ནམ་མཁའ།
རང་གི་རིགས་ལ་དཀར་བའི་སྒྱོགས་ཆེན་འདི།།
གཡོ་ཅན་སྤྲུལ་རྫུན་རིགས་ལ་ཕོག་པའི་ཚེ།།
ཁོང་ཁྲོའི་ལྡོག་ཟླ་བཟོད་གསོལ་མེད་མོད་ཀྱང་།།
སོར་མོ་བྲང་འཇོག་རེ་བ་ཅུང་ཟད་མཆིས།།
སྤྱིར་ནང་པ་སངས་རྒྱས་བའི་ཆོས་ལུགས་ལ་ཆོས་སྐུ་དང་། ལོངས་སྐུ་། སྤྲུལ་སྐུ་སོགས་སྐུ་གསུམ་བཤད་ཡོད། དེ་དག་གི་ནང་ཚན་གྱི་སྤྲུལ་སྐུ་ཞེས་བ་ལ་ནང་པའི་གཞུང་ལུགས་ལྟར་ན། སངས་རྒྱས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་པ་སྣ་ཚོགས་བསྟན་ནས་དོན་མཛད་པ་ལ་ཟེར། སྤྲུལ་སྐུ་འདི་ལ་ཡང་བཟོ་བོ་སྤྲུལ་སྐུ་དང་སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་སྟེ་གསུམ་དང་། ཡང་ན་རང་བཞིན་སྤྲུལ་སྐུ་དང་། འགྲོ་འདུལ་སྤྲུལ་སྐུ། མ་དག་སྤྲུལ་སྐུ་སོགས་བགྲངས་ཚུལ་ཡོད།
དང་པོ་བཟོ་བོ་སྤྲུལ་སྐུ་ལ། དཔེར་ན་དྲི་ཟའི་རྒྱལ་བོ་རབ་དགའ་འདུལ་ཕྱིར་པི་ཝང་དཀྲོལ་མཁན་གྱི་གཟུགས་སུ་སྤྲུལ་བ་ལྟ་བུ།
གཉིས་པ་སྐྱེ་བ་སྤྲུལ་སྐུ་ལ། སངས་རྒྱས་ཤཱཀྱ་ཐུབ་པས་གདུལ་བྱ་འདུལ་བའི་ཆེད་དུ་བརྒྱ་བྱིན་དང་ཐ་ན་རི་དྭགས་ལ་སོགས་པའི་སྐྱེ་བ་སྣ་ཚོགས་སུ་སྐྱེ་བ་བསྟན་པ་ལྟ་བུ།
གསུམ་པ་མཆོག་གི་སྤྲུལ་སྐུ་ལ། བདག་ཅག་གི་སྟོན་པས་གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ་འགྲོ་བ་འདུལ་བའི་སྐུའི་རྣམ་པར་སྤྲུལ་བ་ལྟ་བུ་འཇོག འདི་དག་ནི་ནང་པའི་གཞུང་ལུགས་ཀྱི་སྤྲུལ་སྐུ་མཚན་ཉིད་ལྡན་པ་འཇོག་ལུགས་ཞིག་ཡིན།
ངས་འདིར་བཤད་འདོད་པ་ནི་བོད་ཀྱི་ལུགས་སྲོལ་དུ་དར་བའི་ཡང་སྤྲུལ་ལམ་སྤྲུལ་སྐུའི་ལམ་ལུགས་ཀྱི་རིགས་བཤད་ཀྱི་ཡིན། དེ་ཡང་ཡང་སྤྲུལ་ལམ་ལུགས་ཀྱི་རྒྱབ་ལྗོངས་ཞིག་ཀྱང་བསམ་གཞིགས་བྱེད་འདོད་བྱུང་། སྤུ་རྒྱལ་བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ། བོད་ལ་ཐོག་མར་ནང་པ་སངས་རྒྱས་བའི་ཆོས་ལུགས་ཀྱི་མྱུ་གུ་འབུས་འགོ་བཙུགས་པ་རེད། དེ་ནས་རིམ་གྱིས་སྲོང་བཙན་སྒམ་པོ་ནས་བཟུང་ནང་པ་སངས་རྒྱས་བའི་ཆོས་ལུགས་དང་འབྲེལ་ནས་ཆབ་སྲིད་བསྐྱངས་བར་བརྟེན། ཆོས་ལུགས་པ་དང་འབང་མི་རྣམས་ཀྱིས་མི་ལས་བརྒལ་བའི་ལྷ་རུ་རྟོག་བཏགས་སྟེ། ལྷ་ཐོ་ཐོ་རུ་གཉན་བཙན་འཕགས་པ་ཀུན་ཏུ་བཟང་བོ་ཡི་སྤྲུལ་བ་དང་། སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ། ཁྲི་སྲོང་ལྡེ་བཙན་འཇམ་པའི་དབྱངས་ཀྱི་སྤྲུལ་བ། ཁྲི་གཙུགས་ལྡེ་བཙན་ཕྱག་ན་རྡོ་རྗེ་ཡི་སྤྲུལ་བ་ཡིན་པ་སོགས་མི་ཕལ་བའི་བློ་ཡུལ་ལས་འདས་བའི་ལྷ་དག་གི་སྤྲུལ་བར་བརྗོད་ཚུལ་བྱུང་། རྟོག་བཏགས་འདི་དག་ནི་བཙན་པོའི་སྐབས་བྱུང་མིན་མི་ཤེས་ཀྱང་། ཕྱིས་ཀྱི་ཆོས་ལུགས་པ་ཚོས་རྟོག་བཏགས་ཀྱི་བརྗོད་ཚུལ་འདི་བྱུང་བར་སྙམ།
ད་རུང་དེ་ལས་ཀྱང་ཆེས་ཤིན་ཏུ་དགོད་བྲོ་བའི་རྟོག་བཏགས་ཞིག་ལ། རྒྱ་ནག་གི་རྒྱལ་བོ་མན་ཇིའི་ཁྰང་ཤིས་ཡིན་པའི་སྐབས་སུ། བོད་ཀྱི་ཆོས་ལུགས་པ་ཚོས་༼མན་ཇི་༽ཞེས་བའི་མིང་འདི་རྒྱ་སྐད་ཀྱི་གདངས་ཡག་པོ་ཞིག་མ་ཤེས་བར་མཎྫི་དང་ནོར་ཏེ། རྒྱ་ནག་གོང་མ་རྒྱལ་བོ་འཇམ་པའི་དབྱངས་ཞེས་འུར་བསྟོད་དགུང་སྔོན་གནམ་ལ་བསྟད་པ་རེད་སྙམ། འདི་དག་ཚང་མ་མི་དམངས་ཕལ་བས་རྟོག་བཏགས་ཞིག་མ་ཡིན་པར་ཆོས་ལུགས་པ་ཚོས་བཟོས་བར་འདོད།
བོད་སིལ་བུར་ཐོར་བའི་དུས་སྐབས་སུ་ཆབ་སྲིད་དང་། ཆོས་ལུགས་ཐད་གཅིག་གྱུར་གྱི་དབང་འཛིན་པ་མ་བྱུང་བས་སྔ་རྗེས་སུ་བཀའ་གདམས་པ་དང་། ས་སྐྱ་བ། བཀའ་རྒྱུད་པ་སོགས་ཆོས་ལུགས་ཀྱི་གྲུབ་མཐའ་སྣ་ཚོགས་ཤིག་གང་བྱུང་དུ་དར་འགོ་བཙུགས་ཡོད། གྲུབ་མཐའ་དེ་དག་བར་རང་རང་གི་འཚོ་བའི་རྟེན་གཞིར་གྱུར་བའི་མཆོད་གཞིའི་མངའ་ཁོངས་འཕྲོག་རྩོད་བྱེད་པའི་འཐབ་རྩོད་རྒྱུན་མ་ཆད་པར་ཤུགས་ཆེན་བྱུང་བར་བརྟེན། ཁོ་ཚོས་སོ་སོའི་གྲུབ་མཐའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་མངའ་དབང་བརྩོན་པའི་ཆེད། སྤྱི་ཚོགས་སྟེང་དབང་འདུལ་དང་སྙན་གྲགས་ཅན་གྱི་མི་སྣ་བེད་སྤྱོད་གཏོང་དགོས་བྱུང་བར་སྙམ། རྒྱུ་མཚན་འདི་འདྲ་ཞིག་གི་དབང་གིས་བླ་མའི་གདུང་རྒྱུད་འཛིན་པ་དང་སྐྱེ་བས་ཡང་སྤྲུལ་ལམ་ཡང་སྲིད་ཀྱིས་འཛིན་པའི་ལམ་ལུགས་གཉིས་བྱུང་བར་འདོད། དང་པོ་བླ་མའི་གདུང་རྒྱུད་ཀྱིས་འཛིན་པའི་ས་སྐྱ་བ་དང་། གཉིས་པ་སྐྱེ་བས་ཡང་སྤྲུལ་གྱིས་འཛིན་པ་བཀའ་རྒྱུད་པ་དང་དགེ་ལུགས་པ་སོགས་རིམ་བཞིན་བྱུང་ཡོད། འོ་ན་སྐྱེ་བའི་ཡང་སྤྲུལ་གྱིས་བོད་ཀྱི་ནང་པ་སངས་རྒྱས་བའི་བསྟན་པ་དང་བོད་མི་རིགས་ལ་ཕན་གནོད་གཉིས་ཀ་བྱུང་ཡོད་པ་དོགས་སློང་མི་དགོས་པ་ཞིག་རེད།
གཉིས་པ། བོད་ལ་སྤྲུལ་སྐུའི་ལམ་ལུགས་དར་འགོ་བཙུགས་པ།
༡༡༢༡ ལོར་རྗེ་བཙུན་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གཞི་བཟུང་བར་བརྟེན། དྭགས་པོ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་། ༡༡༨༩ ལོར་དྭགས་པོ་ལྷ་རྗེ་ཡི་སློབ་མ་ཀརྨ་དུས་གསུམ་མཁྱེན་པས་སྟོད་ལུང་དུ་མཚུར་ཕུ་དགོན་པ་བཏབ་སྟེ་གཞི་ཚུགས་པ་ནས་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་བྱུང་། ང་ཚོའི་བོད་ལ་སྤྲུལ་སྐུའི་ལམ་ལུགས་སྤྱི་ལོ༡༢༨༤ ལོར་འཁྲུངས་བའི་ཀརྨ་རང་བྱུང་རྡོ་རྗེ་དགུང་ལོ་ལྔ་ཕེབས་པའི་སྐབས་སུ། གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་སྐུ་ཕྲེང་གཉིས་པར་གྲགས་པ་ཀརྨ་པཀྴིའམ་ཆོས་ཀྱི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས། དེ་ནས་བཟུང་བོད་ལ་སྤྲུལ་སྐུའི་ལམ་ལུགས་ཐོག་མར་དར།
དགེ་ལུགས་པའི་སྤྲུལ་སྐུའི་ལམ་ལུགས་བྱུང་ཚུལ་། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་དངོས་སློབ་༡༣༩༡ ལོར་འཁྲུངས་བའི་རྗེ་དགེ་འདུན་གྲུབ་པས་གཙང་བཀྲ་ཤིས་ལྷུན་པོ་བཏབ་ཅིང་། སྐུ་དངོས་ཀྱིས་གདན་སའི་མཁན་པོ་མཛད་དེ་བསྟན་འགྲོའི་བྱ་བ་རྩེ་གཅིག་ཏུ་འབད་པས།ཁོང་གི་མཚན་ལ་པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་ཆེས་ཆེར་རྒྱས། དེ་ནས་བཟུང་གདན་ས་བཀྲ་ཤིས་ལྷུན་པོ་བསྐྱངས་མཁན་གྱི་ཤུལ་འཛིན་རྣམས་ལ་པཎ་ཆེན་ཞེས་མཚན་གསོལ་བའི་ལུགས་སུ་དར། ༡༤༧༤ ལོར་རྗེ་དགེ་འདུན་པ་གྲུབ་པ་སྐུ་མྱ་ངན་ལས་འདས་པས། དགེ་ལུགས་པའི་གྲུབ་མཐའ་སྤྱི་དང་། སྒོས་སུ་བཀྲ་ཤིས་ལྷུན་པོ་དགོན་པའི་འཕེལ་རྒྱས་ལ་གྱོང་གུད་ཅུང་ཚབས་ཆེན་ཕོགས་པར་བརྟེན། ༡༤༧༦ལོར་གཙང་རྟ་ནག་ཏུ་འཁྲུངས་བའི་དགེ་འདུན་རྒྱ་མཚོ་ལ་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་ངོས་འཛིན་བྱས་པས་དགེ་ལུགས་པའི་གྲུབ་མཐའི་སྤྲུལ་སྐུའི་ལམ་ལུགས་ཀྱི་ཐོག་མ་རེད་ལབ་ན་མ་འགྲིག་པ་མི་འདུག་སྙམ། འདི་དག་ཚང་མ་ཡང་ཆོས་ཕྱོགས་ཁོ་ན་དམིགས་ནས་སྤྲུལ་སྐུ་ངོས་འཛིན་བྱས་པ་ཞིག་མ་ཡིན་པར། རང་རང་གི་གྲུབ་མཐའི་སྟོབས་ཤུགས་དང་མངའ་ཁོངས་ཀྱི་མཆོད་གཞི་རྒྱ་ཆེ་རུ་གཏོང་ཆེད་རེད་སྙམ།
དེས་རྒྱུ་མཚན་ནི། ངས་གོང་དུ་བཤད་པ་བཞིན་བོད་སིལ་བུར་ཐོར་བ་ནས་བཟུང་། བོད་ལ་སྤྱིའི་འགོ་ཁྲིད་མཁན་ཞིག་མེད་སྟབས།ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་བྱུང་སྟེ་གྲུབ་མཐའི་མངའ་ཁོངས་ཀྱི་མཆོད་གཞིའི་དབང་རྩོད་ཀྱི་འཐབ་རྩོད་ཤུགས་ཆེན་བྱུང་བར་བརྟེན། ཁོང་ཚོས་ཆོས་ལུགས་མི་སྣ་བེད་སྤྱོད་བོད་ཀྱི་སྤྱི་ཚོགས་ནང་བཏང་བ་རེད། སྐབས་དེ་འདྲ་ཞིག་ལ་སོག་པོ་རྒྱལ་བོ་ཇིང་གར་གྱི་སྲས་སོགས་ཀྱིས་བོད་ཤར་ཕྱོགས་ལ་དབང་བསྒྱུར་བྱས་ཏེ་དེང་སང་གི་ཀན་སུའུ་དང་མཚོ་སྔོན་ཕྱོགས་དབང་འོག་ཏུ་བསྡུས། དེ་དུས་བོད་ནུབ་ཕྱོགས་སུ་ས་སྐྱ་བ་ཆེས་ཤིན་ཏུ་སྟོབས་ཤུགས་རྒྱས་བའི་སྐབས་ཡིན་སྟབས། ས་སྐྱ་པཎྟི་ཏ་སོག་ཡུལ་དུ་གདན་དྲངས་ཏེ་མཆོད་ཡོན་གྱི་འབྲེལ་བ་བཙུགས།
དེ་མཚུངས་སུ་ཀརྨ་སྐུ་ཕྲེང་གཉིས་པར་གྲགས་པའི་ཀརྨ་པཀྴིའམ་ཆོས་ཀྱི་བླ་མས་ཀྱང་རང་གི་རྒྱབ་རྩ་བརྟན་པའི་ཆེད་ཁམས་ཕྱོགས་བརྒྱུད་ནས་སོག་ཡུལ་དུ་ཕེབས་ཏེ་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཡོད། རྒྱུ་མཚན་འདི་དག་ལ་བསམ་བློ་བཏང་ནས་བཤད་ན་སྤྲུལ་སྐུའི་ལམ་ལུགས་ཀྱི་རྒྱབ་ལྗོངས་འདི་ཆོས་ཕྱོགས་ཁོ་ན་མ་ཡིན་པར་སྲིད་ཕྱོགས་ནས་དབང་ཤུགས་རྒྱས་བའི་ཆེད་ཡིན་པ་གསལ་བོ་རེད་སྙམ།
ཡིན་ན་ཡང་སྟབས་ལེགས་དང་མ་ལེགས་གང་ཞིག་བཤད་དགོས་མིན་མི་ཤེས་ཀྱང་། རིམ་གྱིས་བོད་ཡོངས་སུ་དགོན་པ་ཡང་མང་རུ་ཕྱིན་པས། དེ་དང་རྐྱེན་བྱས་ཏེ་སྤྲུལ་སྐུ་བཙལ་ནས་དགོན་པ་བསྐྱངས་བའི་ལུགས་སྲོལ་བོད་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། བོད་ཡོངས་རྫོགས་མ་ཤོར་བའི་སྔ་རོལ་དུ་བོད་ཡོངས་སུ་སྤྲུལ་སྐུ་༧༥༠༠ ལྷག་ཡོད་ཚུལ་བཤད་ཀྱི་ཡོད། དེང་སང་རྒྱ་གཞུང་གིས་མཚན་ཐོའི་ནང་བོད་ནང་ལ་སྤྲུལ་སྐུ་༣༠༠༠ ལྷག་ཡོད་པར་བོད་ལྗོངས་ཆ་འཕྲིན་དུ་འདུག
འདིར་ངས་བཤད་འདོད་པ་གཙོ་བོ་ནི། བོད་ཕྱི་ནང་གཉིས་ཀྱི་སྤྲུལ་སྐུ་ཚོས་བོད་མི་རིགས་དང་ནང་པ་སངས་རྒྱས་བའི་བསྟན་པ་ལ་ཕན་ཐོག་པའི་ལས་ཀ་ཞིག་སྒྲུབ་ཀྱི་ཡོད་མེད་དེ་རེད།
བོད་ནང་གི་སྤྲུལ་སྐུ་ཚོའི་སྤྱོད་སྟངས།
༡༩༥༩ ཡར་སྔོན་གྱི་སྤྲུལ་སྐུ་ཚོའི་ནང་གི་མི་ཉུང་བ་ཞིག་གིས་དངོས་གནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ། ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་ཞབས་ཞུ་སྟོན་པའི་གསུངས་ཀྱི་བསྟན་པ་དང་མཐུན་པའི་ཕྱག་ལས་གནང་དང་གནང་བཞིན་པས་ཁོང་ཚོར་ལག་གཉིས་ཐལ་མོ་སྦྱར་སྟེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ན་ཡང་སྤྲུལ་སྐུ་སྐྱ་མིན་སེར་མིན་སྐོར་ཞིག་གིས་མི་དམངས་ཀྱི་ལག་ནས་དངུལ་ལེན་ཞོར་རང་གི་ཁྱིམ་ཚང་ཁོ་ནར་གཏོང་བཞིན་པ་མ་ཟད།ད་རུང་ཆགས་སྲེད་ཀྱི་ཕྱོགས་སུ་བཏང་སྟེ་བུད་མེད་མཛེས་མ་རིགས་ལ་མཁའ་འགྲོ་མ་དང་རིག་མ་ཞེས་རང་གཞན་གཉིས་ཀ་ལ་མགོ་སྐོར་གཏོང་བྱེད་ཀྱི་མིང་རེ་འདོགས་ཀྱི་ཡོད།
དྲང་མོ་བཤད་ན། རང་རྒྱུད་ཀྱི་ཤེས་པ་རགས་པའི་རིགས་ཀྱང་ངོས་འཛིན་བྱེད་མི་ཐུབ་མཁན་ཞིག་གིས་གཞན་ཞིག་མཁའ་འགྲོ་མ་ཞིག་ཡིན་མིན་ཅི་ལྟར་ཤེས་ཐུབ་བམ། གལ་སྲིད་ཁོ་རང་མཁའ་འགྲོ་མའི་རིགས་ལ་ཆ་རྒྱུས་ཅན་ཞིག་ཡིན་ཚེ་དེ་ལྟར་བཤད་ན་འགྲིག་མོད། འོན་ཀྱང་ཁོ་རང་ཚོས་མཁའ་འགྲོ་མ་ཞེས་བའི་མིང་དེ་ཐོས་མྱོང་མ་གཏོགས་དེའི་རྟགས་མཚན་མ་སོགས་ཅི་ཡང་མི་ཤེས་བར་མ་ཟད། རང་ཉིད་ཀྱི་དོན་དག་ཕྲན་བུ་ཞིག་ཀྱང་རྟོགས་དཀའ་བར་ཡོད།
ད་རུང་ཁོང་ཚོས་མི་དམངས་ལ་ཆོས་བཤད་པའི་སྐབས་སུ་འཇིག་རྟེན་འཁོར་བ་ལ་སྙིང་བོ་མེད་ཚུལ་དང་། རྒྱུ་ནོར་མི་རྟག་པ་ཡིན་ཚུལ་མཁས་པའི་ལད་བཟློས་བླུན་པོས་བྱས་ཟེར་བ་ལྟར་འདྲ་ཆགས་པོ་ལུང་པ་བཤད་ཀྱི་ཡོད། ངས་ཁོང་ཚོས་ཆོས་བཤད་སྟངས་དེ་ནོར་འདུག་ཟེར་གྱི་མེད། ཡིན་ན་ཡང་ཁོང་ཚོས་དེ་ལྟར་གཞན་ལ་བཤད་པ་བཞིན་རང་ཉིད་ཀྱིས་ཆོས་ལག་ལེན་མི་བྱེད་པར། སོ་སོའི་བླ་བྲང་ལོ་ངོ་ལྔ་བརྒྱ་ལྷག་འདུག་འཆར་ཡོད་པ་བཞིན་སྒོ་ངོས་སུ་པ་ཊ་གཅིག་པོ་ཡང་༡༠ལྷག་བརྩེགས་སྟེ་གཅིག་ལས་གཅིག་འགྲན་གྱི་ལམ་དུ་ཞུགས་པ་མ་ཟད། མོ་ཊ་ཡང་གང་ཡག་དང་རིན་གོང་ཆེན་པོ་རྐྱང་ཉོས་ཏེ་བུད་མེད་མཛེས་མ་རེ་ནང་དུ་བཞག་ནས་གང་འདོད་ལྟར་ཆགས་སྲེད་ལ་རོལ་གྱི་ཡོད། ཁོང་ཚོས་ཆོས་རྣམ་དག་ཞིག་མ་ཤེས་ན་ཡང་ཁོ་རང་ཚོའི་དངུལ་དེ་དག་གང་ཞིག་ནས་ཡོང་གི་ཡོད་པ་དེ་བསམ་གཞིགས་བྱེད་ཐུབ་དགོས། དངུལ་དེ་དག་ནི་མི་དམངས་ཀྱིས་དད་པའི་ཕུལ་བའི་དངུལ་ཡིན་པ་ཡང་ཡིད་ལ་དྲན་མི་ཐུབ་པ་འདི་ལས་ཐབས་སྡུག་གང་ན་ཡོད།
ཁ་སང་དེ་རིང་སྤྲུལ་སྐུ་ན་གཞོན་དེ་འདྲ་མང་པོ་ལ་བོད་ནང་ནས་གདུལ་བྱ་མང་པོ་མེད་སྟབས། ཁོང་ཚོ་ཡང་རྒྱ་ནང་ལ་ཕྱིན་ཏེ་རྒྱ་རིགས་ནང་ཆོས་ལ་གསར་དད་བྱེད་མཁན་ཚོར་མགོ་སྐོར་གཏོང་འགོ་བརྩམས་ཡོད་པ་མ་ཟད། རྒྱ་རིགས་བུ་མོ་མཛེས་མ་མང་པོ་ལུས་འབྲེལ་བྱས་ཏེ་ཕྲུག་གུ་བཟོས་རྗེས། སྤྲུལ་སྐུ་ཁོང་ཚོ་གར་སོང་ཆ་མེད་དུ་གྱུར་འདུག་པ་ཡང་མང་པོ་ཐོས་ཀྱི་འདུག འདི་འདྲའི་བྱ་སྤྱོད་དག་སྔ་ས་ནས་བོད་རང་གིས་ངོས་ནས་བཀག་འགོག་མ་བྱས་ཚེ། ཉིན་གཅིག་རྒྱ་གཞུང་གིས་འཛམ་གླིང་སྟེང་ཁྱབ་བསྒྲགས་དང་མཉམ་དུ་བཀག་པའི་ཉིན་མོ། བོད་མི་དམངས་དང་བོད་ཀྱི་ནང་པ་སངས་རྒྱས་བའི་མཚན་སྙན་གྲགས་གད་སྙིགས་ནང་ལྷུང་པ་ལ་ཐེ་ཚོམ་མེད་པ་ཞིག་ཡིན།
ལྷག་པར་དུ་དེང་སང་བོད་ཕྱི་ནང་གཉིས་སུ་རང་ཉིད་ཀྱིས་རང་ཉིད་སྤྲུལ་སྐུའི་མིང་བཏགས་སྟེ། གྲོང་སྡེ་དང་ལྷ་སྡེ་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་བཞིན་ཡོད་པ་ཡང་མང་པོ་མཐོང་རྒྱུ་ཡོད་ལ། ནུབ་ཕྱོགས་དང་རྒྱ་ནང་སོགས་སུ་ཆོས་ཚོགས་འདྲ་མིན་སྣ་ཚོགས་ཞིག་འཛུགས་བཞིན་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ང་ཚོས་གསལ་མཐོང་ཡིན། གལ་སྲིད་ཁོང་ཚོས་སྟོན་པའི་གསུངས་བའི་ཆོས་དང་མཐུན་པའི་བྱ་སྤྱོད་དང་ལག་ལེན་གཉིས་ཀ་བྱུང་ན་དེ་ལ་རྗེས་སུ་ཡི་རང་བྱེད་ཆོག་མོད། འོན་ཀྱང་ཁོང་ཚོས་དངུལ་ཁོ་ན་དང་སྙན་གྲགས་ཁོ་ན་ལས་གཞན་ཅི་ཡང་བསམ་གྱི་མེད་ལ། ཐ་ན་བོད་མི་རིགས་ཀྱི་སྙན་གྲགས་ཙམ་ཡང་བསམ་གཞིགས་བྱེད་ཐུབ་ཀྱི་མེད། ད་རུང་ཁ་ཤས་ཀྱིས་རྒྱ་ནང་དུ་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ་བའི་ལམ་ཡིག་ཡིན་ཟེར་ནས་ཡི་གེ་འདྲ་བཙོང་གི་ཡོད་པའི་གནས་ཚུལ་ཞིག་༧གོང་ས༧་མཆོགས་གིས་གསན་ནས་ཐུགས་ཕམ་བྱུང་བཞིན་གསུངས་པ་ཞིག་དྲན་གྱི་འདུག འདི་འདྲའི་ཆོས་ལུགས་པ་དང་སྤྲུལ་སྐུ་དངོས་རྫུན་གང་ཡིན་གྱི་དབྱེ་འབྱེད་དཀའ་བའི་གནས་སུ་ལྷུང་ཡོད། དེས་རྐྱེན་སྤྲུལ་སྐུའི་ལམ་ལུགས་འདི་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་རན་འདུག་སྙམ།
སྤྱིར་ང་ཚོའི་བོད་ཀྱི་ནང་པ་སངས་རྒྱས་བའི་ཆོས་འདི་རྒྱ་གར་ཎ་ལནྟ་ནས་དར་བར་ལོ་རྒྱུས་དང་བཤད་རྒྱུན་གཉིས་ཀ་ན་ར་འཕྲོད་པ་གསལ་བོ་ཡོད། དཔལ་ན་ལནཊ་སྤྲུལ་སྐུ་བཙལ་ནས་དགོན་པ་བསྐྱངས་བའི་ལུགས་སྲོལ་དར་མེད་པར་མཁན་རིམ་རྣམས་ཀྱིས་བསྐྱངས་བར་བཤད་ཀྱི་ཡོད། ཡིན་ན་ཡང་ང་ཚོའི་བོད་ལ་གོང་དུ་བཤད་པ་བཞིན་སྤྲུལ་སྐུའི་ལམ་ལུགས་དར་ནས་དུས་རབས་འགའ་ཕྱིན་ཡོད། སྤྲུལ་སྐུའི་ལམ་ལམ་ལུགས་འདིས་ཕན་གནོད་གཉིས་ཀ་བྱུང་ཡོད་པས་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལ་ཚོད་འཛིན་དང་ཡང་ན་དགོན་པ་ཆེན་པོའི་རིགས་ཀྱི་དགོན་བདག་ལྟ་བུའི་སྤྲུལ་སྐུ་ལས་འོག་གི་སྤྲུལ་སྐུ་ཆུང་བ་རིགས་ངོས་འཛིན་གནང་མི་དགོས་བ་བྱས་ན་ལེགས་སྙམ། གལ་སྲིད་ཁྲི་བ་ལྟ་བུ་རིགས་དགོས་ཚེ་གདན་ས་ཁག་ནས་མཁན་པོ་བསྐོ་བཞག་བྱེད་པ་བཞིན་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཀ་ལེགས་པོ་ཞིག་བསྐོ་བཞག་བྱས་ན་འགྲིག་སྙམ།
སྤྱིར་སེ་འབྲས་དགེ་གསུམ་དུ་མཁན་པོ་བསྐོ་བཞག་གིས་གྲྭ་ཚང་བསྐྱངས་བཞིན་པ་འདི་ཤིན་ཏུ་ལེགས་པ་ཞིག་ཡིན། ཡིན་ན་ཡང་མཁན་པོ་དེ་ཚོར་གཤེགས་རྗེས་སུ་མཁན་སྤྲུལ་བཙལ་བའི་ལུགས་སྲོལ་དེ་མེད་པར་བཟོས་ན་འགྲིག་སྙམ། དེ་མིན་གདན་ས་གསུམ་གྱི་གྲལ་འགོ་རུ་སྟོད་འགག་སེར་བོ་གྱོན་པའི་མཁན་སྤྲུལ་དང་གྲྭ་ཚང་སྤྲུལ་སྐུ་ཚོགས་ཆེན་སྤྲུལ་སྐུ་ཟེར་བ་འདྲ་བོ་ཡར་མར་བཅོ་བརྒྱད་ཀྱི་སྤྲུལ་སྐུའི་ཁེངས་ནས་ཡོད། དེ་ཚོའི་ནང་ནས་སྤྲུལ་སྐུ་གཉིས་གསུམ་ཞིག་གིས་སློབ་སྦྱོང་ཡག་པོ་བྱས་ཏེ་བྱ་ཉུང་དོན་ཉུང་བྱུང་ཚེ་རབ་རེད། དེ་ཡང་དཀའ་ལས་ཁག་པོ་རེད།
ཁོང་ཚོས་སློབ་སྦྱོང་གྲྭ་རྐྱང་དཀྱུས་མ་བཞིན་བརྩོན་འགྲུས་བསྐྱེད་འདོད་མེད་ལ། དེ་འདྲའི་སྙིང་སྟོབས་ཡང་མེད། སྤྱིར་ན་ནང་པའི་གཞུང་ལུགས་ཀྱི་འགྲོ་སྟངས་ལྟར་བཤད་ན། སྤྲུལ་སྐུ་དེ་ཚོ་མི་གཞན་ལས་ལུས་སེམས་ཀྱི་བྱ་སྤྱོད་གང་ཐད་ནས་ཁྱད་པར་དུ་འཕགས་དགོས། རྒྱུ་མཚན་ནི་ཚེ་སྔོན་མའི་བསླབས་པ་སློབ་གཉེར་དང་ཐོས་བསམ་སྒོམ་སྒྲུབ་བྱས་བའི་བག་ཆགས་བཟང་པོ་བཞག་ཡོད། ཡིན་ཡང་བག་ཆགས་མ་སད་པ་ཡིན་ནམ། སྐྱེ་བ་སྔོན་མའི་སྤྲུལ་སྐུ་དངོས་མ་ཞིག་མ་བྱུང་བར་རྫུན་མ་ཞིག་བྱུང་བ་གང་ཞིག་བཤད་དགོས་པ་མི་ཤེས་མོད། འོན་ཀྱང་འདི་འདྲའི་སྤྲུལ་སྐུའི་རིགས་ལ་བསམ་བློ་བཏང་ཚེ། ནང་པའི་གཞུང་ལུགས་སུ་གསུངས་བཞིན་པའི་བག་ཆགས་རྟེན་འབྱུང་གི་རིག་པ་ཟེར་བ་འདི་ཡང་དོགས་གཞི་ཅན་ཞིག་གི་གནས་སུ་ལྷུང་ཉེན་ཆེ་ལ། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་མང་པོས་ཆོས་དང་ཆོས་ལུགས་པའི་དབྱེ་བ་མ་བྱས་བར་ཆོས་ལ་དགག་པ་རྒྱག་གི་ཡོད་པ་ཡང་རྩ་བ་འདི་འདྲའི་རིགས་ལ་ཐུག་འདུག་སྙམ།
ཆོས་ཀྱི་རྗེས་འབྲང་རིག་པའི་བུ་མོ་འདི།།
གཟུར་གནས་དཔྱོད་ལྡན་བུ་ལ་བག་མར་སྦྱིན།།
རྣམ་དཔྱོད་གཏམ་གྱི་བུ་ཆུང་སྐྱེ་འདོད་ཀྱང་།།
དབང་རྟུལ་དད་ཅན་ཁྲོས་བའི་ཁུ་ཚུར་ལ།།
གཡོ་ཅན་སྤྲུལ་རྫུས་དཔའ་བོའི་ཆོ་ལོ་དང་།།
ཕྲག་དོག་འདྲེ་མོའི་ཁྱོ་གས་ངར་སྒྲ་ཡིས།།
རིག་པའི་བུ་ཆུང་སྐྱེ་ལ་བཀག་བྱས་ཀྱང་།།
རིག་པའི་རི་མོ་རང་གི་སེམས་སུ་གསལ།།
ནམ་མཁས་ཡག་པོ་བྲིས་ཤག་ཡིན་ནའང་ཁག་པོ་རེད། བོད་མི་རིགས་འདི་ཡང་རྨོངས་དད་ལས་གཉིད་སད་མེད། ཁོང་ཚོས་སྤྲུལ་རྫུས་བླ་རྫུས་གྲྭ་རྫུས་ཟེར་ནས་ལྐོག་ཏུ་སྨོད་པ་ལས། མདུན་དུ་སླེབས་དུས་གྲྭ་རྐྱང་ཉམས་ཆུང་དེ་རིགས་ལ་མིག་ལོག་བལྟ་བཞིན་བླ་རྫུས་སྤྲུལ་རྫུས་ཀྱི་རྐུབ་ལ་ཁྱི་བཞིན་འབྲང་གི་ཡོད།
ཁྱེད་ཀྱིས་གསུངས་པ་བདེན། སྤྲུལ་སྐུ་དེ་ཚོ་མི་བུ་དཀྱུས་མ་ལས་ལྷག་པའི་རྣམ་དཔྱོད་གཅིག་མེད་ཁར། རྒྱུ་ནོར་ལོངས་སྤྱོད་ལ་ཆགས་ཞེན་དང་འགྲན་རྩོད་ཆེ་བ། བུད་མེད་ལ་ཆགས་སྲེད་ཆེ་བ། གྲུབ་མཐའི་ཆགས་སྡང་ཆེ་བ། མཐོ་འདོད་གྲགས་འདོད་ཀྱི་འཇིག་རྟེན་གྱི་ཆོས་བརྒྱད་གཞན་ལས་ཆེ་བ་དེ་འདྲ་འདུག ལྷག་པར་དུ་སྤྲུལ་རྫུས་དེ་རིགས་གྲོངས་རྗེས་འབྱོར་ལྡན་གྱི་ཾཁྱིམ་དུ་སྐྱེ་བ་དང། ཡང་ན་རང་གི་བླ་བྲང་གི་མཁའ་འགྲོ་མ་དེ་ཚོར་བསྐོར་བ་རིམ་བཞིན་རྒྱབ་སྟེ་སྐྱེས་ཏེ་སྔར་སྤྲུལ་རྫུས་ཀྱིས་ལྷགས་པའི་རྒྱུ་ནོར་དེ་ཚོ་གཞན་ལ་མི་འཆོར་བའི་དོན་དུ་བླ་བྲང་ནང་དུ་རང་འཁོར་ཏེ། ཕ་བླ་རྫུས་སྤྲུལ་རྫུས་ལ་བུ་བླ་སྤྲུལ་རྫུས་མ་སྐྱེས། དེ་ནས་རིམ་བཞིན་བླ་བྲང་ནང་གི་ཕོ་རྣམས་ཐམས་ཅད་བླ་མ་དང་སྤྲུལ་སྐུ། མོ་རྣམས་ཐམས་ཅད་མཁའ་འགྲོ་དང་ཕྱག་རྒྱ་མ་དང་རིགས་མ་ཡིན། དེ་འདྲ་མང་དུ་ཡོད་པ་མིག་མཐོང་ལག་ཟིན་རེད། སློབ་སྦྱོང་སློབ་དུས་ཀ་ངོ་ར་ངོ་མི་ཤེས་པ་མི་བུ་སྐྱུས་མ་ལས་ཀྱང་སྐྱོ་བ་ལས་ལེགས་བཟོ་མི་འདུག དེ་ནས་རབ་བྱུང་ཞུས་་ཏེ་མིང་གཅིག་ཐོབས་ཐབས་བྱས་དེ་ནས་སོར་སྡོམ་དེ་མཆིལ་མའི་ཐལ་བ་བཞིན་དུ་དོར་རྐྱང་བྱས། དེ་འདྲ་མང་དུ་འདུག་
ལོ་རྒྱུས་ལ་བལྟས་ན་བོད་ལ་སྤྲུལ་སྐུ་ལམ་ལུགས་དར་ནས་བསྟན་པ་ཉམས་མགོ་ཚུགས་འདུག། ལྷག་པར་དེང་སང་སྤྲུལ་སྐུ་ངོས་འཛིན་བྱེད་སྐབས་རྣ་མ་བསུ་བ་ནང་བཞིན་ཕན་ཚུན་ཆ་རྐྱེན་འདོན་ནས་སྤྲུལ་སྐུའི་བུ་སྤྲུལ་སྐུ་ངོས་འཛིན་བྱེད་བཞིན་པ་དང་ཡང་ན་ཚོང་པ་དང་ལས་བྱེད་འབྱོར་ལྡན་ཚོས་བུ་ཁྲི་འདོན་བྱེད་བཞིན་འདུག། སྤྲུལ་སྐུ་ཞེས་པའི་མིང་བཏགས་པའི་ཉིན་མོ་ནས་དགེ་སྡིག་རྒྱུ་འབྲས་ལས་ཐར་ཟིན་པས་མི་དགེ་བཅུ་དང་མཚམས་མེད་ལྔ་བྱས་ཀྱང་སྤྲུལ་སྐུ་ནི་སྤྲུལ་སྐུ་རང་རེད། གྲ་བ་ལོག་རྒྱུ་ཡོད་ཀྱང་སྤྲུལ་སྐུ་ལོག་རྒྱུ་མེད་པ་སོགས་བློ་ཡུལ་ལ་མི་ཤོངས་བའི་བྱ་བ་མང་པོ་འདུག་པས་ངས་ནི་ད་ནས་སྤྲུལ་སྐུ་ལ་དད་པ་མཚམས་འཇོགས་བྱེད་གི་ཡིན།
སྤྲུལ་སྐུ་དེ་ཚོ་མི་བུ་དཀྱུས་མ་ལས་ལྷག་པའི་རྣམ་དཔྱོད་གཅིག་མེད་ཁར། རྒྱུ་ནོར་ལོངས་སྤྱོད་ལ་ཆགས་ཞེན་དང་འགྲན་རྩོད་ཆེ་བ། བུད་མེད་ལ་ཆགས་སྲེད་ཆེ་བ། གྲུབ་མཐའི་ཆགས་སྡང་ཆེ་བ། མཐོ་འདོད་གྲགས་འདོད་ཀྱི་འཇིག་རྟེན་གྱི་ཆོས་བརྒྱད་གཞན་ལས་ཆེ་བ་དེ་འདྲ་འདུག
ཟེར།
གྲ་བ་ལོག་རྒྱུ་ཡོད་ཀྱང་སྤྲུལ་སྐུ་ལོག་རྒྱུ་མེད་པ་སོགས་བློ་ཡུལ་ལ་མི་ཤོངས་བའི་བྱ་བ་མང་པོ་འདུག་པས་ངས་ནི་ད་ནས་སྤྲུལ་སྐུ་ལ་དད་པ་མཚམས་འཇོགས་བྱེད་གི་ཡིན།
ཟེར།
བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་མང་པོས་ཆོས་དང་ཆོས་ལུགས་པའི་དབྱེ་བ་མ་བྱས་བར་ཆོས་ལ་དགག་པ་རྒྱག་གི་ཡོད་པ་ཡང་རྩ་བ་འདི་འདྲའི་རིགས་ལ་ཐུག་འདུག་སྙམ།
ཟེར།
ནམ་མཁའ་ལགས་ནས་གསུངས་པ་བདེན་པ་རེད།
དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཡོད་ནའང་བོད་པ་འདི་ཚོ་ད་དུང་གཉིད་ལས་སད་མི་ཐུབ་པ་ག་རེ་ཡིན་ནམ།
དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་བོད་པ་མང་ཆེ་བས་སློབ་གྲྭའི་སྒོ་ཐེམ་འགྲུམས་མ་མྱོང་བ་དང་འགྲོ་མྱོང་མཁན་ཚོའང་སློབ་མཐར་ཕྱིན་པ་ཧ་ཅང་ཉུང་ཉུང་ཡིན་པས་རེད་བསམ།
སོང་ཙང་ད་དུང་ལྷ་སྒྲུང་འདྲ་བོ་དང་གནའ་གཏམ་འདྲ་བོ་རེ་ལ་ཡིད་ཆེ་བྱེད་ནས་བསྡད་ཡོད།
ང་ཚོའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཡི་བཀའ་ལ་རྟགས་དཔྱད་བྱོས་གསུངས་ཡོད་ནའང་། བོད་པ་ཚོས་དེ་ལས་ལྡོག་སྟེ་སྤྲུལ་རྫུན་འདི་ཚོར་ཅིག་ལབ་ན་ལོག་ལྟ་ཅན་དང་བཀྲ་མ་ཤིས་པ་ཟེར་བཞིན་ཡོད།
སེམས་པ་སྐྱོ་དགོས་པ་ཞིག་ལ་ད་དུང་ང་ཚོའི་མུན་ཁྲོད་ཀྱི་སྤྱི་ཚོགས་འདི་ལ་ཉི་འོད་འཆར་བར་ཧ་ཅང་ལམ་ཐག་རིང་།
བདེན་པ་ཡིན་མིན་མི་ཤེས་ཀྱང་ལྷས་བྱིན་དང་ལེགས་དཀར་ཟེར་བ་དེ་ཚོ་ཡང་སངས་རྒྱས་ཀྱིས་སྤྲུལ་བ་ཡིན་ཟེར་མཁན་འདུག
དེས་ན་དེ་ཚོ་ཡང་སྤྲུལ་སྐུ་ཡིན་ངེས།
དེས་སང་ཡང་བསྟན་པ་ལ་རྨ་འབྱིན་པའི་སངས་ཀྱི་སྤྲུལ་བ་ཞིག་ཡོད་ཨེ་ཆོག
སྤྲུལ་སྐུ་ཚང་མ་ཆོས་པ་ཡིན་ཨེ་དགོས།
ཆོས་པ་ནི་ངན་སོང་ལ་སྐྲག་པ་དང་། འཁོར་བ་ལ་ཞེན་པ་ལོག་པ། ཐར་བ་འདོད་པའི་བློ་བཅོས་མ་མ་ཡིན་པ་བཅས་དགོས་པ་རེད།
དེས་ན་སྤྲུལ་སྐུ་དང་ཆོས་པ་གཉིས་ལ་མུ་བཞི་མེད་དམ་སྙམ།།
ཡ་ཡ་་བདེ་མོ་།
ཐབས་ཇུས་ཅན་གྱིས་དགོད་བྲོ་བའི་མཚར་གཏམ་འགའ་བཤད་འདུག
དུས་རབས་ཉེར་གཅིག་ལ་སླེབས་ན་གཉིད་ལས་སད་དགོས་དོན་ཅང་ཨེ་ཡོད།
རྟགས་ཡང་དག་རེད་པས།
སློབ་གྲྭ་སོང་ཚད་ཀྱིས་ཐམས་ཅད་ཤེས་འགྲོ་བ་རེད་དམ།
ང་ཚོའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་ཁས་ལེན་གྱི་ཡོད་པ་འདྲ།
ཁོང་སློབ་གྲྭར་སོང་ཡོད་པ་རེད་དམ།
ཡང་ན་གཉིད་ལས་སད་མེད་ཟེར་རམ།
རང་གི་ཁས་ལེན་གང་དུ་འགྲོ་སོང་།
སོམས་ཤིག
ཧེ་ཧེ་ཧེ་།
ད་ཡིན་ན་གདན་ས་ཁག་གི་སྤྲུལ་སྐུ་ཚོས་འབྲི་རྒྱུ་དང་བཤད་རྒྱུ་ཡོད་ན་ཕྲིས།མེད་ན་ནམ་མཁས་བཤད་པ་གནས་ལུགས་ཡོད་པར་ཁས་ལེན་བབྱས་བར་འཇོག་གི་ཡིན།
