—ལྷ་རི་གཟིམ་སྤྲུལ་རིན་པོ་ཆེ་མཆོག་གི་སྐོར་ཟིན་བྲིས།
ཀླུ་སྨྱོན་ཧེ་རུ་ཀ
དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་པའི་ཚེས་བཅུ་ཉིན། གངས་ཅན་མགོན་པོ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་གསེར་ཞལ་མཇལ་བ་དང་གསུང་གི་བདུད་རྩི་མྱོང་བ། ཐུགས་ཀྱི་བྱིན་རླབས་ཟབ་མོ་ཞུ་བ་སོགས་ཀྱི་ཆེད་དུ་ཁོ་བོ་ཨ་རིའི་ཨོ་རི་སྒན་ཞིང་ཆེན་གྱི་ཡུ་རྗེན་ས་གནས་སུ་ཡོད་སྐབས། ལོ་མང་སྔོན་ནས་ཞལ་ཚོར་ཞིང་རྫོགས་པ་ཆེན་པོའི་ཆོས་སྐོར་རེ་ཟུང་གི་ལྗགས་ལུང་ཞུ་སའི་བླ་མ་ཡང་ཡིན་པ་རྫོགས་ཆེན་མཁན་པོ་ཆོས་དགའ་རིན་པོ་མཆོག་གིས་ཞལ་པར་གནང་སྟེ། ཁོང་གིས་ཁམས་རྫ་སྟོད་རྫོགས་ཆེན་དགོན་པའི་བླ་མ་ཁྱད་འཕགས་སྐུ་ཚེ་འདིར་སྒྲུབ་པ་ཉམས་ལེན་ཚད་ལྡན་གནང་སྟེ་རིག་སྔགས་གྲུབ་པའི་གྲུབ་རྟགས་མངོན་སུམ་དུ་སྟོན་རྒྱུ་ཡོད་མཁན་ཞིག་ཁེ་ན་སྒྲའི་གྲོང་ཁྱེར་ཝེན་ཁོ་ཝེར་དུ་གདན་འདྲེན་ཞུས་ཡོད་ཅིང་། བླ་མ་འདིའི་གདུལ་བྱ་གཙོ་བོ་ནི་ལུས་སེམས་ཀྱི་ན་ཚ་འདྲ་མིན་བཅོས་རྒྱུ་དེ་ཡིན་པས། ཁྱེད་སྐུ་གཟུགས་རྒྱུན་པར་ན་གི་ཡོད་པ་ལ་དམིགས་ནས་ངེས་པར་ཡོང་ན་ལེགས་ཞེས་སྐུལ་མ་གནང་བྱུང་བས། ཉིན་རྗེས་མ་དེ་རང་ལ་གནམ་གྲུ་ཚར་གཉིས་དང་དེ་ནས་རླངས་འཁོར་ལ་བསྡད་དེ་ཨ་རི་ནས་ཁེ་ན་སྒྲར་བླ་མ་དེ་མཇལ་དུ་སོང་།
རྒྱལ་མཚམས་འགག་སྐོར་བསླེབས་དུས་རླངས་འཁོར་མང་པོ་བང་བསྒྲིགས་ནས་ཞིབ་གཤེར་ལ་བསྒུགས་ཡོད་པར་དུས་ཚོད་རིང་པོ་ཞིག་འགོར་བ་དང་། ཐད་ཀའི་བར་སྣང་ནས་འདབ་ཆགས་ཁྱུ་གཅིག་གིས་རང་དབང་ངང་འཕུར་ལྡིང་གིས་ས་མཚམས་ཀྱི་ནམ་འཕང་གཅོད་པ་མཐོང་སྟེ། འགྲོ་བ་མིའི་རིགས་ཀྱིས་ས་མཚམས་ཆུ་མཚམས་ཕྱེས་ནས་ཕྱོགས་རིས་འཁྲུག་རྩོད་བྱེད་པ་འདི་ནི་དུད་འགྲོ་འདབ་ཆགས་ལས་ཀྱང་སྡུག་པའི་ལས་ཀ་ཞིག་མིན་ན་གང་ཡིན་སྙམ་པ་ཞིག་ཀྱང་བྱུང་།
ཁེ་ན་སྒྲའི་རི་ཆི་མེན་ཟེར་བའི་ས་གནས་རྒྱ་རིགས་གནས་སྤོས་པ་མང་པོ་སྡོད་ས་དེའི་མགྲོན་ཁང་ཆེན་པོ་རེ་སྒྲི་སིན་ཞེས་པ་དེར་བླ་མ་དེ་དང་མཁན་པོ་ཆོས་དགའ་རྣམ་གཉིས་བཞུགས་འདུག་ལ། དུས་ཚོད་དགོང་མོར་སོང་བས་མཁན་པོ་མཇལ་བ་མ་གཏོགས་བླ་མར་སང་ཉིན་མཇལ་རྒྱུ་བྱས། ནུབ་མོ་དེར་བླ་མ་ག་འདྲ་ཞིག་ཡོད་ན་བསམས་ནས་བསམ་བློ་སྣ་ཚོགས་ཤིག་འཁོར་ཞིང་། རྨི་ལམ་དུ་དེ་སྔ་རྩ་ནས་རྨིས་མྱོང་མེད་པའི་མཁན་པོ་ཆོས་དགའ་ཁོང་སྐུ་གཟི་བརྗིད་ལམ་མེར་མཇལ་བ་ཞིག་བྱུང་བས། ཞོགས་པར་གཉིད་ལས་སད་དུས་སེམས་ནང་མཁན་པོ་ཁོང་གིས་གདན་འདྲེན་ཞུས་པའི་བླ་མ་དེ་གྲུབ་པའི་སྐྱེས་བུ་ཚད་ལྡན་ཞིག་ཡིན་ངེས་རེད་བསམས་པ་ཞིག་ཀྱང་བྱུང་།
ཚེས་བཅུ་གཟའ་སྤེན་པ་འཛམ་གླིང་ཨ་མའི་ཉིན་མོའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་མཁན་པོ་ཚང་གིས་གུས་པ་བླ་མ་ཚང་བཞུགས་པར་ཁྲིད་སོང་ལ། གཟིམ་ཁང་གི་སྒོ་ནས་ཡར་མཇལ་དུས་བླ་མ་ཁོང་གཟིམ་ཁྲིའི་སྟེང་བཞུགས་ནས་ཞལ་འདོན་གནང་བཞིན་བཞུགས་འདུག་ལ། སྐུ་གཟུགས་བརྗིད་ཆགས་ཤིང་གསུང་གི་གདངས་སྙན་པ་ཞིག་མཇལ། ཐོག་མར་སྤྱན་གྱིས་ཐད་ཀར་གཟིགས་ནས་ཅང་མི་གསུང་ལ། ག་ལེར་བཀའ་མོལ་བསྡུས་པ་ཞིག་གསུངས་གྲུབ་རྗེས་ཁོང་མཁན་པོ་ཆོས་དགའ་ཚང་གི་སློབ་མ་བཞི་ཅུ་ཙམ་གྱིས་ཕེབས་སྒུག་ཞུས་ཡོད་པའི་ཚོམས་ཁང་ཆེན་པོ་དེར་གདན་འདྲེན་ཞུས། བླ་མ་ཚང་གིས་བཞུགས་ཁྲིའི་སྟེང་ནས་ཁོང་གིས་བསམ་ཡས་མཆིམ་ཕུའི་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་ཏུ་སྒྲུབ་པ་ཉམས་ལེན་ཇི་ལྟར་མཛད་ཚུལ་གྱི་རྣམ་ཐར་ཉུང་ཙམ་ཞིག་ངོ་སྤྲོད་མཛད་རྗེས་ནད་པར་གཟིགས་མགོ་བརྩམས་སོང་། ཐོག་མར་ཕྱག་མཚན་ཟངས་དང་ལི་ལས་གྲུབ་པའི་ཕུར་བ་རྩེ་ཟླུམ་ཞིག་མི་མང་གི་ལག་པར་བཀྲམས་ཏེ་རེག་བྱ་ག་འདྲ་ཡིན་བལྟ་རུ་བཅུག་སོང་ལ། དེ་ནི་རེག་བྱ་ཅུང་ཟད་གྲང་མོ་ཞིག་རེད་འདུག དེ་ནས་ཕུར་བ་དེ་ཁོང་གི་ཞལ་དུ་བཅུག་ནས་སྐར་ཆ་སུམ་ཅུ་ཙམ་འགོར་རྗེས་ཕྱིར་ཕྱུངས་ཏེ་ནད་པའི་ལུས་ཀྱི་ན་ཚ་ཡོད་སའི་ཐད་ཀ་དེར་བཙུགས་པ་ན་ལྕགས་སྲེག་ཚ་བོ་བཞིན་ནད་པའི་ལུས་ཀྱི་པགས་པ་གཞོབ་ཐུལ་དུ་སྲེག་ཡོང་གིན་འདུག་ལ། ནད་པ་རེ་ཟུང་གིས་ཨ་ཚ་ཚ་ཞེས་སྐད་རྒྱག་གིན་འདུག གཞན་ཁོང་གིས་མེ་བསྒོམས་ཏེ་མཐེ་བོང་གིས་ནད་པར་རེག་ཀྱང་ལྕགས་སྲེག་གྱིས་གླན་པ་བཞིན་སྐྱི་ལྤགས་ཚང་མ་ཚིག་ནས་ཁོང་གི་མཐེ་བོང་གི་ངོར་འབྱར་འགྲོ་བ་དང་། རྡོ་རིལ་དང་ཕྲེང་བ་སོགས་ལ་སྔགས་བརྒྱབ་ན་ཡང་རེག་བྱ་ཚ་བོ་ཆགས་པ་གཅིག་མཚུངས་རེད།
འདིར་ཁོང་གི་རྣམ་ཐར་མདོར་བསྡུས་གསེར་རྟ་བླ་རུང་སློབ་གླིང་གི་གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་བརྩམས་པ་ལས་ཅུང་ཟད་ཁོལ་དུ་ཕྱུངས་པར་གཟིགས་འཚལ།
གྲུབ་པའི་དབང་ཕྱུག་ལྷ་རི་གཟིམ་སྤྲུལ་ཀརྨ་འགྱུར་མེད་མཆོག་ནི། ༡༩༦༦ ལོར་མདོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་དགེ་སེམས་ཁྱད་པར་བ་དང་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ལྷན་སྐྱེས་སུ་མངའ་བར་གྲགས། དགུང་གྲངས་བཅུ་གསུམ་སྟེང་ནས་བཟུང་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་རྫ་སྟོད་རྫོགས་ཆེན་དགོན་མདོ་སྔགས་བཤད་སྒྲུབ་གླིང་དུ་ཞུགས་ཤིང་། དགེ་བའི་བཤེས་གཉེན་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་ཀྱི་རིགས་སོགས་ལ་སྦྱངས་པ་མཛད། དགུང་གྲངས་ཆུང་བའི་དུས་ནས་བཟུང་བརྐྱངས་ཕྱག་བཙལ་ཏེ་སྟོད་དབུས་གཙང་གི་ཕྱོགས་སུ་ཕེབས་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་རྒྱལ་ཚབ་ཇོ་ཤྰཀྱ་རྣམ་གཉིས་མཇལ་ཞིང་། བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཐུགས་སྨོན་གནང་། དགུང་གྲངས་བཅོ་བརྒྱད་སྟེང་འཁོར་བ་ལས་ངེས་པར་འབྱུང་བའི་ཐུགས་འདུན་རྣལ་མ་སྐྱེས་ཏེ། དགེ་བའི་བཤེས་གཉེན་དམ་པ་རྫ་སྟོད་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་མདུན་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་དབང་ལུང་དུ་མའང་གསན། དགུང་གྲངས་ཉེར་ལྔའི་སྟེང་ཡང་མཁན་པོ་དེ་ཉིད་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་གྲངས་ཉེར་དྲུག་སྟེང་ཕྱི་མའི་ལམ་བྲོར་འགྲོ་ངེས་ཀྱི་སྒྲིབ་སྦྱང་གཤའ་མ་ཞིག་བྱེད་པའི་ཐུགས་སྟོབས་སྐྱེས་ཏེ་ཡང་སྐྱར་ལྷ་སར་ཕེབས་ནས་ཇོ་ཤྰཀྱ་རྣམ་གཉིས་དང་སེ་འབྲས་དགའ་གསུམ་སོགས་རིས་མེད་ཀྱི་དགོན་སྡེ་དང་གནས་ཆེན་དུ་མའི་མཇལ་ཕྱག་ཐུགས་སྨོན་མཛད། ཁྱད་པར་སྙིགས་དུས་ཀྱི་སྐྱབས་གཅིག་ཨོ་རྒྱན་སངས་རྒྱས་གཉིས་པའི་མཚན་དཔེའི་ཞབས་པད་དངོས་སུ་བཀོད་ཅིང་། གསང་བ་གསུམ་གྱི་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཁྱད་པར་བ། བསམ་ཡས་མཆིམས་ཕུ་དང་ཡར་ལུང་ཤེལ་བྲག གཡའ་མ་ལུང་དང་བྲག་ཡེར་བ་སོགས་སུ་སྒྲུབ་པ་རྩེ་གཅིག་མཛད་དེ་གྲུབ་པའི་རྟགས་མཚན་ངོ་མཚར་བ་ཐོབ། དེའི་ཕྲན་གྱིས་མཐོང་ཐོས་རྣམས་གཏམ་རྒྱུད་ཐུང་ངུ་ཞིག་ཏུ་གྲུབ་འདུག་སྟེ་སྐྱོ་བ་མེད་པར་གསན་འཚལ།
སྤྱི་ལོ་༢༠༠༧ ལོའི་ཟླ་བདུན་པའི་ནང་ང་རང་པེ་ཅིན་ན་ཡོད་སྐབས་༧སྐྱབས་རྗེ་ཁང་གསར་རིན་པོ་ཆེ་དབོན་སྤྲུལ་བསྟན་པའི་དབང་ཕྱུག་སྟེ་ངེད་ཀྱི་ཞང་པོ་དམ་པ་མཆོག་གི་ཞལ་པར་ཐེངས་འགའ་བསླེབས་སོང་། ཐེངས་ཤིག་ཁོང་གི་ཞལ་ནས། ངེད་ལ་མཚོ་སྔོན་ཤུལ་ཡུལ་གྱི་ཕྱོགས་ན་སློབ་མ་བླ་རྒན་ཞིག་ཡོད། ཁོང་འཆི་ཆོས་རྣལ་མ་འདོད་པའི་ཆོས་པ་བཟང་པོ་ཞིག་ཡིན། ངེད་ཀྱིས་ཁོང་ལ་སེམས་ཁྲིད་འགའ་བཤད་མྱོང་། ཡུན་རིང་པོར་འགྲོགས་པའི་སློབ་མ་རྒྱུས་ཡོད་ཅིག་ཡིན། ངེད་ཀྱི་དྲུང་ནས་རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའང་ཐེངས་འགའ་ཞུས་སོང་། ཉེ་ལམ་ཁོང་གི་བུ་དེའང་སེམས་ཁྲིད་ཅིག་འདེབས་དགོས་ཞེས་ངེད་ཀྱི་སར་ཁྲིད་འོངས། དེ་ནི་རིག་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་ཞིག་རེད། བཤད་ཚོད་ལྟར་ན་བསམ་ཡས་མཆིམས་ཕུ་སོགས་ནས་ལོ་མང་པོར་རིག་སྔགས་ཁོ་ན་བགྲངས་ནས་སྒྲུབ་པ་མཛད་མཐར་གུ་རུ་རིན་པོ་ཆེའི་ཞལ་གཟིགས་ཤིང་འགྲོ་དོན་དུས་སུ་བབས་པར་ལུང་བསྟན་པ་ཡིན་ཟེར། གང་ལྟར་རིག་སྔགས་ཀྱི་ནུས་པ་དེ་ནི་ངོ་མཚར་བ་ཞིག་རེད། གསེར་དངུལ་ཟངས་ལྕགས་སོགས་དངོས་པོ་གང་ལའང་སྔགས་བཏབ་མ་ཐག་ཚ་བོ་རེག་མི་བཟོད་པ་ཞིག་ཏུ་འགྱུར་འགྲོ་བ་ནི་མངོན་སུམ་མིག་གིས་རིག་ཐུབ་རྒྱུ་ཞིག་རེད། རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་ཁྲིད་པ་ཆེ་གེ་མོར་གཅིན་པ་མངར་འགྱུར་གྱི་ནད་བྱུང་བར་ཁོང་གིས་སྔགས་བཏབ་ནས་དྲགས་སོང་ཟེར། མ་ཟད་དགེ་སློང་བདག་ཉིད་ཆེན་པོའི་མགུལ་ལའང་སྔགས་བཏབ་པར་གྲགས། ཁོང་དང་དགོན་པ་གཅིག་པའི་ངོ་ཤེས་རེར་ངེད་ཀྱིས་ཞིབ་ཏུ་དྲིས་པར་དེ་ཚོ་ཐམས་ཅད་བདེན་པ་རེད་ཟེར། ཁོང་ཚོའི་ཡུལ་དུ་སྐད་གྲགས་ཆེན་པོ་ཞིག་ཡིན་ཟེར། རྒྱལ་ཕྱི་ནང་གི་མི་ཆེན་དཔོན་ཆེན་དུ་མས་ཐོབ་ཚོད་བྱེད་བཞིན་པ་ཞིག་རེད། རྒྱུ་ལོངས་སྤྱོད་ཀྱི་རྙེད་པའང་ཆེན་པོ་ཡོད་ཚོད་རེད། དགོན་པ་མང་པོའི་བདག་པོ་ཡིན་གསུངས་འདུག འོན་ཀྱང་སེམས་ཁྲིད་འདྲ་ཐོབ་མ་མྱོང་གསུང་གི དགེ་ཚུལ་སློང་ཞིག་རེད། རང་བཞིན་འཇམ་ཞིང་ཐུགས་རྒྱུད་ཡག་པོ་ཅན་ཞིག་ཡིན་པ་འདྲ། ང་རང་རྒྱུན་དུ་སྙིང་ཁམས་མི་བདེ་བས་གཉིད་མི་འོང་བར་འདུག་པས། དེ་ལ་ཁོང་གིས་སྔགས་སྐོར་འགའ་བཏབ་སོང་། ཉིན་དྲུག་བདུན་ཞིག་ལ་ཕན་པའང་ཆེན་པོ་ཐོགས་བྱུང་། ཟླ་ཕྱི་མའི་ནང་ཁོང་སེམས་ཁྲིད་ཞུ་རུ་ངེད་ཀྱི་དྲུང་དུ་འོང་དགོས་ཟེར། དེས་ན་ཁྱོད་ཀྱང་ཡར་ཡོང་ཐབས་ཤིག་བྱེད་དགོས་པ་འདྲ། ཕན་རེ་ཐོགས་ལས་ཆེ་སྙམ་འདུག་ཅེས་གསུངས། ཉིན་འགའི་རྗེས་སུ་ཡང་སྐྱར་ཞལ་པར་ཐེངས་གཉིས་བསླེབས་ཤིང་ཁྱོད་ངེས་པར་ཡོང་ཐབས་ཤིག་གྱིས་དང་མཆིན་པའི་ནད་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་གཞན་གྱིས་གླེང་འདུག་གསུངས། གལ་ཏེ་གནས་ཚུལ་འདི་མི་ཕལ་བ་ཞིག་གིས་བཤད་ན་ངེད་ཀྱིས་དོ་སྣང་སྤུ་ཙམ་ཡང་མི་བྱེད་ངེས་ཅན་ཡིན། འོན་ཀྱང་ཨ་ཞང་གི་ཞལ་པར་ཐེངས་གསུམ་ལ་བསླེབས་པས་འགྲོ་བ་ལས་འོས་མེད་པ་འདྲ་སྟེ་ཅི་བྱ་སྙམ་ནས་ཉིན་ཁ་ཤས་ལ་བསམ་བློ་བཏང་། ཉིན་ཞིག་གནས་ཚུལ་འདི་ཁ་པར་གྱི་ལམ་ནས་ངེད་ཀྱི་གྲོགས་པོ་ཞིག་ལ་གླེང་བར་ཁོང་གི་ཞལ་ནས། སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པ་དང་། རིག་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་ཁྱོད་ཀྱིས་ཀྱང་ལོས་ཤེས། སྔགས་པ་བཟང་པོ་ཞིག་ཡིན་ན་ཕན་ངེས་པར་དུ་ཐོགས་སྲིད་རྒྱུ་རེད། ཁྱོད་འདི་འདྲའི་ཡུན་རིང་བོར་པེ་ཅིན་སྨན་ཁང་ནང་བསྡད་ཀྱང་ནད་གཞི་སངས་དྲགས་བྱེད་ཐུབ་པའི་ངེས་པ་ནི་མི་འདུག