གངས་སེང་།
གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་དག་ཞིང་འོལ་མོ་ལུང་རིང་ཞེས་པ་ཞིག་འཇིག་རྟེན་འདིའི་ཁམས་སུ་ཡོད་པ་དང་། དེར་སྤྱི་ལོའི་སྔོན་གྱི་ལོར་(༡༦༠༡༧)སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས། ཁོང་གིས་མཛད་ཆེན་བཅུ་གཉིས་དང་མཛད་ཕྲན་དྲུག་བཅུའི་ཚུལ་བསྟན་ཏེ་མཐར་གཤེན་ལོ་བརྒྱད་ཅུ་གྱ་གཉིས་མི་ལོ་བརྒྱད་སྟོང་ཉིས་བརྒྱ་ལ་མྱ་ངན་ལས་འདས་པར་བཤད་པས་དེ་དག་གི་ཚུལ་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་དག་ལ་གཟིགས་ན་ཞིབ་ཕྲར་མཁྱེན་ཐུབ། དེ་ནི་ཐེག་པ་ཆེན་པོ་བསམ་ཀྱིས་མི་ཁྱབ་པའི་བློ་ཡི་འཁྱེར་སོ་ལ་གཞིགས་ན་མི་སྲིད་པ་དང་མི་འོས་པ་གཏན་ནས་མིན། སྟོན་པ་མཆོག་གི་སྤྲུལ་སྐུ་འཇིན་རྟེན་ཁམས་སུ་སྐྱེ་བ་བཞེས་པའི་སྐབས་སུ་གང་ཟག་ཕལ་པ་དང་གཏན་ནས་མི་འདྲ་བ་དང་། དེ་དག་གི་བསམ་ཚུལ་ལས་འདས་པའི་མཛད་འཕྲིན་ཞིག་སྐྱོང་རྒྱུ་ཡོད་དགོས་པ་དོན་དངོས་ཡིན། ས་ཐོབ་འཕགས་པ་ལའང་སྐད་ཅིག་གཅིག་ལ་སྤྲུལ་པ་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་ཡོད་པར་བཤད་པ་དེ་དག་སྐྱེ་བོ་ཕལ་པའི་བློ་ཡུལ་ལས་འདས་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་ངེས་པར་དུ་འདོད་ཀྱིན་ཡོད།
ཚངས་རྒྱུང་འཇིག་རྟེན་གྱི་བཀོད་པ་བཤད་པའི་སྐབས་སུ་རི་རབ་ཀྱི་བང་རིམ་རྣམས་རི་རབ་ཀྱི་སྟེང་ནས་མར་ཡོད་པ། དེ་་ནས་ཕར་འཕར་ཞིང་མར་ཆེར་ཕྱིན་པ་དང་། རི་རབ་ཕྱེད་ནས་ཕར་འཕར་ཞིང་། དེ་ནས་ཡར་ཆེར་སོང་བ་དང་། བང་རིམ་རྣམས་ཆུ་མཚམས་ནས་ཡར་ཡོད་པ་དང་། རི་རབ་རྩེ་ནས་མར་ཡོད་པ། དབྱིབས་ཀྱང་ཟླུམ་པོ་དང་གྲུ་བཞི་སོགས་གཞུང་ལུགས་རྣམས་སུ་མི་འདྲ་བ་དུ་མར་བཤད་པ་དག་འགལ་འདུ་མ་ཡིན་པར་སེམས་དཔའ་འཕགས་པའི་རྗེས་ཐོབ་ཀྱི་སྣང་ཚུལ་ལ་ཅི་ཡང་འབྱུང་ཆོག་པ་བཞེད་ཀྱིན་ཡོད། དེར་མ་ཟད་གཙང་མ་རིགས་ལྔའི་གནས་སུ་དག་པའི་ཞིང་ཁམས་རེ་ཡོད་པ་དང་། དེར་ལོངས་སྤྱོད་རྫོགས་སྐུ་བཞུགས་ནས་འཁོར་གཡུང་དྲུང་སེམས་དཔའ་འཕགས་པ་ཤ་སྟག་དང་། སྟོན་འཁོར་དེ་དག་གིས་ཐེག་པ་ཆེན་པོའི་བོན་ཏིང་ངེ་འཛིན་ཁོ་ནའི་སྒོ་ནས་ཉན་བཤད་མཛད་པར་གསུངས། དེར་བརྟེན་འཇིག་རྟེན་འདིའི་ཁམས་སུ་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པའི་དག་ཞིང་ཞིག་ཡོད་པ་དང་། དེ་ནི་དད་པའི་སྣང་ངོར་ཙམ་མ་ཡིན་པར་ལས་དག་པའི་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་དུ་བཞེད་ན་ཐེག་པ་ཆེན་པོའི་ལུགས་ལ་དོན་གྱི་ཆ་ནས་འགལ་བ་གང་ཡང་མེད་པ་མ་ཟད། མཆོག་གི་སྤྲུལ་སྐུའི་འདུལ་ཞིང་ལ་དག་པ་དང་མ་དག་པ་ཅི་རིགས་དང་། བོན་འཁོར་བསྐོར་སའི་གནས་ཀྱང་མི་ཡུལ་གཅིག་པུ་མ་ཡིན་པར་ལྷ་ཀླུ་མི་ཡི་གནས་རྣམས་སུ་གདུལ་བྱ་སྣ་ཚོགས་པ་ལ་བོན་གྱི་འཁོར་ལོ་གཅིག་ཁོ་ནར་མ་ངེས་པར་འགྲོ་བ་གང་ལ་གང་འདུལ་གྱི་བོན་གསུང་པར་འདོད་ཀྱིན་ཡོད། སངས་རྒྱས་གཤེན་རབ་མི་བོ་ཁོང་གི་སྐྱེ་བ་སྔ་མ་རྣམས་སུ་ཚོགས་བསགས་སྒྲིབ་པ་སྦྱངས་ཚུལ་དང་། ས་ལམ་བགྲོད་ཚུལ། འཇིག་རྟེན་ཁམས་སུ་སྐུ་སྐྱེ་བ་བཞེས་ཚུལ། སྐུ་ཡི་འཁྲུངས་ཡུལ། སྐུ་ཚེའི་ཚད། མཛད་པ་མཛད་ཚུལ་རྣམས་ལོ་རྒྱུས་རྣམས་ལས་བཤད་སྟངས་མི་འཐུན་པ་དུ་མ་ཞིག་ཡོད།
དེ་དག་ཀུན་ཐེག་པ་ཆེན་པོ་བ་རྣམས་ཀྱིས་གཟིགས་ཚུལ་ལ་འགལ་འདུའི་གནས་མ་ཡིན་པ་མ་ཟད། ཁོང་སངས་རྒྱས་སྤྲུལ་པའི་སྐུ་ཞིག་ཡིན་པའི་དན་རྟགས་ཞིག་ཡིན་པ་བཞེད་ཀྱིན་འདུག་སྟེ། རྩེ་འབུམ་གྱི་ལུང་མཁས་མཆོག་སྒ་སྟོན་གྱི་ཐེག་འགྲེལ་དུ་དྲངས་པ་ལས། སྣ་ཚོགས་སུ་འཆར་བའི་ཕྱིར། སྤྲུལ་པའི་སྐུ་ཞེས་བྱའོ། ཞེས་དང་། རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས། འཕྲིན་ལས་རྒྱ་མ་ཆད་པར་བསྟན་པའི་ཆེད་དུ། ལོ་རྒྱུས་མི་མཐུན་པ་ལ་སོགས་མང་དུ་བྱུང་ངོ་། ཞེས་གསུངས་སོ། དེ་ལྟར་ཐེག་ཆེན་པས་བཤད་སྟངས་དེ་དག་ད་ལྟའི་དངོས་གཙོ་རིག་པ་བས་དད་པའི་སྣང་ངོར་གྲུབ་པའམ་ལྷ་སྒྲུང་ཞེས་བཤད་ཀྱིན་ཡོད། ལོངས་སྤྱོད་རྫོགས་སྐུ་ཀུན་སྣང་ཁྱབ་པ་ནི་ཐུགས་ཉིད་སྤྲོས་བྲལ་བོན་སྐུ་བདེ་ཆེན་ལས་མ་གཡོས་པར་ཞབས་སྐྱིལ་ཀྲུང་ཕྱག་མཉམ་བཞག་གིས་བཞུགས་པའི་སྐུ་ཡི་གནས་རྣམས་སུ་འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས་ཚངས་རྒྱུང་གྲངས་འདས་ཆགས་པར་གསུངས་པ་སོགས་ཐེག་པ་ཆེན་པོའི་ལུགས་ཀྱི་བཞེད་སྟངས་དེ་དག་ང་ཚོ་གང་ཟག་ཐ་མལ་པའི་མཐོང་ཡུལ་དུ་མ་གྱུར་པར་རྒྱུ་མཚན་དུ་བཟུང་ནས་དེ་རྣམས་དད་པས་བློ་བཟོ་བྱས་པ་ཙམ་ལས་མེད་པར་འདོད་པ་ནི་དཔྱད་བློ་སྦུགས་ཆུང་དང་། ཡང་ན་ཕྱི་རོལ་རྒྱང་འཕེན་པའི་རྗེས་སུ་འབྲེང་འདོད་ཙམ་ལས་གཞན་པའི་རྒྱུ་མཚན་འགའ་ཡང་མེད། གཞན་དག་ཕར་ཟད་སངས་རྒྱས་ཨ་མའི་གློ་གཡས་ནས་འཁྲུངས་པར་བཤད་པ་དེ་ཙམ་ཁ་ཐུག་ཏུ་ཁས་ལེན་ཐུབ་པ་དཀར་བར་སྣང་། དེར་བརྟེན་ཐེག་པ་ཆེན་པོའི་བཞེད་ལུགས་སངས་རྒྱས་ཀྱི་མཛད་འཕྲིན་དེ་དག་ལ་ཧ་ལས་ཧང་སངས་དགོས་དོན་གང་ཡང་མེད།
སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི་འོལ་མོ་ལུང་རིང་ཡིན་པ་མཁས་པ་ཀུན་གྱི་མཐུན་སྣང་ཚད་གྲུབ་ཡིན་ནའང་། འོལ་མོ་ལུང་རིང་དེ་ཡུལ་གང་དུ་ཡོད་མེད་ལོ་རྒྱུས་རྣམས་སུ་བཤད་སྟངས་སྣ་ཚོགས་སུ་ཡོད་པའི་དབང་གིས་འདོད་ཚུལ་ཡང་སྣ་ཚོགས་སུ་སྣང་། འོན་ཀྱང་འོད་སྣང་འབར་ཞིང་སྲིད་ནས་རྙེད་པར་དཀའ་བའི་ལོ་རྒྱུས་རྙིང་པ་རྣམས་སུ་ནན་གྱིས་དཔྱད་ན་འོལ་མོ་ལུང་རིང་ཟེར་བ་དེ་གཅིག་ཁོ་ནར་ཡིན་པའི་བསམ་ཚུལ་དེ་བསྒྱུར་བཅོས་མ་བྱས་ཁག་མེད་ཅིག་ཐུག་ཡོད། དེ་ཡང་སངས་རྒྱས་ཀྱི་མཛད་མདོ་བསྡུས་པ་མདོ་འདུས་སོགས་ལ་གཞིགས་ན་བར་སྣང་ལའང་འོག་མིན་ས་བཅུ་འོལ་མོའི་གླིང་ཟེར་བ་ཞིག་ཡོད་པར་མངོན་ཐུབ་པ་ནི། དེ་ཉིད་ལས། འོག་མིན་ས་བཅུ་འོལ་མོའི་གླིང་། སྐུ་གསུམ་ཞིང་ཁམས་བསམ་མི་ཁྱབ། ཅེས་སོ། དེའི་ཚུལ་ཅུང་ཟད་གསལ་བཤད་ཡོད་པ་ཞིག་ནི། བསྒྲགས་པ་གླིང་གྲགས་(མཛད་པ་པོ། དྲན་པ་ནམ་མཁའ། དུས་རབས། 8 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 91)ལས། “ངོ་མཚར་བསྒྲགས་སུ་རུང་བ་ནི། འཛམ་བུ་གླིང་གི་དབུས་དཀྱིལ། ཐད་ཀྱི་ནམ་མཁའ་ལ་གངས་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ཡང་གངས་ཏི་ཙེའི་རྩ་བ། ཨར་མོ་ལི་ཀའི་རྡོ་དང་མཉམ། རྩེ་མོ་བསམ་གཏན་བཞི་པའི་ཐད་ན་འདུག དེ་ལྟར་གྱི་གངས་ཏི་ཙེ་དང་མཚོ་དེ། བསྐལ་པ་འཇིག་དུས་ཀྱང་། ཟོ་བ་གཡང་ལ་བཏག་པ་ལྟར་གནས་སྟེ། མེ་ཆུ་རླུང་གསུམ་གྱིས་མི་ཤིག་བརྟན་པའི་གཡུང་དྲུང་ངོ་།” ཞེས་དང་། (ཤོག་ངོས། 92)ལས། “དེ་ལྟར་བར་སྣང་ལ་གནས་པའི་རི་བྲག་མཚོ་གླིང་འཚེའུ་རྣམས་ནི། སྒྲིབ་པ་བྱང་བ་རྫུ་འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང་ངོ་།” ཞེས་བཤད།
དེ་ལྟར་ལོ་རྒྱུས་རྣམས་སུ་འཛམ་གླིང་འདི་དང་ས་འབྲེལ་ཡོད་པའི་དག་ཞིང་འོལ་མོ་ལུང་རིང་དང་། བར་སྣང་ལ་ཡོད་པའི་འོལ་མོ་ལུང་རིང་དང་། ཞང་ཞུང་འོལ་མོ་ལུང་རིང་དང་གསུམ་བཤད་འདུག་པས་དེ་གསུམ་ནང་ཕན་ཚུན་མ་འཁྲུགས་པར་དགོས་ཀྱི་འདུག དེ་དག་ལ་ཡོད་པའི་རི་མཚོ་སོགས་ཀྱི་གནས་སྟངས་ཕལ་ཆེར་གཅིག་མཚུངས་ཡིན་པ་མ་ཟད། དེ་གསུམ་ཀ་དུས་གསུམ་སངས་རྒྱས་ཀྱི་འབྱུང་གནས་དང་། སངས་རྒྱས་ཀྱི་བསྟན་པའི་གནས་གཞི་ཡིན་ཚུལ་གཅིག་མཚུངས་སུ་བཤད་འདུག རིག་པ་མདའ་བསྣུན་གྱི་ལུང་གླེང་གཞི་བསྟན་པའི་བྱུང་ཁུངས་སུ་དྲངས་པ་(རྩོམ་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། རྩོམ་ལོ། 1319 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 370)ལས། “འོག་མིན་དག་པའི་འོལ་མོ་ལུང་རིང་དང་། འདུས་མ་བྱས་པའི་འོལ་མོ་ལུང་རིང་དང་། འདུས་བྱས་འོལ་མོ་ལུང་རིང་དང་།” ཞེས་པས་དང་པོ་ནི། གོང་གི་མདོ་འདུས་དང་བསྒྲགས་པ་གླིང་གྲགས་ལས་གསུངས་པ་དེ་ཡིན། གཉིས་པ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སམ་དག་ཞིང་འོལ་མོ་ལུང་རིང་ལ་དགོངས་པར་སེམས། ཕྱི་མ་འདི་བོད་ཡུལ་གྱི་གངས་ཏི་སེ་ལ་བཤད་པར་སྙམ། གཞུང་འདིའི་རྩོམ་པ་པོའི་གསུངས་སྟངས་ལ་གཞིགས་ན་གངས་ཏི་སེའི་ཕྱོགས་སུ་འོལ་མོ་ལུང་རིང་ཡོད་པའི་དགོངས་གཞི་འདུག་སྟེ། དེ་ཉིད་(ཤོག་ངོས། 373)ལས། “སྟག་གཟིག་ཡུལ་གྱི་འོལ་མོ་ལུང་རིང་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་ཡང་། ད་ལྟ་ལྡོམ་བུ་བ་རྣམས་ཀྱིས་མཐོང་བར་ཡོད། པག་ཤུ་དང་ན་ར་ལ་སོགས་པ་ཉི་མ་དྲུག་རེའམ་གསུམ་རེ་ཙམ་གྱིས་ཆོད་པའི་ཆུ་བོ་ཆེན་པོ་བཞི་སྟག་གཟིག་ནས་འབབ་པར་གཟིགས། དེ་ནས་རྒྱ་གར་ཡུལ་ནས་བབས་པར་བཤད་པས་དེ་རྟགས་མངོན་སུམ་དུ་ཡོད་པའོ།” ཞེས་པས་རྒྱ་གར་ནས་འབབ་པའི་ཆུ་བོ་བཞིའི་བརྒྱུད་ནས་ཡར་ཕྱིན་པས་དག་ཞིང་རྟག་གཟིགས་འོལ་གླིང་ལ་མི་ཐུག་པར་གངས་ཏི་སེ་ལ་ཐུག་པར་མངོན་སུམ་གྱིས་གྲུབ། དེ་ནས་ཁོང་གིས་རྒྱ་གར་ནས་བབས་པའི་ཆུ་བཞིའི་འགོར་ཡོད་པའི་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་དེ་བོད་ཡུལ་གྱི་གངས་ཏི་སེ་ལ་བཞེད་པ་མིན་ནམ་སྙམ་པའི་དྭོགས་པ་ཞིག་ངང་གིས་བྱུང་།
འདིར་དཔྱད་དགོས་པ་ཞིག་ལ་“སྟག་གཟིག་”ཅེས་སྨོས་པས་གངས་ཏི་སེ་ནས་རྒྱ་གར་ལ་བབས་པའི་ཆུ་བོའི་བརྒྱུད་ན་“སྟག་གཟིག་”ཅེས་པའི་ཡུལ་ཞིག་ཡོད་པ་གོ་ཐོས་མེད་པ་དེ་རེད། འོན་ཀྱང་བསམ་གཞིགས་བྱེད་དགོས་པ་ཞིག་ནི་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་སྡེ་འགའ་ལ་སྟག་སྡེ་དང་གཟིག་འཕེན་ཞེས་འབོད་དུ་ཡོད་པས་དེ་དག་གི་བསྡུས་མིང་ཡིན་ཡང་སྲིད་པ་དང་དེ་དང་ཞང་ཞུང་འོལ་མོ་ལུང་རིང་དང་ས་འབྲེལ་ཡོད་པར་བཞེད་པའང་ཡིན་སྲིད། འོལ་ལུང་དང་པོ་གཉིས་ནི་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་རྣམས་ཀྱི་བཞེད་སྟངས་ཡིན་པས་འགྲོ་བ་ཕལ་པའི་མཐོང་ཡུལ་དུ་མ་གྱུར་པས་འདིར་དངོས་ཐོག་བདེན་འཚོལ་གྱི་སྐབས་སུ་དེ་ཙམ་གལ་ཆེན་མིན་པས་འདིར་ཞིབ་པར་མི་གླེང་། ཕྱི་མ་འདི་ནི་ང་ཚོ་བོད་ཀྱི་རིག་གནས་ཡོངས་རྫོགས་ཀྱི་ཕུགས་རྩའམ་འབྱུང་ཁུངས་ཡིན་པ་མ་ཟད། རྒྱ་གར་ཧིན་དྷུའི་ཆོས་ཀྱི་འབྱུང་གནས་ངོ་མ་དེ་ཡང་རེད་འདུག འདིའི་ཚུལ་ང་ཚོས་རྩལ་དུ་བཏོན་ནས་ཡག་པོ་ཞིག་བཤད་ཐུབ་ན་ང་ཚོའི་བོད་ཀྱི་ཆོས་དང་རིག་གནས་ལོ་རྒྱུས་རྣམས་ཐོག་མའི་དུས་ནས་བོད་མི་རང་གིས་གཏན་ལ་ཕབས་པ་དང་བར་དུ་བོད་མི་རང་གིས་འཛིན་སྐྱོང་བྱས་པའི་གྲུབ་འབྲས་ཞིག་སྟེ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་བླ་ན་མེད་པ་ཞིག་ཡིན་པ་ལས་ཕྱི་ནས་ནང་འདྲེན་བྱས་པ་ལྟ་བུ་མ་ཡིན་པར་ཤེས་དགོས་པ་དེ་རེད་། ལྷག་པར་དུ་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་སུ་ང་ཚོའི་རིག་གཞུང་འཇིག་ལ་ཉེ་བའི་གནས་སྟངས་ཛ་དྲག་ཆེ་ཏིག་འདིར་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ནི་ཧ་ཅང་གལ་ཆེན་དུ་མཐོང་། དེར་བརྟེན་བོན་པོ་ཙམ་དུ་མ་ཟད་ང་ཚོ་བོད་པ་ཡོངས་རྫོགས་ཀྱིས་དེ་ལ་དོན་གཉེར་དགོས་པའི་དུས་སྐབས་ཞིག་སླེབས་འདུག་དྲན་གྱིན་ཡོད། ད་རེས་ངས་འདིར་སངས་རྒྱས་གཤེན་རབ་མི་བོ་བོད་རང་དུ་འཁྲུངས་པའི་བསམ་ཚུལ་བཏོན་པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་པའམ་ཡང་ན་ང་རང་གི་རིག་པས་གསར་རྙེད་བྱུང་བའམ་ཡང་ན་གཞན་རྗེས་སུ་གཡམ་རྒྱུགས་བྱས་པ་དེ་འདྲའང་མིན་ལ། གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་མཁས་གྲུབ་དམ་པ་རྣམས་ཀྱིས་སངས་རྒྱས་གཤེན་རབ་མི་བོ་དག་ཞིང་འོལ་མོ་ལུང་རིང་ལ་སྐུ་འཁྲུངས་ཚུལ་བཤད་པ་དེ་ལ་དགག་བྱ་བྱས་པ་དེ་བས་ཀྱང་མིན།