སྤྲུལ་སྐུ་མིང་ཅན་ཡིན་ན་སྤྲུལ་སྐུ་ཡིན་པའི་ངེས་པ་ག་ལ་ཡོད། སྤྲུལ་སྐུ་རྫུན་མ་ག་ཚད་ཐོན་གི་འདུག བཟོ་གྲྭ་ནས་བཏོན་པ་བཞིན་ཉིན་མ་རེར་ཡང་མི་འདྲ་བ་རེ་ཐོན་ཡོང་གི་རེད།
སྤྲུལ་སྐུ་མིང་ཅན་མང་བོ་ཞིག་གི་བྱ་སྤྱོད་ཡག་པོ་མེད་པ་དངོས་གནས་རེད། དེ་རྒྱུ་མཚན་དུ་བྱས་ཏེ་སྤྲུལ་སྐུ་དངོས་གནས་ཡིན་པ་ཚོར་ལབ་ན་ག་ལ་འགྲིག
ངས་བལྟས་ན་དབྱེ་འབྱེད་བྱེད་ཤེས་དགོས་ཀྱི་འདུག དེ་ཡོང་བ་ལ་ཡང་མི་དམངས་ཀྱི་ཤེས་ཚད་ཇེ་མཐོར་གཏོང་དགོས་པ་རེད། གཙོ་བོ་ནང་ཆོས་ངོ་སྤྲོད་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་སང་རྨོངས་དད་བྱེད་མཁན་ཡང་མང་བོ་ཡོད་རེད།
༧གོང་ས་མཆོག་གི་བཀའ་སློབ་མང་བོ་ཉན་དགོས་ཀྱི་འདུག
སྤྲུལ་སྐུ་ཡིན་ཟེར་ཚད་ལ་བདག་པོ་མ་བརྒྱབ་ན་ཡག་པོ་འདུག ཁོ་རང་ཁོ་རང་བཞག་བཞག་ན་རང་བཞིན་གྱིས་མེད་འགྲོ་གི་རེད།
སྤྲུལ་སྐུའི་ལམ་སྲོལ་འདི་སྔོན་ཆད་ཀྱི་ཨག་གསར་ཅིག་རེད་ལ།
དེ་སང་གི་སྲིད་དོན་ཞིག་ཀྱང་ཡིན་པ་འདྲ།
ཚོགས་པ་ཚོའི་དགོས་མཁོ་ཞིག་ཀྱང་རེད་འདུག
༧༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༡ གི་ཆུ་ཚོད་ ༠ སྐར་མ་ ༡༠
བདེན་པ་ཡིན་མིན་མི་ཤེས་ཀྱང་ལྷས་བྱིན་དང་ལེགས་དཀར་ཟེར་བ་དེ་ཚོ་ཡང་སངས་རྒྱས་ཀྱིས་སྤྲུལ་བ་ཡིན་ཟེར་མཁན་འདུག ་་་་་་་ཟེར།
༢༽ བོད་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༠ གི་ཆུ་ཚོད་ ༢༣ སྐར་མ་ ༤༢
ལོ་རྒྱུས་ལ་བལྟས་ན་བོད་ལ་སྤྲུལ་སྐུ་ལམ་ལུགས་དར་ནས་བསྟན་པ་ཉམས་མགོ་ཚུགས་འདུག། ་་་་་ཟེར།
༡༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༠ གི་ཆུ་ཚོད་ ༢༢ སྐར་མ་ ༥༩
ནམ་མཁས་ཡག་པོ་བྲིས་ཤག་ཡིན་ནའང་ཁག་པོ་རེད། བོད་མི་རིགས་འདི་ཡང་རྨོངས་དད་ལས་གཉིད་སད་མེད། ཁོང་ཚོས་སྤྲུལ་རྫུས་བླ་རྫུས་གྲྭ་རྫུས་ཟེར་ནས་ལྐོག་ཏུ་སྨོད་པ་ལས། མདུན་དུ་སླེབས་དུས་གྲྭ་རྐྱང་ཉམས་ཆུང་དེ་རིགས་ལ་མིག་ལོག་བལྟ་བཞིན་བླ་རྫུས་སྤྲུལ་རྫུས་ཀྱི་རྐུབ་ལ་ཁྱི་བཞིན་འབྲང་གི་ཡོད། ་་་་་་་ཟེར།
སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རན་འདུག
ནམ་མཁའ།
རང་གི་རིགས་ལ་དཀར་བའི་སྒྱོགས་ཆེན་འདི།།
གཡོ་ཅན་སྤྲུལ་རྫུན་རིགས་ལ་ཕོག་པའི་ཚེ།།
ཁོང་ཁྲོའི་ལྡོག་ཟླ་བཟོད་གསོལ་མེད་མོད་ཀྱང་།།
སོར་མོ་བྲང་འཇོག་རེ་བ་ཅུང་ཟད་མཆིས།། ་་་་་ཟེར།
བལྟས་ངན་བརྒྱད་ཅུ་གྱ་གཅིག་འདི།།
ན་ཉིན་བཙོས་པའི་སྦང་ཆང་རེད།།
མ་ཞིམ་ན་ཡང་འཐུང་བ་རེད།།
སྤྲུལ་སྐུ་ངོས་འཛིན་སྲོལ་འདི་རྟེན་འབྲེལ་མགོ་ནས་འཆུག་འདུག གྲུབ་ཐོབ་ཨོ་རྒྱན་པས་ཀརྨ་པ་ངོས་འཛིན་མཛད་ཟེར་ན་ཡང་བལ་བོད་ས་མཚམས་ཡས་མས་སུ་འཁྱམས་འདུག་མཁན་གནས་སྐོར་བ་བཟའ་མི་གཉིས་ལ་བུ་ཆུང་ཞིག་སྐྱེས་པ་དེས་ང་ཀརྨ་པ་ཡིན་ཞེས་མང་པོ་བརྗོད། དེ་ནས་ཨོ་རྒྱན་པས་སྐུ་བདག་བྱས། ཡིན་ན་ཡང་ཟླ་བ་བརྩིས་ཡོང་དུས་བླ་མ་འདས་པ་དང་བྱིས་པ་དེ་སྐྱེས་པའི་བར་ན་ཟླ་བ་ལྔ་མ་གཏོགས་མེད། དེར་ཨོ་རྒྱན་པ་དོག་པ་སྐྱེས་ནས་ཁྱོད་མངལ་དུ་ཟླ་བ་ལྔ་ལས་མ་གནས་པ་དེ་ཅི་རེད་ཅེས་དྲིས། དེར་བྱིས་པ་དེས་ང་བྱིས་པ་མངལ་དུ་ཞུགས་ནས་ཟླ་བ་ལྔ་ལོན་ཟིན་པ་ཞིག་ལ་ཞུགས་པ་ཡིན་ཞེས་བརྗོད་པ་རེད་ཟེར་ནས་བྲིས་འདུག་སྙམ། བྱིས་པ་ཟླ་བ་ལྔ་ལ་སོན་ཟིན་པ་ཞིག་ལ་ག་འདྲ་བྱས་ནས་ཞུགས་པ་ཡིན་ནམ། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ།།ཞེས་གསུངས་ཡོད་པ།
སྤྲུལ་སྐུའི་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་ན་ཀརྨ་པ་དང་རྒྱལ་བ་པན་ཆེན་ནས་འགྱུར་བ་གཏོང་དགོས་པ་རེད།
དེ་ནི་ཧ་ཅང་ཁག་པོ་རེད། སྤུལ་སྐུའི་ལམ་སྲོལ་འདིས་བོད་ཀྱི་ནང་བསྟན་ཆོས་རྒྱུད་ལ་གྱོང་རེག་རྒྱུ་ལས་གང་ཡང་མེད་པ་ཞིག་ག་ལ་ཡིན། ཕན་ཐོགས་མང་པོ་ཡོད་པ་བཤད་མ་དགོས། དེ་བས་སྤྲུལ་རྫུན་མེད་པ་བཟོ་ཐུབ་ན་ཡག་ཤོས་རེད། རྒྱ་གར་གྱི་སིག་པ་ཚོས་རང་གི་བླ་མ་གུ་རུ་ན་ནག་ལྟ་བུ་སློབ་དཔོན་ཞིག་ཡོད་པ་ལ་ཡིད་ཆེས་དང་དེ་ལ་བརྟེན་ནས་མི་མང་པོ་ལ་ཕན་ཐོགས་ཡོད་པ་དང་ཀུན་སྤྱོད་ལེགས་པའི་དགེ་སྒྲུབ་ཀྱི་བྱ་བ་ལ་ཡིད་རྟོན་བྱེད་པ་སྤྱི་ཚོགས་ནང་ལ་དགོས་ངེས་ཅན་ཆགས་ཡོད། རང་རེའི་གོང་ས་མཆོག་ལྟ་བུས་རླབས་ཆེ་བའི་བྱ་བཞག་དེ་འདྲ་སུ་ཞིག་གིས་བསྐྱངས་ནུས་ཏེ་མི་ནུས་སོ། །དེ་ཡང་སྤྲུལ་སྐུའི་ལམ་ལུགས་དེ་འདྲ་ཞིག་མེད་སོང་ན་བོད་པ་ཟེར་བ་ཞིག་དེང་སང་མིང་ཙམ་ལས་ལྷག་མེད་པ་གསལ་བོ་རེད། རྒྱུ་མཚན་ནི་མང་ཚོགས་ཀྱིས་ཡིད་ཆེས་བྱེད་སའི་བླ་མའམ་སྤྲུལ་སྐུ་ཞིག་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་རེད། །
སྤྲུལ་སྐུའི་ལམ་ལུགས་བཅོས་བསྒྱུར་གཏོང་བར་དང་པོ་བོད་ཀྱི་བླ་མའི་ཆོས་ལུགས་འདི་བསྒྱུར་བཅོས་ཞིག་གཏོང་བ་ཡིན་ན་རང་བཞིན་གྱིས་སྤྲུལ་སྐུའི་ལམ་ལུགས་དེ་བཅོས་པར་སླའོ། བོད་ཀྱི་བླ་མའི་ཆོས་ལུགས་དེ་སངས་རྒྱས་ཤཀྱའི་ཐུབ་པའི་རིང་ལུགས་དྲི་མ་ཅན་གྱི་ཆོས་ལུགས་ཞིག་ལས་སངས་རྒྱས་པའི་ཆོས་རྒྱུན་གཤར་མ་ཞིག་མ་རེད།
སྤྱིར་སྤྲུལ་སྐུ་ལ་བཟང་ངན་གཉིས་ཡོད་རྒྱུ་རེད། ཡིན་ནའང་དེང་སང་གི་སྤྲུལ་སྐུ་ནི་སྤང་ལ་ཤ་མོང་རྡོལ་བ་ནང་བཞིན་སླེབས་ཡོང་གི་འདུག དེ་ཡང་སྐུ་སྐྱེ་སྔོན་མ་མཁས་པ་དང་གྲུབ་ཐོབ་གང་ཡིན་རུང་དེ་ཡི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་ཚོ་སྐྱེ་བ་འདི་ལ་ཐུགས་ལ་དྲན་པ་ཞིག་དགོས་པ་རེད་དྲན། སྔ་མའི་ཡོན་ཏན་ཐམས་ཅད་མ་དྲན་ཀྱང་མ་མཐའ་ཀ་ངོ་ར་ངོ་སློབ་མི་དགོས་པར་རང་རྡོལ་གྱིས་ངོས་བཟུང་དགོས་པ་ཞིག་ད་ལོས་དགོས། དེ་མིན་སྤྲུལ་དང་མ་སྤྲུལ་གྱི་ཁྱད་པར་མི་འདུག
དེང་དུས་གོ་ཐོས་མཐོང་བའི་སྤྲུལ་སྐུ་དེ་ཚོས་ནི། ཀ་ངོ་ར་ངོ་མི་ཤེས་པས་འགྲོ་བ་ཕལ་པ་ནང་བཞིན་དབྱུག་པ་འཕྱར་ནས་སློབ་དགོས་པ་འདུག ཤེས་དགོས་རྒྱུའི་ཀ་ངོ་ར་ངོ་མི་ཤེས་ཤིང་བརྗེད་ལ་ཤོར། མི་ཤེས་མི་དགོས་པའི་དབྱུག་གོག་དང་དྷར་གོག་དྲིལ་གོག་འཕྲེང་གོག་དེ་ཚོ་ཡིད་ལ་ལྷང་ངེར་འཆར་བ་རེད་ཟེར་ནས་ངོས་འཛིན་བྱེད་སྲོལ་ཡོད་འདུག དེ་ལས་དགོད་བྲོ་བ་མི་འདུག སྤྲུལ་སྐུནངོས་འཛིན་བྱེད་མཁན་དེ་ཚོས་ཀྱང་ནང་གི་ཡོན་ཏན་གྱི་སྟེང་ནས་དཔྱད་པ་མི་བྱེད་པར་ཆགས་ཞེན་གྱི་དངོས་པོ་དེ་ཚོའི་ལམ་ནས་ངོས་འཛིན་ཞུ་བ་ནི་བསྟན་པ་བཤིག་མཁན་སྤྲུལ་རྫུས་རྣམས་ཀྱིས་སྐྱོན་ཁོ་ན་མིན་པར་དེ་ལྟར་ངོས་འཛིན་བྱེད་མཁན་དང་དེ་དག་ལ་དད་གུས་མོས་པ་བྱེད་མཁན་དག་གིས་ཀྱང་སྐྱོན་རེད། དེ་་རིགས་ལ་ཡིད་ཆེས་གཏན་ནས་མེད། སྤྲུལ་སྐུ་ཕལ་མོ་ཆེ་ཕྱི་རྒྱལ་ལ་འགྲོ་རྒྱུ། སྣུམ་འཁོར་རྫིག་པོ་ཉར་རྒྱུ། སོར་སྡོམ་ལ་ཉམ་ང་མེད་པར་དོར་རྐྱང་བྱེད་རྒྱུ། དེ་ནས་སྔགས་པ་ཡིན་ལུགས། དེ་ནས་རིན་པོ་ཆེ་ཡིན་ལུགས། གློག་ཀླད་རྫིག་པོ་འདྲ་ཁྱེར་ནས་ཡར་རྒྱུགས་མར་རྒྱུགས་འདྲ་བྱེད། ཁྲི་མཐོན་པོའི་སྟེང་ནས་གཟབ་ཚུལ་སྐར་ཆ་ཁ་ཤས་རིང་མར་གྱུར་འགྲོ་བ་ཐམས་ཅད་ལ་བྱམས་དང་སྙིང་རྗེ་བསྐྱེད་དགོས་རབས། ཆོས་ལུགས་གྲུབ་མཐའ་ཀུན་ལ་དག་སྣང་སྒོམ་དགོས་རབས། མི་རིགས་ཀུན་ལ་འདྲ་མཉམ་གྱི་བསམ་བློ་སྟོང་དགོས་རབས་ལུང་པ་བཅོ་བརྒྱད་བཤད་རྗེས། ནང་དུ་རྐང་བསྐྱང་ལག་བསྐྱང་གིས་གཞན་གྱི་ཆོས་ལུགས་ལ་བསྐུར་འདེབས་རང་གི་ཆོས་ལུགས་ཡག་རབས་རྐྱང་བཤད་ནས་སྐྱེ་བོ་ཐ་མལ་བས་ལས་ཀྱང་ཆགས་སྡང་རྨོང་གསུམ་ཆེ་བ་དེ་ཚོ་མཐོང་དུས་ངོ་མ་ཡིད་སྐྱོ་དགོས་པ་ཞིག་དང་ཞེ་གཏིང་ནས་སྡང་དགོས་པ་ཡོང་གི་འདུག
ནམ་མཁས་ལེགས་པོ་བྲིས་འདུག རྒྱབ་སྐྱོར་གཙང་མ་ཡོད། བོད་ཀྱི་བླ་མ་ཡོངས་སུ་རྫོགས་པའི་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ལུགས་སྲོལ་མེད་པ་བྱེད་ཐུབ་ན་དགེ་ཆེ་མཚན་བར་མངོན། འོན་ཀྱང་༸གོང་ས་མཆོག་གིས་དེ་ལྟར་དགོངས་ཀྱི་མེད་པ་འདྲ། །
བོད་ཀྱི་ཤེས་ཡོན་ཅན་གྱི་ཁྲོད་ན་སྤྲུལ་སྐུ་ངོས་འཛིན་སྲོལ་དེ་ལ་མི་དགའ་མཁན་མང་པོ་རེད། ཡིན་ན་ཡང་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ལ་ལག་པ་གཏན་ནས་འཆངས་མི་ཐུབ་ས་གཉིས་ཡོད་པ་རེད། དེའི་ནང་གི་གཅིག་རྒྱ་ནག་གཞུང་རེད། གཅིག་མིང་ནས་འཛིན་ཕོད་ཀྱི་མི་འདུག
རྗེ་མི་ལ་དང་རྗེ་ཙོང་ཁ་པ་ལྟ་བུ་བསྟན་པའི་བདག་པོ་ཡིན་པས་སྤྲུལ་སྐུ་བྱུང་བའི་ལོ་རྒྱུས་མེད་ཀྱང་རྗེས་འཇུག་སློབ་མ་ཚོས་རང་རང་གི་བླ་མའི་བཤད་སྲོལ་བཟང་པོ་དར་སྤེལ་གཏོང་བ་ལ་སྐྱེ་བ་སྣ་ཚོགས་བཟུང་ནས་སྤྲུལ་སྐུ་ཚོས་བསྟན་པ་ལ་བྱས་རྗེས་བཞག་པ་ཉུང་ཉུང་ཞིག་མ་རེད། དེས་ན་སྤྲུལ་སྐུ་རེ་ཟུང་གིས་བསྟན་པ་རྨ་འབྱིན་པ་ཡོད་སྲིད་ཀྱང་དེ་ཙམ་གྱིས་སྤྱི་ཡོངས་ལ་དོ་ཕོག་འགྲོ་མི་སྲིད། སྤྲུལ་སྐུའི་ལམ་སྲོལ་ཡོད་པ་དང་མེད་པ་གཉིས་ཀྱི་ནང་ནས་མེད་པ་ལ་དགེ་མཚན་གང་ཡང་མཐོང་མ་སོང་། ཤོད་དང་། མེད་ན་དགེ་མཚན་གང་འདྲ་འདུག་གམ།
བཤད་སྟངས་དེ་ནི་བོད་མི་རེ་གཉིས་ཀྱི་སྤྱོད་ངན་ལ་བརྟེན་ནས་བོད་པ་རྩ་མེད་བཟོ་དགོས་ཟེར་བ་འདྲ་བོ་རེད། སྤྲུལ་སྐུ་རེ་གཉིས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་རྩ་མེད་བཟོ་དགོས་ཟེར་བ་ཙམ་ལས་རྒྱུ་མཚན་རྣལ་མ་ཞིག་ཁྱེད་ཚོ་སུ་ལ་ཡང་འགོད་རྒྱུ་མི་འདུག །སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་ན་བོད་མིའི་གཤིས་སྤྱོད་ཇེ་ལེགས་སུ་འགྲོ་ངེས་རེད་དམ། སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་ན་བོད་མི་ལ་རང་དབང་འཐོབ་སྲིད་དམ། ཡང་ན་ལྟ་སྤྱོད་གཙང་མ་ཞིག་ཡོང་ཐུབ་ཀྱི་རེད་དམ། ཤོད་དང་། སེམས་ཀྱི་དོགས་པ་ཡིན།
སྤྲུལ་སྐུའི་ལམ་ལུགས་དང་སྐུ་དྲག་ལམ་ལུགས་གཉིས་གཅིག་པ་རེད། དམིགས་ཡུལ་གཅིག་སྟེ་དབང་ཆ་མི་ཉམས་བརྒྱུད་འཛིན་བྱ་རྒྱུ། ཉམ་ཆུང་པགས་པ་ཤུས་རྒྱུ། མི་འདྲ་ས་དེ་གཅིག་གིས་ཆོས་ལུགས་ཁ་ལ་ཁྱེར། གཅིག་གིས་ལམ་སྲོལ་ཁ་ལ་ཁྱེར། དོན་ལ་གཉིས་ཀ་བོད་པ་ཚོའི་ཁུར་པོ་རེད། ངའི་མི་འདོད་ས་གཙོ་བོ་དེ་གཉིས་ཡིན།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་བཤད་ཆོས་ཙམ་དུ་གྱུར་པ་རེད། བཤད་སྒྲུབ་གཉིས་ཀྱིས་སངས་རྒྱས་བསྟན་པ་འཛིན་རྒྱུ་ལས་དེ་གཉིས་ཡར་བྲལ་དུ་སོང་ན་སངས་རྒྱས་བསྟན་པ་དྲི་མ་ཅན་དུ་གྱུར་སོང་བ་རེད། སྤྲུལ་སྐུ་རྣམ་པས་ཐོབ་དང་གོ་ས། མིང་དང་གྲགས་པ་སོགས་ཕྱིའི་དངོས་པོར་རྒྱས་སྤྲས་གཙོ་གཉེར་ལས་བླ་སྤྲུལ་གྱི་མིང་འཛིན་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པར་སྒྲུབ་པའི་སྒོར་ནས་ཞབས་འདེབས་ཞུ་མཁན་ཉིན་མོའི་སྐར་མ་ལྟར་འགྱུར་བཞིན་པ་འདིས་སྤྲུལ་སྐུའི་ལམ་ལུགས་ཡོད་པ་ལས་མེད་པར་དགེ་མཚན་ཆེ་བ་རེད།
སྤྲུལ་སྐུའི་ལམ་ལུགས་མེད་ན་གྲྭ་རྐྱང་ཉམ་ཆུང་དག་ལ་མདུན་ལམ་ཡོད།
སྤྲུལ་སྐུའི་ལམ་ལུགས་མེད་ན་དད་ལྡན་ཉམ་ཆུང་དག་གི་དངུལ་ཁུག་ལ་དྲོད་བབ།།
སྤྲུལ་སྐུའི་ལམ་ལུགས་མེད་ན་འདྲ་མཉམ་གྱི་ལྟ་བ་ལ་གསོན་ཤུགས་རྒྱས།།
སྤྲུལ་སྐུའི་ལམ་ལུགས་མེད་ན་སྟུ་གསར་པ་མང་དུ་འགྲོ།
སྤྲུལ་སྐུའི་ལམ་ལུགས་མེད་ན་ནང་བརྟན་ཡུན་དུ་གནས།
སྤྲུལ་སྐུའི་ལམ་ལུགས་མེད་ན་ཆོས་ལུགས་ཀྱི་དམག་སྐེད་ཚིགས་བུད།
སྤྲུལ་སྐུའི་ལམ་ལུགས་མེད་ན་བོད་འབངས་མགོ་འཕང་མཐོ།
སྤྲུལ་སྐུའི་ལམ་ལུགས་ཡོད་ན་གཉའ་མནོན་ཤུ་བཞོག་ཡོད། ་
དེ་སོགས་མང་།
སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་ན་བོད་མིའི་གཤིས་སྤྱོད་ཇེ་ལེགས་སུ་འགྲོ་ངེས་རེད་དམ། སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་ན་བོད་མི་ལ་རང་དབང་འཐོབ་སྲིད་དམ། ཡང་ན་ལྟ་སྤྱོད་གཙང་མ་ཞིག་ཡོང་ཐུབ་ཀྱི་རེད་དམ། དེ་ཚོ་ཡོང་ངེས་ཀྱི་ཁ་ཕོ་སྒྲོག་མི་ཕོད་ཀྱང་ལེགས་སུ་འགྲོ་ངེས་གཏན་རེད།
སྤྲུལ་སྐུའི་ལུགས་ངན་ཕམ་གྱུར་ཅིག རང་དབང་འདྲ་མཉམ་རྒྱལ་ལོ།།
དཔྱོད་ཤེས་པ་ཞོགས་དུང་གིས་སྤྲུལ་སྐུ་ཡོད་ས་ན་འདྲ་མཉམ་དང་རང་དབང་མེད་པ་དང་། ནམ་ཞིག་སྤྲུལ་སྐུ་ལམ་ལུགས་མཇུག་རྫོགས་དུས་བོད་ལ་རེ་བའི་མྱུ་གུ་དང་བོ་འབུས་པ་ཡིན་ཟེར།
༡༩༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༡ གི་ཆུ་ཚོད་ ༣ སྐར་མ་ ༥༩
སྤྱིར་སྤྲུལ་སྐུ་ལ་བཟང་ངན་གཉིས་ཡོད་རྒྱུ་རེད། ཡིན་ནའང་དེང་སང་གི་སྤྲུལ་སྐུ་ནི་སྤང་ལ་ཤ་མོང་རྡོལ་བ་ནང་བཞིན་སླེབས་ཡོང་གི་འདུག དེ་ཡང་སྐུ་སྐྱེ་སྔོན་མ་མཁས་པ་དང་གྲུབ་ཐོབ་གང་ཡིན་རུང་དེ་ཡི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་ཚོ་སྐྱེ་བ་འདི་ལ་ཐུགས་ལ་དྲན་པ་ཞིག་དགོས་པ་རེད་དྲན། སྔ་མའི་ཡོན་ཏན་ཐམས་ཅད་མ་དྲན་ཀྱང་མ་མཐའ་ཀ་ངོ་ར་ངོ་སློབ་མི་དགོས་པར་རང་རྡོལ་གྱིས་ངོས་བཟུང་དགོས་པ་ཞིག་ད་ལོས་དགོས། དེ་མིན་སྤྲུལ་དང་མ་སྤྲུལ་གྱི་ཁྱད་པར་མི་འདུག ་་་་་་་་ཟེར།
ཞོགས་དུང་གིས་སྤྲུལ་སྐུ་ཡོད་ས་ན་འདྲ་མཉམ་དང་རང་དབང་མེད་པ་དང་། ནམ་ཞིག་སྤྲུལ་སྐུ་ལམ་ལུགས་མཇུག་རྫོགས་དུས་བོད་ལ་རེ་བའི་མྱུ་གུ་དང་བོ་འབུས་པ་ཡིན་ཟེར། དོན་དངོས་པོའི་གནས་ཚུལ་ལ་མི་ཚང་མ་རང་དབང་དང་འདྲ་མཉམ་ཞིག་གཏན་ནས་ཡོང་དཀའ། མི་ཚང་མ་གཞན་དབང་ཅན་རེད། རང་དབང་ཞིག་ཡོད་པ་མ་རེད། མི་ཚང་མས་དུག་གསུམ་པོ་མ་བཅོམ་བར་དུ་རང་དབང་ཞིག་འཐོབ་དཀའ། འདྲ་མཉམ་མེད་དེ། རྒྱུ་མཚན་ནི་སྤྱོད་འཇུག་ལས། བྱིས་པ་རང་གིས་དོན་བྱེད་དང་།།ཐུབ་པ་གཞན་གྱིས་དོན་མཛད་པ།།འདི་གཉིས་ཀྱིས་ནི་ཁྱད་པར་ལྟོས། ཞེས་པ་ལྟར་ལས་དང་བྱ་བ་ལ་འབྲས་བུ་བཟང་ངན་སྣ་ཚོགས་འབྱུང་བས་ན་འདྲ་མཉམ་མེད་དོ། །
ནམ་མཁས་བྲིས་པར་རྒྱབ་སྐྱོར་ཡོད། ཡང་དག་པའི་སྤྲུལ་སྐུ་ཡིན་ན་གྲུབ་རྟགས་དང་སྤྲུལ་རྟགས་སྟོན་རན་རེད་ཀྱང་། དེ་འདྲའི་སྟོན་མཁན་ཞིག་མ་ཐོས། ཕལ་ཆེར་ཡང་དུས་སྙིགས་མ་རེད་ཟེར་གྱིན་ཡོད་པ་འདྲ། མ་གཞི་ཕར་རོལ་པོའི་གངས་ཟག་དེ་སྤྲུལ་སྐུ་ཞིག་ཡིན་མིན་དཔྱད་པར་མ་མཐའ་ཡང་ཕར་རོལ་པོའི་ཤེས་རྒྱུད་དང་སེམས་གཤིས་རྟོགས་དགོས་མོད། འོན་ཀྱང་དེང་གི་སྤྲུལ་སྐུ་ངོས་འཛིན་མཁན་དེ་ཚོ་ཡང་ང་ཚོ་མི་བུ་སྤྱིར་མཚུངས་ཙམ་ལས་དམིགས་བསལ་གྲུབ་པ་ཐོབ་བསྡད་པ་དེ་འདྲ་ཞིག་མཇལ་རྒྱུ་མི་འདུག དེ་ཡང་ཕལ་ཆེར་དུས་སྙིགས་མ་དང་ང་ཚོར་བསོད་བདེ་མེད་པས་ཡིན་འགྲོ།
ནམ་ཞིག་སྤྲུལ་སྐུ་ལམ་ལུགས་མཇུག་རྫོགས་དུས་བོད་ལ་རེ་བའི་མྱུ་གུ་དང་བོ་འབུས་པ་ཡིན་ཟེར། ཧ་ཧ་དེ་ནི་རི་བོང་གི་རྭའི་སྐས་འཛེགས་ལས་ལྷ་ཡུལ་ལ་བགྲོད་པ་དང་གཅིག་མཚུངས་རེད། སྤྲུལ་སྐུ་ལམ་ལུགས་མེད་ཀྱང་མི་ཚང་མ་ལ་འདོད་རྔམས་དང་ཧམ་སྲེད་ཡོད་ཡོད་ཁ་རེད། དེ་ཡོད་ན་རྙོག་དྲ་ཡོད་ཡོད་རེད། སྤྲུལ་སྐུ་ལམ་ལུགས་མེད་པའི་རྒྱལ་ཁབ་ཁག་ལ་ལྟོས་དང་རང་དབང་དང་འདྲ་མཉམ་ཞིག་འདུག་དང་མི་འདུག་ཤེས་གསལ་རེད། ཞོགས་དུང་གིས་སྐད་ཆ་མཛེས་ཡང་དོན་ལ་མི་གནས་པ་དེ་འདྲ་མང་པོ་ཞིག་བཤད་ཡོད་པ་རེད། དེ་བས་རང་གི་ཡབ་མེས་ཀྱི་སྲོལ་རྒྱུན་ལ་རྒྱབ་སྐྱོར་བྱེད་ན་དགའ་གི་རེད། མི་རིགས་ཀྱི་མིང་ཙམ་པོ་དེས་ཅི་ཞིག་བྱ།
སྤྲུལ་སྐུ་ཡིན་ན་གྲུབ་རྟགས་དང་སྤྲུལ་རྟགས་སྟོན་རན་རེད་ཀྱང་། དེ་འདྲའི་སྟོན་མཁན་ཞིག་མ་ཐོས། ཕལ་ཆེར་ཡང་དུས་སྙིགས་མ་རེད་ཟེར་གྱིན་ཡོད་པ་འདྲ། ཟེར། དེ་འདྲ་མ་རེད། ནམ་མཁའ་ལགས་ཀྱིས་གསལ་བཤད་དེ་ལས་མ་འཐུས་པ་མེད་ཀྱང་སྤྲུལ་སྐུ་ངོ་མ་ཡིན་མིན་ལ་ཐེ་ཚོམ་བྱེད་ན་མི་ཆོག་རྒྱུ་མེད། རྫུ་འཕྲུལ་སྟོན་དགོས། རྫུ་འཕྲུལ་སྟོན་རྒྱུ་མེད་ན་སྤྲུལ་སྐུ་མ་རེད་ཟེར་གི་ཨེ་ཡོད། སྒྱུ་མ་སྟོན་ཤེས་ཀྱང་དེ་ལ་ངོ་མཚར་རྒྱུ་ཅི་ཞིག་ཡོད། སྒྱུ་མ་མཁན་ལ་སུ་ཞིག་ཡིད་ཆེས། སྔོན་རྒྱ་གར་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་ཐོས་བསམ་སྒོམ་པ་མ་བྱས་པར་གྲུབ་རྟགས་ཙམ་ལ་རེ་ནས་འཇིག་སོང་བ་རེད། སྟོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རྗེ་ཙོང་ཁ་པ་ལྟ་བུས་བླ་མ་དེ་དག་གིས་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པ་གྲུ་བཞི་ལམ་དུ་ཁྱེར་ཤེས་པ་ཞིག་བྱུང་བ་རེད། གྲུབ་རྟགས་དང་སྤྲུལ་རྟགས་སྟོན་ནས་བྱུང་བ་མ་རེད།
ནམ་མཁའ་དང་ཁ་བརྡའི་རྩོམ་སྒྲིག་པ་ལགས། རང་གི་རིགས་ལ་དཀར་བའི་སྒྱོགས་ཆེན་འདིས་ཞེས་བྱེད་སྒྲ་ཞིག་བཞག་ན་ལེགས་སྙམ།ནོར་ཚེ་དགོངས་འགལ་མེད་པར་ཞུ
ངེད་ཅག་གིས་བསྟན་པ་གྲུ་བཞི་་དུ་འཁྱེར་ཐུབ་པ་ལ་གྲུབ་རྟགས་ཟེར། ཁྱོད་ཀྱི་ལུགས་ཀྱི་གྲུབ་རྟགས་དེ་གང་འདྲ་ལ་ཟེར།
རྣམ་དཔྱོད་ལྡན་པའི་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱི་འདི་ལྟར་གསུངས་འདུག
ཆོས་ལུགས་ཀྱི་རྣམ་གཞག་ལ་བརྟགས་ཤིང་དཔྱད་ན་དཔྱད་བཟོད་པ་ཞིག་རེད་མི་འདུག་མོད། དཔྱད་མི་བཟོད་པ་ཙམ་གྱིས་འདོར་དགོས་པའི་ངེས་པ་མེད། དགོས་མཁོ་ཡོད་ན་གནས་ལུགས་མེད་ཀྱང་ཆོག་སྟེ། སྒྱུ་རྩལ་གྱི་འཇིག་རྟེན་དེ་འཇིག་རྟེན་རྫུན་མ་ཞིག་ཡིན་པ་ཤེས་བཞིན་དུ་མི་ཚོ་ དེར་འཆམ་འཆམ་འགྲོ་བཞིན་འདུག་པ་ལྟ་བུ་རེད།
ང་རང་བསམ་རྒྱུ་དྲན་རྒྱུ་མང་བའི་དབང་གིས་ཁྱེད་རྣམ་པ་ལྟ་བུའི་རྨོངས་དད་བྱེད་ པའི་ལས་དང་སྐལ་པ་ལྡན་མ་སོང་ཡང༌། ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལ། དུས་ད་ལྟའི་བར་དུ་ཕྱག་འཚལ་བ་དང་སྐྱབས་འགྲོ་འདོན་པ་སོགས་ཆོས་ལུགས་ཀྱི་བྱེད་ སྒོ་ཉི་མ་གཅིག་ལའང་མཚམས་བཞག་མྱོང་མེད། བྱེད་སྒོ་འདི་དག་གིས་ང་འུ་ཐུག་ཅིང་ཐབས་ཟད་པའི་སྐབས་སུ་སེམས་གསོ་དང་རོགས་རམ་ ཐོབ་པ་མ་གཏོགས་བགེགས་དང་བར་ཆད་གང་ཡང་སྟེར་གྱི་མི་འདུག
།ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་ལ་དད་པ་གནང་མཁན་ཚོར་ངས་མཐའ་གཅིག་ཏུ་ཡི་རང་ དང་བརྩི་བཀུར་ཞུ་བ་ལས་འཕྱ་སྨོད་དང་ཁྲེལ་དགོད་བྱེད་ཀྱིན་མེད་ལ། ཁོང་རྣམ་པའི་ལྷད་མེད་དྭངས་གཙང་གི་ཐུགས་སེམས་དེར་ངས་ཕོག་ཐུག་རྩ་བ་ནས་གཏོང་ འདོད་མེད། དེ་བས་ཆོས་ལུགས་དཀྱིལ་ཡངས་ཀྱི་བསམ་བློ་མངའ་བའི་ཆོས་ལྡན་རྒྱ་ཆེའི་སེར་སྐྱ་ མང་ཚོགས་ཡོངས་ལ་ངས་བྲིས་པའི་ལོག་རྩོམ་འདིས་ཐུགས་སུན་བཟོས་ཚད་ཐམས་ཅད་ལ་ནོངས་ འགྱོད་ཆེན་པོས་སྙིང་ཐག་པ་ནས་དགོངས་སེལ་ཞུ་བ་ཡིན།
ངས་ད་རེས་མི་འདོད་བཞིན་དུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་ནང་ཡོད་ཚད་འདི་ལྟར་རྩ་ སློག་ཏུ་གཏོང་དགོས་དོན་ནི། ཆོས་ལུགས་དེ་ཆོས་ལུགས་ཀྱི་ཚད་དུ་མི་འཇོག་པར་དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད་ ཆོས་ལུགས་ཀྱི་ཁ་འོག་ལག་འོག་ཏུ་འདུ་དགོས་པར་འདོད་པའི་རང་རེའི་རྒྱུད་ཀྱི་ཐལ་ མཐའི་བསམ་བློ་འདི་ཡོ་བསྲང་བྱ་རྒྱུ་ཁ་ཚ་དགོས་གཏུག་ཡིན་པ་དང༌། རང་ཉིད་ཆོས་དད་ཆེ་མདོག་གིས་མི་གཞན་པའི་ཆོས་དད་ཀྱི་དབང་ཆ་བཙན་འཕྲོག་བྱེད་ མཁན་གྱི་ཆོས་ལུགས་སྒེར་གཅོད་ཀྱི་མི་སྣ་དེ་ཚོའི་མགོ་ལ་སྟ་རེ་ཞིག་མ་བཞུས་ན་ ཐབས་མེད་རེད་འདུག་པས་ཡིན།
གོང་དུ་བཤད་ཚར་བ་བཞིན་ཆོས་ལུགས་ནི་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཡིན་ མོད། དངོས་ཡོད་ཀྱི་གནད་དོན་ཆོས་ལུགས་ཀྱིས་ཐག་གཅོད་བྱ་ཐབས་མེད། ཆོས་ལུགས་ནི་མིའི་ནུས་ཤུགས་མི་སླེབ་པའི་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་ཞིག་ མ་གཏོགས་མིའི་ནུས་ཤུགས་ཀྱི་ཚབས་བྱེད་དངོས་པོ་ཞིག་གཏན་ནས་མིན། ད་ལྟའི་བར་དུ་ང་ཚོས་ཁ་ཆོ་ལེས་ཚིག་ན་དཀོན་མཆོག་དང༌། འཕོང་ཤིག་གིས་ཟོས་ནའང་དཀོན་མཆོག་ཁོ་ནར་གསོལ་བ་འདེབས་པ་ལས། རང་གི་ཀླད་པ་དཀྲུག་དཀྲུག་དང༌། ལག་པ་འགུལ་སྐྱོད་གཏོང་མྱོང་མེད།
རྣ་ལམ་ལ་མ་སོང་ན་འདས་པའི་མི་ལོ་སྟོང་ཕྲག་གི་རིང་འུ་ཚང་ལ་མཁས་པ་གནམ་གྱིས་ས་ བཀབ་པ་ལྟ་བུ་བྱོན་ནས་གསུང་རྩོམ་བྲག་རི་བརྩིག་བརྩིག་བྱས་ཡོད་ཀྱང༌། མི་ཆོས་རིང་ལུགས་ཀྱི་མཁས་པ་གཅིག་ཁོ་ན་དང༌། འཚོ་ཐབས་སྟོན་པའི་གླེགས་བམ་ཁེར་རུ་མ་ཞིག་བགྲང་རྒྱུ་མེད་པ་འདི་ཅི་ཞིག་གིས་མ་ ཉན་པ་རེད་བསམ་བློ་ཐོངས་ཤིག
།ང་ཚོའང་མི་ལུས་བླངས་ཚར་བས་མི་ཚེ་སྐྱེལ་སྟངས་ཀྱི་རིག་གཞུང་ཞིག་ཅི་ལ་མི་མཁོ། ཡིན་ནའང་ང་ཚོ་ཆོས་ལུགས་ཀྱིས་བཟི་དྲགས་པས་ཡར་མར་གང་ལ་ཡང་བསམ་བློ་མ་བཏང་བར་ད་ ལྟའི་བར་དུ་ནག་ཐོམ་མེར་ལུས་སོང་བ་རེད། ངས་འདི་ལྟར་བཤད་པ་ཕ་མེས་ཡང་མེས་རྣམ་པར་ལེ་བདའ་དང༌། ཁོང་རྣམ་ཚོའི་རུས་པ་ལ་ཁྲིམས་ཆད་གཏོང་དགོས་ཟེར་བ་མིན། ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་ལམ་ནོར་ལྡོག་ཤེས་དགོས་ཞེས་སྐུལ་མ་བྱེད་ པ་ཡིན།
ཆོས་གཞུང་ཁྲོད་ཀྱི་ཚད་མའི་སྐྱེས་བུ་དང༌། མཆོག་གི་སྤྲུལ་སྐུ་སོགས་ཡ་མཚན་ཅན་གྱི་རྣམ་གཞག་འདི་དག་མི་རྣམས་ཀྱི་མོས་པ་དང་ རེ་བ་ཙམ་གྱི་ཚད་དུ་བཞག་ནས་དད་པ་དང་ཡིད་ཆེས་བྱས་པ་ཡིན་ན་དགག་པ་བརྒྱབ་དགོས་ དོན་ཅི་ཡང་མེད་མོད། ང་ཚོས་དེ་དག་དངོས་ཡོད་ཀྱི་འཇིག་རྟེན་དུ་བེད་སྤྱོད་ཡོད་པའི་དངོས་པོ་ཞིག་ཏུ་ རློམ་ནས་གཅིག་གཅིག་གཉིས་གཉིས་ལག་བསྟར་བྱེད་ཀྱིན་འདུག །དེའི་དབང་གིས་སངས་རྒྱས་ཆོས་གཞུང་དུ་ཚན་རིག་གི་ཚབས་བྱེད་ཐུབ་པའི་དངོས་པོ་ སྣ་གཅིག་མེད་བཞིན་དུ་ཚན་རིག་པས་གང་ཤེས་ཆོས་ལུགས་པས་ཤེས་ཡོད་ཅེས་སྟོང་ལབ་ བརྒྱབ་པ་དང༌། བྱིས་པ་སྣབས་ལུག་ཅིག་ལ་སངས་རྒྱས་གསོན་པོ་ཞེས་པའི་མིང་སྐམ་ཞིག་བཏགས་ནས་ཚེ་ འདི་ཕྱི་གཉིས་ཀྱི་བློ་གཏད་ཧྲིལ་པོ་བཅོལ་བ་སོགས་མ་འོས་པ་དང་མ་འཚམས་པའི་ལས་ ལམ་འདི་དག་དར་བ་རེད།
ཆོས་ལུགས་ཀྱིས་བསམ་བློའི་རང་དབང་འཕྲོག་མེད་རབས་བཅོ་བརྒྱད་བརྗོད་བཞིན་འདུག་མོད་འཕྲོག་ཡོད་པ་ངས་མྱོང་བ་མངོན་སུམ་གྱིས་གྲུབ་པ་ཡིན། ང་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དཀྱུས་མའི་ནང་གི་ཆེས་དཀྱུས་མ་ཞིག་ལས་མེད་ཅིང༌། མི་ཚེ་འདིར་སློབ་སྦྱོང་བྱས་ཚད་བསྡོམས་བཞག་ན་མི་ལོ་དྲུག་ཟིན་མིན་ཙམ་ཡིན། དེའི་རིང་ལ་ཡང་སྔོན་གྱི་མཁས་པའི་རྣམ་ཐར་ནང་བཞིན་ཉིན་མཚན་ངོ་མི་ཤེས་པའི་འབད་ བརྩོན་དེ་འདྲའི་ཆ་ཡི་ཆ་ཤས་ཙམ་ཡང་འཇོན་མ་སོང༌། འོན་ཀྱང་རང་དབང་གི་བློ་ཁ་སངས་རྒྱས་ཆོས་གཞུང་ལ་བསྐོར་བ་ཙམ་གྱིས་མ་འདང་ས་དང་ མ་འགྲིག་ས་བརྩི་མི་ཐོན་པ་ཙམ་མཐོང་འོང་གི་འདུག
།འོ་ན་སྔོན་གྱི་མཁས་པ་མི་ཚེ་ ཐོས་པ་ལ་ཟད་པའི་སྦྱངས་པ་ཅན། བཀའ་འགྱུར་ཐུགས་ཐོག་ནས་ཐོན་པའི་བློ་རིག་ཅན། རྗེ་བཙུན་འཇམ་དབྱངས་ཀྱང་ཡིད་སྨོན་ཤོར་དགོས་པའི་མཁྱེན་རབ་ཅན་དེ་ཚོས། ཆོས་ལུགས་འདིའི་ཞན་ཆ་སྤུ་ཙམ་མཐོང་མ་ཐུབ་པ་དེ་བསམ་བློའི་རང་དབང་མེད་པའི་ སྐྱོན་མིན་ན་དབུ་ས་འོག་ཏུ་བཅུག་ཅིང་སྤྱན་བཙུམས་ནས་བཞུགས་པའི་སྐྱོན་ཡིན་ནམ། ???????????