དེས་ན་ཅིས་ཀྱང་འགྲོ་ཐབས་གྱིས། ཁྱད་པར་བླ་མ་རིན་པོ་ཆེས་ཐེངས་མང་པོར་གསུངས་ཚུལ་ལ་གཞིགས་ན་ཕན་རེ་ཐོགས་སྲིད་རྒྱུ་རེད། ཅེས་གསུངས། དེ་ནས་ངེད་ཀྱིས་བསམ་བློ་བཏང་ནས། ནམ་ཟླའང་ཧ་ཅང་མི་འཁྱགས་པའི་དུས་རེད། ཨ་ཞང་གི་ཞལ་མཇལ་འདོད་ཅིག་ཀྱང་འདུག ཁོང་གིས་རྫོགས་ཆེན་ནམ་མཁའ་སྤྲིན་བྲལ་གྱི་ཁྲིད་ཀྱང་གསུང་ཆས་བྱེད་འདུག་པས་དེའང་ཞུ་འདོད་ཅིག་སྐྱེས་ཏེ་ཤར་འགྲོ་ཞིག་བྱེད་དགོས་སྙམ། སྨན་པ་ལ་ཟླ་བ་གཅིག་གི་དགོངས་གནང་ཞུས་ཤིང་། སྨན་སོགས་གྲ་སྒྲིག་བྱས་ཏེ་གནམ་གྲུར་ཞུགས་ནས་ལམ་ལ་ཆས། ཁང་གསར་སྟག་ལུང་དགོན་དུ་འབྱོར་ཏེ་ཨ་ཞང་གི་སྐུ་མདུན་ནས་ནམ་མཁའ་སྤྲིན་བྲལ་གྱི་ཁྲིད་ཞུས་ཤིང་སྔགས་པ་ནམ་བྱོན་བསྒུགས་ནས་བསྡད། ཉིན་ཞིག་ཨ་ཞང་གིས་གྲྭ་པ་ཞིག་མངགས་ཏེ་ང་རང་འབོད་དུ་འོངས། སྔགས་པ་ཕེབས་བྱུང་ཟེར། ཨ་ཞང་གི་གཟིམ་ཁང་ནང་ནས་ངེད་གཉིས་ཐེངས་དང་པོར་མཇལ་ཞིང་ངེད་གཉིས་ཀྱིས་ཁ་དར་ཕུལ་ནས་ཁམས་བཟང་ཞུས། ཨ་ཞང་གིས་ངེད་གཉིས་ཕན་ཚུན་མཚམས་སྦྱོར་བྱས་ཤིང་ང་རང་ཁོང་ལ་བཅོལ་དམ་བཟང་པོ་བྱས། ཨ་ཞང་གི་ཞལ་ནས་ཁྱེད་ཀྱིས་མེ་ལོང་ལ་སྔགས་ཐོབས་ལ་ངའི་ཚ་བུའི་ལག་ཏུ་ཞོགས་དང་གསུངས། ཁོང་གིས་ངེད་ཅག་གི་རིག་ས་ནས་སྐར་མ་གཅིག་གི་ཡུན་ཙམ་ལ་སྔགས་འགའ་བཟླས་ཤིང་རག་ལས་གྲུབ་པའི་མེ་ལོང་ཡུ་བ་ཅན་ཞིག་ལ་བཏབ་ནས་ངའི་ལག་ཏུ་བཞག་བྱུང་། མེ་ལོང་དེ་ནི་དངོས་གནས་ཚ་བོ་རེག་མི་བཟོད་པ་ཞིག་རེད་འདུག ང་ནི་ཧ་ལས་ཤིང་ཅི་ཡིན་འདི་ཡིན་མེད་པར་དད་པ་ཞིག་ཀྱང་སྐྱེས། སྙིགས་མའི་དུས་སུ་སེམས་ཅན་ལས་ངན་དམན་པས་དཀོན་མཆོག་གི་བྱིན་རླབས་སྤྲིན་འོག་གི་ཉི་མ་དེ་དེ་རིང་མངོན་སུམ་དུ་མཐོང་ཐུབ་པ་བྱུང་ནས་དགའ་སྣང་ཆེན་པོ་ཞིག་སྐྱེས། ཁོང་གི་ཞལ་ནས་ད་དུང་སྐར་མ་བཅོ་ལྔ་ཙམ་གྱི་རིང་སྔགས་བཏབ་ན་དམར་འབར་བ་ཞིག་རེད་འགྲོ ས་སྟོང་དུ་བསླེབས་དུས་ཇ་བསྐོལ་ཚེ་ཤིང་སོགས་ལ་སྔགས་བཏང་ན་མེ་མཆེད་ནས་ཇ་སྐོལ་བྱེད་ཀྱང་ཉན་གི ང་དང་ལྷན་དུ་སོང་ན་མེ་ཆ་འཛིན་མི་དགོས་གསུངས་ནས་བཞད། ཉིན་དེ་ནས་བཟུང་མེ་ལོང་ཞིག་ལ་སྔགས་བཏབ་སྟེ་ཨ་ཞང་གི་ཐུགས་ཀར་ཡུན་རིང་ཙམ་ཕུར། ཁོང་གི་ཞལ་ནས་མདང་ངེད་ཀྱི་རྨི་ལམ་དུ་མཆོད་རྟེན་དཀར་པོ་ཞིག་གི་ནང་དུ་སྲིན་འབུ་ཞིག་འདུག་པར་ངེད་ཀྱིས་བཀྲུས་ནས་སྲིན་འབུ་དེའི་ཕྱེད་ཀ་ཆད་སོང་བ་ཞིག་རྨིས་པས། དེ་རིན་པོ་ཆེ་ཁྱེད་ཀྱི་བསྙུན་གཞི་ལ་ལྟ་བ་ཡིན་ཞེས་གསུངས། ཨ་ཞང་གི་ཞལ་ནས་འོ་ན་སྲིན་འབུ་དེ་མ་ལོན་པས་ངེད་ལ་ཕན་མི་ཐོགས་ནི་ཨེ་ཡིན་ནམ་གསུངས། ཕྲན་གྱིས་སྲིན་འབུ་དེའི་ཕྱེད་ཀ་ཆད་འགྲོ་ཚུལ་ལ་བསམས་ན་བསྙུན་གཞིའི་རྒྱུ་རྐྱེན་དེ་མཚམས་ཆད་འགྲོ་རྒྱུ་རེད་ཅེས་རྟེན་འབྲེལ་གསོས། སྔགས་པས་ཀྱང་དེ་འདྲ་རེད་གསུངས། དེ་བཞིན་ཕྲན་གྱི་མཆིན་པའི་སྟེང་དུའང་ཡུན་རིང་པོར་ཕུར། ཁྱོད་ཀྱི་ཕོ་གའང་བདེ་མི་འདུག་གསུངས། སྙིང་ཁམས་ཀྱང་བདེ་མི་འདུག་གསུངས། ཕོ་ག་དང་སྙིང་ཁམས་མི་བདེ་བ་ཐུགས་དག་ཀྱང་དེ་ངེད་ཀྱིས་ནད་གཞི་ཆེན་པོ་ཞིག་ལ་བརྩི་གི་མེད། མཆིན་པ་འདི་དྲགས་ཐབས་ཤིག་བྱུང་ནའང་ཞུས། འོ་མཆིན་པའི་ནད་བཅོས་སླ་མོ་ཡིན། ཐུགས་བདེ་མོ་གྱིས་དང་ངེས་པར་དུ་དྲག་ཏུ་འཇུག་གསུངས། དེ་ཉིན་ནས་བཟུང་སྔ་དྲོ་རྣམས་སུ་ཨ་ཞང་གི་གཟིམ་ཁང་དུ་ངེད་གཉིས་ལ་སྔགས་བཏབ་ཅིང་། ཉིན་གུང་དགོན་པའི་དཀྱིལ་ནས་ནད་པ་སྐྱ་སེར་མང་པོར་སྔགས་བཏབ། ཕྱི་དྲོར་ཨ་ཞང་གི་སྐུ་མདུན་ནས་སེམས་ཁྲིད་ཅིག་ཀྱང་ཞུས་འདུག ཕྱི་དྲོར་ཨ་ཞང་གི་ཐུགས་ཀར་སྔགས་འདེབས། མདང་ངའི་རྨི་ལམ་དུ་མཚོ་ཞིག་གི་ནང་ན་མེ་ཏོག་པདྨའི་གདན་རིན་པོ་ཆེ་ཁྱེད་བཞུགས་འདུག ང་ལ་འདི་གསུངས། རིན་ཆེན་ཁྲི་ལ་མཎཌལ་ཕུལ། སེམས་ཉིད་མི་གདའ་རྣམ་པར་དགེ །ཡིད་ལ་གསལ་ཞིང་དེ་ཁོ་ན། །ཉི་མའི་མདངས་ལྟར་རབ་གསལ་འབྱུང་། །སེམས་ཉིད་འདི་ལ་བརྟན་པར་སྐྱོངས། །ཞེས་གསུངས་ཟེར། ཨ་ཞང་གིས་དེ་ལ་གོ་རྒྱུ་ཞིག་ཡོད་ན་ཐང་གི་ཨང་གསུངས། ཉིན་གསུམ་གྱི་རྗེས་ནས་ངེད་ཀྱི་སར་ཕེབས་འོང་། ཁོང་ནི་ཐུགས་རྒྱུད་འཇམ་ཞིང་ཆེ་མཐོ་དྲེགས་པའི་ང་རྒྱལ་ཡང་མེད་པར་གང་དྲན་ཞུ་ཕོད་པ་ཞིག་འདུག དེར་ངེད་གཉིས་ཀྱིས་གླེང་མོལ་བྱས་ཤིང་། ཁོང་གིས་ཇི་ལྟར་རིག་སྔགས་འགྲུབ་ཚུལ་སོགས་ཞིབ་ཏུ་དྲིས་པར་ཁོང་གིས་ཐུགས་དགྱེས་བཞིན་ཕྲན་ལ་ཞལ་བརྡ་འདི་ལྟར་བྱས་སོ།།
ང་རང་གྲྭ་པ་དཀྱུས་མ་ཞིག་ཡིན། རིག་གནས་ཡོན་ཏན་གང་ཡང་མེད། དཔེ་ཆ་སློབ་གཉེར་ཀྱང་བྱེད་མ་མྱོང་བའི་གྲྭ་པ་ཕལ་བ་ཞིག་ཡིན། འོན་ཀྱང་བྱམས་སྙིང་རྗེ་དང་དད་པ་མོས་གུས་ཡག་པོ་ཞིག་ཡོད། དང་པོར་ཕྱག་བཙལ་ནས་ལྷ་སར་སོང་། དེ་རྗེས་རང་ཡུལ་དུ་ལོག་ནས་དགེ་ཚུལ་སློང་བསྒྲུབས། དེ་རྗེས་ཡང་སྐྱར་ལྷ་སར་སོང་། བསམ་ཡས་མཆིམ་ཕུ་དང་ཡར་ལུང་ཤེལ་བྲག་སོགས་ནས་མཚམས་བསྙེན་སྒྲུབ་ཡུན་རིང་ལ་བྱས། ལོ་གསུམ་གྱི་རྗེས་བསམ་ཡས་མཆིམས་ཕུའི་གུ་རུའི་སྒྲུབ་ཕུག་ན་ཡོད་དུས། ནུབ་ཅིག་གུ་རུ་རིན་པོ་ཆེ་ཕེབས་འོངས་ནས་ང་ལ་རྡོ་ནག་པོ་རིལ་བུ་ཞིག་གནང་སྟེ་འདི་ལ་སྔགས་རྒྱོབས་དང་འགྲོ་དོན་འོངས་གསུངས། ཕྱི་ཉིན་ནངས་མོར་རྡོ་ནག་པོ་རིལ་བུ་དེ་ང་རང་གི་ཕུག་པའི་ནང་ན་ཡོད་འདུག ངེད་ཀྱིས་འདི་གུ་རུ་རིན་པོ་ཆེས་ང་ལ་གནང་བ་ཡིན་ནམ་སྙམ་ནས་རྒྱུན་པར་ལག་ཏུ་བཟུང་སྟེ་སྔགས་བཏབ། ཟླ་གསུམ་འགོར་རྗེས་ཕ་ཡུལ་ཕྱོགས་ནས་ཨ་ཉོ་ཟེར་བའི་མི་སྐྱ་ངོ་ཤེས་ཤིག་གནས་མཇལ་ལ་འོངས་པ་ངེད་ཀྱི་སར་བསླེབས་བྱུང་། ངེད་གཉིས་གླེང་མོལ་བྱེད་བཞིན་ཉིན་གུང་གི་ཇ་སྐོལ་སྐབས་གློ་བུར་དུ་ཇ་འཕྱུར་བྱུང་། ངས་རྫ་མར་རྙོབ་འདོད་ནས་རྡོ་དེ་ཁོའི་ལག་ཏུ་བཞག་ནས་བསྙབས་པས་ཁོས་ཨ་ཚ་ཚ་རྡོ་འདི་ངར་འདུག་ཟེར། ང་རང་གིས་རེག་ན་ནི་ཚ་བའི་ཚོར་བ་གང་ཡང་མི་འདུག ང་ཡིད་མ་ཆེས་ནས་ནན་འདྲི་བྱས་ཚེ་རྡོ་འདི་དངོས་གནས་ངར་འདུག་ཟེར། སེམས་ལ་ཅི་ཡང་མེད་པའི་དགའ་བ་ཞིག་སྐྱེས་ནས་ངུས་པ་ཡིན། དེ་རྗེས་རྡོ་ལི་དེར་སྔར་ལས་ཀྱང་གཅེས་སེམས་ཤིག་སྐྱེས་ཏེ་རྒྱུན་པར་སྔགས་བཏབ་ཅིང་མཚན་མོར་ཡང་རུམ་དུ་བཟུང་ནས་ཉལ་བ་ཡིན། ཉིན་དེའི་ཡུལ་དེའི་མཇལ་བ་ཞིག་ཡོང་ནས་ཁོའི་སྐེ་ཕྲག་ན་གིན་འདུག་པས་ཁྱེད་ཀྱིས་ཞལ་ཕུ་ཞིག་འདེབས་རོགས་ཟེར། ངས་རྡོ་ལི་དེར་སྔགས་བཏབ་ནས་ཁོའི་སྐེ་ལ་རེག་པར་ཨ་ཚ་ཚ་ཇི་འདྲའི་ཚ་བོ་ཞིག་རེད་ཟེར། ང་རང་གི་སེམས་པར་ད་ནི་ངེས་པར་རིག་སྔགས་གྲུབ་པ་ཡིན་ནམ་སྙམ་ནས་དགའ་བ་ཞིག་དང་ལྷན་དུ་ཡུན་རིང་ངུས། ནད་པ་དེའི་ནད་ཀྱང་ཉིན་ཁ་ཤས་ནས་དྲག་སོང་ཟེར། དེས་མཆིམས་ཕུ་ན་སྔགས་པ་དེ་འདྲ་ཞིག་འདུག་ཅེས་མི་འགའ་ལ་བཤད་ཡོད་ཚོད་རེད། དེ་ནས་བཟུང་སྐབས་སྐབས་སུ་ནད་པ་འགའ་རེ་བསླེབས་ཡོང་གི ངེད་ཀྱིས་སྔར་བཞིན་རྡོ་དེས་ཕུར་བས་ནད་པ་མང་པོ་ནད་ལས་གྲོལ་སོང་།
སྤྱི་ལོ་༡༩༩༩ ལོ་སྟེ་ང་རང་ལོ་སོ་གསུམ་སྟེང་ནུབ་ཅིག་ཡང་གུ་རུ་རིན་པོ་ཆེ་ན་བཟའ་དཀར་པོ་གྱོན་པ་དབུ་ལ་པད་ཞུ་ཅན། སྐུ་ལུས་ཧ་ཅང་རིང་པོ། དབུ་ན་རལ་བ་རིང་པོ། ཕྱག་ན་འཁར་བ་རིང་པོ། མཆན་ཁུང་གཡོན་ན་ཁ་ཊྰཾ་ཀ་འཛིན་པ་ཞིག་བསླེབས་འོངས་ནས་ངེད་ཀྱི་མགོ་སྐྲ་ནས་བཟུང་སྟེ་ཀླད་ལ་འགའ་བསྐོར་ནས་མེ་དོང་ཞིག་གི་ནང་དུ་འཕངས། ངེད་སྐྲག་སྣང་ཆེན་པོ་ཞིག་སྐྱེས་ནས་ད་ཚིག་རན་ཐལ་བསམས། ཡང་བསམ་པར་ངས་རིག་སྔགས་འགྲུབ་ཡོད་པས་སྔགས་འདྲ་བཏོན་ན་མི་ཚིག་ནའང་ཐང་སྙམ་ནས་གུ་རུ་རིན་པོ་ཆེར་གསོལ་བ་འདེབས་བཞིན་རིག་སྔགས་བགྲངས། ཉེ་འཁོར་གྱི་ཤིང་རྣམས་ཡོངས་རྫོགས་ཚིག་ནས་སོལ་བར་གྱུར་ཀྱང་ང་མ་ཚིག་པར་ལྷགས། དེར་གུ་རུ་རིན་པོ་ཆེ་ཕེབས་འོངས་ཏེ་ཕྱག་མཁར་དེས་སོལ་བ་རྣམས་དཀྲུགས་ཏེ། འོ་ཁྱོད་མ་ཚིག་གམ་ཟེར། མ་ཚིག་ལགས་ཞུས་པས། འོ་འབྱུང་བ་མེ་ཡིས་མ་ཚིག་གྲུབ་རྟགས་བསྟན་ཟེར་བ་དེ་འདི་རེད། ད་ནི་ཁྱེད་ཀྱི་འགྲོ་དོན་དུས་སུ་བབས་པ་ཡིན་གསུངས། དེ་ནས་ཉིན་འགའི་རྗེས་སུ་ཡར་ལུང་ཤེལ་བྲག་ལ་སོང་ནས་ཟླ་བརྒྱབ་ལ་བསྒྲུབས་དུས་ནུབ་ཅིག་ཡང་རྨི་ལམ་དུ། ང་རང་མེ་ཏོག་དང་ལྗོན་ཤིང་སོགས་ཡོད་པའི་ས་སྐྱིད་པོ་ཞིག་ན་ཕ་ཡུལ་གྱི་མི་མང་པོ་དང་ལྷན་དུ་ཡོད། ཤར་ལྷོའི་མཚམས་ནས་འོད་ཆེན་པོ་ཞིག་བྱུང་ནས་ངའི་ལུས་ལ་ཐིམ་ཞིང་། འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །གསལ་སྟོང་ཐུགས་ཀྱི་འོད་ཟེར་ཀུན་ལ་ཁྱབ། །ཅེས་སོགས་སྒྲ་མང་པོ་གྲགས་པ་རྨིས་ཀྱང་ཚིག་གཞན་རྣམས་དྲན་མི་འདུག དེ་ནས་བཟུང་གུ་རུ་རིན་པོ་ཆེ་འདྲ་བའི་བླ་མ་ཞིག་མཇལ་དགོས་སྣང་རྒྱུན་པར་སྐྱེས་འདུག དེ་རྗེས་བལ་ཡུལ་ཡང་ལེ་ཤོད་དང་རྒྱ་གར་རྩྭ་མཆོག་གྲོང་། ལུམ་བྷི་ནི་སོགས་གནས་ཆེན་རྣམས་ལ་གནས་སྐོར་བྱས་ཤིང་བདུན་མཚམས་རེར་བསྡད་པ་ཡིན། སྔ་གཞུག་ཏུ་ལོ་དགུ་ཙམ་ལ་སྒྲུབ་པ་རྩེ་གཅིག་ཏུ་བྱས། དེ་རྗེས་རྨི་ལམ་དུ་ཁང་གསར་རིན་པོ་ཆེ་འདི་དང་ཐེངས་མང་པོར་མཇལ་བའི་སྣང་བ་ཤར་འདུག སྤྱིར་རྫ་སྟོད་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་དང་། མཁན་པོ་ཆོས་ཁྱབ། ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེ། རྫོགས་ཆེན་པདྨ་སྐལ་བཟང་སོགས་ཀྱི་མདུན་ནས་ཀྱང་ཆོས་འབྲེལ་རེ་ཐོབ་མྱོང་། འོན་ཀྱང་སེམས་ཁྲིད་ཞིབ་མོ་ཞིག་ཐོབ་མ་མྱོང་། རྨི་ལམ་འདི་ཚོས་རྐྱེན་བྱས་ནས་ཁང་གསར་རིན་པོ་ཆེ་འདིར་དད་འདུན་གཞན་ལས་ཆེ་འདུག་པས་ངའི་ཚེ་རབས་ལས་ཀྱི་བླ་མ་དེ་འདི་ཨེ་ཡིན་སྙམ་འདུག ཅེས་གསུངས།