འོ་ན་གང་ཡིན་ཞེ་ན། སངས་རྒྱས་ཀྱི་མཛད་པ་ལ་ཐུན་མོང་མ་ཡིན་པ་ཐེག་ཆེན་གྱི་སྣང་ཚུལ་གཅིག་དང་། ཐུན་མོང་སོ་སྐྱེ་ཕལ་པའི་སྣང་ཚུལ་གཅིག་དང་གཉིས་བཤད་ཚུལ་ལོ་རྒྱུས་རྙིང་པ་རྣམས་ལ་གཞིགས་ན་གསལ་བར་ཤེས་རྒྱུ་འདུག་པས་དེའི་ཚུལ་དོན་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་རེད་འདུག་ཅེས་ཞུ་འདོད་བྱུང་བ་དེ་རེད། དེར་བརྟེན་འོལ་ལུང་ཕྱི་མ་འདིའི་ཚུལ་ལ་ཁོ་བོའི་བློ་ཡི་ནུས་ཚད་ཅིག་འཆད་པར་དགའ་སྤྲོ་བརྟས། དེ་ཡང་འོལ་མོ་ལུང་རིང་གང་དུ་ཡོད་ས་ལ་གཡུང་དྲུང་དགུ་བརྩེགས་རི་ཟེར་བ་ཞིག་ཡོད་ལ་དེ་ནི་དག་ཞིང་འོལ་གླིང་ལ་ཡོད་པ་གཅིག་པུས་མ་ངེས་པར་གངས་ཏི་སེ་ལའང་གཡུང་དྲུང་དགུ་བརྩེགས་རིར་འབོད་དུ་ཡོད་པའི་ཚུལ་ནི། མདོ་འདུས་(གཏེར་མ། ཨ་ཙ་ར་མི་གཉིས། གཏེར་བཏོན་ལོ། 961 གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིག་དཔེ་སྐྲུན་ཁང་། ཤོག་ངོས། 7)ལས། “དེ་ཡང་ཁྱད་པར་འཛམ་གླིང་དབུས། རི་བོ་གངས་ཆེན་ཏི་ཙེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ། རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མ་དྲོས་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་པ། ཕྱོགས་བཞིར་མཚོ་བཞི་ཡོད་པ་དང་།” ཞེས་གསུངས་པས་ཤེས་ལ། སྣང་སྲིད་སྤྱི་མདོས་(རྩོམ་པ་པོ། སངས་པོ་ཁྲི་ན་ཁོད། དུས་རབས། 6 ཧི་མ་ལ་ཡའི་བོན་དྲ་རྒྱ།)ལས། “ཡ་ཀི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞིའི་འདུ་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ།” ཞེས་པས་ཞང་ཞུང་ཡུལ་གྱི་ལྟེ་བ་གངས་ཏི་སེའི་ས་སྐོར་ལ་འོལ་མོ་ལུང་རིང་འབོད་པ་དང་དེར་སངས་རྒྱས་གཤེན་རབ་མི་བོའི་གཞུགས་ཡུལ་ཡིན་པར་གསལ་སྟོན་བྱས།
དེ་ལས་ཆེར་ཁ་གསལ་ཡོད་པ་ཞིག་ནི། རྩ་རྒྱུད་ཉི་ཟེར་སྒྲོན་མ་(གཏེར་མ། བྲ་བོ་བསྒོམ་ཉག དུས་རབས།? བརྟེན་འགྱུར་པོད། ༡༨༧ ཤོག་ངོས། 500)ལས། “འོལ་མོ་ལུང་རིངས་ལྷོ་ཕྱོགས་ན། རྒྱ་གར་ཤམ་པ་ལ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེའི་ནུབ་ན་ཨུ་རྒྱན་གྱི་ཡུལ་ཡོད། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་ན་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་ཙ་རི་ཙ་ཀོང་ཡོད། ལྷོ་ནུབ་ན་སྲིན་པོ་མུ་སྟེག་གླིང་།” ཞེས་པ་འདིས་འོལ་མོ་ལུང་རིང་ནི་བོད་རང་ལ་ཡོད་པར་མཛུག་བཙུགས་བྱས་པ་ཧ་ཅང་གསལ་ཏེ། དེའི་ལྷོ་ཕྱོགས་ན་རྒྱ་གར་རྡོ་རྗེ་གདན་དང་། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ། མོན་གྱི་ཡུལ་ནི་བོད་དང་བལ་ཡུལ་གྱི་ས་མཚམས་ཧི་ལ་ཡའི་རྒྱུད་ལ་ངོས་འཛིན་བྱེད་སྲོལ་འདུག་པས་དེ་ནི་ལྷོ་དང་། ཨོ་རྒྱན་ནུབ་ན་ཡོད་པ་སོགས་བཤད་པས་གནས་སྟངས་ཕལ་ཆེར་ར་སྤྲོད་གཏིང་ཟབ་བྱས་འདུག དེ་དང་ཆ་མཐུན་པར་གླིང་གཞི་བསྟན་པའི་བྱུང་ཁུངས་ལས་བཤད་པ་ནི། དེ་ཉིད་(ཤོག་ངོས། 369)ལས། “འཛམ་གླིང་བྱེ་བ་ཕྲག་བརྒྱའི་དབུས་ནི། འཛམ་གླིང་ཉེར་ལྔའི་དབུས་ཞེས་བྱ་བ་འདི་ཉིད་ཡིན་ཏེ། གླིང་བཞི་ལ་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་། སྟོན་པ་ཐམས་ཅད་ཀྱི་འབྱུང་གནས། བཀའ་ཐམས་ཅད་ཀྱི་བབ་ས། གླིང་གི་སྙིང་པོ་འདི་ནི། ཡུལ་སྡེ་ཆེན་པོ་བཅོ་བརྒྱད་དོ། ཡུལ་ཕྲན་དགུ་བཅུ་རྩ་གཅིག མཐའ་འཁོབ་སྟོང་དང་སུམ་བརྒྱ་ཡོད་དོ། ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་གདན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། བྱང་ན་གེ་སར་དང་ཧོར་ཡུལ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ།” ཞེས་གསུངས་པས་འཛམ་གླིང་ཉེར་ལྔའི་དབུས་ལྟེ། སྟོན་པ་སངས་རྒྱས་ཀྱི་འབྱུང་གནས། བདེར་གཤེགས་བཀའ་ཡི་བབ་ས་ནི། གངས་ཏི་སེ་རང་ལ་ངོས་བཟུང་བ་ནི། རྒྱ་ནག་ཤར། རྒྱ་གར་དང་ཁ་ཆེ་ལྷོ་ན་ཡོད་པར་བཤད་པའི་ཤུགས་ལས་གོ་བ་དཔྱད་པ་ཙམ་གྱིས་རྟོགས་ཐུབ་པ་འདུག ཡུལ་དེར་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་ནས་མཛད་འཕྲིན་གང་འདྲ་བསྐྱངས་ཡོད་མེད་རགས་ཙམ་ཞིག་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་གསལ་བ་ནི། དེ་ཉིད་(གཏེར་མ། ཁོད་པོ་བློ་གྲོས་ཐོག་མེད། གཏེར་བཏོན་ལོ། 1301 ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ཤོག་ངོས། 1)ལས། “དེའི་ནང་ནས་ཀྱང་ལྷོ་འཛམ་བུའི་གླིང་འདི་ནི། གླིང་གཞན་ལས་ཁྱད་པར་དུ་འཕགས་པ་ཅིག་ཡིན་ཏེ། དུས་གསུམ་གཤེན་རབས་སྟོང་རྩ་གཅིག་ཀྱང་། འོལ་མོ་ལུང་རིང་གྲུབ་པ་གཤེན་གྱི་གནས་མཆོག་དེ་རུ་འབྱོན་ཞིང་། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་གྲུབ་ཅིང་། བོན་ཉིད་བདེ་བ་ཆེན་པོའི་ས་ལ་ཡོངས་སུ་བཀོད་དོ། མདོར་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་འདི། ལྷོ་འཛམ་བུ་གླིང་གི་དཀྱིལ། རྒྱལ་བོ་ཆེན་པོ་བཞི་ཡི་དབུས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་བོ། ཀླུ་ཡི་རྒྱལ་པོ་མལ་དྲོས་ཀྱི་འཆགས་ས། རི་མཐོའ་ལ་ས་གཙང་བ་སྤུ་རྒྱལ་བོད་ཀྱི་ཡུལ། མཐའ་མ་གངས་རི་དཀར་པོས་བསྐོར་བ། ལྷ་རྒོད་གཉན་པོ་གནས་ཤིང་འཆགས་པའི་ས། ཚ་གྲང་ཁོད་སྙོམས་པའི་དགོས་དགུ་ཏོག་ལ་འཁྲུངས་ས། དེ་ལྟ་བུའི་ཞིང་ཁམས་དེའི་མངའ་བདག་ནི། སྟོན་པ་གཤེན་རབ་མི་བོའོ། བསྟན་པ་ནི་གཡུང་དྲུང་གི་བོན་རིན་པོ་ཆེའོ། ཞིང་ཁམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ།” ཞེས་པ་དེས་སྤྱིར་ཕྱི་སྣོད་འཇིག་རྟེན་གླིང་གཞི་གླིང་ཕྲན་ཆགས་རབས་དང་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་སྤྱི་བཤད་ཙམ་བྱས་ནས་དེའི་ནང་ནས་ལྷོ་འཛམ་བུ་གླིང་འདི་ཁྱད་པར་འཕགས་པའི་རྒྱུ་མཚན་ནི་འོལ་མོ་ལུང་རིང་དེར་ཡོད་པ་དང་། དེ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱི་བྱོན་གནས་ཡིན་པ་དང་། དེ་ཡང་མདོར་བསྡུས་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་འདི་རང་ཡིན་པ་ཤིན་ཏུ་གསལ་བས་དེ་ལས་གཞན་པ་ཞིག་གོ་ནོར་ཡོང་འགྲོ་སའི་གནས་རྩ་བ་ནས་མི་འདུག་སྙམ།
དེར་མ་ཟད་གངས་ཏི་སེ་ནི་དུས་གསུམ་བདེར་གཤེགས་རྣམས་ཀྱི་སངས་རྒྱས་སའི་གནས་ཡིན་པར་གསལ་བར་བཤད་པའི་ཚུལ་ནི། བསྒྲགས་པ་གླིང་གྲགས་(ཤོས་ངོས། 91)ལས། “དེའི་འོག་གི་ཐད་དྲང་སོ་ན། གངས་ཡ་ཕག་ཤ་ར་བྱ་བ་ཡིན་ཏེ། མི་རྣམས་ཀྱིས་ཏི་ཙེ་གངས་ཡིན་ཟེར་བ་དང་། མཚོ་མལ་དྲོས་བྱ་བ་ཡིན་ཏེ། མ་པང་ཟེར་བ་དེ་གཉིས་ཡོད་དེ། ཏི་ཙེའི་གངས་ནི་མཆོད་རྟེན་བཀོད་ལེགས་འདྲ། མ་པང་མཚོ་ནི་མཎྜལ་བཤམས་པ་འདྲ། སྙིང་པོ་དོན་ཡོད་པ་བྱང་ཆུབ་ཀྱི་མཚོ་དང་གངས་ཡིན་པས། དུས་གསུམ་གཤེན་རབ་ཐམས་ཅད་མངོན་པར་སངས་རྒྱས་པའི་གནས་ཡིན་ནོ།” ཞེས་དང་། (ཤོག་ངོས། 92)ལས། “དེ་ཡང་ད་ལྟ་མི་ཀུན་གྱིས་མཐོང་བའི་ཏི་ཙེ་དང་མ་པང་ཞེས་པ། ཏི་ཙེ་འཛམ་བུ་གླིང་གི་དབུས་ཡིན་པར་ངེས་ཏེ་གངས་དེ་ཡ་བག་ཤ་ར་དང་། མཚོ་དེ་མལ་དྲོས་ཞེས་བྱའོ།” ཞེས་བཤད་པས་གཞུང་འདི་དག་གི་གསུངས་ཚུལ་ལ་གཞིགས་ན་སངས་རྒྱས་གཤེན་རབ་མི་བོ་ནི་བོད་རང་ལ་འཁྲུངས་པ་མ་གཏོགས་ཁོང་གི་འཁྲུངས་ཡུལ་གཞན་ཞིག་ལ་མཛུག་གུ་བཙུགས་དགོས་དོན་གཏན་ན་མི་འདུག་སྙམ།
ད་དུང་མྱ་ངན་ལས་འདས་ཡུལ་ས་གནས་དེ་རང་ལ་ཡིན་པར་བཤད་དེ། སྲིད་པ་རྒྱུད་ཀྱི་ཁ་བྱང་(ཤོག་ངོས། 16)ལས། “སྟོན་པ་གྲོངས་པའི་སྤུར་ནི་སྲིན་བལ་དང་དར་རས་ཀྱི་ནང་དུ་དྲིལ་ནས་གསེར་གྱི་སྒྲོམ་བུར་བཅུགས། ཞེས་དང་།” (ཤོག་ངོས། 17) “ཞག་བདུན་གྱི་བར་དུ་འཕྲིན་ལས་གཞུང་བསྲིངས་ནས་གྲོངས་པའི་སྤུར་ཡང་སྣང་མའི་ཞུགས་མར་ལ་བཞེན་པའི་སྐུ་གདུང་རིང་སྲེལ་ཤ་རི་རམ་ཁྲག་དང་རུས་པ་ཤ་ལ་གྲུབ་པ་ནི། རིང་སྲེལ་བསམ་ལས་འདས་པ་སྟེ། ཞང་ཞུང་ཡུལ་གྱི་ཁལ་གཅིག་བྲེ་གསུམ་བྱུང་ཡང་ཟེར།” ཞེས་པས་རིང་བསྲེལ་མང་ཉུང་གི་ཚད་འཇལ་བྱེད་ཞང་ཞུང་གི་ཁལ་དང་བྲེ་ལ་བྱས་པར་བཤད་པས་ཞང་ཞུང་རང་ལས་གཞན་པ་ཞིག་ག་ལ་གོ་སྙམ། ཁམས་འགྲེལ་(རྩོམ་པ་པོ། རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན། འཁྲུངས་འདས་ལོ། 1052-1106 ཁྲི་བརྟན་ནོར་བུ་རྩེ་དཔེ་མཛོད་ཁང་། དེབ་འཕྲེང་བཅོ་བརྒྱད་པ། ཤོས་ངོས། 117)ལས། “བལྟམ་ཞིང་སྐྱེ་བ་བཞེས་པ་ལ་ཡང་ལྷོའི་དགོངས་པ་ནི། གསལ་བ་འོད་ཀྱི་གླིང་ལ་སྐུ་བཙའ་སྟེ། ཆོ་འཕྲུལ་གྱི་མཛད་པ་དྲུག་ཅུ་རྩ་གཅིག་དང་ལྡན་པ་ཉིད་ཀྱིས་ཐུགས་ལ་གསལ་བ་ཞིག་སྐུ་འཁྲུངས་ཏེ། འདི་ཡི་དགོངས་པ་ནི་འཛམ་བུ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་དུ་སྐྱེ་བ་བཞེས་པར་གསལ་བ་ཡིན་ནོ།” ཞེས་པས་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི། གསལ་བ་འོད་ཀྱི་གླིང་ཡིན་པ་དང་། དེ་ནི་གངས་རིན་པོ་ཆེ་དང་མཚོ་མ་པང་ལ་ངོས་བཟུང་དགོས་པ་ལྷོ་གཏེར་གྱི་དགོངས་པ་ཡིན་པར་བཞེད། མཛོད་སྒྲ་འགྲེལ་( གཏེར་མ། རྨ་སྟོན་ཇོ་ལྕམ། དུས་རབས། 12 Published by. Geshe M.T. Namdak Tsukphud ཤོས་ངོས། 130)ལས། “གཤེན་ལྷ་འོད་དཀར་ཐུགས་ཀྱི་ཆོ་འཕྲུལ། འོད་སྣང་དཀར་དམར་དུ་སྤྲོས་པ། སྐུའི་རྫུ་འཕྲུལ་བྱ་རྒྱལ་ཁུ་བྱུག གཡུ་ག་ལྗང་གི་མདོག་འདྲ་བས་ཡུམ་སྲིད་པའི་རྒྱལ་མོ་ལ་གཟི་བྱིན་ཕབ། གསུང་གི་རྣམ་འཕྲུལ་ལས། སྐད་ལྷང་ལྷང་སྙན་པར་བསྒྲགས་པས། སྣང་སྲིད་སྤྲོ་བ་བསྐྱེད། ཡུལ་འོལ་བུ་རྒ་(དགའ་)ལྡན་གསལ་བ་འོད་ཀྱི་གླིང་ལ་སྐུ་བཙས་པའི། ལྷ་ལས་མི་རུ་སྤྲུལ་པའི་གཤེན་པོ། སྟོན་པ་གཤེན་རབ་མི་བོས་བཏགས་སོ།” ཞེས་པ་འདིས་ཀྱང་སངས་རྒྱས་གཤེན་རབ་མི་བོ་གསལ་བ་འོད་ཀྱི་གླིང་ལ་སྐུ་འཁྲུངས་པར་གསུངས།
གསལ་བ་འོད་ཀྱི་གླིང་ནི་གོང་དུ་མཁས་པ་དཔལ་ཆེན་པོས་གངས་ཏི་སེ་དང་མཚོ་མ་པང་ལ་ངོས་འཛིན་གནང་བ་དེ་དང་ཤིན་ཏུ་མཐུན་པས་སེམས་ཏེ། (སྒྲ་འགྲེལ། ཤོག་ངོས། 119)ལས། “སྔོན་ཞང་ཞུང་གི་ཡུལ་ཨི་ཤོ་ད་ན། ཤིང་ཨ་པར་ལྗོན་པའི་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་ཀྱི་དབུས། མཁར་ཁྱུང་ལུང་དངུལ་མ་མ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་ཀྱང་བྱ་བ་ན་ཞིག) མེ་ཏོག་པདྨ་འོད་གེས་ཀྱི་གླིང་ན།” ཞེས་པའི་ལུང་གོང་མས་“འོལ་བུ་”ཞེས་པ་དང་འོག་མས་“འོམ་པོ་”ཞེས་པ་གཉིས་ཕན་ཚུན་སྒྲ་ཤིན་ཏུ་ཉེ་བ་དང་། ཡང་ལུང་གོང་མས་“གསལ་བ་འོད་ཀྱི་གླིང་”ཞེས་དང་། འོག་མས་“འོད་གེས་ཀྱི་གླིང་”ཞེས་པ་གཉིས་ཕལ་ཆེར་གཅིག་མཚུངས་སུ་གནས་པས་དཔྱད་གཞིགས་བྱེད་དགོས་པ་གལ་ཤིན་ཏུ་ཆེ་ལ། ཕྲན་ཙམ་མི་འཐུན་པ་ནི་ཡི་གེའི་འབྲི་སྟངས་མི་འདྲ་བའམ་ཡང་ན་ཡིག་ནོར་ཡིན་སྲིད་པ་སྟེ། དཔེ་རྙིང་འདི་དག་མི་ལོ་སྟོང་ཕྲག་དུ་མའི་རིང་དཔེ་ནས་དཔེར་བཤུས་པའི་ལག་བྲིས་ཤ་སྟག་ཡིན་པ་དང་། དཔེ་བཤུ་མཁན་ཡང་བརྒྱ་ཆ་དགུ་ཅུ་ཐམ་པ་དཔེ་དོན་མི་ཤེས་པ་ཤ་སྟག་ཡིན་ཙང་ཡིག་ནོར་ཡིན་ནའང་ཡ་མཚན་རྒྱུ་ཅི་ཡང་མེད།
ཁོ་བོའི་བསམ་ཚུལ་ཞིག་ཞུས་ན་ལུང་དེའི་དོན་ནི་སངས་རྒྱས་གཤེན་རབ་མི་མོའི་འཁྲུངས་ཡུལ་དེ་སྤྱིར་གངས་ཅན་བོད་ཀྱི་ཡུལ་དང་། སྒོས་གངས་རི་མཚོ་གསུམ་གྱི་སྐོར་རྒྱུད། ཡང་སྒོས་གངས་ཏི་སེའི་ནུབ་ཕྱོགས་ཁྱུང་ལུང་དངུལ་མཁར་རེད་ཅེས་གསལ་བཤད་བྱས་འདུག་སྙམ། མདོ་འདུས། (ཤོག་ངོས། 1)ལས། “དེ་ཡི་(གངས་ཏི་སེ་)ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་གཞི་གནས་ཡོད། ཆུ་བོ་པཀྵུ་སིནྡྷུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པ་འོ།” ཞེས་པའི་དོན་འདི་ལ་དགོངས་པ་ཡིན་པར་ཅི་ནས་ཀྱང་སྲིད། ཐེག་པའི་རིམ་པ་གསལ་བྱེད་ཀྱི་མེ་ལོང་(རྩོམ་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། འཁྲུངས་ལོ། 1237 Published by. Geshe M.T. Namdak Tsukphud ཤོག་ངོས། 28)ལས། “མདོ་གཟེར་མིག་ལས། ནུབ་ཕྱོགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཤིང་། སྐུ་ཚེ་གཤེན་ལོ་སུམ་ཅུ་བཞུགས་ལ། མཛད་པ་དྲུག་ཅུའི་མདོ་ལས། “གངས་ཏི་ཙེའི་’ “སའི་”འགྲམ་དུ་འཁྲུངས་ཤིང་། ལོ་བརྒྱར་མྱ་ངན་ལས་འདས་པར་བཤད། མདོ་འདུས་ལས། འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཤིང་། ལོ་བརྒྱད་ཅུ་རྩ་གཉིས་སུ་འདས་པར་བཤད་པའི་ཕྱིར་རོ།” ཞེས་གཟེར་མིག་ལས་གསུངས་པའི་འོལ་ལུང་དེ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་དང་མིང་གི་རྣམ་གྲངས་སུ་སྨོས་པའི་རྟག་གཟིགས་འོལ་མོ་ལུང་རིང་དེ་ལ་དགོངས་པར་སེམས། མཛད་པ་དྲུག་ཅུའི་མདོ་ལས་གསུངས་པའི་སངས་རྒྱས་ཀྱི་འཁྲུངས་ཡུལ་གངས་ཏི་ཙེ་ཞེས་པ་དེ་བོད་ཡུལ་དུ་ཡོད་པ་འདི་དགོངས་སོ་ཞེས་བཤད་ན་མི་འཚམས་པ་གང་ཡང་མེད་དོ། རྒྱུ་མཚན་ནི། དེ་གཟེར་མིག་ལས་གསུངས་པའི་ནུབ་ཕྱོགས་འོལ་མོ་ལུང་རིང་དང་ལོགས་སུ་བཤད་པས་ཤེས་ནུས། མཛད་པ་དྲུག་ཅུའི་མདོ་ཞེས་པ་དེ་ད་ཡོད་ཀྱི་བཀའ་བརྟེན་འགྱུར་ནང་དུ་ཁོ་བོས་བཙལ་ཀྱང་མ་རྙེད། འོན་ཀྱང་ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་ནང་དུ་གཉེན་འཐེང་ཤེས་རབ་རྡོ་རྗེའི་གཏེར་མ་མཛད་པ་དྲུག་ཅུའི་མདོ་ལེའུ་བདུན་པ་ཟེར་བ་ཞིག་བཀོད་ཡོད་པས་དེ་མིན་ནམ་སྙམ།