བོད་ཀྱི་མཁས་གྲུབ་ཆེན་པོ་ཀརྨ་པ། ས་སྐྱ་པ། ཙོང་ཁ་པ་སོགས་ཡོད་དོ་ཅོག་རོ་སྔོན་ལ་ཕུད་ནས་སྐར་མ་རྗེས་ལ་ལྟ་མཁན་རྐྱང་རྐྱང་ མ་གཏོགས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ཤིང་དཔྱད་རྗེས་ད་གཟོད་དང་ དུ་བླངས་པའི་རྣམ་ཐར་སུ་ཞིག་ལ་མཇལ་རྒྱུ་ཡོད། དགེ་ལྡན་པའི་གྲལ་གདན་སྟེང་དུ་སྡོད་ཚད་ཀྱིས་རྗེ་ཙོང་ཁ་པ་ལ་རྫུན་ཚིག་མི་སྲིད་ པར་འདོད་ཅིང༌། སྔ་རབས་པའི་ལུས་བླངས་ཚད་ཀྱིས་རྗེ་ཙོང་ཁ་པ་ནི་རྫུན་གྱི་རྐྱལ་པ་ཞིག་ཏུ་རྩི་ སྲོལ་ཡོད། དེ་ཡང་ངེད་ཚང་ལ་ཕྱོགས་རྒྱུག་མཁན་མ་གཏོགས་རང་ཚུགས་ཟིན་པའི་མི་མེད་སོང་བས་ལན་ པ་རེད།
སངས་རྒྱས་ཆོས་ལུགས་ལ་སྒེར་གཅོད་ཀྱི་རང་གཤིས་མེད་པ་བདེན་ན། སོ་སོའི་བསམ་ཚུལ་ཤོད་མཁན་གྱི་མི་རེ་གཉིས་རིག་མ་ཐག །ཆོས་པ་ཚོའི་ངོ་གདོང་དེ་ཇ་མཛོ་བཅོ་བརྒྱད་ཆུ་ལ་ཤོར་སོང་བ་ལྟར་ཅི་ལ་ལོག་འགྲོ་ བ་རེད། མི་འཁྱག་ཁ་ནས་སྨྲས་ཀྱང་འཁྱག་འདར་ལུས་ལ་རྒྱུག །ཅེས་པ་ལྟར་ང་ཚོའི་བསམ་བློ་གུ་ཡངས་ལོས་དེ་ང་ཚོ་རང་གི་ངོ་གདོང་འདིས་གསལ་བཤད་ བྱེད་ཀྱིན་མི་འདུག་གམ།
ཉེ་ཆར་ཞོགས་དུང་སོགས་ཀྱིས་ཀྱང་སངས་རྒྱས་ཆོས་ལུགས་ལ་བརྟེན་ནས་འཇིག་རྟེན་འཚོ་ བའི་གནད་དོན་ཐག་གཅོད་མི་ཐུབ་པར་བཤད་པ་ཙམ་ལས། ཆོས་ལུགས་རང་ངོས་ཀྱི་རིན་ཐང་ངོ་མ་སྟེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ལ་ ཡང་སྡུག་ནད་མི་ཁྱག་པའི་དགག་པ་ཚབས་ཆེན་ཞིག་བརྒྱབ་མི་འདུག་མོད། གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་རང་མཐོང་ཅན་གྱི་རང་རེའི་མཁས་པ་དེ་ཚོས། སངས་རྒྱས་ཆོས་ལུགས་མེད་ན་འཛམ་གླིང་འདི་ཚར་འགྲོ་ཚུལ་དང༌། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་མ་འདུས་པའི་ཤེས་བྱ་སྣ་གཅིག་མེད་ཚུལ་དང༌། ལྟ་ཚུལ་གསར་པ་དེ་རིགས་ལ་ར་མ་ཞིག་གི་རིན་བབ་ཀྱང་མེད་ཚུལ་སོགས་འར་འཇུན་དང་ རྫིག་གཏམ་ཁོ་ནས་ཞོགས་དུང་སོགས་ས་འོག་གི་འཇིག་རྟེན་དུ་བརྫངས་འགྲོ་ལ་ཁད་བྱེད་ ཀྱིན་འདུག
།ཆོས་པ་དེ་ཚོས་རླབས་རྒྱག་རྒྱུ་མང་དྲགས་པའི་དབང་གིས། ཞོགས་དུང་སོགས་ཀྱིས་ཀྱང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་ཆོས་ ལུགས་འདིར་ལྗིད་གོག་རབ་གཅིག་ཡོད་རྒྱུ་རེད་སྙམ་ནས་ཞེད་སྣང་ལངས་བཞིན་ཡོད་པ་ འདྲ། དོན་དངོས་སུ་རིགས་པའི་ལམ་ནས་བརྟག་ན་ཡང་སངས་རྒྱས་ཆོས་ལུགས་འདི་ཆོས་པ་ཚོས་ བཤད་པ་ནང་བཞིན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་རྩ་བ་ནས་མ་རེད་ལ། རང་རེའི་མཁས་པ་རྣམ་པ་ནི་རིགས་ལམ་སྐམ་པོ་ཁོ་ནར་འདྲེས་ཤིང་འགྲོགས་ནས་འཚར་ ལོངས་བྱུང་བ་ཞིག་ཡིན་སྟབས། རིགས་ལམ་གྱི་ཐོག་ནས་ཡ་ལན་ནན་པོ་ཞིག་མ་འཕྲོད་ན་ཁོ་ཚོའི་རྒྱུད་ཀྱི་བླུན་ སྤོབས་དེ་ནམ་ཡང་གཞོམ་མི་ཐུབ། དེ་བས་ད་རེས་ཁོ་བོས་སྲོལ་རྒྱུན་གྱི་རིགས་པའི་འགྲོ་སྟངས་དེ་རང་གཞིར་བཞག་གི་ ཐོག་ནས་ཆོས་ལུགས་འདིའི་ནང་སྙིང་ཆ་ཚང་ཕྱི་རུ་བྲུས་པ་ཡིན་ལ། ད་དུང་དུས་ཇི་སྲིད་དུ་རང་རེའི་ཆོས་ལུགས་འདིས་སྒེར་གཅོད་ཀྱི་རང་གཤིས་ངན་པ་ འདི་མ་བསྐྱུར་བ་དང༌། msདེ་ལ་བརྟེན་ནས་ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོ་མ་དགའ་ནས་གས་སོང་ནའང་འདྲ། མ་སྐྱིད་ནས་ཤི་སོང་ནའང་འདྲ། ང་ཚོས་སེམས་གསོ་དང་གུ་ཡངས་གཏོང་ཚོད་མེད།
ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག །དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་ འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང༌། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད།
སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང༌། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག །ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་ རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་ འོང་གི་འདུག །ནག་ཉེས་དང་གླེང་ཕྱོགས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་འགྲོ་སྟངས་འདི་འགྲིག་ བསྡད་ཡོད་པའི་དཔང་རྟགས་བསྟན་པ་ཡིན།
རྒྱུ་མཚན་ནི་ང་ཚོས་མི་མ་བསད། རྟ་མ་བཅག །བླ་མ་བཙོངས་ན་ཡང་དྲན་ཚུལ་ཁ་ནས་ཐལ་བ་ཙམ་གྱིས་ང་ཚོས་ནག་ཉེས་འདི་ཙམ་ཞིག་ཁུར་ དགོས་བྱུང་བ་རེད། འདིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ནི་མ་རུང་པ་ཞིག་དང༌། ང་ཚོས་མ་རུང་བའི་གནས་བབ་འདི་ལ་རྒོལ་འཛིང་བྱེད་པ་ནི་དོན་སྙིང་རི་བས་ཀྱང་ཆེ་ ངེས་པའི་དངོས་ར་འཕྲོད་པ་ཡིན།
ཆོས་ལུགས་ཀྱི་ལྟ་བ་ཏོག་ཙམ་མཐུན་མིན་བྱུང་འཕྲལ་ཁོ་ཚོས་མི་རིགས་ཀྱི་བརྩེ་ སེམས་སྐྱག་པ་བསྐྱུར་བསྐྱུར་བྱས་ནས་ང་ཚོ་ཕྱིར་འབུད་གཏོང་ཐབས་བྱེད་ཀྱིན་འདུག །འདིས་ཀྱང་དོན་དུ་སུ་ཞིག་གིས་མི་རིགས་དང་རྒྱལ་ཁབ་འཚོང་རྩིས་ཡོད་པ་ཤེས་ཐུབ། མདོར་བསྡུས་ནས་བཤད་ན་ད་སྔོན་ཁོ་ཚོས་བཙན་ཚོད་ཟིན་མ་སོང་བས་ད་རེས་བཙན་ཚོད་ མེད་ས་ལ་བརྡབ་པ་རེད། རྒྱུ་མཚན་རྒྱུ་མཚན་ཟེར་མཁན་དེ་ཚོ་ད་ནི་རྒྱུ་མཚན་ལ་གཡོལ་ནས་མ་འདུག་ཅིག །དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་ མིན། ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་ཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན།
ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང༌། ཁྱེད་ཚོས་ཕྱོགས་འདི་ནས་ཤོར་ན་ཤོར་བ་ཡིན་ལ། ང་རང་ཕྱོགས་འདི་ནས་སྐ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད། ལོག་རྟོགས་སྙིང་སྟོབས་བརྒྱ་ཆའི་ལྔ་བཅུ་ཡན་ཆོད་ཚར་གཅོད་ཐུབ་མཁན་ཞིག་བྱུང་ཚེ། ངས་མི་ལོ་སུམ་ཅུ་ཁ་ལྷག་གི་རིང་ལ་རྩམ་པ་ཚོད་མེད་ཅིག་ཟོས་པ་དེ་ཡོངས་རྫོགས་ འཕྲོ་བརླག་ཏུ་སོང་བའི་གསལ་བསྒྲགས་སྤེལ་ངེས་ཡིན། ཞེས་གསུངས་འདུག
སྤྲུལ་སྐུའི་གནད་དོན་གྱི་ཐོག་ཏུ་ཁ་བརྡའི་དྲ་ཐོག་གི་སྤྲུལ་སྐུ་ཀླུ་སྨྱོན་དང་ཨོ་ཉི་དབང་ཆེན་གསུམ་གྱིས་ཁ་རེ་གྲགས་ན་ཡག་པོ་འདུག་་་སྲིད་ཆབ་ནི་མ་རེད་བ། ང་ཚོས་ཀྱང་སྤྲུལ་སྐུ་ཡིན་ཟེར་མཁན་ཚོའི་སེམས་ལ་ཇི་ལྟར་དྲན་བཞིན་འདུག་མིན་བལྟ་འདོད་ཆེན་པོ་་ཡོད།
གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་རང་མཐོང་ཅན་གྱི་རང་རེའི་མཁས་པ་དེ་ཚོས། སངས་རྒྱས་ཆོས་ལུགས་མེད་ན་འཛམ་གླིང་འདི་ཚར་འགྲོ་ཚུལ་དང༌། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་མ་འདུས་པའི་ཤེས་བྱ་སྣ་གཅིག་མེད་ཚུལ་དང༌། ལྟ་ཚུལ་གསར་པ་དེ་རིགས་ལ་ར་མ་ཞིག་གི་རིན་བབ་ཀྱང་མེད་ཚུལ་སོགས་འར་འཇུན་དང་ རྫིག་གཏམ་ཁོ་ནས་ཞོགས་དུང་སོགས་ས་འོག་གི་འཇིག་རྟེན་དུ་བརྫངས་འགྲོ་ལ་ཁད་བྱེད་ ཀྱིན་འདུག ། ཟེར།
སྐད་ཆ་འདི་ཤོད་མཁན་གྱིས་ཆོས་ལུགས་དང་ཆོས་པའི་ཚབ་བྱེད་ཁག་པོ་རེད། །ཆོས་ནི་ཤེས་བྱ་ལམ་དང་ནི།།ཞེས་པ་ལྟར་སྤྱིར་ཆོས་ཞེས་པ་བོད་སྐད་ཐོག་དོན་བཅུ་ལ་འཇུག་ཅིང་སངས་རྒྱས་ཆོས་ལུགས་ཞེས་པའི་ཆོས་ནི་མྱང་འདས་པ་གོ་དགོས་པ་འདྲ། དེའི་གོ་དོན་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བ་ཟེར་གི་ཡོད་པ་རེད། སྡུག་བསྔལ་ཀུན་སེལ་དམ་པའི་ཆོས། ཞེས་སོ། །ནང་ཆོས་ཀྱི་སྒྲོམ་གཞི་བདེན་བཞིའི་སྟེང་དུ་བཞག་ཡོད་པ་གསལ་བོ་རེད། དེ་ལ་ཡུལ་དང་ཡུལ་ཅན་གྱི་མྱོང་གོམས་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་འདུས་ཡོད་ཀྱང་ཤེས་བྱ་ཡོད་ཚད་འདུས་མེད། དེང་རབས་ཀྱི་འཕྲུལ་ཆས་རྣམས་ཆོས་ཅན། སངས་རྒྱས་ཆོས་ལུགས་ཡིན་པར་ཐལ། ཆོས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།
་་་་་་ སྤྲུལ་སྐུའི་ལམ་སྲོལ་ཡོད་པ་དང་མེད་པ་གཉིས་ཀྱི་ནང་ནས་མེད་པ་ལ་དགེ་མཚན་གང་ཡང་མཐོང་མ་སོང་། ཤོད་དང་། མེད་ན་དགེ་མཚན་གང་འདྲ་འདུག་གམ། ་་་་་ཟེར།
་་་་ སྤྲུལ་སྐུའི་ལམ་ལུགས་མེད་པ་ཆགས་ན་བོད་མི་ལ་རང་དབང་འཐོབ་སྲིད་དམ། ཡང་ན་ལྟ་སྤྱོད་གཙང་མ་ཞིག་ཡོང་ཐུབ་ཀྱི་རེད་དམ། ཤོད་དང་། སེམས་ཀྱི་དོགས་པ་ཡིན། ་་་་ཟེར།
མཁྱེན་དཔྱོད་དཀྱེལ་ཡངས་པ་ཅོ་རི་ལགས་ནས་ཚ་བ་མདའ་སྨྱུག་གིས་བྲིས་པའི་སྣེ་ཞིག་འདིར་དྲངས་བ་ཐུགས་རྗེ་ཆེ་ངས་ཀྱང་ཁོང་གིས་བྲིས་པ་དེ་ཆ་ཚང་ཞིག་ཀློག་རྒྱུའི་གོ་སྐབས་བྱུང་་་དངོས་གནས་ཡག་པོ་ཞིག་བྲིས་འདུག ང་ཆོས་ཁས་ལེན་མཁན་ཞིག་གིས་དེནལྟར་ལོག་རྟོག་སྐྱེ་སྲིད་མོད། འོན་ཀྱང་ངས་ང་རང་གིས་ཇི་ལྟར་དད་པ་དེ་ལ་འགྱུར་ལྡོག་གང་ཡང་མ་བྱུང། ལྷག་པར་དུ་ཁོང་གིས་ཆོས་དང་ཆོས་བྱེད་མི་སྣ་ཡོངས་ལ་རྒྱུགས་པ་ལེབ་བརྡུང་བྱས་མི་འདུག བྱས་ཙང་ཆོས་ལུགས་ཀྱི་མིང་བྱང་འོག་ནས་འདྲ་མིན་བྱེད་མཁན་དང། སངས་རྒྱས་ཀྱིས་གསུངས་རེད་ཟེར་ནས་ཀ་ངོ་ར་ངོ་ཐམས་ཅད་ལ་མགོ་སྒུག་སྒུག་བྱེད་དགོས་པ་དང་དེ་ཡི་རྒྱ་ལས་འགལ་མི་ཆོག་ཟེར་བ་སོགས་བརྟག་དཔྱད་བྱེད་ལོང་མེད་པར་རྨོངས་དད་དེ་རིགས་ལ་དགག་པ་ཚ་ནན་རྒྱབ་ཤག། ངོ་ཐོག་བསམ་བློ་བཏང་དུས་ཁོས་བྲིས་པ་དེ་རིགས་ལ་རིག་པ་དང་རྒྱུ་མཚན་ཁུངས་དང་ལུང་ཡོད་པ་མང་པོ་འདུག དེ་ཚོར་ང་ཚོས་རྣ་རྒྱབ་ཀྱི་དྲ་བཞོན་བཞིན་དུ་མི་དོར་བར་མནོ་བསམ་ཞིབ་མོ་གཏོང་དགོས་པ་ལས། ལྟ་ལོག མུ་སྟེགས། རྒྱ་ཁྱི་རྒྱ་ཡི་གསང་ཉུལ། དམ་ཉམས་བདུད་དང་སྲིན་པོ་ལས་སོགས་ནག་འཛིངས་བྱེད་སྟངས་ཀྱིས་ལ་དག་གི་མེད། ཉིན་གཅིག་དེ་ལས་ལྷག་པའི་ཆོས་ལུགས་དང་ཆོས་བྱེད་མི་སྣར་རྒོལ་བ་སྲིད། དེ་དུས་ཕྱི་དྲགས་པ་རེད་བསམ།
དོན་གྱི་སྤྲུལ་སྐུ་ཞིག་བྱུང་ན་ལགས་སོ་ཞུ་དགོས་ཀྱང་།
མི་དགོས་པའི་སྤྲུལ་སྐུ་བཞི།
གསེར་བུམ་དུ་མཚན་ཐོ་བླུགས་ནས་རྒྱན་ཐོབ་པའི་སྤྲུལ་སྐུ་དེ་འདྲ་མི་དགོས།
སྐྱེ་བ་སྔོན་རྗེས་གཉིས་ཀར་གྲྭ་རྐྱང་ལས་ཡོན་ཏན་ཞན་པའི་སྤྲུལ་སྐུ་དེ་མི་དགོས།
ཚེ་འདིར་ཐོས་བསམ་སྒོམ་གསུམ་གྱི་བྱ་བར་མི་ཞུགས་པའི་སྤྲུ་སྐུ་དེ་མི་དགོས།
བསྟན་པ་དང་སེམས་ཅན་ལ་ལྷག་བསམ་མེད་པའི་སྤྲུལ་སྐུ་དེ་མི་དགོས།
བཀུར་མ་རན་པའི་སྤྲུལ་གསུམ།
གཞན་ལས་ཡོན་ཏན་གོང་དུ་མ་འཕགས་པར་བར་དུ་བཀུར་འོས་མིན།
མདོ་སྔགས་རྟོགས་པའི་ཉམས་མྱོང་མ་སྐྱེས་བར་དུ་བཀུར་འོས་མིན།
མདོའམ་སྔགས་ཀྱི་དམ་སྡོམ་མེད་མ་བླངས་བར་དུ་བཀུར་འོས་མིན།
མདོར་ན། སངས་རྒྱས་ཀྱིས། རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་ཞེས་པ་དེ་ང་ཚོའི་ནམ་ཡང་འདོར་མི་ཉན་པའི་གནད་འགགས་ཤིག དེ་དོར་རྗེས་སུ་ཧམ་པ་སུ་ཆེ་དང་། རྒྱབ་ལྗོངས་སུ་སུ་ཐུག་གི་རྗེས་སུ་འགྲོ་རྒྱུ་ཁོ་ན་རེད།
སངས་རྒྱས་ཀྱིས། རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ ཟེར
འདིར་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བགྲོ་གླེང་ཡག་པ་གནང་གི་འདུག། ངས་ཀྱང་རང་གི་བསམ་འཆར་འགའ་བཤད་འདོད་བྱུང་། ངས་བྱས་ན་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་རྒྱུ་མ་ཡིན་པར་སྤྲུལ་སྐུ་ངོས་འཛིན་མཛད་ཚར་བའི་རྗེས་སུ་དེ་ལ་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་ཐོག་ལ་འགྱུར་བཅོས་འདྲ་ཞིག་གཏོང་ཐུབ་ན་བསམ་གྱི་འདུག། གོང་གི་མ་རྩོམ་ནང་དུ་བྲིས་པ་ལྟར་ན་སྤྱི་ལོ་༡༩༥༩ འི་སྔོན་གྱི་སྤྲུལ་སྐུ་རྣམ་པས་བསྟན་པ་ལ་ཞབས་འདེགས་མི་དམན་པ་ཞུས་ཡོད་ཟེར། དེ་ལྟར་ཡིན་དུས་དེ་དུས་ཀྱི་སྤྲུལ་སྐུ་རྣམ་པས་དེ་འདྲའི་ཞབས་འདེགས་ཞུས་ལ་དེང་སང་གི་སྤྲུལ་སྐུ་ཚོས་དེ་ལྟར་མི་ནུས་པའི་རྒྱུ་རྐྱེན་གང་ལ་ཐུག་བལྟ་དགོས་པ་རེད། ངས་བྱས་ན་སྔོན་དུས་ཀྱི་སྤྲུལ་སྐུ་རྣམ་པ་སྤྲུལ་སྐུའི་ངོས་འཛིན་གནང་མ་ཐག་དེ་ལ་དམིགས་བསལ་གྱི་ཡོངས་འཛིན་བསྐོས་ཤིང་སློབ་སྦྱོང་མཐིལ་ཕྱིན་གནང་བཅུག་གི་ཡོད་བཟོ་འདུག། དེང་སང་ནི་སྤྲུལ་སྐུ་ཡིན་ཟེར་ནས་ངོས་འཛིན་བྱས་མ་ཐག་ཐམས་ཅད་མཁྱེན་པ་རེད་སོང་བ་ལྟར་ཁྲི་ཆེན་པོ་སྒང་ལ་བཞག སློབ་སྦྱོང་ཡང་བྱེད་མི་དགོས་ལ་སྡོམ་པ་ཞུ་མི་དགོས་པ། གྲྭ་ས་ཁག་ཏུ་བཞུགས་ཀྱང་གྲྭ་སའི་སྒྲིག་ལ་གནས་མི་དགོས་པ་དེ་འདྲ་རེད་འདུག། དེང་སང་འབྲུག་ཡུལ་དང་ལྷག་དོན་དུ་བཀའ་བརྒྱུད་ཀྱི་གྲྭ་ས་རྣམས་སུ་བློ་ཕམ་དགོས་པ་ཞིག་ག་རེ་འདུག་ལབ་ན། དམ་ཆོས་འདུལ་བའི་ཉམས་ལེན་ཏེ་དབྱར་གནས་ཀྱི་སྐབས་སུ་ཡང་དབྱར་གནས་ཀྱི་མཁན་པོ་ཁྲི་ཆུང་ཆུང་ཞིག་ལ་བཞུགས་སྤྲུལ་སྐུ་སྤུ་གུ་ཆུང་ཆུང་ཞིག་ཁྲི་ཆེན་པོ་སྒང་ལ་བཞུགས་པའི་སྲོལ་དེ་འདྲ་མཐོང་རྒྱུ་འདུག། ཁ་ཤས་ཀྱིས་ལབ་པ་ལྟར་ན་གསོ་སྦྱོང་སོགས་ཀྱི་སྐབས་སུ་ཕྱིར་བཅོས་བྱེད་དུས་ཀྱང་སྤྲུལ་སྐུ་ཁྲི་ཆེན་པོ་སྒང་ལ་བཞུགས་བཞིན་དུ་མཛད་ཀྱིན་འདུག་ཟེར། དེ་འདྲ་བའི་གནས་སྟངས་དེ་ནི་དཔེ་མི་སྲིད་ཀྱི་བློ་ཕམ་པ་ཞིག་རེད་འདུག། དེ་འདྲ་བའི་རིགས་ལ་འགྱུར་བཅོས་གཏོང་དགོས་ཀྱི་འདུག། དེ་མིན་སྤྲུལ་སྐུའི་ལམ་ལུགས་གཏན་ནས་མེད་པ་བཟོ་དགོས་ཟེར་ན་ཏོག་ཙམ་ཐལ་ཆེ་གི་ཡོད་པའི་བཟོ་འདྲ་ཞིག་ང་རའི་སེམས་ལ་དེ་འདྲའི་སྣང་བ་ཞིག་འཆར་གྱི་འདུག།
་་་་་་་་་རྒྱུ་རྐྱེན་གང་ལ་ཐུག་བལྟ་དགོས་པ་རེད། ངས་བྱས་ན་སྔོན་དུས་ཀྱི་སྤྲུལ་སྐུ་རྣམ་པ་སྤྲུལ་སྐུའི་ངོས་འཛིན་གནང་མ་ཐག་དེ་ལ་དམིགས་བསལ་གྱི་ཡོངས་འཛིན་བསྐོས་ཤིང་སློབ་སྦྱོང་མཐིལ་ཕྱིན་གནང་བཅུག་གི་ཡོད་བཟོ་འདུག། དེང་སང་ནི་སྤྲུལ་སྐུ་ཡིན་ཟེར་ནས་ངོས་འཛིན་བྱས་མ་ཐག་ཐམས་ཅད་མཁྱེན་པ་རེད་སོང་བ་ལྟར་ཁྲི་ཆེན་པོ་སྒང་ལ་བཞག སློབ་སྦྱོང་ཡང་བྱེད་མི་དགོས་ལ་སྡོམ་པ་ཞུ་མི་དགོས་པ། གྲྭ་ས་ཁག་ཏུ་བཞུགས་ཀྱང་གྲྭ་སའི་སྒྲིག་ལ་གནས་མི་དགོས་པ་དེ་འདྲ་རེད་འདུག། ་་་་་ཟེར།
དྲ་གྲོགས་བན་དེ་བ་ལགས་་་་ཚ་བའི་སྐད་ཆ་འདི་དག་གནད་ལུགས་དང་ལྡན་པ་གང་མང་འདུག་པས་ང་རང་ཚོས་ངེས་པ་ཏུ་བརྟག་དཔྱོད་བྱེད་འོས་པ་དང་བགྲོ་གླེང་བྱེད་དགོས་པ་ཞིག་རེད་བསམས་ཀྱི་ཡོད།
ད་ང་རང་གིས་ངོས་ནས་བོད་པའི་སྤྲུལ་སྐུ་ཟེར་བ་འདི་ལ་བལྟ་སྟངས་ཀྱི་ཐོག་ནས་ཏོག་ཙམ་བཤད་ཀྱི་ཡིན། ནམ་མཁའ་ལགས་ཀྱིས་གསུངས་པ་ལྟར་སྤྲུལ་སྐུའི་ཕུགས་གཏད་ས་དང་ཁུངས་གཏུགས་ས་ངོ་མ་ཆོས་གཞུང་ནས་བཤད་པའི་མཆོག་གི་སྤྲུལ་སྐུ་ཟེར་བ་དང་སྐྱེ་བ་སྔ་ཕྱི་ལ་ཐུག་བསྡད་ཡོད་པ་ཞིག་རེད་འདོད། སྐྱེ་བ་ཕྱི་མར་ཁས་མི་ལེན་ན་ཡང་སྤྲུལ་མི་སྲིད་པ་རེད།
༡་་་མཆོག་གི་སྤྲུལ་སྐུ་ཡིན་ན་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཞིག་ཡིན་པའི་ཁྱབ་དགོས། དགོས་ན་་་་བོད་པའི་སྤྲུལ་སྐུ་རྣམས་ཆོས་ཅན། རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པར་ཐལ། མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱིར། ཞེས་གཏན་ཚིགས་རིག་པ་བཀོད་ཡོང་དུས་རྟགས་ཡང་དག་འགྲོ་གི་ཡོད་དམ་མེད། བོད་པའི་སྤྲུལ་སྐུ་རྣམས་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་ན་བོད་མི་རིགས་ལས་མཁས་པ་མང་བ་ཞིག་འཛམ་གླིང་ཐོག་ཏུ་མེད་ངེས་ཡིན།
༢་་་སྐྱེ་བ་སྔ་ཕྱི་མ་རྟོགས་པར་སྤྲུལ་སྐུ་ངོས་འཛིན་བྱེད་མི་ཐུབ་པར་རིག་པས་འགྲུབ། བོད་པའི་སྤྲུལ་སྐུ་སྟོང་ཕྲག་མང་པོ་ངོས་འཛིན་བྱས་ཡོད་རེད། སྐུ་བདག་བརྒྱབ་མཁན་ཚོས་ངོས་ནས་སྐྱེ་བ་སྔ་ཕྱི་མངོན་སུམ་གྱིས་གཟིགས་ཀྱིས་ཡོད་ཚོད་རེད། ད་ལྟ་སྐུ་བདག་བརྒྱབ་མ་ཐག་པའི་སྤྲུལ་སྐུའི་སྐྱེ་བ་སྔོན་མ་ཤེས་ཀྱི་ཡོད་ན་འགྲོ་བ་མིའི་རིགས་ཀྱི་མི་ཡོད་ཚོད་ཐམས་ཅད་ཀྱི་སྐྱེ་བ་སྔོན་མ་གང་ཡིན་ཤེས་དགོས། གཅིག་མཚུངས་ཡིན་པའི་ཕྱིར་རོ།
སྐུ་བདག་བརྒྱབ་མཁན་ཚོས་ངོས་ནས་མི་ཚང་མས་སྐྱེ་བ་སྔོན་མ་གང་ཡིན་ཤེས་ཀྱི་ཡོད་ཟེར་ན་ཤེས་ལུགས་ཤེས་སྟངས་ཤིག་དང་དཔང་རྟགས་གསོན་པོ་ཞིག་ཚན་རིག་དང་མཐུན་པའི་ཐོག་ནས་འཛམ་གླིང་མི་དམངས་ལ་གསལ་བསྟན་བྱ་ཐུབ་དང་མི་ཐུབ། རྒྱ་གར་བའི་ཕྱོགས་གླང་ཡབ་སྲས་ཚོས་གཏན་ཚིགས་རིག་པའི་ཐོག་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པ་རེད། དཔེར་ན། སྤྲུལ་ཆུང་སྐྱེས་མ་ཐག་པའི་བློ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། ཆ་ཅན་གྱི་བློ་ཡིན་པའི་ཕྱིར། དཔེར་ན་་་སྤྲུལ་རྒན་ཤི་ཁ་མའི་བློ་བཞིན་ཞེས་པ་ལྟ་བུ་བཀོད་ཡོད།
༣་་་བོད་མི་རིགས་མགོ་སྐོར་འོག་ཏུ་ལྷག་ཡོད་སའི་ས་ཆ་ངོ་མ་བོད་པའི་སྤྲུལ་སྐུ་འདི་དག་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་མིན་དང་སྐྱེ་བ་སྔོན་མ་དེའི་ཡང་སྤྲུལ་ཏག་ཏག་ཡིན་མིན་གྱི་ཐོག་ཏུ་རེད། བོད་མི་མང་པོ་ལྐོག་གྱུར་གྱི་གནད་ལུགས་དེ་དག་ལ་མགོ་བོ་རྨོངས་ནས་བསྡད་ཡོད། རྨོངས་ནས་ཡོད་ནའང་དད་པ་བྱེད་མཁན་ཡོད། འདི་ལ་རྨོངས་དད་ཟེར། མ་ཤེས་རྨོངས་ནས་ཡོད་པའི་བྱ་བ་ལ་དད་པ་བྱས་ན་མགོ་སྐོར་འོག་ཏུ་ལྷུང་འགྲོ་བ་རེད་འདོད་དོ།།
ཨོ་ཉི་ཁ་བརྡའི་ཁྲིམས་ལ་སྦྱར་སོང་། ཧཧཧཧཧཧཧཧ
དེ་རིང་ཁ་བརྡའི་བཙོན་ཁང་ནས་བཏང་བཞག་པ་འདྲ། དཔྱད་མཆན་འབྲི་བའི་དབང་ཆ་གནང་བ་འདྲ། ཧཧཧཧཧཧཧཧཧཧཧ
http://blog.amdotibet.cn/ogyenling/logtag/36559.aspx
སྐུ་བདག་བརྒྱབ་མཁན་ཚོས་ངོས་ནས་མི་ཚང་མའི་སྐྱེ་བ་སྔོན་མ་གང་ཡིན་ཤེས་ཀྱི་ཡོད་ཟེར་ན་ཤེས་ལུགས་ཤེས་སྟངས་ཤིག་དང་དཔང་རྟགས་གསོན་པོ་ཞིག་ཚན་རིག་དང་མཐུན་པའི་ཐོག་ནས་འཛམ་གླིང་མི་དམངས་ལ་གསལ་བསྟན་བྱ་ཐུབ་དང་མི་ཐུབ།་་ཚང་མས་དང་ཚང་མའི་ནོར་ཤོར་འདུག་པས་དག་བཅོས་བྱས་པ་ཡིན།་
མང་པོ་བཤད་རུང་མ་བཤད་རུང་སྤྲུལ་སྐུའི་བཟོ་གྲྭ་མཐོ་ཤོས་གཉིས་འདུག་ག དེའི་ནང་གི་གཅིག་རྒྱ་ནག་གཞུང་རེད། གཞན་པ་དེ་གང་ཡིན་ངས་བཤད་བདེ་བོ་མི་འདུག་མོད་ཁྱེད་རྣམ་པས་མཁྱེན་གསལ་རེད། གླགས་ཁེལ་ས་རེད་པས།
ཨོ་ཉི་ལགས་་་སོ་སོ་སྤྲུལ་སྐུ་ཡག་བ་དེ་ཡིན་མདོག་དང་གཞན་དག་ཚོ་ཕུང་སུམ་པ་ཡིན་མདོག་བཤད་སྟངས་འདི་ནི་སྐྱུར་མེར་ལང་ཡ་འདྲ་ཞིག་འདུག སྐད་ཆ་འདི་ཡང་བསྐྱར་བཤད་མ་ཡོང་ཨ་་་ཉན་འདོད་མེད།
དེ་ལས་བཤད་ཀྱི་ཡོད་ནའང་སོ་སོ་རྣམ་མཁྱེན་རྒྱུད་ཀྱི་གང་ཟག་ཡིན་དང་མིན། སྐྱེ་བ་སྔོན་མའི་དེའི་ཡང་སྤྲུལ་ཡིན་པར་ཤེས་ཀྱི་ཡོད་དང་མེད།།་འདིར་བཤད་རོགས་བྱོས།
ཧཧཧཧ་་སྤོབས་པ་དྲིན་ཆེན་་་་གཞན་པ་དེ་ལ་ང་ཡང་སྐྲག་ཁུ། ་་ངུ་ཤར་བརྒྱབ་སོང་ན་དཀའ་ལས་རེད་བ། ཡིན་ཀྱང་བདེན་པའི་གནད་ཡོད་དུས་་པུས་མོ་འཛུགས་མི་དགོས་ཐག་ཆོད་ཡིན་ད།་་ཧཧཧ
དེ་རིང་འདིར་བགྲོ་གླེང་གལ་ཆེན་ཞིག་གནང་གི་འདུག་པས་ཡག་པོ་རེད། ལྷག་པར་དུ་ནམ་མཁའ་གཙོ་བྱས་བའི་ཅོ་ཉི་དང་སྤོབས་མཐའ་སོགས་མང་པོས་གནས་ལུགས་ལྡན་པའི་བགྲོ་གླེང་བྱས་པ་ལྷག་ཏུ་དགའ།
འདིའི་ཐོག་དེ་རིང་ཤེས་ཡོན་ཅན་ཚོས་འགན་ཁུར་ནས་བགྲོ་གླེང་དང་ལྷག་པར་དུ་སྤྲུལ་སྐུ་ཚོས་བོད་མི་དམངས་དང་སངས་རྒྱས་ཀྱི་བསྟན་པ་ལ་བསམ་གཞིགས་རེ་བྱེད་འདོད་ཡོད་ན་སྐད་ཆ་དྲང་མོ་སྒོ་ནས་བསམ་ཚུལ་བཤད་ན་ལེགས་སོ།
བཟོ་གྲྭ་འདི་གཉིས་ཀའི་ལངས་ཕྱོགས་ལ་ནལྟས་ན་སྤྲུལ་སྐུ་ཇེ་ཉུང་ལ་འགྲོ་གི་མ་རེད། སྤྲུལ་སྐུ་ངོས་འཛིན་གྱི་འགྲན་བསྡུར་དེ་ཛ་ཇེ་དྲག་ལ་འགྲོ་རྒྱུ་རེད། སྤྲུལ་སྐུའི་རྩོད་རྙོགས་ཇེ་ཆེ་ལ་འགྲོ་རྒྱུ་རེད། འདི་ཆབ་སྲིད་རེད། ཆོས་ཕྱོགས་ཀྱི་རྒྱུ་འབྲས་དང་མི་མང་གི་བདེ་སྡུག བདེན་པ་དང་རྒྱུ་མཚན་བཤད་ས་དེ་ཙམ་ཨེ་ཡོད་ན། ཡིན་ན་ཡང་མ་བཤད་པ་ལས་བཤད་ན་བཟང་ངེས་ཡིན་པས་རྩོམ་པ་པོ་དང་བསམ་ཚུལ་གླེང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།
འདི་དག་ཚང་མ་ཡང་ཆོས་ཕྱོགས་ཁོ་ན་དམིགས་ནས་སྤྲུལ་སྐུ་ངོས་འཛིན་བྱས་པ་ཞིག་མ་ཡིན་པར། རང་རང་གི་གྲུབ་མཐའི་སྟོབས་ཤུགས་དང་མངའ་ཁོངས་ཀྱི་མཆོད་གཞི་རྒྱ་ཆེ་རུ་གཏོང་ཆེད་རེད་སྙམ། ཟེར་བར་ཁུངས་ལུང་མེད་པ་རེད། གོང་གི་སྤྲུལ་སྐུ་རྣམ་ཀྱི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་ཆོས་བརྒྱུད་སོ་སོའི་འཆད་ཉན་སོགས་ལ་ཕན་ཐོག་བྱུང་བ་མཁྱེན་ལྡན་སུ་ཡི་ལྟས་ན་ཤེས་ནུས། དེ་མིན་སྤྲུལ་སྐུ་རྫུན་མ་དང་བླ་མ་རེ་ནས་སོ་སོའི་བུ་ལ་བླ་མའི་མིང་རག་ཐབས་དང་། དེ་བཞིན་འབྱོར་ལྡན་ཁག་ཅིག་གི་རང་གི་བུ་བླ་མ་ཞིག་ཡིན་པས་རྒྱུ་མཚན་སོགས་གོང་རིམ་ལ་ཞུས་ནས་བླ་མར་བཟོ་བ། རང་གི་དགེ་རྒན་གྱི་ཡང་སྲིད་རེད་འདུག་ཟེར་ནས་མིང་རེ་བཏགས་ནས་བླ་མ་བཟོ་བ་སོགས་མང་དག་ཅིག་འདུག་པ་དེ་མི་དགོས་པ་རེད། དེའི་རིགས་ཀྱིས་དཔལ་འབྱོར་ངོམ་ནས་གང་བྱུང་བྱེད་པ་དེར་ང་འཚོའི་སྤྱི་ཚོགས་ནང་མི་དགོས་ཟེར་ན་བདེན་པ་རེད།
རྒྱ་ནག་གི་བཟོ་གྲྭ་ནས་ཅ་ལག་རྫུན་མ་རྫོགས་རྒྱུ་མེད་པ་བཞིན།བོད་ནས་སྤྲུལ་སྐུ་དངོས་རྫུན་གཉིས་ཀ་རྫོགས་ཡ་མེད།
ད་ལྟ་བོད་དུ་གཉའ་གནོན་བཤུ་བཞོག་པ་ ༣༠༠༠ ལྷག་ཡོད་པ་ནི་ཆེས་ཡ་ང་བའི་གནས་སྟངས་རེད། གུང་ཕྲན་ཏང་གིས་གཉའ་གནོན་པ་ ༧༥༠༠ ནས་སུམ་སྟོང་ཉུང་དུ་བཏང་བར་དགའ་བསུ་ཡོད།
ད་ཡོད་སྤྲུལ་སྐུ་ཟེར་བ་འདི་དག་ལ་སུའི་སྤྲུལ་སྐུ་འམ་ཡང་ན་རང་གི་ཤེས་རྒྱུད་སྔ་མའི་གང་ཟག་སུ་ཡིན་དྲིས་ན་བཤད་རྒྱུ་མེད་པ་ ༡༠༠% ༡༠༠ རེད།
ཡང་སྙིང་ང་ཚོ་ཁོང་ཚོའི་འོག་ཏུ་མགོ་བསྒུར་དགོས་པ་ལ་རྒྱུ་མཚན་ངའི་མཇེ་སྤུ་ཙམ་ཡང་མེད། རང་གིས་རང་ལ་སྤྲུལ་སྐུ་ཟེར་བ་ལ་ངོ་མ་མཚན་དབང་ཆེན་ལ་ཉིན་ཞིག་ཁྱོད་སུའི་སྐྱེ་བ་ཡིན་ཁྱོད་ཀྱིས་ཤེས་སམ། དྲང་པོར་ཤོད་ཟེར་བར་སུའི་ཡིན་ཧ་མི་གོ་ཟེར་སོང་། ཐུགས་རྗེ་གཟིགས། དུས་རབས་ཉེར་གཅིག་པའི་བོད་པ་ཚོ། ལག་གདང་གཅིག་ཏུ་སྒྲིལ་ཏེ་སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་།
སྤྲུལ་སྐུ་རྫུན་མ། སྤྲུལ་སྐུས་བཟོས་པ་མིན་པར། རྨོངས་དད་ཀྱིས་བཟོས་པ་རེད། དེས་ན་རང་རང་སོ་སོའི་རྨོངས་དད་དེ། བསལ་དགོས་པ་མི་འདུག་གམ། ལགས།
བོད་ཀྱི་སྤྲུལ་སྐུ་ཚོས་ད་ནི་ཞལ་དྲགས་རན་སོང། རང་ཉིད་ལ་སྤྲུལ་སྐུ་ངོས་འཛིན་བྱས་པ་དེ་དོན་དང་མཐུན་པ་ཏག་ཏག་གནས་ཡོད་ན་དེ་ལྟར་གནས་པའི་གནས་ལུགས་རྒྱུ་མཚན་དང་ལྡན་པ་ཤོད་པའི་དུས་རེད་འདུག དེ་ལྟར་དོན་དང་མཐུན་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་་་དེ་ལྟར་ངོས་འཛིན་བྱས་པ་དག་ཆབ་སྲིད་ཀྱི་བསམ་བློ་དང། ཡང་ན་གོང་མའི་རྒྱུ་བདག་མུ་འཐུད་ནས་བཟུང་རྒྱུའི་ཆེད་དང། ཡང་ན་ཆོས་ལུགས་ཀྱི་མངའ་དབང་རྒྱ་བསྐྱེད་ཆེད་དང། ཡང་ན་རང་ཉིད་འབྱོར་ལྡན་དང་ཁས་དྲག་ཆེ་བའི་ཁྱིམ་གཞིས་སུ་སྐྱེས་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་སྤྲུལ་སྐུར་ངོས་འཛིན་བྱས་ཚུལ་གསལ་བཤད་གནང་ན་ཡག་པོ་འདུག དེ་མིན་ད་དུང་བོང་བུ་སེང་རྫུས་བྱས་ཏེ་མི་དམངས་ལ་མགོ་བསྐོར་གཏོང་སེམས་བཅང་ན་མཆན་བུ་མང་ཆེ་བས་སྤྲུལ་རྫུས་དང་བླ་རྫུས་དེ་རིགས་ཐེར་འདོན་གནང་རྒྱུའི་དུས་ལ་བབས་ཡོད། མཆོག་གི་སྤྲུལ་སྐུ་ནི་དུས་རབས་ཉེར་གཅིག་ཉེར་གཉིས་པའི་ས་སྟེང་འདི་ན་ཤིན་ཏུ་ཡོང་དཀའ། སྐྱེ་བའི་སྤྲུལ་སྐུ་དང་བཟོ་ཡི་སྤྲུལ་སྐུ་གང་ལྟར། ཉན་རང་བྱང་སེམས་ཀྱི་འཕགས་པ་རྣམས་འཁོར་བར་སྐྱེ་བ་བཞེས་ཚུལ་སོ་སོ་ནས་ཡོད་ཅིང། ལྷག་པར་དུ་བོད་ཀྱི་སྤྲུལ་སྐུ་རྣམས་ནི་ཐེག་ཆེན་གྱི་གང་ཟག་ཞིག་གི་སྤྲུལ་སྐུ་ཡིན་པར་བརྒྱ་ཆ་བརྒྱ་ཐམ་པས་ཡིན་ཤག་བྱེད་མཁན་དང་ཡིན་མདོག་བྱེད་མཁན་ཀྱང་མང་དུ་ཡོད། དེས་ན་ཐེག་ཆེན་འཕགས་པ་རྣམས་ནི་འཁོར་བར་སྐྱེ་བ་བཞེས་པ་ནི་བསམ་བཞིན་དུ་སྲིད་པར་བཟུང་བ་ཡིན་ཅིང་ལྷག་པར་དུ་མ་རིག་བག་ཆགས་ཀྱི་རྐྱེན་དང། འདུ་བྱེད་ཟག་མེད་ཀྱི་ལས་དང། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་བར་སྐྱེ་བ་བཞེས་པ་ཞིག་ཡིན་དགོས་པས། དེས་ན་རྣམ་རྒྱུད་རང་རྒྱུད་ལ་མ་སྐྱེས་ཀྱང། སྟོང་ཉིད་མངོན་སུམ་དུ་རྟོགས་མཁན་ཞིག་དང། བདག་མེད་མངོན་སུམ་དུ་རྟོགས་མཁན་ཞིག་ནི་ངེས་པར་དུ་དགོས་པས། དེས་ན་བོད་ཀྱི་སྤྲུལ་སྐུ་ཁྱེད་རྣམས་ཀྱིས་སྟོང་ཉིད་དང་བདག་མེད་མངོན་སུམ་དུ་རྟོགས་ཡོད་དམ། གཞན་ཕན་སྙིང་རྗེ་དང་བྱང་སེམས་རྒྱུད་ལ་སྐྱེས་ཡོད་དམ། དེ་ཚོ་སྐྱེས་དང་མ་སྐྱེས་དང་རྒྱུད་ལ་ཡོད་མེད་ནི་རང་ཉིད་ཀྱིས་ལོས་ཤེས། དེ་ཚོར་ལན་ཞིག་ཡོད་ན་གནང་རོགས། གཞན་ཡང་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་དེ་ཚོ་ལའང་རང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེའི་རིགས་ལ་དེ་འདྲའི་རྟོགས་པ་རྒྱུད་ལ་ཡོད་མེད་གཟིགས་སམ་མ་གཟིགས། ཁོང་རྣམ་པ་ལའང་དྲི་བ་འདི་ཞུ་བཞིན་ཡོད། སྤོབས་མཐས་བཤད་པ་བཞིན་ངས་དེ་ལྟར་ངོས་འཛིན་བྱེད་མི་ཐུབ་ཤུགས་ལ་དྲི་བ་དེ་དྲིས་ཡོད།
