ།
༄༅།། བོད་ཀྱི་སྐད་ཡིག་བརྡ་སྤྲོད་དང་བཅས་པ་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་སྐོར་གླེང་བ།
བྷེལ་ཇམ་གནས་སྡོད་ཆབ་འགག་དཔལ་ལྡན།
་་་་་་ བོད་སིལ་བུར་ཐོར་བའི་དུས་སྐབས་ནང་མདོ་དབུས་ཁམས་གསུམ་བར་འབྲེལ་འདྲིས་ཇེ་ཞན་དུ་ཕྱིན་ཏེ་ཆིག་སྒྲིལ་གྱི་གོང་བུ་འཐོར་ཞིག་ཏུ་སོང་། དུས་དེ་ཙམ་ན་མཁས་པར་རློམ་པ་འགའ་ཞིག་གིས་གནའ་བོའི་བོད་ཀྱི་སྤྱི་སྐད་ཀྱི་འགྲོས་དང་མི་མཐུན་ཞིང་། བརྡ་སྤྲོད་པའི་འབྲི་སྲོལ་དང་དེ་བས་ཀྱང་མི་མཐུན་པའི་ལུང་ཚན་གྱི་ཕལ་སྐད་བཙན་བཅུག་གི་དེབ་རིགས་མང་དུ་བྲིས་ཏེ་བོད་སྤྱི་ཚོགས་སྟེང་འགྲེམས་སྤེལ་བགྱིས་པས་གནའ་དར་ལྷད་མེད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་དགོས་མེད་ཀྱི་རྨ་ཁ་ཆེན་པོ་བཟོས། མཁས་པར་རློམ་པ་དེ་དག་དང་དེའི་ཕྱོགས་སུ་ལྷུང་བའི་རྗེས་འཇུག་སློབ་བུ་མགོ་བདེ་དྲན་འཕྲུལ་ཅན་རྣམས་ཀྱིས་རང་རེའི་སློབ་དཔོན་ག་གེ་མོས་བྲིས་པ་སྔར་མེད་གསར་གཏོད་དང་རྨ་མེད་ཀྱི་བསྟན་བཅོས་ཡང་དག་ཅིག་ཏུ་བསམས་ནས་བོད་སྤྱི་ཚོགས་སྟེང་འུར་སྒྲོག་གིས་དེ་ཁོ་ནར་རྒྱུན་བསྲིངས་པ་མ་གཏོགས་དེ་ལས་ལྡོག་སྟེ་གནའ་དར་སྲེག་བཅད་བརྡར་བའི་བརྡ་སྤྲོད་པའི་བསྟན་བཅོས་དག་ལ་བལྟ་བའི་བློ་མིག་ཕྱེ་མེད། དེ་ནི་ཕྱོགས་ལྷུང་གི་བསམ་བློ་དོར་མ་ཐུབ་པས་ལན་པ་རེད། ཕྱོགས་རིས་འཐེན་འཁྱེར་གྱི་བསམ་ངན་དེའི་དབང་གིས་ཁོང་རྣམ་པས་རང་ཉིད་གང་ལ་གོམས་འདྲིས་ཆེ་བའི་ལུང་ཚན་བྱེ་བྲག་པའི་ཕལ་སྐད་གཙོར་འཛིན་གྱི་ལས་ཐབས་རྩོམ་པ་ ལས་བོད་གངས་ཅན་པའི་སྤྱི་སྐད་ལ་ཕན་པའི་བྱེད་ཐབས་གང་ཡང་བརྩམས་མེད་པའི་ཁར་དོ་སྣང་གིས་རྒྱུན་བསྲིང་སྲུང་སྐྱོབ་ཀྱི་འགན་ཕྲན་བུ་ཙམ་ཡང་འཁུར་མྱོང་མེད། བྱེད་ཐབས་འདི་རིགས་ནི་བོད་སིལ་བུའི་དུས་སྐབས་སུ་བྱུང་ཞིང་། དེ་ནི་བོད་མི་རིགས་ཀྱི་སྲོག་ཤིང་ལྟ་བུའི་སྐད་ཡིག་དང་གནའ་བོའི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཉམས་རྒུད་ཀྱི་རྒྱུ་རྐྱེན་དུ་གྱུར་བའོ།། ་་་་་་
༡༨༽ གནམ། མེས་པོའི་ཐེམ་སྐས། རྒན་གྱིས་མཚན་མོ་ཚ་བའི་ནང་བརླ་རྒྱོ་་་་་འདི་ཆད་མི་ཉན།
ངས་དྲན་པར་དམངས་གཙོ་ཚགས་པར་སྒོ་རྒྱག་པ་དེ་ཚགས་པར་དེའི་ནང་ཐལ་ཆ་ཤོར་ནས་རྒྱལ་བ་རིན་པོ་ཆེ་དང་ཕྱི་རྒྱལ་བའི་བུད་མེད་གཅིག་གི་པར་བཏོན་ནས་ཕོ་མོའི་འབྲེལ་བའི་རྣམ་རྟོགས་ཀྱི་སྐད་ཅ་བྱུང་སོང་ བོད་མི་དགའ་ཤས་ངར་ནས་ཚགས་པར་ལས་བྱེད་པ་ལ་སྡིག་ར་སྤྲད་སོང་ སྐབས་དེ་དུས་མགོན་པོ་རྩོམ་སྒྲིག་ཨེ་རེད་
སྐབས་དེར་ཨ་མྱེས་རྨ་ཆེན་གྱི་འགན་འཛིན་རྣམ་པས་ཁུག་མའི་ནང་དུ་མཚོན་ཆ་འཛིན་དགོས་པ་ནི་སྐབས་དེའི་རྡ་སའི་ཁོར་ཡུག་ན་མང་གཙོ་དང་རང་དབང་གི་གཏམ་བརྗོད་འགོ་ཚུགས་ཙམ་ཡིན་པ་དང། གསར་འབྱོར་བའི་འཚོ་བ་འགྱུར་ལྡོག་དང་འབྲེལ་ནས་རྡ་ས་ནས་རྩོམ་རིག་གི་སྒྱུ་རྩལ་དར་འགོ་ཚུགས་པ་རེད།
ཨ་ཁུ་པད་མ་འབུམ་གྱིས་ཡིག་ནོར་མང་པོ་བྲིས་འདུག ཕལ་ཆེར་ཞུ་དག་པ་མགོན་པོ་ཚེ་རིང་མེད་སོང་བས་ཡིན་སྲིད།
ལ་ཤས་ཀྱིས་མཁས་དབང་པད་མ་འབུམ་ཟེར་ནས་འུར་སྒྲོག་བྱེད་ཀྱིན་འདུག ག་རེ་ལ་མཁས་པ་ཡིན་པ་རེད། ནང་ཆོས་ལ་མཁས་པ་རེད་དམ། གཞུང་ལུགས་ལ་མཁས་པ་རེད་དམ། བརྡ་སྤྲོད་ལ་མཁས་པ་རེད་དམ། ཡང་ན་སྙན་ངག་ལ་མཁས་པ་རེད། ཡང་ན་བཀའ་པོད་ལྔ་ལ་མཁས་པ་རེད། གང་ལའང་མཁས་པ་རེད་མི་འདུག་གོ