ལྷ་སར་འགྲོ་དུས་ཁྱེད་དགུང་ལོ་ཅི་ཡིན་ཞུས་པས། ལོ་བཅུ་བཞིའི་སྟེང་ཡིན་གསུངས། ངེད་ཀྱི་སེམས་ལ་བུ་བཟང་པོ་དེས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་འདྲ་རྒྱུ་མི་འདུག རྗེ་མི་ལ་རས་པས་ཀྱང་འཇིག་རྟེན་སྒྲུབ་དུས་མཐུ་བསླབས་ཏེ་རང་གི་དགྲ་སྡེ་ཡོངས་རྫོགས་ཐལ་བའི་རྡུལ་དུ་བརླགས། སྒྲིབ་སྦྱོང་བྱེད་དུས་བླ་མའི་བཀའ་བཞིན་མཁར་ལས་བྱས་ཤིང་སྐུ་རྒྱབ་ཐེངས་མང་བརྡོལ་ཡང་སྡུག་རུས་བྱས་ནས་སྙིང་སྟོབས་བསྐྱེད་དེ་བླ་མའི་གསུང་གི་ཟུར་ཙམ་ཡང་མ་བཅགས། སྒྲུབ་པ་མཛད་དུས་ལྟོ་སྐྱ་གོས་ཧྲུལ་གྱིས་ཉམས་ལེན་རྡོ་རུས་ཐུག་པ་བྱས་ཏེ་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ། དམ་པ་འདིའང་དང་པོ་ནས་སྙིང་སྟོབས་དང་སྡུག་རུས་ཆེ་ཚུལ་ལ་ལྟོས་དང་། དགུང་ལོ་བཅུ་བཞིའི་སྟེང་ནས་བརྐྱངས་ཕྱག་བཙལ་ཏེ་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ནས་སྟོད་དབུས་གཙང་གི་ཕྱོགས་སུ་ཕེབས་པའི་སྙིང་སྟོབས་ལ་བསམས་ན་རིག་སྔགས་འགྲུབ་པའི་གདེང་ཚོད་དང་ཡིད་ཆེས་ཤིག་ཡོད་ཆོག་ཆོག་རེད། མཚམས་བསྙེན་སྒྲུབ་བྱེད་དུས་ཀྱང་ངེས་པར་གཞན་དང་མི་འདྲ་བའི་སྡུག་རུས་བྱས་ཏེ་སྒྲུབ་པ་རྩེ་གཅིག་བྱས་ཡོད་ཚོད་རེད། དཀོན་མཆོག་གི་བྱིན་རླབས་ལ་ཕྱོགས་རིས་མེད་ཀྱང་སྒྲུབ་པ་པོའི་སྙིང་སྟོབས་དང་སྡུག་རུས་ཆེ་ཆུང་གིས་འབྲས་བུ་དངོས་གྲུབ་ཐོབ་ཚུལ་ཡང་འདི་ལྟ་བུ་ཁྱད་སོང་། རང་རེའི་ཤིང་ཁ་ཤོག་ལྕེས་བཟླས་པའི་ཅི་ཙམ་བྱས་ཀྱང་འབྲས་བུ་འདི་རེད་ཅེས་རྨི་ལམ་བཟང་པོ་ཙམ་ཡང་རྨི་རྒྱུ་མེད་པ་འདི་དཀོན་མཆོག་གིས་ལན་པ་ག་ལ་ཡིན། ལུས་སེམས་རྩེ་གཅིག་པའི་བརྩོན་འགྲུས་དྲག་པོ་དང་ཡིད་གཉིས་ཐེ་ཚོམ་མེད་པ་དེའི་གྲུབ་འབྲས་མངོན་དུ་གྱུར་པ་འདི་ཨེ་མ་ཇི་འདྲའི་ངོ་མཚར་ཆེ་ཨང་སྙམ།
ཡང་ཁྱེད་ཀྱིས་རིག་སྔགས་ཅི་ཞིག་བཟླས་པ་ཡིན་ཞུས་པས། བཟླས་ཆོག་རྡོ་རྗེའི་གོ་ཁྲབ་དང་གུ་རུ་སིདྡྷི། གུ་དྲག་བསྙེན་པ། རྟ་མགྲིན་བསྙེན་པ་སོགས་གཙོ་བོར་བསྒྲུབས་པ་ཡིན། ས་ཆ་སྟོད་སྨད་བར་གསུམ་གྱི་ནད་པ་རྣམས་ལ་སྔགས་བཏབ་ནས་ལོ་དགུ་ཙམ་འགོར་སོང་གསུངས། ཁྱེད་ཀྱི་མེ་ལོང་འདིར་སྔགས་བཏབ་དུས་རེག་བྱ་ཚ་བ་ཡིན་མིན་གྱི་ཁྱད་པར་ཅི་རེད་ཞུས་པས། དེ་ནི་ཞི་སྔགས་དང་དྲག་སྔགས་ཀྱི་ཁྱད་པར་ཡིན་འདུག ནད་པ་རྣམས་ལ་དང་པོར་ཞི་སྔགས་ཀྱིས་བསྔགས་ཤིང་མཐར་དྲག་སྔགས་ཀྱིས་བསྔགས་ན་ཕན་ཐོགས་ཆེན་པོ་འདུག་གསུངས། དྲག་སྔགས་འདི་བཏབ་ནས་ཕུར་ན་རེག་བྱ་ཧ་ཅང་ཚ་བ་བཟོད་དཀའ་བ་རེད་འདུག་ཀྱང་ང་རང་ལ་ནི་ཚོར་བ་གང་ཡང་མི་འདུག ང་རང་ལའང་ན་ཚ་ཕན་ཐོགས་རྒྱུ་མ་རེད་མོད་ཧ་ཧ་ཧ་གསུངས་ནས་བཞད།
ཆེས་མཐོའི་མགོ་ཁྲིད་པ་ཞིག་ལ་སྔགས་བཏབ་པ་བདེན་ནམ་ཞུས་པར། འོ། དེ་བདེན་པ་ཡིན་ཞེས་དེའི་གནས་ཚུལ་རྒྱས་པར་གསུངས་ཀྱང་འདིར་རེ་ཞིག་ཞིབ་ཏུ་མ་བཀོད། རྗེ་ཀརྨ་པས་རྒྱ་གར་ནས་གཞན་ལ་ངེད་ཀྱི་རྒྱུ་མཚན་གསུངས་འདུག དེའི་ཕྱིར་བླ་མ་མང་པོས་ངེད་རྒྱ་གར་ལ་ཡོང་ཐབས་ཤིག་ཡོད་ན་ཞེས་གསུངས་པས། རྗེས་སུ་༢༠༠༢ལོར་རྒྱ་གར་ལ་ཕྱིན་པ་ཡིན། ཀུན་གྱིས་གཙིག་ཆེན་ཡ་མཚན་པ་བྱས་སོང་། བླ་མ་བདག་ཉིད་ཆེན་པོའི་མགུལ་མི་བདེའི་ཚུལ་མཛད་པར་ཉིན་དྲུག་ལ་སྔགས་བཏབ་ནས་གཞི་མེད་དུ་སངས། ཐུགས་མཉེས་ཚུལ་བསམ་གྱིས་མི་ཁྱབ་པ་གནང་། དཀོན་མཆོག་གི་བདེན་སྟོབས་ལ་བསླུ་བ་མེད་ཀྱང་སྙིགས་མའི་དུས་སུ་འདི་འདྲ་མངོན་དུ་འགྱུར་དཀའ་བས་ངོ་མཚར་ཆེན་པོ་རེད། ཁྱོད་ལ་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་ཡག་པོ་ཞིག་མེད་ན་སྔགས་རྐྱང་བ་བཟླས་པས་འདི་འདྲ་འགྲུབ་དཀའ་ཞེས་གསུངས་ཤིང་ཐུགས་དགྱེས་ཚུལ་དཔག་མེད་མཛད་དེ་སྤྱན་ཆབ་ཀྱང་མང་དུ་བསིལ། ཁོང་ལ་ཨ་མེ་རི་ཀ་ན་ཡོན་བདག་ཅིག་ཡོད་པ་ནད་ཀྱིས་ཐེབས་འདུག་པས་ཁྱོད་ཀྱིས་སྔགས་ཐུབ་བམ་གསུངས། ཁྱེད་ཀྱིས་བརྟག་པ་ཞིག་མཛོད་དང་ཕན་ཐོགས་ན་སྔགས་ལོས་ཐུབ་ཞུས་པར། ཁོང་གིས་བརྟག་པ་ཞིག་མཛད་དེ་བརྟགས་འབྲས་ཡག་པོ་འདུག་གསུངས། དེ་མ་ཐག་ཞལ་པར་གནང་སོང་། ཕྱི་ཉིན་ཕྱི་རྒྱལ་གྱི་མི་ཞིག་བསླེབས་སོང་། ངས་ཉིན་ཉི་ཤུ་ཙམ་ལ་བསྔགས་པས་དེའི་ནད་ཅི་ཡིན་མ་དྲིས་ནད་མེད་སངས་དྲག་རེད་སོང་། ཀུན་ཀྱང་དགྱེས་ཚོར་དཔག་མེད་མཛད། དངོས་གནས་བླ་མ་དཀོན་མཆོག་གི་བདེན་སྟོབས་ལ་བསླུ་བ་ནི་གང་ཡང་མི་འདུག ནད་གང་ལའང་ཕན་ཐོགས་ཀི ཁྱད་པར་བཅོས་མེད་ཀྱི་ནད་སྐྲན་ནད་དང་གཉན་ནད། གཅིན་པ་མངར་འགྱུར། སྙིང་ནད་ཅན་དང་སྨྱོན་པ་སོགས་ལ་ཕན་ཆེན་པོ་ཐོགས་ཀི སྨན་ཁང་མང་པོས་བཅོས་ཐབས་མེད་ཅེས་ཡི་གེ་བྲིས་ཐམ་ཀ་བརྒྱབ་ཡོད་པ་དེ་འདྲ་མང་པོ་དྲག་ཏུ་བཅུག་མྱོང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་གཙོ་འཛིན་ཞིག་གི་ཆུང་མར་སྒལ་སྲིན་གྱིས་ན་འདུག་པས་ངེད་ཀྱི་སར་བསླེབས་སོང་བ་ཡག་པོ་དྲག་སོང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་དབང་ཆ་ཅན་དེ་འདྲ་འགའ་རེ་ཡང་ནད་སྟོན་དུ་བསླེབས་སོང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གཙོ་འཛིན་རྡོ་རྗེ་རབ་བརྟན་ལ་གཅིན་པ་མངར་འགྱུར་གྱི་ནད་བྱུང་བ་ངེད་ཀྱིས་བསྔགས་ནས་ད་ལམ་སངས་དྲགས་རེད་འདུག དེ་བཞིན་རྒྱལ་ཕྱི་ནང་གི་ནད་པ་རྒན་དར་གཞོན་གསུམ་དང་དེ་བཞིན་བླ་ཆེན་དཔོན་ཆེན་ཚོང་ཆེན་སོགས་མང་པོར་སྔགས་བཏབ་མྱོང་། སྤྱི་ཁྱབ་ནས་ནད་པ་བརྒྱ་ཆའི་སུམ་ཅུ་བཞི་ཅུ་ཙམ་ལ་ཕན་ཐོགས་པ་ཁག་ཁུར་བྱེད་ཐུབ་པ་ལྟ་བུ་ཞིག་རེད། ཕྱི་རྒྱལ་ནས་ཀྱང་གདན་ཞུའི་ཁ་པར་དང་ཡི་གེ་དེ་འདྲ་ཡོང་སོང་ལ། ཁོ་ཚོས་བཤད་ན་ངེད་ཀྱི་ས་བསྔགས་དང་ཆུ་བསྔགས་འདི་ཚོ་ནད་གང་ལའང་ཕན། ནུབ་སྨན་ལྟ་བུ་གཅིག་ལ་ཕན་ན་གཅིག་ལ་གནོད་པ་ལྟ་བུ་ཞིག་མ་རེད་ཟེར། འདི་ནི་ང་གཅིག་པོའི་ཡོན་ཏན་ག་ལ་ཡིན། འདི་ནི་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བདེན་སྟོབས་ཀྱི་འོད་ཟེར་རེད། འདི་སྒོར་མོའི་ཆེད་དུ་བཙོང་ག་ལ་ཉན། ནད་པ་རེ་རེའི་ཟུག་རྔུ་བཅོས་ཐབས་ཤིག་ཡོད་ཀྱང་དེ་ནི་དགེ་བ་བསམ་གྱིས་མི་ཁྱབ་པ་རེད་བསམ་གིན་ཡོད། དཀའ་ཚེགས་ལའང་འཛེམ་གྱི་མེད། དེ་དག་གིས་བྱིན་པའི་རྒྱུ་ནོར་ཡང་ཆུད་ཟོས་སུ་མ་བཏང་བར་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་བཞེངས། སྨན་ཁང་དང་སློབ་གྲྭ། དགོན་པ་དང་བཤད་གྲྭ། དབུལ་བོ་ནོར་མེད་སོགས་ལ་འབུལ་བཞིན་ཡོད། ང་རང་གིས་ཚ་རུ་ཡག་པོ་ཞིག་ཀྱང་གྱོན་བྲ་གི་མེད། ང་ལ་དེང་སང་དགོན་པ་མང་པོས་ཁོང་ཚོའི་སྤྲུལ་སྐུ་ཡིན་ཞེས་སྐུ་བདག་བྱེད་མྱོང་། ང་ལ་སྤྲུལ་སྐུ་རེད་ཅེས་བཤད་པས་དགའ་རྒྱུ་དང་མ་རེད་ཅེས་པས་སྡུག་རྒྱུ་མེད། གང་ལྟར་བླ་མ་དཀོན་མཆོག་ལ་ཡིད་ཆེས་པའི་དད་པ་གཙང་མ་ཞིག་ཡོད་སྟོབས་ཀྱིས་རིག་སྔགས་ཀྱི་ནུས་པ་འདི་མངོན་སྟོབས་སུ་གྱུར་པ་རེད། འདིས་སེམས་ཅན་རེ་རེ་ལའང་ཕན་རེ་ཨེ་ཐོགས་སྙམ་པ་ནི་དམིགས་ཡུལ་ཉག་གཅིག་ཡིན། དེ་ལས་གཞན་པའི་བསམ་ཚུལ་དང་རེ་བ་གང་ཡང་མེད་ཅེས་གསུངས།
དེ་ནས་བཟུང་ངེད་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་ཞིང་ཐུགས་བརྩེ་བ་མཛད་འདུག ངས་ཁོང་ལ་མགོན་པོ་ཚེ་མཐའ་ཡས་པའི་སྐུ་བརྙན་བྱོན་ལེགས་ཤིག་དང་བཞུགས་གདན་སོགས་ཕུལ་ཞིང་བསྟན་འགྲོའི་དཔལ་དུ་ཞབས་པད་ཡུན་རིང་བརྟན་པའི་ཞུ་བ་ཕུལ། ཁྱད་པར་དུ་སྤྲུལ་སྐུ་ཡིད་བཞིན་ནོར་བུ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་འདི་ང་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁོང་སྐུ་བསྙུང་བཞེས་ནས་ལོ་མང་པོ་འགོར་སོང་། སྨན་པ་སུས་ཀྱང་ཕན་ཆེན་པོ་ཐོགས་མི་འདུག གཞན་ཡང་མཁན་པོ་བསོད་དར་རྒྱས་ཀྱང་དེ་འདྲ་སྙུང་བཞིན་ཡོད་པས། གལ་ཏེ་རྗེས་སོར་ཁོང་གཉིས་ཁྱེད་ཀྱི་མདུན་སར་བྱོན་ཐབས་རེ་ཡོད་ན་ཐུགས་ལ་ནན་འཛིན་བྱེད་དགོས་ཞུས་པར། ཁོང་གིས་ཐུགས་དགྱེས་ཚུལ་མཛད་དེ་ཡ་ཡ་གོ་གོ་གསུང་བཟང་སླད་མེད་གནང་། དེ་རྗེས་ང་རང་པེ་ཅིན་དུ་འབྱོར་ཞིང་ཁ་པར་གྱི་ལམ་ནས་སྤྲུལ་པའི་སྐུ་རིན་པོ་ཆེར་རྒྱུ་མཚན་རྣམས་ཞིབ་པར་ཞུས། ཁོང་ཐུགས་ཤིན་ཏུ་དགྱེས་ཚུལ་མཛད་དེ་ངོ་མཚར་ཆེ། ཁྱེད་ཀྱིས་ཁོང་རང་རེའི་ཆོས་སྒར་འདིར་གདན་འདྲེན་ཞུ་ཐུབ་ན་བླ་མ་མུ་མཚོའི་བསྙུང་གཞི་ལ་ཡང་ཕན་རེ་ཐོགས་ལས་ཆེ། གཞན་པའི་ནད་པ་ཚབས་ཆེན་ཡང་མང་པོ་འདུག བཞུགས་ས་སྣེ་ལེན་སོགས་ཅི་དགོས་ངེད་ཅག་གིས་གྲ་སྒྲིག་བྱེད། ངེད་ཀྱིས་རླངས་འཁོར་བསུ་མར་མངག་ཆོག་ཅེས་གསུངས། དེ་ནས་ཕྲན་གྱིས་ཁོང་ལ་ཁྱེད་བླ་རུང་ཆོས་སྒར་ཆེན་མོར་ཕེབས་དགོས་ཚུལ་ཞུས་པར། བསུ་མ་གང་ཡང་མི་དགོས། ང་རང་ལ་རླངས་འཁོར་ཡོད། ཉིན་དྲུག་གི་རྗེས་ནས་བསླེབ་འོང་གསུངས། ཉིན་འགའི་རྗེས་སྤྲུལ་སྐུ་རིན་པོ་ཆེའི་ཞལ་པར་ཞིག་བསླེབས་འོངས་ནས་བླ་མ་ཕེབས་བྱུང་གསུངས། ཇི་འདྲ་རེད་ཞུས་པར། འོ། ཧ་ལས་པ་ཞིག་རེད། ངོ་མས་ངོ་མཚར་ཆེན་པོ་འདུག དེང་གི་དུས་རིག་སྔགས་ཀྱི་རྣལ་འབྱོར་བ་འདི་འདྲ་ཞིག་སྲིད་པ་ནི་ཡ་མཚན་རེད། ང་ལའང་སྔགས་བཏབ་སོང་། བླ་མ་མུ་མཚོ་དང་མཁན་པོ་འཆི་མེད་རིག་འཛིན། མཁན་པོ་བསོད་དར་རྒྱས་སོགས་ལའང་སྔགས་བཏབ་སོང་། གཞན་པའི་ནད་པ་མང་པོར་སྔགས་བཏབ་པས་ལ་ལར་ཕན་བཟང་པོ་ཐོགས་སོང་ཟེར། ལ་ལར་ཕན་ཆེན་པོ་མ་ཐོགས་ཟེར། ང་ལ་ནི་ཕན་ཐོགས་སོང་བ་འདྲ། ཁོང་ཉིན་མང་པོར་བཞུགས་ཁོམ་མེད་པས་རྗེས་སུའང་ཁོམ་སྐབས་ཤིག་ལ་ཕེབས་འོང་གསུངས་འདུག བླ་མ་ཐུགས་རྒྱུད་དྲང་པོ་ཆེ་མཐོང་མེད་པས་བཟང་པོ་ཞིག་རེད་ཅེས་ཐུགས་དགྱེས་ཚུལ་དཔག་མེད་མཛད།
ཕྱི་ཉིན་མཁན་པོ་བསོད་དར་རྒྱས་ལ་ཁ་པར་གྱི་ལམ་ནས་དྲིས་པར་ཁོང་གིས་ཀྱང་དེ་བཞིན་གསུངས། དེ་འདྲའི་ཁྱད་ཆོས་ཅན་ཞིག་ཡིན་སྣང་མ་ཤར། ངེད་ཅག་ལ་བྱ་བ་མང་བས་སྣེ་ལེན་བཟང་པོ་ཞིག་ཀྱང་མ་ཡོང་། ངའི་ནད་གཞི་ལ་ཕན་ཞིག་ཐོགས་སོང་བ་འདྲ་བས་ཐུགས་རྗེ་ཆེ་གསུངས། ཟླ་འགའི་རྗེས་སུ་སྤྲུལ་སྐུ་རིན་པོ་ཆེར་ཡང་ཁམས་འདྲི་ཞིག་ཞུས་པར། སྔར་ལས་ཇེ་བདེར་བྱུང་སོང་། ཟླ་ཕྱེད་ཙམ་ལ་ཕན་བཟང་པོ་ཞིག་ཐོགས་སོང་། འོན་ཀྱང་ནད་གཞི་སངས་དྲག་བྱེད་མ་ཐུབ་ཐལ། གང་ལྟར་ངེད་ཀྱི་ནད་འདི་རྒྱ་བོད་སོག་གསུམ་གྱི་ནད་པ་དང་། ལག་ཐབས་པ་རྩ་རླུང་མཁན་པོ་སོགས་ཆེས་མང་པོར་བསྟན་ཀྱང་སྔགས་པ་འདིས་ཕན་ཐོགས་པ་ལྟ་བུ་དེ་སྔོན་སུས་ཀྱང་ཕན་ཐོགས་མ་མྱོང་། ཨ་ཞང་ཁྱེད་གཉིས་ལ་ཕན་ཐོགས་ཨེ་འདུག་གསུངས། ཨ་ཞང་ལ་ཕན་ཆེན་པོ་མ་ཐོགས་ཀྱང་ངའི་མཆིན་པ་ད་དུང་སྔར་བཞིན་ན་འདུག་ཀྱང་ཕལ་ཆེར་སྙིང་ཁམས་ལ་ནི་ཕན་བཟང་པོ་ཞིག་ཐོགས་སོང་བ་འདྲ། ཕ་ཡུལ་གྱི་མི་མང་པོར་ཕན་ཆེན་པོ་ཐོགས་འདུག་ཟེར་ཚུལ་ཞུས།