བྱམས་མགོན་གྱིས། །འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་ན་དཀོན་མཆོག་ཉིད། །ཅེས་དཀོན་མཆོག་གསུམ་གྱི་ཁྱད་ཆོས་གསུངས་པ་བཞིན་འཇིག་རྟེན་འདིར་ཇི་ལྟར་དཀོན་ན་རིན་ཐང་ཆེ་བ་དང་། ནུས་མཐུ་ཆེ་བས་སྤྲུལ་སྐུ་ཉུང་ན་ལེགས་པར་སེམས། གོང་དུ་ཁ་ཅིག་གིས་སྤྲུལ་སྐུ་ཞེས་པ་ཐམས་ཅད་མཁྱེན་པ་དགོས་མིན་སྐོར་གསུངས་པ་མཐོང་སོང་སྟེ། ཐམས་ཅད་མཁྱེན་པ་ཞེས་པ་སངས་རྒྱས་རེད། སྤྲུལ་སྐུ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་པ་ཁས་ལེན་ཐུབ་པ་ཁག་པོ་རེད། ལམ་ཞུགས་ཀྱི་འཕགས་པའི་ཁྲོད་དུ་བསམ་བཞིན་སྲིད་པ་འཛིན་ནུས་པ་ཡང་མང་པོ་རེད། དེ་ཕྱིར་གཏམ་བཤད་ན་གཞུང་ལུགས་དང་མི་འགལ་བ་དང་། རིགས་པས་མི་གནོད་པ། འཇིག་རྟེན་པའི་ལུགས་དང་མཐུན་པ་ཞིག་བཤད་ན་ལེགས་པར་སེམས།
མ་གཞི་ནས་ནམ་མཁའ་ཟེར་བ་འདི་སུ་རེད།
་་་་་ སྤྲུལ་སྐུ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་པ་ཁས་ལེན་ཐུབ་པ་ཁག་པོ་རེད། ལམ་ཞུགས་ཀྱི་འཕགས་པའི་ཁྲོད་དུ་བསམ་བཞིན་སྲིད་པ་འཛིན་ནུས་པ་ཡང་མང་པོ་རེད། དེ་ཕྱིར་གཏམ་བཤད་ན་གཞུང་ལུགས་དང་མི་འགལ་བ་དང་། རིགས་པས་མི་གནོད་པ། འཇིག་རྟེན་པའི་ལུགས་དང་མཐུན་པ་ཞིག་བཤད་ན་ལེགས་པར་སེམས། ་་་་་ཟེར།
ངོ་མ་མཚན་ཟེར་བ་ངོ་མ་མཁན་དུ་བཅོས
ད་ཡིན་ན་དྲ་ཐོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་གཅིག་དྲ་སྟེང་ལ་ཕེབས་འདུག ཡིན་ན་ཡང་སྐད་ཆ་དྲང་མོ་གསུངས་ཀྱི་མི་འདུག་པར་རྩོམ་པ་པོ་རྩད་གཅོད་གཏོང་གི་འདུག་ཧཧཧཧ རྡུང་རེ་བྱེད་ཀྱི་ཡིན་ནམ།ཧཧཧཧཧེཧེཧེ
ཡུལ་དུས་གནས་བབ་གང་ལ་བལྟས་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་མཇུག་རྫོགས་ན་ལེགས་པའི་དུས་སུ་བསླེབས་ཡོད་པ་བདེན་ན་ཡང་། ཁྱེད་ཚོས་ཝ་སྐད་ཁྱི་སྐད་གང་བྱུང་དུ་བརྒྱབ་པའི་ཅང་མི་ཕན། ཕན་ནུས་ཐོན་མཁན་གཅིག་རང་གཅིག་ཡོད་པ་དེ་ནི་སྤྲུལ་སྐུའི་ལམ་ལུགས་འདི་གང་ནས་མགོ་བཙུགས་ན་དེ་ནས་མཇུག་བསྡུ་དགོས་པ་ཡིན། བྱ་བ་འདི་ལག་ལེན་དུ་འཁེལ་དགོས་ན་འགོ་འཛུགས་ས་སུ་ཡིན་ན་དེས་ཐག་གཅོད་བྱེད་དགོས་པ་ཅིག་ཡིན། དེ་ལྟར་བྱུང་ན་ཉི་མ་གཅིག་ལ་དོན་དག་རྣམས་གཙང་མ་ཆག་འགྲོ་གི་རེད།
ཁྱེད་ཅག་རེ་ཟུང་གིས་སྤྲུལ་སྐུའི་བཟོ་གྲྭ་ཟེར་པ་ཞིག་ཡོད་པ་ཤོད་བཞིན་འདུག སྐད་ཆ་འདི་ཤོད་མཁན་གིས་འདང་ཡག་པོ་རྒྱབ་ནས་ཤོད་དགོས་པར་འདུག་སྙམ། དོན་དངོས་ཐོག་སྤྲུལ་སྐུ་ནི་ཐོན་རྫས་ཤིག་རེད་པས། གཏན་འཁེལ་པའི་བཟོ་གྲྭ་ཞིག་ནས་རྒྱུན་བཟོ་བྱེད་པའི་ཐོན་གསར་དངོས་པོ་ཞིག་རེད་པས།
སྤོབས་པ་མཐའ་ཡས་དང་ཅོ་རི་ཉི་མ། སྤྲུལ་སྐུ་བཟོ་གྲྭ་ཆེ་ཤོས་གཉིས་ཡོད་པའི་ནང་གི་གཅིག་དེ་རྒྱ་གཞུང་དང་གཞན་དེ་བཤད་མི་ནུས་ཚུལ་བརྗོད་དགོས་དོན་ག་རེ་ཡིན་ནམ། ཁྱེད་གཉིས་དཔའ་བོ་བྱ་འདོད་ན་རིལ་མའི་ཕག་ལ་ཡིབ་ན་ཡོང་གི་མ་རེད་ད། དེ་ནི། ཁྱི་ཤ་བཟའ་རྒྱུ་ངོ་མ་ཚ་ན། ཁྱི་ཁུ་འཐུང་བར་ཞེ་དགོས་གི་མ་རེད། ཟེར་པའི་གཏམ་དཔེ་དེ་དང་གཅིག་མཚུངས་ཡིན།
ནམ་མཁའ་ཟེར་བ་དེ་སྤྲུལ་རྫུས་ཐེར་འདོན་བྱེད་མཁན་ཞིག་རེད་འདུག
ད་མི་ཤེས་ཀི གོང་ས་མཆོག་ལ་ཡང་སྤྲུལ་སྐུའི་མཚན་གནས་འདི་མེད་པར་དགེ་ལུགས་པའི་དགེ་བཤེས་ཙམ་ཞིག་ཡིན་ན་བོད་སོག་འདི་ཚོས་དད་པ་འདི་ཙམ་བྱེད་ཀི་མ་རེད། སྤྲུལ་སྐུའི་མིང་ལ་དད་གུས་ཡོད་པའི་སྤྱི་ཚོགས་སུ་སྤྲུལ་སྐུ་འདི་དགོས་པ་འདྲ། ཡིན་ཡང་མིང་དེ་བེད་སྤྱོད་ལོག་པར་གཏོང་མི་གཏོང་ནི་མི་རང་རང་ལ་འོས་འགན་ཡོད་པ་ཞིག་རེད་འདོད།
སྤྲུལ་སྐུ་ཀླུ་སྨྱོན་ནས་དྲང་པོར་གསུངས་པ་དེར་དགའ་བསུ་ཞུ། མ་གཞི་ནས་ཀླུ་སྨྱོན་ལ་རང་ཉིད་སྤྲུལ་སྐུ་རྫུས་མ་བྱེད་འདོད་མེད། འོན་ཀྱང་འགའ་ཞིག་གིས་ཀླུ་སྨྱོན་ལ་སྐུ་ཡོན་ཡོད་པ་དེ་བེད་སྤྱོད་བྱེད་དགོས་བསམ་ནས་ཆོས་རྒྱུད་ཀྱི་སྤྲུལ་སྐུའི་བཟོ་བདག་ཚོས་ཕར་འཐེན་ཚུར་འཐེན་བྱེད་ཀྱིན་འདུག བཟོ་བདག་ཚོ་ནི་ལས་རྒྱུ་འབྲས་ལ་བསམ་བློ་གཏོང་གི་མེད། ཁོང་ཚོས་ཚོང་རྒྱུགས་ཆེ་མི་ཆེ་ལ་བསམ་བློ་གཏོང་བ་ལས་དེ་མིན་གང་ཡང་མེད།
ཐུ་བ་ལགས། སྤྲུལ་སྐུའི་བཟོ་གྲྭ་གཞན་པ་དེ་སུ་རེད་དམ་ཞེས་དྲིས་ཀྱི་ཡོད་པེ། ཧཧཧ སྤྲུལ་རྐུ་སུམ་སྟོང་སུ་ཡིས་བཟོ་པ་རེད། ཁྱོད་ཀྱིས་ཀྱང་་་་་་་་་་ཡུལ་དུས་གནས་བབ་གང་ལ་བལྟས་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་མཇུག་རྫོགས་ན་ལེགས་པའི་དུས་སུ་བསླེབས་ཡོད་པ་བདེན་ན་ཡང་།ཞེས་གསུངས་ལུས་ལ་བལྟས་ན་ཁྱི་ཤ་ཟ་མཁན་ཞིག་རེད་འདུག་པས་ཁྱིའི་ཁུ་དེ་ཡང་འཐུང་རོགས་བྱོས་དང་། མཁྱེན་གསལ་རེད་བ་་་སྤྲུལ་སྐུ་ཐོན་སའི་བཟོ་གྲྭ་ངོ་ཤེས་ཀྱི་ཡོད་པར་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད།
ཨོ་ཡ་་་་ཨོ་ཉི་སྤྲུལ་རྐུ་ལགས། སྤྱིའི་ཆ་ནས་ཁྱོད་དང་མཉམ་དུ་རྩོད་བརྒྱབ་པ་ནི་ངོ་མ་དཀའ་མོ་རེད། རིག་པའི་གཞུང་སྲུང་གི་མ་རེད་ལ་ཕྱི་ལོག་ཤ་དག་བཤད་ཀི་རེད། ད་ཡིན་ནའང་་་ཁྱོད་བསླེབས་པར་ཡག་པོ་རེད། སྤྲུལ་སྐུ་ཡིན་ན་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་མ་ཁྱབ་ན་་་་སྤྲུལ་སྐུ་མཚན་ཉིད་ཤིག་འཇོག་རོགས་བྱོས་དང་།་་ཧཧཧ ག་འདྲ་ཞིག་ལ་སྤྲུལ་ཟེར་གྱི་ཡོད་དམ། ག་འདྲ་ཞིག་ལ་ལོངས་སྐུ་ཟེར་གྱི་ཡོད་དམ།་་་་་་ཡིན་ད། ཞབས་འདྲེན་ཞུ་མ་འོང་ཨ་་་་ཆོས་གྲོགས་ཚོ་ཡང་ང་ཚ་འགྲོ་རེད་ད།
ཨོ་་་སྤྲུལ་སྐུ་ཀླུ་སྨྱོན་ལགས་ཕེབས་བཟང་། བོད་མི་རིགས་ཀྱིས་༧རྒྱལ་བ་རིན་པོ་ཆེན་ལ་དགའ་དད་ཡོད་པས་རྒྱུ་མཚན་སྤྲུལ་སྐུ་ཡིན་པས་མ་རེད། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན་པས་རྒྱུ་མཚན་གྱིས་རེད།
སྤྲུལ་གི་སྲིད་གཞུང་གིས་མི་དམངས་ཀྱི་རེ་འདུན་ངོ་མ་གང་ཡིན་ཤེས་ཀྱི་ཡོད་པ་དང་། སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ལ་གདོང་ལེན་ནན་པོ་བྱེད་སེམས་ཡོད་པ་སྒྲོག་གི་ཡོད། འོན་ཀྱང་སྲིད་གཞུང་གིས་ཡོང་འབབ་འདྲ་མཉམ་མེད་པའི་རྒྱུ་མཚན་གཙོ་བོར་འཛིན་གྱི་ཡོད། དཔའ་འབྱོར་འདྲ་མཉམ་མེད་པ་ནི་ལས་དོན་གསར་པ་དང་ཐབས་ཚུལ་གསར་པ། མ་དངུལ་ཁ་སྣོན་ཐོག་ནས་ཐག་གཅོད་བྱེད་ཐུབ་ངེས། སྤྱིར་བཏང་ནས་གནད་དོན་འདི་དག་དབང་ཆ་འཐབ་རྩོད་ལ་བར་ཆད་མེད་པར་སྒྲུབ་ཐུབ་པ་ཞིག་རེད། སྤྲུལ་གི་སྲིད་གཞུང་གིས་དབུལ་ཕོངས་ཀྱི་དཀའ་སྙོག་སེལ་ཐབས་བྱས་ཡོད་མོད་མི་སེར་ནང་དབུལ་ཕྱུག་གི་ཁྱད་པར་ནི་བར་སྟོང་ཆེན་པོ་ཞིག་ཏུ་ལུས་ནས་ཡོད། དྲང་བདེན་མིན་པར་རྩོད་ལེན་བྱེད་རྒྱུ་ནི་དེ་བས་དཀའ་ཚེགས་ཅན་ཞིག་རེད། རང་དབང་ཅན་གྱི་ཁྲིམས་ལུགས་དང་། གསར་འགོད་རང་དབང་། མང་དོན་མཚུངས་པའི་རང་དབང་གི་ཚོགས་སྡེ། ཞི་བའི་འདུ་འཛོམས་བཅས་དགོས་ངེས་དག་དབང་འཛིན་པ་ཚོས་བཙན་བཀག་བྱེད་པ་ནི་རྒྱ་ནག་དམར་ཤོག་གི་ལཱེའི་ཉིན་ལྟ་གྲུབ་ཀྱི་སྙིང་རྩ་འགག་སྲིད་པས་རེད།
ལ་དྭགས་གཙོས་པའི་བོད་མོ་མི་མངས་འདི་ལྐུགས་པ་ཞིག་ཡིན་ནམ། སྤྲུལ་སྐུ་ལ་བརྩིས་དྲགས་པས་བོད་ཀྱི་དགོན་པ་ཁག་སྲ་བརྟན་བཟོ་ཐུབ་པ་འདི་ཡང་སྤྲུལ་ལ་སྐུ་ཐུག་འདུག ལ་དྭགས་ལ་དགོན་པ་ཞིག་ཡོད། དགོན་པའི་དགོན་བདག་ལྟ་བུར་བོད་ལ་འཁྲུངས་པའི་རིན་པོ་ཆེ་ཞིག་ཡོད། རིན་པོ་ཆེས་བདག་མོ་གཉེར་ཏེ། སྲས་དང་སྲས་མོ་ཡང་ཡོད་ངེས། ནན་ཏན་རྒྱུས་མེད།
རིན་པོ་ཆེ་དེ་གཞོན་པའི་སྐབས་སུ་ཕྱག་བསྣམས་མེ་མདའ་ཆུང་ཆུང་ཞིག་ངེས། ལོ་ངོ་ཕལ་ཆེར་ལྔ་བཅུ་ཙམ་སྔོན་གྱི་གཏམ་ཡིན་འདུག །གྲྭ་པ་རྒན་པ་ཞིག་གིས་ ལ་ ཏུ་བག་བཏངས་ཏེ་གསད་བྱ་འདུག ལོ། ཞེས་པ་ཐོས། གཏམ་འདི་ལ་ང་ད་དུང་ཡང་མཆན་ཡིག་འདི་འབྲི་སྐབས་སུ། གད་མོ་ཤོར། དགོན་པའི་གྲྭ་པ་ཀུན་ཕན་ཚུན་རྩོད་པའི་སྐབས་སུ། རིན་པོ་ཆེ་དེ་ཡི་མཚན་བཏོན་པ་ཙམ་གྱིས་འཇིགས་པ་ཡང་ཐོས།
ལ་དྭགས་པའི་གཏམ་དཔེར།
ར་མ་ནག་པོའི་ཤི་སྐལ་དང་།
བེ་ད་ནག་པོའི་ཟ་སྐལ།
ངས་སྔོན་དུ་བྲིས་ཟིན་པ་ཞིག་སླར་ཡང་། ལ་དྭགས་ལྡི་ལི་རུ་སྡོད་མཁན་ལོ་བཅོ་ལྔ་ཉི་ཤུ་ཙམ་སྔོན་དུ་བོད་ཀྱི་དགོན་པ་ཡོངས་ཀྱི་གནས་བསྐོར་དུ་ཕྱིན། ཁོང་གི་མཐོང་སྣང་དུ། དགོན་པ་ག་ལ་སྤྲུལ་སྐུ་ཡོད། དགོན་པ་དེ་གང་ས་ནས་དར་རྒྱས་དང་། དགོན་པ་ག་ལ་སྤྲུལ་སྐུ་མེད། དགོན་པ་དེ་གང་ས་ནས་རྒུད་འདུག ཅེས་བཤད། ཅེས་སོ།
སྤྲུལ་སྐུ་ཡོད་མེད་ཀྱིས་ངེད་ཚོའི་ད་ལྟའི་དཀའ་ངལ་སེལ་མི་ཐུབ་སྙམ།
སྔོན་མའི་གཏམ་དཔེ་ཞིག་དྲན་བྱུང་། སྐེ་འདོད་ནི་མེད་པར་སྦ་བ་མ་འདོད་པ་མ་བྱེད་ཨང་ཟེར། དེ་བཞིན་ང་ཚོས་སྤྲུལ་སྐུའི་བྱིན་རླབས་དང་མཐུ་རྣམས་འདོད་བཞིན་ཡོད། དཔེར་ན་གོང་ས་མཆོག་ལ་རེ་བ་རྒྱག་པ་དང་པན་ཆེན་རིན་པོ་ཆེ་དང་ཀརྨ་པ་རིན་པོ་ཆེ་སོགས་ལ་བོད་ཀྱི་རིག་གཞུང་སོགས་མ་ཉམས་གང་འཕེལ་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། དེ་མིན་སྤྲུལ་སྐུ་ཉུང་ཤས་ཀྱིས་སྤྱོད་ངན་ཕྲན་བུ་རེ་བྱས་པ་མཐོང་ན་ཤིན་དུ་ནས་མ་འདོད་པ་བྱེད་པ་འདི་ཡང་གཟུར་གནས་ཤིག་མ་རེད་སྙམས།
ཐུད་འཚོ་བ་མར་གྱི་དྲིན་ཟེར་བ་བཞིན་གནས་སྟངས་མང་པོ་ཞིག་ལ་སྤྲུལ་སྐུ་ཚད་ལྡན་དེ་ཚོས་བོད་ཀྱི་ནང་བསྟན་སྐྱོབ་བཞིན་ཡོད་པ་དཔེ་འཇོག་ཨེ་དགོས། འཇོག་དགོས་ན་འདིར་ཡོད།
རྒྱལ་བ་རིན་པོ་ཆེའི་དྲིན་ལས་བོད་ཀྱི་ནང་བསྟན་སྤྱི་ལ་ཕན་ཐོག་ཆེན་པོ་བྱུང་བར་འདོད། རྒྱལ་བ་རི་པོ་ཆེ་བོད་ཀྱི་བླ་ཆེན་ཞིག་ཡིན་པར་འདོད་ནས་རྒྱ་གར་གཞུང་གིས་རོགས་རམ་མང་པོ་བྱས་སོང་སྙམས།
པན་ཆེན་རིན་པོ་ཆེས་བོད་ནང་ལ་རིས་མེད་ཁག་གི་བཤད་སྒྲུབ་ཀྱི་རྒྱུན་ཆད་ལ་ཁད་ལ་སྐུ་ངལ་ཚད་མེད་སྐྱོན་ནས་ཡར་སློང་བ་གནང་སོང་།
ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དེ་ཕྱི་རྒྱལ་ལ་ཕེབས་ནས་མཁས་མཁས་འཛུམ་འཛུམ་གྱིས་སྒོར་མོ་སློང་ནས་བཀའ་རྒྱུད་ཀྱི་བཤད་སྒྲུབ་བསྟན་པར་ཞབས་འདེགས་ཆེན་པོ་བསྒྲུབས་སོང་སྙམས།
དེ་བཞིན་དཔལ་ནོར་རིན་པོ་ཆེས་བླ་ཆེན་དང་སྤྲུལ་སྐུའི་མིང་ཐོག་ནས་ཕྱི་རྒྱལ་ཁག་ལ་ཕེབས་ནས་རྙིང་མའི་བཤད་སྒྲུབ་ཆེ་ཤོས་ཤིག་གི་མེ་རོ་བསླངས་སོང་སྙམས།
དེ་བཞིན་བོད་ནང་ལ་གཏེར་སྟོན་བསོད་རྒྱལ་གྱི་སྤྲུལ་སྐུ་འཇིགས་མེད་ཕུན་ཚོགས་མཆོག་གིས་བླ་རུང་གི་བསྟན་པར་ཞབས་འདེགས་ཇི་ལྟར་ཞུས་ཡོད་མེད་མཁྱེན་ཤག
ད་དུང་དིལ་རྒུ་མཁྱེན་བརྩེ་སྐུ་གོང་མས་སྤྲུལ་སྐུའི་མིང་ཐོག་ནས་བལ་ཡུལ་ལ་ཞི་ཆེན་དགོན་པའི་མེ་རོ་བསླངས་སོང་།
དེ་བཞིན་ཡོངས་འཛིན་གླིང་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ། དགའ་ལྡན་ཁྲི་པ་ཁག་གིས་དཀའ་ངལ་མང་པོ་སྐྱོན་ནས་དགེ་ལུགས་ཀྱི་གདན་ས་ཁག་ཚགས་ཚུད་པོ་བཟོས་འདུག
ད་གོང་གི་སྤྲུལ་སྐུ་དེ་དག་མེད་པར་བརྩིས་དང་། ད་ལྟ་ནང་བསྟན་གྱི་ཤུལ་བཞག་ག་ཚོད་ལྷག་ས་རས།
སེམས་ཅན་རྣམ་ནི་སངས་རྒྱས་ཡིན་གསུང་པ་ལྟར་ང་ཚོ་སེམས་ཅན་ཚང་མ་སངས་རྒྱས་སྤྲུལ་སྐུ་རེད། ཡག་སྡུག་དབྱེ་བ་འབྱེད་ཡག་དེ་བདག་འཛིན་གྱིས་འཁྲུལ་སོང་རེད།སངས་རྒྱས་སྤྲུལ་པ་ཡག་སྡུག་ག་ལ་ཡོད།
རང་ཕྱོགས་ཆགས་གཞན་ཕྱོགས་སྡང་བ་ཡོད་པ་ནི་མཐོ་དམན་ཚང་མ་གཅིག་མཚུངས་རེད
ཆགས་སྡང་ཡག་སྡུག་ཨེ་ཡོད་ན
སྤྲུལ་སྐུ་མ་ངེས་ལྡན། ལོངས་སྐུ་ངེས་པ་ལྔ་ལྡན། བོན་སྐུ་མེད་པ་ལྡ་ལྡན། ཡིན་ཟེར་ནས་ལབ་སྲོལ་ཡོད། འདིའི་ལྔ་གསུམ་བཅོ་ལྔ་པོ་རེ་རེ་ནས་བསྒྲང་ཐུབ་མཁན་ཡོད་དམ།
སངས་རྒྱས་ལ་སྤྱན་ཡོད་ཟེར་བ་དང་སངས་རྒྱས་ལ་སྤྱན་ལྡན་ཟེར་བ་གཉིས་ལ་ཁྱད་པར་གང་ཡོད་དམ། །
སྤྲུལ་སྐུ་ཚང་ལ་དངོས་གནས་དགོས་པ་དེ་འདིར་འདུག། འདི་མཐོང་དུས་འཁོར་བ་དང་མྱང་འདས་དེ་ཚོ་ག་བ་ག་བ་ཡིན་གྱི་རེད། །
http://www.youtube.com/watch?v=eX8dqO141gI
སྦྲུལ་སྐུ་ལམ་ལུགས་ལ་དགག་པ་རྒྱགས་མཁན་ཚོས། སྦྲུལ་སྐུ་ལམ་ལུགས་འདི་མུ་མཐུད་གནས་ན་སངས་རྒྱས་བསྟན་པར་གནོད་ལུགས་ཟེར། དེ་བཞིན་སྤྲུལ་སྐུ་ལམ་ལུགས་ལ་མོས་པ་ཡོད་མཁན་ཚོས་ཀྱང་སྦྲུལ་སྐུ་ལམ་ལུགས་འདི་མེད་ན་སངས་རྒྱས་བསྟེན་པར་གནོད་ལུགས་ཟེར།
ངས་བལྟས་ན་སྦྲུལ་སྐུའི་ལམ་ལུགས་འདིས་བོད་པའི་ནང་ཆོས་དང་བོད་འབངས་སྤྱི་ཚོགས་ལ་ཕན་འདོགས་པ་དོན་དངོས་རེད། ང་ཚོ་ཁ་བརྡ་དྲ་བའི་ནང་ན་ཡོད་པའི་སྦྲུལ་སྐུ་ལམ་ལུགས་ལ་དགག་པ་རྒྱགས་མཁན་གྱི་མཁས་པ་སུ་ཡིན་ན་ཡང་རང་གི་ལག་པ་བྲང་ལ་བཞག་ནས་བསམ་བློ་ཐོངས་དང་། རང་རང་གི་ངོས་ནས་སྤྲུལ་སྐུ་ཚོ་ལས་ལྷག་པར་བོད་སྤྱི་ཚོགས་གི་ནང་དུ་ཕན་ཐོགས་བཞག་པ་ཅང་ཡོད་དམ།
དེ་ནས་སྤྲུལ་སྐུ་ལམ་ལུགས་འདི་ད་ལྟའི་ཆ་ལ་མེད་སོང་པ་ཡིན་ན། ཁ་འཐོར་དགུ་འཐོར་ལ་གནས་པའི་བོད་པ་ཚོའི་བསམ་བློ་གཅིག་བསྡུ་ཅི་ལྟར་བྱེད།
འོན་གྱང་སྤྲུལ་སྐུའི་ལམ་ལུགས་འདི་ལ་སྐྱོན་རྩ་ནས་མེད་པ་མིན། ༡༽ སྤྲུལ་རྫུན་རིགས། ང་བླ་མའི་རིགས། དེ་བཞིན་དུ་དཔལ་འབྱོར་ཁོ་ནའི་ཆེད་དུ་བླ་མ་ངོས་འཛིན་བྱེད་པའི་རིགས། ལྷག་པར་དུ་བླ་བྲང་གི་འགྲོ་ལུགས་བཤིག་ཟིན་པའི་སྤྲུལ་སྐུའི་རིགས། འདི་དག་ནི་ཤིན་ཏུ་ནས་གནོད་སྐྱོན་ཆེ་བར་མཐོང་།
༢༽དངོས་ཡོད་གནས་ཚུལ་ལ་གཟིགས་ནས་བཤད་ན། པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སྐུ་ལས་བརྒྱབ་པ་སྨྲོས་མེད་རེད། འོན་ཀྱང་སྐུ་མྱ་ངན་ལས་འདས་རྗེས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་དུས་རབས་མང་པོར་བསགས་པའི་དངོས་རྫས་དང་། དངུལ་དངོས་ཡོད་ཚད་རིག་མ་རྒྱ་མོར་དེར་དབང་དགོས་ཟེར་ནས་ཀྲུང་གོའི་བཟའ་ཚང་གི་ཁྲིམས་ལུགས་གཞི་ལ་བཞག་ནས་རྙོག་དྲ་ག་ཚོད་ལྷག་པ་རེད། དེ་བཞིན་དུ་དེང་སང་རྒྱ་གར་ན་ཡོད་པའི་སྤྲུལ་སྐུ་ཁ་ཤས་སོང་ནས་བོད་ནང་ནས་མནའ་མ་བླངས་རྗེས་དགོན་པའི་བླ་བྲང་གི་དངུལ་དངོས་དང་། རྒྱུ་རྫས་ཡོངས་རྫོགས་མནའ་མའི་ནང་ལ་དགོས་ཟེར་ནས་རྩོད་པ་བྱེད་བཞིན་པ་ཡང་དོན་དངོས་རེད།
༣༽དེ་བཞིན་དུ་སྔ་མོའི་ལུགས་སྲོལ་གྱི་སྤྲུལ་སྐུ་སྐྱོང་སྟངས་དེ་ཉམས། དེང་སང་རྣམ་བཞག་ཡག་པོ་ཅིག་མེད་པར། ཐུགས་ཐག་བཅད་རྗེས། འབུལ་བ་ཡོད་ཚད་བླ་བྲང་གི་ཡོང་སྒོའི་ཁུངས་སུ་མ་བཏང་པར། བླ་མ་སྤྲུལ་སྐུ་ཆུང་ཆུང་དེའི་ཁུག་མ་ནང་དུ་བཞག་པ་ནི་སྤྲུལ་སྐུ་ལོ་ཆུང་ཚོ་སྨྱོན་པ་བཟོ་བའི་ལམ་ཁ་གཅིག་རེས་སྙམ། འདི་དག་ནི་སྦྱིན་བདག་དད་ལྡན་དེ་ཚོའི་བྱེད་སྟངས་མ་ཤེས་པའི་དབང་གི་རེད་བསམ།
༼འོན་ཀྱང་སྐུ་མྱ་ངན་ལས་འདས་རྗེས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་དུས་རབས་མང་པོར་བསགས་པའི་དངོས་རྫས་དང་། དངུལ་དངོས་ཡོད་ཚད་རིག་མ་རྒྱ་མོར་དེར་དབང་དགོས་ཟེར་ནས་ཀྲུང་གོའི་བཟའ་ཚང་གི་ཁྲིམས་ལུགས་གཞི་ལ་བཞག་ནས་རྙོག་དྲ་ག་ཚོད་ལྷག་པ་རེད། དེ་བཞིན་དུ་དེང་སང་རྒྱ་གར་ན་ཡོད་པའི་སྤྲུལ་སྐུ་ཁ་ཤས་སོང་ནས་བོད་ནང་ནས་མནའ་མ་བླངས་རྗེས་དགོན་པའི་བླ་བྲང་གི་དངུལ་དངོས་དང་། རྒྱུ་རྫས་ཡོངས་རྫོགས་མནའ་མའི་ནང་ལ་དགོས་ཟེར་ནས་རྩོད་པ་བྱེད་བཞིན་པ་ཡང་དོན་དངོས་རེད།༽ གཞོན་ནུ་ཟླ་མེད་ལགས་ཀྱིས་ཡག་པོ་གསུངས་འདུག། འདི་ཚོ་འུ་ཚོས་ཤེས་དགོས་པ་རེད། ང་ལ་ནི་གསར་འགྱུར་ཡིན། ད་དུང་ཕྱི་རྒྱལ་མགོ་སེར་སྐྱེ་སྨན་དེ་འདྲ་ཡང་མང་པོ་ཡོད་ས་རེད་ད་མཁྱེན་མཁན་ཡོད་ན་གསུངས་རོགས་གནོངས། །
སྤྲུལ་སྐུ་ཞིག་གིས་ཨ་རི་རབ་ཏུ་ཕྱུག་པ་བུ་མོ་ཞིག་དང་མཉམ་བག་སྟོན་བྱས་པར་བཤད། སྤྲུལ་སྐུ་དེ་དྲང་པོ་ཞིག་འདུག མནའ་མ་དེས་སྤྲུལ་སྐུའི་དགོན་པ་ལ་ཡང་དངུལ་མང་པོ་བསྐུར་ཚུལ་བཤད་པ་བདེན་པ་ཡིན་ངེས།
ཟླ་མེད་ལོ་ལོ། ངའི་ལག་པ་བྲང་ཁར་མ་བཞག་ནའང་ང་ལས་འཇོན་པའི་སྤྲུལ་གོག་མང་དུ་འདུག་ལ་ངའི་མཇེ་སྤུའི་རིང་ཐང་མེད་པའི་སྤྲུལ་གོག་གང་མང་མང་རེད། སྤྲུལ་གོག་རིང་ལུགས་ལ་ཡག་སྡུག་གཉིས་སུ་ཕྱེ་ནས་སྐད་ཆ་བཤད་པ་དེ་ཕྱོགས་གཅིག་ནས་མ་འགྲིག་པ་མིན་འདུག་སྟེ། ལེགས་ཉེས་གཉིས་ཀྱི་ནང་ནས་ཉེས་པ་མང་ན་འཕོང་ཕྱིས་པའི་ཤོག་བུ་བཞིན་དོར་བ་ལས་འོས་མེད། དེ་འདྲ་བཤད་ན་རྒྱ་མི་བོད་དུ་འོང་ནས་ཕན་ཐོག་གི་རིགས་གཏན་ནས་བྱུང་ཞེས་ཤོད་ས་ཨ་ཡོད། ལེགས་ཉེས་གཉིས་གཅིག་གི་ཟླ་ལ་གཅིག་དྲུད་ཡོང་གི་རེད་པ།
ཚངས་དབྱངས་ཀྱིས་རྒྱལ་པཎ་དང་མཉམ་དུ་ཀརྨའི་མིང་དྲུད་ནས་བོད་མིའི་རེ་བ་བྱེད་ས་ཡིན་ན་ཅིག་བཤད་པ་ནི་རྐུབ་ནས་གད་མོ་ཤོར་བ་རེད། ལར་རྒྱལ་པཎ་དང་དིལ་མགོ་མཁྱེན་བརྩེ། པད་ནོར་རིན་པོ་ཆེ་སོགས་ལ་དད་པ་དེ་ཁོང་ཚོ་་སྤྲུལ་སྐུའི་མཚན་འཆང་བའི་རྒྱུ་མཚན་གྱིས་ཡིན་ན་དར་ལྕེ་ལྷབ་ལྷབ་རེད། ཅོ་རི་བས་བཤད་པ་ལྟར་རྒྱལ་པཎ་ལ་དད་གུས་ནི་བོད་ཀྱི་དབུ་ཁྲིད་དང་རྒྱལ་བསྟན་ལ་མིག་མཐོང་ལག་ཟིན་གྱིས་ཞབས་ཏོག་ཞུས་དང་ཞུ་བཞིན་པ་འདིས་སོ།།
གཞན་མཁན་པོ་འཇིགས་ཕུན་དང་དགའ་ལྡན་ཁྲི་པ་ནི་སྤྲུལ་སྐུའི་མིང་གིས་གོང་དུ་བཀུར་བ་མིན་པ་རྒྱུ་མཚན་གཞན་ཞིག་ཡོད་པས་སོ།།
ལྷག་པར་འཇིགས་ཕུན་དང་མི་ལ་རས་པ་སྤྲུལ་གོག་རིང་ལུགས་རྡུང་རྡེག་ཚ་ནནགཏོང་མཁན་གཉིས་རེད། དེ་ཤེས་པར་བྱོས།
སྤྲུལ་གོག་ལུགས་གན་ཀུན་ནས་ཕམ་གྱུར་ཅིག
སྤྲུལ་སྐུའི་བོད་སྐྱོབ་ཟེར་བ་དེར་ང་ལ་དོག་པ་འདི་འདུག དཔེར་ན། སྤྲུལ་སྐུ་དང་བོད་མི་མང་བར་གྱི་བསྐྱབ་བྱ་སྐྱོབ་བྱེད་ཀྱི་འབྲེལ་བའི་དཔེ་མཚོན་ལ་རྒྱལ་བ་རིན་པོ་ཆེ་དང་ངེད་གཉིས་ཀྱི་བསྐྱབ་བྱ་སྐྱོབ་བྱེད་ཀྱི་འབྲེལ་བ་དེ་བཞག་མི་རུང་བ་མི་འདུག རྒྱལ་བ་རིན་པོ་སྤྲུལ་སྐུ་ཆེ་ཤོས་དེ་ཡིན་པ་དང་ང་བོད་མི་དཀྱུས་མ་ཞིག་ཡིན་པས་སོ།། ང་དང་ངའི་ཉེ་འཁོར་གྱི་བོད་མི་ཚང་མས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱ་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད། ང་རང་ཚོ་ཡང་སྐྱབས་བཅོལ་བ་རེ་ཡིན་པའི་ཆ་ནས་བདེ་འཇགས་དང་། དཔལ་འབྱོར། ཁྲིམས་ལུགས་གང་ཐད་ནས་རང་མགོ་མི་ཐོན་པས་བསྐྱབ་དགོས་ས་ཧ་ཅང་མང་པོ་འདུག ཡིན་ན་ཡང་ང་ཚོའི་ངོས་ནས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱ་སྲུང་སྐྱོབ་དང་འབྲེལ་བ་ཞིག་གི་ལས་དོན་རེ་ལ་ཞབས་འདེགས་ཞུ་ས་རག་ན་ཚང་མ་རྒྱག་གཅིག་མཆོང་གཅིག་ཡིན། ༡༩༥༩ལོར་རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་ཞབས་སོར་འཁོད་ཐུབ་པའི་ཆེད་དུ་བོད་མི་དཔའ་བོ་མང་པོས་ལུས་སྲོག་བློས་བཏང་ནས་སྲུང་སྐྱོབ་བྱས་ཚུལ་ཁོང་གི་མཛད་རྣམ་དུ་ཡང་གསུངས་འདུག ཚོགས་པ་སྒྲིག་འཛུགས་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱ་སྲུང་སྐྱོབ་ཐད་ལ་གྲོས་ཆོད་ཀྱང་མང་པོ་འཇོག་གིན་འདུག གལ་སྲིད་རྒྱལ་བ་རིན་པོ་ཆེའི་སྐུའི་སྲུང་བྱ་དང་འབྲེལ་བའི་ཞལ་འདེབས་སྡུད་མཁན་ཞིག་སླེབས་ན་བོད་མི་ཚོས་ཡོད་རྒུ་རྩལ་སྤྲུགས་བྱས་ནས་བརྒྱ་འབུལ་སྟོང་འབུལ་བྱེད་པར་མནའ་བསྐྱལ་ཐུབ་པ་ཞིག་རེད། ཡིན་ན་ཡང་ང་ཚོ་སྒེར་གྱི་བདེ་འཇགས་དང་འབྲེལ་བའི་དཀའ་ངལ་ཞིག་འཕྲད་ན་སྐུ་སྒེར་ཡིག་ཚང་གིས་སྲུང་སྐྱོབ་བྱེད་དམ། དཔལ་འབྱོར་གྱི་དཀའ་ངལ་ཞིག་འཕྲད་ན་སྐུ་སྒེར་ཡིག་ཚང་གིས་གསོལ་རས་གནང་ངམ། མ་མཐའ་ཡང་འབད་བརྩོན་ཞིག་བྱེད་དམ། ང་ལ་གདིངས་ཚོད་མི་འདུག ཁྱོད་ཚོར་ཡོད་དམ། འདི་ནི་ངས་དམིགས་བསལ་གྱིས་རྒྱལ་བ་རིན་པོ་ཆེས་བོད་བསྐྱབ་གི་མ་རེད་ཟེར་བཞིན་མེད། རྒྱལ་བ་རིན་པོ་ཆེ་ནི་ང་ཚོས་བརྩི་མཐོང་ཆེ་ཤོས་ཀྱི་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་དཔེ་མཚོན་དུ་དྲངས་པ་ཙམ་ཡིན།
སྔོན་མ་ང་ཚོ་བོད་ལ་ཉིན་མཚན་དབྱེར་མེད་དུ་པུ་ལི་སིས་སྲུང་སྐྱོབ་བྱེད་དགོས་པ་རྒྱལ་བ་རིན་པོ་ཆེ་ལས་མེད། དེ་ནས་ཀརྨ་པ་གཉིས་ཀ་འཁྲུངསས་པ་རེད། དེ་ནས་པན་ཆེན་གཉིས་ཀ་འཁྲུངས་པ་རེད། ད་ག་ཚོད་ཅིག་འཁྲུངས་རྒྱུ་ཡིན་ནམ། བསྐྱབད་གོས་པའི་སྤྲུལ་སྐུ་ཇེ་མང་དུ་སོང་བ་འདི་ཡང་ཡག་རྟགས་ཤིག་མ་རེད་སྙམ། བླ་མ་ཆེ་དྲགས་སོང་བས་དམག་མིས་སྲུང་དགོས་ཟེར་ན་དེ་ཡང་མིན་པ་འདྲ་སྟེ་སངས་རྒྱས་རང་ཉིད་འཚོ་ཞིང་གཞེས་པའི་དུས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་ཞབས་ལ་མགོ་བས་བཏུད་སའི་བླ་ཆེན་ཞིག་རེད། ལྷས་བྱིན་གྱིས་གསོད་ཐབས་བྱས་པ་སོགས་ཉེན་ཁ་འཕྲད་མ་མྱོང་མཁན་ཞིག་རེད་མི་འདུག་མོད་ཉན་ཐོས་ཁ་ཤས་རེ་དང་ལྷན་དུ་བཞུགས་པ་མ་གཏོགས་གོ་གྱོན་མཚོན་ཐོགས་ཀྱིས་སྲུང་སྐྱོབ་བྱེད་དགོས་པ་ཞིག་ནི་རེད་མི་འདུག བོད་ལ་མཚོན་ན་བླ་མ་ཆེ་ཆུང་ནས་བཤད་ན་ས་སྐྱ་གོང་མ་རྣམ་གཉིས་ལྟ་བུ་ཡིན་ན་རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་ཞེས་པའི་མིང་ཙམ་ཡང་མེད་པའི་ལོ་བརྒྱ་ཕྲག་དུ་མའི་གོང་ནས་མོང་གོལ་གནམ་གྱི་རྒྱལ་པོའི་དབུ་ཐོག་ལ་བུམ་པ་བཞག་ནས་རྒྱུག་འདུག་མཁན་ཚང་ཞིག་རེད། ཡིན་ན་ཁར་སང་དེ་རིང་འཛམ་གླིང་ཤར་ནུབ་གང་དུ་ཕེབས་ཀྱང་བདེ་བར་གཉིད་ལོག་བདེ་བར་རབ་ཏུ་སད་ནས་བཟའ་ཚང་གང་བོ་སྐྱིད་སྐྱིད་བདེ་བདེ་བྱས་ནས་འགྲོ་བ་མ་གཏོགས་དཔུང་ཚོགས་ཡན་ལག་བཞི་ཡིས་ཕར་འགྲོའི་སྔོན་མ་དང་ཚུར་ཡོང་གི་རྗེས་མ་བྱེད་དགོས་མི་འདུག དགའ་ལྡན་ཁྲི་རིན་པོ་ཆེ་ལྟ་བུ་ཡིན་ན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་རེད་མོད་ཕེབས་བཞུགས་གང་མཛད་ཀྱང་གྲོགས་ཚངས་པ་མཚུངས་པར་སྤྱོད་པའི་ཚོགས་དང་ལྷན་དུ་རྒྱུ་བ་མགཏོགས་པུ་ལི་སིས་སྲུང་དགོས་པ་མི་འདུག རྒྱལ་བ་རིན་པོ་ཆེ་ནི་འཇམ་མགོན་བླ་མའི་སློབ་མ་ཞིག་གི་སྤྲུལ་སྐུ་རེད། དཔེ་མཚོན་འདིས་ཀྱང་སྤྲུལ་སྐུས་བོད་བསྐྱབ་མིན་མི་ཤེས་ཏེ་བོད་མིས་སྤྲུལ་སྐུ་སྐྱོབ་བཞིན་པའི་དཔེ་མཚོན་རེར་བཞག་མི་ཆོག་པ་ཨེ་ཡོད།
བོད་ཀྱི་ཆབ་སྲིད་གནད་དོན་ཀྱི་དོན་དུ་བོད་མི་མང་པོས་ལུས་སྲོག་ལོངས་སྤྱོད་བློས་བཏང་ཡོད་ལ་མ་མཐའ་ཡང་སྟོང་ཕྲག་ཁ་ཤས་རྒྱའི་བཙོན་ཁང་དུ་ལུས་ཡོད། ཡིན་ན་ཡང་ང་ཚོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོ་ཟེར་ནས་ཐུན་མོང་དུ་མར་མེ་ཁྲོམ་སྐོར་དང་བྱང་ཆུབ་སེམས་མཆོག་སྐྱོར་འདོན་གྱི་ལས་འགུལ་ཙམ་གཙོར་འདོན་བྱེད་ཀྱིན་ཡོད། པན་ཆེན་ཆུང་སྲིད་དེ་ཆབ་སྲིད་བཙོན་པ་ནི་མ་རེད། མི་འདིས་ཆབ་སྲིད་ཀྱི་དོན་ལ་ཚིག་གཅིག་ཀྱང་བཤད་མྱོང་མེད། ཡིན་ན་ཡང་མི་འདིའི་དོན་ལ་ང་ཚོས་ཞལ་འདེབས་ག་ཚོད་བསྡུས་ཡོད། ལས་འགུལ་ག་ཚོད་སྤེལ་ཡོད། རྒྱལ་སྤྱིའི་སྟེང་དུ་ཞུ་གཏུག་ག་ཚོད་བྱས་ཡོད། འཛམ་གླིང་ལ་ཁྱབ་བསྒྲགས་ག་ཚོད་བྱས་ཡོད། ཡིག་ཆ་ག་ཚོད་བརྩམས་ཡོད། དེ་ཡང་བོད་མི་ཚོས་སྤྲུལ་སྐུ་སྐྱོབ་བཞིན་ཡོད་པའི་དཔེ་མཚོན་གཞན་ཞིག་རེད། ད་དུང་དོག་པ་མང་།
ཡ་མཚན་པ་ཞིག་ལ། བོད་ཀྱི་ལོ་རྒྱུས་ནང་གི་སྐྱེས་བུ་སྐད་གྲགས་ཅན་དེ་ཚོ་ནི། མི་ལ་རས་པ། ཀློང་ཆེན་རབ་འབྱམས། རྗེ་བདག་ཉིད་ཆེན་པོ་རྣམས་ཡིན་པ་མ་ཟད། ཁོང་རྣམས་ཀྱིས་སྤྲུལ་སྐུའི་མཚན་བཞེས་པའི་ལོ་རྒྱུས་མི་འདུག སྤྲུལ་སྐུའི་ལུགས་སྲོལ་མ་བྱུང་སྔོན་ནས་ལོ་བརྒྱ་ཕྲག་མང་བོར་བོད་ལ་མདོ་སྔགས་གཉིས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་དར་ནས། གང་ཟག་ཕོ་མོ་མང་བོ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱས་འདུག །
སྤྲུལ་སྐུའི་མཚན་ཡོད་མཁན་ནང་ལ་བླ་མ་འགའ་རེ་ཡག་པོ་ཡོད་ཀྱང་། སྤྲུལ་སྐུ་མང་བོ་ཞིག་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མེད་པར། ཤེས་ཡོན་མེད་པའི་བོད་མི་ཚོས་སྐྱག་ལང་དུ་བཏང་ནས། བུད་མེད་འཕྱོར་མོ་བཞིན་དུ་མི་ཚང་མས་ཁ་གསག་དང་ངོ་སྲུང་རྐྱང་རྐྱང་ཞུ་ཡུལ་དུ་གྱུར།
གྲྭ་བ་རྣལ་མ་ཡིན་མིན་སྡོམ་པ་ཡོད་མེད་ཀྱི་སྒོ་ནས་ཐག་གཅོད་ན་འོས་ཀྱང་། སྤྲུལ་སྐུ་དངོས་མ་དང་རྫུན་མ་ཡིན་མིན་གང་ལ་བརྟེན་ནས་ཐག་གཅོད་དགོས་སམ། ཆོས་བརྒྱུད་ཆེན་པོའི་བླ་ཆེན་ཞིག་གིས་ངོས་འཛིན་གནང་ཚེ་སྤྲུལ་སྐུ་རྣལ་མ་ཡིན་ཟེར་ན། དེང་སང་མི་འཇོན་པོ་དང་ཕྱུག་པོ་མང་བོས་བོད་ཀྱི་བླ་ཆེན་ཚོར་དངུལ་མང་བོ་ཕུལ་ནས་སྤྲུལ་སྐུའི་མཚན་ལེན་མཁན་གང་མང་ཐོན་གྱི་ཡོད་སྟབས་ཁྱབ་པ་མི་འདུག་ལགས།
སྤྲུལ་སྐུའི་མཚན་མེད་ཀྱང་འཛམ་གླིང་ན་སྐད་སྒྲ་ཆེན་པོ་བྱུང་མཁན་གྲངས་ལས་འདས། སངས་རྒྱས་བཅོམ་ལྡན་འདས་དེ་མཚན་གཞི་ཨང་དང་བོ་རེད། ཡེ་ཤུའི་ཇོ་མོ་མ་དྷིར་ཁྲི་རེ་སའང་སྤྲུལ་སྐུའི་མིང་མེད་ཀྱང་བྱམས་སེམས་ཆེ་བའི་སྒོ་ནས་འཛམ་གླིང་ཤར་ནུབ་ཀུན་ལ་སྙན་གྲགས་ཀྱིས་ཁྱབ།
ང་ནི་མི་དཀྱུས་མ་ཞིག་ཡིན་པས། སྤྲུལ་སྐུའི་ལུགས་སྲོལ་དེ་བཟང་ངན་གང་དུ་ཐག་གཅོད་མི་ཕོད། སྒྲོ་འདོགས་དང་སྐུར་འདེབས་གཉིས་ཀར་དོགས་ཟོན་ཆེན་པོ་བྱེད་མཁན་ཞིག་ཡིན། གང་ལྟར་སྐྱེས་བུ་དམ་པའམ་མཚན་ལྡན་གྱི་བླ་མ་ཡིན་
མིན་དེ་སྤྲུལ་སྐུའི་མཚན་ཡོད་མེད་ལ་མི་ལྟོས་པར། གང་ཟག་དེ་རང་ངོས་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་དང་མི་ལྡན་སྒོ་ནས་ཐག་གཅོད་ན་ལེགས་སྙམ།
འདི་ནི་ང་རང་གི་བསམ་ཚུལ་ཙམ་ཞུས་པས། ནོར་འཁྲུལ་ཡོད་ན་དགོངས་ཆར་འཛེམ་མེད་དུ་གནང་རོགས།