མདོ་འདུས་ཀྱིས་གསུངས་ཚུལ་ནི། དེ་ཉིད་(ཤོས་ངོས། 17)ལས། “ཚེ་ལོ་བརྒྱ་ཐུབ་དུས་ལ་ནི། མ་སངས་རྒྱལ་པོས་མངའ་མཛད་དེ།” ཞེས་དང་། “གནས་ནི་འཛམ་གླིང་འོལ་མོ་གླིང་། མཁར་ནི་བར་པོ་སོ་བརྒྱད་དུ། ཡབ་མྱེས་གདུང་རྒྱུད་དམུ་ཡི་རིགས།” ཞེས་པས་འདིར་ཁོ་བོའི་བསམ་ཚུལ་ཞིག་ཞུས་པ་ཡིན་ན། འདིའི་འོལ་ལུང་ནི་བོད་ཡུལ་ལ་ཡོད་པར་འདུག་སྙམ་སྟེ། བོད་ཡུལ་འདི་ནི་མ་སངས་ཀྱིས་དབང་བསྒྱུར་བྱེད་མྱངས་བར་བཤད་པ་དང་གོང་དུ་“མ་སངས་རྒྱལ་པོས་མངའ་མཛད་”ཅེས་པ་གཉིས་ཚིག་འགྲོས་ཤིན་ཏུ་མཐུན་པས་དེ་ནི་མ་སངས་ཀྱིས་དབང་བསྒྱུར་བྱས་པའི་བོད་ཡུལ་རང་ལ་གོ་བ་མ་གཏོགས་གཞན་པའི་དོན་ཞིག་རྙེད་དཀའ། ཡང་དེ་ཉིད་(ཤོག་ངོས། 39)ལས། “ཏི་སེ་གངས་ཀྱི་རྩེ་མོ་རུ། མ་སངས་ལྷ་ཡི་ཞལ་དྲོ་དྲངས།” ཞེས་པ་འདིས་གོང་གི་ལུང་དོན་ཇེ་གསལ་དུ་གཏོང་བའི་ཚུལ་དཔོག་ཐུབ། དེ་ཉིད་(ཤོས་ངོས་75)ལས། “གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བཅུར་ཆུ་ཞེང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་པྲིཀྵ་ཤིང་གི་རྩ། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་པ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་མགོ། རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ། ཆུ་བོ་པཀྵུ་དང་ནི་སིནྡྡུས་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་ཞིང་།” ཞེས་གསུངས་པས་འདིའི་“རི་བོ་གངས་ཅན་ཏི་སེ་”དང་གོང་དུ་དྲངས་པའི“རི་བོ་གངས་ཆེན་ཏི་ཙེ།”ཞེས་པ་གཉིས་མིང་གཅིག་ཏུ་སྣང་བས་འདི་ནི་བོད་ཡུལ་རང་ལ་མཛུག་གུ་བཙུགས་ན་མདོ་འདུས་ཀྱི་དགོངས་པ་དང་འགལ་བ་མེད་པར་སེམས།
སྤྱིར་མཛད་མདོ་རྒྱས་འབྲེང་བསྡུས་གསུམ་ནི་སྟོན་པ་གཅིག་གི་མཛད་འཕྲིན་གསལ་བའི་མེ་ལོང་ཞིག་ཡིན་ནའང་གསུངས་ཚུལ་ལ་ཁྱད་པར་ཆེན་པོ་འདུག ཁོ་བོ་བོད་ལ་ཡོད་དུས་མཚན་ཉིད་སྦྱོང་སྐབས་དགེ་རྒན་དམ་པ་དེས་རང་ལ་གསུངས་མྱོང་འདི་འདྲ་ཞིག་ཡོད། མཛད་མདོ་དྲི་མེད་གཟི་བརྗིད་ནི་གཙོ་བོ་ཐེག་པ་ཆེན་པོའི་བཞེད་ལུགས་དང་། གཟེར་མིག་གཙོ་བོ་ཐེག་པ་འབྲིང་གི་བཞེད་ཚུལ། མདོ་འདུས་ཐེག་པ་ཆུང་ངུའི་བཞེད་བསྟན་པ་རེད་ཅེས་ཡང་ཡང་གསུང་སྲོལ་ཡོད། སྐབས་དེར་དེ་ལ་དོན་སྣང་ཆེར་མ་བྱུང་། དེ་ནི་དངོས་གནས་དཔེ་ཆའི་དཀའ་གནད་འཁྲོལ་བའི་གསུང་ཞིག་ཡིན་པ་ད་སྐབས་གཞི་ནས་ཤེས་བྱུང་། དེ་ལྟར་ཐེག་པའི་གཏོགས་ཚོགས་ཀྱིས་ཁྱད་པར་འབྱེད་མ་ཤེས་ན་འགལ་འདུ་དུ་མ་ཞིག་ཐོན་ཀྱིན་ཡོད། དཔེར་ན་གཟི་བརྗིད་ལས་སྟོན་པ་སངས་རྒྱས་འགྲོ་བ་གཞན་ལས་ཁྱད་པར་འཕགས་པའི་རྟགས་སུ། རླུང་གི་ལྷ་མོས་ཞབས་ནས་བཏེགས་ཏེ། ཡུམ་གྱི་མཆན་ཁུང་གཡས་ནས་འཁྲུངས་པར་གསུངས་ཡོད། གཟེར་མིག་ནང་ལས་ཀྱིས་དབང་གིས་མ་ཡི་མངལ་སྒོ་ནས་ཐོན་པར་གསུངས། མདོ་འདུས་ནང་བདུད་ཀྱི་བར་ཆད་དབང་གིས་མ་ཡི་མངལ་སྒོ་སྲིན་གྱིས་བཀག དེ་ནས་མ་ཡི་གློ་གཡས་ནས་འཁྲུངས་པར་བཤད་པ་དེ་དག་གདུལ་བྱའི་བློ་ཡི་སྣང་ཚུལ་དབང་གིས་ཡིན་པ་མ་གཏོགས་གང་ཟག་གཅིག་ལ་སྐྱེ་ཚུལ་དུ་མ་ཞིག་ཡོང་མི་སྲིད་པ་ཡིན།
མདོ་འདུས་ཀྱི་གསུང་ཚུལ་ཕལ་ཆེར་འགྲོ་བ་ཕལ་པའི་བློ་ངོ་དང་འཚམས་པའི་ལོ་རྒྱུས་མང་དག་ཅིག་ཐོན་ཀྱིན་ཡོད། དཔེར་ན་སངས་རྒྱས་གཤེན་རབ་མི་བོ་གཞོན་ནུའི་སྐབས་ཡིག་རྩིས་བསླབས་པ་དང་དེ་ཡང་སློབ་གྲོགས་ཀུན་ལས་ཁྱད་པར་འཕགས་ཚུལ། དགུང་ལོ་བཅུ་ནས་རྒྱལ་སར་བསྐོས་པ། བཅོ་ལྔ་ལ་ཁབ་བཞེས་པ། བཅོ་བརྒྱད་སྐབས་ཡབ་ལ་བོན་གསན་པ། སྐབས་ཞིག་ན་ཀོང་པོ་ལ་ཕེབས་ནས་ལྷ་རི་གྱང་ཐོ་ལ་ཞག་བདུན་བཞུགས་པ། དེ་ནས་ཕྱིར་ཞང་ཞུང་ལ་ཕེབས་ཏེ་ཁྱུང་ལུང་དངུལ་མཁར་བཞེངས། སྲས་ཀོང་ཚ་དབང་ལྡན་དེར་འཁྲུངས། དེ་རྗེས་མཚོ་མ་པང་ལ་ལོ་གཅིག་ཀླུ་ལ་བོན་གསུངས་པ་སོགས་དངོས་ཡོད་འགྲོ་བ་མི་དང་མཐུན་པའི་མཛད་འཕྲིན་བསྐྱངས་འདུག་པས་ལོ་རྒྱུས་འདི་ནི་ཚན་རིག་གི་ལམ་ནས་དཔྱད་རིས་ཆོག་པ་དཔེ་མང་པོ་ཞིག་འདུག ཁོ་ན་རེ། སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་བོད་ཡུལ་གངས་ཏི་སེ་དང་། དེ་ནི་འོལ་གླིང་ཡིན་པར་འདོད་ན། ལུང་གི་གནོད་པ་དང་། རིགས་པའི་གནོད་པ་དུ་མ་འབབ་པའི་ཕྱིར།
དང་པོ་ལུང་གི་གནོད་པ་ནི། མདོ་འདུས་ལས། དེ་ནས་མ་པང་མཚོ་ལ་འཆག ཀླུ་ཡི་སྟོན་པ་ལོ་གཅིག་མཛད། ཏི་སེ་གངས་ཀྱི་རྩེ་མོ་རུ། །མ་སངས་ལྷ་ཡི་ཞལ་དྲོ་དྲངས། །དེ་ནས་སླར་ཡང་འོལ་མོ་གླིང༌། །ཁྲི་སྨོན་རྒྱལ་བཞེད་དག་ཏུ་བྱོན། ཞེས་པས་སྟོན་པ་སངས་རྒྱས་ཀླུ་ཡི་སྟོན་པ་ལོ་གཅིག་མཛད་ནས་སླར་ཡང་འོལ་གླིང་ལ་གཤེགས་པ་གསལ་བར་བསྟན། དེ་ལྟར་ན་སྟོན་པ་གངས་ཏི་སེ་ལ་ལོ་གཅིག་མ་གཏོགས་མ་བཞུགས། དེར་ལོ་གཅིག་མ་གཏོགས་བཞུགས་མེད་ན་སྟོན་པའི་མཛད་པ་བཅུ་གཉིས་དེར་འབྱུང་བའི་གོ་སྐབས་ཞིག་མེད་པར་ཐལ་བའི་ཕྱིར།
གཉིས་པ་རིགས་པས་གནོད་པ་ནི། བོད་ཡུལ་ཏི་སེའི་སྐོར་བོན་ཅན། དུས་བཞི་ཆ་སྙོམས་འཇིག་བྲལ་མེད་པར་ཐལ། འོལ་མོ་ལུང་རིང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། འོལ་མོ་ལུང་རིང་ལ་དུས་བཞིའི་འགྱུར་ལྡོག་མེད་པར་གསུངས་པའི་ཕྱིར་ཏེ། གཟི་བརྗིད་ལས། གཞན་ཡང་དུས་བཞི་རྒྱལ་མོས་ཆ་སྙོམས་ནས། དབྱར་དགུན་སྟོན་དཔྱིད་ཆ་སྙོམས་མ་གཏོགས་པ། གཞན་གྱི་ཞིང་ཁམས་དང་ནི་འདྲ་བ་མེད། ཅེས་གསུངས་པའི་ཕྱིར་རོ། གཞན་ཡང་འོལ་མོ་ལུང་རིང་བོད་ཡུལ་ལ་ཡོད་ན་དེར་སྐྱེ་བའི་སྨོན་ལམ་འདེབས་ཡུལ་ཁོ་ན་བྱེད་དགོས་པ་ཅིའི་ཕྱིར་ཡིན། ཞེས་ཟེར། དེའི་ལན་ནི། གོང་གི་མདོ་འདུས་ཀྱི་ལུང་དོན་ལ་ཅུང་ཟད་ཅིག་དཔྱད་དགོས་པར་འདུག འོན་ཀྱང་ཁོ་བོའི་བསམ་པར་སྟོན་པས་ཀླུ་ལ་བོན་གསུངས་ཚར་རྗེས་སླར་ཡང་འོལ་གླིང་ལ་ཕེབས་པར་བཤད་པ་དེ་བོད་ཡུལ་ལས་གཞན་པའི་ས་ཐག་རིང་པོ་ཞིག་ལ་གཤེགས་པའི་དོན་མ་ཡིན་པར་སྐབས་དེར་སྟོན་པའི་གཞུགས་ཡུལ་གྱི་ལྟེ་བ་ཁྱུང་ལུང་དངུལ་མཁར་ཡིན་ཙང་དེར་ཕྱིར་ལོག་པའི་དོན་ཡིན་པ་སྲིད་ལ། དེ་ལྟར་ཡིན་ན་རྩ་བའི་ཆ་ནས་འགལ་བ་གང་ཡང་མེད་དེ། དེ་འདྲའི་ཚུལ་རྒྱུན་འབྱུང་ཡིན་པའི་ཕྱིར། དཔེར་ན་བལ་ཡུལ་ཀ་ཋ་མན་ཌུ་ལ་ཡོད་པའི་མིས་ཀ་ཋ་མན་ཌུ་ལ་འགྲོ་དགོས་ལབ་དུས་ཀ་ཋ་མན་ཌུའི་ལྟེ་བ་གང་ལ་ཡོད་པ་དེར་འགྲོ་བར་གོ་བ་དང་། ལྷ་ས་ལ་ཡོད་པའི་མིས་ལྷ་སར་འགྲོ་གི་ཟེར་དུས་ལྷ་སའི་མཐིལ་ལ་འགྲོ་བར་གོ་བ་སོགས་ཡོད་ཆོག་པས་དེ་ལྟར་ཡིན་ཡང་མི་སྲིད་པ་མིན། གཉིས་པ་གཟི་བརྗིད་ལས་དེ་ལྟར་གསུང་པར་སྐྱོན་མེད་དེ། དེ་དག་ཞིང་འོལ་མོ་ལུང་རིང་ལ་དགོངས་པའི་ཕྱིར་ཟེར་ན། ཁྱོད་ཀྱིས་ཅི་སྙམ།
ད་ནི་སངས་རྒྱས་གཤེན་རབ་མི་བོ་བོད་ཡུལ་ལ་འཁྲུངས་པའི་དུས་ཚོད་སྐོར་ལ་ཅུང་ཟད་ཞུས་ན་བསམ་པས། དེ་ནི་ཁོ་བོས་བརྩམས་པའི་(གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགའི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་གཏམ།)ཟེར་བ་དེའི་ནང་དུ་མཁས་དབང་ནམ་མཁའི་ནོར་བུས་སྟོན་པ་གཤེན་རབ་སྤྱི་ལོའི་སྔོན་གྱི་ལོ་(༡༩༡༧)ལོར་འཁྲུངས་པར་གསུངས་པ་དེ་ལ་མོས་མཐུན་བྱས་ཡོད། དེ་ལྟར་མོས་མཐུན་བྱེད་དོན་ནི། ངུ་བའི་ཁ་ན་བལྟས་ན་ངུ་བྲོ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ་བའི་དཔེ་ལྟར་མ་ཡིན། ཕག་པ་ཆུ་སྣ་གར་ཁྲིད་དང་། བྱིས་པ་མངར་མོས་བསླུས་པ་ལྟ་བུའང་མ་ཡིན་པར་དེ་ལ་རྒྱུ་མཚན་མང་པོ་ཞིག་མཐོང་བས་ཡིན། དེའི་ཚུལ་ནི། སྟོན་པ་གཤེན་རབ་མི་བོའི་སྲས་ཀོང་ཚ་དབང་ལྡན་དང་། དེའི་སྲས་འབྲུག་གི་རྒྱལ་པོ། དེའི་སྲས་དམུ་བོན་ཡོའུ་བརྟན། དེའི་སྲས་དམུ་བོན་ཐང་རྡོལ། དེའི་སྲས་དམུ་བོན་སྐྱེས་ལོ་ཚལ། དེའི་སྲས་གཤེན་གྲོལ་བ། དེའི་སྲས་དམུ་ཁ་སྤོ་མི་སྤོ་ཡིན། དམུ་ཁ་སྤོ་མི་སྤོ་ནི། གཉའ་ཁྲི་ཡབ་སྲས་ཀྱིས་བོད་ལ་གདན་འདྲེན་ཞུས་ཏེ་མཆོད་གནས་སུ་བཀུར་བའི་ལོ་རྒྱུས་ཀུན་མཁྱེན་ཤར་རྫ་པའི་ལེགས་བཤད་མཛོད་ལས་གསུང་ཡོད། མདོར་ན་རྒྱལ་སྲས་ཀོང་ཚ་དབང་ལྡན་ནས་དམུ་ཁ་སྤོ་མི་སྤོའི་བར་རྒྱལ་རབས་བདུན་སོང་ཡོད། གཉའ་ཁྲི་བཙན་པོ་བོན་ལུགས་སུ་མཁས་པ་རྣམས་ཀྱི་ཞལ་གཅིག་མཐུན་སྤྱི་ལོའི་སྔོན་གྱི་ལོ་༡༡༣༦ལ་འཁྲུངས་པར་བཤད་ཡོད། བྱས་ཙང་། སྟོན་པའི་འཁྲུངས་ལོ་དང་གཉའ་ཁྲིའི་འཁྲུངས་ལོ་བར་ལོ་གྲངས་༧༨༡གིས་ཁྱད་པར་ཡོད་པས་དེ་ནི་སྟོན་པ་ནས་དམུ་ཁ་སྤོ་མི་སྤོ་བར་རྒྱ་རབས་བརྒྱད་ཀྱི་མགོར་བགོས་པས་མི་རེར་ལོ་༩༧རེ་ཐོབ་ཀྱི་འདུག་པས་དེ་ནི་འཚམས་ཚོད་རེད་འདུག་སྙམ། དེའི་ནང་ནས་འགའ་ཤས་སྐུ་ཚེ་རིང་པོར་བཞུགས་ཡོད་པར་སྲིད་ཀྱང་བརྒྱ་ཕྲག་མང་པོ་དང་སྟོང་ཕྲག་བཞུགས་ཟེར་ན་ཁྱི་སོ་ལས་རིང་བསྲེལ་འཁྲུངས་ཐུབ་པའི་དད་ཅན་འགའ་ལས་མ་གཏོགས་འགྲོ་བ་མིའི་ལོ་རྒྱུས་དང་མཐུན་པའི་རྒྱུ་མཚན་ཞིག་རྙེད་དཀའ། སངས་རྒྱས་གཤེན་རབ་མི་བོ་ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བ་མེ་སྟག ཚེས་བཅོ་ལྔའི་ནམ་ལངས་ཡོས་ལ་སྐུ་འཁྲུངས་པར་གསུངས། སྐབས་དེའི་སྤྱི་ཟླ་ར་བའི་ཚེས་གཅིག་ལ་སྨེ་བ་གཅིག་དཀར་དང་། བཅོ་ལྔ་ལ་ལྔ་སེར་ཁེལ་ཡོད། དེར་བརྟེན་འབྱུང་རྩིས་ལུགས་ལ་ལོ་ཡི་དང་པོ་བྱི་བ་དང་། འབྱུང་ཁམས་ཀྱི་དང་པོ་ཤིང་། ཟླ་བའི་དང་པོ་སྟག དུས་ཚོད་དང་པོ་ཡོས། སྨེ་བའི་དང་པོ་གཅིག་དཀར་འཇོག་དགོས་པའི་གཏན་ཚིགས་དེ་ནས་བྱུང་བ་ཐེ་ཚོམ་ཅི་ཞིག་དགོས། དེར་མ་ཟད་སྨེ་བ་ལྔ་སེར་དབུས་ལ་བཞག་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། དེ་དག་གི་ཚུལ་ལ་མི་འདོད་པའི་ཤངས་བསྙེར་གནང་མཁན་ཡོད་སྲིད་ཀྱང་སྟོན་པ་སངས་རྒྱས་ཀྱི་སྲས་རྒྱུད་དེ་དག་ཚེའི་རིག་འཛིན་ཐོབ་པ་ཡིན་ཟེར་ནས་དད་པ་དང་དག་སྣང་ཕྱོགས་མེད་གནང་ནས་བཞུགས་ན་མ་གཏོགས་བྱིས་བློའི་གཞལ་བྱར་གྱུར་པའི་གཏན་ཚིགས་ཞིག་ཡོད་པ་ཤིན་ཏུ་དཀའ།
གཤེན་གྱི་རྩིས་གསར་རྣམ་དག་ནང་སངས་རྒྱས་ཀྱི་འཁྲུངས་འདས་སྐོར་རང་གྲོལ་བླ་མ་རྒྱལ་མཚན་གྱི་བཞེད་ཚུལ་ཞིག་བཀོད་ཡོད། དེ་ནི་རབ་བྱུང་བཅུ་བཞིའི་ཆུ་ཕག་ཡན་སངས་རྒྱས་འདས་ནས་ལོ་༣༥༢༠སོང་བར་བཤད། དེ་དུས་སྤྱི་ལོ་༡༨༦༣ཡིན། གོང་གི་སྟོན་པའི་འདས་ལོ་ལས་༡༨༦༣ཕྲི། ལྷག་མ་འདི་༡༦༥༧སྤྱི་ལོའི་སྔོན་གྱི་སངས་རྒྱས་ཀྱི་འདས་ལོ་ཡིན། གླེང་གཞི་བསྟན་པའི་བྱུང་ཁུངས་ལྟར་ན་ས་མོ་ལུག་ཡན་སངས་རྒྱས་གཤེན་རབ་མི་བོའི་བསྟན་པའི་དབུ་ཟུགས་ནས་ལོ་༦༧༡༦འདས་པར་བཤད་ཡོད། དེའི་ས་མོ་ལུག་ནི་རབ་བྱུང་ལྔ་པའི་ནང་དང་སྤྱི་ལོ་༡༣༡༩ལ་ཁེལ་ཡོད། ལོ་རྒྱུས་འདིའི་ནང་སངས་རྒྱས་གཤེན་རབ་མི་བོ་ལོ་༣༥༠༠བཞུགས་པར་གསུངས་ཡོད། གོང་གི་ལོ་༦༧༡༦ནས་༣༥༠༠འཐེན། ལྷག་མ་༣༢༡༦ཡོད། དེའི་ནང་ནས་སྤྱི་ལོ་༡༣༡༩འདི་འཐེན། ལྷག་མ་༡༨༩༧འདི་སྤྱི་ལོའི་སྔོན་གྱི་སངས་རྒྱས་ཀྱི་འདས་ལོ་ཡིན། དེར་བརྟེན་སྤྱི་ལོའི་སྔོན་གྱི་ལོ་༡༨༩༧ཡས་མས་ལ་སངས་རྒྱས་གཤེན་རབ་མི་བོ་འཇིག་རྟེན་ཁམས་ལ་བཞུགས་ཡོད་པ་གསལ་པོ་ཡིན། ཡ་མཚན་སྐྱེ་དགོས་པ་ཞིག་ནི་དར་རྒྱས་གསལ་སྒྲོན་ལས་གསུང་པའི་སྟོན་པའི་འདས་ལོ་དེ་རེད་འདུག དེ་ནི་ཤིང་བྱི་ལོ་ཡན་སྟོན་པ་འཁྲུངས་ནས་ལོ་༤༨༨༨ཕྱིན་པར་བཤད། དེའི་ཤིང་བྱི་དེ་རབ་བྱུང་ལྔ་པའི་ནང་གི་སྤྱི་ལོ་༡༣༢༤ལ་ཁེལ་ཡོད། སྟོན་པ་དགུང་ལོ་༣༡༠༠བཞུགས་པར་གསུངས། གོང་གི་ལོ་འདི་༤༨༨༨ནས་༣༡༠༠འཐེན། ལྷག་མ་༡༧༨༨འདི་ཡིན། དེའི་ནང་ནས་སྤྱི་ལོ་༡༣༢༤འདི་འཐེན། ལྷག་མ་༤༦༤འདི་སྤྱི་ལོའི་སྔོན་གྱི་སྟོན་པའི་འདས་ལོ་ཡིན།