དེ་རྗེས་བླ་མ་ཨ་ཁྱུག་རིན་པོ་ཆེའི་སྒར་གྱིས་ཀྱང་གདན་འདྲེན་ཞུས་ཤིང་ནད་པ་མང་པོའི་ཟུག་རྔུ་བསལ་ཚུལ་གཞན་གྱི་ངག་ལས་ཐོས་ཀྱང་ཞིབ་པར་མ་ངེས། དེ་རྗེས་ངེད་གཉིས་ཟི་ལིང་དང་ཁྲིན་ཏུ། པེ་ཅིན་སོགས་ནས་ཐེངས་མང་པོར་མཇལ་ཞིང་རྒྱས་ཀྱང་ཆེ་ཙམ་བྱུང་། ཉིན་ཞིག་ངེད་ཅག་ཁོང་གི་རླངས་འཁོར་དུ་བསྡད་ནས་ཟི་ལིང་དུ་འགྲོ་བའི་ལམ་བར་ཞིག་ནས་ཡུད་ཙམ་ངལ་གསོས་པར་ངས་རྡོ་ལི་སྔོ་ཁྲ་ཆུང་ཆུང་ཞིག་རྙེད་པས། འདི་མཆོང་ལ་ཞིག་འདྲ་འམ་ཞུས་པར་ག་རེ་ངའི་ལག་ཏུ་ཞོགས་དང་གསུངས། ཕྱག་ཏུ་བཟུང་ནས་ཞལ་ཕུ་མཛད་དེ་ང་ལ་ཕྱིར་གནང་བར་ཚ་བོ་རེག་མི་བཟོད་པ་ཞིག་རེད་འདུག་ལ་སྐར་མ་གཉིས་ཙམ་ནས་རིམ་གྱིས་དྲོད་ཡལ་སོང་། ཐེངས་ཤིག་ནད་པ་ཞིག་ལ་སྔགས་འདེབས་སྐབས། གཏེར་ཆུ་དམ་བུ་གསུམ་ཙམ་ཀ་ཏོ་ར་ཞིག་གི་ནང་བླུགས་ནས་ང་ལ་ལྟོས་ཨང་གསུངས། བལྟས་པར་ཁོང་གི་ཞལ་ཕུ་ཆུ་ནང་དུ་བཏབ་པར་ཚེག་ཚེག་ཚེག་བྱས་ནས་ཆུ་དེའི་ནང་ནས་ཝུ་བ་འདྲ་བྱུང་སྟེ་གདུ་གྲབ་བྱེད་བཞིན་འདུག ཕལ་ཆེར་ཡུན་རིང་ཙམ་བསྔགས་ན་གདུས་འཇོག་གི་སྙམ་པ་ཞིག་རེད། ཕྱི་ཉིན་ཕྲན་གྱིས་ཁོང་ལ་ཁ་སང་གི་ནད་པ་དེ་ག་འདྲ་རེད་ཅེས་དྲིས་པར། ངའི་མདང་གི་རྨི་ལམ་ལ་བརྟགས་ན་ཕན་ཐོགས་ས་མ་རེད་ཀོ་གསུངས། ཏག་ཏག་ཉིན་ལྔ་ཙམ་ལས་ནད་པ་ཕྱི་མར་བུད་སོང་། ཡང་ཐེངས་ཤིག་ནད་པ་ཞིག་ལ་མེ་ལོང་གིས་འཕུར་སྐབས་ནད་པ་ཨ་ཚ་ཟེར། ཁོང་བཞད་མོ་ཅུང་མཛད་དེ། འོ། འོ། འོ། ངས་སེམས་ཆུང་མ་བྱས་པ་རེད་གསུངས་ནས་ཞལ་ཕུ་འགའ་བཏབ་ནས་ཕུར་བས་དེ་མ་ཐག་འཁྱག་པོར་ལོག་སོང་། ངས་ཁོང་ལ་ཁྱེད་ཀྱིས་ཅི་ལྟར་མཛད་ཞུས་པར། ཁོང་གིས་ངས་སེམས་གཏད་པ་ཙམ་གྱིས་ཚ་གྲང་ཅི་བྱས་ཀྱང་ཆོག་གསུངས། ཐེངས་ཤིག་རྒྱ་མོ་དགེ་བསྙེན་མ་ཞིག་གིི་ཕྲེང་བར་སྔགས་འདེབ་ཏུ་བཅུག་པར། དྲགས་སྔགས་ཀྱིས་བཏབ་པ་ཡིན་འདུག་སྟེ་ཕྲེང་ཐག་སི་སྐུད་ཅིག་འདུག་པ་ཞུ་ནས་ལོག་ལོག་ཅིག་ཆགས་འདུག
སྤྱི་ལོ་༢༠༠༩ལོའི་སྟོན་ཁར་ཁྲིན་ཏུ་ནས་ནད་པ་འགའ་ལ་སྔགས་འདེབ་སྐབས་ཕལ་ཆེར་ནད་པ་མང་ཕྱོགས་དྲག་སོང་བ་འདྲ། དེའི་ནང་ན་བྲག་མགོ་ནས་ཡིན་ཟེར་བའི་སྐྱེས་པ་རལ་བ་ཅན་ཞིག་འདུག་པས་ཕྱི་ཉིན་ང་ལ་བརྗོད་རྒྱུར། ང་ཁར་ཉིན་མགོ་ན་ནས་ཅུང་མིན་ན་ཤི་སོང་། ངོ་མས་འཆི་ཚད་བྱེད་ཀི གཉིད་ཅིག་གཞི་ནས་ཡོང་ནི་མ་རེད། ནུབ་མོ་པགས་རས་རློན་པ་མགོ་ཐོག་ཏུ་བཞག་ནས་ཉལ་དགོས་ཀི མགོ་གཟེར་སྟོབས་ཀྱིས་ཚད་པ་སྐྱེས་ཏེ་པགས་རས་རློན་པ་སྐམ་པོ་ཆགས་ཏེ་མཚན་རེར་ཐེངས་མང་པོར་བརྗེ་དགོས་ནི་རེད། ཁྲིན་ཏུ་ལ་མི་ཐོན་ཙམ་ཞིག་བྱས་སོང་། ཁ་སང་བླ་མ་འདིས་བསྔགས་རྗེས་མགོ་གཟེར་གཞི་ནས་འཇམ་སྟེ་མདང་གཉིད་སྐྱིད་པོ་ཞིག་ཡོང་ཐལ། པགས་རས་ཀྱང་འཇོག་མ་དགོས། དེ་རིང་མགོ་དྭངས་ཡག་རེད། སྣང་བའང་སྐྱིད་པོ་ཞིག་རེད། འོན་ཀྱང་མཆིན་པ་འདི་ད་དུང་ན་འདུག་པས་སྐུ་ཚེ་རིང་ཁྱེད་ཀྱིས་ཁོང་ལ་ད་དུང་ཞུ་རོགས་ཤིག་བྱེད་ཨེ་ཐུབ་ཟེར། ཡང་རྒྱ་རོང་བ་མིང་ལ་ཕུན་ཚོགས་ཟེར་བ་ཁྲིན་ཏུ་ཤམ་བྷ་ལའི་ཟ་ཁང་གི་མ་ཆེན་ཞིག་གིས་ལག་པའི་ཚིགས་དང་རྐང་བ་ན་འདུག་པས། རིན་པོ་ཆེས་བསྔགས་པའི་ཕྱི་ཉིན་ནས་ཇེ་དྭངས་ཇེ་དྭངས་སུ་གྱུར་ཏེ། ཉིན་འགའི་རྗེས་ནས་གཞི་མེད་དུ་དྲག་སོང་། ཕྲན་གྱིས་ད་སྐབས་ཐེངས་མང་པོར་ཁོ་ལ་ཅི་འདྲ་རེད་དྲིས་པར། ད་ནི་རྐང་ལག་གཉིས་ཀ་ནད་མེད་དུ་དྲག་འདུག་ཟེར། འདི་འདྲ་མང་པོ་ཞིག་རང་གིས་མངོན་སུམ་དུ་མཐོང་། ཐེངས་རེར་དྲག་སྔགས་གསུང་དུས་གསང་བ་འདྲ་ཞིག་གནང་སྟེ་ཁང་སྒོ་བསྡམས་ཤིང་ཕྲེང་བའང་ན་བཟའི་འོག་ཏུ་བགྲང་འདུག་པས་སྐབས་རེར་ཕྲེང་བའི་ནང་ནས་མེ་སྟག་མཆེད་འདུག་པ་མཐོང་ཐུབ། འདིའི་རིགས་ཆེས་མང་པོ་མཐོང་ཡང་དེ་ཙམ་ལས་མ་བྲིས།
ད་ལོ་སྤྱི་ལོ་༢༠༡༠ ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་ངེད་ཅག་ཡང་སྐྱར་ཞལ་མཇལ་བྱུང་ཞིང་། རྩོམ་པ་པོ་གངས་ཞུན་དང་སྐད་གཉིས་སྨྲ་བ་སྐུ་ཞབས་བསོད་ནམས། མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་གཙོ་འཛིན་པ་རྒན་རྡོ་རྗེ་ཚེ་བརྟན་སོགས་ངེད་ཅག་ཡུན་རིང་བོར་གླེང་མོལ་བྱས། ཁོང་གི་ཞལ་ནས། ཁ་སང་ཡག་པོ་བྱས་ཡོད། སྐུ་ཞབས་པེ་ཙོང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་གཙོ་འཛིན་གཞོན་པ་ཟ་ལར་རིགས་ཁ་ཆེའི་ཆོས་ལུགས་པ་མ་ཧྥུ་ཧེ་ཞེས་པ་ངེད་ཀྱི་སར་ཁྲིད་འོངས། ཁོས་རྐུབ་སྟེགས་སྟེང་ནས་ང་ལ་ལག་འཇུ་བྱས། ཁྱོད་ཀྱི་སྔགས་ནུས་དེ་ང་ལ་སྟོན་དང་ཟེར། ངས་ལྕགས་ཕུར་ལ་སྔགས་བཏབ་ནས་ཚ་བོ་བྱས་ཏེ་ལག་ཏུ་བཞག གསེར་དངུལ་ཟངས་ལྕགས་གང་ལ་སྔགས་བཏབ་ཀྱང་འདི་ལྟར་ཚ་བོར་འགྱུར་འགྲོ་ཞེས་ལབ་པར། མིག་འཕྲུལ་དང་གཡོ་སྒྱུ་སོགས་རེད་སྙམ་པ་ལོས་ཡིན། དེ་ཙམ་ཡིད་མ་ཆེས་པ་འདྲ། མ་ཟད་ང་རང་གི་ལག་པར་སྔགས་བཏབ་ཀྱང་ཚ་བོ་རེད་འགྲོ་ཞེས་ལབ་པར། ག་ལ་སྲིད་ཟེར། ངས་རང་གི་ལག་པར་སྔགས་བཏབ་ནས་ཚ་བོ་བྱས་ཏེ་ཁོའི་ལག་པར་ཚམ་ཚོམ་མེད་པར་འཇུས། ཁོའི་ལག་པ་བསྲེགས་ཏེ་ངའི་ལག་ངོའི་རི་མོ་རྣམས་ཀྱང་ཁོའི་ལག་པའི་ངོར་དོད་འདུག ཁོས་ཨ་ཚ་ཚ་ཟེར་བཞིན་ལག་པ་སྤྲུག་བཞིན་གློ་བུར་དུ་རྐུབ་སྟེགས་སྟེང་ནས་མར་བབས་ཏེ་ང་ལ་མགོ་བསྒུར་ཞིང་། དངོས་གནས་ཡ་མཚན་ཆེན་པོ་འདུག བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་དེ་རིང་བར་མ་མཐོང་། དེ་རིང་ནས་བཟུང་ང་ཁྱེད་ལ་ཡིད་གཏིང་ནས་ཆེས་པ་ཡིན། ཕྱིན་ཆད་ཁྱེད་ལ་ཞབས་ཞུ་རོགས་སྐྱོར་ཅི་དགོས་ཀྱང་བྱེད་ངེས་ཡིན་ཟེར། ཁ་སང་གངས་ཞུན་ངེད་ཅག་ལྷན་དུ་ཡོད་གསུངས། གངས་ཞུན་གྱིས། ཨོ་ཧོ་ཧོ། དེ་གཞན་ལ་བཤད་ཨེ་ཉན་མི་ཤེས་ཀོ་ཟེར། ཁོང་གིས་སྐྱོན་མེད། མ་ཧྥུ་ཧེ་ཁོ་རང་གིས་གཞན་ལ་བསྒྲག་དགོས་ཟེར་གསུངས། གངས་ཞུན་གྱིས། ཁ་སང་རིན་པོ་ཆེས་ངོ་མས་ཁྱད་ཆོས་བསྟན་ཐལ། མ་ཧྥུ་ཧེ་གཏིང་ནས་ཡིད་མི་ཆེས་ག་མེད་བྱུང་སོང་ནི་རེད། དངོས་གནས་ཁྱད་ཆོས་འདི་ཡ་མཚན་པ་ཞིག་རེད། ན་ནིང་ཡང་རིན་པོ་ཁོང་གིས་ང་ལ་འདི་ལྟར་གསུངས་མྱོང་། ཁྱོད་ཚོ་ཟི་ལིང་གྲོང་ཁྱེར་ན་ནང་པའི་ཆོས་ལ་ཡིད་མི་ཆེས་པ་མང་པོ་ཡོད་ཟེར། དེ་ཚོ་ཚང་མ་ཁྲིད་ཤོག་དང་ངས་ཡིད་ཆེས་ཀི་འཇུག་གསུངས་པ་རེད་ཟེར།
ལོ་ཙྰ་པ་བསོད་ནམས་ཀྱིས་ཀྱང་། ང་རང་གིས་སྔོན་ཆད་ཀྱང་བླ་མ་མ་པོའི་སྐད་སྒྱུར་བྱས་ནས་རྒྱལ་ཁབ་མང་པོར་ཕྱིན་མྱོང་། འོན་ཀྱང་བླ་མ་འདིའི་ཁྱད་ཆོས་གཞན་དང་བསྡུར་ན་བསྡུར་ཐབས་མེད་པ་ལྟ་བུ་ཞིག་རེད། ཕྱི་རྒྱལ་གྱི་མི་ཚོ་ཧ་ལས་འགྲོ་གི་གསུངས་ནས་གཏམ་རྒྱུད་སྙན་མོ་ཞིག་གླེང་བའི་མགོ་བརྩམས། ཐེངས་ཤིག་ཁ་ན་སྒྲ་རྒྱལ་ཁབ་ཀྱི་ཚོང་བ་ཆེ་ཤོས་རྗིམ་ཞོ་ཞེས་པ་དེ་མཆིན་པའི་སྐྲན་ནད་ཀྱིས་བཟུང་ནས་རྒྱལ་ཁབ་མང་པོའི་སྨན་ཁང་གིས་བཅོས་ཐབས་གཏན་ནས་མ་ཡོང་། ཁོའི་ནུ་བོ་དེ་རིན་པོ་ཆེ་འདིའི་སློབ་མ་རེད་འདུག་པས། རིན་པོ་ཆེའི་རྒྱུ་མཚན་ཁོ་ལ་བཤད་ཀྱང་ཁོ་ཡིད་མ་ཆེས། ང་ལ་སྨན་ཁང་མང་པོས་བཅོས་ཐབས་མ་བྱུང་བས་ད་གང་ལྟར་ལམ་གཅིག་ལས་མེད་ཅེས་བཤད། ནུ་བོས་ནན་ཏན་གྱིས་བཤད་དེ་ང་ལ་ངེས་པར་ཡིད་ཆེས་ཡོད། གང་ལྟར་ཚོད་ལྟ་ཞིག་བྱེད་དགོས་ཞེས་བཤད་པར་འོ་ན་དེ་ལྟར་གྱིས་ཟེར། འོན་ཀྱང་ནད་པ་དེ་ཨ་མེ་རི་ཀ་ན་ཡོད། ཁོའི་ནུ་བོ་དང་རིན་པོ་ཆེ་ངེད་ཅག་ཁེ་ན་སྒྲ་ན་ཡོད་པས། ང་ལ་ལམ་ཡིག་ཡོད་ཀྱང་རིན་པོ་ཆེར་ཨ་རིར་འགྲོ་བའི་ལམ་ཡིག་མེད། ཁོང་གིས་ང་ལ་ཁྱོད་ངེད་ཀྱི་ཚབ་བྱས་ཏེ་ཨ་རིར་སོངས་ལ་མེ་ལོང་འདིས་ནད་པར་ཕུར་དང་ཁེ་ན་སྒྲ་ནས་སྔགས་འདོན་གསུངས། བསོད་ནམས་ཀྱིས་གཏམ་རྒྱུད་བཤད་མཚམས་འདིར་བསླེབས་དུས། རིན་པོ་ཆེ་ཁོང་བཞད་བཞིན་དུ། ངས་དང་པོར་དེ་ལྟར་ལབ་དུས་བསོད་ནམས་དང་པོར་འགྲོ་ཁ་མི་ཉན་གི་གསུངས། བསོད་ནམས་ཀྱིས། ངས་ལོང་བས་ལོང་ཁྲིད་ག་ལ་ནུས་ཞེས་འགྲོ་མ་འདོད། འོན་ཀྱང་རིན་པོ་ཆེས་ང་ལ་དཀོན་མཆོག་གི་བྱིན་རླབས་ལ་རྒྱང་རིང་ཐུང་ག་ལ་ཡོད། ཁྱོད་སོངས་དང་ཕན་ཐོགས་ནི་རེད་གསུངས་པས་མི་འགྲོ་ཐབས་མེད་བྱུང་སོང་། ནུ་བོ་དེའང་ཚོང་བ་ཆེན་པོ་ཞིག་རེད། ངེད་གཉིས་གནམ་གྲུར་བསྡད་ནས་ཨ་རིར་སོང་། ནད་པ་དེ་ཧ་ཅང་ཚབས་ཆེན་པོ་རེད། ལྟོ་བ་ཆུས་གང་ནས་འགུལ་སྐྱོད་ཙམ་ལ་ཡང་དཀའ་ལས་འདུག ལུས་ཡོངས་རྫོགས་སེར་པོ་རེད་ཚར་འདུག ངས་རིན་པོ་ཆེར་ཞལ་པར་ཕུལ་ནས། ད་ཁྱེད་ཀྱིས་ཐུགས་བསྐྱེད་སྨོན་ལམ་གྱིས་དང་ངས་མེ་ལོང་གིས་འཕུར་ཞུས། ནད་པས་མི་མོས་བཞིན་དུ་ཉན་འདུག ངས་མེ་ལོང་གིས་འཕུར་དུས་མེ་ལོང་རིམ་གྱིས་ཚ་བོར་གྱུར་སོང་ལ་ངོ་མ་རྒྱུན་ལྡན་མ་ཡིན་པ་ཞིག་རེད་འདུག ངའི་སེམས་ལ་ངོ་མ་དཀོན་མཆོག་གི་བྱིན་རླབས་དེ་མེ་ལོང་འདིའི་ངོར་ཞུགས་འདུག་བསམས་པ་ཞིག་བྱུང་། དུས་ཚོད་གཅིག་ཙམ་ལ་ཕུར་དུས་རིན་པོ་ཆེའི་ཞལ་པར་འོངས་ནས། ད་ཅུང་ཙམ་ངལ་གསོ་གྱིས་གསུངས། ནད་པ་ཅུང་ཇེ་བདེར་སོང་ནས་ངས་ཟས་ཤིག་བཟའ་འདོད་ཟེར། ཤ་བསྲེགས་མ་ཆེན་པོ་ཞིག་དང་ཁོ་ཁོ་ཁུ་ནག་དམ་བི་ཆུང་བ་གསུམ་འཐུངས་ནས། ད་སྤྱོད་ཁང་ནང་དུ་འགྲོ་དགོས་ཟེར། སྤྱིར་ཁོ་རང་སྤྱོད་ཁང་དུ་འགྲོ་རྒྱུ་ཧ་ཅང་དཀའ་བའི་ཚོད་དུ་འདུག་ཀྱང་། དེ་ཉིན་དཀའ་ངལ་མེད་པར་ཟག་པ་དོར་ནས་ཚུར་འོངས། དགོང་མོར་ཡང་རིན་པོ་ཆེའི་ཞལ་པར་འོངས་ཏེ། ད་ཡང་མེ་ལོང་གིས་ཕུར་གསུངས། ངས་སྔར་བཞིན་དུས་ཚོད་གཅིག་ཙམ་ལ་ཕུར། ནད་པ་ཇེ་བདེར་སོང་ནས་གཉིད་དུ་ཡུར། ཕྱི་ཉིན་སྔ་དྲོར་ཇེ་དགར་རབ་ཅིག་སོང་འདུག