པད་མ་འབུམ་ལགས་ལ་མིང་ཞིག་ཡོད་པ་ནི་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ཟེར་བ་དེ་བྲིས་པ་དང་། དེར་མ་རྟོགས་ལོག་རྟོག་གིས་ནང་ཆོས་ལ་ལོག་འགྲེལ་བྱས་པས་དད་ལྡན་པ་གང་མང་གི་སེམས་ལ་ཕོག་ཐུག་བཏང་ནས་སྤྱི་ཚོགས་ནང་གླེང་རྙོག་བསླངས་པ་ཙམ་རེད། དེ་མ་གཏོགས་རྩོམ་དེ་ཡག་དྲག་པ་དང་ཚད་ལྡན་ཡིན་དྲག་ནས་མིང་གྲགས་བྱུང་བ་དེ་འདྲ་མ་རེད།
མཁས་པ་དང་པཎྜིཏའི་མིང་འདི་རང་དགར་སྦྱོར་བར་མི་བྱའོ། བཤད་འདོད་པ་འདི་ཙམ་ཡིན
ཁ་བྲོ།
རྒན་ལགས་ཀྱི་ཕྱག་རྩོམ་འདི་ཚང་མ་ཞིབ་བཀླགས་ཟིན། བཀའ་དྲིན་ཆེ། ཀླུ་སྨྱོན་རིན་པོ་ཆེས་གསུངས་པ་གནད་དུ་འཁེལ། དོན་དང་ལྡན།
པད་འབུམ་དྲན་ཤེས་བརྟན་པའི་བཀའ་དྲིན་གྱིས།།
སྔོན་གྱི་བྱུང་བ་ལོ་རྒྱུས་ཡི་གེར་བཀོད།།
བོད་ཡིག་ཀློག་འདོན་བྱེད་པའི་བྱིན་མཐུ་ཡིས།།
རྡ་སའི་བྱུང་བ་རྒྱུས་ལོན་ཐུབ་པར་བརྟས།།
གསར་འབྱོར་སྔ་ནས་ཡོང་བ་དང་རྗེས་ནས་འབྱོར་བའི་ལས་དབང་ཕྱོགས་མང་ཆེ་བ་ཧ་ཅང་འདྲ་བོ་ཡིན་། གཞི་ཆགས་སམ་རྙིང་འབྱོར་བས་ད་དུང་མཐོང་ཆུང་བྱེད་། མི་བདེན་གི་བསམ་ན་རྡ་སའི་གཡས་གཡོན་ནས་གང་ཙམ་སྡོད་ད་། དེ་ཡི་ཨ་མ་རྒན་མོ་དང་ཨ་ཕ་རྒན་པོ་སོགས་ཀྱིས་ཁ་ནས་བཤད་ཡོང་ང་།
དགོང་མོ་ཞིག་ངའི་ནང་ལ་བསྡད།
་
གྲོགས་པོ་པདྨ་འབུམ་མཆོག་གིས་ཡིག་གིས་སྟོངས་ཏེ། དགོངས་མོ་ཞེས་པའི་བོད་རིག་གཞུང་གི་མིང་ཚིག་ལ་རྒྱང་འབུད་མཛད་པ་ལ་གཟབ་གཟབ་དགོས། འོན་ཀྱང་། སྒོ་སྲུབས་ནས་ལྷགས་རླུང་གིས་ཤུ་སྒྲ་སྒྲོགས། ཞེས་པའི་སྒྲ་སྒྲོགས་ཞེས་པ་རིག་གཞུང་སྐད་ན་གསལ་བ་བཞིན་བྲིས་པར་ཡིད་ཚིམ་པ་བྱུང་། གསར་འབྱོར་པ། ཞེས་པར་ཁོང་གི་ཐུགས་ཁ་སྐད་ཀྱིས་མ་འཕྲོགས་པར་ལེགས་སོ་ཞུ། དུས་གཅིག་ན་ཁོང་གིས་ང་ལ་གསུངས་པ་དྲན། དྷ་སར་ལས་བྱེད་གྲོགས་པོ་ཞིག་གིས་ཁོང་གིས་ཡི་གེ་འགའ་ཞིག་ལ་དམར་རྟགས་བརྒྱབས་པ་སླེབ་ཀྱི་ཡོད་ཀྱང་། འདི་དང་འདི་ནོར་འདུག་ཅེས་བཤད་མེད་པས་ཅི་ཡིན་པ་ཤེས་མེད་གསུངས། བདག་གིས་རྒྱུ་མཚན་བཀྲལ་བ་ན་ཁོང་གོ་གླེགས་བམ་ཞིག་སྔོགས་ནས་བརྟག་དཔྱད་མཛད། ད་ཕྱིན་སེམས་གཡེངས་ན་འབྲི་ན་མ་གཏོགས་ཆོས་སྐད་མཐུན་པར་བྱེད་ཀྱི་ཡོད། ཅེས་གསུངས་པ་དྲན་ཏོ།།
མགོན་པོ་ལགས་སྦིར་ནས་ཡོང་སྟེ་(དགོང་མོ་ཞིག་ངའི་ནང་ལ་བསྡད།)
ཡིན་ན་ཡང་ངས་(ཁོ་མ་བོས།)
(མགོན་པོའི་ཧབ་ཆ་བརྒྱབ་ནས)་དགོད་པ་བཤད་ན།
གོང་གི་བརྗོད་དུམ་འདི་ཚོ་བརྡ་སྤྲོད་དང་མཐུན་པའི་སྐད་ཆ་ཨེ་རེད། དྲ་བའི་ནང་གི་མཁས་བླུན་ཚོ།
ལ་དྭགས་ཕྱོགས་ཀྱི་རྒན་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རང་ཁ་བརྡའི་སྒང་ལ་ཡང་སྲིད་ཕེབས་བཞིན་པ་དང་ཕེབས་པས་མ་ཚད་བསམ་ཚུལ་ཞུ་བཞིན་པ་ནི་དགའ་འོས་བ་ཞིག་རེད། ཁྱེད་ཀྱི་མཆན་བུ་མང་པོ་ངས་བཀླགས་པ་ཡིན། ངེད་ཀྱི་བསམ་ཚུལ་ལ། ཁྱེད་ཀྱིས་དག་པ་དང་མ་དག་པའི་སྐད་ཆ་དེ་བཤད་ནས་འདུག་པ་ལས། དག་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཚིག་མཛོད་སྟབས་བདེ་ཅིག་བཟོ་ཐུབ་ན་ཕྱི་རབས་པར་ཕན་པ་ཆེ། དཔེར་ན། དགོངས་མོ་ཟེར་བ་དག་པ་དང་། དགོང་མོ་ཟེར་བ་མ་དག་པ་ཡིན་ན། དག་པ་གང་དེའི་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་འགོད་ཐུབ་ན་མི་ཡག་གམ།