དེང་སང་སྤྲུལ་རྫུན་ཟེར་བ་ཆར་རྗེས་ཤ་མོ་རྡོལ་རྡོལ་རེད། ཕ་རྒན་སྤྲུལ་རྫུན་ཞིག་གིས་རང་གིས་ཁ་ལོ་བསྒྱུར་དང་སྒྱུར་བཞིན་པའི་དགོན་པ་གྲ་ཚང་དང་ཡོན་བདག ད་དུང་དཔལ་འབྱོར་གྱི་སྟོབས་བཀོལ་ནས་བུ་གཉིས་གསུམ་རེ་ཆོས་རྒྱུད་གཞན་དང་གཞན་གྱི་སྤྲུལ་སྐུ་བཟོ་ དེ་ཡང་ཚ་བོ་དང་དེ་ནས་ཡང་ཚ་སོགས་རིམ་པས་བཟོ དེ་ལྟ་བུ་ཚོར་དེང་སང་སྤྲུལ་སྐུའི་བཟོ་གྲ་ཟེར བཟོ་གྲ་དེ་འདྲ་འགའ་རེས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་རེས་ཀྱིས་ག་ལེ་ག་ལེར་ཆོས་རྒྱུད་ཚང་མར་ཁོ་ཚོ་བཟོ་གྲ་འགས་དབང་སྒྱུ་རྒྱུའི་དམིགས་ཡུལ་ཡི
བཟུང་ཡོད། གལ་སྲིདགཞན་གྱི་་སྤྲུལ་སྐུ་ངོ་མ་ཞིག་ཡོད་པའི་དབང་དུ་བཏང་ཡང་དེ་ཕར་ཕུད་ནས་ཚབ་ལ་རང་གི་བུའམ་ཚ་བོ་ཞིག་བཞག་ཡོང་དུསདཔལ་འབྱོར་དང་ཁ་རྗེ་དབང་ཐང་གང་ས་ཅི་ཐད་ནས་སུས་ཀྱང་དེ་ཚོར་གླགས་མི་འཁེལ་ དགེ་ལུགས་ཕྱོགས་ལ་ཨོའུ་ཙིག་ཡིན་ན་མ་གཏོགས་བཀའ་རྙིང་ཕྱོགས་ལ་ཧ་ཅང་ཚབ་ཆེན་པོ་རེད། ཉམ་ཆུང་འབངས་མི་སེར་དང་གྲ་རྐྱང་དཀྱུས་མ་ཚོས་དེ་དུས་ཁ་བཙུམ་སྡོད་རྒྱུ་ལས་ཅི་ཡང་འཇོན་རེ་བྲལ་བ་རེད།
་་་་་་་ དེ་ནས་སྤྲུལ་སྐུ་ལམ་ལུགས་འདི་ད་ལྟའི་ཆ་ལ་མེད་སོང་པ་ཡིན་ན། ཁ་འཐོར་དགུ་འཐོར་ལ་གནས་པའི་བོད་པ་ཚོའི་བསམ་བློ་གཅིག་བསྡུ་ཅི་ལྟར་བྱེད།
འོན་གྱང་སྤྲུལ་སྐུའི་ལམ་ལུགས་འདི་ལ་སྐྱོན་རྩ་ནས་མེད་པ་མིན། ༡༽ སྤྲུལ་རྫུན་རིགས། ང་བླ་མའི་རིགས། དེ་བཞིན་དུ་དཔལ་འབྱོར་ཁོ་ནའི་ཆེད་དུ་བླ་མ་ངོས་འཛིན་བྱེད་པའི་རིགས། ལྷག་པར་དུ་བླ་བྲང་གི་འགྲོ་ལུགས་བཤིག་ཟིན་པའི་སྤྲུལ་སྐུའི་རིགས། འདི་དག་ནི་ཤིན་ཏུ་ནས་གནོད་སྐྱོན་ཆེ་བར་མཐོང་། ་་་་་ཟེར།
སྤོབས་མཐའི་མཆན་་༨༤དེ་ལ་ངས་ཀྱང་རྒྱབ་སྐྱོར་ཡོད། བོད་པས་སྤྲུལ་སྐུ་སྐྱབས་རབས་དང་སྤྲུལ་སྐུས་བོད་པ་སྐྱོབས་མི་ཐུབ་ཚུལ་བཤད་པ་དེ་ལ་སྣང་བ་འགྲོ་བོ་བྱུང། མ་གཞི་ནས་སྤོབས་མཐའ་འདི་སྔར་གྱི་ཆོས་ལུགས་ཕྱོགས་འཛིན་གྱི་ལྟ་བ་དེ་ཅུང་ཆུང་དུ་ཕྱིན་པ་འདྲ། ཉེ་ཆར་བྲིས་པའི་ཁྱེད་ཀྱི་རྩོམ་གྱི་བརྗོད་བྱ་རྣམས་ནི་གནད་དོན་གལ་ཆེ་བ
མང་པོ་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང། ཁྱེད་ལ་བླ་མ་གཅིག་ལ་ཡང་སྲིད་གཉིས་རེ་བྱོན་པ་མང་པོ་གསུང་རྒྱུ་ཡོད་་པ་འདྲ་དེ་ལྟར་ཡོད་ན་གཅིག་གསུང་གནང་རོགས། མང་པོ་ཞིག་གིས་མཁྱེན་གྱི་མེད། དེ་ཡང་མཁྱེན་དགོས་པ་གལ་ཆེན་པོ་རེད།
དཔེར་ན་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཀྱི་ཁེ་ཕན་དེ་དག་ལུགས་པའི་ཕྱོགས་ལ་ཡག་ཤོས་རེད། མི་སུ་ཞིག་མི་ལོ་མང་པོར་དཀའ་སྤྱད་ཀྱིས་གོ་གནས་དེ་ཐོབ་པ་རེད། ས་སྐྱ་ལ་ནི་ཕ་ཤུལ་བུ་འཛིན་རེད། རྙིང་མ་ལ་སྤྲུག་གོག་གི་མིང་མེད་ན་རེ་བ་མེད། དཀའ་བརྒྱུད་པ་ཡང་དེ་བཞིན་ནོ།། ད་ལྟོས་དང་། རིགས་མི་གཙོ་དང་རུས་མི་གཙོ་བ་རེད་འདུག་གམ། བསྟན་པའི་བདག་པོའི་གསུང་དེ་བདག་པོ་རྒྱག་གི་འདུག་གམ།
སྤོབས་པ་མཐའ་ཡས་ཞེས་པའི་མཚན་དེའི་འོག་ནས་བྲིས་པའི་རྩོམ་ཡིག་ལ་མི་གསུམ་གྱི་རྩོམ་གཤིས་ལྡན་གི འདི་ནི་ལོ་འདི་འགའི་རིང་གི་ངའི་ཉམས་མྱོང་ཡིན། སྨྱུག་མིང་འདིའི་འོག་ན་མི་གསུམ་ཡོད་པའི་ཚོར་སྣང་ཞིག་སྟེར་གི དཔེར་ན་ནོར་གླིང་ན་གཅིག རྡ་ས་ན་གཅིག ས་ར་ན་གཅིག་ཡོད་ཆོག་པ་ཞིག་རེད། སྨྱུག་མིང་གཅིག་མི་གཉིས་གསུམ་གྱིས་བེད་སྤྱོད་གཏོང་སྟངས་ཤིག་ཀྱང་དེང་སང་དར་ཁྱབ་ཆེ་རུ་འགྲོ་གིན་འདུག
་་་་་ སྨྱུག་མིང་གཅིག་མི་གཉིས་གསུམ་གྱིས་བེད་སྤྱོད་གཏོང་སྟངས་ཤིག་ཀྱང་དེང་སང་དར་ཁྱབ་ཆེ་རུ་འགྲོ་གིན་འདུག ་་་་་ཟེར།
མེ་ཏོག་གི་བསམ་འཆར་ལའང་རྒྱབ་སྐྱོར་ཡོད། བོན་པོ་དང་ཇོ་ནང་གཉིས་ལའང་དགོངས་ཚུལ་ཡོད་དམ། གསུང་ནའང་འགྲིག་གི་རེད་སྙམས།
ཀླུ་སྨྱོན་གྱིས་སྤོབས་མཐའི་སྨྱུག་མིང་ལ་དཔྱད་པ་བྱས་པ་དེ་ལའང་བསམ་བློ་གཏོང་གཞི་ཞིག་འདུག གསུམ་ཡོད་པའི་དབང་དུ་བཏང་ན་གཅིག་ནི་བོན་པོ་ལ་ཤིན་ཏུ་སྡང་ཤིང་ཨོ་ཉིའི་བོན་ལ་ལྟ་ཚུལ་དང་མཉམ་འགྲོགས་རེད། གཅིག་ཅུང་གུ་ཡང་ཙམ་འདུག གཅིག་དེ་ཆོས་རྒྱུད་གང་ཡིན་གསལ་ཁ་རང་མེད།
ཨོ་ཉིས་ནམ་མཁའ་ཀློག་པ་དང་ཀླུ་སྨྱོན་གྱིས་སྤོབས་པ་ཀློག་པ་འདི་སྤྲུག་གོག་གི་རང་རྟགས་བསྟན་ཏོ་སྙམ།
དགོན་པ་ཆེན་པའི་རིགས་ཀྱི་དགོན་བདག་ལྟ་བུའི་སྤྲུལ་སྐུ་ལས་འོག་གི་སྤྲུལ་སྐུ་ཆུང་བ་རིགས་ངོས་འཛིན་གནང་མི་དགོས་པ་བྱས་ན་ལེགས་སྙམ། བཤད་པ་ལ་ང་རང་སྒེར་ངོས་ནས་མོས་མཐུན་དང་རྒྱབ་སྐྱོར་ཡོད། ཆོས་ལུགས་ནི་འཛམ་གླིང་འགྲོ་བ་སྤྱི་ལ་ཕན་གནོད་གང་ཞིག་ལ་བརྟེན་ནས་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ནང་ནས་རྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་གྱིས་ཆོས་ལ་དད་མོས་བྱེད་བཞིན་ཡོད། དེ་དག་རྒྱུ་མེད་རྐྱེན་མེད་ལྟ་བུ་ཁེ་མེད་ཀྱི་ཚོར་བ་མེད་པ་མིན། ང་ཚོ་གོ་ལ་ཟླུམ་པོ་འདིར་བཟང་ངན་ཕན་གནོད་ལྕི་ཡང་མང་བ་ལ་བལྟ་དགོས། མི་རེ་ཟུང་གིས་བྱ་སྤྱོད་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་གཏོར་བཤིག་གཏོང་བར་འབད་པ་བྱས་པ་ནི་ཁོ་རང་ཚོ་སྒེར་དང་འབྲེལ་བ་ལས་འཛམ་གླིང་སྤྱི་དང་ལྷག་པར་བོད་མི་རིགས་ལ་ཕན་པའི་བྱ་སྤྱོད་ཕྱི་ནང་གང་དུའང་སྟོན་རྒྱུ་མེད། སེམས་ལ་དྲན་ཚད་ཡི་གེར་བཀོད་ན་བཤད་རྒྱུ་དོན་དག་འགྲིབ་པ་ལ་གནོད་པ་འབྱུང་དོགས་ཀྱིས་མཚམས་སྦྱོར་བྱས་ཏེ་སྙིང་པོ་བཤད་འདོད་པ་ནི་བྱ་ལས་བཟང་ངན་མང་བའི་རྗེས་སུ་འགྲོ་རྒྱུ་ལས་གཞན་ཟེར་ཅལ་འདྲོགས་ལྟ་བུ་རྒྱུགས་བསྡད་ན་ང་རང་ཚོ་ལ་ཕུགས་ཀྱི་བདེ་བ་ཕར་ཞོག་འཕྲལ་གྱི་བདེ་བ་ཙམ་ལ་ཡང་རིང་དུ་འབྲལ་རྒྱུ་ཡིན་པ་སྨ྄ོས་མ་དགོས་པ་རེད། གཅིག་གཅིག་གཉིས་གཉིས་བྱས་ནས་མུ་མཐུད་བཤད་བསྡད་ན་ཐ་མ་ཅི་ཡང་ལྷག་རྒྱུ་མེད། མིག་རྒྱང་རིང་པོས་དཔྱད་པ་ཟབ་ནན་གྱིས་སྨྲ་དགོས་པ་འདོད་དོ།
བོད་མི་ཚོས་རྒྱལ་པཎ་རྣམ་གཉིས་ཀྱི་སྐུ་ཤ་ལ་སེམས་འཚབ་དང་སྲུང་སྐྱོང་བྱེད་པ་དེ་ནི་སྤྲུལ་སྐུ་སྐྱོབ་པ་རེད་ཟེར་ན་སྐད་ཆ་དེ་འདྲ་ཤོད་པ་དྲང་པོ་ཞིག་མ་རེད་འདོད། ང་ཚོ་ཙམ་མ་ཟད། སྔོན་ཆད་ནས་དེང་སང་བར་དུ་ཕྱིའི་ལུང་པ་གང་འདྲ་ཞིག་ཡིན་ཀྱང་རང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་མཐོ་གྲས་རིམ་པ་རྣམས་ས་དེའི་མང་ཚོགས་ཀྱིས་འབད་པ་གང་ཡོད་སྒོས་སྲུང་སྐྱོབ་ཧུར་ཐག་བྱེད་དགོས་པ་དེ་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་ཤིག་ཡིན་པ་དེ་མཁྱེན་པ་གནང་དགོས་གི་རེད།
རྒྱལ་ཁབ་གང་ཞིག་གི་རྒྱལ་པོ་འམ་སྲིད་འཛིན། སྲིད་བློན། ཐ་ན་མངའ་སྡེ་བློན་ཆེན་ཞིག་ཡིན་རུང་གར་འགྲོ་གར་བཞུགས་སུ་སྐུ་སྲུང་དམག་གི་མཐའ་སྐོར་ནས་ཡོད་པ་ང་ཚོས་མཐོང་གསལ་ཡིན། ཤོད་དགོས་ས་དེ་ཤོད་དགོས་ན་ཡང་། ཤོད་མི་དགོས་ས་དེར་ཀྱོག་ཀྱོག་བཟོ་བ་ནི་བདེན་པའི་གནས་ལུགས་ཤིག་མ་རེད།
རྣམ་པ་ཚོས་གོ་རྒྱུ་ཅན་མང་པོ་གསུངས་འདུག །འོན་ཀྱང་སྟོན་པ་མཆོག་གི་སྤྲུལ་སྐུའི་མཛད་པ་དང་བོད་མིའི་སྲོལ་རྒྱུན་གྱི་སྤྲུལ་སྐུ་གཉིས་རྣམ་པ་ཐམས་ཅད་དུ་བསྲེ་མི་རུང་། གོང་ས་མཆོག་གི་སྐུ་ཕྱ་དང་འབྲེལ་བའི་གནད་དོན་ནི་འཛམ་གླིང་སྤྱི་དང་བོད་ཀྱི་བདེ་སྡུག་དང་ཕན་གནོད་ཀྱི་འབྲེལ་བ་ཞིག་ཆགས་ཡོད་པ་རེད། སྤྲུལ་སྐུའི་ལམ་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་མ་རེད། ཆབ་སྲིད་ཀྱི་དཀའ་རྙོག་དང་འབྲེལ་བ་ཆགས་ཡོད་པ་རེད།
ཐུ་བས་བཤད་པ་བཞིན་༧གོང་ས་མཆོག་ལ་སྲུང་བ་དེ་སྤྲུལ་སྐུ་སྐྱོབ་པ་མིན་པ་ཟེར་བ་ལྟར་༧གོང་ས་མཆོག་ལ་དད་གུས་ཀྱང་སྤྲུལ་སྐུའི་མཚན་འཆང་བའི་རྒྱུ་མཚན་གྱིས་མིན་ནོ།།
འཛམ་གླིང་མི་དམངས་ཀྱི་མདུན་དུ་སྤོབས་པ་ཆེན་པོས་བོད་ཀྱི་བདེ་སྡུག་གསུང་ཐུབ་མཁན་ནི་སུ་རེད། བོད་ཀྱི་སྤྲུལ་སྐུ་རེད། མི་ཁྲི་སྟོང་མང་པོའི་སེམས་ལ་བྱམས་བརྩེ་དང་ཞི་བདེའི་བསླབ་བྱ་གནང་མཁན་སུ་རེད། བོད་ཀྱི་སྤྲུལ་སྐུ་རེད།
བསླུ་བྲིད་དང་ཐོབ་གོ་སར་ཞེན་པ་སྤངས་ནས་བདེན་པ་སྐྱོང་མཁན་ནི་སུ་རེད། བོད་ཀྱི་སྤྲུལ་སྐུ་རེད། ཆབ་སྲིད་ཀྱི་གཡོ་ཇུས་ལ་མགོ་མི་སྒུར་བའི་དཔའ་པོ་ནི་སུ་རེད། བོད་ཀྱི་སྤྲུལ་སྐུ་རེད། དེ་འདྲའི་སྤྲུལ་སྐུ་ལ་སྲུང་སྐྱོབ་བྱེད་པ་ནི་དམ་པའི་ལུགས་དང་མཐུན་པ་མ་ཡིན་ནམ།
སྤྲུལ་སྐུ་ལམ་ལུགས་འགོ་བཙུགས་མཁན་གྱི་བསྡུ་དགོས་པ་ཁྱབ་པ་མེད། སྤྲུལ་སྐུའི་བྲོ་བ་ཚང་མས་མྱངས་འགན་མི་གཅིག་ལ་གཡུགས་པ་དེ་བཟང་པོ་ཀུན་སྤྱོད་དང་ཡོངས་སུ་འགལ་བ་རེད། སྐྱིད་མཉམ་སྡུག་མཉམ་བྱེད་དགོས་པ་ལས་སྡུག་དུས་འགན་ལེན་ལས་བཤོལ་བ་དེ་དེང་དུས་ཁྲིམས་དང་མཐའ་གཅིག་ཏུ་ནོར་བ་ཡིན། འཛམ་གླིང་ཁྲིམས་སུ་རྗེས་འབྲངས་པ་ཚང་མ་ལ་ཕོག་པ་ལས་འགོ་བཙུགས་མཁན་གྱི་གང་ཟག་གཅིག་པུ་ཉེས་ཁྲིམས་ཡོང་རྒྱུ་གཏན་ནས་མེད། སྐད་ཆ་ཤོད་པའི་སྐབས་རང་ཉིད་ཐར་བ་ཙམ་འབད་པ་བྱས་ན་ཀློག་པ་པོ་དྲ་གྲོགས་ཀུན་འབྱུང་ངེས་རེད། མ་ཟད་དྲ་གྲོགས་ཚང་མ་ཅི་ཡང་མི་ཤེས་པ་གླེན་པ་མ་རེད། དགོས་རྒྱུ་རྡོག་རྩ་གཅིག་འདྲིལ་མེད་པར་གཡོ་སྒྱུས་གཏོར་བཤིག་བཏང་པ་དེ་ནི་ཤིན་ཏུ་ནས་ཀྱང་དེ་ལས་ཐབས་སྐྱོ་བ་མེད།
དྲ་གྲོགས་ཀུན་ཡི་ག་འབྱུང་ངེས་རེད། ལ་༼བཅོས་རོགས་༽
སྤྲུལ་སྐུ་ལ་མང་ཚོགས་ནས་དད་པ་ཡོད་མེད་དེ་གནད་འགག་ཅང་མ་རེད། རྫུ་འཕྲུལ་སྟོན་ཐུབ་མིན་དེ་ཡང་གནད་འགག་ཅང་མ་རེད། མཁས་བཙུན་བཟང་གསུམ་གྱིས་ཚད་གཞལ་ན་ཡག་ཤོས་རེད། རྫུ་འཕྲུལ་ཡ་མ་ཟུང་སྟོན་ཤེས་པ་ཙམ་ལས་སུམ་ཅུ་བ་དང་རྟགས་འཇུག་ལྟ་བུར་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ་ན་དེ་ནི་ཁས་ལེན་པ་ཡིན།
བོད་ཀྱི་ནང་ཆོས་ཕྱིར་རྒྱལ་གྱི་ཡུལ་དུ་དར་སྤེལ་མཛད་མཁན་ནི་བོད་ཀྱི་སྤྲུལ་སྐུ་མ་རེད། དཔེར་ན། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་ཆོས་ཐོག་མར་སྤེལ་མཁན་སོག་པོ་དགེ་གཤེས་སོགས་བོད་པའི་དགེ་གཤེས་དང་ཆོས་དཔོན་རྣམ་པས་རེད། སྔོན་བསྟན་པ་ཡར་ཐོགགི་སྐབས་སུ་བླ་དཔོན་དང་ཆོས་དཔོན་ཚོར་མི་གཞན་གྱིས་སྲུང་སྐྱོབ་མིདགོས་པར་རང་སྲུངས་ཐུབ་ཀྱི་ཡོད། དེང་སྐབས་བླ་ཆེན་ཚོས་རང་སྲུང་མི་ཐུབ་ལ་ལྷ་སྲུང་གིས་ཀྱང་སྲུང་ཐུབ་ཀྱིས་མེད།
འཛམ་གླིང་མི་དམངས་ཀྱི་མདུན་དུ་སྤོབས་པ་ཆེན་པོས་བོད་ཀྱི་བདེ་སྡུག་གསུང་ཐུབ་མཁན་ནི་སུ་རེད། ༧གོང་ས་མཆོག་རེད། མི་ཁྲི་སྟོང་མང་པོའི་སེམས་ལ་བྱམས་བརྩེ་དང་ཞི་བདེའི་བསླབ་བྱ་གནང་མཁན་སུ་རེད། ༧གོང་ས་མཆོག་རེད།
བསླུ་བྲིད་དང་ཐོབ་གོ་སར་ཞེན་པ་སྤངས་ནས་བདེན་པ་སྐྱོང་མཁན་ནི་སུ་རེད། ༧གོང་ས་མཆོག་རེད། ཆབ་སྲིད་ཀྱི་གཡོ་ཇུས་ལ་མགོ་མི་སྒུར་བའི་དཔའ་པོ་ནི་སུ་རེད། ༧གོང་ས་མཆོག་རེད། ཁོང་གིས་དེ་ལྟར་གནང་དགོས་ཏེ་བོད་མི་ས་ཡ་དྲུག་གི་ཁྲི་མཐོ་ཤོས་དེ་བདག་པོ་རྒྱབ་པའི་ཕྱིར། དེ་འདྲའི་སྤྲུལ་སྐུ་ལ་སྲུང་སྐྱོབ་བྱེད་པ་ནི་དམ་པའི་ལུགས་དང་མཐུན་ཡིན།
འཆད་མ་ཤེས་མཁན་སུ་རེད། སྤྲུལ་གོག་རེད།
རྩོད་མ་ཤེས་མཁན་སུ་རེད། སྤྲུལ་གོག་རེད།
རྩོམ་མ་ཤེས་མཁན་སུ་རེད། སྤྲུལ་གོག་རེད།
ཟ་དུས་ཨང་ཀི་དང་པོ་སུ་རེད། སྤྲུལ་གོག་རེད།
རང་དོན་ཨང་ཀི་དང་པོ་སུ་རེད། སྤྲུལ་གོག་རེད།
ལས་དུས་རྗེས་ལུས་སུ་རེད། སྤྲུལ་གོག་རེད།
ཡིག་རྒྱུགས་མ་འཕྲོད་མཁན་སུ་རེད། སྤྲུལ་གོག་རེད།
བསྟན་པ་མི་ཤེས་མཁན་སུ་རེད། སྤྲུལ་གོག་རེད།
མི་རིགས་ལ་རྒྱ་མེད་མཁན་སུ་རེད། སྤྲུལ་གོག་རེད།
རྒྱོ་པ་ཨང་ཀི་དང་པོ་སུ་རེད། སྤྲུལ་གོག་རེད།
དུག་རྫས་ཟ་མཁན་སུ་རེད། སྤྲུལ་གོག་རེད།
རྫུན་ཤོད་མཁན་སུ་རེད། སྤྲུལ་གོག་རེད། ་་་་ད་གཡུག་ཞོག་་་་་
རྣམ་དཔྱོད་རབ་ཏུ་ཡངས་བའི་དྲ་གྲོགས་རྣམས་ཀྱིས་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཞོར་དུ་ཞུ་འདོད་པ་ཞིག་ནི། སྤྲུལ་སྐུའམ་ཡང་སྲིད་ཅེས་བ་ལ།
འདིའི་གོ་དོན་གཙོ་བོ། གང་ཟག་ཁྱད་པར་དུ་འཕགས་པ་རྣམས་འགྲོ་བའི་དོན་གྱི་ཕྱིར་སྙིང་རྗེའི་དབང་གིས་ཡང་བསྐྱར་སྲིད་པའི་འཁོར་བ་ལ་སྐྱེ་བ་ལེན་པ་དང་།ཡང་ན་སྐུ་གོང་མའི་བག་ཆགས་སད་སྟོབས་ཀྱིས་ལུང་རྟོགས་ཀྱི་ཡོན་ཏན་རྣམས་ཕྱིར་མངོན་ཏེ། རྒྱལ་སྲས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དག་བདག་གིར་མཛད་ཅིང་། བསྟན་པ་དང་སེམས་ཅན་ལ་དངོས་སུ་ཕན་པའི་མཛད་པ་སྣ་ཚོགས་བསྟན་པ་ལ་གོ་དགོས་བར་སྙམ།
གང་ལྟར་ཁྱེད་ཅག་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
འགྲོ་བའི་བློ་སྣ་གྱེན་ལ་འདྲེན་ཐུབ་མཁན་ཞིག་དགོས། དེ་མིན་ཁོའི་མིང་ཙམ་གྱིས་ཀྱང་ཁོང་ཁྲོ་སོགས་ཉོན་མོངས་བསླང་པ། སྡེ་དང་སྡེ་བྱས་ཏེ་འཁྲུག་པ་བསླང་མཁན་གྱི་ལྟེ་པོ་དག་ལ་ནི་ཁྲི་མཐོན་པོར་འགྱིང་རུང་། སྡེ་པ་སྟོང་གི་དཔོན་དུ་གྱུར་རུང་ངའི་སྐྱག་པའི་མཐོང་ལ་བཞག་གི་མིན།
སྤྱིར་སེམས་ཅན་རྣམས་སྐྱེ་བ་ལེན་ཚུལ་ལ་གཉིས་སུ་ཡོད། དག་པའི་རྟེན་འབྲེལ་གྱིས་ལེན་པ་དང། མ་དག་པའི་རྟེན་འབྲེལ་གྱིས་ལེ་་པ་གཉིས་སུ་ཡོད།
མ་དག་པའི་རྟེན་འབྲེལ་གྱིས་ལེན་པ་ནི་མ་རིག་བདག་འཛིན་མ་སྤང་པའི་གང་ཟག་ཐམས་ཅད་ཡིན་ཏེ། འཇིག་རྟེན་སོ་སོ་སྐྱེ་བོ་རྣམས་དང། ཉན་རང་གི་སློབ་པ་འཕགས་པ་རྣམས་ཡིན། དེ་དག་ནི་ལས་དང་ཉོན་མོངས་ཀྱི་དབང་གིས་རིགས་དྲུག་གི་གནས་སུ་སྐྱེ་བ་བླངས་པ་ཡིན།
དག་པའི་་རྟེན་འབྲེལ་གྱིས་ལེན་པ་ནི། མ་དག་རྟེན་འབྲེལ་དང་ཆ་མཚུངས་ཙམ་དུ་ཐེག་དམན་གྱི་དགྲ་བཅོམ་པའོ།
བྱང་སེམས་འཕགས་པ་འཁོར་བར་སྐྱེ་བ་བཞེས་པ་ནི། མ་རིག་བག་ཆགས་ཀྱི་རྐྱེན་དང། ཟག་མེད་ལས་ཀྱིས་རྒྱུ་བྱས་པ་ལས། ཡིད་ཀྱི་རང་བཞིན་གྱི་ལུས་བླང་བའི་རྟེན་འབྲེལ་ཡིན། གཞན་ཡང་བྱང་འཕགས་རྣམས་ནི་འཁོར་བར་སྐྱེ་བ་བཞེས་པ་དེ་བསམ་བཞིན་དུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་བཞེས་པ་དང། སེམས་ཅན་གཞན་རྣམས་ནི་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་བ་རེད།
སེམས་ཅན་རྣམས་སྐྱེ་བ་ལེན་ཚུལ་ནི་་་དྭངས་ཤིང་གཙང་བའི་རང་བཞིན་འབྱུང་བའི་ཁམས་ནས་སྐྱེ་བ་བླངས་བ་ཞིག་རེད། འདི་ལ་ཆོས་ལུགས་ཀྱི་ཉོག་བཞད་མང་པོ་བྱས་ནས་དབང་བསྒྱུར་བྱེད་མི་ཉན། གདོད་མའི་རང་འབྱུང་ཁམས་ནི་ཡེ་གདོད་མ་ནས་ཆགས་པ་དང་གནས་པ་ཞིག་ཡིན་པས་དེ་ལ་དུས་ཕྱིས་ཆོས་ལུགས་ཀྱི་ཁ་བདེ་མགོ་བདེ་ཚོས་བཅོས་བསྒྱུར་གཏོང་ཐུབ་ཀྱ་ིམ་རེད། རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་ནང་བཅུད་ཀྱི་སེམས་ཅན་རྣམས་རང་བཞིན་བྱུང་བའི་ཁམས་ནས་བྱུང་བ་ཞིག་ཡིན་པས་འདི་ལ་རང་འབྱུང་ཁམས་གཙོ་བོར་བཟུང་ནས་འགྲེལ་བཤད་རྒྱག་དགོས་པ་ལས་་་་ཁ་ཡོད་ལག་ཡོད་དྲང་བདེན་རང་འབྱུང་སེམས་ཁམས་ཀྱི་གསང་སྒོ་འགོག་བྱེད་ཆོས་ལུགས་གཙོ་བཟུང་བྱས་ནས་་ཉོག་བཤད་མང་པོས་བོད་རིགས་དད་ལྡན་རྣམས་ལྐུགས་པ་བཟོ་མི་ཉན་ནོ། །
སྔོན་མ་ནས་བསམ་བཞིན་བཤད་མ་ཕོད་པ་ཞིག་བྲིས་འདུག་པས་ནམ་མཁའ་ལ་བཀའ་དྲིན་ཆེ། ལམ་ལུགས་འདི་ལ་བསྒྱུར་བཅོས་གཏོང་བ་ཕྱིས་མེད་ན་སྔ་དྲག་མི་འདུག ཁོས་བཤད་པ་བཞིན་ངོ་མ་སྒྱོགས་ཆེན་ཞིག་འཕངས་འདིས་ཁ་ཤས་ལ་ཕོག་ཡོད་ས་རེད། ཕོག་ན་ཕན་པའི་རེ་བ་ཡོད།
ལེགས་བཤད་ལགས་ནས་ཡག་པོ་གསུངས་འདུག
སྤོབས་པ་མཐའ་ཡས་ཟེར་མཁན་འདིས་ག་དུས་ཡིན་ན་དམིགས་ཡུལ་གཅིག་བཟུང་སྟེ་འབྲི་བཞིན་པའི་ཚོར་བ་བྱུང་།
སྙིང་རྗེ་ཁོང་ལ་ན་ཚ་ཞིག་ཡོད་པ་འདྲ།
http://blog.amdotibet.cn/ogyenling/archives/57923.aspx
སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ཉུང་དུ་ཐོངས།
2012-6-3 12:13:44
སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ཉུང་དུ་ཐོངས།
དེ་རིང་དམིགས་བསལ་གྱི་བསམ་བློ་ཞིག་འཁོར་སོང་། དགོན་པ་དང་། སྤྲུལ་སྐུའི་སྐོར་རེད། སྔོན་གྱི་དུས་སུ་སྤྲུལ་སྐུས་བོད་ལ་བྱས་རྗེས་བཞག་ཡོད་པ་དང་། ད་ལྟ་ཡང་སྐུ་བསྒྲེས་རྣམ་པས་འཇོག་བཞིན་པ་རེད། དེ་ཕྱིར་ཁོང་རྣམ་པའི་དྲིན་ལན་ནི་ང་ཚོས་དུས་ནམ་ཡང་གཞལ་མི་ཐུབ་པར་འདོད། ཡིན་ན་ཡང་ད་ནི་སྤྲུལ་སྐུ་ཞེས་པ་མང་དྲགས་པ་ཡིན་ནམ། ཡང་ན་ངོས་འཛིན་བྱེད་སྟངས་ནོར་སོང་བ་ཡིན། འདི་ཡིན་འདི་མིན་ཐག་ཆོད་ཅིག་དཀའ་མོད། ཡག་ཤོས་དེ་ངོས་འཛིན་བྱ་རྒྱུ་ཉུང་དུ་གཏོང་ན་ལེགས་པར་སེམས། གང་ཡིན་ཞེ་ན་སྤྲུལ་སྐུ་ཞེས་པ་དེ་ལ་ཁྱད་ཆོས་དམིགས་བསལ་ཞིག་ཡོད་དགོས་རྒྱུ་ལ། དེང་སང་ཁྱད་ཆོས་ཡོད་པ་ཕར་ཞོགས། བསྟན་པ་རྨང་ནས་བཤིགས་མཁན་གྱི་གཙོ་བོ་དེ་སྤྲུལ་སྐུ་དེ་ཚོ་རེད་འདུག དགོན་ཁྲིམས། ཆོས་ཁྲིམས་བཤིགས་པར་མ་ཟད། གོང་གི་བླ་མ་ལ་ནི་དད་པ་མེད། འོག་གི་སེམས་ཅན་ལ་ནི་སྙིང་རྗེ་མེད། ད་དུང་སྤྱོད་ངན་ཡོད་ཚད་སྤྲུལ་སྐུས་བྱེད་ཀྱིན་པར་མ་ཟད། སྤྲུལ་སྐུ་ལ་རིན་ཐང་མེད་པར་ཆགས་བཞིན་པ་རེད། དེ་ཕྱིར་དགོན་པ་དང་། གདན་ས་གང་ཡིན་ཡང་དམིགས་བསལ་མེད་ན་ཐབས་ཆགས་པ། བསྟན་པ་དང་། མི་རིགས་ལ་བྱས་རྗེས་ཆེ་བ་འགའ་ཞིག་ལས། བླ་རྒན་ཞིག་གྲོངས་འགྲོ་དུས་ནས་དེའི་ཡང་སྲིད་འཚོལ་བའི་ལུགས་སྲོལ་དེ་མཚམས་ བཞག་ན་མ་གཏོགས། རང་གཞན་གཉིས་ཀར་ཕན་ཐོགས་མེད་པར་མ་ཟད། ད་དུང་རེ་བ་ཡོད་ཚད་ཕྲུ་གུ་ཞིག་ལ་བཅོལ་ནས་མཐར་གང་ཡང་མེད་པ་ཞིག་ཏུ་འགྱུར་ བཞིན་པ་རེད། དེ་བས་འདུལ་ཁྲིམས་དང་། སྔགས་ཀྱི་དམ་ཚིག་ལྡན་ཞིང་། ཐོས་པ་སློབ་གཉེར་གྱིས་རྒྱུུད་ཕྱུག་ཅིང་། གོང་གི་བླ་མ་ལ་བཀུར་ཤེས་པ་དང་། འོག་གི་སྡེ་བ་མི་སེར་ལ་བྱམས་ཤེས་པའི་དགེ་བཤེས་གཉེན་དག་དགོན་པའི་བདག་པོ་ཉིད་ དུ་དབང་བསྐུར་ཞིང་། ཡོད་ཚད་ཀྱིས་རེ་བ་དེ་ཉིད་ཁོང་རྣ
མ་པར་བཅོལ་ན་ལེགས་པར་སེམས།
ངས་ ཕྱིའི་རྒྱལ་ཁབ་དང་། ནང་གི་དགོན་སྡེ་སོགས་སུ་ཡོད་པའི་སྤྲུལ་སྐུའི་མིང་འཛིན་པའི་ལོ་གཞོན་རྣམས་པར་ ཞིབ་འཇུག་ཐེངས་མང་བྱས་པ་ཡིན་ཏེ། བསྟན་པ་ལ་ཕོན་ཐོགས་པ་ཕར་ཞོགས། ཕལ་ཆེ་བ་ནི་འཇིག་རྟེན་མི་ཆོས་ཀྱི་ཡོན་ཏན་ཡ་རབ་སྤྱོད་བཟང་ཙམ་ཡང་མེད་པ་ཤ་སྟག་ རེད། དེ་ཕྱིར་ངོས་འཛིན་བྱ་རྒྱུ་དེ་ཉུང་དུ་གཏོང་ན། རྣམ་པ་ཚོས་རེ་བ་སྟོང་ཟད་དུ་མི་འགྲོ་བ་དང་། བསྟན་པ་ཡུན་དུ་གནས་པ། བསྟན་དོན་རྒྱུད་ལ་འབྱོར་བ་སོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པར་མཐོང་། དཔེར་ན་གསེར་རྟ་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཞལ་གསུང་ལྟར་ན། ཁོང་གིས་སྐུ་ཚེ་ལ་སྤྲུལ་སྐུ་ངོས་འཛིན་མི་བྱེད་པ་དེ་དམ་བཅའ་ཡིན་གསུངས་པར་མ་ ཟད། ཁོང་གི་ཡང་སྲིད་ཡིན་ཟེར་མཁན་ཞེས་བསླེབ་སོང་ན་དེ་ནི་བདུད་ཀྱིས་སྤྲུལ་བ་ཡིན་ ཞེས་གསུངས་པ་རེད། དེ་ཙམ་དུ་མ་ཟད་སྤྲུལ་སྐུ་རེད་ཟེར་དུས་འདི་ཚོས་ཡག་པོ་བྱེད་གི་མ་རེད་ཅེས། ག་དུས་ཡིན་ན་ཡང་སྤྲུལ་སྐུ་ཚོར་བཀའ་བཀྱོན་གནང་བ་དང་། སྤྲུལ་སྐུའི་མ་འཇོན་པ་རྐྱང་རྐྱང་གསུང་འདུག་པ་ཁོ་བོས་དངོས་སུ་ཐོས་མྱོང་། དེ་དུས་དམིགས་བསལ་གྱི་དོ་སྣང་ཆེན་པོ་ཞིག་མ་བྱུང་རུང་། ད་ལྟ་ཕྱིར་བལྟས་བྱེད་དུས་ངོ་མ་སངས་རྒྱས་ཀྱི་གསུང་རང་རེད། སྐུ་ཚེ་སྨད་ལ་ཁོང་གིས་གསུང་དོན་ངས་སྤྲུལ་སྐུ་ཚོ་ལ་ཅུང་ཟད་ཕན་ཐོགས་པར་རེ་ནས་ བཀའ་བཀྱོན་རྐྱང་རྐྱང་ལས་བྱས་མེད་ཀྱང་། ཕན་ཐོགས་ཤིག་མི་འདུག གྲུབ་དབང་པདྨ་ནོར་བུས་སྤྲུལ་སྐུ་ལ་རྩ་བ་ཆེན་པོ་གནང་བ་བཞིན། ངས་ཀྱང་དེ་རིང་ནས་བཀའ་བཀྱོན་བཏང་གི་མིན། ཁྱོད་ཚོ་ལ་བསྟོད་པ་ཞིག་རྒྱག་ནས་ཕན་ཐོགས་ཡོད་མེད་ལྟ་རྒྱུ་ཡིན་ཞེས་ཀྱང་གསུངས་ སོང་།
མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་ཞེས་པ་དེ་ངོས་འཛིན་ཡོད་མེད་ད་ང་། ཁྲི་འདོན་བྱེད་མིན་ལ་མ་ལྟོས་པར་དང་པོ་ནས་སྡོམ་དང་། དམ་ཚིག་ལ་སྐྱོན་མེད་པ་ཞིག་དང་། སླད་ནས་ཕུལ་བྱུང་གི་སློབ་གཉེར་ལ་བརྟེན་ནས་བསྟན་པར་སྨན་པའི་བྱ་བ་རླབས་ཆེན་ སུས་བྱས་པ་ཡིན་ན། དེ་ལ་མཁན་པོ་དང་། དགེ་བཤེས། སྤྲུལ་སྐུ་ཞེས་འབོད་ན་འགྲིགས་པར་སེམས། དེ་མིན་ཕྲུ་གུ་དམར་འབྱར་ཞིག་ལ་སྐྱབས་སུ་བཟུང་འདུག་ན། ལམ་འགྲོ་བྱུང་ན་དེང་སང་ང་ཚོའི་སྐྱབས་མགོན་དང་། སྐྱབས་རྗེ་སྐུ་བསྒྲེས་རྣམ་པ་རྣམས་ནང་བཞིན་རེད། ལམ་འགྲོ་མ་རྒྱུགས་ན། རྒྱ་བོད་ཧོར་གསུམ། འཛམ་གླིང་ཤར་ནུབ་ཀུན་ནས་བཟའ་ཚང་གི་བར་དུ་འཛུལ། བཟའ་དཀྲུག་ཕུད། གཞང་ཁང་དང་། ཆང་ཁང་། རྒྱན་ཁང་སོགས་གང་ངན་གང་རྡུགས་སར་རྒྱུགས་སྡོད་མཁན་འདི་དག་ནང་བཞིན་རེད། ཐེ་ཝན་དང་། སིང་གཱ་པུར། ཧོང་ཀོང་། ད་དུང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཉིན་གུང་ཆོས་གོས་སེར་ཐ་རེ་གོན་བཞིན་དགེ་ སློང་ཤ་རིའི་བུ་འདྲ་པོ་ཚོ། དགོང་མོ་ས་རུབ་པ་དང་། སྨད་འཚོང་མའི་ཁང་པར་རྒྱུགས་བསྡད་པའི་གནས་ཚུལ་རྒྱ་བོད་དབྱིན་གསུམ་གྱི་ངག་ནས་ གོ་ཐོས་བྱུང་བས། ཚང་མས་གཟབ་གཟབ་གནང་དགོས་པར་སེམས། གལ་སྲིད་ཁྱེད་ཅག་རབ་བྱུང་གི་གྲལ་དུ་འདུག་འདོད་མེད་ན། རྟེན་བརྗེས་ཏེ། སྐྱ་སར་བབ་ཤོག་དང་། བསྟན་པ་ལ་རྨ་མི་འབྱིན་པར་མ་ཟད། མི་རིགས་དང་། ཆོས་ལུགས་ལ་ཡང་ཕན་ཐོགས་ཤིག་ཡོད་པར་སེམས་སོ། །
ཨྱོན་ཉི་མ་ལགས།ཁམས་བཟང་། ངས་སྐུ་ཉིད་ཀྱི་རྩོམ་ཡིག་ཁ་ཤས་བཀླགས་མྱོང་ཡོད། ཡིན་ཡང་སྐུ་ཉིད་སྤྲུལ་སྐུ་ཞིག་ཡིན་པ་ད་ཐེངས་མ་གཏོགས་མི་ཤེས། གང་ལྟར་ད་ཐེངས་སྐུ་ཉིད་ཀྱིས་ཕྲན་གྱི་བསམ་ཚུལ་ཕྲན་བུ་དེ་ལ་རྒྱབ་སྐྱོར་དང་ཡང་ན་སྐུ་ཉིད་ཀྱིས་ཐུགས་བསམ་ཆེ་བཞེས་ཀྱིས་འདིར་ཚིག་འགའ་གསུངས་པ་གནད་ལ་འཁེལ་བ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལགས་སོ། ཕེབས་པ་ལེགས། ཁྱེད་རང་སིཝིས་ལན་ཌི་ལ་ཡོད་པའི་རིག་འཛིན་ནམ་མཁའ་རྒྱལ་མཚན་ཡིན་པས། ངས་སྤྲུལ་སྐུའི་སྐོར་ལ་མང་པོ་བྲིས་ཡོད། འདིའི་སྐོར་ངའི་ཆོག་ཤེས་ཀྱི་དེབ་ནང་དུའང་ཡོད་ས་ཡོད། སྔོན་གྱི་སྤྲུལ་སྐུ་ཕལ་ཆེ་བས་བོད་ལ་བྱས་རྗེས་བཞག་ཡོད་ཀྱང་། དེང་སང་སྤྲུལ་སྐུ་ཕལ་ཆེ་བས་བོད་ཀྱི་སྲོག་རྩ་གཅོད་བཞིན་འདུག དེ་ཕྱིར་སྤྲུལ་སྐུ་ངོས་འཛིན་བྱ་རྒྱུ་ཉུང་དུ་གཏོང་དགོས་པར་སེམས།
ཨོ་ཉིས་བཤད་དུས་བྱང་སེམས་རྒྱུད་ལ་སྐྱེས་པའི་བཟོ་འདྲ་བོ། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་བཟོ་འདྲ་བོ་འདུག་སྟེ། སངས་རྒྱས་ཀྱི་བསྟན་པའི་སྙིང་དོན་རང་རྒྱུད་ལ་འབྱར་མ་འབྱར་ནི། འགྲོ་བ་གཞན་ལ་ཕན་མ་བཏགས་ཀྱང་འཚེ་བ་མི་བྱེད་པ་ཞིག་གཏན་གཏན་དགོས་ཀྱི་རེད། འཚེ་བ་ཞེས་པ་ནི། སྒོ་གསུམ་གྱི་འཚེ་བ་ལ་ཟེར། ལུས་ཀྱིས་འཚེ་བ་ནི་ལུས་ཀྱིས་དངོས་སུ་འགྲོ་བ་གཞན་གྱི་སྲོག་འཕྲོག་པ་དང་བརྡུང་བ་དང་བརྡེག་པ་སོགས་རེད། ངག་གི་འཚེ་བ་ཞེས་པ་ནི། འགྲོ་བ་གཞན་ལ་ངག་གིས་ཚིག་རྩུབ་ལས་སོགས་བརྗོད་པ་རེད། ཡིད་ཀྱི་འཚེ་བ་ནི་ལུས་དང་ངག་གིས་འཚེ་བ་དེ་དག་ཡིད་ཀྱིས་གདུག་སེམས་དང་མངན་སེམས་ལས་སོགས་ཀུན་ནས་སླང་བ་ལ་བརྟེན་ནས་བྱུང་བ་རེད། དེ་ཡིན་དུས་ངག་གིས་བསྐུར་འདེབས་བྱེད་པ་སོགས་ནི་་་་་མི་སེམས་གསོད་པའི་སྟ་རེ་ལས་ངན་པ་ཞིག་ཡི་་པར་ལོས་མཁྱེན་་་་དེ་ཚོ་དྲན་པར་བྱས་ཏེ་ཤོད་རོགས།
ཨྱོན་ཉི་ལགས་ནས་་་བདེན་བདེན་འདྲ་ཞིག་གླེང་འདུག བྱུང་ན་དང་བོར་རང་ཉིད་ནས་མགོ་བྱས་ཏེ་སྤྲུལ་སྐུའི་མིང་རྫུན་དེ་གཡུག་དགོས་པ་རེད། མིང་དང་་དཔར་འབྱོར་གྱི་ཆེད་དུ་ཡིན་ན་ནི་སྤྲུལ་སྐུའི་མིང་མི་དགོས་པར་ལམ་ཁ་གཞན་མང་བོ་ཡོད་པ་རེད། དེ་མིན་ཁ་བཤད་དོན་ལ་མེད་མཁན་ཞིག་གིས་ཚིག་བརྒྱ་བཤད་ཀྱང་ཉན་འཇོག་གནང་མཁན་མེད་པར་དསལ་གསལ་ཐང་ཐང་རེད་ལ།