ངས་རིན་པོ་ཆེར་ཞལ་པར་ཕུལ་ནས་ཡང་སྔར་ལྟར་དུས་ཚོད་གཅིག་ལ་ཕུར་དུས། ནད་པས་མགོ་ཡར་བཀྱགས་ཏེ་ད་ང་དངོས་སུ་རིན་པོ་ཆེའི་མདུན་དུ་འགྲོ་དགོས་ཟེར་བས། ཁོའི་ཆུང་མ་དང་ནུ་བོ་སོགས་དགའ་ཚོས་ཆེན་པོ་སྐྱེས། ཁོ་རང་ཉིད་ལ་གནམ་གྲུ་ཡོད་པས་ངེད་ཅག་རིན་པོ་ཆེའི་དྲུང་དུ་ལམ་ལ་ཆས། གནམ་གྲུར་ཞུགས་དུས་ཁོའི་ཆུང་མ་དང་ནུ་བོ་གཉིས་ཀྱིས་སྐྱོར་བ་ལ། ཁོས་ང་སྐྱོར་མི་དགོས་ཟེར་ནས་ངེད་ཀྱི་ལག་མགོ་ནས་བཟུང་ཞིང་གནམ་གྲུར་ཞུགས་ཤིང་། དུས་ཚོད་གསུམ་གྱི་རྗེས་སུ་ཁེ་ན་སྒྲར་བསླེབས་ཏེ་རིན་པོ་ཆེའི་དྲུང་དུ་བཅར། རིན་པོ་ཆེས་ནད་པ་དེ་ཉིན་བདུན་ལ་བསྔགས་རྗེས་དྲག་ཐག་ཆོད་སོང་། དེང་སྐབས་ཕལ་ཆེར་ལོ་ང་བཅུ་ང་གཅིག་ཙམ་རེད། ཅེས་བརྗོད། འོ་ད་དུང་དེ་འདྲ་ཡོད་དམ་ཞེས་དྲིས་པར། ད་དུང་ཡོད། ཁེ་ན་སྒྲར་དམངས་གཙོའི་ལམ་ནས་བསྐོས་པའི་གཙོ་འཛིན་ཞིག་དང་མཇལ་འཕྲད་ཅིག་གི་སྐབས་སུ། རིན་པོ་ཆེའི་ཕྱག་ཁོའི་འགྲམ་པར་གླན་པས་ཁོང་གི་ཕྱག་རྗེས་ཚང་མ་འགྲམ་པའི་སྒང་དུ་བབས་སོང་། གཞན་སྒུ་རུམ་ཟེར་བའི་མི་ཞིག་མཆིན་པ་སྐྲན་ནད་ཀྱིས་མནར་ནས་སྨན་ཁང་གིས་ཟླ་གཅིག་གི་ཚེ་ཚད་ལས་མེད་པར་ཐག་བཅད་པ་དེ་ཡང་རིན་པོ་ཆེས་བསྔགས་ནས་སངས་དྲག་ཏུ་སོང་ཡོད། ཡང་ཁེ་ན་སྒྲའི་བུད་མེད་ཅིག་གི་སྙིང་ནད་ལ་སྨན་པས་ཟླ་གཅིག་གི་ཚེ་ལས་མེད་པས་གཤག་བཅོས་ཀྱིས་དྲག་མི་ཐུབ་ཟེར་བ་ཡང་ཁོང་གིས་བསྔགས་ནས་སངས་དྲག་ཏུ་གྱུར་སོང་། རྗེས་སུ་སྨན་ཁང་གིས་ཐེངས་གསུམ་ལ་བརྟགས་རྗེས་སུ་ཡང་ནད་གཞི་རྩ་མེད་དུ་དྭངས་འདུག་ཅེས་བརྗོད་འདུག སྨན་པ་དེས་ང་ལ་ང་ཁྱོད་ཀྱི་སྨན་པ་མིན་ན་གནས་ཚུལ་འདི་ཁས་ལེན་བྱེད་ཐབས་གཏན་ནས་མེད་ཟེར་བྱུང་། ཡང་ཁེ་ན་སྒྲའི་བུ་མོ་ཞིག་གི་ནུ་མ་གཡོན་པ་སྐྲན་ནད་ཀྱིས་བཟུང་ནས་སྨན་པས་བཅོས་ཐབས་མི་འདུག མཚན་མོ་གཞོག་གཡོན་ཕབ་ནས་ཉལ་མི་ཐུབ་པའི་དཀའ་ངལ་ཡོད་བརྗོད་འདུག་པ་དེར་ཡང་རིན་པོ་ཆེས་དྲག་སྔགས་ཀྱིས་གཏར་སྲེག་གནང་བར་དེ་ནུབ་ནས་དྲག་སོང་།
གཞན་ཉིས་སྟོང་བརྒྱད་ལོར་ཁོང་གིས་གནང་བའི་ཕྱག་མདུད་ཅིག་ལུས་ལ་བཏགས་པའི་མི་ཞིག་ཡུལ་ཤུལ་ཁུལ་ནས་མི་གཞན་དང་འཛིང་རེས་བྱས་ཏེ། གཞན་དེས་ཁོ་ལ་མེ་མདས་ཚར་ལྔ་བརྒྱབ་ཡོད་ཀྱང་མདའ་མགོ་རྣམས་རུམ་དུ་ལྷུང་འདུག་ཅེས་ཁོང་གི་གྲྭ་པ་ཞིག་གིས་ང་ལ་གསུངས་བྱུང་ལ། ཁོང་གིས་ཀྱང་དེ་བདེན་པ་ཡིན། མི་དེ་ད་ལྟའང་ཡོད་ཅེས་གསུངས་བྱུང་།
རིག་སྔགས་ཀྱི་རྣལ་འབྱོར་བ་ཁོང་གིས་རྫ་སྟོད་རྫོགས་ཆེན་དགོན་པའི་རྟེན་བརྟེན་པ་གསར་བཞེངས་དང་དགོན་པ་གཞན་དག་ལ་ཞལ་བདག་འཛིན་སྐྱོང་། དམངས་ཕན་སྨན་ཁང་དང་སློབ་གྲྭ་མང་པོ་གསར་བཞེངས་རོགས་སྐྱོར་གནང་བཞིན་ཡོད་འདུག
རྡོ་བྲག་རིག་འཛིན་ཆེན་པོས་ལྷ་རི་གཟིམ་སྤྲུལ་བདུན་པའི་ཡང་སྲིད་འཁྲུལ་མེད་ཡིན་ཞེས་ངོས་འཛིན་ཕྱག་ཡིག་ཐམ་ཀ་བཅས་གནང་འདུག་ལ། གཞན་བླ་ཆེན་འགས་ངོས་འཛིན་གྱི་ཕྱག་ཡིག་སོགས་འདུག་ཀྱང་མང་དུ་མ་སྤྲོས་སོ།།
ཁོ་བོ་ཀླུ་སྨྱོན་གྱིས་ཁམས་སྐྱེ་རྒུ་མདོ་ནས་ཡིན་ཞིང་དེང་སྐབས་ང་ཚོའི་ཆོས་ཚོགས་སུ་བཞུགས་པའི་ལྷ་རིས་པ་གྲགས་ཅན་བླ་མ་མིག་དམར་ལགས་སུ་ཁོང་གི་སྐོར་མཐོང་ཐོས་ཡོད་མེད་དྲིས་པར་ཁོང་གིས། ངེད་ཅག་ཡུལ་ཤུལ་ས་ཆར་མཚོན་ན་བླ་མ་དེར་རྡོ་ལི་བླ་མ་ཟེར་ཞིང་སྐད་གྲགས་ཆེན་པོ་ཡོད། ཁོང་གིས་སྔགས་བརྒྱབ་ནས་འོན་པས་སྒྲ་ཐོས་པ་དང་ལོང་བས་གཟུགས་མཐོང་བ། ལྐུགས་པས་སྐད་ཆ་བཤད་ཐུབ་པ་དེ་འདྲ་ལན་མང་པོ་བྱུང་མྱོང་། ང་ཚོའི་གྲོང་བའི་རྒན་རྒོན་ལོང་བ་དེ་འདྲར་ཡང་ཁོང་གིས་སྔགས་བཏབ་ནས་མིག་གིས་མཐོང་ཐུབ་པ་དེ་འདྲ་གཉིས་བྱུང་སོང་། ཁོང་གར་ཕེབས་གར་བཞུགས་ཀྱི་གནས་སུ་ནད་པ་དང་མཇལ་བའི་འཚང་ཁ་ཆེན་པོ་ཡོད་ཅེས་གསུངས།
ལོ་མང་རིང་ཤ་མར་རྩམ་གསུམ་སོགས་ཟས་རིགས་རྙིང་པ་ལན་དུ་མས་ཟོས་ཤིང་། འཐུང་ཆུ་གཙང་མ་མིན་པའི་རྐྱེན་གྱིས་བད་ནད་འདིས་ཁོ་བོ་ལོ་ངོ་ཉི་ཤུའི་རིང་བར་མེད་དུ་མནར་བ་ཡིན་མོད། རིག་སྔགས་ཀྱི་རྣལ་འབྱོར་བ་ཁོང་གིས་བྱིན་རླབས་ཟབ་མོ་གནང་བ་ནས་བཟུང་ཕན་ཐོགས་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་རང་གི་མྱོང་བས་གྲུབ་པ་དང་། མཐའ་སྡོམ་སྙིགས་མའི་དུས་འདིར་སྒྲུབ་པ་ལ་སྙིང་རུས་བསྐྱེད་དེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཁྱད་པར་ཅན་དག་ཏུ་རྩེ་གཅིག་ཏུ་ཐུགས་དམ་ལ་གཞོལ་ནས་རིག་སྔགས་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་འདི་ལ་མཇལ་བ་ནི་ཁོ་བོར་སྐལ་བ་ཧ་ཅང་བཟང་པོ་ཞིག་བྱུང་བ་ཡིན་པས། ཆོས་དང་རིག་གཞུང་རིག་གཞུང་གཅིག་པའི་གྲོགས་པོ་དག་གིས་ཀྱང་སྨན་བཅོས་དང་སྨན་པས་བོར་བའི་ནད་པ་ཉམ་ཐག་དེ་འདྲ་ཡོད་ན་བླ་མ་འདི་ལ་འབྲེལ་བ་གནང་ཐུབ་ན། ནད་པ་དེ་དག་དུས་མིན་འཆི་བའི་གཡུལ་ལས་རྒྱལ་བའི་གོ་སྐབས་བཟང་པོ་རེ་ཡོད་ངེས་ཅན་རེད་ཅེས་ཀྱང་ཞུ་བར་སྤོབས་སོ།།
ངོ་མཚར་བའི་ལོ་རྒྱུས་དེ་འདྲ་ཁ་བརྡའི་དྲྭ་བ་འདིར་འགོད་
གནང་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ།
ར་རྫི་སྐལ་རྒྱལ་ལ་དྲན་སྐུལ་གཏོང་ནུས་པ་ཞིག་རེད་འདུག
འདི་་རིགས་ལ་དབྱིན་སྐད་དུ་folk magic ཟེར།
འོ་་་ད་ཡིན་ན་རྫུན་གཞན་ཞིག་གི་མགོ་ཚུགས་སོང་།
བོད་པ་ཚང་སྙིང་རྗེ།
ཆོས་སྐད་མཐོན་པོའི་བདེན་རྫུན་མི་ཤེས་ཀྱང་། གྲུབ་རྟགས་མངོན་གྱུར་འདི་ནི་ཡ་མཚན་ཆེ། བླ་མ་འདི་ངས་ཀྱང་དངོས་སུ་མཇལ་། གྲུབ་རྟགས་མིག་གིས་མཐོང་མྱོང་། ནད་པ་ཕལ་ཆེ་བར་ཕན་ཐོགས་པ་ཡང་བདེན་པ་རེད། གཞན་ཡང་སྒ་བའི་ཕྱོགས་ན་མི་དང་དུད་འགྲོ་ཚང་མ་ལ་སྔགས་བཏབ་པ་ཙམ་གྱིས་ལྷ་འབེབས་ནུས་པ་དང་། རེབ་གོང་ན་གཟའ་བདུད་བསྐུལ་མ་ཙམ་གྱིས་མངོན་སུམ་དུ་སླེབས་པ། འབྲུ་གུང་དུ་གཤིན་རྗེ་གྲུབ་ནས་ལྗགས་མཆིལ་བཏབ་པས་གོས་དང་ཤིང་སོགས་བསྲེག་ནུས་ལ། རྩང་གྲུབ་གཡུ་པ་ཟེར་བས་མཁན་པོ་ཨ་ཆུག་ཆོས་སྒར་ནས་ཁབ་ཆགས་པ་གསུམ་ཆུར་མུད་བཏང་སྟེ་ཞལ་ནས་མདུད་པར་བསྒྱུར་ཏེ་སྤྲད་པ་དང་། གྲི་ལ་མདུད་པ་བོར། རྡོ་ལ་ཞབས་རྗེ་བཞག མགོ་ལོག་མུ་ར་དགོན་པའི་མགོན་ཁང་དུ་ཉེར་དགུ་ཕལ་ཆེར་བར་གཟའ་དངོས་སུ་འཁོར། སྨན་ཕྲུག་ཟེར་བའི་སྔགས་པ་ཞིག་གིས་རྐུན་མའི་རྗེ་ལ་སྔགས་བཏབ་པས་་འཆིང་བཅུག་པ་ལན་མང་བྱུང་བ་མི་ཚང་མའི་མདུན་ལ་བསྟན་ཏེ་ས་དེའི་སྤྱི་བདེ་མི་སྣས་ཀྱང་བསྔགས་པ་ཐོབ་པ། མགོ་ལོག་གི་དགོན་པ་ཞིག་ཏུ་རྐུན་མ་ལན་ལྔ་བརྒྱུགས་པ་རང་སར་འཆིང་ཞིང་འགའ་རེ་ཤིོ་བ་སོགས་བྱུང་། དེ་དག་རྩད་གཅོད་ཞིབ་འཇུག་བྱས་པ་ཡིན་ཏེ་བདེན་པ་དངོས་རེད། ང་རང་ཆེད་དུ་ས་གནས་ཉི་ཤུ་ཙམ་ལ་སོང་ནས་དེ་འདྲའི་རིགས་བདེན་རྫུན་ཅི་ཡིན་དཔྱད་པ་བྱས་ཏེ་བྲིས་ཡོད། རིགས་སྔགས་གྲུབ་པའི་རྟགས་རེད། ས་ལམ་མཐོན་པོའི་རྟོགས་པ་བརྙེས་པ་ཡིན་མིན་མི་ཤེས། དད་མོས་བྱེད་མིན་རང་གི་འདོད་པ་རེད།
དེ་སོང་བོད་ཀྱིས་ནང་ཆོས་ཡག་པོ་མ་སྦྱང་པའི་རིག་གསར་རྣམས་ཀྱིས་དེ་འདྲའི་བསྐོར་ལ་ལྟ་ལོག་དང་སྐུ་འདེབས་བྱས་རེད། རྨོང་དད་ཆེ་ན་ཡང་འགྲིག་གི་མི་འདུག་ཡིན་ན་ཡང་ཚན་རིགས་དང་རིགས་གསར་རྗེས་ལ་འབྲང་ཆེ་བ་དེ་ཚོ་ལྟ་ལོག་ཆགས་གིས་རེད།
རེད་་་་་་རིག་གནས་གསར་བརྗེའི་སྐབས་སུ་གྲུབ་རྟགས་སྟོན་ཐུབ་མཁན་མི་འདུག་ཟེར།
དེ་རྗེས་རིམ་བཞིན་སྔར་ལྟར་རྩལ་གྲུབ་རྟགས་ལས་སོགས་ཤ་མོང་སྤང་ལས་རྡོལ་བ་བཞིན་འབྱུང་གི་འདུག་ཟེར། དེ་ཚོ་བཤད་གཡམ་ཙམ་རེད། འོན་ཀྱང་བུ་ཡིས་འཇོན་ན་ཏན་ཏན་གྲུབ་རྟགས་ཐོན་རྒྱུ་ལོས་ཡོད། དེ་ཚོར་ཚན་རིག་གི་བརྟག་དཔྱད་བྱེད་ཐུབ་ན་ཡག་པོ་ཡོད་རེད་བསམ། གཞི་ནས་ཐུན་མོང་གིས་ཁས་ལེན་དུ་རུང་བ་ཞིག་འབྱུང་གིནརེད།
ཡ་མཚན་རེད་འདུག ཡང་ཁོང་ཡང་སྤྲུལ་སྐུ་རེད་ཟེར་བ་འདི་ཡ་ཆ།
བསམ་གཏན་སྒྲོལ་མས། རྫུན་རེད་ཟེར་བ་འདི་བླ་མ་འདི་པ་ཚང་རྙིང་མ་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པ་འདྲ། དགའ་ལུགས་པ་ཡིན་ན་ཡག་པོ་ཡིན་རྒྱུ་
ཀླུ་སྨྱོན་ལགས། ངོ་མཚར་ཆེ། གྲུབ་རྟགས་དང་རྫུ་འཕྲུལ། མངོན་ཤེས་ཞེས་པ་འདི་ཚོ་ཡོང་ཆོག་པ་ཞིག་རེད། ཕྲ་བའི་འཇིག་རྟེན་ཕལ་ཆེར་ང་ཚོས་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ཡོད་པ་མ་རེད། གཞན་མང་བོར་བསམ་བློ་གཏོང་མི་དགོས། རྣམ་རིག་ལ་བརྟེན་ནས་བསྐྲུན་པའི་ངོ་མཚར་བའི་ཆོས་ག་འདྲ་མང་བོ་འཇིག་རྟེན་འདིར་མཐོང་རྒྱུ་འདུག ནུས་པ་འདི་ཚོ་སྟོང་ཁམས་ན་རང་བཞིན་གྱིས་ཡོད་པ་ཞིག་རེད། དེ་དག་བཀོལ་སྤྱོད་སྟངས་འཛིན་གྱི་ཐབས་ཤེས་ལ་བློ་སྦྱོང་ཚད་ལྡན་ཞིག་འགྲོ་ཐུབ་མིན་ནི། གང་ཟག་རང་རང་ལ་རག་ལས་པ་ཞིག་རེད་བསམས། བླ་མ་འདིར་འབྱུང་ཁམས་ལ་སྟངས་འཛིན་ཐུབ་པའི་ནུས་པ་ཞིག་ཐོབ་ཡོད་པ་ཐག་གིས་ཆོད། ཁོང་ལ་འབྲེལ་ལམ་ཞིག་བཟུང་ན་ཇི་ལྟར་འཛིན་དགོས་སམ། ལམ་སྟོན་ཞིག་གནང་རོགས་གནང་། ནད་པ་ཉམ་ཐག་མང་བོ་འདུག སྐུ་ཚེ་རིང་། ཐུགས་རྗེ་ཆེ།
སྒྲུང་འདི་ལ་དྭོགས་པ་མང་པོ་བསླེབས་སོང་། ཕྱི་ནང་སྨན་པ་ཚང་མས་ལུས་ཀྱི་འབྱུང་བ་འཁྲུགས་ནས་ནད་ཡོང་བ་ལ་འབྱུང་བ་གསོ་དགོས་གསུངས། ཕུ་བཏབ་པ་དང་སྔགས་བཏབ་ནས་འབྱུང་བ་གསོ་ཐུབ་ཨེ་ཡོང་། དེ་བཞིན་སྟོན་པས་ལས་རྒྱུ་འབྲས་དང་རྟེན་འབྲེལ་སྐོར་མང་པོ་གསུངས། སྔགས་བཏབ་ནས་ལས་རྒྱུ་འབྲས་ཀྱི་རྩ་བ་གཏོར་ཐུབ་ཀྱི་ཡོད་ན། ཆོས་བྱེད་མི་དགོས་པ་ལྟ་བུ་རེད། དེ་བཞིན་ཕྱི་རྒྱལ་ལ་སྙིང་ལ་གཤགས་བཅོས་བྱེད་ཐུབ་པ་མ་ཟད། སྙིང་རྩ་བ་ནས་བཟོ་རྒྱུ་མེད་པ་དེ་ཚོ་བརྗེ་ལེན་ཐུབ་ཀྱི་ཡོད། དེར་བརྟེན། སྙིང་ནད་ན་མཁན་ལ་ཟླ་བ་འགའ་ཤས་ལ་ཚེ་ཡུན་མིན་འདུག་ཅེས་ལབ་མ་ཤེས་པ་ལྟ་བུ་རེད།
ཡིན་ནའང་། སོ་སོའི་སྐྱེ་བོའི་དད་པ་དག་སྣང་རེད། རང་རང་འདོད་མོས་གྱིས་ཤིག་ཟེར་རྒྱུ་རེད། འོན་ཀྱང་དྲ་གྲོགས་ཤིག་གི་ལ་རྒྱའི་ཐོག་ནས་རྒན་ཀླུ་སྨྱོན་ལ་ཞུ་རྒྱུར། གཟུགས་མི་བདེ་ན་ངེས་པར་དུ་ནུབ་ཕྱོགས་པའི་སྨན་པ་བསྟེན་དགོས། ནུབ་ཕྱོགས་པའི་སྨན་གཞུང་འདི་ང་ཚོའི་འདོད་པ་ཇི་བཞིན་མེད་རུང་། སྨང་གཞུང་ཀུན་གྱི་ནང་ནས་ད་ལྟ་འདི་ལས་ལྷག་པ་གཅིག་མེད་པ་ངོ་མ་རེད། གོང་ས་མཆོག་ཀྱང་སྨན་གཞུང་འདིས་སྲོག་བསྐྱབས་སོང་། དཔེར་ན། གོང་ས་མཆོག་བོད་སྨན་ག་ཚོད་བཞེས་རུང་མཁྲིས་པ་དེ་བཟོ་མ་ཐུབ་སྟབས། མཐའ་མ་ནུབ་ཕྱོགས་ཀྱི་སྨན་གཞུང་བཞིན་གཤགས་བཅོས་བྱས་ནས་གོང་ས་མཆོག་ད་ལྟ་ཕྱི་རྒྱལ་ལ་ཐེངས་སྔར་བས་མང་བ་ཕེབས་ཐུབ་པ་བཟོས་སོང་། གལ་ཏེ་མཁྲིས་པར་གཤགས་བཅོས་བཏང་མེད་ན། ད་ལྟ་གོང་ས་མཆོག་ཀྱི་སྐུ་གཟུགས་ཇི་འདྲ་ཡིན་མིན་ང་ཚོས་ཤེས་ཐུབ།