འདི་ནི་གཡུང་དྲུང་བོན་ལུགས་འཛིན་པའི་མཁས་གྲུབ་རྣམས་ཀྱིས་གཏན་ལ་ཕབས་པའི་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་དང་བསྡུར་ན་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི། གཉའ་ཁྲི་བཙན་པོ་གཤེགས་ཚར་བའི་རྗེས་སུ་ད་དུང་སྟོན་པ་སངས་རྒྱས་བཞུགས་ཡོད་པས་ཡིན། འོན་ཀྱང་བན་དྷེའི་ལུགས་ལ་ཡོངས་གྲགས་ལོ་ཐོའི་ནང་དུ་རྒྱུན་བཀོལ་གནང་རྒྱུ་སྤྱི་ལོའི་སྔོན་གྱི་ལོ་༡༢༧འདི་གཉའ་ཁྲིའི་འཁྲུངས་ལོ་ཡིན་པས་དེ་ལྟར་ན་རྒྱུ་མཚན་ཅུང་ཟད་ཡོད་སྲིད་ཀྱང་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་བསྡུར་ན་སངས་རྒྱས་ཀྱི་འདས་ལོ་ཉུང་དྲགས་པ་ཞིག་རེད་སྙམ། དེ་དག་ནི་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་གཞི་གལ་ཆེན་ཞིག་ཡིན་པས་བརྟག་པར་ཞུ། བསྟན་པའི་གནས་ཚད་ཀྱང་ལོ་རྒྱུས་རྣམས་སུ་བཤད་ཚུལ་མི་མཐུན་པར་ཕྲན་ཙམ་ཡོད་ཀྱང་ད་ལན་དེ་དག་ཚང་མ་བསྔོག་མི་དགོས་པའི་ཐོག་ནས་རང་གི་འདོད་ཚུལ་ཞིག་ཞུས་པ་ཡིན་ན། ལོ་རྒྱུས་རྣམས་སུ་གསུང་ཚུལ་གཙོ་ཆེ་བ་གཉིས་ཡོད། མི་ལོ་ཁྲི་གསུམ་ཡིན་ཟེར་བ་དང་། ལོ་དགུ་སྟོང་དུ་འདོད་པ་གཉིས། དང་པོ་ནི་དག་ཞིང་འོལ་མོ་ལུང་རིང་ལ་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་དང་། ཕྱི་མ་བོད་ཡུལ་ལ་བསྟན་པའི་གནས་ཚད་ལ་བཞག་ན་རུང་སྙམ་པ་ཁོ་བོའི་རྨོངས་འཆར་ཡིན།
2012/10 ནང་བྲིས།
གངས་སེང་གི་དཔྱད་རྩོམ་ལ་དགའ་བསུ་ཞུའོ། །
གངས་སེང་ལགས། བོན་གཞུང་ལོ་རྒྱུས་དངོས་ལ་ཞིབ་བསྡུར་བྱས་པའི་དཔྱད་རྩོམ་ཡག་པོ་ཞིག་སྤེལ་འདུག བཀའ་དྲིན་ཆེ། མིག་ཟུང་ལྡན་པའི་དཔྱད་བརྗོད་པ་རེ་འགས་རྩོམ་ཡིག་དངོས་དང་འབྲེལ་བའི་མཆན་རེ་སྤེལ་བར་རེ་བས་སྒུག་ཡོད།
ཕལ་ཆེར་སངས་རྒྱས་འོད་སྲུང་དང་སྟོན་པ་གཤེན་རབ་གཉིས་མི་གཅིག་ཡིན་པ་འདྲ། །
སྤྱིར་ན་སངས་རྒྱས་འོད་སྲུང་དང་གཤེན་རབ་ཀྱི་ལོ་རྒྱུས་དེ་དང་པོར་སའི་གོ་ལའི་སྟེང་གི་འགྲོ་བ་མིའི་ཆགས་རིམ་དང་དེའི་ཤེས་རིག་དར་རིམ་གྱི་འཕེལ་རིམ་དང་སྦྱར་ནས་འགྲེལ་ན་འཛམ་གླིང་གི་ལོ་རྒྱུས་མཁས་པ་ཚོའི་སེམས་ངོར་འབབ་རྒྱུ་ཞིག་ཡོད་པ་རེད། དེ་མིན་ཚེ་ལོ་བརྒྱད་ཁྲིའི་དུས་དང་སྤྱི་ལོའི་སྔོན་གྱི་ལོ་གཅིག་ཁྲིའི་སྔོན་སོགས་བཤད་ན་ཁོ་ཚོས་འདོད་པའི་མི་རིགས་ཀྱི་ལོ་ལྔ་སྟོང་གི་ཤེས་རིག་ལོ་རྒྱུས་དེ་དང་ཡོངས་སུ་འགལ་འགྲོ་བ་རེད།
དྲ་གྲོགས་ཀླུ་སྨྱོན་ལགས། དེ་གཉིས་མི་གཅིག་ཡིན་པའི་རྒྱུ་མཚན་ཞིག་གསུང་གནང་ན་ཕན་ཐོག་ཆེ་བར་སྙམ།
གང་སེང་ལགས་ཀྱི་ལོ་རྒྱུས་དངོས་ལ་ཞིབ་འཇུགས་བྱས་ནས་གསུང་པ་ལ་དགའ་བསུ་ཞུ།
རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས། འཕྲིན་ལས་རྒྱ་མ་ཆད་པར་བསྟན་པའི་ཆེད་དུ། ལོ་རྒྱུས་མི་མཐུན་པ་ལ་སོགས་མང་དུ་བྱུང་ངོ་། ཞེས་གསུངས་སོ། ་་་ཟེར།
་་་་་ སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི་འོལ་མོ་ལུང་རིང་ཡིན་པ་མཁས་པ་ཀུན་གྱི་མཐུན་སྣང་ཚད་གྲུབ་ཡིན་ནའང་། འོལ་མོ་ལུང་རིང་དེ་ཡུལ་གང་དུ་ཡོད་མེད་ལོ་རྒྱུས་རྣམས་སུ་བཤད་སྟངས་སྣ་ཚོགས་སུ་ཡོད་པའི་དབང་གིས་འདོད་ཚུལ་ཡང་སྣ་ཚོགས་སུ་སྣང་། ་་་་ཟེར།
་་་་ “དེ་ལྟར་བར་སྣང་ལ་གནས་པའི་རི་བྲག་མཚོ་གླིང་འཚེའུ་རྣམས་ནི། སྒྲིབ་པ་བྱང་བ་རྫུ་འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང་ངོ་།” ཞེས་བཤད། ་་་་ཟེར།
་་་་ དེ་ལྟར་ལོ་རྒྱུས་རྣམས་སུ་འཛམ་གླིང་འདི་དང་ས་འབྲེལ་ཡོད་པའི་དག་ཞིང་འོལ་མོ་ལུང་རིང་དང་། བར་སྣང་ལ་ཡོད་པའི་འོལ་མོ་ལུང་རིང་དང་། ཞང་ཞུང་འོལ་མོ་ལུང་རིང་དང་གསུམ་བཤད་འདུག་པས་དེ་གསུམ་ནང་ཕན་ཚུན་མ་འཁྲུགས་པར་དགོས་ཀྱི་འདུག དེ་དག་ལ་ཡོད་པའི་རི་མཚོ་སོགས་ཀྱི་གནས་སྟངས་ཕལ་ཆེར་གཅིག་མཚུངས་ཡིན་པ་མ་ཟད། དེ་གསུམ་ཀ་དུས་གསུམ་སངས་རྒྱས་ཀྱི་འབྱུང་གནས་དང་། སངས་རྒྱས་ཀྱི་བསྟན་པའི་གནས་གཞི་ཡིན་ཚུལ་གཅིག་མཚུངས་སུ་བཤད་འདུག ་་་་ཟེར།
་་་་དེ་ནས་ཁོང་གིས་རྒྱ་གར་ནས་བབས་པའི་ཆུ་བཞིའི་འགོར་ཡོད་པའི་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་དེ་བོད་ཡུལ་གྱི་གངས་ཏི་སེ་ལ་བཞེད་པ་མིན་ནམ་སྙམ་པའི་དྭོགས་པ་ཞིག་ངང་གིས་བྱུང་། ་་་ཟེར།
་་་་་་་་དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ།” ཞེས་པས་ཞང་ཞུང་ཡུལ་གྱི་ལྟེ་བ་གངས་ཏི་སེའི་ས་སྐོར་ལ་འོལ་མོ་ལུང་རིང་འབོད་པ་དང་དེར་སངས་རྒྱས་གཤེན་རབ་མི་བོའི་གཞུགས་ཡུལ་ཡིན་པར་གསལ་སྟོན་བྱས། ་་་་ཟེར།
་་་་་ བརྟེན་འགྱུར་པོད། ༡༨༧ ཤོག་ངོས། 500)ལས། “འོལ་མོ་ལུང་རིངས་ལྷོ་ཕྱོགས་ན། རྒྱ་གར་ཤམ་པ་ལ་ཡོད། རི་ནི་བྱ་རྒོད་སྤུངས་པ་ཡོད། རྡོ་རྗེ་གདན་གྱི་གྲོང་ཁྱེར་ཡོད། དེའི་ནུབ་ན་ཨུ་རྒྱན་གྱི་ཡུལ་ཡོད། ཤར་ལྷོ་ན་རྒྱ་ནག་རི་བོ་རྩེ་ལྔ་ཡོད། ལྷོ་ན་མོན་གྱི་རྒྱལ་ཁམས་ཡོད། ཤར་ན་ཙ་རི་ཙ་ཀོང་ཡོད། ལྷོ་ནུབ་ན་སྲིན་པོ་མུ་སྟེག་གླིང་།” ཞེས་པ་འདིས་འོལ་མོ་ལུང་རིང་ནི་བོད་རང་ལ་ཡོད་པར་མཛུག་བཙུགས་བྱས་པ་ཧ་ཅང་གསལ་ཏེ། ་་་་་ཟེར།
གངས་སེང་ནས་གངས་ཀྱི་མེས་པོའི་ཆོས་རིག་སྐོར་ལ་རྩོམ་གྱི་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ། ཀླུ་སྨྱོན་ནས་གང་གསུང་གི་ཡོད་མེད་གསལ་པོར་མ་ཤེས། གང་ལྟར་བོད་མཐོ་སྒང་དུ་སེམས་ཅན་བསེའུ་རུ་གཅིག་གི་གཟུགས་རུས་དང་རྟ་ཡི་རུས་པ་བརྙེད་སོན་བྱུང་བར་ཚན་རིག་པས་བརྟགས་འབྲས་སུ། མི་ལོ་ས་ཡ་མང་པོར་ཕྱིན་པར་ཐག་བཅད་དང། ཆབ་མདོའི་ས་རུབ་ནས་མི་ལོ་ཾཁྲི་ལྷག་ཕྱིན་པའི་མིས་སྤྱད་པའི་རྫ་ཆས་རྙེད་པ་དང། དེ་བཞིན་ཀོང་པོ་ཉིང་ཁྲི་རྫོང་ནས་མི་ལོ་ལྔ་སྟོང་ལྷག་ཕྱིན་པའི་ས་འོག་ནས་ཁང་པ་ཐོག་བརྩེགས་ཅན་རྙེད་པ་དང། སྟོད་མངའ་རིས་ནས་མི་ལོ་ལྔ་སྟོང་ལྷག་ཕྱིན་པའི་ཞང་ཞུང་སྨར་ཡིག་གི་རྡོ་རྐོས་རྙེད་པ་དང། དེ་བཞིན་ཉེ་ཆར་དུས་རབས་ལྔ་པ་དྲུག་པའི་སྐབས་སུ་བྲིས་པའི་བོད་ཡིག་རྙིང་པ་མདོ་སྨད་མདའ་ཚང་ནས་རྙེད་པ་སོགས་ལ་བརྟག་ན་མི་ལོ་ཾྲི་གཅིག་གི་ཡར་སྔོན་སྟོན་པ་གཤེན་རབ་འཁྲུངས་ཟེར་ནའང་མ་འགྲིག་མ་འཐུས་པ་མེད་དམ་སྙམ།
་་་་་ གླིང་གི་སྙིང་པོ་འདི་ནི། ཡུལ་སྡེ་ཆེན་པོ་བཅོ་བརྒྱད་དོ། ཡུལ་ཕྲན་དགུ་བཅུ་རྩ་གཅིག མཐའ་འཁོབ་སྟོང་དང་སུམ་བརྒྱ་ཡོད་དོ། ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་གདན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། བྱང་ན་གེ་སར་དང་ཧོར་ཡུལ་གཉིས། དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ།་་་་་་ ཞེས་པ་འདིས། ཁ་ཆེའི་ཆོས་ནི། ཀླུ་སྒྲུབ་ཕེབས་དུས་ཡས་མས་ཙམ་ལ་ཡིན་པ་ལ་འདིར་རིང་དུ་བཏང་བར་མཐོང་ལགས། ད་དུང་དཔྱད་པར་འཚལ།
དྲ་གྲོགས་རྣམ་པར་ཁོ་བོའི་རྩོམ་ཐུང་འདི་ལ་གཞིགས་ནས་བགྲོ་གླེང་ལྷུག་པོར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
འཇིག་རྟེན་བཀོད་པ་པོས་བཀོད་པ་སྔོན་དུ་བཏངས་ནས་བཟོས་ན་མ་གཏོགས་འོལ་མོ་ལུང་རིང་གསུམ་པོ་གཅིག་མཚུངས་ཡིན་མི་སྲིད་པ་རེད། སྒྲུང་གཏམ་འདིའི་རིགས་ལ་ཡིད་བརྟན་ཅི་ཞིག་ཡོད། འོན་ཀྱང་སྟོན་པ་གཤེན་རབ་ལ་དག་སྣང་རྨ་མེད་པ་ཞིག་ཡོད། ཁོང་ནི་སྐྱེས་བུ་དམ་པ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཞིག་ཡོད། ལོ་ངོ་ཁྲི་ཕྲག་གོང་གི་ལོ་རྒྱུས་ཞིག་འབྲི་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་ལོག་ལྟ་སྤངས་ནས་དག་སྣང་སྦྱངས་ན་ལེགས་པར་སྙམ། སྐྱབས་སུ་མཆི།།
་་་ མདོར་ན་མངའ་རིས་བོད་ཀྱི་རྒྱལ་ཁམས་འདི། ལྷོ་འཛམ་བུ་གླིང་གི་དཀྱིལ། རྒྱལ་བོ་ཆེན་པོ་བཞི་ཡི་དབུས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་བོ། ཀླུ་ཡི་རྒྱལ་པོ་མལ་དྲོས་ཀྱི་འཆགས་ས། རི་མཐོའ་ལ་ས་གཙང་བ་སྤུ་རྒྱལ་བོད་ཀྱི་ཡུལ། མཐའ་མ་གངས་རི་དཀར་པོས་བསྐོར་བ། ལྷ་རྒོད་གཉན་པོ་གནས་ཤིང་འཆགས་པའི་ས། ཚ་གྲང་ཁོད་སྙོམས་པའི་དགོས་དགུ་ཏོག་ལ་འཁྲུངས་ས། དེ་ལྟ་བུའི་ཞིང་ཁམས་དེའི་མངའ་བདག་ནི། སྟོན་པ་གཤེན་རབ་མི་བོའོ། བསྟན་པ་ནི་གཡུང་དྲུང་གི་བོན་རིན་པོ་ཆེའོ། ཞིང་ཁམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ། ་་་་་ཟེར།
་་་་གཞུང་འདི་དག་གི་གསུངས་ཚུལ་ལ་གཞིགས་ན་སངས་རྒྱས་གཤེན་རབ་མི་བོ་ནི་བོད་རང་ལ་འཁྲུངས་པ་མ་གཏོགས་ཁོང་གི་འཁྲུངས་ཡུལ་གཞན་ཞིག་ལ་མཛུག་གུ་བཙུགས་དགོས་དོན་གཏན་ན་མི་འདུག་སྙམ། ་་་་ཟེར།
་་་་་་ཞེས་པས་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི། གསལ་བ་འོད་ཀྱི་གླིང་ཡིན་པ་དང་། དེ་ནི་གངས་རིན་པོ་ཆེ་དང་མཚོ་མ་པང་ལ་ངོས་བཟུང་དགོས་པ་ལྷོ་གཏེར་གྱི་དགོངས་པ་ཡིན་པར་བཞེད། ་་་་ཟེར།
དེ་ནས་མར་ལ་ཀློག་ཁོམ་མ་བྱུང་བས་་་ རྗེས་སུ་མཇལ་འོངས།
བོད་དང་རྒྱ་དཀར་རྒྱ་ནག་ལ་སོགས་པའི། །
ལོ་རྒྱུས་རྣམས་སུ་གཏན་ནས་མེད་ན་ཡང་། །
བརྩམས་སྒྲུང་གསར་བར་ཡིད་རྟོན་ནུས་པ་ཡི། །
དེང་གི་བོན་པོ་འདི་དག་ཤ་རེ་ཚ། །
བོད་དང་རྒྱ་དཀར་རྒྱ་ནག་ལ་སོགས་པའི། །
ལོ་རྒྱུས་རྣམས་སུ་གཏན་ནས་མེད་ན་ཡང་། །
བརྩམས་སྒྲུང་གསར་པའི་ནང་དུ་འཚངས་པ་ཡི། །
ཨོ་རྒྱན་པད་འབྱུང་དེ་ཡང་ཡ་རེ་མཚན། །
ཨོ་རྒྱན་ཉི་མ་ཟེར་བ་འདི་ཆགས་སྡང་གིས་བཟི་འདུག སྙིང་རྗེ་བའི་ཡུལ་ནི་ཁྱེད་རང་རེད་འདུག ཤ་ཚ་བའི་ཡུལ་ནི་ཁྱེད་རང་རེད་འདུག ང་ནི་བོན་ལ་འབྲེལ་བ་མེད་ཀྱང་བོན་པོའི་བཀའ་བརྟེན་རྣམས་གསར་རྩོམ་མིན་པ་ཤེས་ཀྱིན་ཡོད། དེང་དུས་དྲང་གཏམ་བཤད་ནས་རྒྱལ་ཁ་ལེན་པ་མ་གཏོགས་རྫུན་གཏམ་བཤད་ནས་རྒྱལ་ཁ་ལེན་ཐུབ་རྒྱུ་མ་རེད། བློ་གཟུ་བོར་མི་གནས་མཁན་འདི་ཚོ་ནམ་ཡང་ཚར་གཅོད་པའི་རིགས་སོ།།
ཆོས་ཕྱོགས་དང་། ཆོས་ལུགས་ཁས་མི་ལེན་པའི་མཁས་བླུན་སུ་ཡིན་རུང་བོན་པོའི་ལོ་རྒྱུས་ཡིད་རྟོན་རྩ་བ་ནས་མ་གནང་ན་ལེགས་པར་སེམས། འདིས་བོད་མི་རིགས་ཀྱི་རིག་གཞུང་ལ་གཏད་སོ་གང་ཡང་མེད་པ་བསྒྱུར་ངེས་པ་དང་། མ་འོངས་པར་བོད་ཀྱི་གཞོན་སྐྱེས་ཚོར་བགས་ཆགས་རྡུག་པོ་འཇོག་ངེས་པས། ད་ལྟ་ནས་ཚང་མས་ཞིབ་འཇུག་དང་། རྒྱུས་ལོན་གྱིས་གཤིབ་བསྡུར་གནང་ན་ལེགས་པར་སེམས།
བོན་པོའི་བཀའ་བསྟན་དག་ནི་བསྒྱུར་བཞག་པ་རེད། སྔོན་གྱི་ལོ་རྒྱུས་རྙིང་པ་དག་ལ་ལྟོས་དང་། ཁྱེད་ཅག་བློ་མིག་ཁབ་ཙམ་ལས་མེད་པ་ཚོས་ཞང་ཞུང་གི་རིག་གཞུང་ཞེས་རྩ་ཆེན་བྱེད་ཀྱིན་འདུག་མོད། མཁས་པའི་བླང་བྱ་མ་ཡིན་པའི་རྫ་བཟོ་དང་། རྡོ་བཟོ་ཐབས་རྡུག་ཙམ་གྱིས་ཕན་ཐོགས་པ་ཁག་པོ་རེད།
དུས་རབས་དྲུག་པ་དང་། བདུན་པའི་བྲིས་པར་གྲགས་པ་དེ་དག་དེང་སང་ཁོ་ཚོས་བཤད་བཞིན་པ་རེད། གཤེན་རབ་མི་བོ་ཞེས་པ་འོད་སྲུང་ལ་དཔེ་བྱས་ཏེ་སྒྲོ་བཏགས་པ་ཞིག་རེད། སྟོན་པ་འོད་སྲུང་བསྒྲེས་པོ་ཞེས་པ་དེ་ལ་མི་བོ་ཞེས་བཏགས་པ་རེད། དེ་དང་འདྲ་བའི་མགོ་མཉམ་སྨྲ་བ་སྔོན་འཕགས་པའི་ཡུལ་དུ་མང་པོ་བྱུང་བ་རེད། ད་ལྟ་བོད་ལ་ཡོང་བཞིན་པ་རེད།
མདོར་ན་བརྒྱ་བཤད་ཚིག་གི་རྩ་བ། སྟོང་སྲུབས་འོ་མའི་མར་ལོ་བོན་པོ་འཁེ་འཆེ་བ་ཚོས་བོད་ནང་ཁུལ་རྙོག་དྲ་བཟོ་བ་དང་། བོད་མི་ཁ་བྲལ་དུ་གཏོང་བའི་ཐབས་ལམ་འདིང་བཞིན་པ་རེད། འདི་དག་རྒྱབ་སྐྱོར་དང་། ཡི་རངས་བྱེད་མིན་ཁྱེད་ཅག་གིས་ལྟོས། ཐད་གར་རྙོག་དྲ་བཤད་པ་དང་། ཁུ་སུམ་མེ་ལོ་རྒྱུས་རྫུན་མ་གཉིས་ལས། ཉེན་ཁ་ཆེ་ཤོས་དེ་ལོ་རྒྱུས་རྫུན་མ་བཟོ་བ་དེ་རེད། དེང་སང་བོད་ཀྱི་ཤེས་མེད་འགའ་ཞིག་གིས་བོད་ཀྱི་ལོ་་རྒྱུས་རྒྱུན་རིང་དུ་གཏོང་ཐུབ་སོང་ན། བོན་པོ་ཚོས་གང་བཤད་ན་འགྲིགས་ཀྱི་ཟེར་མཁན་མང་པོ་རེད། འདི་ཚོས་བོད་ཀྱི་འབྱུང་འགྱུར་ལ་བསམ་བློ་རྩ་བ་ནས་མ་བཏང་བའི་སྐད་ཆ་རེད།