༄། །སྤྲུལ་སྐུ་ཡིན་ན་སངས་རྒྱས་ཡིན་མི་དགོས་པ་མདོ་རྒྱུད་ཀྱི་ལུང་གིས་གྲུབ། བོད་ཀྱི་སྤྲུལ་སྐུ་༣༤༠༠ཙམ་གྱི་ནང་ན་ཞབས་འདྲེན་ཞུ་མཁན་༢༠༠ཨེ་ཡོད་མི་ཤེས། རྟེན་གསུམ་བཞེངས་རྒྱུ། ཚེ་ཐར་སྲོག་བླུ། སློབ་གྲྭ་འཛུག་མཁན། བཤད་གྲྭ་སྐྱོང་མཁན། དབང་ལུང་གནང་མཁན། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབས་མཁན་ཕལ་ཆེར་སྤྲུལ་སྐུ་རེད། བོད་ལ་སྤྲུལ་སྐུ་དགོས་མི་དགོས་དགོན་པ་དང་གྲྭ་བ། ཡུལ་སྡེའི་ཆོས་དད་མང་ཚོགས་ཀྱིས་ཐག་གཅོད་པ་ལས་དད་པ་མེད་མཁན་ཚོར་ཐག་གཅོད་པའི་དབང་མེད། དེས་ན་སྤྲུལ་སྐུ་ལ་མི་དགའ་མཁན་ཚོས་ཐོག་མར་རང་གི་དགོན་པའི་སྤྲུལ་སྐུ་དེ་ནས་བཟུང་དགག་པ་བྱེད་ན་རང་དབང་ལས། གཞན་གྱི་སྤྲུལ་སྐུ་ལ་ཐེ་གཏོགས་མེད་སྙམ༎ བོད་ལ་བཤད་དགོས་པ་དང་ཞིབ་འཇུག་བྱེད་ཡུལ་ཤིན་ཏུ་མང་པོ་ལྷག་ཡོད་པ་རང་སར་བཞག དོན་མེད་ནང་འཁྲུགས་སློང་པའི་གཏམ་འཆལ་ལ་སྙིང་པོར་འཛིན་པ་ནི་ལྷག་བསམ་དང་ཤེས་ཡོན་གཉིས་ཀ་མེད་པའི་རྟགས་ཁོ་ནར་ངེས། རང་ཉིད་ཀྱིས་མི་འདོད་པ་གཞན་ལ་མི་ཆོག་པའི་བཀའ་ལུང་ཤེས་ལྡན་སུ་ཞིག་གིས་བཀུར། བོད་ཀྱི་དགོན་ལ་རེ་ལ་མ་མཐའ་ཡང་སྤྲུལ་སྐུ་རེ་ཡོད། དེ་ཚོར་ཡིད་ཆེས། མཁོ་ནས་བཙལ་བ་ལས་དོན་མེད་ལ་དཀའ་ལས་སུས་བྱེད། རྒྱུ་འབྲས་ལྐོག་གྱུར་མཁྱེན་མཁན་ཞིག་དགག་པ་བྱེད་མཁན་ཚོར་ཨེ་ཡོད། རང་ཉིད་མངོན་ཤེས་མེད་མཁན་དུ་ཁས་ལེན་བཞིན་སྤྲུལ་སྐུ་ཚོའི་རྣམ་ཤེས་ཐག་ཅི་ལྟར་གཅོད། །རྒྱ་འགྱུར་མྱང་འདས་ལས། སྙིགས་མའི་དུས་སུ་བཅུ་ཕྲག་ཙམ། །ཐར་བའི་ལམ་དུ་སྦྱོར་བ་ནི། །འཕགས་པ་ང་ཡི་སྤྲུལ་བ་སྟེ། །རྩོད་པའི་དུས་སུ་དེ་ལྟར་འབྱུང་། ཞེས་དང་། བླ་མ་དགོངས་འདུས་ལས། བཅུ་ཕྲག་ཡན་ཆད་ཁ་ལོ་བསྒྱུར་ནུས་པ། །འཕགས་པའི་སྤྲུལ་བ་ཡིན་པར་གདོན་མི་ཟ། །ཞེས་སོགས་ལུང་མང་ཡང་དད་པ་མེད་པར་མཁོ་མི་ཆེ་བས་རང་སར་འཇོག །ང་རང་ཉིད་སྤྲུལ་སྐུ་ལ་དགའ། རང་དགོན་ལ་གྲྭ་ལྔ་བརྒྱ་ཙམ་ཡོད། སྤྲུལ་སྐུ་བཞི་ཙམ་ཡོད། ཤེས་རབ་དང་མངོན་ཤེས་ལྐོག་རྱུར་རེད། གྲྭ་ཚང་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་། ཆོས་གྲའི་འཆད་ཉན། དབང་ལུང་མན་ངག རྟེན་གསུམ་བཞེངས་བ། ས་གནས་ཀྱི་སློབ་གསོ། ཡ་རབས་སྤྱོད་བཟང་སློབ་པ་ལ་སངས་རྒྱས་བྱས་ཀྱང་དེ་ཙམ་ལས་ཡོང་རྒྱུ་མེད། དེ་ཕྱིར་ང་ནི་ཁོང་ཚོ་ལ་དགའ། དད། འདུན་པ་ཡོད། རྒྱབ་སྐྱོར་ཡང་བྱེད་ངེས། གཞན་གྱི་སྤྲུལ་སྐུ་ཚོར་ཁ་མི་གཏོང་། སྨོད་པ་བྱེད་པའི་ཐོབ་ཐང་མེད། ཕན་གནོད་གང་ཆེ་དངོས་སུ་ཞིབ་འཇུག་བྱེད་མ་མྱོང་། རང་དགོན་གྱི་སྤྲུལ་སྐུ་ཚོར་ས་གནས་དེའི་མི་མང་ཡོངས་རྫོགས་ཡིད་ཆེས་བྱེད། ངེད་ཅག་གི་དད་མོས་ལ་ཁྱོད་ཚོར་དགག་པ་བྱེད་པའི་ཐོབ་ཐང་མེད་ལ་ཉན་ཡང་མི་སྲིད། དེ་བཞིན་འདོད་པ་གཏན་ནས་མི་འདྲ་བའི་རིགས་གཉིས་ཀྱིས་གྲོས་མོལ་བྱས་པར་གྲུབ་འབྲས་དང་། རྩོད་པ་བྱས་ན་ཕན་པ་མི་འབྱུང་བས་ངག་འཆལ་གྱི་གཏེར་སྒོ་ཕྱེ་འདོད་མེད། གོ་བ་ཅན་ལ་ཚིག་གཅིག་ཡིན། མ་གོ་གཏམ་ལ་འགྲེལ་བ་མེད། །བོད་རེ་བ་ཅན་ཚོ་བདེ་མོ་ཀྱིས།
སྤྲུལ་སྐུ་སྤྲུལ་སྐུ་ཟེར་བའི་ཡང་སྲིད་ཤིག
བོད་མི་དབང་སྒྱུར་བྱེད་པའི་སྒྱུ་རྩལ་ཞིག
སྒྱུ་རྩལ་འདི་ཡིས་སླུ་ཁྲིད་བྱས་བྱས་ཀྱིས།
བཙན་པོའི་རྒྱལ་ཁབ་ལོ་རྒྱུས་འཁྱགས་ལ་འབྱར།
དབང་སྒྱུར་སྒྱུ་རྩལ་ལྷ་ནས་ཕེབས་པ་དང་།
ལྷ་དད་མི་རིགས་ཕུང་ལ་སྦྱར་བ་གཉིས།
དམྱལ་བ་ཚ་དམྱལ་བོད་ཡུལ་བསླེབས་པ་གསུམ།
བོད་ནག་བོད་མིའི་སྡུག་གི་ཁུར་པོ་རེད།
བདག་ལ་བློ་ཐག་ཉེ་བའི་སྤྲུལ་གྲོགས་ཚོ།
ཚེ་སྔོན་ལས་ཀྱིས་འདྲེས་པའི་སྤྲུལ་སྐུ་ཚོ།
ཐུགས་རྒྱ་མ་ལང་དམངས་ཀྱི་དོན་དུ་སོམས།
དམངས་གཙོའི་རང་དབང་དད་ལྡན་དམངས་ལ་སྤྲོད།།
སྔོན་མ་༡༩༨༨ལོར་ཝ་ར་ན་སིར། བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་བསྐོངས། སྐབས་དེ་དུས། ཉིན་གཅིག་གོང་ས་མཆོག་གིས་བླ་སྤུལ་ཚང་མ་འཛོམས་སར། གསར་འགོད་པ་ཚོ་མར་ཕུད། སྒྲ་འཇུག་འཕྲུལ་འཁོར་དང་པར་ཆས་སྒོ་བརྒྱབ། བླ་སྤྲུལ་གྲངས་བརྒྱ་ལྷག་ཙམ་འདུས་པའི་དབུས་སུ་བཀའ་ཞིག་བསྩལ་འདུག ཚིག་ཇི་བཞིན་མི་དྲན་རུང་ནང་དོན་འདི་རེད།
ད་རིང་འདིར་ཆོས་རྒྱུད་ཚང་མའི་སྐུ་ཚབ་རྣམས་ཕེབས་ནས་བསྟན་པའི་འཁུར་ཆེན་པོ་ཞིག་བསྣམས་ནས་ཚང་མས་སེམས་ཤུགས་མ་ཆགས་པའི་ཐོག་ནས་སྟོན་པ་བཀའ་དྲིན་ཅན་གྱི་བསྟན་པ་འདི་ལ་ཞབས་འདེགས་སྒྲུབ་བཞིན་པ་དེར་ཤིན་དུ་ལེགས། ལྷག་པར་དུ་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ་འདིས་ཆོས་འཁོར་སྐོར་སའི་གནས་རྩ་ཆེན་འདི་འདྲ་ཞིག་ལ་ང་ཚོ་འཛོམས་ནས་ཆོས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་འདི་ཤིན་དུ་ལེགས་པོ་རེད།
དི་རིང་ཞུ་འདོད་པ་གཙོ་བོ་འདི། ཉེ་ཆར་ཕྱི་རྒྱལ་གྱི་ནང་ཆོས་སློབ་མ་འགའ་ཤས་ཐུག་བྱུང་། ཁོང་ཚོས་བཤད་རྒྱུར། ནུབ་ཕྱོགས་ཁུལ་ལ་བོད་པའི་བླ་མ་འགའ་ཤས་ཀྱིས་གསང་སྔགས་ཀྱི་དབང་ལུང་བསྐུར། དམ་ཚིགས་སྐྱོང་དགོས་ཟེར་ནས་བུད་མེད་སློབ་མ་རྣམས་ལ་བླ་མ་དང་ཆགས་པ་སྤྱོད་དགོས་པའི་བཀའ་གཏོང་གི་ཡོད་ཚོད། འདིར་བླ་མ་འདི་ཚོ་སུ་ཡིན་མིན་ཤེས་མཁན་ཡོད་པས།
ངས་བཤད་རྒྱུར། བླ་མ་གསང་སྔགས་ཀྱི་རྟོགས་པ་མཐོན་པོར་ཕེབས་པ། རྟགས་གསལ་པོ་སྟོན་ཐུབ་མཁན་ཞིག་ཡིན་ན་གནས་ཚུལ་ཁག་ཁག་རེད། དཔེར་ན། ཡར་ཆང་བཏུང་ནས་མར་གཅིན་པའི་ནང་ལ་ཆང་གཏོང་ཐུབ་མཁན་ཞིག་ཡིན་ན། རྟགས་གསལ་པོ་རེད། དེ་མིན་བརྟག་དཔྱད་བྱ་ཡུལ་རེད་ཅེས་བཤད་ཀྱི་ཡོན།
ཁྱེད་ཚོ་འདིར་བླ་སྤྲུལ་རྣམས་ཀྱི་ནང་ལ་རྫུ་འཕྲུལ་དང་མངོན་ཤེས་བསྟན་ཐུབ་མཁན་ག་ཚོད་ཡོད། ལག་པ་རྐྱོངས་གསུངས། སྐབས་འདིར་རྫུ་འཕྲུལ་དང་མངོན་ཤེས་སྟོན་ཐུབ་མཁན་གྱི་ལག་པ་རྐྱོངས་མཁན་བླ་མ་གཅིག་ཀྱང་བྱུང་མིན་འདུག ངོ་མ་རྩ་རླུང་ཐིག་ལེའི་རྩལ་འདོན་ཐུབ་མཁན་ཡོད་པས། ལག་པ་རྐྱོངས་གསུངས། བླ་མ་གཅིག་ཀྱང་མདུན་ལ་ཐོན་མེད་སྐད།
འོ། ད་ང་ཚོ་ཚང་མ་གཅིག་པ་རེད་བཞག རྟོགས་པ་དང་རྫུ་འཕྲུལ་མེད་མཁན་ཤ་སྟག་རེད། འདི་འདྲ་ཡིན་ན། སླད་ང་ཚོས་བློ་ཁོག་ཆེན་པོས་ང་ཚོར་རྟོགས་པ་དང་རྫུ་འཕྲུལ་སྟོན་རྒྱུ་མེད། ཡིན་ནའང་སངས་རྒྱས་ཀྱི་གསུང་ལ་ཐོས་བསམ་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་གསུང་འདི་རེད་ཅེས་ཐེག་པ་རིམ་པ་བཞིན་བསྟན་ཐུབ་ན་འདི་ཡག་པོ་རེད། རྫུ་འཕྲུལ་དང་རྟོགས་པ་ངོམས་མཁན་འདི་ཚོར་ང་ཡང་དྭོགས་པ་ཡོད། འགག་དྭོགས་ས་ཞིག་ལ་བསླེབས་དུས་འདི་ཚོས་ཆུ་གློད་མི་ཡོང་ངམ་བསམ་གྱི་ཡོད། སངས་རྒྱས་ཀྱི་གསུང་གཙོ་བོ་བདེན་པ་བཞིས་གཙོས་རྟེན་འབྱུང་གི་ལྟ་བ་དང་བྱམས་སྙིང་རྗེ་ལ་སོགས་པའི་ཐབས་ཀྱི་ཕྱོགས་འདི་ཚོས་ཆུ་གློད་ཀྱི་མ་རེད། ཚེ་ཕྱི་མར་འདི་ཚོས་ཕན་གྱི་རེད། རྫུ་འཕྲུལ་གྱིས་ཚེ་ཕྱི་མར་ལས་རྒྱུ་འབྲས་ནུས་མེད་གཏོང་ཐུབ་ཀྱི་མ་རེད། ལྟ་བུ་གསུངས་པ་དྲན།
ཡང་སྙིང་ཨོ་ཉི་འདི་ཆུང་དུས་ནས་སྤྲུལ་སྐུ་ངོས་འཛིན་གནང་བ་ཞིག་ཡིན་ནམ། ནམ་མཁས་བཤད་པ་ལྟར། རང་ཉིད་ཀྱིས་རང་ཉིད་སྤྲུལ་སྐུའི་མིང་བཏགས་པ་ཞིག་རེད། གང་ལྟར་ཆུང་དུས་ནས་མིང་བཏགས་ཚེ་ཁོ་རང་ལ་ཐབས་ཤེས་མེད་པར་མིང་ཞིག་ཐོག་པ་རེད། དེ་ལྟར་ཡིན་ན་སོ་སོའི་སེམས་ཀྱི་སྐད་ཆ་དྲང་མོ་བཤད་དེ་སྤྲུལ་སྐུའི་ནུས་པ་ཞིག་ཡོད་མེད་གསལ་བོར་གསུངས་ན་ཚང་མ་ཕན་ཐོག་ཡོང་གི་རེད།གོང་ཁོས་བྲིས་པ་དེ་སེམས་གཏིང་གི་སྐད་ཆ་ཡིན་ན་ཡག་པོ་འདུག་སྙམ། གཙོ་བོ་དེ་ང་ཚོའི་བོད་མི་རིགས་ཀྱི་མིག་དཔེ་བལྟ་ས་འདྲ་བོ་སྤྱིར་སྤྲུལ་སྐུ་ཚོ་རེད།ཡིན་ཡང་དེང་སང་སྤྲུལ་སྐུ་ཚོས་རང་གི་འཕྲད་སེལ་གྱི་བདེ་བ་ཁོ་ན་མ་གཏོགས་བསམ་གྱི་མི་འདུག་པས་བོད་མི་རྒན་གཞོན་མང་པོ་ཡིད་ཐང་ཆད་འགྲོ་བའི་རྒྱུ་རྐྱེན་འདི་རེད།དེས་སྟབས་ཀྱིས་ཁ་རྡུང་གཏོང་མཁན་མང་པོ་ཡོད་པ་རེད།
མུ་མཐུད་དུ་བགྲོད་གླེང་གནང་རོགས།
ཡག་པོ་འདུག བསམ་འཆར་ག་རེ་ཡོད་ན་གསུང་རོགས།
བསམ་འཆར་ཡག་སྡུག་ག་རེ་ཡོད་ན་གསུང་དང་ཅིག་ཅིག་ལ་ཕན་ངེས་ཡིན།
སྤྲུལ་སྐུ་ཚོས་ཀྱང་བགྲོད་གླེང་འདི་ལ་མཉམ་ཞུགས་གནང་ན་ག་འདྲ་ཡག་པོ་ཡོད་རེད།
ང་རང་ལ་ཕན་ཐོག་ཆེན་པོ་འདུག
ཐུགས་རྗེ་ཆེ
ཤེས་བརྩོན་ཐོས་པ་ཅན་གྱི་ལྷ་རམས་པའི་ཁ་གཏམ།
སྤྲུལ་སྐུ་ནོར་རྐྱལ་ཁུར་བའི་དབང་གཤེད་ཀྱིས་བཅོམ་སྟེ།
མཁྱེན་ཡོན་གཉིས་ལྡན་བཞུགས་གྲལ་མགོ་གཏིང་དུ་བསློགས་དུས།
གྲྭ་ལོག་ལྟ་ལོག་ཁ་ནས་གནད་ལུགས་རེ་ཤོར་སོང་།
ལྟ་སྒོམ་སྤྱོད་གསུམ་ཅན་གྱི་སློབ་དཔོན་གྱི་ལས་དབང་།
སྤྲུལ་སྐུ་རྒྱོབ་དགའ་ཅན་གྱིས་སྒྱུ་རྩལ་གྱིས་བཅོམ་སྟེ།
གསང་སྔགས་རྟོགས་པའི་བཞུགས་གྲལ་མགོ་གཏིང་དུ་བསློགས་དུས།
གྲྭ་ལོག་ལྟ་ལོག་ཁ་ནས་གནད་ལུགས་རེ་ཤོར་སོང་།
དཔལ་འབྱོར་འདུ་འགོད་ཅན་གྱི་ཕྱག་མཛོད་ཀྱི་དངུལ་ཁུག
སྤྲུལ་སྐུའི་གསང་ཡུམ་བཙན་མོས་ཁྲིམས་ཐོག་ནས་འཕྲོག་ཏེ།
གྲྭ་དམངས་བྲན་གཡོག་ཆགས་པའི་ལོ་རྒྱུས་འདིར་མཐོང་དུས།
གྲྭ་ལོག་ལྟ་ལོག་ཁ་ནས་གནད་ལུགས་རེ་ཤོར་སོང་།།
སྤྲུལ་སྐུའི་ལམ་ལུགས་འདི་ལ་དེ་སྔ་ནས། །
དགག་པ་རབ་དང་རིམ་པ་བྱུང་མོད་ཀྱང་།།
གངས་ཅན་བོད་ཀྱི་མི་རིགས་མ་ཉམས་པར།།
དེ་སྲིད་སྤྲུལ་སྐུའི་ལམ་ལུགས་ཉམས་མིན་འགྱུར།།
ཆབ་སྲིད་པ་དང་ཕྱུག་པོ་ཚོའི་ནང་ཁུལ་ལ་གྲལ་རིམ་མངོན་གསལ་དོད་པོ་ཡོད་པ་བཞིན་དུ། སྤྲུལ སྐུའི་ནང་ཁུལ་ལ་མཐོ་དམན་གྱི་དབྱེ་བ་མང་བོ འདུག །ཁ་ཤས་ལ་སྐུ་འཕྲེང་མང་བོ་དང་ཁ་ཤས་ལ་གཅིག་གཉིས་ལས་བརྩི་རྒྱུ་མེད་པ་དང་། ཁ་ཤས་ལ་བླ་མ་ཆེན་པོ་དང་ཁ་ཤས་ལ་ཆུང་ཆུང་གི་གོ་ས་ཡོད་ཅིང་། བླ་ཆེན་གྱི་སྤྲུལ་སྐུ་དེ་ཚོར་གཞན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ཐོབ་ཐང་དང་། འབུལ་བ་རྒྱ་ཆེན་པོ་རག་པ། དད་ལྡན་མང་ཚོགས་ལ་བཀའ་བཙན་པོ་གཏོང་བའི་དབང་ཆ་སོགས་ཁེ་ཕན་ལྷག་པོ་མི་ཉུང་བ་ཡོད། བླ་མ་ཆུང་ཆུང་གི་སྤྲུལ་སྐུ་དེ་ཚོའང་གྲྭ་པ་དཀྱུས་མ་ཞིག་ལ་བསྡུར་ན་ཁེ་ཕན་མང་བོ་ཡོད་པ་མ་ཟད། ཁོང་ཚོ་ཁ་ཤས་རླུང་རྟ་རྒྱུགས་ནས་མཚན་སྙན་གྲགས་ཆེ་བའང་འོང་གི་ཡོད།
གྲྭ་བ་དང་སྤྲུལ་སྐུའི་ཁྱད་པར་ཆེ་ཤོས་ནི། གྲྭ་བ་ཞིག་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་རུང་ཕྱིར་མཐོང་རྒྱུ་མེད་ཚེ་མང་ཚོགས་ཀྱིས་བརྩི་བཀུར་ཆེན་པོ་མི་བྱེད་ཅིང་། དེ་ལས་ལྡོག་སྟེ། བླ་ཆེན་ཚོའི་སྤྲུལ་སྐུ་ཚོར་ཕྱི་ལོགས་སུ་ཡོན་ཏན་གང་ཡང་མཐོང་རྒྱུ་མེད་ཀྱང་། མང་ཚོགས་ཀྱིས་སྙིང་ཐག་པ་ནས་དད་པ་འཆང་གི་ཡོད་ལ། སྤྲུལ་སྐུའི་ཚོགས་ཐུགས་དང་འགལ་ན་ཚེ་འདིར་ལྷའི་བཀའ་ཆད་ཕོག་པ་དང་ཕྱི་མར་དམྱལ་བར་ལྷུང་འོང་སྙམ་ནས་འཇིགས་སྐྲག་སྐྱེ་བཞིན་ཡོད།
སྤྲུལ་སྐུ་ལུགས་སྲོལ་ནི་རང་ངོས་ནས་དཔལ་འབྱོར་དང་སྟོབས་མངའ་ཐང་དང་འབྲེལ་བ་མཁྲེགས་པོ་ཡོད་སྟབས། མི་མང་བོ་ཞིག་གིས་རང་དང་རང་ཉིད་ཀྱི་བུ་དང་ཚ་བོར་སྤྲུལ་སྐུའི་མཚན་དེ་ཨེ་རག་སྙམ་ནས་རེ་བ་བརྒྱབ་ཀྱི་ཡོད། རགས་ཙམ་དཔྱད་ན། ༡༩༨༠ ནས་༢༠༠༠ བར་དུ་བོད་དང་ཕྱིའི་ཡུལ་གྲུ་ཁག་ཏུ་ཕྱུག་པོ་དང་ཕྱུག་པོའི་བུ་ཕྲུག་མང་བོ་སྤྲུལ་སྐུའི་མཚན་གསོལ་བྱུང་ཡོད་མོད། དེང་སང་བོད་ཀྱི་བླ་ཆེན་ཚོ་ལ་མི་རིགས་གཞན་གྱི་སྦྱིན་བདག་མང་བོ་བྱུང་བས། རང་ཉིད་དམ་བླ་ཆེན་གཞན་གྱི་སྲས་དང་ཚ་བོ་ཁོ་ན་སྤྲུལ་སྐུར་ངོས་འཛིན་མཛད་བཞིན་འདུག །ཡིད་སྐྱོ་བ་ལ། གཡོ་སྒྱུ་དང་གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ལག་འཁྱེར་ཞིག་གསར་བཟོ་བྱས་ནས། ཆོས་ལུགས་བེད་སྤྱོད་བྱས་ཏེ་བོད་མང་ཚོགས་ཀྱི་བསམ་བློ་དབང་བསྒྱུར་བྱེད་པའི་རེ་སྟོང་བཟུང་ཡོད།
སྤྲུལ་སྐུའི་དབང་ཐང་དམངས་ཀྱིས་སྤྲད་པ་ཡིན། །དགེ་བཤེས་ཐོབ་ཀྱང་གྲྭ་ཚང་སོ་སོས་གནང་། །མཁན་པོའི་ཆེད་ལས་དེའང་དམངས་ཀྱིས་སྤྲད། །དགེ་ཚུལ་དགེ་སློང་གོ་ས་སྟོན་པས་སྦྱིན། །མདོར་ན་ཚོགས་པའི་ཁྲིམས་ཞིག་ཡོད་ནས་བཟུང་། །གོ་སའི་ཁྱད་པར་ཤུགས་ཀྱིས་འབྱུང་བའི་ཚུལ། །སྲིད་པ་རྒན་པོའི་བཞག་པའི་སྲོལ་ཞིག་སྟེ། །ལས་འབྲས་བསམ་མི་ཁྱབ་པར་སྙིང་ནས་གུས། །མཐོ་རིམ་དབང་འཛིན་མགོ་རྟིང་བསློགས་པའི་རྗེས། །སྐུ་དྲག་གསར་བ་དེ་ལས་གདུགས་རྩིབས་ཆེ། །ལོ་ཤས་འགོར་དུས་ཁྱིམ་བརྒྱུད་དབང་འཛིན་གྱུར། །གསར་བ་རྙིང་པར་གྱུར་བའི་སྲོལ་ངན་མང་། །མི་ཡིས་བཅོས་པའི་བྱ་བ་གང་ལའང་། །སྐྱོན་དང་ཡོན་ཏན་གཉིས་རེ་རེ་མཉམ་དུ་འགྲོ། །ལེགས་པ་གང་ཞིག་དམངས་ཀྱིས་འདོད་ནའང་། །སྐབས་རེར་འདོད་པ་རྨོངས་པའི་མཐར་ཐུག་ཡིན། ལས་འབྲས་རྨོད་པའི་དགེ་བཤེས་དེངས་དུས་མང་། །རྒན་མོ་ཁྲིད་པའི་ལྷ་རམས་པའང་ཡོད། །བྱིས་པ་གཉོར་བའི་མཁན་པོ་དེ་ལས་མང། །བསྡུར་གྲངས་བྱས་ན་སྤྲུལ་སྐུ་གྲངས་ཉུང་ཡིན། །སྤྱོད་ངན་བྱེད་པའི་སྤྲུལ་སྐུ་བརྒྱ་ཆའི་གཉིས། །རྒན་མོ་ཁྲིད་པའི་མཁན་པོ་བརྒྱ་ཆའི་གསུམ། །དངུལ་གྱིས་ཉོས་པའི་དགེ་བཤེས་སུམ་ཆ་གཅིག །གྲངས་དང་བསྡུར་ན་སྤྲུལ་སྐུ་ཉུང་བ་ཡིན། །སྤྲུལ་སྐུ་ཆེན་པོ་འགའ་རེར་རྩོད་པ་ཡོད། །ཕྱུག་པོར་འཁྲུངས་བའི་སྤྲུལ་སྐུ་རྒོད་པོ་ཡོད། །ཉམ་ཆུང་སྤྲང་བོའི་བང་གི་སྤྲུལ་སྐུ་་དེ། །གོང་ས་བཞིན་དུ་ཉམས་ཆུང་སྤྲུལ་སྐུ་ཡིན། །སྤྲུལ་སྐུ་བརྩད་ན་དགོན་སྡེ་འཐོར་ཉེན་ཉེན་ཆེ། །སྤྲུལ་སྐུ་བརྩད་ན་རྒན་གཞོན་འཐབ་ཉེན་ཆེ། །སྤྲུལ་སྐུ་བརྩད་ན་སྐྱ་སེར་འགལ་ཉེན་ཆེ། །དོན་མེད་དཀྲུགས་ཤིང་མ་བྱེད་སྒང་བ་བོད། །
སྤྲུལ་སྐུ་ཡིན་ན་མཆོག་གི་སྤྲུལ་སྐུ་ཡིན་དགོས་ཟེར། མཆོག་གི་སྤྲུལ་སྐུ་ཡིན་ན་གཞན་སེམས་ཤེས་པ་དང་རྫུ་འཕྲུལ་སྟོན་ནུས་པ་སོགས་དགོས་ཟེར། དེ་མིན་སྤྲུལ་སྐུའི་མིང་དེ་དོར་དགོས་ཟེར། དེ་ཚོ་བསམ་བློ་བཏང་ནས་བཤད་པའི་སྐད་ཆ་ཞིག་ཡིན་རྒྱུ་མ་རེད་དྲན་གྱི་འདུག། ལར་སྤྲུལ་སྐུ་ཟེར་རྒྱུ་དེ་མི་མང་གིས་གུས་བཏུད་ཀྱིས་ཞུས་པའི་ཐ་སྙད་ཅིག་རེད་བསམ། ཞེ་ས་མ་བྱས་པར་ཕལ་སྐད་དུ་བརྗོད་ན་ཡང་སྲིད་ཟེར་གྱི་ཡོད་རེད། དཔེར་ན་རྒྱལ་བ་ཡིད་བཞིན་ནོར་བུ་ལ་ཡང་མི་མང་གིས་ཐམས་ཅད་མཁྱེན་པ་ཟེར་ཞུ་གི་ཡོད་རེད། དེ་བཞིན་རྒྱལ་དབང་འབྲུག་པ་ལ་འབྲུག་པ་ཐམས་ཅད་མཁྱེན་པ་ཟེར་ཞུ་གི་ཡོད་རེད། གོང་ས་ཡིད་བཞིན་ནོར་བུ་དང་རྒྱལ་དབང་འབྲུག་པ་རྣམ་གཉིས་ཐམས་ཅད་མཁྱེན་པ་ཨ་ཡིན་ཟེར་ན་ལན་ག་རེ་ཡོད། ཐམས་ཅད་མཁྱེན་པ་ཡིན་ལབ་ན་སྤྲུལ་སྐུ་ལ་དགག་པ་རྒྱག་མཁན་ཁྱེད་རང་ཚོས་བཤད་པ་ལྟར་ཐམས་ཅད་མཁྱེན་པ་ཡིན་པའི་དཔང་རྟགས་ཤིག་ཚན་རིག་གི་སྟེང་ནས་སྟོན་ཐུབ་བམ། ཐམས་ཅད་མཁྱེན་པ་མིན་ལབ་ན་ད་ནས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ནས་ཞུ་མི་ཆོག་ཟེར་གྱི་ཡིན་ནམ། དེ་ལ་བསམ་བློ་གཏོང་དགོས་པ་ཞིག་འདུག་དྲན།
རྒྱ་གར་ལ་ཡོད་མཁན་འདི་ཚོ་ལ་བལྟས་ན་བོད་འདི་རེ་བ་གང་ཡང་མེད་ཀི་།མཐུན་སྒྲིལ་ཀྱིས་བསམ་བློ་ཕར་ཞོག་། ཆོས་ལུགས་གིས་མཐེན་ཁྱེར་།ཁྱོད་ཚོ་འདྲ་བའི་མིང་རྫུན་ཅན་དྲ་འབུ་ཁ་ཤས་ཞིག་གིས་་།ཀྲུག་ཤིང་མཏོག་གང་ཡང་མི་འདུག་།ང་རྒྱལ་སང་ཕྲག་དོག་གིས་ང་ཚོ་མི་རིགས་འདི་མེད་པ་བཟོ་ཐག་ཆོད་རེད་།ད་ང་ཚོ་མི་རིགས་དེ་འདི་རང་གིས་རང་མེད་བཟོ་གི་ཡོད་གི་།
སྤྲུལ་སྐུ་ཚོ་་་་གསལ་བཤད་ཤིག་ཡོད། ད་ལྟ་ཡོད་བཞིན་པའི་སྤྲུལ་སྐུ་རྣམས་མེད་པར་གཏོང་དགོས་ཞུ་གི་མེད། ཁྱོད་རང་ཚོའི་མི་ཚེ་འདི་ལ་སྤྲུལ་སྐུ་བྱེད་ནས་བཞུགས་རོགས་བྱོས། ང་ཚོའི་བཤད་བསྡད་པར་མ་འོངས་པ་རེད། མ་འོངས་པ་སྤྲུལ་སྐུ་སྐུ་བདག་མི་བརྒྱབ་ཀྱི་འདོད་པ་ཡོད་པས་ཡིན། སྤྲུལ་སྐུ་ཁྱོད་རང་ཚོའི་སེམས་ལ་སྐྱེ་བ་རྗེས་མ་ཡང་བསྐྱར་བོད་ལ་སྐྱེས་ཀྱི་རེད་བསམས་འདུག་གམ་མི་འདུག ཁྱེད་རང་གི་སྐྱེ་བ་ཕྱི་མ་འཁྲུལ་མེད་ཤིག་ངོ་འཛིན་གྱི་ཡོད་མེད་ཤེས་ཀྱི་ཡོད་དམ་མེད།། མེད་ན་ནི་སོ་སོར་སོ་སོས་མགོ་སྐོར་གཏོང་ནས་ཅི་ཕན། ཡོད་ན་ནི་ཡོད་ལུགས་ཡོད་སྟངས་ཤིག་གསུང་རོགས་བྱོས།
སྤྲུལ་སྐུའི་མཚན་ཉིད་ཤིག་འཇོག་རོགས་བྱོས། ཤཀྱའི་རྒྱལ་པོའི་ཆོས་གཞུང་ནས་བཤད་པའི་སྤྲུལ་སྐུ་དེ་ལ་ཁུངས་གཏུགས་ཀྱི་ཡོད་ན་ནི་སྤྲུལ་སྐུ་ཡིན་ན་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཁྱབ། དེ་མིན་པའི་སྤྲུལ་སྐུ་ཞིག་བཤད་ཀྱི་ཡོད་ན་ནི་ཁྱབ་པ་སྒོ་བརྒྱད་ངེས་པའི་མཚན་ཉིད་ཤིག་འཇོག་རོགས་བྱོས་དང། དེ་ནས་བོད་པའི་སྤྲུལ་སྐུ་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཤེས་འོང་གི་རེད་འདོད།།
ཨོ་རེད་་་སྤྲུལ་སྐུའི་ཐོབ་ཐང་དམངས་ཀྱིས་སྤྲད་པ་ཡིན་ཟེར་ན་ག་རེ་ལབ་ཀྱི་ཡོད་དམ། བོད་མི་དམངས་ཀྱིས་ཇི་ལྟར་བྱས་ནས་སྤྲུལ་སྐུའི་ཐོབ་ཐང་སྤྲད་པ་རེད་དམ། ཁུངས་ལྡན་གྱི་སྐད་ཆ་ཞིག་ཅང་མཐོང་གི་མི་འདུག
སྤྲུལ་སྐུའི་ལམ་ལུགས་འདི་མེད་པར་བཟོ་བ་ལ་འདོད་པ་ཡང་མི་འདུག་ལ་ལམ་ལུགས་འདི་མེད་པར་བཟོ་ཡ་ཡང་ཁེགས་པོ་ཆགས་ཀྱི་རེད། ཡིན་ན་ཡང་མ་རྩོམ་ན་བྲིས་པ་བཞིན་བསྒྱུར་བཅོས་ཞིག་བྱེད་ཐུབ་ན་ལེགས།
དེ་ཡང་གྲུབ་མཐའ་སོ་སོའི་བླ་ཆེན་རྣམས་ཀྱིས་འགན་ཞིག་ཁུར་ཏེ་གསུངས་ན་བཟང་།
བསྒྱུར་བཅོས་བྱེད་ལུགས་དེ། དཔེར་ན་དགེ་ལུགས་པ་མཚོན་ན།དགའ་ལྡན་ཁྲི་བ་རེད། ཁྲི་བ་དེ་རྒྱུད་སྟོད་སྨད་ཀྱི་མཁན་པོ་རྣམས་ཀྱི་གོ་རིམ་ལྟར་འགྲོ་ཡོད། དགའ་ལྡན་ཁྲི་བ་གཤེགས་རྗེས་སུ་དེ་ལ་སྤྲུལ་སྐུ་བཙལ་མི་དགོས་བ་བཟོས་ན་ཅུང་ལེགས་སྙམ། དེ་བཞིན་བཀའ་རྒྱུད་པ་ལ་རྒྱལ་བ་ཀརྨ་པ་ལས་འོག་གི་སྤྲུལ་སྐུ་ཆུང་བ་རིགས་སྤྲུལ་སྐུ་བཙལ་མི་དགོས་བ་དང་། དེ་བཞིན་མ་རྩོམ་རུ་ཡང་བསྐྱར་གདན་ས་ཁག་གི་མཁན་པོ་ཚོའི་སྤྲུལ་སྐུ་བཙལ་མི་དགོས་བ། བོད་ཆོལ་གསུམ་གྱི་དགོན་ཆེན་རིགས་ཀྱི་དགོན་བདག་ལས་འོག་གི་སྤྲུལ་སྐུ་ཆུང་བ་རིགས་ཡང་སྲིད་བཙལ་མི་དགོས་བ་བྱས་ན་འོས་ཤིང་འཚམས་པར་འདུག་སྙམ།འདི་ནི་ང་རང་གིས་གོང་གི་མ་རྩོམ་ལ་ལྟས་ནས་བསམ་ཚུལ་བཤད་པ་ཁོ་ན་ཡིན།ཐུགས་རྗེ་ཆེ་ཞུ།
སྤྱིར་སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བཅོས་དགོས་པ་ང་ཡང་འདོད། གོང་དུ་བོད་ཀྱིས་སྤྲུལ་སྐུ་སྐྱོབས་པ་ལས། སྤྲུལ་སྐུས་བོད་མི་སྐྱོབ་ཚུལ་གསུངས་པ་དེ་གནད་དོན་དང་གོ་རྒྱུ་ཡོད་པའི་བཀའ་མོལ་རེད་མི་འདུག ལོ་རྒྱུས་དུམ་པོ་ཞིག་ལེན་ནས་ཚོར་བ་ངར་མོ་ཞིག་འབྱིན་འདོད་པ་རེད་འདུག ཚང མས་མཁྱེན་གསལ་ཡོད་པ་ནི། བོད་ཀྱིས་སྤྲུལ་སྐུ་བཟོས་པ་ལས་མི་རེ་གཉིས་ནས་གཡོ་འགུལ་མི་ཐུབ། བོད་ཀྱིས་སྤྲུལ་སྐུ་བོད་ལ་ཕན་ཐོག་པ་མཐོང་ནས་བསྲུང་བ་ཞིག་ལས། ཕན་མི་ཐོག་པའི་དངོས་རྫས་ཡིན་ན་ག་ལ་བསྲུང་།
ལྷག་དོན་༧གོང་ས་མཆོག་གི་གནས་དོན་ནི་གཏན་ནས་མཉམ་གསེས་མ་བྱེད་ན་བཟང་། ཡང་ན་གནས་ཚུལ་ཁ་གསལ་པོ་ཤེས་ནས་གླེང་ན་བཟང་། སྡོད་ས་སྤྲེ་བར་བསྡད་ནས་མིག་ལ་ཐལ་བ་མ་གཏོར། བོད་མིའི་སྒྲིག་འཛུགས་ནང་ལ་འཛུལ་ནས་༧གོང་ས་མཆོག་ལ་ཞིབ་འཇུག་གནང་ནས་གླེང་། སྐུ་སྒེར་ནང་འཛུལ་ནས་༧གོང་ས་མཆོག་ལ་ཞིབ་འཇུག་གནང་ནས་གླེང་། བོད་དོན་རྒྱབ་སྐྱོར་བའི་རྒྱལ་ཁབ་ཀྱི་ལས་བྱེད་དང་འགྲོགས་ནས་༧གོང་ས་མཆོག་ལ་ཞིབ་འཇུག་གནང་ནས་གླེང་། འཛམ་གླིང་ནང་བོད་ལ་དགའ་ཞེན་ཡོད་པའི་མི་དང་འགྲོགས་ནས་༧གོང་ས་མཆོག་ལ་ཞིབ་འཇུག་གནང་ནས་གླེང་ན་གཞི་ནས་ཧ་གོ་ཡོང་།
སྤྲུལ་སྐུ་ཟེར་བ་འདི་སངས་རྒྱས་འཕགས་པས་སེམས་ཅན་ཁམས་དང་མོས་པ་ལ་བརྟེན་ནས་སྤྲུལ་པའི་སྐྱེས་མཆོག་ཞིག་ཡིན་དགོས་སམ་མི་དགོས། དགོས་ན་སངས་རྒྱས་འཕགས་པའི་སྐུའི་ཆ་ཤས་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་སྤངས་མ་ཚར་བ་ཞིག་ཡོད་སྲིད་དམ། དེ་མིན་ན་ཉོན་སྒྲིབ་དང་ཤེས་སྒྲིབ་རྒྱུད་ལྡན་གྱི་གང་ཟག་ཞིག་ལ་སྤྲུལ་སྐུ་ཟེར་གྱི་ཡོད་དམ། ཡོད་ན་ནི་སོ་སོར་སྐྱེ་བོ་དང་ཁྱད་པ་སྤུ་ཙམ་མེད་པས་དགོས་མཁོ་མེད་ཐག་ཆོད་རེད།
འོ་ན་་་་བྱང་སེམས་འཕགས་པ་ཞིག་ལ་སྤྲུལ་སྐུ་ཟེར་གྱི་ཡོད་དམ། ཡོད་ན་ཐེག་ཆེན་ལམ་ཞུགས་ཀྱི་གང་ཟག་ཞིག་དགོས་ངེས་རེད། དེ་དགོས་དུས་སྤྲུལ་སྐུ་ཐེག་ཆེན་ལམ་གང་ཞུགས་པའི་གང་ཟག་ཡིན་ནམ། ཡིན་ན་་་ཚོགས་ལམ་པ་རེད་དམ་མཐོང་ལམ་པ་རེད།་་སྒོམ་ལམ་པ་རེད་དམ། གསལ་པོ་ཞིག་རོགས་བྱོས་དང་་་་སྤྲུལ་སྐུ་ཚོ། ་དོན་དག་ཡག་ཉེས་ཁྱོད་རང་ཚོས་སོ་སོར་ག་འདྲ་ཞིག་ལ་ངོ་འཛིན་བྱས་ཀྱི་ཡོད་དམ།།
དགེ་བཤེས་ལྷ་རམས་དང་སྔགས་རམས་པ་རྣམས་སློབ་སྦྱོང་མཐར་ཕྱིན་པ་བྱས་ནས་བྱུང་བའི་ཤེས་ཡོན་པའི་མིང་ཞིག་རེད། མ་གཏོགས་ཨ་མའི་ཁོག་ནས་མར་སྐྱེས་ཡོང་དུས་ནས་གྲྭ་ཚང་གིས་སྤྲད་པ་ཞིག་མ་རེད། ཤེས་ཡོན་སློབ་མཐར་ཕྱིན་པའི་མཚན་གནས་འདི་ནི་འགྲོ་བ་མིའི་རིགས་ཀྱིས་བརྩི་བཀུར་བྱེད་དགོས་སའི་མིང་ཞིག་རེད། སྤྲུལ་མིང་དང་བསྡུར་ཐབས་རྩ་བ་ནས་མེད།།
བོད་ཀྱི་བདེ་སྡུག་དང་འབྲེལ་བའི་སྐད་ཆ་དེ་བོད་པ་ཡོད་དོ་ཅོག་ལ་བཤད་རྒྱུའི་འགན་འཁྲི་ཡོད། དེ་བས་ན་ཆོས་དད་པེད་མཁན་གྱི་ཁ་ལ་སྒོ་ལྕགས་རྒྱག་དགོས་པ་དང་ཆོས་དད་པ་ཚོས་གང་དྲན་དྲན་ཤོད་ཆོག་པ་དང་བྱེད་ཆོག་ཟེར་ན་ཀུ་རེ་ཡིན་ན་ཆེ་དྲག ངོ་མ་ཡིན་ནའང་ཆེ་དྲག་པ་ཞིག་རེད། མི་ལོ་སྟོང་ཕྲག་རིང་བོད་མིའི་གཉའ་ནས་མནོན་ཏེ་ཁྲག་འཇིབ་མཁན་འདི་དག་དགག་པ་ཚ་ནན་གཏོང་དགོས།
༡༡༦ སྒོ་དམུ་རྒོད་ལའོ།།
ཡ་ཡ། ད་རེས་ཀྱི་བགྲོ་གླེང་འདི་རྣལ་མ་ཞིག་རེད། ཡག་པོ་འདུག བློ་རྒྱ་ཆེན་པོས་གླེང་མཁན་འགའ་ཤས་འདུག ཕྱོགས་གཉིས་ཀར་རྒྱུ་མཚན་འདུག ད་རིགས་པ་འགའ་སྟོན་ནས་དཔྱད་པ་བྱས་ན་ཇི་འདྲ་རས། དཔེར་ན། འདི་ལ་ལན་ཞིག་སྟེར་རོགས། ང་ལ་སྤོབས་པ་མཐའ་ཡས་དང་ལེགས་བཤད་ལགས་ཀྱི་ལན་རེ་རེ་ཉུང་མཐར་དགོས། ཁྱེད་གཉིས་ལྟ་བ་ལྡོག་ཕྱོགས་ཡིན་པ་དང་རིགས་པ་སྨྲ་མཁན་ཡིན་པའི་ཕྱིར། གནད་འགག་འདིར་རེད།
སྤྲུལ་སྐུའི་ལམ་ལུགས་ཡོད་ན་སྤྲུལ་རྫུན་ལམ་ལུགས་ཡོད་པའི་ཁྱབ་བམ།
ནམ་མཁས་བཤད་པ་ལྟར་དགོན་བདག་བླ་མ་ལས་སྤྲུལ་སྐུ་གཞན་མེད་ན་ཡག་པོ་རེད་ལ་། དགེ་རྒན་ག་གེ་མོ་དང་མཁན་པོ་ག་གེ་མོ་འདས་རྗེས་། དེ་རྣམས་པའི་སྐྱེས་བ་རྗེས་མའི་ཡང་སྤྲུལ་དངོས་འཛིན་གྱི་་མེད་ན་ཧ་ཅང་མཚམས་པོ་ཡོད་། རབ་བྱུང་ན་རིམ་པའི་རིམ་པའི་དགོན་བདག་བླ་མ་དེ་ཡང་སྤྲུལ་སྐུའི་ལམ་ལུགས་ལས་གདན་སའི་དགའ་ལྡན་ཁྲི་བ་འདེམས་པ་ནང་བཞིན་ཤེས་སྤྱོད་གང་གིས་ཕྱུག་པའི་སྐྱེ་བུ་དམ་པ་ཞིག་འདེམས་པའི་ལུགས་སུ་བསྒྱུར་ན་ནང་བའི་སྟན་པ་དང་གདུལ་བྱ་ཡངས་ལ་ཕན་པ་ཧ་ཅང་ཆེ་བར་སྙམ་།
སྤྲུལ་སྐུ་ཉུང་དུ་བཏང་སྟེ། འཁྲུལ་མེད་དང། ཤེས་འཇོན་གཉིས་ལྡན་དང་། ཕྱི་གཙང་ནང་གཙང་ཞིག་གནང་ཐུབ་ན་ལེགས་པར་མངོན། དེ་མིན་སྤྲུལ་སྐུ་རྩ་མེད་གཏོང་དགོས་ན། བསམ་བཞིན་སྲིད་པ་བཟུང་བ་གཏན་མེད་དུ་ཁས་བླང་དགོས་པ་དང་། ལམ་རྟགས་ཀྱི་ཡོན་ཏན་ཡང་ཅི་མི་བསྙམ་པར་མ་བཞག་རང་བཞག་རེད། དེ་ཕྱིར་སྐྱེ་བ་སྔ་ཕྱི་དང་། ལས་འབྲས། ལས་སྒྲིབ་སྦྱངས་ཏེ། མངོན་རྟོགས་ན་འཕར་བ་ཡང་རྟོག་བཏགས་འབའ་ཞིག་ཏུ་ཁས་བླང་རྒྱུ་ཡིན་ནམ།
ང་སྤྲུལ་སྐུ་ཡིན་ཟེར་མཁན་ཚོར་ནང་པའི་ཆོས་ཀྱི་སྙིང་པོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་སྐོར་ལ་ཡིག་ཚད་ཅིག་བཏང་ན་ག་འདྲས་འདུག
དེ་ནས་སྤྲུལ་སྐུ་ཡིན་མིན་ཐག་ཆོད་ཡོང་།
བུ་མོ་མཐོང་དུས་མིག་གིས་ཧྲིག་གེར་ལྟ་བ་དང་ཆོས་ཁྲིའི་སྒང་ནས་ཁ་མར་ལོག་དུས་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་དང་མིག་བཙུམས་ཏེ་ཅིག་ཅིག་སྒཽམ་གི་ཡོད་མདོག་མདོག་བྱེད་པ་དེ་ཚོ་གད་སྙིགས་སྤྲུལ་སྐུ་རེད།
ཡང་སྲིད་ཁྲི་འཛིན་གྱི་ལམ་ལུགས་འདི་ལ་རྒྱ་་དམར་གཞུང་གིས་གསེར་བུམ་དཀྲུག་པ་ལྟ་བུའི་སྒྲིག་ཁྲིམས་ཀྱིས་ལེགས་བཅོས་བྱེད་ན་མ་གཏོགས། ཆོས་བཞིན་འདུལ་་བཞིན་དུ་བསྒྱུར་བཅོས་བྱ་རྒྱུ་མེད་པ་བརྒྱ་ཆ་བརྒྱ་རེད། བོད་ཀྱི་སྤྲུལ་སྐུ་ཟེར་བ་འདིའི་མིང་འདོགས་མཁན་དང་། མིང་ཁུར་མཁན་ཚང་མའི་རྒྱུད་ལ་སོ་སོར་སྡོམ་པ་རྩ་བ་བཞི་མེད་པའི་དོག་པ་ཆེན་པོ་ཡོད། འདུལ་བའི་ནང་ན་མི་ཆོས་བླ་མའི་རྫུན་དངོས་སུ་མ་བཤད་ཀྱང་དགྲ་བཅོམ་པ་འདུག་སའི་གདན་ཁྲ་བོ་ཡིན་ནམ་ཅིག་གི་སྟེང་དུ་དགེ་སློང་ཕལ་པ་བསྡད་མི་རུང་ཚུལ་ཡོད་པ་ཞིག་ཀྱང་དྲན། མི་ཆོས་བླ་མའི་དངོས་གཞི་ཡིན་མིན་ཅི་རིགས་ཡིན་ཡང་དེའི་ཕྱོགས་གཏོགས་ཡིན་པ་བརྒྱ་ཆ་བརྒྱ་རེད།
ལྷག་པར་ཡང་ང་ཚོ་འཛམ་གླིང་གི་ནང་བསྟན་པ་སྤྱི་དང་ལྷག་པར་གནས་བརྟན་སྡེ་པའི་ལུགས་འཛིན་པ་ཚོ་དང་ལྷན་དུ་འགྲོ་བ་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དེ་ནི་སྤྲུལ་སྐུ་ཞེས་པའི་བྱིས་པ་གསེར་བུམ་ཐོགས་མཁན་ཚོའི་རྐང་པ་ལ་དགེ་སློང་དགྲ་བཅོམ་པ་ཞིག་ཡིན་ཡང་གྲལ་མགོར་བཞག་ནས་ཕྱག་འཚལ་དགོས་པ་འདི་རེད།
འགའ་རེས་ཡག་པོ་བཤད་འདུག འདི་དག་ནམ་མཁས་གསར་དུ་བཤད་པ་ཞིག་ཅི་མ་རེད། ཚ་སྨྱུག་དང་ཞོགས་དུང་གི་རྒྱུན་དུ་གླེང་རྒྱུ་བོ་རེད། ན་ནིང་ཞིག་ལ་དགྱེས་རྡོར་གྱིས། རྙིང་མའི་སྤྲེལ་སྲས། འབྲི་གུང་གི་སྤྲེལ་རྫོང་། །ས་སྐྱའི་སྤྲེལ་གཏེར། དགེ་ལུགས་ཀྱི་སྤྲེལ་དཀྲུགས། ཀཾ་ཚང་གི་སྤྲེལ་རྫུན། བོན་པོའི་སྤྲེལ་ལད་དག་ཚར་གཅོད་པར་འོས་སོ། །ཞེས་ལོས་ཡིན་བསམ་པ་སྒེར་སྐྱོན་མང་པོ་ཞིག་འཐེར་འདོན་བྱས་འདུག ཡིན་ན་ཡང་སྤྲུལ་སྐུ་ཚང་མ་དེ་འདྲ་རེད་བཤད་ན་ཧ་ཅང་ཐལ་ཆེའོ། །
ཐབས་ཤེས་ཡག་ཤོས་དེ་ཚོད་ལྟའི་ཡིག་ཚད་ཆུང་ཆུང་ཞིག་གཏོང་རྒྱུ་དེ་རེད།
ཡིག་ཚད་གཏོང་སྟངས་ལས་སླ་བོ་དང་གནད་ལ་འཁེལ་དགོས་པ་ཡིན།
དྲི་བ་མང་མི་དགོས། གཅིག་ནས་གསུམ་བར་གཏང་ན་ཆོག
གཅིག དཔེར་ན། ཁྱེད་ཀྱིས་སྐྱེ་བ་སྔོན་མའི་གནས་ཚུལ་དྲན་སྟངས་ཁག་ཅིག་གསུང་ཐུབ་བམ།
གཉིས། དཔེར་ན། ཁྱེད་ཀྱིས་རང་ཉིད་སྐྱེ་བ་རྗེས་མ་དེ་ཡུལ་གང་ཞིག་དུ་སྐྱེ་རྒྱུར་གྲ་སྒྲི་ཡོད་དམ།