ལྷག་པར་དུ། དག་པ་རྣམས་ཀྱི་ལྷན་དུ་ལོ་ཚིགས་ཀྱང་སྦྱར་ཐུབ་ན། དེང་རབས་ཀྱི་ཚིག་མཛོད་དག་གི་
འགྲོས་དང་མཐུན་པ་མ་ཟད་རྗེས་ཀྱང་ཟིན།
དགོངས་མོ་ཟེར་བའི་ཐ་སྙད་འདི་རང་ལ་མཚོན་ན། ༡) འདི་དག་པ་ཡིན་པའི་ཁུངས་སྐྱེལ་གཞུང་གང་ན་གསལ་ལམ། ༢) དགོངས་མོ་ཟེར་བའི་ཐ་སྙད་འདི་ཐོག་མར་ཡིག་ཐོག་ལ་ག་དུས་བྱུང་ཡོད་དམ། དྲི་བ་འདི་གཉིས་ལ་ལན་ཁ་གསལ་ཡོད་ན། འདིས་ང་ཚོ་གཞོན་ནུ་རྣམས་ལ་ཕན་པ་འདུག
དཔེར་ན། ངེད་ཀྱི་ཤེས་ཚོད་ལྟར་ན། དབྱིན་ཡིག་ཏུ་ཚིག་མཛོད་ཟེར་བའི་ཐ་སྙད་(Dictionary)ཟེར་དེའི་མཆེད་ཁུངས་ medieval Latin ཀྱི་ཐ་སྙད་(dictionarium) འདི་རེད། དུས་ཚོད་དུས་རབས་བཅུ་དྲུག་པའི་འགོ་སྟོད་རེད།
རྒན་ལགས་ཁྱེད་ཀྱིས་གསུངས་བཞིན་པའི་ “རིག་གཞུང་སྐད་ན” ཟེར་བ་དེ་ཚོར་འདི་ལྟར་ཁུངས་སྐྱེལ་རྒྱུ་ཡོད་དམ།
དགོང་མོ་དང་དགོངས་མོ་གཉིས་ཀ་འབྲི་སྲོལ་ཡོད་སྟབས་དགོང་མོ་བྲིས་ན་བོད་ཀྱི་རིག་གཞུང་རྒྱང་འབུད་གཏོང་ཚུལ་ཁ་གསལ་གསུངས་རོགས་ཞུ། །
ཡི་གེ་མ་དག་པ་འབྲི་བ་ལས་ལྷག་པའི་སྡིག་པ་ཞིག་ས་སྟེང་ན་མེད་ཟེར། བདེན་ནམ།
ཡི་གེ་དག་མ་དག་ཕ་རོལ་ལ་གོ་བརྡ་འཕྲོད་མ་འཕྲོད་རེད། གོ་བ་ལོག་སྒྲུབ་བྱེད་པའི་རྐྱེན་དུ་གྱུར་ན་ཉེས་ཚབ་ཆེ་དེ་མིན་སྡིག་པ་གང་ཡོང།
རི་བྱུང་འདོན་བསྒྲུབས་ཀྲ་བཤིས་ཟེར་ན་མ་དག་པའི་ཁུངས་སྟོན་ཐུབ་བམ། ཨོ་ཨོ་དཀའ་ལས་ཡིན་འགྲོ།
ཡི་གེ་ནི་བརྡ་སྤྲོད་པ་ཙམ་ལས་བྱེད་ནུས་གཞན་པ་ཅི་ཡང་མེད། དེ་ནོར་བ་ཙམ་དང་སྡིག་པ་མཚམས་མེད་པ་ལྔ་བགྱིས་པའི་སྡིག་པ་དང་སྡུར་སྲོལ་མེད། བརྡ་སྤྲོད་སྨྲ་བ་དག་གིས་ཚོད་མ་ཟིན་པའི་སྐད་ཆ་རེད། ཡིན་ན་ཡང་ཡིག་ནོར་མེད་ན་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ཕན་ཡོན་ཡོད། ཅུང་ཙམ་ནོར་ན་ཡང་སྐྱོན་མི་འདུག མཁའ་འགྲོ་བརྡ་ཡིག་སོགས་ནི་ཡིག་ནོར་གྱིས་གང་བའི་ཡི་གེ་ཡིན་མོད་དེ་ལས་ཀྱང་མཁས་པ་རྣམས་ཀྱིས་སྙིང་བོ་ཡེ་གསང་སོགས་རྟོགས་ནུས་པ་མ་ཡིན་ནམ།
དེའི་གོ་གདའ་ཁྲོད་ཅི་རེད། མེ་རྟོག་ཀར་སྤོར་ཀྲ་གཤིས་སྡེ་ལེག་བཞུ།
མགོན་ཚེ་སྐོར་མང་པོ་ཤེས་སོང་་ད་འགྲིག་གོ
དཔལ་ཁང་ལོ་ཙྰ་པས།
དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ། །གསུངས་འདུག
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས།
༼དགོངས་མོ་༽ཕྱི་དྲོ་སོགས་༼ཟོང་༽བཙོང་བྱའི་དངོས་པོ་སྨར་སྨིན་༼དགྲམ་༽པ་བཀྲམ་པ་༼མེ་ཏོག་༽ཐང་ག་སོགས་༼དགྲམ་༽པ་བཀྲམ་པ། ཞེས་གསུངས་འདུག
ཡང་ངག་སྒྲོན་ལས།
དགྲ་བཅོམ་དགོངས་དགྲོལ་ཡི་གེར་དགོད། །
དགོངས་མོར་དགོངས་པ་བཞེས་ནས་བྲིས་གང་འདུག ལྟ་བུའོ།
དགོངས་མོར་དགོངས་པ་བཞེས་ནས་བྲིས་གནང་འདུག ལྟ་བུའོ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་མཆོག་དང་། མྱི་དཀར་མཆོག་སོགས་ལ། ཕྱི་དྲོ་ལ་དགོངས་ཞེས་པ་བཀའ་བསྟན་གཞུང་དཔེ་རྣམས་ན་ཡོད། གསུང་འབུམ་ལ་དཔེར་མཚོན་ན། བུ་སྟོན་རིན་ཆེན་གྲུབ་ཞབས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མཆོག་གི་རྣམ་ཐར་ན། སྔ་དགོངས་གཉིས་སུ་ཞེས་བྲིས་ཡོད་པ་དྲན། རྣམ་ཐར་འབྲི་བ་པོ་རྒྱལ་བ་སྐུ་འཕྲེང་བརྒྱད་པ་ཡིན་པས། དགོངས་ལ་དགོང་ཞེས་བྲིས་པ་ལ་དཔགས་ན། ཡོངས་འཛིན་ཞབས་ཀྱི་མཛད་པ་མང་པོ་ཞིག་རང་ཕྱོགས་ནས་བྲིས་ནས། རྣམ་ཐར་བསྒྲིག་རྒྱུར་ཕུལ་བ་ཡིན་ནམ་སྙམ། ཀ་རྡོ་གཉེར་ཕྱག་པས་གསུངས་པ་ལྟར། བཀའ་བསྟན་གསུང་འབུམ་དག་གི་མིང་ཚིག་རྣམས་མ་དག་པ་འབྲི་བ་མང་དུ་སོང་བ་ན། ཞ་ལུ་ལོ་ཆེན་དང་། དཔལ་ཁང་ལོ་ཙ་པ་སོགས་ཀྱིས་དག་ཡིག་བརྩམས་སོ་སྙམ།