ཕུབ་བཏབ་པ་དང་སྔགས་གྲངས་ནས་ནད་བཟོ་ཐུབ་ཟེར་བ་འདི་རབ་བྱུང་ན། ཚན་རིག་པ་ཚོ་དང་འབྲེལ་བ་བྱས་ནས། མིག་མཐོང་ལག་ཟིན་ཐོག། འཕྲུལ་འཁོར་དང་ཕྲ་ཤེལ། གློག་ཆས་སོགས་བཀོལ་ནས་བརྟག་དཔྱད་བྱས་ན་ལེགས། གལ་ཏེ་བརྟག་པ་བྱས་ནས་ངོ་མ་ནུས་པ་ཡོད་ན། ཡིན་དང་ཡིན།
རྒྱལ་ཁམས་པ་ལགས། བླ་མ་འདི་ཨ་རིར་གདན་འདྲེན་ཞུ་བའི་ལས་གཞི་གང་མགྱོགས་མགོ་འཛུག་གི་རེད། དེ་དུས་ཚན་རིག་པ་ཚོ་དང་མཉམ་དུ་ཡང་གོ་བསྡུར་གནང་སྲིད། ཡིན་ཡང་ཁོང་གིས་ང་ལ་ངའི་སྔགས་ནུས་འདི་ནད་པ་ཚབས་ཆེན་སྨན་པས་བོར་བ་དེ་འདྲའི་ཆེད་དུ་ཡིན་མ་གཏོགས་ང་རང་ཁྱབ་བསྒྲགས་ཀྱི་ཆེད་དུ་མིན་གསུངས་སོང་།
་་་་་་་་་ དུས་ཚོད་དགོང་མོར་སོང་བས་མཁན་པོ་མཇལ་བ་མ་གཏོགས་བླ་མར་སང་ཉིན་མཇལ་རྒྱུ་བྱས། ནུབ་མོ་དེར་བླ་མ་ག་འདྲ་ཞིག་ཡོད་ན་བསམས་ནས་བསམ་བློ་སྣ་ཚོགས་ཤིག་འཁོར་ཞིང་། རྨི་ལམ་དུ་དེ་སྔ་རྩ་ནས་རྨིས་མྱོང་མེད་པའི་མཁན་པོ་ཆོས་དགའ་ཁོང་སྐུ་གཟི་བརྗིད་ལམ་མེར་མཇལ་བ་ཞིག་བྱུང་བས། ཞོགས་པར་གཉིད་ལས་སད་དུས་སེམས་ནང་མཁན་པོ་ཁོང་གིས་གདན་འདྲེན་ཞུས་པའི་བླ་མ་དེ་གྲུབ་པའི་སྐྱེས་བུ་ཚད་ལྡན་ཞིག་ཡིན་ངེས་རེད་བསམས་པ་ཞིག་ཀྱང་བྱུང་། ་་་་་་་་་་་་་ཟེར།
བསམ་ཤེས་ལགས། སྔགས་ཀྱི་ནུས་པ་འདི་ལ་དོགས་པ་བྱེད་མི་དགོས། ངའི་ཕ་ཡུལ་དུ་ཨ་ཁུ་ཆོས་གྲགས་ཟེར་བའི་བླ་རྒན་ཞིག་ཡོད། ཁོང་གིས་སྔགས་བཏབ་ནས་རྒྱ་བོད་ཀྱི་ནད་པ་ཚབས་ཆེན་སྨན་པས་བོར་བ་མང་པོ་སངས་དྲག་ཏུ་བཏང་མྱོང་། རིག་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་ལྟ་བུར། །ལུས་ཅན་ཀུན་གྱི་འདོད་འཇོར་གྱུར། །ཞེས་མ་གསུངས་སམ།
་་་་་་་་ ་ཁོས་ཨ་ཚ་ཚ་རྡོ་འདི་ངར་འདུག་ཟེར། ང་རང་གིས་རེག་ན་ནི་ཚ་བའི་ཚོར་བ་གང་ཡང་མི་འདུག ང་ཡིད་མ་ཆེས་ནས་ནན་འདྲི་བྱས་ཚེ་རྡོ་འདི་དངོས་གནས་ངར་འདུག་ཟེར། སེམས་ལ་ཅི་ཡང་མེད་པའི་དགའ་བ་ཞིག་སྐྱེས་ནས་ངུས་པ་ཡིན། དེ་རྗེས་རྡོ་ལི་དེར་སྔར་ལས་ཀྱང་གཅེས་སེམས་ཤིག་སྐྱེས་ཏེ་རྒྱུན་པར་སྔགས་བཏབ་ཅིང་མཚན་མོར་ཡང་རུམ་དུ་བཟུང་ནས་ཉལ་བ་ཡིན། ཉིན་དེའི་ཡུལ་དེའི་མཇལ་བ་ཞིག་ཡོང་ནས་ཁོའི་སྐེ་ཕྲག་ན་གིན་འདུག་པས་ཁྱེད་ཀྱིས་ཞལ་ཕུ་ཞིག་འདེབས་རོགས་ཟེར། ངས་རྡོ་ལི་དེར་སྔགས་བཏབ་ནས་ཁོའི་སྐེ་ལ་རེག་པར་ཨ་ཚ་ཚ་ཇི་འདྲའི་ཚ་བོ་ཞིག་རེད་ཟེར།
ང་རང་གི་སེམས་པར་ད་ནི་ངེས་པར་རིག་སྔགས་གྲུབ་པ་ཡིན་ནམ་སྙམ་ནས་དགའ་བ་ཞིག་དང་ལྷན་དུ་ཡུན་རིང་ངུས། ནད་པ་དེའི་ནད་ཀྱང་ཉིན་ཁ་ཤས་ནས་དྲག་སོང་ཟེར། དེས་མཆིམས་ཕུ་ན་སྔགས་པ་དེ་འདྲ་ཞིག་འདུག་ཅེས་མི་འགའ་ལ་བཤད་ཡོད་ཚོད་རེད། དེ་ནས་བཟུང་སྐབས་སྐབས་སུ་ནད་པ་འགའ་རེ་བསླེབས་ཡོང་གི ངེད་ཀྱིས་སྔར་བཞིན་རྡོ་དེས་ཕུར་བས་ནད་པ་མང་པོ་ནད་ལས་གྲོལ་སོང་། ་་་་་་་་ཟེར།
ཚན་རིག་པས་ཁས་བླང་ས་མ་བླངས་ལ་ཁྱད་པར་ཡོད་པ་མ་རེད། ནད་པའི་ནད་དྲག་སོང་ན་དེ་ནས་སྔགས་ནུས་ཐོན་སོང་བ་རེད། ཚན་རིག་པ་ཚོ་དང་སངས་རྒྱས་བྱང་སེམས་དེ་འདྲ་མ་ཡིན་པར་སོ་སྐྱེ་དུག་གསུམ་རྒྱུད་ལྡན་རྐྱང་རྐྱང་རེད། ཕྱིའི་དངོས་པོའི་གནས་ལུགས་ལ་ཚན་རིག་པས་བདེན་དཔང་བྱེད་དགོས་ཟེར་ན་འགྲིག་ཀྱང་། ནང་པའི་ཆོས་ལ་ནུས་པ་ཡོད་མེད་ཀྱང་ཆོས་ཁས་མི་ལེན་པའི་ཚན་རིག་དེ་འདྲས་བདེན་དཔང་བྱེད་དགོས་ཟེར་བ་འདི་ལ་ངུ་དགོས་སམ་གད་མོ་དགོད་དགོས་སམ།
དེ་རིང་གི་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་འགྲེམ་སྟོན་ཁང་དུ་ཨེ་ཇེབ་སྐུ་འདྲས་སྐོར་བ་རྒྱག་པའི་སྣང་ཚུལ་འདིར་ཡང་ཚན་རིག་པ་ཚོ་ཁ་གདངས་ནས་འདུག་དགོས་ཀྱི་རེད་དོ།།
http://www.youtube.com/watch?v=q-jqMcKH4ZI
དྲ་ཐག་འདིར་གཟིགས་དང་ཨ་ཇེབ་སྐུ་འདྲས་རང་འགུལ་སྐོར་བ་རྒྱག་བཞིན་པ་མཐོང་ཐུབ། དེ་རིང་གི་འཛམ་གླིང་གསར་འགྱུར་འཁྲུག་ཤོས་གཅིག་རེད།
་་་་་་་་་ འདི་ནི་ང་གཅིག་པོའི་ཡོན་ཏན་ག་ལ་ཡིན། འདི་ནི་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བདེན་སྟོབས་ཀྱི་འོད་ཟེར་རེད། འདི་སྒོར་མོའི་ཆེད་དུ་བཙོང་ག་ལ་ཉན། ནད་པ་རེ་རེའི་ཟུག་རྔུ་བཅོས་ཐབས་ཤིག་ཡོད་ཀྱང་དེ་ནི་དགེ་བ་བསམ་གྱིས་མི་ཁྱབ་པ་རེད་བསམ་གིན་ཡོད། དཀའ་ཚེགས་ལའང་འཛེམ་གྱི་མེད། དེ་དག་གིས་བྱིན་པའི་རྒྱུ་ནོར་ཡང་ཆུད་ཟོས་སུ་མ་བཏང་བར་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་བཞེངས། སྨན་ཁང་དང་སློབ་གྲྭ། དགོན་པ་དང་བཤད་གྲྭ། དབུལ་བོ་ནོར་མེད་སོགས་ལ་འབུལ་བཞིན་ཡོད། ང་རང་གིས་ཚ་རུ་ཡག་པོ་ཞིག་ཀྱང་གྱོན་བྲ་གི་མེད། ་་་་་་་་་་ཟེར།
བོད་ནས་གསར་དུ་འབྱོར་བའི་ར་སྒྲེང་དགོན་པའི་རྐྱང་ཕྱག་ལ་ངས་གཅོད་ལུང་ཞུ་ས། ད་ལྟ་རྒྱ་གར་ཧི་ཅལ་མ་ནྰ་ལོར་དགོན་བཞེང་བྱེད་མཁན་དེ་ང་། དེའི་ནད་དང་གདོན་བགེགས་གྲོལ་སྟངས་ལ། ཁོང་གི་རྣམ་ཐར་དང་ཅུང་ཟད་རེ་མཐུན་པ་འདུག ཡག་པོ་རེད། རྗེས་སུ་ཡི་རང་ཡོད།
ངོ་མ་ངོ་མཚར་ཆེན་པོ་རེད། མི་ལ་ལས་ཚན་རིག་པ་ཐམས་ཅད་མཁྱེན་པ་ཡིན་པ་ལྟ་བུ་བཤད་པ་ནི་རང་ཉིད་ཐོས་རྒྱ་མཐོང་རྒྱ་ཆུང་སོང་བ་རེད། ཁྱོད་ཀྱིས་མ་ཤེས་ཤེས་བྱ་མང་། བོང་བུས་མ་སྒྲོད་ས་ཆ་མང་ཞེས་པ་ལྟར་རེད།
འབྱུང་བ་མེ་ཡི་མ་ཚིག་ཤིང་གྲུབ་རྟགས་བསྟན་ནུས་པའི་
ཆོས་པ་འཚམས་པ་སུ་ཡིན་རུང་ གཞན་ལ་ངོམ་ཆོག་པའི་
ཆོས་ཡིན་ཀྱང་དེ་ལ་ཟུར་ཟ་དང་རྫུན་མར་བཟོ་རྒྱུའི་མངོན་
འདོད་འདི་ཡམ་རེ་མཚན་ སྔོན་གྱི་དུས་སུ་གནམ་ལ་འཕུར་
བ་དང་བྲག་ལ་ཐོགས་མེད་དུ་གཤེགས་པ་སོགས་གྲུབ་རྟགས་
བསྟན་པའི་ལོ་རྒྱུས་རྣམས་ཀྱང་རྫུན་མ་རེད་ཟེར་རྒྱུ་ཉག་གཅིག་
རེད་ ཨ་མཚར་པོ་ རྒྱ་གུང་ཕྲན་ཅི་དགོས་ས་མ་རེད་པ་ བོད་
མི་རང་གིས་ཆོས་རྫུན་པར་བཏང་དང་བཏང་བཞིན་པ་རེད་
འདུག་ག་ བོད་མི་ཟེར་དུས་ཡོངས་རྫོགས་ལ་ཞུ་གིས་མེད་དེ་
ཆོས་དང་བླ་མས་འཇོན་རབས་བཤད་དུས་ལམ་སང་དེ་ལ་ཚིག་
ཟུར་དང་དགག་པ་རྒྱབ་མཁན་རིགས་རྣམས་ལ་སྙིང་ཡང་རྗེ་
དམ་པའི་ཞེ་ཡང་ཁྲེལ་བ་ལས་གཞན་ཅི།
དང་ཐོག་མར། རྐྱང་ཕྱག་བླ་མས། ང་ལ་ཁྱོད་ཀྱིས་གཅོད་མི་འོངས། གཅོད་གཏོང་བར་དུར་ཁྲོད་བརྒྱ་དང་བརྒྱད་དང། ཆུ་མིག་བརྒྱ་དང་བརྒྱད་འགྲིམས་དགོས་སོགས་ཟེར། རྗེས་སུ་གཅོད་ལུང་དང་གཅོད་ཀྱི་ཕྱག་དཔེ་ཡང་ལྷག་མ་གཅིག་པུ་དེ་ཡང་ང་ལ་སྤྲོད་རྒྱ་བྱས་པ་སོགས་ལ་དད་པ་དང་རེ་དོགས་གཉིས་ཀ་འདྲེས་མར་ཤར་བྱུང་ལགས། ཕན་ཐོགས་ཀྱང་ཆེན་པོ་བྱུང་སོང་།
པཎ་ཆེན་རིན་པོ་ཆེའི་བླ་མ་མཆོད་པ་ལས།
རྫས་སྔགས་ཏིང་འཛིན་རོལ་པ་ལས་བྱུང་བའི། །ཞེས་སོགས་དང་འབྲེལ་བ་ཆེ་ཙམ་མི་འདུག་གམ། ལགས། ཨ་ལ་ལ། ཨེ་མ་ཧོ། །
བློ་ཡི་ཡུལ་དུ་གྱུར་ན་ དོན་དམ་ཅི་ལ་ཡིན་
ཀུན་རྫོབ་ཡིན་པས་སོ།
རྟོག་གེའི་ཡུལ་དུ་གྱུར་ན་ གྲུབ་རྟགས་ཅི་ལ་ཡིན་
ཐ་མལ་ཡིན་པས་སོ།
བླ་མའི་ནུས་པ་ཡིན་འདྲ། པར་དེ་ཚོ་ཡང་མགོ་མཇུག་ལྡོག་འདུག་ག
ངེད་ཅག་རྨོངས་དད་རིགས་ལ་ཚན་རིག་པའི་བརྟག་དཔྱད་དགོས་པ་མེད། འོན་ཀྱང་ཁྲིམསནལནའགྲོ་དུས་ཚན་རིག་པས་ཁས་ལེན་ངོས་འཛིན་ཐུབ་པ་ཞིག་དགོས་པ་རེད། དཔེར་ན། བོད་སྨན་གྱིས་ནད་ལ་ཕན་པ་དངོས་ཡོད་གནས་ཚུལ་རེད། དེ་ལ་ནུབ་ཕྱོགས་རྒྱལ་ཁབ་ལས་སོགས་སུ་བོད་སྨན་ཚོང་ཆོག་དང་མི་ཆོག་བོད་སྨན་ཟ་ཆོག་དང་མི་ཆོག་སོགས་མང་པོ་ཡོད། དཔེ་དེ་བཞིན་རེད། བོད
པའི་བླ་མ་ཞིག་གིས་མགོ་སེར་ཞིག་ལ་བགེགས་བཀྲོད་བྱེད་སྐབས་སུ། བླ་མས་གླེགས་བམ་ཆེན་པོ་ཞིག་མགོ་སེར་གྱི་མགོ་ལ་བྱིན་རླབས་གནང་ཁུལ་གྱིས་ཤུགས་ཆེན་རྒྱབ་པར། རྗེས་སུ་མགོ་སེར་དེ་ཡིས་བླ་མ་ལ་ཁྲིམས་གཏུག་བྱས་པ་གོ་བྱུང། དེ་བཞི་་བླ་མ་གྲྭ་བ་འགའ་ཞིག་གིས་མགོ་སེར་ཚོར་ཚེ་རབས་ལས་རྩིས་བསྐོར་བར་་་་་བུད་མེད་དེ་ལ་བུ་གས་འབྱུང་བའི་བསྐལ་པ་ཡོད་རབས་རྩིས་འབྲས་བབས་པར། བུད་མེད་དེ་ལ་ཕྱིས་སུ་དེ་ལྟར་མ་བྱུང་བར་་་བུད་མེད་དེ་ཡིས་ཾགྲྭ་བ་དེ་ཁྲིམས་ལ་སྦྱར་ཚུལ་གོ། དེ་བཞིན་བོད་པའི་བླ་མ་ཞིག་གིས་མགོ་སེར་བུད་མེད་ཅིག་ལ་ལོག་གཡེམ་བྱས་པར་བུད་མེད་དེ་ཡིས་བླ་མ་ཾཁྲིམས་ལ་སྦྱར་ཏེ་དཀའ་ངལ་བཟོས་པ་གོ། བོད་པའི་ལུགས་ལ་དེ་དག་ཐམས་ཅད་ལ་ཡིད་ཆེས་བྱེད་པ་ལས་ཁྲིམའ་གཏུག་བྱེད་མི་སྲིད། སྔོན་མ་ཞིག་ལ་བོད་ནས་བླ་མ་ཞིག་ཕེབས་ནས་ཨ་རི་སོགས་ལ་མངོན་ཤེས་ཡོད་ཚུལ་སོགས་མང་པོ་བཤད་དེ་གང་འཚམས་བར་དུ་ལམ་འགྲོ་རྒྱུགས་ནས་སྐད་གྲགས་དང་དངུལ་མང་པོ་ཐོབ་འདུག རྗེས་སུ་རྫུན་མ་ཡིན་པར་ཤེས་ཏེ་ད་ལྟ་ཨ་རིར་ཡོང་མི་ཆོག་པ་བཟོས་རབས་གོ། དེ་བཞིན་སྔོན་མ་ཞིག་ལ་བོད་ནས་བླ་མ་ཞིག་རྒྱ་གར་ལ་ཕེབས་ནས་ནད་ན་ཚ་མང་པོ་ཞིག་འཇིབས་ནས་དྲག་རབས་བཤད་དེ་བོད་མི་རྣམས་འཚང་འགག་རྒྱབ་པ་རེད། ཉིན་ཅིག་ཡུ་པའི་མངའ་སྡེ་དྷེ་ར་དྷུན་དུ་བོད་མི་ནད་པ་ཞིག་ལ་ནད་བརྡུང་བྱས་ཏེ་ནད་པ་དེ་འཆི་རབས་གོ། དེ་ནས་མི་རྣམས་ཞེད་སྣང་སྐྱེས་ཏེ་མིང་ཆད་བྱུང་བ་གོ། ད་དེ་འདྲ་རེད། དད་པ་ཅན་གྱི་ངོ་ལ་བླ་མའི་གཅིན་པ་དང་དྲི་ཆེན་གནང་ན་འགྲིག ཡིན་ནའང་ལུང་པ་གཞན་ཞིག་ཏུ་དེ་ལྟར་བྱས་ན་ཁྲིམས་ལ་མི་སྦྱོར་བའི་ངེས་པ་མེད།
མེ་ཏོག་ལགས་ཐུགས་རྗེ་ཆེ་པར་ལ་ཞིབ་འཇུག་བྱས་པ། ངས་ནི་པར་དེ་གང་ཡིན་འདི་ཡིན་ཅི་གང་ངོས་བཟུང
ཤེས་མ་སོང། ངས་བསམ་པར་པར་དེ་མཆོད་ཁང་ཞིག་ཡིན་ནམ་བསམ་བྱུང། ད་གཞི་ནས་ལྟ་དུས་བླ་མ་དེ་ཡི་སྐུ་པར་ཡིན་པ་འདྲ་་་དངོས་གནས་མགོ་འཇུག་ལོག་འདུག ཀླུ་སྨྱོན་གྱིས་གོ་རྒྱུ་བཏང་བ་ཡིན་རྒྱུ་རེད།
ནམ་མཁའ་མེད་པར་འགྱུར་ན་ཡང་།།
སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར།།
ལྷ་དང་དྲང་སྲོང་གིས་བྱས་པའི།།
རིག་སྔགས་བསླུ་བར་མི་བྱེད་ན།།
འདོད་ཆགས་བྲལ་བས་བྱས་པ་ཡི།།
གསང་སྔགས་སྦྱོར་བས་བསླུས་པ་ནི།།
མ་བྱུང་འབྱུང་བར་མི་སྲིད་དོ།།
འདི་འདྲ་པོའི་རིགས་ལ་ནང་པའི་ཆོས་ཀྱི་བསྙེན་ཡིག་དང་། བསྐྱེད་རྫོགས་ཟིན་བྲིས། ཡི་དམ་གྱི་རྣམ་བཤད་དེ་འདྲའི་ནང་ན་གསུངས་ཡོད་པའི་བདུད་ཀྱི་ལྷོངས་ཚད་ཟེར་བ་དེ་རེད། ཉམས་ལེན་ལམ་དུ་ལྷོངས་བ་ལ་ཚད་འཛིན་བྱེད་པ་སྟེ་བདུད་ཀྱི་བར་ཆད་ཡིན་པ་རེད། མངོན་རྟོགས་རྒྱན་ལས་བདུད་ལས་མང་པོ་གསུངས་ཡོད་པ་དེ་ཚོ་དྲན་སོས་དགོས་པ་རེད། ཐོག་མར་ངོ་མཚར་བའི་གྲུབ་རྟགས་དང་མངོན་ཤེས་སོགས་ཐོགས་མེད་ཡོད་མདོག་དང་རིམ་གྱིས་དེ་ཚང་མ་བསྟན་འགྲོ་ལ་གནོད་པ་ཞིག་ཏུ་འགྱུར་གི་རེད།