དྲི་བ་གཉིས་པོའི་ལན་འཁེལ་སོང་ན་རང་གཞུང་ཆོས་དོན་ལྷན་ཁང་ནས་བོད་ཀྱི་སྤྲུལ་སྐུ་ངོ་མའི་པ་སི་སྤྲད་རྒྱུ་དང་། དྲི་ལན་མ་འཁེལ་ན་རང་ཉིད་རང་བཞིན་གྱིས་སྤྲུལ་སྐུའི་གོ་གནས་ནས་མར་འབབ་རྒྱུ། འདི་ལྟར་བྱེད་ན་མི་མང་གི་ཁ་རྡུང་ཉོ་མ་དགོས་པའི་དགེ་མཚན་ཡོད་པ་དང་གཅིག རང་ཉིད་ནས་སྤྲུལ་གོས་རྫུན་མ་གྱོན་མི་དགོས་པའི་དགེ་མཚན་ཡང་ཡོད་པ་རེད།
ཧཧཧ དགོངས་དག
ད་ཡིན་ན་ངས་སྒྲུང་ཞིག་བཤད་། ཁྱིམ་ཚང་རྒྱུ་འབྱོར་བ་གང་ཙམ་ཡོད་མཁན་ཞིག་ལ་དགོན་པའི་བླ་མ་ཆེན་པོའི་མིང་འཁུར་མཁན་ངོ་ཤེས་ཤིག་ཡོད་པ་རེད་། ཁྱིམ་ཚང་དེ་ལ་བུ་འགའ་ཡོད་པའི་ནང་ནས་བུ་ཆུང་ཤོས་དེ་རིག་པ་སོགས་ཕྱོགས་གང་ཐད་ནས་བུ་རྒན་པ་རྣམས་དང་བསྡུར་ན་སྐྱོ་ཤོས་ཡིན་པས་། ཕ་རྒན་གྱིས་བུ་ཆུང་དེའི་མ་འོངས་བར་སེམས་འཁུར་ཉིན་ལྟར་ཧ་ཅང་བྱས་། ཉིན་ཞིག་ཕ་རྒན་བུ་ཆུང་ལ་སྐུ་རིམ་འདྲ་ཡོད་མེད་ངོ་ཤེས་བླ་མ་དེར་ཞུ་རུ་སོང་སྐབས་། བླ་མས་ཕ་རྒན་ལ་། ངའི་སྦྱིན་བདག་དགའ་པོ་སེམས་འཁྲལ་དེ་ཙམ་མ་བྱེད་དང་། ངས་ཁྱེད་ལ་ཐབས་ཤིག་བཤད་། ཁྱེད་ཀྱིས་ཐབས་ཤེས་དེ་གསང་བ་བྱ་ཐུབ་ན་། ཁྱེད་ཀྱི་བུ་ཆུང་གི་མདུན་ལམ་ལས་སླ་བོ་རེད་ཟེར་། ཕ་རྒན་གྱིས་ཡིན་དང་ཡིན་ཅེས་ཁས་ལེན་བྱས་རྗེས་། བླ་མས་། ཁྱེད་རང་ཕྱིར་སོང་ལ་ཁྱེད་ཀྱི་བུ་ཆུང་བ་དེ་སྐྱེས་སྐབས་རྟགས་དང་མཚན་མ་བཟང་བོ་བྱུང་ཚུལ་དང་། ཉིན་ལྟར་འབི་དང་སྲགས་ཆགས་ཆུང་ཙམ་ཡིན་རུང་བྱམས་ཚུལ་སོགས་སྡེ་བ་ནས་སྡེ་བར་སྒྲོགས་ཅི་ཐུབ་ལྟོས་དང་། ང་ཚོའི་དགོན་པའི་མཁན་པོ་སྐུ་འདས་ནས་ལོ་ངོ་གང་ཙམ་ཕྱིན་སོང་བས་། ངས་དེའི་ཡང་སྤྲུལ་དུ་དངོས་འཛིན་བྱ་ངེས་ཡིན་ཟེར་། ལོ་གཅིག་གི་རྗེས་། བླ་མ་དེས་རང་གི་སྦྱིན་བདག་གི་བུ་ཆུང་བ་དེ་དགོན་པ་དེའི་མཁན་པོ་ཚང་གི་ཡང་སྤྲུལ་དུ་དངོས་འཛིན་བྱས་ཤིང་དད་ལྡན་སྟོང་ཕྲག་རྒལ་བ་ཡང་སྤྲུལ་ཚང་ལ་མཇལ་དུ་འགྲོ་བཞིན་འཆིས་།
སྤྲུལ་སྐུའི་ལམ་ལུགས་སྒྱུར་བཅོས་གཏོང་རྒྱུ་དཀའ་མོ་མ་རེད་་་་་དགོན་ཆེ་ཆུང་ཚང་མའི་དགོན་བདག་ཚང་མ་དྷ་སར་བདེན་ཞུས་གནང་སྟེ་་་་༧་གོང་ས་མཆོག་གིས་གསུང་ཐེངས་ཤིག་གནང་དང་ན་རང་བཞིན་གྱིས་འགྱུར་ནས་བུད་འགྲོ་གི་རེད། དཔེར་ན་ཤུགས་ལྡན་བསྐོར་འདྲ་བོ་ཆགས་འགྲོ་གི་རེད་དོ།
སྤྲུལ་སྐུ་ནི་བོད་ལ་དར་སྲོལ་དབུ་བཙུགས་ནས་ད་བར་ལམ་ལུགས་དེ་མ་ཉམས་པར་ཡོད་ལ། སྔོན་གྱི་དུས་སུ་ཕན་གནོད་གཉིས་ཀ་བྱུང་ཡོད། ད་ནས་ལམ་ལུགས་དེ་བསྟན་འགྲོ་སྤྱི་ལ་གནོད་ཚབས་ཆེ་རུ་འགྲོ་བཞིན་ཡོད། བསྟན་འགྲོའི་དོན་དུ་སྤྲུལ་སྐུ་ངོ་འཛིན་གནང་མཁན་ཤུན་ཏུ་དཀོན། རྒྱུ་དངོས་མཁོ་སྒྲུབ་དང་བདག་དབང་ཁོ་ན་ཡི་ཆེད་དུ་ཡང་སྲིད་ཅེས་པ་ངོ་འཛིན་དང་། དགོན་སྡེ་ཁག་ཀྱང་གྲྭ་ཇ་གཏོང་མཁན་གྱི་སྦྱིན་བདག་དང་། དངུལ་གྱི་རོགས་རམ་གནང་མཁན་ཞིག་ངོ་འཛིན་དང་དེ་འདྲ་ཞིག་ལ་དགེ་བཤེས་ཤིག་གི་ཡང་སྲིད་སོགས་མིང་འདྲ་མིན་བཏགས་ཏེ་ངོ་འཛིན་བྱས་ཀྱི་ཡོད། མདོར་ན་ལམ་ལུགས་དེ་མི་དམངས་དབུ་སྐུར་གཏོང་ཐབས་ཀྱི་གཡོ་འཕྲུལ་ལེགས་ཤོས་དང་།
ལྷག་དོན་དེང་སང་དངུལ་དངོས་བསྡུ་རུབ་བྱེད་ཡ་གི་ཐབས་ལམ་ལེགས་ཤོས་ཤིག་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་སྤྲུལ་སྐུ་ལམ་ལུགས་བརྒྱུད་འཛིན་གནང་མཁན་ཚོས་འདོར་མི་ཐུབ་པའི་ཁེ་དབང་ཞིག་རེད། ལུགས་ངན་དེ་མྱུར་དུ་དམིགས་མེད་དུ་འགྱུར་བའི་རེ་སྨོན་ཡོད། ༼དུསས་ཚོད་མི་འདུག་འགྲོ་རན་སོང་༽
སྤྲུལ་སྐུ་ཞེས་པ་ངོ་འཛིན་བྱེད་སྲོལ་དེ་འོས་བསྡུ་ཐོག་ཐག་གཅོད་གནང་ན་ལེགས་ཤོས་རེད།
སྤྲུལ་སྐུའི་ལམ་ལུགས་བཟང་ཕྱོགས་སུ་འགྲུར་བ་འགྲོ་དགོས་པ་ལས། ལམ་ལུགས་སྔར་ཡོད་བཟང་པ་དེ། མེད་པར་བཟོས་ན་དམར་གཞུང་དང་གཅིག་མཚུངས་བསྟན་ཤིག་ཏུ་མི་འགྲོ་བའི་ངེས་པ་མེད་པས་་་་་
་་་་་ རྙིང་མའི་སྤྲེལ་སྲས། འབྲི་གུང་གི་སྤྲེལ་རྫོང་། །ས་སྐྱའི་སྤྲེལ་གཏེར། དགེ་ལུགས་ཀྱི་སྤྲེལ་དཀྲུགས། ཀཾ་ཚང་གི་སྤྲེལ་རྫུན། བོན་པོའི་སྤྲེལ་ལད་དག་ཚར་གཅོད་པར་འོས་སོ། ་་་་ཟེར།
་་་་་ ལྷག་པར་ཡང་ང་ཚོ་འཛམ་གླིང་གི་ནང་བསྟན་པ་སྤྱི་དང་ལྷག་པར་གནས་བརྟན་སྡེ་པའི་ལུགས་འཛིན་པ་ཚོ་དང་ལྷན་དུ་འགྲོ་བ་ལ་དཀའ་ངལ་ཆེན་པོ་ཞིག་ཡོད་པ་དེ་ནི་སྤྲུལ་སྐུ་ཞེས་པའི་བྱིས་པ་གསེར་བུམ་ཐོགས་མཁན་ཚོའི་རྐང་པ་ལ་དགེ་སློང་དགྲ་བཅོམ་པ་ཞིག་ཡིན་ཡང་གྲལ་མགོར་བཞག་ནས་ཕྱག་འཚལ་དགོས་པ་འདི་རེད། ་་་་་་་་་་་་ཟེར།
སྤོབས་མཐའ་ལགས།
སྤྲུལ་སྐུ་ཞེས་པའི་བྱིས་པ་ཐེག་ཅན་རིགས་ཅན་གསེར་བུམ་ཐོགས་མཁན་ཚོའི་རྐང་པ་ལ་དགེ་སློང་དགྲ་བཅོམ་པ་ཞིག་ཡིན་ཡང་གྲལ་མགོར་བཞག་ནས་ཕྱག་འཚལ་མི་དགོས་སམ། ལགས། ཀུ་རེ་དང་བཅས་དྲིའོ།།
༡༣༧༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༢ གི་ཆུ་ཚོད་ ༡༦ སྐར་མ་ ༠༡
སྤྲུལ་སྐུ་ཉུང་དུ་བཏང་སྟེ། འཁྲུལ་མེད་དང། ཤེས་འཇོན་གཉིས་ལྡན་དང་། ཕྱི་གཙང་ནང་གཙང་ཞིག་གནང་ཐུབ་ན་ལེགས་པར་མངོན། དེ་མིན་སྤྲུལ་སྐུ་རྩ་མེད་གཏོང་དགོས་ན། ་་་་་ཟེར།
སྤྲུལ་སྐུ་དེ་ཚོས་ཕྱི་རྒྱལ་ཁག་ཏུ་དཔེ་ཁྲིད་དང་ལེགས་སྦྱར་ཤོད་དུས། ཁོང་ཚོས་་་བོད་སྐད་དུ་རིན་པོ་ཆེ་ཟེར་བའི་མཚན་གནས་དེ་སྤྲུལ་སྐུ་གཅིག་པོ་ལ་གོ་རབས་ཀྱིས་དྲིལ་སྒྲོགས་ཆེན་པོ་བྱས་དང་བྱེད་བཞིན་པ་ལ་བརྟེན་ནས་་་་དེང་སང་རིན་པོ་ཆེ་ཟེར་དུས་སྤྲུལ་སྐུ་ལ་གོ་དགོས་པ་ཡིན་ཤག་བྱེད་ཀྱི་འདུག གཞན་ཡང་་་་་སངས་རྒྱས་ཟེར་དུས་སངས་རྒྱས་ཤཀྱ་ཐུབ་པ་ཁོ་ནར་གོ་དགོས་པ་སོགས་ཀྱི་གཏམ་འཆལ་ག་སར་ཁྱབ་བཞིན་འདུག
རྒྱ་གཞུང་གི་རིག་གནས་གསར་བརྗེ་སོགས་བཙུགས་ནས་གུང་དམར་གྱི་དམིགས་འབེན་དང་པོ་སྤྲུལ་སྐུའི་ལམ་ལུགས་གཏོར་གཤིག་བཏང་། བོད་པ་རྣམས་ཀྱིས་བསྐྱར་དུ་ལམ་ལུགས་དེ་མ་ཉམས་གོང་འཕེལ་བཏང་སྟེ། མཐར་རྒྱ་གཞུང་གིས་ཀྱང་སྤྲུལ་སྐུའི་ལམ་ལུགས་དེ་ཁས་ལེན་དགོས་བྱུང་། སྤྲུལ་སྐུའི་ལམ་ལུགས་དེ་རྩ་བ་ནས་གཏོར་མི་ཐུབ། རྒྱུ་མཚན་ནི་དེ་ནི་གསེར་རྡོག་པོ་གཅིག་དང་འདྲ་སྟེ། ང་ཚོར་མི་དགོས་ཟེར་ནས་གཞན་གྱིས་ཁྱེར་འགྲོ། དེ་མ་ཟད་སྤྲུལ་སྐུ་འགའ་ཤས་ཡོང་གི་རེད།
༡༽ སྤྲུལ་སྐུའི་ལམ་ལུགས་མེད་པར་ཆགས་རུང་། ནང་བསྟན་མེད་པར་ཆགས་དགོས་དོན་མེད་དེ། ནང་བསྟན་གྱི་བཞེད་གཞུང་ནང་སྤྲུལ་སྐུའི་ལམ་ལུགས་ཀྱི་རྙོག་གཞི་དེ་མེད་པས་སོ།།
༢༽མཉམ་མེད་ཤཀྱཱ་སེང་གེ་སྤྲུལ་སྐུའི་ལམ་ལུགས་བསྟན་པས་སྟོན་པར་བཀུར་བ་མ་རེད། རྟེན་འབྱུང་རང་དབང་གིས་འདོམས་པར་མཛད་པས་ན་ཡིན། མཆོག་གི་སྤྲུལ་སྐུ་རྩ་ཆེན་པོ་ཆགས་ཡས་དེ་མིང་དང་མངའ་ཐང་སྟོབས་འབྱོར་ཡོད་མེད་ཀྱིས་མ་རེད། ཆོས་སྐུའི་དབྱིངས་ལས་རོལ་པར་ཤར་བས་ཡིན་ལ། དེས་ནས་ཆོས་སྐུའི་སྐུ་དྲིན་ལས་སྤྲུལ་སྐུ་གལ་ཆེན་དུ་བཟུང་བ་ལས། གང་བྱུང་བྱུང་ནས་འཇོག་ཚུལ་ཞིག་མེད་པ་ཡིན། གཞི་ཆོས་ཉིད་ཀྱི་ནམ་མཁའ་ལ་ལམ་སྙིང་རྗེའི་དབང་གིས་འབྲས་བུ་སྤྲུལ་པའི་རོལ་གར་མཛད་པ་ལས། སྟོང་ཉིད་སྙིང་རྗེའི་རྒྱུ་ཚོགས་མ་ཚང་ན་རང་མགོ་མི་ཐོན་བར་གཞན་དོན་དུ་སྣ་ཚོགས་སྤྲུལ་པ་ནི་བཞད་གད་ཀྱི་གནས་སུ་མཐོང་།
༣༽ དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། མཉམ་མེད་ཤཀྱཱ་སེང་གེར་ཕྱག་འཚལ་དགོས་དོན་དེ་གང࿒ཡིན་ནམ་ཞེ་ན། གང་གི་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་ཛད་པའི། །གཽཏམ་དེ་ལ་ཕྱག་འཚལ་ལོ།།ཞེས་རིགས་ཚོགས་ཀྱི་རྩ་བར་གསུངས་པ་དེ་འགག་རྩ་གནད་བབ་ཇི་ཞིག་ལ་ཐུག་པ་ངེས་པར་མཁྱེན་དགོས་པ་ཡོད། དེས་ན་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་རྟེན་འབྱུང་འདོམས་པར་མཛད་མཁན་ཞིག་ལ་ཕྱག་འཚལ་དད་བཀུར་ཞུ་དགོས་པ་ལས། སུ་རུང་རུང་ལ་སྣ་ཤ་སྟེར་བ་ནི་རང་ཉིད་ཉམས་པའི་སྔ་ལྟས་སུ་མངོན་པ་མིན་ནམ་སྙམ། གང་ལྟར་སྤྲུལ་སྐུའི་ལམ་ལུགས་ཀྱི་གནས་བབ་དང་སངས་རྒྱས་བསྟན་པའི་ཆགས་འཇིག་གི་འབྲེལ་བ་དེ་ཙམ་མི་ཆེ་སྙམ། གལ་ཏེ་སྤྲུལ་སྐུའི་ལམ་ལུགས་རྩར་མེད་དུ་ཕྱིན་པ་ཉིད་ལས་ཀྱང་ནང་ཆོས་རྩར་མེད་དང་བོད་མི་རིགས་རྩར་མེད་ནམ་ཡང་འགྲོ་ཐབས་མེད།
༤༽ ཡང་བསམ་ཚུལ་ཞུ་རྒྱུར། ཅི་སྟེ་སྤྲུལ་སྐུ་བརྒྱ་ཆ་གསུམ་ཙམ་ལས་ཕན་ཐོགས་མེད་རུང་དེ་ཚོད་ཀྱི་ཕན་ཐོགས࿒ཡོད་པ་རེད། ཡང་དངོས་གནས་ཕན་ལས་གནོད་ཆེ་བའི་རིགས་མང་ན་གཅིག་གཅིག་གཉིས་ཟུར་བཏོན་གྱིས་དཔང་རྟགས་འགྲེལ་བརྗོད་འཕེར་ངེས་ཀྱིས་དྲ་རྒྱ་སོགས་ནས་མིང་འདོན་ཐེར་བཏོན་བྱ་ཐུབ་ན་དངོས་གནས་རླབས་ཆེན་ཡིན།
༥༽ མཁས་དབང་
སྤྲུལ་སྐུ་རྩ་མེད་སུས་གཏོང་ཐུབ་སྟེ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་སྤྲུལ་སྐུ་བྱོན་པ་དཔེར་ན་ཡིད་བཞིན་ནོར་དང་དཔག་བསམ་ཤིང་ལྟར་ཡིན་པའི་ཕྱིར།
ད་འོ་ན་ཅི་རྩ་མེད་གཏོང་དགོས་ཟེར་ན་སྤྲུལ་སྐུ་ངོས་འཛིན་རྒྱུ་འདི་རྩ་མེད་གཏོང་དགོས།
གོང་དུ་གཅིག་གིས་བཤད་པ་ལྟར་ཤུགས་ལྡན་བསྟེན་རྒྱུ་བཀག་པ་ལས་སྤྲུལ་སྐུ་ངོས་འཛིན་གྱི་ལུགས་ངན་འདི་འགོག་ན་ཤིན་ཏུ་ལེགས།
༥༽ བོད་པར་སྐྱེ་བ་སྤྲུལ་སྐུ་མང་སྐྱོན་ཡོད་དུས། ད་ཆ་བཟོ་བ་སྤྲུལ་སྐུ་འདྲ་བྱོན་ཐབས་མེད་དམ། དེ་འདྲའི་ཡོད་ན་དེང་དུས་བཟོ་ལས་འཕྲུལ་རིག་གི་དུས་སུ་ཕན་ཐོགས་ངེས་ཅན་ཞིག་ཡོང་བ་ཐེ་མི་ཚོམས་སྙམ།
༦༽ མཁས་དབང་མིང་འཛིན་པ་འགས། ནང་ཆོས་ཀྱིས་མི་ཚེ་དང་ཉིན་རེའི་འཚོ་བའི་དངོས་ཡོད་ཀྱི་གནས་ཚུལ་འོག་ལྟོ་གོས་གཏམ་གསུམ་གྱི་རྣམ་གཞག་བསྟན་མ་ཤེས་པའི་ཞན་ཆ་ཡོད་ཚུལ་བརྗོད་པ་ནི་བདེན་པ་རང་ཨེ་ཡིན། ཡང་སྟོན་མ་ཤེས་པ་དང་དགོས་པ་དེ་ཙམ་ཆེན་པོ་མེད་ནས་མ་བསྟན་པའི་དབྱེ་བ་ཕྱེ་དགོས་སྙམ། མ་ཟད་གཞི་དངོས་པོའི་གནས་ལུགས་བཤད་དུས་ད་ལྟའི་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་མེད་ཕྱི་མ་དང་རྒྱང་རིང་བློ་ཡུལ་ལས་འདས་པའི་སྐད་ཅ་བཤད་ནས་དངོས་སུ་ཕན་ཐོགས་མེད། ཡང་མངོན་སུམ་དང་རྗེས་དཔག་གི་རྣམ་གཞག་ལ་ཁ་མ་ཕྱོགས་པའི་སྐྱོན་ཆ་ཡང་ཡོད་སྙམ། རིགས་པ་དང་ཁྱབ་པ་ཞིག་གིས་སྟེང་ནས་ཤེས་བྱའི་ཕ་མཐར་བློ་གྲོས་ཀྱི་འཇུག་ཚུལ་ཞིག་འཇོག་མ་ཤེས་ན། མཐར་ཐུག་པ་མེད་པའི་འགྲོ་བ་མ་ལུས་པའི་ཕྲ་བར་འཇུག་པའི་མཐའ་མི་སྲིད་དེ། སེམས་ཅན་དང་སྣོད་ཀྱི་མཐའ་དང་གྲངས་མེད་པས་ནམ་ཡང་དོགས་པའི་མཐའ་ཆོད་པའི་སྐབས་ཞིག་མེད་པས་ཡིན་སྙམ། སློབ་དཔོན་ཀཱ་མ་ལ་ཤི་ལས་འདི་མཚུངས་ཞིག་གསུངས་ཡོད་པ་དྲན།
།ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ཞེས་པའི་དོན་གང་ཡིན་ནམ། །
མེ་ཏོག་དཀར་པོ་ལགས།
ངས་ཞུ་ཡས་དེ་ག་རང་ཡིན། སྤྲུལ་སྐུའི་ལམ་དང་ལུགས་སྲོལ་དེ་བསྒྱུར་བཅོས་ཨ་ཅང་མེད་པར་བྱ་དགོས་ཀྱང་རྩ་དོན་གནོད་ཡས་གང་ཡང་མེད་པས་ཞུས་པ་ཡིན།
ཡང་ཆོས་དབྱིངས་ལས་བཞེངས་མི་དགོས་པར་ཡང་སྲིད་པར་སྐྱེ་བ་ཚང་མས་ལེན་དགོས་པ་ནི་ཇི་སྲིད་དེའི་རྒྱུ་མ་ཟད་བར་དུ། ལྷ་དང་འདྲེ་བླ་མ་དང་དཔོན་ངན་གང་དང་གང་བསྟེན་དགོས་མིན་རང་གི་ལག་ཏུ་ཡོད། ཁ་ཆེ་ཕ་ལུའི་སྙིང་གཏམ་གསུངས་ནས་ཟུན།།ཉན་དང་མི་ཉན་སོ་སོ་ལག་པ་རེད་སྙམ་མོ།།།།
བོན་པོ་ལགས།
བཀྲིས་བདེ་ལེགས།
གཙོ་བོ་ལས་འབྲས་མེད་པར་ལྟ་བ་དང་རང་བཞིན་གྱིས་གྲུབ་པར་ལྟ་བ་འཁོར་དང་བཅས་པ་ཐམས་ཅད་དང་རྒྱང་བསྲིངས་པ་ཙམ་མིན་པར། ཐུགས་བརྩེ་བ་ཆེན་པོས་བསྐལ་པ་དུ་མར་རྟེན་འབྱུང་གི་དེ་ཁོ་ན་ཉིད་ངལ་བ་མེད་པར་གོམས་པ་ལས་བག་ཆགས་དང་དང་བཅས་པ་དྲུང་འབྱིན་པར་མཛད་ལས་གཞན་ལ་ཡང་རང་ཉིད་བརྙེས་པ་ཇི་བཞིན་སྟོན་པ་ཉིད་མཛད་པ་ཞེས་རགས་བསྡུས་སུ་ཞུ།།
རིགས་ལྡན་རྒྱལ་ལགས། །
བཀྲིས་བདེ་ལེགས་ཞུ། །
ལྟ་བ་ཐམས་ཅད་སྤངས་པའི་་་་་ཕྱིར་་་་དམ་པའི་ཆོས་་་་ནི་་་་གསུངས་འདུག འདི་འདྲ་གོ་ཡོང་དུས་ཡང་དུས་རབས་ཉེར་གཅིག་ལ་ག་འདྲ་བྱས་ནས་འགྲོ་དགོས་པ་ཡིན་ནམ་བསམ་བྱུང་། འོན་ཀྱང་རིགས་ལྡན་རྒྱལ་པོ་ལགས་ཀྱིས་ལན་ཁ་གསལ་གནང་བར་ཤིན་ཏུ་བཀའ་དྲིན་ཆེ་ཞུ། །
དགོངས་དག་་་རིགས་ལྡན་རྒྱལ་པོ་ལགས་་བཅོ་རོགས་གནོང་།
༄། །སྤྲུལ་སྐུའི་དོན་འདི་སྤྲུལ་སྐུ་ངོས་འཛིན་མཁན་རྣམས་དང་། སྤྲུལ་སྐུ་ལ་དད་པ་ཡོད་མཁན་ཚོའི་ལས་ཀ་ཞིག་རེད། དད་པ་མེད་པར་ཐེ་གཏོགས་བྱེད་ན་ཁ་ཆེ་ཞིག་གིས་ནང་པ་ལ་སྐྱོན་བརྗོད་བྱས་པ་འདྲ། སུས་ངོས་ལེན་བྱེད། ༡༽ཅི་སྲིད་མི་ཡིས་བཟོས་པའི་སྒྲིགས་གཞི་ཞིག་ཡིན་ཕྱིན་སྐྱོན་གྱི་རྣམ་པ་ཞིག་ངེས་པར་བཙལ་ཐུབ། ཤེས་ཡོན་གྱི་ཐོབ་ཡང་དེ་དང་འདྲ། དཔེ་ཆ་མི་མཁྱེ་མཁན་གྱི་དགེ་བཤེས་དང་མཁན་པོ་ཁྱུ་གཅིག་ཡོད་པ་ཡང་དེ་བཞིན་ནོ། །༢༽གནས་བརྟན་སྡེ་བས་མི་བཀུར་བས་སྒྱུར་བཅོས་གཏོང་དགོས་ན། ཕལ་ཆེན་སྡེ་བ་དང་ཡོད་སྨྲ་མི་རྟག་དང་འདྲེས་པའི་བཤད་པ་ཅིག་ཡོད་པ་དེ་བོད་ལ་སྤྲུལ་སྐུ་མ་དར་གོང་ནས་བྱུང་བར་དཔྱོད། ཁོང་ཚོའི་ངོས་ལེན་ཐོབ་པར་བྱེད་པ་ལ་དང་པོ་རང་ལུགས་དེ་རྫུན་མར་ཁས་ལེན་གྱིས། ཁོང་ཚོའི་དེབ་རྣམས་སུ་གནས་བརྟན་སྡེ་བ་ནི་དགྲ་བཅོམ་པ། མཁྱེན་པ་དང་ལྡན་པའི་བཞེད་པ་དང་། ཕལ་ཆེན་སྡེ་བ་སོགས་ནང་བསྟན་བཅོས་མ་ཡིན་ཅེས་འཁོད་ཡོད་པར་གཟིགས་ཤིག སྤྲུལ་སྐུ་སྤངས་ཀྱང་ང་ཚོ་མི་གྲལ་དུ་སླེབས་རྒྱུ་མ་རེད་སྙམ། ༣༽སྤྲུལ་སྐུ་དད་ལྡན་མང་ཚོགས་དང་དགོན་པ་སོ་སོས་གོང་དུ་བཀུར་བས་དམངས་གཙོ་དང་གཅིག་མཚུངས་ཡིན། དགོས་མི་དགོས་དགོན་པ་སོ་སོས་ཐག་གཅོད་པ་ལས། ཕྱི་ལག་ནང་དུ་སྐྱོངས་དགོས་པ་མེད། ༤༽བོད་མིའི་བདེ་སྡུག་གླེང་ལོས་ཆོག་སྟེ། དགོན་པ་སོ་སོའི་སྤུལ་སྐུའི་དགོས་པ་དང་སྐྱིད་སྡུག་ལ་མཐོང་ཆུང་བྱ་རྒྱུ་མེད། ༥༽སྤྲུལ་སྐུ་མི་འདོད་མཁན་ཚོས་མ་བྱས་ན་ཆོག རང་ཉིད་དེའི་ནང་དུ་མེད་བཞིན་ངོ་རྒོལ་བྱེད་པའི་ཐོབ་ཐང་དེ་ལས་ཀྱང་མེད། དད་ལྡན་ཞིག་གིས་དད་པ་སུ་ལ་བྱེད་དབང་ཡོད་བཏང་ན་མི་དམངས་ཀྱི་ཆོས་དད་རང་དབང་གི་སྒོ་བཀག་པ་རེད། ༦༽ལེགས་བཅོས་གཏོང་བའི་དབང་ཆ་ཡོད་མཁན་ནི་སྤྲུལ་སྐུ་ལ་ཡིད་ཆེས་ཡོད་མཁན་ཚོ་དང་། སྤྲུལ་སྐུ་ངོས་འཛིན་མཁན་ཚོ་ཡོད་པ་ལས། ཡིད་ཆེས་མེད་མཁན་ཚོར་འགན་ཁུར་རྩ་བ་ནས་མེད། ༧༽སྐྱོན་ཆེ་ཞིང་སྤྱི་ཚོགས་ལ་ཕན་མི་ཐོགས་མཁན་གྱི་སྤྲུལ་སྐུ་ཆེས་གྲངས་ཉུང་རེད། ཨེ་ཡིན་སོ་སོའི་དགོན་པའི་སྤྲུལ་སྐུ་ཚོའི་སྐྱོན་ཤོད་ཅིག གཞན་གྱི་བླ་མ་ཅི་འདྲ་ཞིག་བསྟེན་སོ་སོའི་ངོས་ནས་ཐག་གཅོད་པ་ལས་གཞན་སུ་ཞིག་བཙན་དབང་བྱེད་པའི་ཐོབ་ཐང་མེད། ། མདོར་ན་བན་བོན་ཡོངས་རྫོགས་མཐུན་སྒྲིལ་ཐུབ་པའི་ཐབས་ལམ་རེ་ཡོད་ན་གླེང་རྒྱུ་ལས། ནང་ཁུལ་ཏུ་གཏོར་བཤིག་དང་འགལ་བ་དང་་ཆག་སྒོ་སློང་བའི་གཏམ་འཆལ་གླེང་བ་དོན་ཆུང་ཞིང་སྐྱོན་ཆེ་བཞག་ན་ལེགས། ཞིབ་འཇུག་བྱེད་ཡུལ་ལག་མི་ཐོགས་པས་ཤེས་བྱ་ཟད་པ་མེད་སྙམ། ངའི་གྲོགས་པོ་ཞིག་ལ་སྤྲུལ་སྐུ་ལ་དགག་པ་ཡོད་ཚུལ་བཤད་པས། ཁོས་ངའི་བླ་མའི་སྤྲུལ་སྐུ་མེད་པ་བཏང་ན་རྒྱ་བོད་གཉིས་ལས་རྒྱ་འདམས་པ་དང་། དགྲ་གཉེན་གཉིས་ལས་དགྲ་འདམས་པ། དེ་རིང་སང་ཉིན་གཉིས་ལས་དེ་རིང་ཤི་ན་དགའ་ཟེར། དེ་ལྟའི་རིགས་ཉུང་ཉུང་མིན་པ་དགོངས་པར་མཛོད། གཞན་སེམས་དཀྲུགས་ན་ནང་འཁྲུགས་ཡོང་ངེས་པས། མཐུན་སྒྲིལ་དགོས་སམ་གཏོར་བཤིག་དགོས། དགོས་པ་གང་ཆེ་ཐུགས་བསམ་བཞེས་རོགས།
པདྨ་ལགས།འདིར་བཤད་པ་ནམ་མཁས་གསར་བ་ཞིག་བཤད་པ་མ་རེད།དེ་ནི་བདེན་པ་རེད།ཚ་སྨྱུག་དང་ཞོགས་དུང་གིས་ཀྱང་གསར་བ་ཞིག་བཤད་མེད།དེའི་ཡར་སྔོན་རྩོམ་པ་པོ་དོན་འགྲུབ་རྒྱལ་གྱིས་ཀྱང་ལོ་རབ་༨༠ནང་བཤད་ཡོད། དེའི་ཡར་སྔོན་ལོ་མང་པོའི་སྔོན་ནས་ཆོས་ལུགས་པ་མཁས་དབང་དེ་ཚོས་ཀྱང་བཤད་ཡོད།དཔེར་ན་གུང་ཐང་བསླབ་བྱ་རུ་ཡང་གསུངས་ཡོད། དེ་མ་ཡིན་པའི་རེབ་གོང་སྐུ་ཞོགས་ཨ་རོལ་ཚང་གི་མཚན་བསླབ་བྱ་ན་གསུངས་ཡོད། གསར་བ་ཞིག་སུས་ཀྱང་བཤད་ཐུབ་དཀའ་བ་རེད།ང་ཚོ་ལ་དགོས་བ་དེ་བསྒྱུར་བཅོས་གཏོང་ཐུབ་མིན་དང་ཡང་ན་རྩ་བ་ནས་སྤྲུལ་སྐུའི་ལམ་ལུགས་མེད་པར་བཟོ་དགོས་མིན་དེ་རེད།
སྔོན་ཆད་མ་གསུངས་པ་ཡང་འདིར་བརྗོད་མེད།།གསུངས་པ་ལྟར་རོ།
སྤྲུལ་སྐུ་རྩ་མེད་དམ་བསྒྱུར་བཅོས་གཏོང་དགོས་པའི་རྒྱུ་མཚན་སྤྲུལ་སྐུ་རྫུན་མ་ཡོད་པས་ཡིན་ཟེར་ན་དགེ་བཤེས་དང་མཁན་པོ་བླ་མ་ཚང་མ་རྩ་མེད་གཏོང་དགོས་ས་རེད། དེ་ཚོ་ལ་ཡང་རྫུན་མ་མི་ཉུང་བ་ཞིག་འདུག དེ་ནས་གྲྭ་པ་ལ་ཡང་རྫུན་མ་མཐོང་རྒྱུ་འདུག་པས་གྲྭ་པ་ཡང་རྩ་མེད་གཏང་བཞག་ན་གང་འདྲ་འདུག
དེ་རིང་བར་དུ་རྒྱུན་རིང་ཞིག་ལ་ཁ་བརྡ་དྲ་ཐོག་ལ་ཡོང་ཐུབ་མེད།དེ་འདིར་སྤྲུལ་སྐུ་ཚོའི་ཐོག་ལ་སེར་ནག་བབ་འདུག སྤྲུལ་སྐུ་ལམ་ལུགས་རྩ་མེད་དུ་གཏོང་དགོས་ཟེར་ན་ཅུང་ཐལ་ཆེ་བར་འདུག ཡིན་ན་ཡང་བསྒྱུར་བཅོས་བྱེད་རན་འདུག་ཟེར་ན་འགྲིག་གི་རེད། སྤྲུལ་སྐུ་ལ་ངེས་བར་དུ་རྣམ་མཁྱེན་ལྡན་དགོས་བར་མི་འདུག་པར་སྙིང་རྗེ་ཡི་དབང་གིས་སྐུ་ཐོག་མའི་ལས་འཕྲོ་བསྐྱངས་བར་ཡང་བསྐྱར་འཁོར་བ་ལ་སྐྱེ་བ་ལེན་པ་ཞིག་དགོས་བར་ཡོད། ཡིན་ན་ཡང་དེང་སང་སྤྲུལ་སྐུ་ཚོ་ཕ་མ་གཡོ་ཅན་དང་སྐུ་བདག་གཡོ་སྒྱུ་ཅན་ཚོས་དངུལ་ཁོ་ན་ལ་བེད་སྤྱོད་གཏོང་གི་ཡོད་པས་དེའི་རིགས་ཀྱི་སྤྲུལ་སྐུ་དག་བསྒྱུར་བཅོས་བྱེད་དགོས་ཀྱི་འདུག དེ་མ་ཡིན་པའི་ཁ་ཤས་ཞིག་གིས་ཁེ་ཕན་ཞིག་ལ་ལྟས་ཏེ་སོ་སོ་ཡང་སྤྲུལ་སྐུ་ཞིག་ཡིན་ཟེར་ནས་གློ་བུར་དུ་བག་ཆགས་སད་པ་ལྟར་བྱི་བ་ཨུ་ཁུང་ནས་གློ་བུར་དུ་ཕྱིར་ཐོན་པ་བཞིན་བྱས་ཏེ་ཁྲི་མཐོན་པོའི་སྒང་ན་འགྱིང་ངེར་འདུག་མཁན་ཡང་ཡོད། འདིའི་རིགས་དང་ཕ་མ་གཡོ་ཅན་རིགས་དང་དགེ་ཕྲུག་གཡོ་ཅན་རིགས་ཀྱིས་དཔལ་འབྱོར་ལ་དམིགས་ནས་ངོས་འཛིན་རྫུན་མ་བྱེད་མཁན་ཚང་མ་ངོས་ལེན་མེད་ཅེས་ཆོས་རིགས་ལས་ཁུང་ནས་བརྡ་ཁྱབ་གཏོང་རན་འདུག་གོ
དེང་སང་རྒྱ་གར་རྒྱ་ས་ལྡི་ལི་ནས་ནུབ་ཕྱོགས་འགྲོ་དགོས་ན་།མི་སྐྱ་ལས་གྲ་ལོག་ཡིན་ན་གང་ཚད་ཆུང་འདུག་། མི་སྐྱ་ཞིག་ལ་ཡོལ་རོབ་འགྲོ་དགོས་ན་ཧིན་སྒོར་འབུམ་༡༠ནས༡༠རེད་།ད་གྲ་ལོག་ཚོ་ལ་གང་ཆུང་ནི་རེད་ཡ་།སྒོར་འབུམ་༦ནས ༧བར་རེད་།འདི་དག་ཚང་མ་མང་ཆེ་ཤོས་དགེ་བཤས་དང་མཁན་པོ་ཡིན་ཟེར་མཁན་ཚོའི་ནག་ཚོང་ཡག་ཤོས་གཅིག་རེད་།ད་ཁྱོད་ཚོའི་སྤྲུལ་སྐུ་མི་དགོས་གི་མུ་འདུག་དག་དག་བཤད་མ་འདུག་།རྒྱ་གར་ལ་ཡོད་མཁན་འདི་ཚོ་དཔེ་ཆ་ཏོག་ཙམ་བལྟས་རྗེས་ང་རྒྱལ་ཇེ་ཆེ་རེད་།གཞན་ལ་དགག་པ་མ་ཏོག་རང་གིས་ཉམས་ལེན་ཏིལ་འབྲུ་ཙམ་ཡོད་ས་མ་རེད་།བོད་མི་རིགས་གིས་རེ་བ་དེ་ཕྱིར་ཕྱོགས་ཡོད་མཁན་ལ་ཚོ་ལ་བཅོལ་དགོས་ན་དཀའ་མོ་རེད་འདུག་།དྲ་འབུ་ཚོ་ཀྲུག་ཤིང་མ་ཏོག་བསམ་བློ་གང་ཡང་མི་འདུག་།དངོས་གནས་བློ་ཕམ་དགོས་ཡ་རེད་།ལུས་ལ་དམར་མདོག་ཞིག་གྱོན་ནས་མིང་རྫུན་ཀྱིས་འོག་ནས་ཀྲུག་ཤིང་མ་ཏོག་གཞན་གང་ཡང་མུ་འདུག་།དངོས་གནས་ཕོ་རབ་ཞིག་ཡིན་ན་དངོས་མིང་བེད་སྤྱོད་ནས་བརྩོམ་ཡིག་བྲིས་ན་ཕོ་རབ་རེད་།
ཤྭ་བོའི་རྭ་ལ་རྔམ་པའི་རྔོན་པ་དང་།།
འདོད་པའི་ཡོན་ལ་སྲེད་པའི་སྤྲུལ་སྐུ་གཉིས།།
ཕྱི་ཡི་སྤྱོད་ཚུལ་མཐོང་བ་ཁྱད་ཆེ་ཡང་།།
ཕྱི་མའི་ཡུལ་ན་ལམ་ཕྲན་གཅིག་ཏུ་སྙེགས།།
དྲ་ཐོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ནང་ནས་༢སླེབས་ནས་གཏམ་རེ་བཤད་འདུག ཡིན་ན་ཡང་སྤྲུལ་སྐུ་དབང་ཆེན་རིག་རྒྱུ་མི་འདུག་པས་འགྲོ་བའི་དོན་ལ་ཞབས་ཐང་ལ་ཕེབས་སོང་བ་ཡིན་ནམ།ཁོས་ཀྱང་གང་བསམ་པ་དེ་བཤད་ན་ཕན་ཐོག་ཡོང་གི་རེད་འདོད།
སྤྲུལ་སྐུ་བཟང་པོ་རྐྱང་སྐྱོབས་པར་འདོད་པ་ཡིན་ན་ནི། ང་ཚོ་ལ་སེམ་ཁྲེལ་ཞིག་དགོས་བ་ལས། དེ་མིན་སྤྲུལ་སྐུ་དང་སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་ན། ཁ་བཙུམ་ནས་སྤྲུལ་སྐུ་ཚོ་ལ་ལྟད་མོ་ལྟ་བ་ལས། གཅོད་རྡུང་གཅར་གསུམ་བྱེད་མི་ཐུབ་ལ་བྱེད་ཡང་མི་དགོས། སྤྲུལ་སྐུའི་དགྲ་ནི་སྤྲུལ་སྐུའི་སྤྱོད་པ་ཡིན་པས། སྤྲུལ་སྐུའི་སྤྱོད་ངན་ནི་དད་སེམས་གསོད་པའི་དུག་ཆུ་ཡོད་ན་མེད་ན་དེ་ཡིན་པས། སྤྲུལ་ངན་ཁོང་ཚོ་གང་ས་གང་ན་ཡོད་བར་ཤོག་ཟེར་དགོས་པ་རེད།
ང་ནི་སྤྲུལ་སྐུ་ཡག་སྡུག་གཉིས་ལ་སྐྱོ་དུས་ཙམ་ལས་འབྲེལ་བ་མེད། ཧ་ཧ་།
ང་ཚོས་སྤྲུལ་སྐུའི་ལམ་ལུགས་དགག་ཁག་པོ་རེད། གཞན་གྱི་སྤྲུལ་སྐུ་འགྲིག་གི་མི་འདུག་ཅེས་ཚང་མས་བཤད་ཐུབ་ཀྱི་རེད། ཡིན་ནའང་རང་གི་བླ་མའི་ཐོག་སླེབས་ཚེ་ཚང་མས་ངོས་ལེན་བྱེད་ཀྱི་རེད།
སྤྲུལ་སྐུ་ཡོད་དམ་མེད་ཀྱང་སླ།།
དད་པ་མེད་པའི་མི་དག་གིས།།
རྩ་མེད་གཏོང་དགོས་ཟེར་བ་ནི།།
གད་མོ་གཏིང་ནས་འཆོར་བའི་རྒྱུ།།
ང་ཚོ་གྲྭ་བ་ཉམས་ཆུང་། དད་ལྡན་མང་ཚོགས་ཚོས་སྤྲུལ་སྐུ་དག་མ་དང་། མཁན་པོ་དག་མ། གྲྭ་བ་དག་མ་དགོས་ཞེས་ཇི་ལྟར་བཤད་ཀྱང་། བླ་ཆེན་དང་། མི་ཆེན། དཔོན་ཆེན་མིང་ཁུར་ཚོས་འབྱོར་བ་སུ་ཆེ་དང་། མགོ་སུ་བདེ་ལྟ་བ་ལས། སུས་བསྟན་འགྲོ་ལ་ཕན་ས་རེད་བསྙམ་པའི་ཐུགས་འདུན་དེ་ཕལ་ཆེར་མེད་པའི་ཟོལ་འདྲ་བོ་ཞིག་འདུག ང་ནོར་སོང་བ་ཡིན་ན་དགོངས་དག
འདིར་ཨོ་ཉིས་སེམས་གཏིང་གི་སྐད་ཆ་ཡིན་ན་བདེན་པ་འདྲ་ཞིག་བཤད་འདུག ༧གོང་ས༧མཆོག་གིས་ཀྱང་གྲྭ་བ་བླ་མ་སྤུས་དག་དགོས་ཞེས་རྒྱུན་ཏུ་གསུངས་བཞིན་ཡོད། སྤྲུལ་སྐུ་རྩ་མེད་དུ་གཏོང་དགོས་ཟེར་ན་ཐལ་ཆེ་བར་འདུག གང་ལྟར་བཅོས་བསྒྱུར་གཏོང་དགོས་ཀྱི་འདུག མ་རྩོམ་ན་ཡང་བསྒྱུར་བཅོས་གཏོང་རན་འདུག་ཅེས་བྲིས་ཡོད་ཐ།
ཁག་གཅིག་གིས་གོ་ནོར་ཐེབས་འདུག་སྙམ་པས་གསལ་ཐུང་ཞིག་ཞུ་ན། སྤྲུལ་སྐུའི་ལམ་ལུགས་ཐོག་ནས་རྙོག་དྲ་འཐོལ་པ་མང་པོ་ཡོང་གི་ཡོད་ན། ལམ་ལུགས་དེས་ཕན་ལས་གནོད་ཆེ་བས་བསམ་བློ་གཏོང་རྒྱུ་ཡོད་པ་ཡིན།
ངས་རྩར་མེད་བཟོ་འཐུས་ཞེས་པའི་གོ་དོན་དེ་ཁག་གཅིག་གི་ནང་ཆོས་ངོ་མ་དེ་གང་ཟག་གི་སྟེང་ནས་རིན་བབ་རྒྱག་ན་མི་འགྲིག ནང་གི་ཡོན་ཏན་དང་ཆོས་ཀྱིས་རིན་ཐང་སྒང་ནས་ཕབ་དགོས། སྤྲུལ་སྐུའི་ལམ་དང་ལུགས་སྲོལ་མེད་པར་ཆགས་ཀྱང་ནང་བསྟན་ནི་རྟོགས་པའི་ཡོན་ཏན་ཁྱད་པར་དང་འབྲེལ་ནས་ཡོད། གུན་བྲན་ནས་བོད་བཙན་བཟུང་བྱས། དགོན་གཏོར་ཆོས་བསྲེགས། བཅར་བརྡུང་བཙོན་བཅུག་སོགས་ངན་རྒུར་བརྩམས་རུང་། ང་ཚོའི་འཐབ་རྩོད་ནི་ལུས་བཙུན་བཅུག་དང་། དགོན་པ་དང་མཆོད་བཤོམས་རྫིག་ནས་བོད་ཁུལ་ནང་བསྟན་རྫིག་ཡས་མེད་པ་དེ་ངེས་པར་ཤེས་དགོས་པ་ཞིག་ཡོད། སེམས་ཚོར་ཙམ་ཡང་མེད་པའི་དམར་པོས་ཀྱང་ཡང་སྲིད་ལ་ཐེ་ཇུས་བྱས་པ་ནི་གནས་སྟངས་ཐབས་ཟད་ཇི་འདྲ་ཡིན་མིན་ཤེས་གལ་ཆེ།
བླ་མས་མ་འགྲིག་ན་བླ་མར་སྐྱོན་བརྗོད། གྲ་བས་མ་འགྲིག་ན་གྲ་བར་སྐྱོན་བརྗོད། སྤྲུལ་སྐུའི་མ་འགྲིག་ན་སྤྲུལ་སྐུར་སྐོན་བརྗོད་དཔང་འཕེར་ཐེར་བཏོན་ཁུངས་ཐེག་ཡོད་པ་གནང་གལ། དེ་མིན་བླ་རྫུན་ཕར་བཞག་མཚན་རིག་པས་བོད་ཁུལ་ནང་བསྟན་( བདེན་གཉིས་བདེན་བཞི་རྟེན་འབྱུང་གཞན་ཕན་ལ་འགག་པ་བྱེད་རུང་ཕས་རྒོལ་གྱི་གཡོ་བར་མི་ནུས་པའི་དབུ་ཚད་རིགས་ལམ་དེ་བརྗིད་པར་ཆགས་ཡོད།) ཡང་གནམ་གྲུ་བཟོ་སྟངས། བྲན་གཡོག་རྒྱུགས་སྟངས། མེ་མདའ་འབར་རྫས་བཟོ་སྟངས་ནང་ཆོས་ནང་ནས་སློབ་དགེ་ལེན་རྒྱུ་གང་ཡང་མེད་པས། དངུལདང་དཔལ་འབྱོར་ལམ་ལུགས་གཞན་ནས་ཤེ་དགོས། དེ་དག་གི་འགྲོ་སྟངས་མ་བསྟན་པས་ནང་ཆོས་འཁུམས་དགོས་གང་ཡང་མེད། དེ་ཡིས་སྲིན་པོའི་གྲངས་མཁྱརན་པ། །ངེད་ལ་ཉེར་མཁོ་གང་ཡང་མེད། །ཅེས་དཔལ་ལྡན་ཆོས་གྲགས་ཀྱི་གསུང་བདེན་ཡིན།
ཨོ་ཉིས་སེམས་གཏིང་གི་སྐད་ཆ་བཤད་ནས་ལོ་གཉིས་ལྷག་ཡིན་ཏེ། ཉན་མཁན་སུ་གཅིག་ཀྱང་མི་འདུག ཡིན་ན་ཡང་ང་རང་གིས་བཤད་འདོད་པ་ཚང་མ་བཤད་ཐུབ་སོང་། དེ་ཡང་གྲུབ་འབྲས་ཤིག་ཏུ་བརྩིས་ཏེ་བསྡད་ཡོད།
ཨོ་ཉི་ལགས།ཁྱེད་ཀྱི་སེམས་གཏིང་གི་སྐད་ཆ་དེ་རྒྱབ་སྐྱོར་གཙང་མ་ཡོད།ཁྱེད་ཀྱིས་དྲང་མོ་གསུངས་དང་།སྤྲུལ་སྐུའི་ལམ་ལུགས་འདི་བསྒྱུར་བཅོས་གཏོང་དགོས་བ་གནས་ལུགས་ཞིག་འདུག་གམ། ཁྱེད་ཀྱི་སེམས་གཏིང་གི་སྐད་དེའི་བསྒྱུར་བཅོས་ལམ་ལུགས་ལ་རྒྱབ་སྐྱོར་འདུག་བསམ་ཡོད།དེ་ལྟར་ཡིན་ན་བསྒྱུར་བཅོས་གཏོང་ལུགས་ཞིག་ནམ་མཁས་བཤད་པ་ལྟར་འགྲོ་ག་འདྲ་ལགས།འདི་ནི་སེམས་གཏིང་གི་དྲི་བ་ཡིན།ཁྱེད་ལ་དྲི་བ་འདི་འདྲི་དགོས་བའི་རྒྱུ་མཚན་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་མིན།ཁྱེད་རང་ཤེས་ཡོན་ཅན་དང་རྩོམ་པ་པོ་ཡིན་པས་དྲིས་པ་ཡིན།
ང་ཚོ་གྲྭ་བ་ཉམས་ཆུང་། ཧཧཧ
ནམ་མཁས་གང་བཤད་ཚང་མ་བཀླག་ཐུབ་མ་སོང་། གང་ལྟར་ཡང་སྤྲུལ་སྐུ་མང་དྲགས་པ་དང་། སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ལ་བསྒྲིགས་ཁྲིམས་མེད་པ་དང་། སྤྲུལ་སྐུ་ལ་མགོ་མཇུག་མེད་པ་དང་། སྤྲུལ་སྐུས་བསྟན་པ་མི་འཛིན་པ་དང་། འདི་དག་གི་རྐྱེན་པས་སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་བཏང་སྟེ། སྤྲུལ་སྐུ་ཉུང་དུ་གཏོང་བ་དང་། སྤྲུལ་སྐུ་སྤུས་གཙང་དང་། ཕྱིའི་སྤྱོད་ལམ། ནང་གི་ཉམས་རྟོགས་ཏེ། ལྟ་སྒོམ་སྤྱོད་གསུམ་ཆ་ཚང་ཡོད་མཁན་མ་བཟོས་ན། དེང་སང་གི་སྤྲུལ་སྐུ་འདི་ཚོས་བོད་ཕུང་ངེས་སོ། །