དེ་ཡང་དུས་ཀྱི་དགོངས་དང་བཞེད་པའི་དགོངས་ལ་ཡི་གེའི་ཐོབ་ཐང་འདྲ་བ་ཡོད་པ་ནི། དགོངས་མོར་དངོས་པོ་ཞིག་མཐོང་བ་ན། གསལ་བར་མི་མཐོང་། ཕྱེད་མཐོང་། ཕྱེད་མི་མཐོང་བ་ལྟ་བུ་འདྲ་བ་རྒྱུ་མཚན་དུ་བྱས་ནས། བཞེད་པ་ལ་དགོངས་པ་ཞེས་མིང་བཏགས་པར་བསམས། དཔེར་ན། སློབ་དཔོན་དབྱིག་གཉེན་གྱིས་རྣམ་རིག་ཙམ་དུ་གྲུབ་པའི་ཉི་ཤུ་པའི་ཚིག་ལེའུར་བྱས་པ་ན།
་
གཟུགས་སོགས་སྐྱེད་མཆེད་ཡོད་པར་ནི།
དེས་འདུལ་བ་ཡི་སྐྱེ་བོ་ལ།
དགོངས་པའི་དབང་གིས་གསུངས་པ་སྟེ།
བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན།།
་
རྐང་པ་བཞི་པའི་དོན་དེ་བདག་གིས་ད་བར་དུ་གོ་བ་མ་ཐེབས་པས་ཁྱེད་ཀློག་པོ་རྣམས་ནས་མཁྱེན་ན། འབྲི་བར་མཛོད།
་
དགོངས་ཞེས་པ་བཀའ་བསྟན་གསུང་འབུམ་དཔེ་ཆ་རྣམས་ན་ཡོད་ཀྱང་། ད་ལྟའི་འབྲི་བ་པོ་སུས་ཀྱང་བྲིས་པ་ཞིག་མ་མཐོང་བས། ངས་ནི་ཁ་བརྡ་སོགས་སུ་རྩོམ་ཡིག་འབྲི་བ་པོ་རྣམས་ཀྱིས་རྒྱང་འབུད་བྱས་པ་གསལ་བར་མཐོང་ངོ་།།
དགོངས་དག སླར་ཞུ་བ་རིག་གཞུང་དང་། རིག་གཞུང་གི་མིང་མིང་ཚིག་དག་ལ་ཁྱད་པར་འབྱེད་དགོས་སོ།
“ཡི་གེ་མ་དག་པ་འབྲི་བ་ལས་ལྷག་པའི་སྡིག་པ་ཞིག་ས་སྟེང་ན་མེད་ཟེར། བདེན་ནམ།” ཞེས་པར་ཡོད་མེད་རང་གི་སེམས་ལ་རག་ལས། ཇི་སྐད་དུ་དབུ་མ་རིན་ཆེན་འཕྲེང་བ་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།
་
འདོད་ཆགས་ཞེ་སྡང་གཏི་མུག་གསུམ།
དེས་བསྐྱེད་ལས་ནི་མི་དགེ་བ།
དགེ་བ་དག་ནི་ལྡོག་པ་ཡིན།།
་
ཞེས་གསུངས། བཀའ་བསྟན་གསུང་འབུམ་བཅས་ཀྱི་དཔེ་ཆ་ཞིག་སྔར་ང་བོད་ལ་དུས་བོད་པ་ཁྱིང་ཚང་ཞིག་མེད་པ་ལྟ་བུ་ཡིན། དཔེ་ཆ་དེ་རྣམས་ན་བོད་ཀྱི་མཁས་པ་རྣམས་ཀྱིས་བཀོལ་པའི་དག་ཆ་རྣམས་ད་དུང་མ་ཉམས་པར་ཡོད་ངེས། དེ་དག་ལ་ལ་རྩིས་མེད་བྱེད་པ་ནི་བོད་པ་མ་རབས་ལ་མི་འགྱུར་རམ། ཞེས་དྲི་བ་མཆིས་སོ།།
རྒན་ལ་དག་པར་ཐུགས་རྗེ་ཆེ་ཞུ།
རྒན་ལ་དག་པ་མཆོག་ལ་ཞུ་རྒྱུར།( སློབ་དེབ་མང་པོའི་ནང་དུ་་བྲིས་འདུག) སླེབས་བྱུང་། སླེབས་བྱུང་། དཔྱིད་དཔལ་སླེབས་བྱུང་ལྟ་བུར་ད་ལྟ་བ་སླེབ་མི་མི་འབྲི་བར་སླེབས་འདི་དགོས་པའི་རྒྱུ་མཚམ་གང་ཡིན་གསུངས་རོགས།
སླེབ་མི་འབྲི་བར་སླེབས་འདི་འབྲི་དགོས་པའི་
ད་ལ་དྭགས་པས་ཚོད་ཟུངས། འཁྲེགས་འཛིན་བྱ་རྒྱུ་མང་མ་དྲགས་ན་ཉུང་དྲགས་མ་སོང་། ངས་ཁྱོད་ཀྱི་སྟེང་ལ་ཁ་སྡིག་ཅིག་བསག་དགོས་ཐུག་ས་རེད་གོ།
འཇིགས་བསྐུལ་རིང་ལུགས་པ་ཞིག་སླེབས་སོང་།
ཨལ་ཁེ་ཌ་བ་ཞིག་གིས་འཇིགས་བསྐུལ་བྱེད་བཞིན་འདུག
འཇིགས་སྐུལ་རིང་ལུགས་པ་ངོ་མ་འདི་ཚོ་རེད། བོད་སྐད་ཡིག་ཐོག་ལ་འབེབས་ཚད་ཀྱིས་ཆོས་སྐད་ཡིན་ན་ཅིག་འབྲི་དགོས་ཟེར། བཀའ་བསྟན་གྱི་སྐད་མ་གཏོགས་འབྲི་མི་རུང་ཟེར། དུས་རབས་བཅུ་པ་བཅུ་གཅིག་པ་ཚུན་ཆོད་ཀྱི་བོད་སྐད་ལ་འགྱུར་བ་གཏོང་མི་རུང་ཟེར།་