དོན་ངོ་མ་མི་འཇོན་པོ་ཞིག་ཡོད་ན། བོད་ཀྱི་ལོ་རྒྱུས་འབྲི་བ་ལ་བོད་ཀྱི་སྒྲིགས་འཛུགས་དང་། སྲིད་གཞུང་། ཆོས་སྡེ་ཆེན་པོ་ཚོས་དོ་སྣང་གནང་སྟེ་དམ་འཛིན་དགོས་པ་ལས། ཁ་བདེ་མོ་དང་། ལག་བདེ་མོ། དྲན་རྒྱུ་མང་བ་ཞིག་གིས་གང་དྲན་བྱེད་བསྡད་ན་ག་ལ་འགྲིགས། འདི་མི་རིགས་ཤིག་གི་རིག་གཞུང་དང་། མི་རིགས་ཤིག་གི་མ་འོངས་པའི་ཁ་ཕྱོགས་ལ་ཐུགས་ཡོད་པས་རེད། དེང་སང་རྒྱལ་ཁབ་རིམ་པ་ཁག་གི་གློག་བརྙན་འཁྲབ་ཚན་དག་ཀྱང་། ལོ་རྒྱུས་དང་། བརྩམས་སྒྲུང་གཉིས་ཁ་ཚོན་མ་བཅད་ན་འཁྲབ་ཆོག་གི་ཡོད་མ་རེད། ལོ་རྒྱུས་ཡིན་ན་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་སྲིད་གཞུང་གཉིས་མཐུན་དགོས་པ་དང་། དེ་མིན་རྩོམ་པ་པོ་ཞིག་གིས་རང་ཉིད་ཀྱིས་རྟོག་བཏགས་ཡིན་པར་ཁས་བླངས་སོང་ན་བརྩམས་སྒྲུངས་རེད། བརྩམས་སྒྲུང་ཡིན་པར་ཁས་བླངས་ཡིག་འཇོག་ཡོད་ན་སྐྱོན་ཆེན་པོ་མེད་པ་རེད། ལོ་རྒྱུས་ཡིན་པར་འཁེ་ཆེ་བཞིན་ད་དུང་སྐྱོག་བཤད་བྱེད་བསྡད་ན་རྒྱལ་ཁབ་དེའི་སྲིད་གཞུང་གིས་རྩོམ་ཆོས་དང་། གློག་བརྙན་གཉིས་ཀ་འགོག་བཞིན་པ་རེད། དེ་ཕྱིར་བོད་མའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་རྩོམ་དང་། ཡིག་འཇོགས་གཉིས་སྡེ་ཕྱེ་དགོས་པ་དང་། དེ་གཉིས་ལ་ལྷག་པར་དུ་ཉམས་འཇོག་བྱ་དགོས་པར་སེམས།
ད་གཞི་ནས་རྩད་གཅོད་གཏོང་དགོས་ན་དཀའ་ལས་ཁག་པོ་རེད།
ད་ཨོ་ཉི་ཾཁོ་ནམ་ལངས་སོང། མཆན་བུ་བ་དང་རྩོམ་པ་པོ་རྣམས་ཀྱིས་ཨོ་ཉི་འདི་ལ་ཡ་མ་བྱེད་རོགས་སྐྱག་པ་སྐམ་པོ་ལ་ཐོགས་བཏང་ན་དྲི་ངན་ཇེ་ཆེ་རེད། ཁོ་རང་གི་མི་གཤིས་མི་སུས་ཀྱང་ཤེས་སོང། ད་ཁོ་ལ་ནམ་ལངས་ཉི་མ་ཤར་ཀྱང་ཁོས་ཉི་མ་མི་འདུག་འོད་སྣང་མི་འདུག་མུན་པ་རེད་འདུག་ནག་ཁུང་རེད་འདུག་ཟེར་གྱི་རེད། ཟེར་ནའང་ཟེར་དུ་ཆུགས། ཁོ་རང་གི་ཁ་ན་རོགས་རེད། ཁོས་བཤད་པ་རྣམས་ལུང་དང་རིགས་པའི་གཏན་ཚིགས་མེད་པ་ཆུ་ལེན་བུ་མོའི་འཆལ་གཏམ་ལས་ཀྱང་བརྩོག་པ་རྐྱང་བཤད་ཀྱི་རེད། སྲིན་བྱ་ཁྱོད་ལ་ད་མུན་རུབ།
ཡ་ཁྱོད་ཚོས་ལོ་སུམ་སྟོང་གོང་གི་ཞང་ཞུང་སྨར་ཡིག་རྙེད་པ་རེད་ཟེར་བ་དེ་དེང་སང་གང་དུ་ཡོད་པ་རེད། ངས་ལྟ་འདོད་འདུག འདྲ་པར་འདྲ་ཡོད་ན་སྟོན་རོགས
མདོར་ན་ཁྱེད་ཅག་གིས་ལྟོས་དང་། ད་ལྟའི་བོན་པོ་ཚོའི་བཀའ་བསྟན་ནང་བཞིན་བོད་ལ་སྔར་ནས་ཡོད་ན་ཆོས་རྒྱལ་དེ་ཚོས་དཀའ་བ་བརྒྱ་ཕྲག་བྱད་དེ་རྒྱ་ཆོས་བོད་ལ་དྲངས་པ་དགོས་མེད་རེད། དགོས་པ་ཏིལ་འབྲུ་ཙམ་ཡང་མེད་པ་རེད། ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་དུ་བཟོས་པ་དང་། སྲོང་བཙན་སྒམ་པོས་སྲོལ་བཏོད་པ་དང་། ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་གནང་བའི་རྒྱ་གར་གྱི་ཆོས་འདི་དང་། དེང་སང་གི་བོན་པོའི་བཀའ་བསྟན་དག་ཚིག་ཅུང་ཟད་རེད་མ་གཏོགས། དོན་དག་གཅིག་པ་རེད་འདུག་ག དོན་དག་གཅིག་ཡིན་བཞིན་རྒྱ་ཆོས་བོད་ལ་བསྒྱུར་དུས་ཀྱི་བོན་པོ་ཚོས་འགོག་བརྒོལ་ཅིའི་ཕྱིར་བྱས་པ་རེད། བན་ཆོས་ཅིའི་ཕྱིར་བསྒྱུར་བ་རེད། བོད་རང་གི་རིག་གཞུང་ཐུན་མིན་ཡོད་བཞིན། དེ་ཉིད་རྩ་མེད་དུ་བཏང་སྟེ། རྒྱ་གར་ནས་ཅིའི་ཕྱིར་གདན་དྲངས་པ་རེད། འདི་དག་ལ་བསམ་བློ་ཡག་པོ་ཐོངས། བོན་པོ་ཚོས་ཇི་ལྟར་བསྒྱུར་ཡོད་མེད་ཡག་པོ་ལྟོས་དང་། བན་དེའི་ལོ་རྒྱུས་དང་། ལྟ་གྲུབ་ཡོད་ཚད་ལ་འདྲ་རིས་བྱས་ཡོད་པ་མངོན་གསལ་དོད་པོ་རེད། གལ་སྲིད་བསྒྱུར་ན་ཡང་ཆོས་བཞིན་དུ་ཉམས་སུ་བླངས་ཏེ་བཞུགས་ན་འགྲིགས་པ་རེད། ཆོས་བདག་མེད་ལ་སྙིང་རུས་གང་ཆེ་རེད། གཞན་གྱིས་ཉམས་སུ་ལེན་མི་ཆོག་ཟེར་བ་ག་ལ་ཡོད་དེ། ཁོ་ཚོས་ད་དུང་བན་དེའི་ལྟ་གྲུབ་དང་། དེར་འཛིན་ལ་སྒྲོ་འདོག་དང་བསྐུར་འདེབས། དེས་མི་ཚད་ལོ་རྒྱུས་ལ་འཁྱོགས་བཤད་སྣ་ཚོགས་ཀྱིས་མི་རིགས་འདི་རྩ་མེད་དུ་གཏང་བའི་གྲབ་བཤམ་བཞིན་པ་རེད། ད་དུང་ཁྱེད་ཅག་གིས་མཐོང་ཡང་མ་མཐོང་ཁུལ་བྱས་ཏེ་བསྡད་ན། མི་རིང་བར་ཕུན་སུམ་ཚོགས་པའི་ལྟ་གྲུབ་དང་། ལོ་རྒྱུས་ཡོངས་རྫོགས་རྩ་མེད་དུ་འགྲོ་ངེས་སོ། །
ཁོ་ཚོ་ལ་རྙིང་པ་ཡོད་ཟེར་བ་ཚང་མ་རྫུན་མ་རེད། ན་ནིང་ལོར་ཡིག་རྙིང་མང་པོ་ཞིག་རག་ཡོད་ཟེར་ནས་ག་ཚོད་འུར་སོང་། དེའི་རྒྱབ་ལོག་ན་དེང་སང་བོད་ལ་རྒན་པོ་རྐྱལ་སྟོང་ཀ་ངོ་ར་ངོ་ཤེས་ཙམ་གྱིས་མཁས་དབང་གི་མིང་ཁུར་བསྡད་མཁན་ཚོས་རྩོམ་སྒྲིག་འདྲ་བོ་ཞིག་བྱེད་ཁུལ་གྱིས་དྲ་ངོས་ཡོངས་སུ་ཁེངས་སོང་། རྗེས་སུ་ལྟ་ཡོངས་དུས་རྒྱ་བོད་ལ་ཡོངས་ཚར་དུས་བཟོས་པའི་རྒྱ་ཤོག་སེར་པོ་ཐོག་ཐིག་རིས་ལྗང་གུ་ཡོད་སའི་ཤོག་གུ་རྐྱང་རྐྱང་རེད་འདུག དེ་དང་འདྲ་བ་མང་པོ་རེད། སྔོན་མ་ཁོ་ཚོར་དུས་རབས་དང་། དྲུག་པ་དང་། བདུན་པའི་ལོ་རྒྱུས་རེད་ཟེར་བ་ཞིག་མི་འདུག་མོད། དེང་སང་ཡང་གསར་པ་ཞིག་བཤད་བཞིན་འདུག ཡང་རྫུན་མ་ཞིག་བཟོས་ཡོད་ས་རེད།
ཁོ་ཚོས་བཟོ་བ་ནང་བཞིན་རྫུན་མ་བྱས་ཏེ། རང་གི་བརྩམས་ཆོས་དང་། ལྟ་གྲུབ་རྩལ་འདོན་བྱ་ཆོག་ན། ངས་ཀྱང་ལྟ་གྲུབ་དང་། ལོ་རྒྱུས་ཆ་ཚང་བསྒྱུར་ཏེ་གསར་པ་བཟོ་ཐུབ། འདི་དག་ཚང་མ་རང་རང་གིས་དབང་དུ་བཏང་ན་ག་ལ་འགྲིགས། དེང་སང་མང་གཙོ་རེད་ཟེར་དུས་གང་དྲན་དྲན་བྱེད་བསྡད་ན་ག་ལ་འགྲིགས། མང་གཙོ་ཡིན་ན་ཡང་ལོ་རྒྱུས་དང་མཐུན་པ། གནས་ལུགས་དང་མཐུན་པར་འགྲོ་དགོས་པ་ལས། མགོ་མཇུག་རྩ་བ་ནས་མེད་པར་གང་དྲན་བཤད་པ་དང་། གང་དྲན་བྱེད་བསྡད་ན་དེ་ལ་མང་གཙོ་་ག་ལ་ཟེར། ཧཧཧཧཧ མདོར་ན་གདོད་མའི་བོན་པོའི་ལུགས་སྲོལ་མེད་ལ། བོན་པོའི་མིང་འཁུར་བ་ལ་དགའ་བའི་བསྒྱུར་བོན་ལ་འཇུག་པ་ནི་བསམ་བློ་གཏོང་ཤེས་ན་ངོ་མ་ངོ་ཚ་དགོས་ནོ་ཞིག་རེད། ཡིན་ན་ཡང་ཁོ་ཚོའི་གདོང་ལ་ཁྲག་མེད་པའམ། ཁྲེལ་དང་ངོ་ཚ་ཞེས་པ་ངོས་མི་ཟིན་པ་གང་ལྟར་ཡང་། ད་དུང་རྫུན་མ་བཟོ་བཞིན་པ་རེད། བཟོས་ཚར་དུས་ལོ་སྟོང་ཕྲག་དང་། ཁྲི་ཕྲག་མིང་བཏགས་ཏེ་དྲ་ངོས་སུ་ཁྱབ་བསྒྲགས་བྱས་དང་། བྱེད་བཞིན་པ་འདི་དག་ལ་ལྟོས། ཧཧཧཧཧཧཧ
ངས་ཨིང་ལན་གྱི་དབྱིན་ཇི་རྒན་པོ་བོད་ཀྱི་ཡ་ཐོག་ལོ་རྒྱུས་ལ་ཆེད་དུ་ཞིབ་འཇུག་བྱེད་མཁན་ཞིག་ལ་བོན་ཟེར་བའི་མིང་ཚིག་ཡིག་ཐོག་ལ་འཁོད་པ་སྔ་ཤོས་དེ་གང་རེད་དྲིས། ལི་ཡུལ་དུ་རྙེད་པའི་བོད་དམག་གི་མཁར་ཤུལ་ནས་ཡུལ་ལྷའི་རྟེན་མཁར་ལྟ་བུ་ཞིག་གི་སྲོག་ཤིང་མིན་ནམ་སྙམ་པའི་དབྱུག་པ་ཞིག་གི་ངོས་སུ་བོན་པོ་ཟེར་བའི་ཚིག་ཅིག་ཡོད་པ་དེ་ནི་བོན་ཟེར་བའི་མིང་ཚིག་ཡིག་ཐོག་ལ་འཁོད་པ་སྔ་ཤོས་དེ་རེད་ཟེར། དེ་ནི་དུས་རབས་བརྒྱད་པ་ཙམ་ལ་བྲིས་པ་ཡིན་ངེས་རེད་ཟེར།
རེད་རེད་ཨོ་རྒྱན་ཉི་མ་ཕར་བསྒྱུར་ཚུར་བསྒྱུར་མང་པོ་བྱེད་ཚར་བ་རེད། དང་པོ་ཚུར་བསྒྱུར་བ་རེད། འཁོོར་བ་ལ་ངེས་འབྱུང་སྐྱེ་བའི་ཟོལ་བསྟན་ནས་དང་ཐོག་མགོ་བསྒྱུར་བ་རེད། ཟིང་ཟིང་ནས་རིལ་རིལ་བསྒྱུར་བ་རེད། གཉིས་པ་མདོག་བསྒྱུར་བ་རེད། སྐྱ་སྐྱ་ནས་དམར་དམར་བསྒྱུར་བ་རེད། གསུམ་པ་མིང་བསྒྱུར་བ་རེད། སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཆགས་པ་རེད། རབ་ཏུ་བྱུང་བའི་ཚུལ་མིང་འཛིན་པ་རེད། དེ་དག་ནི་བསྒྱུར་གྱི་ནང་ནས་ཚུར་བསྒྱུར་གྱི་ཟློས་གར་དང་པོ་དེ་འཁྲབ་པ་རེད། གཉིས་པ་ཕར་བསྒྱུར་བ་རེད། ཆགས་པའི་དབང་གིས་བསྟན་པའི་སྲོག་ཤིང་རྒྱང་དུ་དོར་ནས་འཁོར་བ་དང་དུ་ལེན་པ་རེད། རིལ་རིལ་ནས་ཟིང་ཟིང་དུ་ཕར་བསྒྱུར་བ་རེད། གཉིས་པ་མདོག་བསྒྱུར་བ་རེད། དམར་དམར་ནས་སྐྱ་སྐྱ་ཕར་བསྒྱུར་བ་རེད། གསུམ་པ་མིང་བསྒྱུར་བ་རེད། རབ་ཏུ་བྱུང་བའི་སྤྲུལ་སྐུ་ཨོ་རྒྱན་གཡེམ་ལས་སྤྱོད་པའི་ཤཀྱའི་དགེ་བསྙེན་ཞིག་ཏུ་བསྒྱུར་བ་རེད། ནམ་ཞིག་རང་གི་ཁ་ཕོར་དང་སྒྲོ་ལར་མཁའ་འགྲོ་མའི་བ་ག་བཅས་ལ་ཐུག་ན། ནང་ཆོས་ཡང་གཏན་ནས་དོར་ཏེ་ཆོས་མེད་སྨྲ་བའི་རིང་ལུགས་པ་ཞིག་ཀྱང་དུས་ཉེ་བ་ཉིད་དུ་བསྒྱུར་ཉེན་ཆེའོ།
ཨོ་རྒྱན་ཉི་མ་ལགས། ངས་ན་ཉིང་ཁྱེད་ལ་དགག་ལན་དུ་ཕུལ་བའི་༼“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།༽ཞེས་པ་དེ་དྲན་གསོས་ཀྱིན་འདུག་བས། དེ་དྲན་གསོས་ན་དེ་རིང་འདིར་ཁྱེད་་ཀྱིས་བྲིས་ཚད་ཀྱི་ལན་ཐམས་ཅད་བསྐྱར་ཟློས་དགོས་གི་མི་འདུག་དེར་གསལ་ཡོད།
སྐྱབས་གནས་མགོ་སེར་དང་སྐྱབས་གནས་པའུནཌ་ལ་བཅོལ་དུས། ཡིད་ཆེས་དགོས་པ་རེད། དེ་བོད་ཀྱི་ལོ་རྒྱུས་བདེན་མིན་འདྲི་དུས་མགོ་སེར་གྱིས་ཞེས་གསུངས་པའི་ཕྱིར་ཟེར་བའི་དུས་ལ་སླེབས་འདུག
བོད་ཀྱི་ལོ་རྒྱུས་མགོ་སེར་ལ་སྐྱབས་བཅོལ་མཁན་ཁྱེད་ཅག་རེད།
ད་ལྟ་དབྱིང་ལནཌ་དུ་སྐྱབས་བཅོལ་མགོ་སེར་ཡིན་གྱི་མ་རེད། ད་ཡང་གཞི་ནས་འུག་པའི་རྫུན་དྲུག་བཤད་མགོ་བརྩམ་དགོས་པ་རེད། བོད་ལ་རང་དབང་མེད་རབས་ཆབ་སྲིད་ལ་ལས་ཀ་བྱས་རབས་བོད་ལ་འདུག་བཟོད་མི་བདེ་རབས། ལོ་རྒྱུས་རྫུན་མ་ལུང་པ་བཅོ་བརྒྱད་བཤད་ནས་སྐྱབས་བཅོལ་ཞུ་སྟངས་ད་ངེད་ཚོས་ལོས་ཤེས།
བོན་པོ་ལ་ཡིད་ཆེས་རྒྱུ་ཅི་ཡོད། སྤྱིར་ཆོས་ལུགས་པ་ཐམས་ཅད་ལ་ཧར་ཏོག་ཙམ་ཡོད་མོད། བོན་པོ་ནི་ཧར་ནང་གི་ཡང་ཧར་རེད། ཨོ་ཉིས་བཤད་པ་བདེན། བོན་པོས་བོད་ཡིག་དང་དབྱིན་ཡིག་སྦྱར་མ་ཞིག་བཟོས་ནས་ཞང་ཞུང་གི་ཡི་གེ་རེད་ཟེར། ད་དུང་་་་་་་་
རེབ་གོང་གི་ཨ་ལགས་བོན་རྒྱ་སོགས་ཀྱིས་༢༠༠༩ལོར་བོན་པོ་བོད་མིན། བོན་པོས་ལོ་གསར་བྱེད་དགོས་ཞེས་ལབ་པ་རེད། དེ་ཇི་འདྲ་འདུག
བོན་དཀར་བོན་ནག་བོན་པོ་ཕྱི་པ་བོན་པོ་ལ་ཐན་དུ་ལྟས་ན་བོན་པོ་བོད་མིན་ཟེར་ན་ཨའོ་ཙམ་བོན་པོ་རང་བཙན་དགོས་ཞང་ཞུང་རང་བཙན་དགོས་བན་བོན་གཉིས་མཉམ་གནས་ནམ་ཡང་མི་ཡོང་ཟེར་ན་གཞི་ནས་ཧ་གོ་གི་རེད། ད་ལྟའི་བན་དེ་བས་བོན་ལ་བལྟ་སྟངས་འདི་ནི་རྒྱ་ནག་གིས་ཀྱང་དེ་ལྟར་ངན་དུ་བལྟ་གི་མེད། ཁས་གཅིག་བསྒྲིལ་མཐུན་ལམ་ག་ཚད་བཤད་ཀྱང་དེ་ག་རང་རེད། བོད་ལ་ཞེན་གྱིས་བཏབ་པའི་སྔོན་གྱི་མཆན་དེ་ཚོ་འདི་ན་ལེ་་དགོས་པ་འདྲ། ཡང་རྙིང་མ་ཡིན་པར་ཐག་ཆོད།
གངས་སེང་ལགས་་་་་ཀྱིས་དཔྱད་གཏམ་ལེགས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ
རང་བཙན་དགོས་ན་སྤྲད་ཆོག། མངའ་རིས་ཁུལ་དུ་ཚ་གཅིག་པུ་ཐོན་ཁུངས་ནི་མེད། རི་ཚང་མ་རྐམ་པོ། རྩི་ཤིང་ནགས་ཚལ་ཡང་མེད། ཞང་ཞུང་རྒྱལ་ཁབ་ཕུལ་ཆོག ཧཧཧཧ
ཁྱེད་ཚོས་རང་བཙན་རྩོད་རྒྱུའི་གྲ་སྒྲིག་ཡོད་པ་སྔར་ནས་རྟོགས་ཡོད།
བོན་པོ་དེ་ཚོས་སྔོན་ནས་ད་བར་འདི་འདྲས་རྫུན་བཟོ་བྱས་དང་། བྱེད་བཞིན་པ་རེད། ཁོ་ཚོས་ངའི་སྐོར་འདི་འདྲ་ཞིག་བཟོས་ཏེ་དྲ་རྒྱའི་གོང་ལ་བཀྲམ་འདུག ༼ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་མིའི་བྱམས་བརྩེ་དང་ཞི་བདེའི་ཐོག་མའི་འབྱུང་ཁུངས་མེས་པོ་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཙམ་ཞིག་མཇལ་མ་མྱོང་བ་འདི་ནི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་ད་ཆ་གཞི་ནས་རྟོགས་སོང་།我作为一个藏人来说,仅仅是没看过我们藏族的慈爱与和平的源头兴饶祖师的传记,我才知道这是一种最羞愧的事。I, as a Tibetan, it is just that we have not seen the love and peace of Tibetan origin Xing Rao founder’s biography, I realized that this is one of the most shameful thing. ༽ ཁོ་ཚོར་ངོ་ཚ་རྒྱུ་འདུག་གམ། ཧཧཧཧཧ་་་་་་་་་་ད་དུང་དེ་དང་མཉམ་དུ་ངའི་པར་ཞིག་ཀྱང་བཞག་འདུག འདི་འདྲ་རྐྱང་རྐྱང་བྱས་ཏེ་རྫུན་མ་བཟོ་བཞིན་པ་རེད།
་་་་་་་ དེ་ལྟར་ཐེག་པའི་གཏོགས་ཚོགས་ཀྱིས་ཁྱད་པར་འབྱེད་མ་ཤེས་ན་འགལ་འདུ་དུ་མ་ཞིག་ཐོན་ཀྱིན་ཡོད། དཔེར་ན་གཟི་བརྗིད་ལས་སྟོན་པ་སངས་རྒྱས་འགྲོ་བ་གཞན་ལས་ཁྱད་པར་འཕགས་པའི་རྟགས་སུ། རླུང་གི་ལྷ་མོས་ཞབས་ནས་བཏེགས་ཏེ། ཡུམ་གྱི་མཆན་ཁུང་གཡས་ནས་འཁྲུངས་པར་གསུངས་ཡོད། གཟེར་མིག་ནང་ལས་ཀྱིས་དབང་གིས་མ་ཡི་མངལ་སྒོ་ནས་ཐོན་པར་གསུངས། མདོ་འདུས་ནང་བདུད་ཀྱི་བར་ཆད་དབང་གིས་མ་ཡི་མངལ་སྒོ་སྲིན་གྱིས་བཀག དེ་ནས་མ་ཡི་གློ་གཡས་ནས་འཁྲུངས་པར་བཤད་པ་དེ་དག་གདུལ་བྱའི་བློ་ཡི་སྣང་ཚུལ་དབང་གིས་ཡིན་པ་མ་གཏོགས་གང་ཟག་གཅིག་ལ་སྐྱེ་ཚུལ་དུ་མ་ཞིག་ཡོང་མི་སྲིད་པ་ཡིན། ་་་་་ཟེར།
ཏ་སིག་་་་་
སྟག་གཟིག་་
རྟག་གཟིགས་་་
ལ་རིམ་པར་འཕོས་པ་དང་།
མ་འོངས་པར་ཅི་ཆ།
ཏ་སིག་ནི་ཨ་རབ་ཀྱི་སྐད་བོད་ལ་ཟུར་ཆགས་པ་དང་།
མི་བོ་ཆེ་བོ་ཡང་བོད་མངའ་རིས་ཀྱི་མི་ལས་ཨ་རབ་ཀྱི་མི་གཟུགས་སྟོབས་པས་ཡིན་ངེས།
དེ་སང་པན་འཇབ་ཟེར་བའི་མི་རིགས་འདི་མིན་ནམ་སྙམ།
སྔོན་ཆད་མི་རྣམས་ཕན་ཚུན་ལ་འགྲོ་འོང་དཀོན་པས་ཅུང་རིག་རྒོད་རྣམས་ཀྱིས་སྒྲུང་ག་རེ་བཟོས་བཟོས་རེད།
དེས་རྐྱེན་གྱིས་ཡུལ་ལུང་དང་ལོ་དང་དུས་སོགས་གཏན་ནས་མཐུན་སྲིད་ཀྱི་མ་རེད།
འགྲིག་འགྲིག་བཟོ་བ་ནི་ངལ་བའི་རྒྱུ་མ་རེད་དམ།