དེང་སང་སྤྲུལ་སྐུ་ཕུང་གསུམ་པ་འདི་ཚོས་བསྟན་པ་རྨངས་ནས་བཤིགས་པ་ལ་བསམ་བཞིན་དུ་དགའ་རབ་དབང་ཕྱུག་གིས་བཏང་ཡོང་བ་འདྲ།
ཁྱོད་ཚོས་ང་ཚོ་ལ་སྤྲུལ་སྐུ་ལ་དད་པ་མེད་མཁན་རེད་ཟེར་ན་་་རྟགས་མ་འགྲུབ། ཏང་གི་སྤྲུལ་སྐུ་རྒྱལ་མཚན་ནོར་བུ་ལྟ་བུ་རྣམས་ལ་ང་ཚོས་དད་པ་བྱེད་ཐུབ་ཐབས་མེད། ཁྱད་པ་ཕྱེས་ནས་ཤོད་རོགས། ཧམ་པ་མ་ཤོད།
ང་ཚོ་ཡང་མི་ཡིན། ཀླད་པ་ཡོད།་མིའི་རྣམ་དཔྱོད། ཆོས་ལུགས་ལ་སློབ་སྦྱོང་བྱས་མྱངས་ཡོད།
དུ་བ་ལས་ནི་མེ་སྐྱེད་དང་།
ཆུ་ལས་ནི་ཆུ་སྐྱེད་ལྟར།
བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།
རིགས་ནི་མཚོན་མ་དག་ལས་ཤེས།་་་ཅེས་པ་ལྟར་་་་སོ་སོས་སོ་སོར་འབྲས་རྟགས་བཀོད་ཤེས་ཀྱི་ཡོད་ལ་འབྲས་རྟགས་ཡང་རྟགས་ལ་བརྟེན་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཚད་མ་རེ་ཡང་རྒྱུད་ལ་སྐྱེས་ཀི་འདུག ལས་སླ་པོའི་མགོ་སྐོར་འོག་ཏུ་སྡོད་ཀི་མ་རེད། ཁྱོད་ཚོ་ཁོང་ཁྲོ་མ་ཟ་རོགས་བྱོས། རྟོག་གེ་སྨྲ་བ་རེད། ཐབས་ཤེས་མི་འདུག ཤེས་བཞིན་དུ་སོ་སོས་སོ་སོར་མགོ་སྐོར་གཏོང་འདོད་མེད།།
མཚན་ཉིད་མ་ཚང་བའི་སྤྲུལ་སྐུ་ལ་དད་པ་བྱེད་དགོས་པའི་རྒྱུ་མཚན་མེད་ལ་དད་པ་བྱེད་ཡང་མི་སྲིད། སངས་རྒྱས་ཀྱི་ཆོས་གཞུང་ལས་བཤད་པའི་མཆོག་སྤྲུལ་སྐུ་ལ་དད་པ་མེད་ཟེར་ན་་་རྟགས་མ་གྲུབ་ཅེས་ལན་འདེབས་ཡིན།
ཨོ་ཉི་ལགས། ནམ་མཁས་གང་བཤད་པ་ཚང་མ་བཀླགས་པ་མེད་ལ་ལྟས་ཚེ་ཁྱེད་ཀྱི་སེམས་ནང་དོག་པ་རྣམ་རྟོག་ཞིག་རང་ཆས་སུ་ཡོད་པ་འདྲ།དེ་འདྲ་ཡིན་དུས་འདིར་བྲིས་པ་དག་ཀྱང་སེམས་གཏིང་གི་སྐད་ཆ་ཡིན་མིན་ལ་ཐེ་ཚོམ་ཅུང་སྐྱེ་སོང་།ཁྱོད་གང་བཤད་ཚང་མ་ཀློག་ཡ་ལ་སྐྲག་དགོས་ཀྱི་མ་རེད། ནམ་མཁས་ཀྱང་བསམ་ཚུལ་བཤད་པ་རེད།ཁྱོད་ཀྱིས་བསམ་ཚུལ་བཤད་ཀྱི་ཡོད་པ་རེད།མདོར་ན་ང་ཚོ་ཆ་ཚང་གིས་བོད་མི་རིགས་འདི་ཡག་པོ་ཞིག་ཡོང་ན་བསམ་ཡོད་པ་རེད་འདོད།ནོར་ཡོད་ན་དགོངས་དག
མདོ་དོན་་་ད་ལྟའི་བར་དུ་མཆན་བུ་བཏབ་མཁན་སྤྲུལ་སྐུ་ཚོས་ནང་ནས་སྤྲུལ་སྐུའི་མཚན་ཉིད་ཁྱབ་སྒོ་བརྒྱད་ངེས་པ་ཞིག་བཞག་ཐུབ་མཁན་བསླེབས་མ་བྱུང་བ་་་ཡག་རྟགས་རེད་དམ་སྡུག་རྟགས་རེད།
ཅོ་ཉི་ལགས།འདིར་དྲ་ཐོག་ན་འཁྱམས་བཞིན་པའི་སྤྲུལ་སྐུ་གཉིས་མ་གཏོགས་ཕེབས་མེད་པ་འདྲ།གདན་ས་ཁག་གི་སྤྲུལ་སྐུ་ཚོ་འགྲོ་དོན་གྱི་ཆེད་དུ་བྲེལ་འཚུབ་ཡོད་པ་འདྲ།གང་ལྟར་ང་ཚོས་བསམ་ཚུལ་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་གྱི་སྤྲུལ་སྐུ་ཞིག་ཡོད་ས་མ་རེད།ཕལ་ཆེར་ང་ཚོའི་བསམ་ཚུལ་ནོར་མེད་གྲོ་སྙམ་སོང་།
བསྟན་འཛིན་གྱི་སྐྱེ་བོ་ཡིན་ན་བཅུག་ཡིན་མདོག་བྱས། འཛམ་གླིང་འདིའི་ཐོག་ཏུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ལ་ཚན་རིག་པ་དང་ཕྱི་རོལ་པ་སུ་འདྲ་ཞིག་གི་དགག་པ་སླེབས་བྱུང་ནའང་ཁོ་ཚོས་ཕྱོགས་ནས་སྐེ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད་ན་ང་གྲྭ་ལོག་ཞིག་གིས་ངོས་ནས་དམ་བཅའ་མི་ཤོར་བ་གཏན་ཚིགས་རིག་པ་ལ་ཡིད་ཆེས་ཡིད། མཁས་ཆེན་བླ་ཆེན་ཚོ་ཕེབས་མི་དགོས་་་གྲྭ་ལོག་ང་ཚོས་ཀྱང་ཏག་ཏག་བཟོ་ཆོག
གཉིས་པ། སྐྱེ་བ་སྔ་ཕྱི་རེད། འདིའི་ཐོག་ནས་ཤོར་ན་བསྟན་པའི་རུས་རྐང་ཆག་པ་ཡིན། སྤྲུལ་སྐུ་སྐུ་བདག་བརྒྱབ་སྟངས་འདིས་སྐྱེ་བ་སྔ་ཕྱི་ཡོད་པའི་དཔང་རྟགས་ཕན་ཐོགས་ཀྱི་མེད་པར་རྫུན་རྟགས་སྟོན་བསྡད་ཀྱི་ཡོད་ན་སངས་རྒྱས་བསྟན་པ་རྩ་ནས་གཏོར་མཁན་དེ་སུ་ཆགས་བཞིན་འདུག་གམ། ཐུགས་བསམ་བཞེས་རོགས་བྱོས།
རིན་ཆེན་ལགས། སྤྱིའི་ཆ་ནས་གྲྭ་ས་ཁག་གི་མཁས་དབང་རྣམས་པ་དྲ་ཐོག་ཏུ་ཕེབས་ཀྱི་ཡོད་ས་མ་རེད་འདོད། གལ་སྲིད་ཕེབས་བྱུང་ན་ཁོང་རྣམས་པ་དང་བསམ་ཚུལ་མི་མཐུན་པའི་དཀའ་ངལ་ཆེན་པོ་ཅང་ཡོད་ཀྱི་མ་རེད་འདོད། ཁོང་རྣམས་པ་རིག་པའི་རྗེས་འབྲངས་རེད། གཏན་ཚིགས་འགོད་ཆོག་ས་རེད་ལ་རྒྱུ་མཚན་ལེན་ཤེས་མཁན་རེད།
༧ གོང་ས་མཆོག་ནས་ནམ་རྒྱུན་བླ་མ་སྤྲུལ་སྐུའི་ཐོག་བཀའ་སློབ་ཕེབས་པ་བདེན་པ་རེད། ཡིན་ནའང་སྐུ་སྒེར་ཡིག་ཚང་གི་ཡི་གེ་འཁུར་རྒྱུ་ཡོད་མཁན་སྤྲུལ་སྐུ་བསྟན་བཤིག་དེ་འདྲ་ཡང་རེ་རེ་གཉིས་གཉིས་མ་རེད།
སྤྲུལ་སྐུ་རྩལ་མེད་གཏོང་གི་ཡིན་ན་རང་རང་སོ་སོའི་ངོས་ནས་སྤྲུལ་སྐུར་དད་ཞེན་དང་གུས་བཀུར་། སྤྲུལ་སྐུར་འཛིན་པའི་ལྟ་བར་སྒྱུར་བཅོས་གཏོང་དགོས་པ་ཡིན། རང་རང་སྡོད་སའི་ས་གནས་སུ་སྤྲུལ་སྐུ་ཞིག་ཕེབས་འདུག་ཟེར་གོ་བ་དང་སྔོན་དང་པོ་རྒྱུགས་ཤིང་འདིར་སྤྲུ་སྐུར་མ་འགྲིག་མ་འཐུས་པའི་ཁ་རྒྱགས་པ་ཇི་ཙམ་བཤད་ཀྱང་ཕན་དོགས་རྩ་བ་ཉིད་ནས་མེད་དོ།
ཁྱེད་རང་ཚོས་གང་གསུངས་པ་རྣམས་ཁ་ཏ་དྲ་བའི་དྲ་མཛོད་འགེང་རོགས་ལས་ཅི་ཕན། བསམ་ཚུལ་དེ་དག་འདི་ནང་ལྷག་རྒྱུ་རེད། དེ་མིན་ལམ་ལུགས་དེ་བསྒྱུར་བཅོས་དགོས་ཞེས་དངོས་སུ་མཐོན་མཁན་མེད་པ་མིན་ལ། སྒྱུར་བཅོས་འགྲོ་བཞིན་པ་ཡང་ཡིན། ང་རང་ཚོས་བོད་མི་མང་གི་དོན་ལ་བསམ་བཞིན་ཡོད་ན། ལམ་ལུགས་དེ་རྩ་མེད་དུ་འགྲོ་མི་འདོད་དེ། མི་མང་གང་ཙམ་ཞིག་ལ་ཕན་ཐོག་ནས་ཡོད་པའི་ཕྱིར། དེ་ནས་དེ་ལའང་དབུ་མའི་ལམ་ཞིག་དགོས་འདུག གང་ལྟར་རང་ཕྱོགས་སམ་སྒེར་ངོས་ནས་ལག་ལེན་དགོས་ཞེས་པ་ཡིན། བཙན་ནག་པས་གསུངས་པ་བཞིན། རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་འགྱུར་བ་བཞིན་རེད། དེས་དྲ་མཛོད་འགེང་རོགས་རང་རེད།
སྤྲུལ་སྐུ་ལམ་ལུགས་འདི་ཀརྨ་སྐུ་ཕྲེང་དང་པོ་ནས་བཟུང་ཡོད་དགོས་རྒྱུ་ཞིག་མ་རེད། བོད་ཀྱི་སིལ་བར་ཐོར་བའི་སྲིད་དེ་ནས་ཉམས་པ་མ་ཟད་ཧོར་ཆེན་པོའི་མངའ་ཐང་ཡང་དེ་ལ་བརྟེན་ནས་ཉམས། སྤྲུལ་སྐུ་ལ་དགོས་པ་མེད་པ་སངས་རྒྱས་ཀྱིས་མཁྱེན་ལ་ཙོང་ཁ་བས་ཀྱང་མཁྱེན། དེའི་ཕྱིར་རྒྱ་ནག་རྒྱལ་བོའི་བོད་ཀྱི་ཆོས་ལུགས་ནི་སྤྲུལ་སྐུ་ཆོས་ལུགས་སྟེ་སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་པའི་ལོག་ཆོས་ཤིག་ཏུ་ངོས་བཟུང་ནས་བོད་སོག་ལ་དབང་བསྒྱུར་གྱི་ལག་ཆ་ཙམ་དུ་བེད་སྤྱོད་བྱས་པ་ཙམ་ལས་དད་པ་བྱས་མེད། རྒྱ་ནག་རྒྱལ་བོའི་བླ་མའི་རྣམ་བཤད་ནང་དུ་ལྟོས། བྱིས་པའི་རྩེད་སྤྱད་དང་འདྲ་བའི་སྤྲུལ་སྐུ་ལམ་ལུགས་འདི་འཛམ་གླིང་མི་མང་སྔོན་དུ་ལྷག་པ་ནང་བ་ཆོས་ལུགས་པའི་མདུན་དུ་མིག་སྟོན་ཞིག་རེད། ངོ་རེ་ཚ།
དེ་ཕྱིར་མཐུ་ལྡན་ཞིག་གིས་རྩ་མེད་དུ་བཟོ་དགོས།
འཆར་གཞི་དང་གོ་རིམ་མེད་པའི་སྐད་ཆ། སྔོན་ལ་མི་རབས་རྒན་པ་དག་ལ་བསམ་བློ་དེ་མེད་པ་བཟོ་དགོས།
བྱས་གཙང་རྒན་པ་ཚོའི་ངོར་བསམ་བློ་དེ་རྩ་མེད་བཟོ་བ་དང་དེ་མུར་བཞག་པ་གཉིས་གང་ཕན་ཚབས་ཆེ་མིན་བསམ་དགོས། བོད་ནི་མེས་པོ་རྒན་པ་ཚོ་ལས་ཡུན་རིང་བ་གནས་ཐུབ། དགག་རྩ་མེས་པོ་རྒན་པོ་དང་དད་ཞེན་ཡོད་པ་ཚོ་བློ་འཕམ་བཅུག་གམ། ཡང་ན་ཁོང་ཚོའི་ཆེད་དུ་འགྲོ་མཁས་སྡོད་མཁས་ཞིག་ཡོད་དམ། ཡང་ན་ཁོང་ཚོར་མ་ནས་དགོངས་པ་བཞེད་མི་དགོས་སམ། བོད་ཟེར་བ་བོད་མི་ལ་རྟེན་ནས་གྲུབ་པ་ཡིན་དུས། སྤྱི་སེམས་ཡོད་མཁན་ཞིག་ཡིན་ན་ནང་མཐུན་སྒྲིལ་གལ་ཆེ། དེར་རྟེན་གཅིག་གྲོགས་གཅིག་རྒྱབ་དང་། གཅིག་རྒྱབ་གཅིག་ལངས་གལ་ཆེ་བ་ཡིན་དུས། ངོ་ཚ་ནས་སྡོད་དགོས་སམ། དེ་ལ་དགེ་ཕན་ཞིག་མཐོང་ངམ།
ཡང་ད་ལྟ་ང་ཚོ་གོང་བུ་གཅིག་དུ་གནས་ཐུབ་པ་གང་ལ་ཐུག་འདུག མང་པོ་ཞིག་ནས་༧གོང་ས་མཆོག་མེད་ན་བོད་པ་ཚང་ལྟས་མོ་ཡོང་གསུངས་མཁན་མི་འདུག་གམ། དེས་གང་ཟེར་ཀྱི་ཡོད། ང་ཚོ་དུས་ནམ་ཡང་བོད་མི་རིགས་ལ་ཤ་ཚ་བ་དགོས། དེ་ནས་མགོ་འཛུགས་ཀྱིས་ལེགས་སྤེལ་ཉེས་འགོག་གནང་དགོས་པ་མ་རེད་དམ། ཤ་ཚ་བ་ཞེས་པ་ཁོང་ལ་ཤ་བཅུས་རྒྱག་ན་ང་ལ་ཚ་བའི་ཚོར་བ་གཏེར་བ་ལྟར་ལ་ཟེར། དེ་ལྟར་ཞིག་དགོས་པ་ལས་སྐབས་ཐོག་ཚོར་བ་རྣོན་པོས་གང་ཡང་མི་ཕན།
བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་འདི་མེད་པའམ་བསྒྱུར་བཅོས་གཏོང་དགོས་པའི་བྲེལ་ཤ་ལངས་དགོས་པ་མ་རེད། དུས་རབས་དང་མི་རབས་ཀྱིས་སྤྲུལ་སྐུའི་མིང་འཛིན་པ་འགའི་བྱ་སྤྱོད་ངོ་མས་གནའ་སྔ་མོ་ལྟ་བུ་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་བྱེད་མི་ཐུབ་ལ། ལྷག་པར་དུ་བྱིས་པ་ལྷ་སྐུ་བཟོ་བའི་ལམ་ལུགས་འདིའི་འོག་ནས་དབང་འཛིན་དང་དཀོར་རྫས་བདག་འཛིན་བྱེད་པའི་ལམ་ལུགས་རྒྱ་བསྐྱེད་གཏོང་བཞིན་པའི་མཛད་སྤྱོད་འདིས། བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་དུ་སྐྱེ་བ་བླངས་པ་ཞིག་ཡིན་ཚོད་མ་རེད། བྱས་ཙང་དུས་རབས་དང་མི་རབས་ལ་མི་བསྟུན་པའི་མཛད་སྤྱོད་འོག་ན་མེད་པ་དེས་རང་ཉིད་ཀྱིས་རང་ཉིད་མེད་པ་བཟོ་རྒྱུ་དེ་རེད་དོ།
དེང་སང་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་དང་། བོད་མི་རིགས་ནང་ཁུལ་དུ་སྤྲུལ་སྐུའི་ལུགས་སྲོལ་ལ་དགག་པ་བརྒྱབ་མཁན་ཉིན་རེ་བཞིན་དུ་ཇེ་མང་འགྲོ་གི་་ཡོད་པས། སྔ་གཞུག་ཙམ་མ་གཏོགས་ཡུན་གྱིས་ནུབ་འགྲོ་གི་རེད་ཅེས་ལབ་ན་བརྒྱ་ཆའི་བརྒྱ་ཐམ་པ་དོན་ཐོག་ཏུ་འཁེལ་ངེས་འདྲ།དམངས་གཙོའི་ལས་འགུལ་གྱི་འོག་ཏུ་རྒྱལ་བོའི་ལམ་ལུགས་དང་དམར་ཕྱོགས་སོགས་ལམ་ལུགས་མང་བོ་རྩ་མེད་དུ་སོང་བར་གཞིགས་ཚེ། བསམ་བློའི་འགྱུར་ལྡོག་གི་རྦ་རླབས་དྲག་ཏུ་འཕྱོ་བཞིན་པའི་སྒང་འདིར། དུས་ཡུན་རིང་བོར་སྲ་མཁྲེགས་སུ་གནས་པའི་ཆབ་སྲིད་དང་རིག་གཞུང་གི་གྱང་རྭ་གློ་བུར་དུ་འཇིག་འགྲོ་བཞིན་ཡོད་སྟབས། མི་མང་གིས་རོགས་སྐྱོར་དང་བྲལ་ན་དེ་དག་གང་ཡང་གནས་མི་ཐུབ་པར་གྱུར།
སྤྱི་ཚོགས་ཀྱི་འགྱུར་ལྡོག་མང་ཆེ་ཤོས་ཞིག་ཐོག་མར་ཤེས་ཡོན་ཅན་ཚོས་འགོ་བརྩམས་ནས་རྗེས་སུ་མི་ཚང་མ་དེའི་ནང་དུ་འཛུལ་གྱི་ཡོད། དེས་ན་བོད་མི་རིགས་ཀྱི་ནང་ཁུལ་ནས་སྤྲུལ་སྐུའི་ལུགས་སྲོལ་ལ་དགག་པ་བརྒྱབ་མཁན་མང་ཆེ་ཤོས་ཤིག་ནི་སློབ་གྲྭ་ཆེན་མོ་དང་གྲྭ་སར་ཕྱིན་པའི་ཤེས་ཡོན་ཅན་རྐྱང་རྐྱང་དང་། དེར་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་བཞི་པོ་ནི། ཤེས་ཡོན་ཆུང་བའི་བོད་ཀྱི་ཞིང་འབྲོག་རྣམས་དང་། ཆོས་ཀྱི་གོ་རྟོགས་དམའ་བའི་གྲྭ་བ་ཚོ། སྤྲུལ་སྐུ་རྣམ་པ། རྒྱ་ནག་གུང་ཁྲན་ཏང་བཅས་ཡིན་ཞིང་། དེ་ཚོ་རེ་རེར་ཀུན་སློང་དང་རྒྱུ་མཚན་མི་འདྲ་བ་ཡོད་པ་རེད།
ཕྲན་ནི་མི་ཐ་མལ་བ་ཞིག་ཡིན་པས། སྤྲུལ་སྐུའི་ལུགས་སྲོལ་འདི་རང་ངོས་ནས་བཟང་ངན་གང་དུའང་ཐག་གཅོད་པའི་བསམ་ཚུལ་དང་སྤོབས་པ་གཉིས་ཀ་མེད། འོན་ཀྱང་སྤྲུལ་སྐུའི་ལུགས་སྲོལ་འདི་མ་མཐའ་འང་དུས་རབས་གཅིག་ལ་གནས་ཤས་ཆེ་བས། ཉིན་མོ་གཅིག་ལ་ས་སྟེང་ནས་མེད་པར་གྱུར་མི་འགྲོ་བར་ངེས་པས། འདི་ལ་བསྒྱུར་བཅོས་ཅུང་བཏང་ན་ལེགས་སམ། དེ་ནི་དགོན་པ་གཅིག་ལ་མཚོན་ན་དགོན་བདག་དེ་སྤྲུལ་སྐུ་ཡིན་མིན་ལ་མི་ལྟོས་པར། བླ་མ་དགུང་ལོ་ནར་སོན་ཞིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་འདེམས་བསྐོས་བྱེད་རྒྱུ་གཙོ་བོར་བཟུང་ན་རྙོག་དྲྭ་མང་བོ་ངང་ཤུགས་ཀྱིས་ཡལ་འགྲོ་གི་རེད། དེ་ནས་བཟུང་སྤྲུལ་སྐུ་ཚོ་ལ་དད་པ་བྱེད་མི་བྱེད་རང་དབང་དུ་འགྱུར་བ་ལས། ཚོགས་པ་ཞིག་གིས་མི་ཞིག་ཡར་ཁྲི་ཐོག་ཏུ་བཞག་ནས་འདི་ང་ཚོའི་བསྟན་བདག་གོང་མའི་ཡང་སྲིད་ཡིན་པས། ད་ནས་བཟུང་ཞིང་ཁོང་ལ་དད་གུས་བྱེད་ཅིང་རྩ་བའི་བླ་མར་བཀུར་དགོས་ཞེས་བཙན་དབང་བྱེད་སྲོལ་མེད་འོང་གི་རེད་སྙམ།
སྤྲུལ་སྐུ་ཚོ་སྐྱིད་པོ་རེད། ལས་ཀ་བྱེད་དགོས་གི་མི་འདུག ཟ་ཡ་དང་འཐུང་ཡ་མ་གཏོགས་ལས་འགན་གང་ཡང་མི་འདུག
སྤྲུལ་སྐུ་ཞིག་ཏུ་གྱུར་སོང་ན་རླུང་རྟ་རྒྱུག་པ་རེད
ཀོ་ཅི་ཀོ་ཅི་དྲ་གྲོགས་མགོ་ཡངས་ཚོ།།
ཁོ་བོའི་རིག་འཛིན་བརྡ་ཡིག་ཅུང་ཟད་འབྲི།།
གོ་ལ་མ་གོ་ཚོས་ལ་མ་ཚོས་ལ།།
ངོ་ཚ་མེད་པའི་འཆལ་གཏམ་མང་ཐ་པ།།
ཅོ་ཏོ་བྲེག་པའི་གྲྭ་བ་གྲྭ་ལོག་འགའ།།
ཆོ་མེད་མདོ་མེད་བཤད་རྒྱུ་མང་ཐ་པ།།
ཇོ་མོ་སྟུ་ལ་ཨ་ཁུ་སྟོན་པའི་མཇེ།།
ཉོ་ཆ་བཟེད་པའི་ཉིན་ཞིག་ཤར་ཡོང་ངོ་།།
སྤྲུལ་སྐུ་ལ་དད་པ་ཡོད་མཁན་དང་མེད་མཁན་ཟེར་ན་ང་ནི་དད་པ་ཡོད་མཁན་གྱི་ཾཁོངས་སུ་གཏོགས། སྤྲུལ་སྐུའི་ངོས་འཛིན་གྱི་ལམ་ལུགས་དད་པ་ཡོད་་མེད་ཟེར་ན་དད་པ་བྱིས་པའི་འབུ་ལི་ཙམ་ཡང་མེད། གུས་པ་ཡང་མེད། དགའ་བ་ཡང་མེད། དིང་སང་ནོར་བུ་རྒྱལ་མཚན་དང་། མཐའ་ཡས་རྡོ་རྗེ་ལ་བོད་པ་དག་གིས་དགྲ་རུ་བལྟ་ཞིང་ཁ་རྡུང་བཏང་དང་གཏོང་བ་འདི་དག་སྤྲུལ་སྐུའི་ལམ་ལུགས་ངན་པ་འདི་ལས་བྱུང་། དོན་ལ་ཁོང་གཉིས་པཎ་ཆེན་དང་ཀརྨ་པའི་ཡང་སྲིད་མིན་པ་སུས་ཤེས།
དོན་ལ་སྤྲུལ་སྐུའི་ངོས་འཛིན་གྱི་ལམ་ལུགས་འདི་དགྲ་འདུལ་གཉེན་གྱི་ལས་གཅིག་ལས་གཞན་གང་ཡང་མིན།
སྤྲུལ་སྐུ་ནི། པདྨའི་མཚོ་རུ་ངང་པ་ལྟར།། མནར་མེད་པར་ཡང་འཇུག་པར་འགྱུར།། ཞེས་པ་ལྟར་དགོས། དིང་སང་གི་འདི་ཚོ་གཞན་དོན་དུ་མནར་མེད་ལ་འགྲོ་ཐུབ་པ་དང་འགྲོ་མཁན་འདུག་གེ ག་རེའི་མནར་མེད། ཟས་ཞིམ་ཤོས། གོས་ལེགས་ཤོས། བུད་མེད་མཛེས་ཤོས། ཁང་པ་ཡག་ཤོས། སོགས་ཡག་རི་ཡག་ཚད་ལས་གཞན་ལ་གསོན་མི་ཐུབ་པ་འདིས་ཤེས་སོ།།
ཡང་མདོ་སྡེ་རྒྱན་ལས། སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས།།
འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི།། ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད།།ཅེས་པ་འདི་འདྲ་དགོས་རེད། དིང་སང་གི་འདི་ཚོ་ལ་ཉོན་མོངས་གིས་མ་གོས་པ་རེད་འདུག་གམ། ཧ་ཧ། དཔེར་ན་ཨོ་ཉི་ལ་ལྟོས་དང་། འབྱོར་རྒུད་ཅིག་གིས་རང་གི་མཆེད་གྲོགས་དང་བླ་མ་དག་ལ་ཚད་མེད་པའི་ཡ་ག་སྒྲོགས་ནས་གཞན་སེམས་དཀྲུག་པ་འདིས་མཚོན། སྡེ་དང་སྡེ་དཀྲུག ག ིག་འོག་གཅིག་མ་བསྒུར། ཚིག་མཐོ་དམན་ཙམ་གྱིས་བཞིན་བསྡུས། གདན་མཐོ་དམན་ཙམ་གྱིས་སྨིན་མ་གཡོ། ད་འདི་ཚོ་ལ་ལྟ་རྒྱུ་ཅི་འདུག ན་རྒྱུ་ནི་འདྲ་འདུག སྐྱིད་པོ་འདོད་འདུག མཇེ་ནི་ལངས་འདུག སྟུ་དང་རྐུབ་ལ་ནི་བཅུག་འདུག ཆང་འཐུང་གི རྫུན་ཤོག་གི རྐུན་མ་རྐུ་གི ཕྲ་མ་བྱེད་གི ང་རྒྱལ་མཐོ་གི ཚིག་རྩུབ་ནི་རྣོ་གི བརྣབ་དང་གནོད་སེམས་ནི་འབུར་གི ང་ཚོ་འདྲ་གི
ད་འོ་ན་དེ་ཁྱོད་ཀྱི་ལོག་རྟོག་རེད། དོན་ལ་དག་པ་རབ་འབྱམས་སོ་ཟེར་ན། མཐའ་ཡས་རྡོ་རྗེ་རྫུན་དང་རྡ་སའི་ཀརྨ་ངོ་མ་ཡིན་སྟངས་ཞོག ནོར་བུ་རྒྱལ་མཚན་རྫུན་མ་དང་ཆོས་ཀྱི་རྒྱལ་མཚན་ངོ་མ་ཡི་སྟངས་ཤོད་རོགས། མའོ་བདུད་དང་༧གོང་ས་སྤྱན་རས་གཟིགས་ཡི་་ལུགས་གང་འདྲ་རེད།
ང་ཆུང་དུས་སུ་སྤྲུལ་སྐུའི་མིང་ཁུར་ཚད་ཚང་མ་འཕགས་པའི་སྐྱེས་བུ་རེད་སྙམ་ནས་དད་པ་བྱེད་ཀྱི་ཡོད་མོད། རང་ལོ་ཉི་ཤུ་ཡས་མས་སུ་སླེབས་སྐབས་སུ་སྤྲུལ་སྐུ་མང་བོ་ཞིག་དང་མཉམ་འགྲོག་བྱེད་པའི་གོ་སྐབས་བྱུང་ཤིང་། སྐབས་དེར་སྤྲུལ་སྐུ་མང་ཆེ་ཤོས་མཁས་བཙུན་བཟང་གསུམ་དང་ལུང་རྟོགས་ཀྱི་ཡོན་ཏན་ཆེན་པོ་མེད་པའི་ཁར། ང་རྒྱལ་ཆེ་ཞིང་མི་ཚང་མ་གཡོག་པོར་བཀོལ་རྒྱུར་ཐུགས་དགྱེས་མཁན། འཆི་གྲབས་ཡོད་པའི་ནད་པ་བཞིན་དུ་ཇ་བསྐོལ་བ་དང་ཁ་ལག་བཟོ་བ་ཕར་ཞོག །ག་དུས་ཡིན་ན་ཕར་ཞབས་ཕྱི་ཞུ་དགོས་ས་རྐྱང་རྐྱང་དུ་མཐོང་།
རྒྱལ་ཁབ་གཞན་གྱི་ཕྱུག་པོ་མང་ཆེ་ཤོས་ནི་ཚོང་བ་ཚ་ཡིན་ལ། གཞན་ལ་བསྡུར་ཚེ། གློག་བརྙན་འཁྲབ་མཁན་དང་། སྨན་པ། ཁྲིམས་རྩོད་པ་ཚོ་ལ་ཟླ་ཕོགས་མི་ཉུང་བ་ཡོད། སྨན་པ་ཚོའི་ནང་ལ་ལོ་རེར་ཨ་སྒོར་ས་ཡ་ཁ་ཤས་བཟོ་མཁན་མང་བོ་འདུག །བོད་པའི་ནང་ཁུལ་ལ་གྲལ་རིམ་གཅིག་ལ་གཞིར་བཞག་ན་སྒོར་མོ་བཟོ་མཁན་དྲག་ཤོས་དེ་ཕལ་ཆེར་སྤྲུལ་སྐུ་རྣམས་ཡིན་ངེས།
གནའ་སྔ་མོ་ནས་ཁྱིམ་ཚང་ཕྱུག་པོ་དང་ཁ་དྲག་དབང་ཐང་ཅན་ལ་སྤྲུལ་སྐུ་འཁྲུངས་སྲོལ་ཞིག་དར་ཡོད་པས། མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ། །བླ་མ་ཕལ་ཆེར་ཕྱུག་པོའི་ཁྱིམ་ལ་འཁྲུངས། །ཟེར་བའི་ཁ་དཔེ་བྱུང་། ད་ནི་ཁ་དཔེ་འདིའི་ཚིག་ཕྲེང་འོག་མ་དེ། བླ་མ་ཕལ་ཆེར་བླ་མའི་ཁྱིམ་ལ་འཁྲུངས། །ཞེས་ཁ་བསྒྱུར་ན་འགྲིག་མདོག་ཁ་བོ་མི་འདུག་གམ།
མཆན། ༡༩༦འགྲིག་འདུག
དེ་ག་རང་རེད། ཕ་བླ་མ་རྡོར་རྗེ་འཆང། མ་མཁའ་འགྲོ་ཕྱག་རྒྱ་མ། བུ་སྤྲུལ་སྐུ། ཚ་བོ་སྤྲུལ་སྐུ། བུ་མོ་མཁའ་འགྲོ། ཚ་མོ་མཁའ་འགྲོ། སྒོ་ཁྱི་ཡང་ལྷ། གཉེན་ཚན་ཀུན་ཕྱུག་པོ། སྤྲུལ་སྐུ་མཁའ་འགྲོ་ཐམས་ཅད་ནུབ་ཕྱོགས་སུ། དགོན་པ་བཞེངས་དགོས་རབས། དྭ་ཕྲུག་གསོ་དགོས་རབས། རྒན་ཁོག་གསོ་དགོས་རབས། གྲྭ་བ་གསོ་དགོས་རབས། ཕུང་གསུམ་པ་དེ་ཡི་རིགས་མི་དགོས་ངེས་ཅན་ཡིན།
སྤྱིར་སྐུ་ཡག་པོ་དང་མཁས་བཙུན་བཟང་གསུམ་འཛོམས་མཁན་ཡོད་ན། དེ་ལ་ང་ཚོས་ཀྱང་བརྩི་བཀུར་བྱེད་དགོས་མོད། འོན་ཀྱང་དེང་སང་སྤྲུལ་སྐུ་ཕལ་ཆེར་གྱི་སེམས་སུ་མི་ལ་སྙིང་རྗེ་དང་བྱམས་སེམས་མེད་པར་མ་ཟད། མི་ཚང་གཉོམ་ཆུང་དང་མི་གཉོམ་ཆུང་དཔལ་འབྱོར་མེད་མཁན་ཚོའི་ཐོག་ལ་མཐོང་ཆུང་བྱེད་རྐྱང་རེད།
གལ་སྲིད་མི་ཚང་གཉོམ་ཆུང་ཞིག་གིས་ཁྱིམ་ཚང་ལ་བསྔོ་ཞིག་གསུང་གི་ཕེབས་རོགས་ཅེས་ཞུས་ན་ཡང་དངུལ་མང་པོ་འབུལ་རྒྱུ་མེད་པས་ཕྱག་མཛོད་དང་འཁོར་གཡོག་ཚང་མས་སྤྲུལ་སྐུ་ཁོམ་པ་མི་འདུག་གཞན་ཞིག་ལ་ཕེབས་དགོས་ཀྱི་འདུག་ཟེར་ནས་མི་གཉོམ་ཆུང་དེའི་སེམས་ལ་ཆུ་འཁྱག་བླུག་གི་ཡོད།སྤྲུལ་སྐུ་གསུངས་བའི་བསྔོ་བ་ལ་ནུས་པ་ཡོད་མེད་ཕར་བཞག་ཞོག་ད་རུང་དངུལ་གྱི་མང་ཉུང་སོགས་ལྟས་ནས་བསྔོ་འགྲོ་གི་ཡོད།འདི་དག་ཚང་མ་སྙིང་རྗེ་ཡི་བདག་ཉིད་ཅན་སྟོན་པའི་གསུངས་དང་མཐུན་གི་ཡོད་དམ། སྟོན་པའི་གསུང་དང་ལྡོག་ཕྱོགས་རྐྱང་ལས་ཀྱི་ཡོད་པས་བསྒྱུར་བཅོས་དང་ཡང་ན་མེད་པ་བཟོས་ན་ཞེས་མི་ཚང་མས་བཤད་ཀྱི་ཡོད།
དེ་རིང་དགོང་མོར་། སྤྲུལ་སྐུ་ཞིག་དང་ལྷན་དུ་བུ་མོ་ཞིག་ལ་བཞེས་ལག་ཅིག་ཕུལ་བ་ཡིན།
བླ་མ་དང་སྤྲུལ་སྐུ་ལམ་ལུགས་འདིས་བོད་མི་ཕལ་པ་ཚོར་སྡུག་ལས་སྐོལ་རྒྱུ་དེ་རེད། བླ་སྤྲུལ་ཚོས་མི་དམངས་ཀྱི་ཁྲག་དང་མངུལ་ཆུ་ལས་གྲུབ་པའི་དངོས་འབྱོར་རྣམས་སྤྱོད་ནས་ཟ་དགའ་སྐྱིད་ཉལ་གྱིས་རང་ཉིད་ལ་དགེ་བའི་ཉམས་རྟོགས་གི་ཆ་ཕྲ་མོ་ཙམ་མེད་ཀྱང་མིའི་ཆོས་བླ་མའི་རྫུན་རྐྱང་རྐྱང་གིས་མི་ལ་མགོ་སྐོར་བཏང་བཞིན་པ་དེ་བསྒྱུར་བཅོས་ཞིག་ངེས་པར་དུ་དགོས་པའི་དུས་ལ་སླེབས་འདུག།
བོད་པའི་སྤྲུལ་སྐུ་ཡོངས་རྫོགས་གྲྭ་བ་ཚོ་དང་སྡུར་ན་རྒྱུ་དང་འབྱོར་བ་ཆེ་བ་ཡོད་པ་དེ་ག་རེ་ཡིན་ནམ།
མི་དམངས་ཚོས་ནང་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བསགས་པའི་ཡོང་སྒོ་རྣམས་དད་པ་དང་གུས་པས་ང་ཚོའི་སྤྲུལ་སྐུ་རྣམ་པར་འབུལ་བཞིན་ཡོད་ལ། སྤྲུལ་སྐུ་མང་ཆེ་བར་བླ་བྲང་ཡོད་ལ་ཕྱགས་མཛོད་དང་ཞབས་ཞུ་བའི་མིང་བཏགས་པའི་གཡོག་པོ་རེ་ཉར་ཡོད། འོ་ན་ཁོང་ཚོས་རྒྱབ་ལོག་ནཅི་ཞིག་ལ་བྲེལ་བཞིན་ཡོད་དམ།
མཁས་བཙུན་བཟང་གསུམ་གྱི་ཆ་ནས་སྤྲུལ་སྐུ་མང་ཆེ་བ་གྲྭ་རྐྱང་ཚོ་དང་སྡུར་ཐབས་མི་འདུག
ཁོང་ཚོས་ཅི་ཞིག་ལ་གྲྭ་བ་ཁ་ཤས་ཀྱི་སློབ་སྦྱོང་གི་གོ་སྐབས་ཕྲོགས་ཏེ་གཡོག་པོར་ཉར་ཡོད་རེད།
ཁོང་ཚོས་སོ་སོའི་ཁ་ལག་ཡང་བཟོད་མི་ཐུབ་པ་དེ་འདྲའི་ག་རེ་རེད།
ཁོང་ཚོས་སློབ་སྦྱོང་ནི་ཡག་པོ་གནང་གི་མི་འདུག
སེམས་ཅན་གྱི་དོན་ལ་མ་ཁོམ་པ་ནི་མ་རེད།
འོ་ན་གཡོག་པོ་ཉར་དགོས་པའི་རྒྱུ་མཚན་ག་རེ་རེད། ཁྱོན་ནས་མགོ་ཚོས་མ་སོང་།
ཚེ་སྔོན་ལས་དང་ཕྱི་མའི་དོན་མཁྱེན་ཡང་། །
སྐྱེ་བ་འདི་ཡི་རང་གི་མ་འོངས་ལས། །
ཅི་འབྱུང་བདེ་སྡུག་སོགས་ལ་ཆ་མེད་པ། །
ཀྱེ་མ་སྤྲུལ་སྐུ་འདི་རྣམས་ཡ་རེ་མཚན། །
གཞན་དག་ཚེ་ལས་འདས་རྗེས་རྣམ་པར་ཤེས། །
དག་པའི་ཞིང་དུ་བདེ་བར་དྲངས་ན་ཡང་། །
རང་ཉིད་མ་དག་འཁོར་བའི་འཇིག་རྟེན་དུ། །
དུས་ཀྱི་མཇུག་མཐར་སྡོད་པ་ཡ་རེ་མཚན། །
རང་གི་ནང་ཆ་རང་ལ་གསལ་ན་ཡང་། །
གཞན་གྱི་མིག་སྔར་ཡོད་མདོག་བསྟན་པ་ནི། །
འཕྲུལ་སྣང་མ་རིག་བག་ཆགས་མེ་ལོང་ངོར། །
གཟུགས་ཤར་བདེན་དུ་འཛིན་པ་ཡ་རེ་མཚན། །
འཕྲུལ་སྣང་་་་་་འཁྲུལ་སྣང་ལ་བཅོས་པ་ཡིན།
ཁྱོད་ཚོས་སྤྲུལ་སྐུ་ཚོར་སྐྱོན་རྗོད་མ་བྱེད་རོགས། དེ་ལས་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་རྒྱུན་ལམ་ལུགས་ལ་སྐྱོན་རྗོདཔར་རིགས
ངན་སོང་འགྲོ་ཁར་སྤྲུལ་སྐུར་སྐྱེ།།
ཀྱེ་མ་མ་མ་སྙིང་རེ་རྗེ།།
༢༠༣༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༤ གི་ཆུ་ཚོད་ ༢༠ སྐར་མ་ ༤༧
ཁྱོད་ཚོས་སྤྲུལ་སྐུ་ཚོར་སྐྱོན་རྗོད་མ་བྱེད་རོགས། དེ་ལས་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་རྒྱུན་ལམ་ལུགས་ལ་སྐྱོན་རྗོདཔར་རིགས ་་་་་་་་་་་་་ཟེར།
ཨོ་རྒྱན་ཉི་མ་འདི་བཀའ་རྒྱུད་པའི་ཡུག་ས་མ་ཞིག་གི་མག་པ་ཐེབས་ཆགས་ཤིག་བྱེད་རྒྱུ་རག་དུས། ཀརྨ་པ་ལ་བསྟོད་ཅི་ཐུབ་བྱེད་པ་དེ་ནི་མོ་ངོ་བསུང་པ་ཙམ་རེད
སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་ན། ད་ཡོད་ཀྱི་དགོན་པ་ཆེ་ཆུང་སུ་ཞིག་གིས་ངོས་ལེན་ཡོད་པའི་སྤྲུལ་སྐུ་ཡིནའང་རང་སར་བཞག ལོ་འདི་ནས་བཟུང་བརྒྱུད་རིམ་འདི་ལྟ་བུ་མ་བྱུང་བར་སྤྲུལ་སྐུར་ངོས་འཛིན་མི་ཆོག་ཅེས་ནང་གི་བཅའ་ཁྲིམས་གསལ་བོ་ཞིག་བཟོས་ན་དེ་མི་རུང་བ་མེད། ཡང་ཨོ་ཉི་ལགས་ཀྱིས་ཀརྨ་པ་ལྟ་བུའི་སྤྲུལ་སྐུ་ཆེན་པོ་ཞིག་ལས་མི་དགོས་ཟེར་ན་དགོན་སྡེ་ཆུང་རིགས་ལ་བརྙས་བཅོས་བཏང་བ་ཡིན་པས་ངོ་རྒོལ་ངེས་པར་ཡོང་། སྤྲུལ་སྐུ་ཆུང་བ་དེ་ཚོའང་དཔལ་འབྱོར་གྱི་ཁ་སྟབས་ཆེན་པོ་རྣམ་དང་མི་འདྲ་བ་ལས། རང་གི་མི་སེར་དང་སྡེ་བའི་ངོས་ན་རྡོ་རྗེ་འཆང་དུ་བརྩི་རྒྱུ་རེད། ཁ་དཔེ་ལ། གཞན་གྱི་བླ་ཆེན་འབྲུག་རེད། རང་གི་ལ་མ་གསེར་རེད། ས་སྟེང་བླ་མ་རྩ་རེད། རྩ་བའི་བླ་མ་སྙིང་རེད། ཅེས་དགོས་པ་གལ་ཆེན་ལ་ཐུག་དུས་གྲགས་ཅན་གྱི་བླ་ཆེན་བླ་མ་བརྒྱ་ལས་རང་གི་བླ་མ་གཙོ་བོར་བྱེད་པ་འདི་བོད་པའི་སྲོལ་ལུགས་ཤིག་རེད། སྤྲུལ་སྐུ་ངོས་འཛིན་ལུགས་ཀྱི་བརྒྱུད་རིམ་དེ་གཙོ་སྐྱོང་མཁན་ཡང་ཆོས་རྒྱུན་སོ་སོའི་བླ་མ་གཞིར་བཞག གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་ས་སྐྱ་གོང་མ་སོགས་རྩོད་པ་མེད་པའི་བླ་ཆེན་རྣམས་ཀྱིས་གཙོ་སྐྱོང་འོག་ཡོད་པ་ཞིག་ཡིན་དགོས་པར་སེམ། ཕྲན་ལྟ་བུ་དཔེ་ཆ་འཕུར་ཤེས་ཙམ་དང་། ཡི་གེ་འབྲི་ཤེས་ཙམ་ལས་མངོན་ཤེས་ཕྲ་མོ་མེད་མཁན་ཚོར་འདི་ལྟ་བུའི་གལ་ཆེན་གྱི་བྱ་ལ་གླེང་པའི་འོས་བབས་ཀྱང་མེད་པས་ནོར་འཁྲུལ་ཅི་ཡོད་བཟོད་པར་གསོལ་ལོ། །
་བོད་ཀྱི་སྤྲུལ་རྫུན་བཟོ་བའི་ལུགས་ངན་དེ་སུས་མེད་པར་བཟོ་ཐུབ་ན་རྗེས་སུ་ཡིད་རུངས་ཡོད།
དེ་ནི་ནང་ཆོས་ལ་ཕན་པ་ལས་གནོད་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་མིག་ལྡན་ཀུན་ཀྱིས་མཐོང་གསལ་ལྟར་རེད།ཡིན་ན་ཡང་སྔོན་དུ་བཟོ་ཟིན་པ་རྣམས་ནི་རང་སོར་བཞག་ན་ལེགས་ཤོས་རེད། ཕྱིན་ཆད་དེ་འདྲ་མི་ཡོང་བར་བཀག་འགོག་དང་བཀའ་གྲོས་གནང་དགོས།
ནང་ལ་ཡོན་ཏན་མེད་པའི།།ཕྱི་ཚུལ་བྱེད་རྒྱུ་མང་བ།།ཝ་སྐྱེ་སེང་གེའི་བརྟུལ་ཞུགས།
བོད་པ་ཚང་གི་སྤྲུལ་རྫུན།།འབངས་ཀྱི་སྡིག་སྡུག་ཤེས་ན།།རྒྱས་སྤྲོ་དེ་འདྲ་མ་གནང་།།
ཁྲག་དང་རྔལ་ཆུའི་ཐིགས་པས།།ཁྱོད་ཀྱི་བཞུགས་ཁྲི་བརླུན་ཡོད།།
སྔར་ཡོད་རང་སོར་འཇོག་དགོས་ན་ཞབས་འདྲེན་ཞུ་མཁན་དེ་ཚོ་འབྱུང་འགྱུར་ཞིག་རེད་དམ།
སྤྱིར་རྫུན་ལབ་པ་འདི་མི་དགེ་བ་བཅུའི་ཁོངས་སུ་གཏོགས་ཀྱི་ཡོད་པས་ཡག་པོ་མེད་ཅིང་། ཐེག་ཆེན་གྱི་སྐབས་སུ་དགོས་དབང་གིས་ལུས་ངག་གི་མི་དགེ་བ་སྤྱད་རུང་བར་གསུངས་པ་ནི་དམིགས་བསལ་ཡིན། ལྷག་ཏུ་གྲྭ་བ་རབ་བྱུང་བ་ཞིག་ཡིན་ཚེ་མི་ཆོས་བླ་མའི་རྫུན་སྨྲས་ན་མི་ཚངས་སྤྱོད་པ་བཞིན་དུ་སྡོམ་པ་ཉམས་ཀྱི་ཡོད་པས། བོད་ཀྱི་བླ་མ་མང་བོ་ཞིག་གིས་ཕྱི་ངུར་སྨྲིག་གི་རྒྱལ་མཚན་ཐོགས་བཞིན་དུ་སྤྲུལ་སྐུ་ངོས་འཛིན་གནང་གི་ཡོད་ལ། དེ་ལྟར་བྱེད་པ་ལ་ཤིན་ཏུ་ལྐོག་གྱུར་གྱི་གནས་དང་འདས་མ་འོངས་ད་ལྟ་དུས་གསུམ་མངོན་སུམ་དུ་གཟིགས་པའི་མཁྱེན་པ་ཡོད་དགོས། འོན་ཀྱང་བོད་ཀྱི་བླ་ཆེན་མཁྱེན་པ་ཅན་མང་བོ་ཞིག་གིས་ཤེས་དཀའ་བ་དེ་ཤེས་ནས། ཤེས་སླ་བ་དེ་མི་ཤེས་པར་འདུག་པས་ནང་འགལ་མ་ཡིན་ནམ། ཁོང་ཚོར་སང་ཉིན་ཆར་བ་གཏོང་གི་ཡོད་མེད་དྲིས་དང་ཕལ་ཆེར་ཧ་མི་གོ་བས་གནམ་གཤིས་གསར་འགྱུར་ལྟོས་ཤིག་གསུངས་ཀྱི་རེད། ཕྱག་ཕྲེང་བརླག་ན་གྲྭ་བ་ཚོ་བཏང་ནས་དེ་མ་རྙེད་བར་དུ་གང་ས་གང་དུ་འཚོལ་འཇུག་ཚེ་མཁྱེན་པ་དེ་མི་མངོན་དབྱིངས་སུ་བྲོས་པ་ཡིན་ནམ་གང་ཅི།
ལོ་ཁ་ཤས་ཀྱི་སྔོན་ལ་ཁམས་ཡུལ་ཤུལ་དུ་ས་འགུལ་བྱུང་ནས་བོད་ཟླ་སྤུན་རིགས་མང་བོའི་ཚེ་སྲོག་ཤོར་ཞིང་། སྡུག་བསྔལ་ད་དུང་འང་སངས་མེད་པའི་གོད་ཆག་བྱུང་། དེའི་སྐབས་སུ་སྤྲུལ་སྐུ་ངོས་འཛིན་མཁན་དང་། ལྷ་མཐོང་དང་འདྲེ་མཐོང་གསུངས་མཁན། མོ་དང་པྲ་ལ་མཁས་པའི་བླ་མ་མཁྱེན་པ་ཅན་དེ་ཚོས་བོད་པ་ཚོ་ལ་སང་ཉིན་ས་ཡོམ་འབྱུང་གི་འདུག་ཅེས་བརྡ་བརྒྱབ་མཁན་གཅིག་ཀྱང་བྱུང་མེད་པ་ག་རེ་ཡིན་ནམ།