ཆོས་སྐད་ནི་གང་ཤེས་ཏེ་བརྡ་དག་དང་མཐུན་པར་ནི་འབྲི་ལོས་དགོས། གསར་བཅོས་དགོས་ནའང་གཏན་ལ་འབེབས་དགོས་པ་ལས་རང་སྣང་གང་ཤར་འབྲི་ན་གོ་བརྡ་འཕྲོད་ཐབས་ཡོད་དམ།
ཆོས་ལ་ཆོས་འགྲེལ་རྒྱག་དུས་ཆོས་སྐད་དང་མཐུན་ན་ཤིན་ཏུ་འཐད། སྐྱ་ནག་བོད་མི་ཡོད་པོས་ཆོས་སྐད་ཉན་འབྲི་བྱེད་དགོས་ཟེར་ན་ཤིན་ཏུ་མི་འཐད།
རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཤེས་བྱ་ཅི་ཙམ་གྱིས་འཕེལ་ན། དེ་ཙམ་གྱིས་སྐད་ཡིག་གི་བརྡ་ཚིག་མ་འདྲའི་ཡལ་ག་ཤིན་ཏུ་མང་། ང་ཚོ་མདུན་དུ་སྐྱོད་དགོས། ཨ་ལོང་ཞིག་འཁོན་ནས་གུ་དོག་གནང་ན་གྱོང་ཁ་ལས་མེད།
བོད་སྤྱི་ཡིག་གི་རྒྱ་ལས་
སྨད་ཡིག།
ཆོས་ཡིག།
སྲིད་ཡིག།
འཕྲུལ་ཡིག།
རྩིས་ཡིག།
ལ་སོགས་པའི་ཡིག་བརྡ་རིགས་པའི་ཡལ་ག་ཡོད་ལ་འཐམ་དགོས།
སྤོབས་པ་མཐའ་ཡས་ལེགས།
་
མ་བརྩམས་པ་ཉིད་མཆོག་ཡིན་གྱི།
བརྩམས་ནས་ལྡོག་པ་བླུན་པོའི་ལུགས།
་
འདི་ལ་ལན་ཡོད་ན་རྒྱབ་རན། བོད་སྐད་དག་ཆའི་རི་རབ་ལྷུན་པོར་སྡིགས་སྒྲའི་རླུང་འཚུབ་ཇི་ཙམ་འོང་ཡང་མདངས་ལེགས་སུ་འགྲོའོ།།
མྱི་དཀར་མཆོག་ལ།
ངས་སླེབས་སམ་སླེབ་ཐག་ཆོད་པ་ཞིག་མི་ཤེས། སླེབ་ཅེས་པ་ད་ལྟ་བ་དང་། སླེབས་ཞེས་པ་འདས་ཚིག་ཡིན་པར་སེམས། སླེབས་བྱུང་། སླེབས་བྱུང་། མཁས་གྲུབ་རྗེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ན། སླེབས་ཞེས་འདས་ཚིག་ལ་བཀོད་ཡོད་སྙམ།།
ལ་དྭགས་པ་བློ་བཟང་འཇམ་དཔལ་དང་ཀརྡོ་གཉེར་ཕྱག་པ་སོགས་ཀྱི་མཐོང་རྒྱ་ལ་རྗེས་སུ་ཡི་རངས་ཞུ།
ངས་གོང་དུ། ཁྱེད་ཚོ་དག་མ་དག་གི་སྐད་ཆ་བཤད་ལ་དགའ་མཁན་ཚོར་དྲི་བ་གཉིས་ཕུལ་ཡོད། དེ་ལ་ཚན་རིག་དང་མཐུན་པའི་ལན་ཡོད་ན། ང་ཚོའི་བར་དུ་རྩོད་པ་མེད།
ངའི་དྲི་བ་གཉིས་དེ།
(དགོངས་མོ་ཟེར་བའི་ཐ་སྙད་འདི་རང་ལ་མཚོན་ན། ༡) འདི་དག་པ་ཡིན་པའི་ཁུངས་སྐྱེལ་གཞུང་གང་ན་གསལ་ལམ། ༢) དགོངས་མོ་ཟེར་བའི་ཐ་སྙད་འདི་ཐོག་མར་ཡིག་ཐོག་ལ་ག་དུས་བྱུང་ཡོད་དམ། དྲི་བ་འདི་གཉིས་ལ་ལན་ཁ་གསལ་ཡོད་ན། འདིས་ང་ཚོ་གཞོན་ནུ་རྣམས་ལ་ཕན་པ་འདུག)
གཞན། རྒན་ལ་དྭགས་པའི་ཞལ་འདོན་དེ་སྐྱོར་མཚམས་འཇོག་རོགས།
ད། ཁྱེད་ཅག་གི་ལྷན་དུ་བསྐྱར་དུ་རྩོད་ལ་མི་ཞུགས། རྒན་ཁྱོད་ཀྱིས་དགོངས་མོ་བྲིས་ནས་དུས་ཚོད་ཕུ་འདེད་བྱོས། ངེད་ཅག་གཞོན་ནུ་རྣམས་ཀྱིས་དགོང་མོ་བྲིས་ནས་འགྲོ་གི་ཡིན། བདེ་མོ་བྱོས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལེགས།
དགོངས་མོ་ཞེས་པའི་ཐ་སྙད་དེ་ཐོག་མ་ག་དུས་བྱུང་ཚོད་དཔག་དཀའ། འོན་ཀྱང་བོད་སྔ་རབས་པས་མིང་ཚིག་འདི་བཀོལ་ཡོད་པ་བཀའ་འགྱུར་ན་གསལ་ཡོད། བོད་སྔ་རབས་པ་ག་དུས་ནས་ག་དུས་བར་དུ་ཡིན་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མཁྱེན། ཁྱེད་རྣམས་ཀྱིས་གང་འབྲི་ན་ཡང་ང་ལ་ཁྱད་པར་མེད། འོན་ཀྱང་ཁྱེད་ལ་འདི་བཤད་དགོས་པར་མཐོང་སྟེ། ཇུ་ཞེས་པའི་མི་རིགས་རྣམས་གཅིག་ཏུ་འཛོམས་ནས་གནས་པ་ལ་ཨི་སེ་རལ་ཞེས་པའི་རྒྱལ་ཁབ་གསར་དུ་ཆགས། ཇུ་ཞེས་པའི་མི་རིགས་རྣམས་རྒྱལ་ཁབ་མང་པོར་བཀྲམ་ནས། སྐད་རིགས་སྣ་ཚོགས་པ་བཀོལ། དེ་དག་ལ་སྐད་རིགས་གཅིག་འབྱུང་བ་ལ་སྔར་གྱི་ལོ་ངོ་སྟོང་ཕྲག་སྔོན་གྱི་ཇུ་མ་ཁྱར་གོང་གི་སྐད། ཧི་བུ་རུ་ཞེས་པ་བཀོལ་སྤྱོད་བྱེད། དེ་མིན་དེ་དག་སྐད་རིགས་གཅིག་ཏུ་གནས་མི་ཐུབ། དེ་བཞིན་རང་རེ་བོད་མི་ཡང་ཀུན་གྱིས་གོ་ཐུབ་པའི་སྐད་རིགས་གཅིག་གནས་འདོད་ན། བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་ལ་རྩི་འཇོག་དགོས་པར་མཐོང་། གོང་དུ་ཁྱེད་ཀྱི་དྲི་བར་དམིགས་ཏེ། ༤༥ ན། ལན་བྲིས་པ་ཁྱེད་ཀྱིས་གཟིགས་ཡོད་ངེས་སོ། ལས་ཀར་འགྲོ་རན་སོང་ལོང་ཉུང་ཉུང་ཡོད།