སངས་ཀྱི་ཡོན་ཏན་ལ་མཐའ་མེད་ན་མི་ལོ་ས་ཡ་མ་ཟད་དུང་ཕྱུར་མང་བོའི་སྔོན་ནས་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པ་རེད་ལབ་ཀྱང་སུས་རྒོལ་ནུས།
ང་ནི་བོད་པའི་བླ་མའི་ཆོས་ལ་ཡིད་ཆེས་ཀྱི་མེད་ལ་བོན་པོའི་བོན་ཡང་གེ་སེར་གྱི་སྒྲུང་ནང་བཞིན་རེད་འདུག་པས་ཡིད་ཆེས་བྱེད་ཤེས་མ་སོང་།
ཡིན་ན་ཡང་སྒེར་བའི་དད་མོས་ནི་རང་དབང་རེད།
གངས་སེང་གི་རྩོམ་ཡིག་དེ་ཀློག་ཡོང་དུས་དཔྱད་རྩོམ་ཞིག་ཡིན་པའི་སྣང་བ་བྱུང་མ་སོང་།
གངས་དཀར་ཏི་སེ་ཟེར་བའི་རི་རྡོག་རྡོག་དེ་ཡང་བཤད་མ་ཤེས་པར་མགོ་ཐོམས་ནས་ཡོད་པ་རེད།
ལོ་རྒྱུས་ནི་མི་ལ་བསྟན་པའི་ཆེད་དུ་རེད། མཆོད་ཁང་ལ་བཞག་ནས་རྨོངས་དད་བྱེད་ཡ་ཡིན་རྒྱུ་མ་རེད།
མི་ཡིས་དཔྱད་གཟོད་ཡོད་པ་ཞིག་འབྲི་རྒྱུ་གལ་ཆེན་པོ་རེད།
རྫུན་བཟོ་བྱས་ཏེ་མི་དམངས་ལོག་ལམ་དུ་འཁྲིད་ནུས་ཀྱང་དོན་ལ་ག་རེ་ཕན་ཐོག་ཡོད་རེད།
ངས་བསྟན་ན་འདི་ཚོ་ཚང་མས་ཕར་བཤད་ཚུར་བཤད་ག་ཚད་བཤད་ཀྱང་མཐར་ཐུག་ཆོས་བརྒྱུད་དཔང་བསྟོད་དང་ཞེན་ཁོག་ཁོ་ནའི་དབང་དུ་གྱུར་ཡོད།
གནས་ལུགས་ལ་དད་པ་ཡོད་དགོས་པ་ནི་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་རེད། གནས་ལུགས་ལ་ཕྱོགས་པའི་གང་ཟག་ལ། གནས་ལུགས་རྟོགས་མིན་གཉིས་སུ་ཡོད་ངེས་པས། ཚང་མ་ལ་སྐྱོན་བརྗོད་བྱེད་ན་ག་ལ་འགྲིགས། དེ་ཕྱིར་སྐྱོན་ཡོན་ཆེ་ཆུང་ལ་གཞིགས་ཏེ་ཐག་ཆོད་བྱ་དགོས་པ་ལས། རྙིང་པ་ཡོད་ཚད་ལ་རུལ་དྲི་ཁ་བ་དང་། གསར་བ་ཡོད་ཚད་གཙང་མར་ཞེན་པའི་འདུ་ཤེས་ནི་ལོག་པར་རྟོག་པ་ཁོ་ནའོ།།
ཆོས་ལུགས་ཚང་མ་དད་པའི་རྗེས་སུ་འབྲངས་ཏེ། རང་གི་གྲུབ་མཐའ་དད་མོས་ཀྱི་སྒོ་ནས་བཟུང་ན། སོ་སོ་ལ་བྱིན་རླབས་འཇུག་པ་ནི། ལ་དྭགས་པའི་གཏམ་དཔེར།
མོས་ན་ཁྱི་སོ་ལ་མེ་འབར།
འདི་ཉིད་བོད་དབུས་སོགས་བོད་ཡུལ་ཀུན་ཏུ་ཡོངས་གྲགས་ཆེ།
ངའི་ཐོས་པ་ལ་སྟག་གཟིག་ཅེས་པ་ད་ལྟའི་ཨི་རན་ཡུལ་ཡིན་པ་ཐོས། བོད་ཡུལ་དུ། ཆེས་སྔོན་དུས་སུ་མི་ཤི་བའི་རོ་ས་ལ་སྦལ་ཚུལ་དང་། དེ་ནས་སྟག་གཟིག་ལུགས། ཕུང་པོ་བྱ་རྒོད་ལ་སྦྱིན་ཚུལ་དར། ད་ལྟ་ཡང་ཨི་རན་ནས་བྲོས་ཤིང་། རྒྱ་གར་དུ་གཞིས་ཆགས་པ། པར་སིའི་ཆོས་ལུགས་པ་དག་གིས་ཕུང་པོ་བྱ་རྒོད་སོགས་ལ་སྟེར་བ་ཡོད་ཚུལ་ཐོས།
“སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་དག་ལ་གཟིགས་ན་ཞིབ་ཕྲར་མཁྱེན་ཐུབ།” རྗེ་བཙུན་འདི་ཉིད་སུ་ཡིན་ནམ། གསུང་འབུམ་པོ་ཏི་ག་ཚོད་ཡོད་དམ། གངས་སེང་མཆོག་གི་རྩོམ་ཡིག་འདི་རིང་དྲགས་པས་ཆ་ཚང་ཀློག་མ་ཐུབ། དིང་དུས་ཀྱི་ཁ་སྐད་ཀྱི་ཤ་ཞུགས་པའི་ཚིག་འགའ་ཞིག་མཐོང་སྣང་བྱུང་། གཅིག་ཆ་ན་དེ་དག་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་དག་ལ་བརྟེན་ནས་དག་པོར་བཟོ་ཐུབ།
“བཤད་སྟངས་མི་འཐུན་པ་དུ་མ་ཞིག་ཡོད།” འཐུན་དང་མཐུན་ཞེས་པ་སྡེ་དགེའི་བཀའ་འགྱུར་ན་ཡང་གཉིས་ཀ་འདུག་པས། དིང་སང་ཡོངས་ཀྱིས། མཐུན། ཞེས་པ་ཡོངས་གྲགས་བྱེད་ཀྱང་གང་དེ་དག་པ་ཡིན་ནམ།
རྒྱང་འཕེན་པའི་ལེགས་སྦྱར་སྐད་དོད། ལོ་ཀཱ་ཡ་ཏ འདི་ཉིད་བོད་སྐད་དུ། རྒྱང་འཕེན་པ། ཞེས་བསྒྱུར་ཀྱང་། འཕེན་པ་རྒྱ་བསྐྱེད་པའི་དོན་དུ་མཐོང་། དེས་ན། འཇིག་རྟེན་རྒྱ་བསྐྱེད་པ་ལ་གོ་དགོས་ཏེ། འདིའི་མིང་གི་རྣམ་གྲངས། ཚུ་རོལ་མཛེས་པ་པ། ཅཱརྦཱ་ཀ ཞེས་བྱ། རྒྱང་འཕེན་པ། ཞེས་བོན་གཞུང་དུ་ཇི་ལྟར་བཀོལ། གཞན་ཡང་། བོན་དཔེ་དག་པ་རྣམས་སུ། རྗེས་སུ་འབྲེང་། ཞེས་པ་འདུག་གམ།
སྟག་གཟིག་ཞེས་པ་འདི། ཏག་ཟིག་དང་ཏ་ཇིག་ཙམ་ལས་འཕྲོས་པའི་མིང་ཟུར་ཆག་ཅིག་མིན་ནམ་སྙམ་སྟེ། སེམས་ཅན་སྟག་དང་གཟིག་ལ་དོན་ཡོད་པའི་ཚིག་ཅིག་ལ་བོད་པས་བཟོས་པ་མིན་ནམ་སྙམ་པས་དཔྱད་དགོས་པ་མང་ངོ་།།
་་་་ དེའི་སྲས་དམུ་ཁ་སྤོ་མི་སྤོ་ཡིན། དམུ་ཁ་སྤོ་མི་སྤོ་ནི། གཉའ་ཁྲི་ཡབ་སྲས་ཀྱིས་བོད་ལ་གདན་འདྲེན་ཞུས་ཏེ་མཆོད་གནས་སུ་བཀུར་བའི་ལོ་རྒྱུས་ཀུན་མཁྱེན་ཤར་རྫ་པའི་ལེགས་བཤད་མཛོད་ལས་གསུང་ཡོད། ་་་་ཟེར།
་་་་་ དེར་བརྟེན་སྤྱི་ལོའི་སྔོན་གྱི་ལོ་༡༨༩༧ཡས་མས་ལ་སངས་རྒྱས་གཤེན་རབ་མི་བོ་འཇིག་རྟེན་ཁམས་ལ་བཞུགས་ཡོད་པ་གསལ་པོ་ཡིན། ཡ་མཚན་སྐྱེ་དགོས་པ་ཞིག་ནི་དར་རྒྱས་གསལ་སྒྲོན་ལས་གསུང་པའི་སྟོན་པའི་འདས་ལོ་དེ་རེད་འདུག ་་་་ཟེར།
་་་་ འོན་ཀྱང་བན་དྷེའི་ལུགས་ལ་ཡོངས་གྲགས་ལོ་ཐོའི་ནང་དུ་རྒྱུན་བཀོལ་གནང་རྒྱུ་སྤྱི་ལོའི་སྔོན་གྱི་ལོ་༡༢༧འདི་གཉའ་ཁྲིའི་འཁྲུངས་ལོ་ཡིན་པས་དེ་ལྟར་ན་རྒྱུ་མཚན་ཅུང་ཟད་ཡོད་སྲིད་ཀྱང་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་བསྡུར་ན་སངས་རྒྱས་ཀྱི་འདས་ལོ་ཉུང་དྲགས་པ་ཞིག་རེད་སྙམ། དེ་དག་ནི་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་གཞི་གལ་ཆེན་ཞིག་ཡིན་པས་བརྟག་པར་ཞུ། ་་་་ཟེར།
ཆང་རག་ གཉིས་ཀྱི་ ནང་ནས། ཨ་རག་ ཅེས་པའི་ ཚིག་འདི་ ཨ་རབ་ཀྱི་ ཚིག་ཅིག ཡིན་པ་ ལྟར། ཏག་ཟིག་ཀྱང་ དེ་དང་ མཚུངས་པ་ཅིག ཡོན་ དགོས་པས་ སོ།
འོལ་མོ་ལུང་རིང་། ་ལུང་གོང་མས་“འོལ་བུ་”ཞེས་པ་དང་འོག་མས་“འོམ་པོ་”ཞེས་པ་འདི་དག་ད་ལྟའི་དུས་སུ་ས་ཆ་ག་བ་ཡོད་རེད་དམ། མིང་གསར་པ་གང་ཐོགས་ཡོད་རེད་དམ། ལགས།
འོལ་མོ་ལུང་རིང་། ཞང་ཞུང་། གངས་ཏི་སེ། གསུམ་ལ་ ས་ཁད་ ཁྱབ་ ཆེ་ཆུང་ ག་འདྲ་ ག་འདྲ་ ཡོད་ རེད་དམ། ལགས།
སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་སྐོར་ལ་རོབ་ཙམ་དཔྱད་པ། ཞེས་པའི། སངས་རྒྱས་དང་། གཤེན་རབ། མི་བོ་ གསུམ་ག་ ལོ་རྒྱུས་ཀྱི་ མི་སྣ་ གཅིག་རང་ཅིག་ ཡིན་ནམ། ལགས།
ཨོ་ཉིའི་བོན་པོའི་བསམ་ཚུལ་ལ་རྒྱབ་བསྐྱོར་ཡོད། ཡིན་ནའང་བོན་པོ་རང་བཙན་དགོས་ན་མངའ་རིས་སྤྲད་རྒྱུ་མ་རེད། མངའ་རིས་དེ་ཆོས་རྒྱལ་སྲོང་བཙན་སྐབས་སུ་བོད་ཀྱི་མངའ་འབངས་སུ་ལེན་པས་མངའ་རིས་ཞེས་ཐོག་པ་རེད། བོན་པོས་དེ་དུས་ནས་ཤོར་བ་རེད། ཧ་ཧ་ཧ་ཧ། དེའི་སྔོན་ལ་མངའ་རིས་ལ་ཞང་ཞུང་ཟེར་སྐད་འདུག
འོལ་མོ་ལུང་རིང་ཟེར་བ་དེ་འོག་མིན་སྟུག་པོ་བཀོད་ལ་དཔེ་ཆོད་བྱས་ཏེ་བཟོས་པ་རེད།
སྲོང་བཙན་སྒམ་པོ་འདྲ་བའི་དཔའ་མཛངས་གཉིས་ལྡན་ཞིག་མེད་ན་ཞང་རྒན་འདི་ཚོ་ཐུབ་ནི་མ་རེད། ཧཧཧཧ
ཏུན་ཧོང་གི་ཡིག་ཆ་རྫུན་མ་ཐོག་མ་བོན་གྱིས་བཟོས། གཉིས་པ་རྒྱ་ཡིས་བཟོས། གསུམ་ཡང་བོན་པོ་བཟོས། ཏུན་ཧོང་ཡིག་འཁྱམས་ལ་ཡིད་ཆེས་གཏན་ནས་མེད་དོ།།
ཨོ་ཉི་ལགས།
བོན་ཆོས་འདི། བོད་ཆོས་གཅིག ཡིན་ཙང་ སྲུང་སྐྱོབ་ བྱ་རྒྱུ་ ང་ཚོ་ ཚང་མས་ ལས་འགན་རེད། འོནད་ཀྱང་། ལོ་རྒྱུས་ལ་ དག་ཐེར་ བྱས་ན་ མི་འགྲིགས་པ་ མེད།
རྣམ་དཔྱོད་ལྡན་པ་རྒན་ལ་དྭགས་པ་ལགས། གངས་སེང་གིས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཞུས་པ་དེ་ད་ལྟའི་ཆར་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་གཡུང་དྲུང་བོན་གྱི་དགོན་པ་དཔལ་ཁྲི་བརྟན་ནོར་བུ་རྩེར་བཞུགས་པའི་བོན་པོའི་མཁས་དབང་འགྲན་ཟླ་དང་བྲལ་བ་ཁོང་རེད། རིན་པོ་ཆེའི་གསུང་འབུམ་པོད་བཅུ་གསུམ་ཙམ་དཔར་བསྐྲུན་གྲུབ། ད་དུང་པོད་ཁ་ཤས་ཞིག་གསུངས་སྐད་ཐོས། །
ཚང་མས་གཏམ་བརྗོད་རང་དབང་ལ་འགན་ལེན་དང་བརྩི་བཀུར་ཞུས་ནས་རྣམ་དཔྱོད་ལྡན་པའི་མཆན་སྤེལ་བ་དེ་ཚོར་དགའ་བསུ་ཡོད། ཆགས་སྡང་གི་དབང་ལ་མི་འགྲོ་བའི་འབོད་སྐུལ་ཞུ་བ་དང་ཆབས་གཅིག་གུས་པར་འདྲི་བ་ཞིག་ཡོད་པ་དེ་བོན་པོ་མཁྱེན་ལྡན་རྣམ་པས་ལན་ཞིག་བསྟེར་རོགས་གྱིས།
བོད་ཀྱི་བཤད་སྲོལ་ལ་བོན་པོ་ཚོ་དམར་མཆོད་འབུལ་བ་དང་སེམས་ཅན་གྲངས་མེད་གསོན་པོར་བཤལ་ནས་མཆོད་རྫས་ལ་འབུལ་བར་བྱེད་ཅེས་ངག་རྒྱུན་ལ་འདུག རྗེས་སུ་ཡིག་ཐོག་ནས་ཀྱང་མཐོང་།
ངས་སྔོན་མ་འདིའི་སྐོར་ལ་འདྲི་བ་དྲིས་པས། མཆན་པ་བན་དེ་ཞུ་བ་དང་དེ་བཞིན་གཞན་Bonpoཞུ་བ་ཞིག་གིས། དེ་སྔར་གྱི་གདོད་མའི་བོན་པོ་ཡིན་པར་ལན་གནང་སོང་།
འདི་ལྟར་ཡིན་ན། སྟོན་པ་གཤེན་རབས་སྟོན་པ་ཤཀྱ་ཐུབ་པའི་སྔོན་ལ་ལོ་སྟོང་གཅིག་དང་དྲུག་བརྒྱ་ལྷག་གི་སྐབས་ལ་བྱོན་འདུག་པས། བོད་ནང་ལ་བོན་པོ་ཆོས་དམར་མཆོད་འབུལ་སྐབས། སྟོན་པ་གཤེན་རབས་ཀྱིས་ཀྱང་དམར་མཆོད་བཞེས་ཀྱི་ཡོད་དམ། འདི་དྭོགས་གཞི་ཅན་གྱི་འདྲི་བ་ཞིག་ལས་ཆགས་སྡང་མིན།
བོན་པོས་རི་དྭགས་ཤ་བ་ཡུ་མོ་སྟོང་ཕྲག་བསད་པ་བན་དེའི་རྣམ་ཐར་ལོ་རྒྱུས་འགའ་ཞིག་ནས་གསལ་མོད་བོན་གྱི་ལོ་རྒྱུས་རྣམ་ཐར་གང་དུའང་དེ་ལྟར་གསབ་མེད་པས་མ་ཚད། ཚན་རིག་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི། ལྷ་སྲས་དར་མའི་སྐོར་གྱི་དེ་་རྡ་ས་བོད་ཀྱི་དཔེ་མཛོད་ནས་པར་སྐྲུན་གནང་བར་གསལ་པོར་བཀོད་འདུག་པས་དེ་ཡིས་འཐུས།
རྒད་པོ་ཉམས་མྱོང་ཅན་ལ་ངས་རྒྱུས་མེད་རྒྱུས་ཡོད་བྱེད་པའི་བཟོ་འདྲ་ཞིག་མཐོང། འོན་ཀྱང་མིས་ཅི་སྨྲ་ལ་མི་ཉན་པར། མིས་ཅི་བགྱིད་ལ་ལྟོས་ཟེར་བ་ལྟར། བོན་པོས་ཅིག་ཞིག་བྱེད་ཀྱི་འདུག བོན་པོས་ཉམས་ལེན་གང་གནང་གི་འདུག བོན་པོའི་དཔེ་ཆ་ལོ་རྒྱུས་རྣམ་ཐར་རྒྱལ་རབས་སོགས་ནས་དམར་མཆོད་ཕུལ་གྱི་ཡོད་མེད་གཟིགས་དགོས་རྒྱུ་ནི་གལ་ཆེན་པོ་རེད། དེ་མིན་ཆོས་ལུགས་ཆགས་སྡང་གི་དབང་གིས་གཞན་གྱི་ཆོས་ལུགས་ལ་ལེགས་པའི་ཆ་ཡོད་རབས་ཤོད་མཁན་ཤིན་ཏུ་ནས་ཉུང།
སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་འདི་ལྟར་གསུངས་འདུག
རང་གི་གཟུགས་ཀྱི་ཕུང་པོ་ལ། ཚེར་མ་གཅིག་ཀྱང་མི་བཟོད་པར། གཞན་དག་སེམས་ཅན་མང་པོ་ཡི། སྲོག་གཅོད་ཤ་ལ་ཟ་དགོས་ཟེར། ག་ལའི་སེམས་ཅན་བདུད་རིགས་ཅིག ཅེས་དང། རྒྱུ་ཡི་ཐེག་པ་སྡིག་མ་འདྲེས། སྡིག་འདྲེས་མཆོད་པས་ལྷ་མི་དམྱེས། ཞེས་དང། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག ཅེས་དང། བྱམས་པའི་སེམས་ཀྱིས་བདུད་ཀྱང་བཏུག་པར་འགྱུར། ཅེས་དང། སེམས་ཅན་རྣམས་ལ་གནོད་བྱས་ན། བདེར་གཤེགས་མཆོད་པས་ཅི་ལ་ཕན། ཞེས་དང། སེམས་ཅན་རྣམས་ལ་གནོད་པ་ནི། ཡིད་ཀྱི་ཡུལ་དུ་མི་བསམ་མོ། ཞེས་པ་ལས་སོགས་ཀྱི་ལུང་འདི་དག་རྣམས་ནི་སྟོན་པ་གཤེན་རབ་ཀྱི་གསུང་ཁོ་ན་ལས་དྲངས་བ་ཡིན་པས་དེ་མིན་བཀའ་དང་བཀའ་བརྟེན་གྱི་ལུང་མང་དུ་ཡོད་འདུག རྒྱུ་མཚན་འདི་དག་ལ་བརྟེན་ནས་བོན་པོའི་བླ་ཆེན་ཕལ་ཆེར་དཀར་མཆོད་ལས་དམར་མཆོད་པ་མཐོང་ཐོས་སུ་མེད།
གྲུབ་མཐའི་ཆགས་སྡང་མ་བྱེད་ན་ལེགས། ཞིབ་ཏུ་བསམ་བློ་རེ་བཏངས་ན་བོན་དང་རྙིང་མ་གཉིས་ལ་ཁྱད་པར་མི་འདུག་བསམ་བྱུང་། བོན་པོས་རྙིང་ཆོས་བསྒྱུར་ཀྱང་རུང་རྙིང་མས་བོན་པོ་བསྒྱུར་ཀྱང་རུང་། གང་ལྟར་ལྟ་སྒོམ་སྤྱོད་གསུམ་མ་ནོར་བ་ཞིག་ཡོད་ན་དེ་ལ་སྐྱོན་ཅི་ཞིག་ཡོད། འཇིག་རྟེན་འདིའི་ཤེས་བྱ་ཐམས་ཅད་གཅིག་གིས་གཅིག་ལ་དཔེ་བྱས་ནས་བཟོས་པ་ཡིན་པ་སྨོས་ཅི་དགོས། ངས་བོན་གཞུང་མང་བོ་ཞིག་བཀླགས་པ་ཡིན་། གཞུང་དེ་དག་ན་ལྟ་སྒོམ་སྤྱོད་གསུམ་གང་བྱས་ཀྱང་བྱམས་པ་དང་སྙིང་རྗེ་རྩལ་དུ་བཏོན་ནས་གསུང་འདུག ཆོས་ལུགས་གང་ཞིག་ཡིན་ཀྱང་བྱམས་བརྩེ་ཚད་མེད་པ་ཞིག་ཡོན་ན་དེ་ལས་མ་ཆོག་པ་ཞིག་མེད་སྙམ། རིན་ཆེན་གཏེར་མཛོད་ནང་དུ་བོན་གཞུང་ཁ་ཤས་ཡོད་ཚོད་འདུག དེ་ནི་རྙིང་མ་ལ་ཆོས་ཀྱིས་མ་འདངས་ནས་བོན་པོས་ཁ་སྐོང་བྱས་པ་ཞིག་ཀ་ལ་ཡིན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཆོས་ལུགས་ཕན་ཚུན་ལ་ཆགས་སྡང་མི་བྱེད་པའི་ཆེད་དུ་རེད་སྙམ། འདི་ནི་ངའི་བསམ་ཚུལ་ཙམ་ཡིན།།
བོན་པོའི་ལོ་རྒྱུས་ནང་དམར་མཆོད་སྐོར་ཡོད་མི་སྲིད་པ་རེད། ཁོ་ཚོའི་ལོ་རྒྱུས་གསར་བཟོས་བྱས་པ་རེད། གསར་པོ་བཟོ་དུས་སྐྱོན་ཡོད་ཚད་སྦས་ཏེ་བཟོ་བ་ལས་སྐྱོན་བཤད་མཁན་དཀོན་པོ་རེད། ད་ལྟའི་བོན་པོའི་རྫོགས་ཆེན་དང་། རྙིང་མའི་རྫོགས་ཆེན་གཉིས་ཚིག་ཙམ་ལས་དོན་འདྲ་པོ་རེད། གང་ཡིན་ཞེ་ན་ཀུན་བྱེད་རྒྱལ་པོ་སོགས་རྒྱུད་བཅུ་བདུན་དང་། ཀློང་ཆེན་མཛོད་བདུན་ཚང་མ་ཁོ་ཚོས་བསྒྱུར་ཚར་བ་རེད། དེ་ཙམ་དུ་མ་ཟད་ཚད་མ་དང་། དབུ་མའི་སྐོར་དགེ་ལྡན་པ་དང་དོན་གཅིག་པ་རེད། ཀོང་སྤྲུལ་གྱིས་བཀའ་རྙིང་གཉིས་གཙོ་ཆེར་བཟུང་བ་ཙམ་དུ་མ་ཟད། བོན་པོ་ལ་དད་པ་དང་དག་སྣང་ཆེན་པོ་རེད། ཁོང་མཁས་པ་ཆགས་ས་རྙིང་མ་ནས་རེད། གདུལ་བྱ་སྐྱོང་ས་བཀའ་བརྒྱུད་དང་། རྙིང་མ། བོན་པོ་སོགས་ལ་རེད། ཁོང་བོན་པོ་ཐུགས་ཞེན་ཆེ་བ་དེ་འཁྲུངས་ས་བོན་ཡིན་པ་ཙམ་དུ་མ་ཟད། བསྒྱུར་བོན་ལ་དད་པ་དང་། དག་སྣང་བྱས་ཀྱང་ལྟ་གྲུབ་དངོས་མ་ལས་འགལ་མེད་དུས་རྩ་ནས། ལམ་ལོག་པར་མ་སོང་བའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། རེད་དེ་བོན་པོའི་ལོ་རྒྱུས་ལ་ཀོང་སྤྲུལ་ཕེབས་ཀྱང་ངོས་ལེན་མི་གནང་བ་ཁོ་ཐག་རེད། བོན་པོའི་འདོན་པའི་གཏེར་ཁ་ཕལ་ཆེ་བ་ཨོ་རྒྱན་པདྨའི་ཟབ་གཏེར་རེད། ཁོང་གིས་ཐུགས་རྗེ་དང་། སྨོན་ལམ་ལ་བརྟེན་ནས་བསྒྱུར་བོན་གྱི་ཆེད་དུ་བཞག་པ་རེད། ཡིན་ན་བསྒྱུར་བོན་དེ་ཚོས་ལོག་འགྲེལ་རྐྱང་རྐྱང་མི་ཚེ་རྫོགས་ཏེ། གུ་རུ་རིན་པོ་ཆེར་དགྲ་རུ་ལྟ་བཞིན་ཁོང་གི་གཏེར་ཆོས་ལ་ལོངས་སུ་སྤྱོད་བཞིན་པ་རེད།