སྔོན་དུས་སུ་ར་རྫི་སྐར་རྒྱལ་ཟེར་བ་བར་སྣང་ལ་དཀྱིལ་མོ་དཀྲུང་གིས་བཞུགས་ནས་ཆོས་འཆད་ཐུབ་མཁན་ཞིག་བྱུང་ནས་སངས་རྒྱས་ཀྱི་གསུངས་ཡོད་ཚད་ཅུང་ཟད་རེ་བཅོས་ནས་ཐ་ན་རྩ་མེད་བཟོ་བའི་འཆར་གཞི་བཏིངས་མྱོང་བ་ཞིག་ལོ་ཙ་བ་རིན་ཆེན་བཟང་པོས་ཏིང་ངེ་འཛིན་གྱིས་བཏུལ་བའི་ལོ་རྒྱུས་ཡོད་པ་རེད།
བླ་མ་འདིས་ཀྱང་ཐོག་མར་བསམ་ཡས་སུ་མཚམས་བསྙེན་སྒྲུབ་ཡག་པོ་བྱས་འདུག དེ་ནས་རྨི་ལམ་ལྟ་བུའི་འཁྲུལ་སྣང་ཞིག་ལ་བརྟེན་ནས་ཉམས་ལེན་ལམ་ལྷོངས་བྱུང་མི་འདུག ཅིག་བྱས་ན་བདུད་ཀྱིས་བྱིན་གྱིས་བརླབས་པ་རེ་ཡིན་པའི་དོག་པ་ཡོད། ལྷག་པར་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཀླུ་སྨྱོན་ལྟ་བུ་ཞིག་གིས་མི་འདི་རིགས་ལ་སྐྱབས་སུ་བཅོལ་བའི་རེ་སྐུལ་བྱེད་པ་ཤིན་ཏུ་ནས་ཀྱང་མི་རིགས།
མཚམས་མཚམས་སུ་ཆོ་འཕྲུལ་ལྟ་བུ་ཚན་རིག་གིས་འགྲེལ་བཤད་རྒྱག་མི་ཐུབ་པ་ཧ་ཅང་མང་པོ་རེད། ཡིན་ན་ཡང་དེ་ཚོས་ཕན་གནོད་ཆེན་པོ་གང་ཡང་བྱེད་མི་ནུས་པའི་ཆ་ནས་ཚན་རིག་པས་ཀྱང་འདི་འདྲ་ལ་ཞིབ་འཇུག་གི་ངལ་བ་ཆེན་པོ་བརྟེན་གི་མ་རེད།
སྤྱིར་ན་མི་ཞིག་གི་ལོ་རྒྱུས་ཐོག་མར་ཐོས་དུས་ནས་དེ་་བསྟོད་སྨད་བྱེད་པ་མི་འོས་མོད་འདི་རིགས་ལ་མི་ཤེས་རྒྱུ་ཡང་ཅང་མི་འདུག མི་འདིའི་ལོ་རྒྱུས་ལ་ལྟོས་དང་། གྲུབ་རྟགས་ཐོག་མར་བཞག སེམས་ཁྲིད་རྗེས་མ་ཞུ་གི་འདུག་ག འདི་འདྲ་འདི་ལ་ཡིད་ཆེས་གཏན་ནས་མེད།
བོད་མི་རྨོངས་དད་ཅན་གྱིས་སྣེ་དྲངས་ཤིང་།།
རྒྱ་མི་རྨོངས་དད་ཅན་གཞུག་བསྐྱོར་བའི།།
མངོན་ཤེས་རྫུ་འཕྲུལ་སྟོན་པ་མི་བདེན་ཞིང་།།
གལ་སྲིད་བདེན་ཡང་བདུད་ཀྱི་ལྷོངས་ཚད་ཙམ།།
སྙིགས་མའི་དུས་ལ་བོད་རིགས་འཇོན་ཐང་ཅན་མང་ཡོང་གི་འདུག དགའ་བོ་ཡོད། འོན་ཀྱང་། བོད་ནང་ཆོས་དང་འབྲེལ་བའི་བསམ་གཞིགས་ནན་པོར་གནང་དགོས་ཏེ། གོང་གི་རིགས་སྔགས་རྣམ་འབྱོར་བ་ལྟར་བུ་བན་བོན་ཕྱོགས་གཉིས་ནས་ཡོང་གི་འདུག དེ་དག་ཚང་མ་ལ་ལམ་སོང་སྐྱབས་སུ་མཆི་ཁྱེད་མཁྱེན་ཁྱེད་ཤེས་བསམ་པའི་སྒོ་གསུམ་ཐམས་ཅད་མ་ཁོལ་གནང་། དེ་འདྲའི་སྔགས་མང་བསགས་ནས་གནས་སྐབས་ཙམ་ལ་ཕན་ཐོགས་མཁན་རྒྱ་གར་རྒྱ་ནག་ནང་ལ་རིགས་མང་པོ་ཡོད་མ་ཟད། ཕྱི་རོལ་བ་ནང་ལ་བསམ་ལས་འདས་པ་ཡོད། ང་རང་ཚོའི་སྐྱབས་གནས་སམ་ཡིད་ཆེས་སྐྱེས་ཡུལ་དེ་དཀོན་མཆོག་གསུམ་རེད། དཀོན་མཆོག་གསུམ་ནང་སངས་རྒྱས་དཀོན་མཆོག་ནི་ང་ཚོ་ཐོབ་བྱ་མཐར་ཐུག་དང་། བོན་དཀོན་མཆོག་ནི་ཉམས་སུ་ལེན་བྱ་གཙོ་བོ་རེད། སེམས་དཔའ་དཀོན་མཆོག་ནི་ཐར་དང་ཐམས་ཅད་མཁྱེན་པའི་གོ་འཕང་བགྲོད་པར་གྲོགས་ཁྱད་པར་ཅན་ཡིན་མོད། དེའི་ཕྱིར་བསམ་བློ་སྔོན་དུ་གཏོང་ནས་ཡིད་ཆེས་དང་དག་སྣང་དགོས་ཏེ། ཇི་སྐད་དུ། བསམ་བློ་སྔོན་དུ་གཏོང་དགོས། འགྱོད་པ་ཕྱིས་ནས་སྐྱེས་ན་བླུན། ཞེས་སོ། མཐའ་ཅིག་ཏུ་དགག་པ་དང་སྐྱོན་བརྗོད་བྱེད་ན་ཡང་སྤྱི་ཚོར་རྙོག་དྲ་ཡོང་བའི་འགལ་རྐྱེན་མང་པོ་ཡོང་སྟོབས་བསམ་གཞིགས་གཏང་བའི་སྐབས་སྐོར་ཡོད། བོད་པའི་སྤྱི་ཚོའི་འགྲོ་སྟངས་རེད། དོ་ཙམ་ཡག་པོ་བྱུང་ན་འུར་གྱིས་སྟོད་བསྔགས་ནམ་མཁར་ཁེངས་པར་བརྗོད་ཀྱིན་ཡོད། ད་དངོས་ནས་འགྲན་ཟླ་བྲལ་བའི་འཇོན་ཐང་ཅན། སྲིད་ཕྱོགས་གཟུང་མཁན་ཡིན་ན་འདྲ། ཆོས་ཕྱོགས་གཟུང་མཁན་ཡིན་འདྲ། དེ་རིགས་ལ་ཕྲག་དོག་དུག་གིས་དེ་དག་གི་མཚན་སྙན་ནམ་འཇོན་སོགས་དངོས་ཤུགས་བརྒྱུད་གསུམ་ཇི་རིགས་ཐོག་ནས་གནོད་རྐྱེན་ཐེབས་པ་འདས་པའི་ལོ་རྒྱུས་ཁྲོད་ན་གོ་ཐོས་འདུག་ལ། མ་འོངས་པ་ལ་དེ་རིགས་བྱུང་ངེས་རེད་བསམ་པའི་བག་ཆགས་ཡང་འདུག གོང་ལྟར་ང་རང་ཚོས་རྟག་དཔྱད་ཐོངས། སྟོན་པ་ཤཱཀྱ་ཐབ་པས་ཀྱང་། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་སོ།།
སྤྱིར་བླ་མ་དེ་འདྲ་བ་གྲོང་གསེབ་ཁག་ནང་མང་པོ་ཡོད་པ་བདེན་པ་རེད། ཡིན་ནའང་གདན་འདྲེན་ཞུ་མི་ཆོས་དགའ་རེད་ཟེར་དུས་ང་དོགས་པ་ཟ་བྱུང་། རྫོགས་ཆེན་ཆོས་དགའ་ནི་ཟོག་པོ་གཡོ་སྒྱུ་ཅན་ཡིན་པ་ང་ཚོ་རྙིང་མ་བ་ཕལ་ཆེར་སེམས་ནང་གསལ་ཐག་ཆོད་རེད། ཁོས་ཐེ་ཝན་ནང་རྒྱའི་སྦྱིན་བདག་གི་ནང་ལ་གྲི་ཕར་གཡུག་ཚུར་གཡུག་རྒྱ་ནག་གི་གློག་བརྙན་ནང་གི་དྲག་རྩལ་རྩེད་བ་ནང་བཞིན་བྱས་ནས་འདྲེ་དང་འཛིང་ཁུལ་བྱས་པ་སོགས་ལོ་རྒྱུས་མང་་་་
་་་་་་ དེ་བཞིན་སྔོན་མ་ཞིག་ལ་བོད་ནས་བླ་མ་ཞིག་རྒྱ་གར་ལ་ཕེབས་ནས་ནད་ན་ཚ་མང་པོ་ཞིག་འཇིབས་ནས་དྲག་རབས་བཤད་དེ་བོད་མི་རྣམས་འཚང་འགག་རྒྱབ་པ་རེད། ཉིན་ཅིག་ཡུ་པའི་མངའ་སྡེ་དྷེ་ར་དྷུན་དུ་བོད་མི་ནད་པ་ཞིག་ལ་ནད་བརྡུང་བྱས་ཏེ་ནད་པ་དེ་འཆི་རབས་གོ། དེ་ནས་མི་རྣམས་ཞེད་སྣང་སྐྱེས་ཏེ་མིང་ཆད་བྱུང་བ་གོ། ད་དེ་འདྲ་རེད། དད་པ་ཅན་གྱི་ངོ་ལ་བླ་མའི་གཅིན་པ་དང་དྲི་ཆེན་གནང་ན་འགྲིག ཡིན་ནའང་ལུང་པ་གཞན་ཞིག་ཏུ་དེ་ལྟར་བྱས་ན་ཁྲིམས་ལ་མི་སྦྱོར་བའི་ངེས་པ་མེད། ་་་་ཟེར།
་་་་་་ ངས་བསམ་པར་པར་དེ་མཆོད་ཁང་ཞིག་ཡིན་ནམ་བསམ་བྱུང། ད་གཞི་ནས་ལྟ་དུས་བླ་མ་དེ་ཡི་སྐུ་པར་ཡིན་པ་འདྲ་་་དངོས་གནས་མགོ་འཇུག་ལོག་འདུག ཀླུ་སྨྱོན་གྱིས་གོ་རྒྱུ་བཏང་བ་ཡིན་རྒྱུ་རེད། ་་་་་་་་་ཟེར།
ཕྱི་རོལ་བའི་ཨ་ཙ་ར་གཉིས་ཀྱིས་ནང་བའི་དགོན་ཆེན་དཔལ་ནཱ་ལན་དྲ་མེད་པ་བཟོ་ཆེད་ཕྱི་རོལ་བའི་ངན་སྔགས་ཉི་མ་སྒྲུབས་ནས་གྲུབ་སྟེ་ནཱ་ལན་མེར་བསྲེགས་པའི་ལོ་རྒྱུས་ཡོད་པ་རེད། བླ་མ་འདིས་ཀྱང་སྔགས་གྲུབ་ནས་ནུས་པ་ཐོན་པ་ཤིན་ཏུ་ནས་ཡོང་སྲིད་པ་ཞིག་རེད། ངོ་མཚར་ཆེ། ལན་གཅིག་མཇལ་བའི་སྨོན་ལམ་འདེབས།།
བླ་མ་འདིའི་རིགས་ལ་རྫུ་འཕྲུལ་དང་མངོན་ཤེས་གྲུབ་རྟགས་སོགས་ཡོད་ན། ང་ཚོའི་བོད་ཀྱི་རིག་གཞུང་དང་མི་རིགས་ལ་ཕན་མ་ཐོག་པ་ག་རེད་ཡིན་ན། ང་ཚོས་བོད་ཀྱི་རིག་གཞུང་དང་མི་རིགས་འཆི་ལ་ཉེས་པའི་སོ། འདིའི་རིགས་ནི་མི་ཆོས་བླ་མའི་རྫུན་རེད། དུས་ནམ་ཞིག་ལ་ང་ཚོའི་བོད་ཀྱི་བླ་རྫུན་འདི་དག་མེད་པར་བཟོ་ཐུབ་བམ།
གསུང་གིས་གཞན་སེམས་འདུལ་དགོས་པ་ལས། རྫུ་འཕྲུལ་གྱིས་གཞན་སེམས་དད་དུ་བཅུག་པ་ནི། ཐབས་ཤེས་འུ་ཐུག་ཤོས་དེ་ཡིན་པར་ངེས་སོ།།
སྤོབས་པ་མཐའ་ཡས་ཀྱིས་གསུངས་ལ་རྒྱུ་མཚན་ཆེ་པོ་འདུག་། དཔལ་སྤྲུལ་སེམས་པ་ཆེན་པོས་། བེན་རྒན་ཚུལ་ཁྲིམས་གཙང་བ་དེ་། གྲུབ་རྟགས་ནང་གི་ཆེ་བ་ཡིན་།
ཀ་རྡོའི་ལྐུགས་རྟགས་ལ། སློབ་དཔོན་སངས་རྒྱས་དང་། སློབ་དཔོན་དགྲ་བཅོམ་པ། སློབ་དཔོན་པཎྡི་ཏ་གསུམ་པོའི་ཆོས་འཆད་ཚུལ་ལས། དང་པོས་ཆོས་འཆད་དུས། སྐུ་རྫུ་འཕྲུལ། ཐུགས་ཀྱིས་གཞན་བསམ་པ་དང་བག་ལ་ཉལ་སོགས་མཁྱེན་ནས་ལྗགས་ཀྱི་དབང་པོ་སྟོང་གས་ཁྱབ་པ་དང་འོད་ཟེར་བྱེ་བ་བརྒྱ་ཕྲག་སྤྲོས་ཏེ་འདུལ་བྱ་དད་པའི་ས་ལ་འགོད། དེ་རྗེས་ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་དབང་པོ་དང་འཚམ་པར་ཆོས་སྟོན་པ་མིན་ནམ། འོ་ན་སྟོན་པ་ཡང་འུ་ཐུག་པ་རེད་དམ། ལགས། ལགས།
རྔ་བ་རྒྱལ་ཁམས་པས་བྱིས་པ་འདི་ལ་སྟོན་ཐུབ་ན་ཅི་མ་རུང་།
རྔ་བ་རྒྱལ་ཁམས་པའི་བཤད་པར་མོས་མཐུན་ཡོད། རྔ་བའི་གཙང་པ་སེར་སྤྲུལ་ཟེར་བ་གཟའ་མངོན་སུམ་དུ་རྒྱུགས་པ་་དང་རྟ་མགྲིན་དབལ་ཆུ་བསྐོལ་དུས་ཆུ་གྲང་མོ་ཁོལ་ཐུབ་པ་ནད་པ་མང་པོར་ན་ཐོག་མཁན་ཞིག་ཡོད། ངས་ཆུ་ཁོལ་བ་མཐོང་མ་སོང་གཟའ་ཡོད་ལ་བདེན་པ་རེད། ཡང་རྔ་བ་ལ་སེར་སྤྲུལ་ཟེར་བ་རྨི་ལམ་འོད་གསལ་ལ་བཞུགས་ནས་གཞན་གྱི་ཁང་ཁྱིམ་ནང་དུ་ཅི་ཡོད། བྱ་བ་ཅི་བྱས། དངུལ་ཁུག་ཏུ་སྒོར་མོ་ཅི་ཡོད། མི་ནོར་བོར་བརླགས་བྱུང་དུས་གང་དུ་ཡོད་གསལ་བོར་གསུང་ཐུབ་མཁན་ཞིག་ཡོད། དེ་ཡང་བདེན་པ་རེད། རྔ་བ་རྒྱལ་ཁམས་པར་རྒྱུས་ཡོད་ན་དེ་དག་གསུང་རོགས། གོང་གི་བླ་མ་འདིའི་སྔགས་ནུས་བདེན་པ་ཡིན་མིན་ལྟོས་དང་གསལ། དང་པོ་སྐུ་མདུན་དུ་སོང་ལ་ལྟོས། གལ་ཏེ་དེ་ལྟར་མི་ནུས་ན་དེ་དུས་ངའི་མགོ་བོ་བཅད་དེ་ཁྱོད་ཚོར་ཕུལ་ཡོང་། ངའི་གོང་དུ་བཤད་པ་རྣམས་དཔྱད་པ་གསུམ་གྱིས་ལེགས་པར་བརྟགས་ཏེ་བཤད་པ་ལས་རང་དགར་སྨྲས་པ་གཏན་ནས་མིན།། དེ་ས་ལམ་གྱི་རྟོགས་པ་མཐོན་པོ་ཡིན་མིན་ང་རང་ལ་མེད་པས་བཤད་ནུས་པ་མེད། གྲུབ་རྟགས་མངོན་གྱུར་རེད། ཞིབ་མོར་བརྟགས་དུས་གོང་གསལ་གྱི་གནས་ཚུལ་རྣམས་ཕལ་ཆེར་རང་གིས་མཐོང་བ་དང་བྱ་བ་དེའི་ནང་ལ་ཡོད་པའི་མི་མང་པོ་ཁ་གཅིག་མཚུངས་ཡིན་པས་བདེན་པ་རེད་ཅེས་བཤད་པ་ཡིན། འགའ་ཞིག་དག་སྣང་སྦྱང་བ་ཙམ་ལས་བཤད་དཀའ་བ་ཡོད་པའང་བདེན་པ་རེད། དེ་སོ་སོས་དཔྱད་རོགས། གོང་གི་བླ་མ་དེས་མི་མང་པོ་ནད་ལས་གྲོལ་བར་བྱས་པ་བདེན་པ་རེད། ཁོས་བཅོས་ཐུབ་པའི་ནད་པ་ངོ་ཤེས་༥༠་བཅུ་སྐོར་ཞིག་ལ་དྲི་བ་བྱེད་མྱོང་། ལས་ཀྱི་དབང་གིས་བཅོས་མི་ཐུབ་པ་འགའ་རེ་ཡང་འདུག རྡོ་ཚ་བོར་བསྒྱུར་བ་ལ་གང་ཟག་སུ་ཞིག་སོང་ནའང་མཐོང་ཐུབ། ཆོས་དང་སྔགས་ལ་དད་པ་་མེད་པ་དང་རྨོངས་དད་རེད་ཟེར་མཁན་ཚོ་ཁོ་ལ་གྲུབ་རྟགས་ཡོད་མེད་ལྟོས་དང་གཞོབ་དྲི་ཐུ་ལེ་གཏོང་ངེས་པ་ཡིན། ཡང་རེབ་གོང་སྔགས་པའི་གཟའ་ལ་ལྟ་འདོད་ནའང་མཐོང་ཐུབ། སྲོག་གཏོང་ཐུབ་མཁན་ཚོ་དེར་རྒྱུགས། མི་ར་དགོན་པའི་མགོན་ཁང་དུ་གཟའ་བདུད་བལྟ་བར་འགྲོ་ནའང་དུས་གཉན་སྐབས་ངེས་པར་མཐོང་ཐུབ། ཡུལ་དེའི་མིས་མིག་གིས་ཞིབ་མོར་བལྟས་ནས་གྲིབ་ཕོག་པ་མང་ཚུལ་བཤད་སྲོལ་འདུག དེ་ལ་མི་འཛེམས་ན་་སོང་ལ་ལྟོས། གོང་གི་བླ་མའི་སྔགས་དེ་དག་ལ་ནུས་པ་མེད་ན་་ངས་བཤད་ཚད་རྫུན་མར་གྱུར་བ་ཡིན། དྲ་གྲོགས་ཚོ་སྐུ་ཁམས་བཟང་།
ང་ཡི་སྤྲུལ་པར་ཟོག་པོ་ཟེར་ཞིང་གཤེ།
ཟོག་པོ་རྣམས་ལ་འདི་ཕྱི་བློ་བརྟན་འཆའ། ཞེས་པའི་
གསུང་དེ་ཡང་ཕལ་ཆེར་མི་ཆོས་བླ་མའི་རྫུན་ཡིན་འགྲོ།
བླ་མ་ཁོང་གིས་མངོན་ཤེས་དང་རྫུ་འཕྲུལ་གི་ཐོག་ནས་སེམས་
ཅན་ལ་ཕན་པ་འབའ་ཞིག་ལས་གནོད་པའི་ལོ་རྒྱུས་ནི་མེད་ངེས་
འདྲ། ཡི་དམ་གྱི་ལྷ་གྲུབ་ཤིང་རྟགས་ཐོན་པ་དེ་རང་གཞན་ཀུན་
ལ་དགོས་རྒྱུ་དེ་མ་རེད་དམ། དེ་ལ་སྐྱོན་དུ་བལྟ་བ་ནི་འཁྲི་ནད་ཅན་
གྱི་གངས་རི་སེར་པོ་མཐོང་བ་དང་གཅིག་མཚུངས་མ་རེད་དམ།