སྤོབས་པ་མཐའ་ཡས་ག་ན་བཞུགས། སྐུ་ཁམས་བདེའམ།
ལ་དྭགས་པ་ལགས། ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕགས། ཁྱི་མི་ཟུག་ཀ་མེད་རྐུན་མའི་ནག་འབུར། ཟེར་བའི་མདོ་ཁམས་པའི་གཏམ་དཔེ་བཞིན། ཁྱེད་ཀྱི་ཨབ་རྒན་གྱི་དྲ་ལི་རྦན་གྱི་གཞུང་འཛིན་པ་ཚོའི་བཤད་སྟངས་བཞིན་དུ་ཆོས་སྐད་མ་གཏོགས་འབྲི་མི་རུང་ཟེར་བའི་ཨུ་ཚུགས་མཚམས་འཇོག་མ་བྱས་ན་ངས་ཀྱང་དེ་ལུགས་ཀྱི་འགྲོ་ལུགས་འདུག་སྟངས་ཤིག་མི་བྱེད་ཀ་མེད་རེད། ཁྱེད་ཀྱིས་སྒུག་སྡོད་ཨང་།
ང་ནི་ནམ་རྒྱུན་མདོ་ཁམས་དང་ཨ་མདོ་ཞེས་པའི་ཐ་སྙད་འདི་གཉིས་ཀྱིས་མགོ་འཐོམས་པར་བྱེད། ཨ་མདོ་ལ་མདོ་ཁམས་ཞེས་འབོད་སྲོལ་ཡོད་ལ་ཁམས་ལ་ཡང་དེ་བཞིན། གསལ་བཤད་རེ་ཡོད་ན་ཨང་། ས་མིང་འདི་ཅུང་ཁྱབ་རྒྱ་ཆེན་པོ་ཞིག་རེད། འབྲོམ་སྟོན་པ་ཨ་མདོ་ནས་ཡིན་ལ་མདོ་ཁམས་ནས་འཁྲུངས་ཞེས་བྲིས་ཡོད། ཨ་མདོ་དང་མདོ་སྨད་ཅེས་པའི་མིང་འདི་གཉིས་ཀྱང་ལྷན་དུ་སྒྲིག་མི་ཤེས་པའི་དཀའ་ངལ་ཞིག་འདུག
བཀའ་བསྟན་གསུང་རབ་ཀྱི་བརྡ་ཆད་རྣམས་རྩམ་པ་ཟ་བ་དང་གཡག་ཤ་གཏུབ་པའི་བར་དུ་བཀོལ་སྤྱོད་ཡོད་ན་དེ་ལ་ཁུངས་གཏུགས་ཀྱང་དེ་ལྟར་མེད་ན་རོང་འབྲོག་པའི་ཀ་སྐད་དེ་གཙོ་བོར་མི་འཇོག་ཀ་མེད་རེད། དཔེར་ན་རྒྱ་གར་ནས་སྐབས་ཤིག་ལེགས་སྦྱར་སྐད་དར་ཁྱབ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་དེང་སྐབས་ཧིན་སྐད་སྤྱི་ལྡོག་མ་དེ་བེད་སྤྱོད་བྱེད་པ་བཞིན།
དེང་སང་བན་དེ་འདི་ཚོས་མྱི་རྟགས་ཏོག་ཙམ་སྟོན་ཡོང་གི་འདུག། འགྲིག་ག་འགྲིག་ག། །
སྤོབས་པ་མཐའ་ཡས་ལེགས།
ཝ་མི་བརྒྱལ་ཀ་མེད་འདྲེ་ཡི་འགྲམ་ལྕག།
ཁྱི་མི་རྨུག་ཀ་མེད་རྐུན་མའི་ནག་འབུར།
་
འདི་ལ་གོ་རྒྱུ་ཞིག་འདུག འོན་ཀྱང་ནག་འབུར་གྱི་དོན་གང་ཡིན་ནམ། འདི་ལེགས་པར་གོ་མ་སོང་། འཇབ་ནས་འོང་བའི་དོན་ཡིན་ནམ། ངས་བཀའ་བསྟན་གསུང་འབུམ་བཅས་ཀྱི་དག་ཆ་དང་མཐུན་པར་འགྲོ་ན་ལེགས་ཞེས་རང་བཞིན་བརྗོད་པ་ལས། ཁྱེད་ཀྱིས་འདི་བཞིན་འབྲི་དགོས་ཞེས་ནམ་ཡང་སྨྲ་མི་ཐུབ། ཁྱེད་རྣམས་ལ་གོ་བ་ལོག་པར་ཐེབས་པར་མངོན། འཇུ་མི་ཕམ་རིན་པོ་ཆེས། དབྱུག་པས་མ་གནོད་ན། རིགས་པས་གནོད་པ་མེད། ཅེས་གསུངས་པ་ལྟར་བདེན་པའི་ཨུ་ཚུགས་ཡིན། བཀའ་བསྟན་གྱི་དག་ཆའི་སྐོར་ལ་ན་ཚོད་བརྒྱད་ཅུར་ལྷག་ལོན་པས་ཁྱེད་ཅག་གི་དབྱུག་པ་ཟིན་དགོས་ནའང་འགྱོད་པ་མེད།
་
གནའ་བོའི་བོད་སྐད་ཡིན་ཚུན་ཆད་ཕལ་ཆེར་བཀའ་བསྟན་གསུང་འབུམ་དག་མེད་པ་མི་སྲིད་པ་ལྟ་བུར་མཐོང་། དཔེར་ན། ལ་དྭགས་གཤམས་ཕྱོགས་པས་ལེགས་པའི་དོན་ལ་རྒྱལ་བ་ཟེར་བ་དེ། མདོ་མཛངས་བླུན་གྱི་ ཨུ་པ་གུཔྟའི་ལེའུ་ན།་བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ། མི་དགའ་བ་མེད་པར་བྱས། ཞེས་དང་། ལྷག་ལུས་ལ་ལ་དྭགས་པས་ཐེ་རེལ་ཟེར། དེ་ཡང་མདོ་སྡེ་ལས་བརྒྱ་པ་ན། ཝ་ཞིག་སེངྒེའི་ཚང་ལ་ཞུགས་པ་ན། སེང་ཕྲུག་གཉིས་ན་གཅིག་གིས་རྣ་ལྕོག་བཅད། གཅིག་ཤོས་ཀྱིས་རྔ་མ་བཅད་པ་ན། མ་དེས་འདི་ཐེ་རེལ་ཟ་མཁན་ཡིན་འདུག་གསད་གང་བྱེད། ཐོངས། ཞེས་བཤད། ལ་དྭགས་པའི་་འཇུ་ཞེས་པ་ཡང་དཔེ་ཆོས་རིན་ཆེན་སྤུངས་པ་ན། ཇོ་འཇུ་ཁྱེད་ལ་སྐྱབས་སོ། འཕེན་པོར་འཁྲུངས་པ་པོ་ཏོ་པས་གསུངས་པ་ཡིན། བཀའ་བསྟན་གྱི་མིང་ཚིག་བོད་ལུང་པ་གཅིག་ལ་མེད་ནའང་། ལུང་པ་གཞན་ན་ཡོད་པ་ལྟ་བུར་མཐོང་། དཔེར་ན། འགྲོ་བ་ལ་སྦལ་ཏིས་འདོང་། ཨ་མདོ་པས་རྒྱུ། ལ་དྭགས་པས་ཆའམ་འཆའ་ཟེར་བ་སོགས་སོ།།