བོན་པོ་དང་ཆོས་པ་གང་ཞིག་དང་ལྷག་དོན་ནང་པ་ཞིག་ཡིན་ཙམ་གྱིས། ཆོས་ལུགས་གཞན་ལ་བརྩི་བཀུར་དང་དག་སྣང་སྦྱོང་དགོས་རྒྱུ་ཡོད་པ་ནི་གཞི་རྩའི་ལྟ་བ་རྟེན་བྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཞེས་ནམ་རྒྱུན་ཕྱར་ཕྱར་ངོམ་ངོམ་བྱེད་བཞིན་པ་དེ་རེད། སོ་སོ་བླ་མ་སྤྲུལ་སྐུའི་མཚན་ཡོད་མཁན་ཞིག་ཡིན་ན་ཨ་ཅང་ཆེས་ཏེ་ནང་པ་ཕལ་པ་ཞིག་ཡིན་ནའང་། ༸གོང་ས་མཆོག་གིས་གཞན་ལ་ཕན་མ་ཐོག་ནའང་གནོད་མ་སྐྱེལ་གསུངས་པ་དེར་དང་ལེན་ལོས་བྱ་དགོས།
བོན་ཆོས་དེ་ཡག་སྡུག་གང་ལྟར་ང་ཚོ་ཁ་བ་གངས་ཅན་པའི་མེས་པོ་ཚོས་སྲོལ་གཏད་པ་དང་། དེ་ནས་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ཉམས་ལེན་དང་བེད་སྤྱད་ཡོད་ཚོད་འདུག དེ་ཕྱིར་བོན་པོའི་ཆོས་དང་རིག་གཞུང་ནི་བོད་ས་རང་གི་ཐོག་ནས་དར་བ་དང་། གངས་ཅན་ཕ་མེས་ཀྱིས་བོད་མི་རིགས་ལ་བཞག་པའི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང་རིག་གཞུང་ཞིག་ཡིན་སྟབས་བཀུར་འོས། འོན་ཀྱང་ཕྱིས་སུ་བོན་པོ་གསར་པ་ཟེར་བ་དེ་ཚོས་དག་སྣང་སྦྱངས་ཀ་ཐལ་ནས་བོན་ཆོས་དབྱེར་མེད་ཀྱི་གཞུང་འདྲ་བོ་བརྩམས་ཡོད་པར་ཐོས། དེ་ཚོ་ཡག་པོ་མ་རེད། བོན་པོ་ཁོ་རང་ཚོ་ལ་ལྟ་སྒྲུབ་དང་ཉམས་ལེན་གང་ཡོད་ན་དེ་དེ་ག་རང་བཞག་ན་ཡག་གི་རེད་དྲན། གང་ལྟར་གཡུང་དྲུང་བོན་པོ་ཚོས་བོད་ཕ་མེས་ཀྱི་རིག་གཞུང་བདག་པོ་གནང་བར་གུས་དུད་ཞུ།།
དེ་རིང་ཨོ་རྒྱན་ཉི་མས་གསུངས་པ་གཅིག་ལ་ནོར་འཁྲུལ་ཤོར་འདུག ཀུན་བྱེད་རྒྱལ་པོ་སོགས་རྒྱུད་བཅུ་བདུན་ཞེས་པ་ཀུན་བྱེད་རྒྱལ་པོ་རྒྱུད་བཅུ་བདུན་གྱི་ནང་ཚན་ཡིན་ལ་ལྟ་བུར་གསུངས་པ་དེ་འགྲིགས་མ་སོང་། རྒྱུད་བཅུ་བདུན་གྱི་ནང་ན་ཀུན་བྱེད་རྒྱལ་པོའི་རྒྱུད་ཟེར་བ་ཞིག་མེད་བསམ་སོང་། ངས་རྫོགས་ཆེན་གྱི་རྒྱུད་སྡེའི་སྐོར་ལ་དོ་སྣང་ཅུང་ཞིག་བྱས་པ་ཡིན། རྫོགས་པ་ཆེན་པོའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དགའ་རབ་རྡོ་རྗེའི་གསུངས་པའི་རྫོགས་པ་ཆནེ་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་གསུམ་ཞེས་པ་དེ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས་པའི་ནང་ནས་ད་ལྟའི་རྒྱུད་བཅུ་བདུན་ཟེར་བ་དེ་རྫོགས་པ་ཆེན་པོ་མན་ངག་སྡེའི་རྒྱུད་སྡེ་དག་རེད་འདུག ཀུན་བྱེད་རྒྱལ་པོ་ཟེར་བ་དེ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཞིག་རེད་བསམ་སོང་། གཅིག་བྱས་ན་ངས་ནོར་བ་ཡིན་འགྲོ། སྤྱིར་ན་ངས་རྫོགས་ཆེན་ཅང་མི་ཤེས།
དྲ་གྲོགས་ལྷན་རྒྱས་ཀྱིས་བགྲོ་གླེང་ཡག་པོ་གནང་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་གིན་ཡོད།
་་་་་་ ཁོང་བོན་པོ་ཐུགས་ཞེན་ཆེ་བ་དེ་འཁྲུངས་ས་བོན་ཡིན་པ་ཙམ་དུ་མ་ཟད། བསྒྱུར་བོན་ལ་དད་པ་དང་། དག་སྣང་བྱས་ཀྱང་ལྟ་གྲུབ་དངོས་མ་ལས་འགལ་མེད་དུས་རྩ་ནས། ལམ་ལོག་པར་མ་སོང་བའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། རེད་དེ་བོན་པོའི་ལོ་རྒྱུས་ལ་ཀོང་སྤྲུལ་ཕེབས་ཀྱང་ངོས་ལེན་མི་གནང་བ་ཁོ་ཐག་རེད། བོན་པོའི་འདོན་པའི་གཏེར་ཁ་ཕལ་ཆེ་བ་ཨོ་རྒྱན་པདྨའི་ཟབ་གཏེར་རེད། ཁོང་གིས་ཐུགས་རྗེ་དང་། སྨོན་ལམ་ལ་བརྟེན་ནས་བསྒྱུར་བོན་གྱི་ཆེད་དུ་བཞག་པ་རེད། ཡིན་ན་བསྒྱུར་བོན་དེ་ཚོས་ལོག་འགྲེལ་རྐྱང་རྐྱང་མི་ཚེ་རྫོགས་ཏེ། གུ་རུ་རིན་པོ་ཆེར་དགྲ་རུ་ལྟ་བཞིན་ཁོང་གི་གཏེར་ཆོས་ལ་ལོངས་སུ་སྤྱོད་བཞིན་པ་རེད། ་་་་ཟེར།
ངས་དགེ་ལྡན་པ་དག་རིས་མེད་པ་ཆེན་པོ་ཡིན་པ་དག་སྣང་བྱེད་བཞིན་ཡོད་པ་ལ། དེང་གི་བོན་པོ་ནི། དགེ་ལྡན་པ་ལས་ཀྱང་ལྷག་པའི་རིས་མེད་པ་ཆེན་པོ་ཡིན་ཚོད་འདུག ཨེ་མ་ཧོ། ངོ་མཚར་ཆེ།
་་་་ འདི་ལྟར་ཡིན་ན། སྟོན་པ་གཤེན་རབས་སྟོན་པ་ཤཀྱ་ཐུབ་པའི་སྔོན་ལ་ལོ་སྟོང་གཅིག་དང་དྲུག་བརྒྱ་ལྷག་གི་སྐབས་ལ་བྱོན་འདུག་པས། བོད་ནང་ལ་བོན་པོ་ཆོས་དམར་མཆོད་འབུལ་སྐབས། སྟོན་པ་གཤེན་རབས་ཀྱིས་ཀྱང་དམར་མཆོད་བཞེས་ཀྱི་ཡོད་དམ། འདི་དྭོགས་གཞི་ཅན་གྱི་འདྲི་བ་ཞིག་ལས་ཆགས་སྡང་མིན། ་་་་ཟེར།
གདོད་མའི་བོན་ནི་ང་ཚོ་བོད་གངས་ཅན་པ་ཡོངས་ཀྱི་རིག་གཞུང་དང་དད་མོས་ཀྱི་གཞི་རྩ་དེ་རེད། དེ་ལ་ཁུངས་ཐུག་མེད་ཟེར་ནའང་ཐུག་བསྡད་ཡོད་རེད་ལ། ཁུངས་ཐུག་བསྡད་ཡོད་རེད་ཟེར་ན་ད་ཡིན་དགོས་བྱུང་། བོད་ཡུལ་དུ་བན་དེའི་ཆོས་ལུགས་དེ་བཟོ་རྟ་ཏོག་ཙམ་ཐོན་པ་དེ་ནི་གདོད་མའི་བོན་དང་བོན་པོའི་དཀའ་དྲིན་རེད། རྒྱུ་མཚན་ནི་བན་དེའི་ཆོས་ལུགས་སླེབས་ས་ཡུལ་ལུང་ཁ་ཤས་ཡོད་ཀྱང་། འོན་ཏེ་བོད་ཡུལ་དུ་བན་ལུགས་འདི་ལ་ཏོག་ཙམ་སྤུ་རིས་བཟང་བ་ཡོད་དགོས་ཡག་འདི་ནི། རང་ཡུལ་དུ་སྔར་ནས་ཡོད་པའི་བོན་ལུགས་དེ་གཞི་རྩ་བརྟན་པོ་ཞིག་ཡོད་པ་དང་རིག་གཞུང་ཕྱུག་པོ་ཡོད་པའི་རྐྱེན་ལ་བརྟེན་ནས་བྱུང་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་དོ། །
གདོད་མའི་བོན་དེ་ག་འདྲ་ཞིག་རེད། དེང་སང་གི་བོན་པོ་ཚོས་གདོད་མའི་བོན་ཉམས་ལེན་བྱེད་ཀྱིན་ཡོད་དམ་མེད། བོད་ཀྱི་བན་དེའི་ལུགས་སུ་གདོད་མའི་བོན་གྱི་ཤུགས་རྐྱེན་ཞུགས་པའི་དཔེ་མཚོན་གང་དང་གང་ཡོད།
དྲིས་ལན་མགོ་རྙོག་མི་ཡོང་ཆེད་གདོད་མའི་བོན་ལ་རིགས་གཉིས་སུ་ཡོད་པ་གསལ་བོར་བྱས་ན་སྙམ། དང་པོ་ནི་བོན་སྟོན་གཤེན་རབ་ཀྱིས་གཡུང་དྲུང་གི་བོན་ཞང་ཞུང་ནས་བོད་དུ་མ་སྤེལ་བའི་ཡར་སྔོན་བོད་དུ་བོད་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ལ་མཆོད་བསྟོད་དང་དམར་མཆོད་བྱེད་པའི་ཡུལ་སྲོལ་གོམས་གཤིས་ལ་གདོད་མའི་བོན་དང་། གཉིས་པ་ནི་རྒྱ་གར་གྱི་ནང་ཆོས་བོད་དུ་མ་དར་བའི་ཡར་སྔོན་ཞང་ཞུང་དུ་བོན་སྟོན་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་གི་བོན་ལའང་གདོད་མའི་བོན་ཞེས་ཐ་སྙད་སྦྱར་ཆོག གང་ཡིན་ཟེར་ན་སྐབས་འདིར་གདོད་མ་ཞེས་པ་ནི་དུས་སྔ་མོ་ཞིག་སྟོན་བྱེད་དུ་གོ དེས་ན་དེང་སང་གི་བོན་པོ་ཚོས་སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གདོད་མའི་བོན་ཉམས་ལེན་བྱེད་ཀྱི་ཡོད་ལ་དམར་མཆོད་སོགས་གདོད་མའི་བོད་ཀྱི་སྲོལ་རྒྱུན་ལག་ལེན་དེ་རྩ་བ་ནས་བེད་སྤྱོད་གཏོང་གི་མེད། བོད་ཀྱི་བན་དེའི་ལུགས་སུ་གདོད་མའི་གཡུང་དྲུང་གི་བོན་གྱིས་ཤུགས་རྐྱེན་ཞུགས་པ་ཤིན་ཏུ་མང་། དཔེར་ན་མདོ་ཕྱོགས་ནས་བོད་ཀྱི་རྣམ་དག་འདུལ་བ་འཛིན་པའི་ཕྱི་ཚུལ་ནང་ཁྲིམས་ཀྱི་རྒྱུད་ཁུངས་དང་། གསང་སྔགས་ཕྱོགས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་བན་དེའི་ལུགས་སུ་རྒྱ་ཁྱབ་ཏུ་གྱུར་བ་སོགས་ཀྱིས་མཚོན་གདོད་མའི་བོན་གྱིས་བན་དེར་ཤུགས་རྐྱེན་ཞུགས་པ་རབ་ཏུ་མང་ངོ་། །
བོན་གྱིས་དམར་ཆོད་འཕུལ་གྱི་ཡོད་པ་བཙན་པོ་སྲོང་བཙན་སྔོན་གྱི་ལོ་རྒྱུས་བཀོད་པའི་བོད་ཀྱི་ལོ་རྒྱུས་རྒྱ་བོད་ཀྱི་ཡིག་ཆ་རྙིང་པ་ཀུན་ནང་གསལ་ཡོད། དེས་ན་རྟ་བོང་ར་ལུག འབྲི་གཡག་སོགས་དུད་འགྲཀ་དམར་མཆོད་དུ་འཕུལ་བ་བཤད་མི་དགོས་པ་མངོན་གསལ་ཡིན་ལ། ད་དུང་དོགས་པ་ཞིག་ཡོད་པ་ནི་བུད་མེད་དང་བྱིས་པ་སོགས་མི་དམར་མཆོད་འཕུལ་གྱི་མེད་དམ་སྙམ་པ་ཞིག་ལོ་རྒྱུས་དང་བཤད་རྒྱུན་ཁ་ཅིག་ནང་ཡོད།
དམར་མཆོད་ཕུལ་མཁན་གྱི་གདོད་མའི་བོན་དང་དམར་མཆོད་མི་ཕུལ་མཁན་གྱི་གདོད་མའི་བོན་གཉིས་ཀྱི་བར་ན་འབྲེལ་བ་ཨེ་ཡོད། ཡོད་ན་འབྲེལ་བ་ག་འདྲ་ཡོད། དམར་མཆོད་མི་ཕུལ་མཁན་གྱི་གདོད་མའི་བོན་ལས་དམར་མཆོད་མི་འབུལ་མཁན་གྱི་གདོད་མའི་བོན་བྱུང་བ་ཨེ་ཡིན། སྟོན་པ་སུ་ལ་བརྟེན། ས་ཆ་གང་ནས་བྱུང་། དུས་ཚོད་ནམ་ཞིག་ལ་བྱུང་། སྤྱི་ཚོགས་གང་དང་གང་ལ་ཁྱབ།
མཁས་དབང་ནམ་མཁའི་ནོར་བུའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོའི་མངོན་བརྗོད་སྐབས་སུ།
བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཀྱི་སྐོར་དེ་སྟོན་གཤེན་རབ་མི་བོ་བྱོན་པའི་དུས་བར་དུ་འགྲོ་ཐུབ་པ་དེས་བོད་ཀྱི་ཤེས་རིག་དང་། ལོ་རྒྱུས་ཀྱི་ཁུངས་དེ་ལོ་རྒྱུས་ཡོད་པ་ནས་བཟུང་ད་ལྟ་ཆུ་ཕོ་ཁྱིའི་ལོ་འདིའི་བར་མི་ལོ་སུམ་སྟོང་བརྒྱད་བརྒྱ་སོ་དགུ་འདས་པ་བསྟན་ཐུབ་ཀྱི་ཡོད། དེའི་སྐོར་ལོ་དུས་ཞིབ་གསལ་ནི་གཞུང་འདིར་བོན་གྱི་བྱེ་བྲག་སྐོས་ཤེས་རྩིས་མཁན་བཤད་པའི་སྐབས་ཤ༽ ༣༦༦ ་་་ ༣༦༩ གསལ་པོར་བསྟན་ཡོད། ་་་་་ཟེར།
འབྲོག་དགེ་ལྡན་པའི་དགེ་བཤེས་ཞིག་དང་ངེད་གཉིས་ཀྱིས་མཚན་ཉིད་རིག་པའི་ལམ་ནས་འབྲེལ་བ་གཉིས་ཀྱི་སྐོར་ལས་འཕྲོས་ཏེ་རིག་པའི་གདར་གཅོད་དུ་མུ་གསུམ་མུ་བཞི་རྩོད་ཚེ་གཞན་ཁག་ཅིག་དྲན་པ་འཐོར་བའི་ཉན་ཁ་ཡོད་པ་རེད། ཨ་ལ་ཀུ་རེ་ཡིན། གསལ་བོར་ཞུས་ན་གཡུང་དྲུང་གི་བོན་ནི་ཞང་ཞུང་ནས་བྱུང་ཞིང་སྟོན་པ་གཤེན་རབ་ཀྱིས་སྲོལ་གཏད། བོད་ཀྱི་གདོད་མའི་དམར་མཆོད་ལུགས་སྲོལ་ནི་བོད་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཚོས་ཡུལ་ལྷ་གཞི་བདག་ལ་མཆོད་འབུལ་སོགས་ཡུལ་གྱི་སྲོལ་རྒྱུན་ལྟ་བུར་གྱུར་བ་ལས་སྟོན་པ་འདི་ཞེས་ཡོད་མེད་མ་ཤེས། བྱུང་བའི་དུས་ཚོད་ནི་བོད་ཀྱི་འགྲོ་བ་ཆགས་པའི་དུས་རབས་ལ་དཔག་སྟེ་དཔྱད་དགོས། ཁྱབ་ཚད་བོད་ཡུལ་རུ་བཞིའི་ས་ཁྱོན་གང་སར་ཁྱབ་ཡོད་སྙམ། །
དྲྭ་གྲོགས་ཚོ་དྲང་བདེན་ལ་འཚོལ
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐོར་ལ་ལན་གསུངས་པར་བཀའ་དྲིན་ཆེ། གལ་ཏེ་བལ་ཡུལ་དུ་སླེབས་ན། བོད་ཀྱི་མཁས་དབང་སྐྱེས་བུ་དམ་པ་དེ་དངོས་མཇལ་ཞུ་བའི་རེ་འདུན་དང་། གང་གི་གསུང་དཔེ་ཞིག་ལག་ཏུ་འབྱོར་ཐབས་དང་ཀློག་མཇལ་ཞུ་ངེས་ལགས།
ཞར་བྱུང་དྲ་རྒྱའི་མཁས་པ་ཞིག་གིས།
“དེའི་རྒྱབ་ལོག་ན་” ཞེས་བྲིས་པར་བདག་བོད་སྐད་ཀྱི་དག་ཆ་སྲུང་མཁན་ཡིན་པའི་ཆ་ནས། “དེའི་རྒྱབ་ལོགས་ན་”་ཞེས་འབྲི་དགོས། འོན་ཀྱང་བདག་རང་གི་བྲིས་རྣམས་སུ། མ་དག་པ་མང་པོ་ཡོད་པ་བདག་རང་གིས་རྗེས་སུ་ཀློག་སྐབས་སུ་མཐོང་། ཡི་གེ་མ་དག་པ་གཏན་ནས་མེད་པ་དེ་སུ་ཡིན་ནམ།
ཡི་གེ་མ་དག་པ་གཏན་ནས་མེད་པ་ནི་སྟོན་པ་གཤེན་རབ་དང་སྟོན་པ་བཅོམས་ལྡན་འདས་ཀྱིས་བྲིས་པ་རྣམས་ཡིན་སྲིད། ཧཧཧ། རྒན་ལ་དྭགས་པར་སྐུ་རྩེད་ཡིན་ད། །
རེད། མུ་གསུམ་མུ་བཞི་ར་བརྩིས་ནས་ཉི་མ་འཁྱོལ་ཀྱི་ཡོད་ན་མ་གཏོགས། ལྟ་གྲུབ་རང་རྐང་ཚུགས་པ་ཞིག་ནི་མེད། དམར་མཆོད་ནི་དེང་སང་འཕུལ་ས་མེད། ཀུ་རེ་ཡིན། བོན་གྱིས་་དམར་མཆོད་ཕུལ་བའི་སྐྱོན་་གདོད་མིའི་མི་ལ་མ་བཀལ་ཨ། གལ་སྲིད་དེ་འདྲ་ཡིན་ན་རྗེས་སུ་བོན་ཆོས་བོད་ལ་ཤུགས་ཆེར་དར་བའི་སྐབས་དམར་མཆོད་མ་བཀག་པ་གང་རེད། བོད་ལ་ནང་ཆོས་དར་བ་ནས་བཟུང་དམང་མཆོད་མཚམས་ཆད་པ་གང་རེད། བྱིས་པ་ཡང་མགོ་འཁོར་མི་ཐུབ་པའི་རྫུན་མ་བཤད་ཅིག
བོད་ལ་ཞེན་ ཡང་བརྟག་ལོང་དཔྱད་ལོང་མེད་པར་གཞན་ཟེར་ཁོ་ན་ཡི་རྗེས་སུ་གཡག་ཁྱི་ཐོག་ཏུ་མཆོང་བ་ནང་བཞིན་མཆོང་སོང་འོན་ཀྱང་་དོན་གནད་ཁེལ་བའི་བགྲོ་གླེང་ཞིག་རྩ་བ་ནས་བྱེད་རྒྱུ་ཡོད་མ་རེད་ ད་དུང་བོན་གྱིས་དམར་མཆོད་འབུལ་གྱིན་རེད་ཟེར་་་བོན་གྱིས་དམར་མཆོད་འབུལ་བའི་གཏན་ཚིགས་རིས་མཁས་དབང་སུ་ཡིས་དེབ་ཐོག་ཏུ་འཁོད་འདུག་ ༼དཔེ་ཆ་དེའི་མིང་དང་གང་ནས་སྤར་ཡོད་མེད་དང་ཤོག་གྲངས་གང་ལ་གསལ་ཡོད་༽གསལ་པོ་ཁྱེར་ཤོག་དེ་མིན་གཞན་རྒྱུ་མཚན་ཅི་ཡོད གཞན་ཡང་ཁོ་ན་རེ་་དེང་སང་བོན་གྱིས་དམར་མཆོད་འབུལ་མེད་ཟེར གལ་སྲིད་བོན་གྱིས་ད་ལྟ་དམར་མཆོད་འབུལ་བའི་དབང་དུ་བཏང་ན་་་འབུལ་ས་མེད་པའི་རྒྱུ་མཚན་ཅི་ཡོད་་་་རྒྱ་བལ་གཉིས་ཀྱི་ས་མཚམས་ན་དེང་སང་དམར་མཆོད་འབུལ་མཁན་ག་ཚོད་འདུག་་་་བོན་གྱིས་ཕུལ་བའི་དབང་དུ་བཏང་ན་འབུལ་ས་མེད་པ་དང་དེ་དག་གིས་འབུལ་ས་ཡོད་པའི་རྒྱུ་མཚན་ཅི་ཡོད་ཁྱེར་ཤོག་་་་
རིས་མེད་ཅེས་བཙུད་རོགས
གོང་་་ས་་་་་ཞིག་ཆད་འདུག
དུས་ཚོད་ཡོད་ན་གཤམ་གྱི་དྲ་ཐོག་ཏུ་ནོན་དང་བོན་པོའི་སྐོར་གྱི་ལོ་རྒྱུས་མང་པོ་ཞིག་མཐོང་ཐུབ། http://www.himalayabon.com/review/negative/2013-05-12/209.html
མཆན་ཨང་༤༣པ་བསྟན་འཛིན་ཟེར་བ་ཞིག་གིས།
{རེབ་གོང་གི་ཨ་ལགས་བོན་རྒྱ་སོགས་ཀྱིས་༢༠༠༩ལོར་བོན་པོ་བོད་མིན། བོན་པོས་ལོ་གསར་བྱེད་དགོས་ཞེས་ལབ་པ་རེད། དེ་ཇི་འདྲ་འདུག}ཟེར། འདི་ནི་ཐོག་མར་སྐྱ་མི་ཟེར་བ་ཞིག་གིས་དྲ་ཐོག་ཏུ་བཀོད་པ་ཡིན་ལ། དེ་ཡང་སྐྱ་མི་ཟེར་བ་ཆུ་ཁོག་ཤང་ཧོར་སྡེ་བའི་མི་ཡིན་འདུག དེ་ནི་རྫུན་གྱི་ཕུགས་བརྡོལ་ནས་ཁུངས་མེད་དུ་སྐྱེལ་ཚར་བ་ཡིན་ཀྱང་། དེ་རིང་ཡང་ཕྱོགས་ལྷུང་དང་ང་རྒྱལ་གྱི་མིག་སྒྲིབ་ཞིང་། ཆགས་སྡང་གི་གཏམ་ཁོ་ན་ལ་འཇུ་ས་སྐྲ་ཉག་རྐང་གཅིག་མེད་ཀྱང་ཤི་འཐམ་རོ་འཐམ་བྱེད་པ་དང་། བདེན་པ་རི་འདྲ་འདྲ་མདུན་ལ་བཞག་ཀྱང་མིག་བཙུམ་ནས་མི་འདུག་ལབ་མཁན་དག་གི་སྐུར་འདེབས་ཁོ་ན་ཡིན་པ་ལས། མཁས་པའི་ཁྲི་ལ་སྟེགས་འཆའ་བའི་མཁས་དབང་དེ་འདྲ་ཞིག་གི་གཏན་ནས་གསུང་མི་སྲིད་པ་རེད། དེ་ནི་མཁས་དབང་བོན་བརྒྱ་ཚང་གི་བློ་གྲོས་ཀྱི་སྣང་བས། ཕྲག་དོག་སྲིན་བྱའི་མིག་ལ་གནོད་སོང་བ་རེད་མ་གཏོགས། བོད་ལ་ཤ་ཞེན་རུས་དུང་ཟབ་པས་མཁས་དབང་ཁོང་རིགས་ཀྱི་གསུང་མི་སྲིད་པ་རེད། གང་ཡིན་ཟེར་ན། ཉིས་སྟོང་དྲུག་ལོའི་ནང་བསྟན་མཐུན་ཚོགས་ཀྱི་འཚོགས་འདུ་ཞིག་གི་སྟེང་དུ། ཚོགས་འདུ་དེ་ནི་རྒྱ་དམར་གཞུང་གིས་བཙན་བྱོལ་བ་ཁྲི་བཅུ་གཅིག་ལ་སླེབས་པས། རྒྱ་དམར་གཞུང་ལ་གནོན་ཤུགས་ཐེབས་པ་དང་། དེའི་ཆེད་དུ་འཚོགས་པའི་ཚོགས་འདུ་ཞིག་ཡིན་ལ། ཚོགས་འདུ་དེའི་སྟེང་དུ་རེབ་གོང་རོང་བོ་དགོན་ཆེན་གྱི་སྐུ་ཚབ་ཨ་ལགས་བྱང་རྩེ་གཙོ་བྱས་པའི་རེབ་གོང་དགོན་པ་ཆེ་མ་ཆུང་གསུམ་གྱི་དགོན་བདག་བླ་མའམ་མཁན་པོ་སོགས་མང་པོ་འདུས་པའི་ཚོགས་འདུའི་སྟེང་། ཁ་བྲལ་རིང་ལུགས་ཇི་ལྟར་ཇེ་ཉུང་དུ་གཏོང་བའི་ཕྱོགས་ལ་བསམ་ཚུལ་འདོན་དུས། ཨ་ལགས་བོན་བརྒྱས་ཁ་བྲལ་རིང་ལུགས་ཇེ་ཉུང་དུ་གཏོང་དགོས་ན་ངེས་པར་དུ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་གསུང་དུས། ནམ་རྒྱུན་མི་མེད་སར་ཁོའི་རྩ་བའི་བླ་མ་ཟེར་ནས་ཁ་ནས་མ་ཎི་འདོན་འདོན་དང་མགོ་བོ་གྱང་ལ་གཞུས་མཁན་དེ་ཚོས། ཁ་གདངས་མིག་ཅེར་ནས་རང་ཉིད་ཀྱི་དབུགས་འབྱིན་རྔུབ་བྱེད་པ་ཡང་ཧ་མི་གོ་བར་ལུས་དུས། ཨ་ལགས་བོན་བརྒྱ་མ་གཏོགས་མདོ་དབུས་ཁམས་གསུམ་གང་གི་ནང་ནས། རྒྱ་དམར་གཞུང་གི་ཚོགས་ཐོག་ཏུ་རྒྱལ་བ་རིན་པོ་ཆེའི་མིང་གླེང་ཐུབ་མཁན་ག་ཚོད་ཡོད། རང་ཉིད་ཀྱིས་དེ་འདྲའི་བཤད་ཐུབ་པ་ཕར་བཞག ཐ་ན་ཨ་ལགས་བོན་བརྒྱས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བའི་གཏམ་དེ་ཡང་ཁ་ནས་གླེང་ཐུབ་ཀྱིན་མི་འདུག
གཅིག་བྱས་ན་ནམ་རྒྱུན་ཉལ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་ཤོག་ཟེར་བའི་མི་དེ་ཚོས་གླེང་རྒྱུ། ཨ་ལགས་བོན་བརྒྱས་གླེང་ཟིན་པས་ཁོ་ཚོ་ངོ་ཚ་ནས་གསང་ཅི་ཐུབ་བྱས་པ་ཡིན་པར་ཟད། དེ་མིན་ན་ཨ་ལགས་བོན་བརྒྱ་བོན་པོ་ཡིན་པའི་རྒྱུ་མཚན་ཡིན་རྒྱུ་རེད་བསམ་བྱུང་། དེ་མིན་ཚིག་དེ་རྙིང་མའམ་དགེ་ལུགས་པ་གང་རུང་ཞིག་གིས་བཤད་ཡོད་ན་དེ་ནི་འཛམ་བུ་གླིང་ལ་གྲགས་ཡོད་པ་གདོན་མི་ཟའོ། འཛམ་བུ་གླིང་ལ་མ་གྲགས་ནའང་བོད་ཕྱི་ནང་གཉིས་ཀྱི་བོད་བརྒྱ་སྡེའི་ཁ་ནས་བཤད། སྟོང་སྡེ་ཀུན་ལ་གྲགས་ཡོད་མེད་ཐེ་ཚོམ་མེད་དོ། དུས་དེ་རིང་ད་དུང་ཕྱོགས་ཞེན་དང་ཕྲག་དོག་གིས་ཨ་ལགས་བོན་བརྒྱས་ངན་པ་ཞིག་ལབ་སོང་ཟེར་ནས། འཛིན་རྩི་མེད་ཀྱང་ཚང་མ་ཡིད་ཆེས་ཆེས་དང་། གཅིག་གི་མགོ་ལ་གཉིས་བཏགས་ནས་བཤད་པ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད།
དགེ་བསམ་ལགས། བལ་པོ་སོགས་ནང་དམར་མཆོད་འབུལ་ས་ཡོད་པ་ནི་དམར་མཆོད་ལ་དད་པའི་བལ་པོ་ཡོད་པས་རེད། བོན་པོ་ལ་འབུལ་ས་མེད་པ་ནི་དམར་མཆོད་ལ་དད་པའི་བོད་མི་མེད་པས་རེད། བོན་པོས་དམར་མཆོད་ཕུལ་གྱི་ཡོད་པ་རྒྱ་དང་བོད་གཉིས་ཀའི་སྔོན་གྱི་ལོ་རྒྱུས་ཚང་མའི་ནང་ཡོད་རེད། དེབ་དེ་རེད་ཟེར་ནས་དེབ་གཅིག་ལས་མེད་པ་དེ་འདྲ་རེད། ཐང་ཡིག་གསར་རྙིང་སོགས་ཡིག་ཆ་རྙིང་པ་ཀུན་ནང་ཡོད།
དེབ་གཅིག་ལས་མེད་པ་དེ་འདྲ་མ་རེད།
མཆན་ཨང་༤༣པ་བསྟན་འཛིན་ཟེར་བ་ཞིག་གིས།
{རེབ་གོང་གི་ཨ་ལགས་བོན་རྒྱ་སོགས་ཀྱིས་༢༠༠༩ལོར་བོན་པོ་བོད་མིན། བོན་པོས་ལོ་གསར་བྱེད་དགོས་ཞེས་ལབ་པ་རེད། དེ་ཇི་འདྲ་འདུག}ཟེར། འདི་ནི་ཐོག་མར་སྐྱ་མི་ཟེར་བ་ཞིག་གིས་དྲ་ཐོག་ཏུ་བཀོད་པ་ཡིན་ལ། དེ་ཡང་སྐྱ་མི་ཟེར་བ་ཆུ་ཁོག་ཤང་ཧོར་སྡེ་བའི་མི་ཡིན་འདུག དེ་ནི་རྫུན་གྱི་ཕུགས་བརྡོལ་ནས་ཁུངས་མེད་དུ་སྐྱེལ་ཚར་བ་ཡིན་ཀྱང་། དེ་རིང་ཡང་ཕྱོགས་ལྷུང་དང་ང་རྒྱལ་གྱི་མིག་སྒྲིབ་ཞིང་། ཆགས་སྡང་གི་གཏམ་ཁོ་ན་ལ་འཇུ་ས་སྐྲ་ཉག་རྐང་གཅིག་མེད་ཀྱང་ཤི་འཐམ་རོ་འཐམ་བྱེད་པ་དང་། བདེན་པ་རི་འདྲ་འདྲ་མདུན་ལ་བཞག་ཀྱང་མིག་བཙུམ་ནས་མི་འདུག་ལབ་མཁན་དག་གི་སྐུར་འདེབས་ཁོ་ན་ཡིན་པ་ལས། མཁས་པའི་ཁྲི་ལ་སྟེགས་འཆའ་བའི་མཁས་དབང་དེ་འདྲ་ཞིག་གི་གཏན་ནས་གསུང་མི་སྲིད་པ་རེད། དེ་ནི་མཁས་དབང་བོན་བརྒྱ་ཚང་གི་བློ་གྲོས་ཀྱི་སྣང་བས། ཕྲག་དོག་སྲིན་བྱའི་མིག་ལ་གནོད་སོང་བ་རེད་མ་གཏོགས། བོད་ལ་ཤ་ཞེན་རུས་དུང་ཟབ་པས་མཁས་དབང་ཁོང་རིགས་ཀྱི་གསུང་མི་སྲིད་པ་རེད། གང་ཡིན་ཟེར་ན། ཉིས་སྟོང་དྲུག་ལོའི་ནང་བསྟན་མཐུན་ཚོགས་ཀྱི་འཚོགས་འདུ་ཞིག་གི་སྟེང་དུ། ཚོགས་འདུ་དེ་ནི་རྒྱ་དམར་གཞུང་གིས་བཙན་བྱོལ་བ་ཁྲི་བཅུ་གཅིག་ལ་སླེབས་པས། རྒྱ་དམར་གཞུང་ལ་གནོན་ཤུགས་ཐེབས་པ་དང་། དེའི་ཆེད་དུ་འཚོགས་པའི་ཚོགས་འདུ་ཞིག་ཡིན་ལ། ཚོགས་འདུ་དེའི་སྟེང་དུ་རེབ་གོང་རོང་བོ་དགོན་ཆེན་གྱི་སྐུ་ཚབ་ཨ་ལགས་བྱང་རྩེ་གཙོ་བྱས་པའི་རེབ་གོང་དགོན་པ་ཆེ་མ་ཆུང་གསུམ་གྱི་དགོན་བདག་བླ་མའམ་མཁན་པོ་སོགས་མང་པོ་འདུས་པའི་ཚོགས་འདུའི་སྟེང་། ཁ་བྲལ་རིང་ལུགས་ཇི་ལྟར་ཇེ་ཉུང་དུ་གཏོང་བའི་ཕྱོགས་ལ་བསམ་ཚུལ་འདོན་དུས། ཨ་ལགས་བོན་བརྒྱས་ཁ་བྲལ་རིང་ལུགས་ཇེ་ཉུང་དུ་གཏོང་དགོས་ན་ངེས་པར་དུ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་གསུང་དུས། ནམ་རྒྱུན་མི་མེད་སར་ཁོའི་རྩ་བའི་བླ་མ་ཟེར་ནས་ཁ་ནས་མ་ཎི་འདོན་འདོན་དང་མགོ་བོ་གྱང་ལ་གཞུས་མཁན་དེ་ཚོས། ཁ་གདངས་མིག་ཅེར་ནས་རང་ཉིད་ཀྱི་དབུགས་འབྱིན་རྔུབ་བྱེད་པ་ཡང་ཧ་མི་གོ་བར་ལུས་དུས། ཨ་ལགས་བོན་བརྒྱ་མ་གཏོགས་མདོ་དབུས་ཁམས་གསུམ་གང་གི་ནང་ནས། རྒྱ་དམར་གཞུང་གི་ཚོགས་ཐོག་ཏུ་རྒྱལ་བ་རིན་པོ་ཆེའི་མིང་གླེང་ཐུབ་མཁན་ག་ཚོད་ཡོད། རང་ཉིད་ཀྱིས་དེ་འདྲའི་བཤད་ཐུབ་པ་ཕར་བཞག ཐ་ན་ཨ་ལགས་བོན་བརྒྱས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བའི་གཏམ་དེ་ཡང་ཁ་ནས་གླེང་ཐུབ་ཀྱིན་མི་འདུག
གཅིག་བྱས་ན་ནམ་རྒྱུན་ཉལ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་ཤོག་ཟེར་བའི་མི་དེ་ཚོས་གླེང་རྒྱུ། ཨ་ལགས་བོན་བརྒྱས་གླེང་ཟིན་པས་ཁོ་ཚོ་ངོ་ཚ་ནས་གསང་ཅི་ཐུབ་བྱས་པ་ཡིན་པར་ཟད། དེ་མིན་ན་ཨ་ལགས་བོན་བརྒྱ་བོན་པོ་ཡིན་པའི་རྒྱུ་མཚན་ཡིན་རྒྱུ་རེད་བསམ་བྱུང་། དེ་མིན་ཚིག་དེ་རྙིང་མའམ་དགེ་ལུགས་པ་གང་རུང་ཞིག་གིས་བཤད་ཡོད་ན་དེ་ནི་འཛམ་བུ་གླིང་ལ་གྲགས་ཡོད་པ་གདོན་མི་ཟའོ། འཛམ་བུ་གླིང་ལ་མ་གྲགས་ནའང་བོད་ཕྱི་ནང་གཉིས་ཀྱི་བོད་བརྒྱ་སྡེའི་ཁ་ནས་བཤད། སྟོང་སྡེ་ཀུན་ལ་གྲགས་ཡོད་མེད་ཐེ་ཚོམ་མེད་དོ། དུས་དེ་རིང་ད་དུང་ཕྱོགས་ཞེན་དང་ཕྲག་དོག་གིས་ཨ་ལགས་བོན་བརྒྱས་ངན་པ་ཞིག་ལབ་སོང་ཟེར་ནས། འཛིན་རྩི་མེད་ཀྱང་ཚང་མ་ཡིད་ཆེས་ཆེས་དང་། གཅིག་གི་མགོ་ལ་གཉིས་བཏགས་ནས་བཤད་པ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད།
དོན་ལྡན་ལེགས་བཤད་ཅི་ཙམ་སྨྲས་ན་ཡང་། །
དོན་མེད་ཁ་སྡིག་གསོག་པའི་ལས་ངན་པོ། །
དྲ་འབུ་ནག་པོའི་གཟུགས་སུ་སྐྱེས་པ་དེས། །
སྐྱེ་བ་ལྔ་བརྒྱར་ངན་སོང་ལྟུང་ཡང་སྲིད། །
གདོད་མའི་བོན་འཚོལ་ཞིབ་བྱེད་འདོད་ན་བོད་ཀྱི་གདོད་མའི་དམངས་ཁྲོད་ཀྱི་རིག་གནས་དང་བོད་ཀྱི་བརྡ་རྙིང་ཚིག་གྲུབ་ཁག་དང་བོད་ཀྱི་ས་ཆུ་རི་ལུང་གི་མིང་ཚིག་རྙིང་པ་ཁག་ལ་དོ་སྣང་བྱས་ནས་གདོད་མའི་བོན་རྙེད་ཐུབ་དགོས་པ་རེད། འདིར་མཆན་པ་ཁ་ཤས་ཤིག་གིས་གདོད་མའི་བོན་ཞེས་པ་ནི་དམར་མཆོད་རྐྱང་རྐྱང་བྱེད་སྡོད་མཁན་ཞིག་ཡིན་པར་གླེང་བ་ནི་རང་ལུགས་ཀྱི་རིག་གནས་ལ་གཏིང་མ་དཔོག་པའི་སྐྱོན་ཡིན་པ་དང་། དཔེར་ན་འདོད་མའི་བོན་ལུགས་ཀྱི་ཆོ་གའི་ནང་དུ་ཀླུ་མཆོད་རྒྱ་ཆེར་ཡོད་ཅིང་ཀླུ་མཆོད་ཀྱི་ནང་དུ་དམར་ཟེར་བ་ཐིག་པ་གཅིག་ཀྱང་འགྲོ་ས་མེད། ཚང་མ་དཀར་གསུམ་དང་མངར་གསུམ་དང་མེ་ཏོག་གི་མཆོད་པ་རྐྱང་རྐྱང་རེད། མཆོད་པའི་དོན་ངོ་མ་དེ་ནི་འབུལ་ཡུལ་དེ་ལ་གང་དགོས་པ་དེ་ཕུལ་བ་ཡིན་ན་མཆོད་པར་གྱུར་བ་དང་དེ་མིན་ན་མཆོད་པ་ཚད་ལྡན་ཆགས་ཀྱི་མེད། བོད་ཀྱི་རིག་གནས་ཆེ་བ་བཟོ་རིག་པ། སྒྲ་རིག་པ། ཕྱི་རིག་པ། ནང་རིག་པ། གསོ་བ་རིག་པ། ཟེར་ཕྱེས་པ་ལྔའི་གྲས་སུ་་་ནང་རིག་པ་་་ཟེར་ཕྱེས་པ་མ་གཏོགས་་་ནང་པའི་རིག་པ་་་ཟེར་ནས་ཕྱེས་མི་འདུག། དེ་འདྲ་ཡིན་དུས་གདོད་མའི་བོན་ལུགས་ལའང་ནང་དོན་རིག་པ་བྱུང་ཡོད་པ་ང་ཚོས་ཤེས་དགོས་པ་དང་། སེམས་ཀྱི་གནས་ལུགས་ཉམས་སུ་བླངས་ནས་སེམས་ཀྱི་རྒྱལ་ཁམས་ཉུལ་རྒྱུ་འདི་ཡང་ཐོག་མར་གདོད་མའི་བོན་ལས་བྱུང་བའམ་ཡང་ན་སྔ་རབས་ཀྱི་རིག་གནས་ཤིག་ཡིན་པ་ནི་ཤོད་མ་དགོས་པ་རེད་འདུག། གནའ་རབས་ཀྱི་ཆོས་ལུགས་དང་རིག་གཞུང་གང་ཡིན་པ་ཡིན་ན་ལས་གཏམ་རྒྱུད་དང་འབྲེལ་བའམ་གཏམ་རྒྱུད་ཀྱིས་སྤུད་པ་ཞིག་མ་བྱུང་ན་རིན་ཐང་དེ་ཙམ་མེད་པ་འདྲ། དཔེར་ན་དེང་སང་གི་ཆོས་ལུགས་དང་རིག་གཞུང་གང་ཡིན་པ་ཡིན་ན་ལས་ཚན་རིག་དང་འབྲེལ་བའམ་ཚན་རིག་གིས་སྤུད་པ་ཞིག་མ་བྱུང་ན་མི་ཚོས་མཐོང་དེ་ཙམ་མི་འཇོག་པ་བཞིན་ནོ། །
འདིར་ཕེབས་པའི་བོན་བན་མཁས་དབང་རྣམ་པར་རིགས་པ་གཏོང་བ་ལ་ངེས་པར་དུ་བོན་བན་གཉིས་ཀྱིས་ལན་ཡོད་པ་ཞུ།
དང་པོ། བན་པོ་དང་བོན་པོའི་དབར་ལ་ཁྱད་པར་ཇི་ལྟར་འཇོག
གཉིས་པ། གཉིས་ཀ་རྫོགས་ཆེན་གྱི་ཉམས་ལེན་པ་མ་རེད་པས།
གངས་སེང་ལགས་ཀྱིས་ཡིད་ལྟོས་ཆོག་པའི་རྣམ་ཐར་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨོ་ཉི་འདྲ་བའི་དྲ་འཁྱམས་ཀྱིས་ཁ་ལྟ་ས་ཡོད་མ་རེད། མ་གཞི་ཨོ་ཉི་ཁ་སོང་བདེན་འཚོལ་གླིང་ནས་ལུང་རིག་གཉིས་ཀ་ལས་ཕམ་ནས་བྲོས་ཕྱིན་པ་རེད། དེ་རིང་ཡང་ཨོ་ཉི་ཕམ་ཁ་གཉིས་པ་འམ་བསླབ་བྱ་གཉིས་པ་རགས་ཡ་རེད་འདུག དྲ་གྲོགས་ཚོ་ཨོ་ཉི་ལ་ཡིད་ལྟོས་ཆོག་པའི་གཏམ་ཡོད་མ་རེད་ཁོ་ཡོད་གཏམ་ཕ་ཤ་དང་ཤ་ལས་ཤོད་ཤེས་ཀྱི་མ་རེད་དེ་རིགས་ལ་ལན་མ་བྱས་ན་ཡག་ཤོས་རེད།
ཁོ་ལ་ཡོད་པའི་གཏམ་ཕ་ཤ་དང་མ་ཤ་ལས་ཡོད་མ་རེད
ངེས་དེ་རིང་ཨོ་ཉི་དང་འདྲ་བའི་དྲ་འཁྱམ་གྱི་མིག་ལ་ཐལ་བ་ཞིག་བླུག་ཡ་ཡོད་དྲ་གྲོགས་ཚོས་ཡག་པོ་ཞིག་གཟིགས་ཨ། ཉེ་ཆར་ཀན་སུའུ་ཞིང་ཆེན་ཏང་ཁྲང་རྫོང་རིག་གནས་སྡེ་ཁག་གི་ལས་སྒྲུབ་མི་སྣ་ས་གནས་དེ་གའི་བོད་རིགས་ཤང་དང་། ཁྲིན་གོན་གྲོང་རྡལ། ནན་ཧི་ཤང་བཅས་ཀྱི་བོད་རིགས་ཁྱིམ་ཚང་དུ་བསྐྱོད་དེ་ཐང་རྒྱལ་རབས་དུས་མཇུག་གི་བོན་འབྲེལ་ཡིག་ཚགས་རྙེད་པ་རེད། ཡིག་ཚགས་འདི་དག་ནི་བོན་གྱི་རིག་གནས་དང་ཞང་ཞུང་རིག་གནས། ཡིག་རྙིང་བསྡུས་འབྲི་བྱེད་ཐབས། ཏང་ཁྲང་བོད་རིགས་མེས་པོས་དོན་དག་ཟིན་ཐོར་འགོད་ཐབས་སོགས་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་དུ་ངེས་ཤིང་། མིག་སྔར། ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བོན་གྱི་ཡིག་ཚགས་ཀྱི་ཁུངས་ཆོད་པ་དང་། ལེགས་སྒྲིག སྔོག་འདོན་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་གྱིན་འདུག
http://www.himalayabon.com/news/2013-06-02/217.html