བླ་མ་ཀླུ་སྨྱོན་ལ་ཞུ་རྒྱུ།
ལེགས་སྦྱར་སྐད་དེ་རྒྱ་གར་དུ་མི་མངས་ཀྱི་སྤྱི་སྐད་ལྟུ་བུ་ནམ་ཡང་བྱུང་མེད། འོན་ཀྱང་སྔར་དུས་སྐབས་སོ་སོར་སྐབས་རེར་ལེགས་སྦྱར་སྦྱོང་མཁན་མང་བ་དང་། སྐབས་རེར་ཉུང་བ་བྱུང་བ་ཡིན་ངེས། ལོ་གཉིས་སྟོང་ལྷག་སྔོན་དུའང་ལེགས་སྦྱར་སློབ་སྦྱོང་མེད་པ་དག་གིས་འཁོར་ལོ་ལ་ཙཀྐ་དང་། ལེགས་སྦྱར་སྐད་སློབ་སྦྱོང་ཡོད་པ་དག་གིས། ཙཀྲ་ཟེར། ད་ལྟ་ཧིནྡཱི་སྐད་ལེགས་པར་སྦྱངས་པ་དག་གིས་ཅཀྲ་ཞེས་ལེགས་སྦྱར་མིང་ཚིག་དང་འདྲ་བ་བཀོལ། ཧིནྡཱིའི་སྐད་ལེགས་པར་སྦྱངས་མེད་པ་དག་གིས་ཅཀྐ་ཞེས་འབོད་པར་མཐོང་ངོ་།།
རྒན་ལ་དྭགས་པ་ལགས། འགྲོ་བ་ལ་ཨ་མདོ་བས་རྒྱུ་མི་ཟེར་བར་འགྱོ་ཟེར། ཨམ་སྐད་ནང་ར་བཏགས་མང་པོ་ཡ་བཏགས་སུ་ཀློག དཔེར་ན། གྲི་ལ་གྱི། འགྲོ་ལ་འགྲོ ཁྲབ་ལ་ཁྱབ། ཁྲ་ལ་ཁྱ། ཁྲལ་ལ་ཁྱལ། ཁྲ་ཁྲ་ལ་ཁྱ་ཁྱ། དེ་བཞིན་དུ་མེ་ལ་མྱེ། མི་ལ་མྱི། མིག་ལ་མྱིག་ཟེར། རྒྱུ་ནི་ཕལ་ཆེར་བཀའ་བསྟན་སོགས་སྔོན་གྱི་བརྡ་ཆད་ཅིག་ཡིན་པ་འདྲ། ཆོལ་ཁ་གསུམ་ནས་མི་བཀོལ་བའི་རྒྱུ་ལྟ་བུ་ང་ཚོས་བཀའ་བསྟན་གྱི་ཞལ་མ་ཆོག་པ་མ་གཏོགས་སྔ་ས་ནས་དོར་ཚར།
འགྲོ་བ་ལ་འགྱོ།
༼གནའ་བོའི་བོད་སྐད་ཡིན་ཚུན་ཆད་ཕལ་ཆེར་བཀའ་བསྟན་གསུང་འབུམ་དག་མེད་པ་མི་སྲིད་པ་ལྟ་བུར་མཐོང་།༽
རྒན་ལ་དྭགས་པ་ལགས། ཁྱེད་ཀྱིས་གསུངས་ན། གནའ་བོའི་བོད་སྐད་ཡིན་ན་་་་བཀའ་བསྟན་གསུང་འབུམ་ནང་དུ་མེད་པ་མི་སྲིད་ཅེས་པའི་དོན་ཡིན་ནམ། དེ་ལྟར་ན། གནའ་བོའི་བོད་སྐད་ཡིན་པ་གཡེན་གསུམ་དང་གཡེན་ཁམས་སོ་གསུམ་དང་གཟེ་གྱད་སྤར་གསུམ་ལས་སོགས་བན་དེའི་བཀའ་བསྟན་གསུང་འབུམ་ནང་དུ་དེ་ལྟར་བྲིས་པ་ཡོད་དམ། གཅིག་གསུང་རོགས་གནང།
ད་འདི་རེད། ལ་དྭགས་པ་འདི་ཨུ་ཚུགས་ཆེ་བ་ལ། དབྱུག་པ་བརྒྱབ་ནས་དབུགས་རྔ་བླངས་མ་བཞག་ན་སྐད་ཆ་བཤད་པ་ལ་ཉན་འཇོག་མི་བྱེད་ཐག་ཆོད་ཡིན་ཟེར་གི་འདུག ད་སྡུག་ག་ལ། བོད་སྐད་ཀྱི་འཕེལ་རྒྱས་དང་མདུན་ལམ་གླེང་ས་ལ་དབྱུགས་པས་རྒྱག་མི་རྒྱག་གི་སྐད་ཆ་དེ་འདྲ་ཁྱེར་མ་ཡོང་རོགས། ཁྱེད་བཤད་མཁན་ཐུགས་བདེ་ན་ཡང་ང་ཉོན་མཁན་གྱིས་ཉོན་བདེ་བ་ཞིག་མི་འདུག
༦༣༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༩ གི་ཆུ་ཚོད་ ༡༩ སྐར་མ་ ༡༧
ང་ནི་ནམ་རྒྱུན་མདོ་ཁམས་དང་ཨ་མདོ་ཞེས་པའི་ཐ་སྙད་འདི་གཉིས་ཀྱིས་མགོ་འཐོམས་པར་བྱེད། ཨ་མདོ་ལ་མདོ་ཁམས་ཞེས་འབོད་སྲོལ་ཡོད་ལ་ཁམས་ལ་ཡང་དེ་བཞིན། གསལ་བཤད་རེ་ཡོད་ན་ཨང་། ས་མིང་འདི་ཅུང་ཁྱབ་རྒྱ་ཆེན་པོ་ཞིག་རེད། འབྲོམ་སྟོན་པ་ཨ་མདོ་ནས་ཡིན་ལ་མདོ་ཁམས་ནས་འཁྲུངས་ཞེས་བྲིས་ཡོད། ཨ་མདོ་དང་མདོ་སྨད་ཅེས་པའི་མིང་འདི་གཉིས་ཀྱང་ལྷན་དུ་སྒྲིག་མི་ཤེས་པའི་དཀའ་ངལ་ཞིག་འདུག
ཞེས་པའི་ལན་དུ།
ལུང་པ་ཆེན་པོ་གཅིག་ལ་ཡར་ཕྱོགས་ལ་སྟོད་དམ་སྦུག་དང་། མར་ཕྱོགས་མདའ་ཞེས་ཟེར། འདིའི་མདའ་དང་མདོ་འདི་གཉིས་དོན་གཅིག་པས། མདོ་ཁམས་ཞེས་པས། མདོས་ཨ་མདོ་དང་། ཁམས་ཀྱིས་ཁམས་ཕྱོགས་འཐུས་པར་བྱས་ནས་དེ་གཉིས་སོ་སོར་མ་ཕྱེས་པ་རེད། དེའི་སྟེང་དུ་ལུང་པའི་མདོ་ལ་སྟོད་སྨད་གཉིས་སུ་བྱས་ནས། མདོ་སྟོད་ཁམས་དང་། མདོ་སྨད་ཨ་མདོར་ཞེས་གཉིས་སུ་ཕྱེས་པ་མ་རེད་དམ། ལགས། ལགས་ཀླུ་སྨྱོན་ལགས།
ཁམས་ལའང་མདོ་སྨད་ཅེས་བཤད་པ་རྣམ་ཐར་ལོ་རྒྱུས་དེ་ཚོའི་ནང་དུ་ཡོད་འདུག
གྲུབ་ཐོབ་ཀླུ་སྨྱོན་ལེགས།
་
ཕལ་དུ། “འགྲོ་བ་ལ་ཨ་མདོ་བས་རྒྱུ་མི་ཟེར་བར་འགྱོ་ཟེར།”་བདེན་པ་རེད། དེ་ནི་བཀའ་བསྟན་གསུང་འབུམ་དག་ན་ཡོད་པའི། རྒྱུ་ཞེས་པ་གྱུར་ནས་འགྱོ་ཞེས་ཆགས། འདི་སོགས་ལ་བོད་སྐད་བརྡ་སྤྲོད་མཁན་པོ་དག་གིས་བོད་སྤྱིའི་སྐད་དེ་རང་རེས་སྦྱངས་དང་སྦྱོང་བཞིན་པའི་བཀའ་བསྟན་གསུང་འབུམ་དག་དང་མཐུན་པ་ཞིག་བྱུང་ན་དགོངས་ཏེ། དེ་ལ་ཤུགས་རྒྱབ་པར་མཐོང་།
བདག་གི་ཐོས་པ་དང་བསམ་པ་ལྟར་ན། མདོ་ཁམས་ཞེས་པ་ཁམས་དང་ཨ་མདོ་གཉིས་ཀའི་མིང་དང་། མདོ་སྟོད་ཅེས་པ་ཁམས་དང་། མདོ་སྨད་ཅེས་པ་ཨམ་མདོ་ལ་ངོས་འཛིན། ཨམ་མདོ་ཞེས་པ་གནའ་བོའི་སྔོན་འཇུག་འབོད་ཚུལ་ལེགས་པར་ཟུར་མ་ཕྱིན་པར་ཨ་མདོ་ཞེས་ཆགས་པ་དགེ་ཆོས་ཀྱིས་གསུངས་པ་མཐོང་། “འབྲོམ་སྟོན་པ་ཨ་མདོ་ནས་ཡིན་ལ་མདོ་ཁམས་ནས་འཁྲུངས་ཞེས་བྲིས་ཡོད།” འདིའི་ནང་གི་”ཨ་མདོ་”ཞེས་པ་ད་ལྟ་རང་རེས་འབོད་པའི་ཨ་མདོ་མ་ཡིན་པར་གནའ་བོའི་འབོད་ཚུལ་བཞིན་མདོ་ཙམ་ལ་ངོས་འཛིན་ཡོད་དམ་སྙམ། འབྲོམ་སྟོན་པ་བོད་ཆེན་པོ་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་བར་ཕེབས་པ་ཐོས། སྤྱིར་བཏང་འབྲོམ་སྟོན་པ་ཁམས་པ་ཡིན་ནམ་ག་ནས་ཡིན་བདག་ལ་ངེས་པ་མེད་པ་ཞིག་ཡིན། འདི་ཉིད་མཁས་པ་རྣམས་ཀྱིས་གཏན་འབེབས་མཛད་དགོས་པ་ཞིག་ཏུ་སྣང་ངོ་།།
སྤོབས་པ་མཐའ་ཡས་ཁྱེད་དང་ང་གཉིས་འདོད་ཚུལ་མི་མཐུན། ཁྱེད་ཕལ་སྐད་གཙོ་བོར་འཛིན་པ་དང་། བདག་གིས་བཀའ་བསྟན་གསུང་འབུམ་གྱི་སྐད་གཙོ་བོར་འཛིན་ཏེ། དེ་ཉིད་བོད་སྤྱིའི་སྐད་ལྟ་བུ་བཀོལ་ཏེ་བོད་གཅིག་སྒྲིལ་འབྱུང་བ་ལ་འབད། ཁྱེད་ཀྱིས་ཕལ་སྐད་བཀོལ་བ་བདག་གིས་མི་གོ་བའི་མིང་ཚིག་ཏུ་མཆིས། དཔེར་ན། མཆན་ཡིག་༦༦ན། “འོན་ཀྱང་ནག་འབུར་གྱི་དོན་གང་ཡིན་ནམ། འདི་ལེགས་པར་གོ་མ་སོང་། འཇབ་ནས་འོང་བའི་དོན་ཡིན་ནམ།” ཞེས་དྲི་བ་ཡོད་པ་དང་། ཁྱེད་ཀྱི་མཆན། ༧༡ན། དབུགས་རྔ་བླངས་མ་བཞག་ན། འདི་དག་གིས་གིས་མི་གོ འདི་དག་ཕལ་སྐད་ཡིན་ནམ། ཡིག་སྐད་ཡིན། གསལ་བཤད་དགོས། དཔེར་མཚོན་ན། ཁྱེད་ཀྱི་ཕལ་སྐད་དུ། ཉོན་མཁན་ཟེར། ངའི་ཕལ་སྐད་དུ། ཉན་མཁན་ཟེར། དེ་ལྟར་སོ་སོར་མ་ཡིན་། གཅིག་ཏུ་བཟོ་དགོས་ན་ཇི་ལྟར་བྱེད། ཁྱེད་ལ་བདག་གིས་བཤད་པ་མི་སྙན་ན། དང་པོ་ཉིད་ནས་ཁྱེད་ཀྱིས་འཇིགས་བསྐུལ་བྱེད་མ་དགོས། བློ་གཟུ་བོར་གནས་ལ་བསམ་བློ་ཐོངས།
བན་དེ་བ་ལེགས།
བདག་གིས་ཕལ་ཆེར་ཞེས་བྲིས་པས་ཁྱབ་པ་ཁས་ལེན་མེད། བདག་གིས་བཀའ་བསྟན་གསུང་འབུམ་ཞིབ་པར་ཀློག་པར་ཕར་བཞག་དེ་དག་མང་པོའི་མཚན་ཙམ་ཡང་ཡིད་ལ་མེད། གཅིག་གིས་ཞིབ་པར་བཀླགས་ཐུབ་ན། “གཡེན་གསུམ་དང་གཡེན་ཁམས་སོ་གསུམ་དང་གཟེ་གྱད་སྤར་གསུམ་”སོགས་ཀྱང་ཕལ་ཆེར་གསུང་འབུམ་དག་ན་ཡོད་པ་གཟིགས་ཤས་ཆེ་ཡང་། ཁྱབ་པ་མ་མཆིས་སོ།།