ཐུགས་བསམ་ཡག་པོ་བཞེས་རོགས་བོད་རིགས་སྤུན་ཟླ་རྣམས།།།།
ཀ་རྡོས་བཤད་པའི་རྭ་སྦྲེང་རྐྱང་ཕྱག་བླ་མ་ངས་ངོ་ཤེས། ཁོ་ཕྱི་རྒྱལ་དུ་མང་པོ་ཕེབས་གནང་གི་ཡོད་འདུག སྔོན་མ་ཆོས་པ་ཡག་པོ་ཞིག་ཡིན་བསམ་པ་ཡོད། མི་མང་པོར་ཕན་ཐོག་པའང་བདེན་པ་རེད། ཁོ་ལ་རྫུ་འཔྲུལ་དང་མངོན་ཤེས་ཡོད་མེད་ངས་བཤད་མི་ཤེས། སྐབས་རེར་མོ་ཐིག་པོ་འདུག་ཟེར་མཁན་འདུག རྫུ་འཔྲུལ་ཞིག་སྟོན་རོགས་ཞུས་པ་ཡིན་ཏེ། ཁོང་གིས་གཅོད་གཏོང་དུས་ལྷ་འདྲེའི་མཐོང་སྣང་་མང་པོ་ཡོང་བ་ལས་གཞན་མི་ཤེས་གསུངས་སོང་།
གསར་འགྱུར་ཡག་པོ་འདུག
བདེན་པ་ཡིན་པའི་སྨོན་ལམ།
ཡིད་ཆེས་མེད། ང་ཚོ་སྔ་འགྱུར་རྙིང་མའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གཙོ་ཆེ་བ་ཡིན།
བདེན་པ་ཡིན་ན་བཟང་མོད་ད་དུང་ཁ་ཚོན་གཅོད་དཀའ།
འདི་འདྲའི་རིགས་འདི་འབྱུང་མི་སྲིད་པ་མིན་ཡང་སངས་རྒྱས་ཆོས་ཀྱི་གོ་དོན་ལ་བློ་ཁ་མཐོ་པོར་སླེབས་པ་ཞིག་གི་ངོས་ནས།
་འདི་ལ་འགྲེལ་བཤད་རྒྱག་སྟངས་ཀླུ་སྨྱོན་གྱིས་བཤད་པ་ལྟར་བྱེད་ན་ཅི་འདྲ།
རིགས་བསྔགས་ཀྱི་ནུས་པ་སྤྱིར་བསམ་གྱིས་མི་ཁྱབ་པ་ཡིན། བླ་མའི་རྣམ་ཐར་སློབ་མས་བྲིས་ཚེ་རྟོག་བཏགས་མང་པོ་ཡོང་གི་ཡོད་པ་སྔ་རྗེས་གང་ལ་ལྟས་ཀྱང་གསལ་བོ་རེད།གང་ལྟར་ནད་པ་མང་པོ་ལ་ཕན་ཐོག་བྱུང་བ་འདི་ཡག་པོ་རེད། དེ་མིན་རྨི་ལམ་ལས་ཞལ་མཇལ་གནང་བྱུང་ཟེར་བ་འདྲ་བོ་རིགས་ལ་ཡིད་ཆེས་བྱེད་ཁེག་པོ་རེད།
ཆེས་ཤིན་ཏུ་བསྟོད་ཆེ་དྲག་ནས་ཐལ་སྐྱོན་འདི་འདྲ་ཤོར་འདུག ཨྱོན་སངས་རྒྱས་གཉིས་པ་ཞེས་པའི་ཚིག་འདི་གཅིག་པོས་ཀྱང་འུར་བསྟོད་དང་མགོ་རྨོངས་བཞིན་བྲིས་པ་གསལ་བོ་རེད། མགོན་པོ་ཀླུ་སྒྲུབ་ལ་ཡང་བསྟན་པ་གཅིག་ལ་སྟོན་པ་གཉིས་བར་གྲགས་ཞེས་ཚིག་ལ་ཞིབ་ཆ་ལྡན་པའི་སྒོ་ནས་བྲིས་ཡོད་པ་ལས་སངས་རྒྱས་གཉིས་པ་ཞེས་བའི་ཐ་སྙད་འདི་ནམ་ཡང་སྦྱར་མེད། མ་གཞི་ནས་ཀླུ་སྨྱོན་ནི་ཀླུ་སྨྱོན་རང་རེད་ས་འབུ་ནག་རིང་འབྲུག་གི་གཏོང་ཞོར།རང་ཉིད་སྤྲུལ་སྐུ་བཟོ་ཞོར་རྨོངས་དད་ཆེན་པོ་ཡོད་ངེས་།
ཀློང་ཆུང་བས་ཁོག་རྒྱ་ཆུང་ ཁོག་རྒྱ་ཆུང་བས་ཐོས་རྒྱ་ཆུང་
ཐོས་རྒྱ་ཆུང་བས་བསམ་གཏན་ཆུང་ བསམ་གཏན་ཆུང་བས་
གོམས་པ་ཆུང་ གོམས་པ་ཆུང་བས་ཡོན་ཏན་ཆུང་ ཡོན་ཏན་
ཆུང་བས་ཡིད་ཆེས་ཆུང་ ཡིད་ཆེས་ཆུང་བས་དད་པ་ཆུང་
དད་པ་ཆུང་བས་བྱིན་རླབས་ཆུང་ བྱིན་རླབས་ཆུང་ན་བསོད་
ནམས་ཆུང་ བསོད་ནམས་ཆུང་ན་དོན་རེ་ཆུང་ ཆུང་སྟངས་
བཤད་ན་རྫོགས་མེད་འདྲ། ཞེས་པ་འདི་ཀློང་ཆུང་ལ་འགྲེལ་
བཤད་རྒྱབ་ཁུལ་ཡིན་ཏེ་ཕྲན་རང་ཉིད་དག་ཆ་དང་རྩོམ་ལ་
སྐྱོ་པོ་ཡིན་པས་ནོར་བཅོས་གནང་མཁན་ཡོད་ན་བཀྲིན་ཆེ།
དད་པ་མེད་པའི་མི་དག་ལ།།དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།མྱུ་གུ་སྔོན་པོ་ཇི་བཞིན་ནོ།།ཞེས་པ་ལྟར་རྒྱུད་ལ་བྱམས་སེམས་དང་བླ་མ་ཡི་དམ་ལ་དད་པ་ཡོད་པ་དང་དམ་ཚིག་དང་སྡོམ་པ་ཡོད་པས་ཚུལ་བཞིན་བསྒྲུབས་ན་རིག་སྔགས་ལ་ནུས་པ་ཐོན་པའི་འབྲས་བུ་ཞིག་ཡོང་ངེས་ཡིན་པ་རྒྱུད་ལས་གསུངས། བདུད་ལས་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་གཞན་ཕན་ཁོ་ནའི་ཆེད་དུ་ཡིན་ན་བདུད་ལས་མ་རེད། མདོ་ལས། སོ་སོ་སྐྱེ་བོ་རྣམས་རྫུ་འཕྲུལ་ལ་ཡིད་གཏོད་པ་ཡིན་གསུངས་པ་ལྟར། དེང་སང་གི་དུས་ཚོད་འདིར་མ་དད་པ་རྣམས་དད་པ་ལ་འགོད་པའི་ཕྱིར་བདེན་དཔང་ངོ་མ་ཞིག་སྟོན་རྒྱུ་བྱུང་ན་བསྟན་པའི་ལ་རྒྱ་རེད། གལ་ཏེ་མི་བདེན་ན་ཡང་དེ་ལ་སྨོད་དགོས་དོན་ཅང་མེད་གི །བདེན་རུང་མ་བདེན་རུང་སྙན་པོ་ཞིག་བྲིས་འདུག །
དམ་པ་དགེ་ཆོས་མཆོག་གིས།
མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁབ་འདིར།
བཅུ་ཡིས་འདོད་པར་བརྒྱ་ཡིས་མི་འདོད་ཤིང་།
མི་ཡིས་མཐོང་བར་ལྷ་ཡིས་མི་མཐོང་བས།
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད།་་་ཅེས་པ་ལྟར་འདི་བདེན་དེ་རྫུན་ཞེས་མི་ཞིག་ཡིན་ནས་བཟུང་བཤད་ཀྱི་རེད། ཡིན་ནའང་སྤྱིའི་ཆ་ནས་འཛམ་གླིང་འདི་སྒྱུ་མ་མཁན་གྱི་གར་འཁྲབ་སའི་སྡིངས་ཆ་ལྟ་བུ་ཞིག་དང་འཛམ་གླིང་གི་མི་རྣམས་སྒྱུ་མ་མཁན་ལྟ་བུ་རེད། མ་གཏོགས་དོན་དམ་པའི་གར་འཁྲབ་མཁན་ཞིག་ད་ལྟའི་བར་དུ་ཅོ་རིས་མཐོང་མྱངས་མེད། འཛམ་གླིང་གི་མིའི་རིགས་ཀྱིས་སྒྱུ་མའི་གྲོང་ཁྱེར་ནང་དུ་ཚོགས་འདུས་འཚོགས་དུས་ང་ཡང་མི་འགྲོ་དཀའ་མེད་རེད་ལ་སྒྱུ་མའི་ལྟད་མོ་མི་བལྟ་དཀའ་མེད་རེད།
དམ་པ་དགེ་ཆོས་ཀྱིས།་ཤ་ཁྲག་སྒྱུ་མའི་ལུས་འདི་མ་དོར་བར་་་་ས་སྟེང་འདི་རུ་མི་སྡོད་དཀའ་མེད་རེད་ཅེས་གསུངས་པ་ལྟར་ཤ་ཁྲག་གི་ཕུང་པོ་འདི་དང་བྲལ་མ་བར་དུ་དེང་གི་འཛམ་གླིང་གི་སྒྱུ་མའི་གྲོང་ཁྱེར་ནང་དུ་མི་སྡོད་དཀའ་མེད་རེད། དེ་འདྲ་ཡིན་དུས་་་འཇིག་རྟེན་སྒྱུ་མའི་གྲོང་ལ་ཡིད་ཆེས། འཇིག་རྟེན་སྒྱུ་མའི་གྲོང་ལ་བློ་གཏད། སྒྱུ་མའི་གྲོང་ཁྱེར་ཆེན་མོའི་ནང་དུ་སྒྱུ་མའི་རྣམ་བཞག་སྣ་ཚོགས་ལ་འབད་བརྩོན་བྱེད་ནས་སྡོད་པ་ལས་ཐབས་གཞན་མི་འདུག་པས་ང་ཅོ་རིས་ཀྱང་ཁྱོད་ཚོའི་སྒྱུ་མའི་གར་ལ་ལྟད་མོ་ཞིག་བལྟ་འདོད་ལ་ཉན་ཡང་འདོད།
གོང་བཤད་པ་ལྟར་ཁ་ན་ཊ་ནས་སྔགས་བརྒྱབ་དུས་ཨ་རི་ལ་མེ་ལོང་ཚ་པོ་ཆགས་ཡོང་གི་འདུག་ཟེར་བའི་སྐད་ཆ་འདི་ནི་དེང་གི་སྒྱུ་མའི་གྲོང་ཁྱེར་ནང་གི་ཚན་རིག་པ་དང་རྟོག་གེ་སྨྲ་བ་ཚོས་ཡིད་ཆེས་ཐུབ་དཀའ་བའི་གནད་དོན་ཞིག་རེད། མ་ཟད་སྨན་པས་བཅོས་མི་ཐུབ་པའི་ན་ཚ་བཅོས་ཐུབ་ཀྱི་འདུག་ཟེར་བ་ནི་དེ་ལས་ཡ་མཚན་སྐྱེས་པ་དགོས་པ་ཞིག་དང་སྐྱེས་ཆོག་པའི་གནད་དོན་ཅི་ལ་མིན་ནམ།
སྔགས་བརྒྱབ་ནས་ན་ཚ་བཅོས་ཐུབ་པའི་ཁྱད་ལས་འདི་འདྲ་ཞིག་ཡོད་པར་བདེན་ན་འཛམ་གླིང་གིས་དོ་སྣང་བྱེད་འོས་པ་དང་དགའ་གུས་ཞུ་འོས་པ་ཞིག་ཡིན། ནུབ་ཕྱོགས་པའི་ཚན་རིག་པ་སྨྱོ་ཚམ་ཚོམ་འདི་དག་གིས་གསར་པ་ཞིག་མཐོང་ན་ཧང་སང་མདོག་ཧན་ཐོར་མདོག་བྱས་ཀྱི་རེད། སར་བསྒྲགས་གནམ་བསྒྲགས་བྱས་ནས་འགྲེལ་བཤད་བརྒྱབ་ཀི་རེད། ཁ་ན་ཊ་ནས་སྔགས་བརྒྱབ་ནས་ཨ་རི་ལ་ནད་བཅོས་བྱས་ཐུབ་ཡོད་ན་ཧང་སང་དགོས་པའི་གནད་དོན་རེད། ཨ་སྒོར་ས་ཡ་མང་པོའི་ཆེ་བསྟོད་འཐོབ་ངེས་རེད་འདོད། ལྷག་པ་ཏུ་རག་དུག་ན་ཚ་བཅོས་ཐུབ་ན་བོད་རྒྱལ་ཁབ་ཕྱུག་པོ་བཟོ་ཐུབ་ཀྱི་རེད་འདོད། དངོས་ཡོད་ལག་ལེན་གྱི་ཐོག་ནས་བྱེད་ཐུབ་པའི་བྱ་བ་ཞིག་ཡིན་བདེན་པ་ཡིན་ན་སྐད་གྲགས་རེད། དེ་མིན་ལྷ་སྒྲུང་ནང་གི་རྫུ་འཕྲུལ་ཞིག་ཡིན་ན་དད་ལྡན་མི་དམངས་མགོ་སྐོར་ཐུབ་ཙམ་རེད་འདོད།།
རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་བཞུགས་སོ།།
དགེ་བཤེས་ཤེས་རབ་རྒྱ་མཚོ།
༄༅།།རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་ཞབས་ ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
ཕན་བདེའི་གཟུགས་འཆར་དངུལ་དཀར་མེ་ལོང་ལ།། དག་གཙང་ཙམ་གྱིས་ཉིན་མཚན་ཁ་སྦྱོར་ཞིང་།། མངོན་ཤེས་རྫུ་འཕྲུལ་སྦ་བའི་ཐུགས་དམ་ཅན།། སྐྱབས་གཅིག་དྲིན་ཆེན་བླ་མ་བློ་བཟང་གྲགས།། བདེ་སྐྱོང་སྣོད་དང་ཕུར་བུའི་ཆེ་བ་མེད།། ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།། སྐལ་ངན་རྨོངས་པ་སླུ་བའི་སྙིང་སྟོབས་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད།། དུས་གསུམ་གཟིགས་པའི་ཉམས་དང་ལུང་བསྟན་མེད།། ཕ་རོལ་གསོད་པའི་མཐུ་དང་ནུས་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་བཟོའི་བརྡ་ཆད་སྤེལ་བའི་གཞུང་འགྲེལ་མེད།། འགལ་འདུའི་སྟོང་གསོབ་ཚིག་བཀྲའི་ཝུ་བ་མེད།། མ་རེག་ཐུག་པའི་རྒྱུས་གཏམ་ཁ་ཕོ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གྲུབ་རྟགས་སྤྱི་བོར་སྤུངས་པའི་རལ་བ་མེད།། ལུས་ཕྲའི་འཁོར་དང་ཤ་ཆང་ལོངས་སྤྱོད་མེད།། དྭངས་མ་འདོད་རྒུར་འཇོ་བའི་བདེ་ཆེན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ལྷ་མཐོང་འདྲེ་མཐོང་སྤྱན་དང་མངོན་ཤེས་མེད།། བླུན་དད་འདྲེན་པའི་ལྟས་དང་བརྟག་དཔྱད་མེད།། རྙེད་བཀུར་ཟབ་ལམ་སྒྲུབ་པའི་འདག་སྦྱར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། དབེན་གཞིས་སྟོང་བའི་སྐུ་ཡི་ཏིང་འཛིན་མེད།། འབྲུ་གསུམ་མ་དམིགས་ངག་གི་ཏིང་འཛིན་མེད།། ངེས་ཤེས་བྲལ་བའི་ཐུགས་ཀྱི་ཏིང་འཛིན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉམས་ཁུངས་མེད་འདོན་པའི་སྤོབས་པ་མེད།། རྒྱལ་བའི་བཀའ་ལས་འགོངས་པའི་སྙིང་སྟོབས་མེད།། ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། འདུལ་བའི་ཁྲིམས་ཀྱིས་མ་གོས་ལུང་གཙང་མེད།། དམ་པ་སྒྲོལ་བའི་ཕཊ་དང་ཧཱུཾ་སྒྲ་མེད།། སོར་རྟོག་དཔྱད་སྒོམ་སྤོང་བའི་ཐོམ་ཡོར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མདོ་སྔགས་ཉམས་ལེན་གདན་གོས་སོ་སོར་མེད།། ཕན་ཚུན་སྤོང་བའི་རྭ་དང་མཆེ་བ་མེད།། བཤད་སྲོལ་མཐའ་དག་འདྲེས་པའི་ཁྲུས་རྫིང་མེད།།འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ ཕྱག་འཚལ།། ལག་རྗེས་རྐང་བས་བསུབ་པའི་སུག་བཞི་མེད།། དཔྱད་ན་གཏད་སོ་བྲལ་བའི་འཇའ་རིས་མེད།། རྨོངས་ཡུས་བརྗིད་པོར་ཆགས་པའི་སྤྲིན་ཕུང་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ཚད་ལྡན་མཁས་པ་སྨོད་པའི་ལྕེ་རྩལ་མེད།། ཆོས་མཐུན་རྒོལ་བའི་ཐོག་གི་འཇིགས་པ་མེད།། སྡོམ་གསུམ་དྲི་ཡིས་ཁོར་ཡུག་བཏང་བ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མ་སྦྱངས་མཁས་པའི་རང་བྱུང་འབྲས་བུ་མེད།། མ་བསྒོམས་གྲོལ་བའི་རྟོགས་པ་ཀློང་རྡོལ་མེད།། མ་བཤིག་ཞིག་པའི་སྒྲིབ་པ་རང་ལོག་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉིད་མ་གྲོལ་གཞན་སྒྲོལ་གདམས་པ་མེད།། རང་ཉིད་མི་ཤེས་གཞན་སློབ་འཆད་རྩོམ་མེད།། རང་ཚོད་མ་རྟོགས་དུས་གསུམ་རིག་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རྟག་ཆད་མཐའ་རུ་གོལ་བའི་ལྟ་བ་མིན།། བྱིང་ཕྲའི་ཀློང་དུ་འབྱམས་པའི་སྒོམ་པ་མིན།། བག་མེད་གླང་ཆེན་སྨྱོན་པའི་སྤྱོད་པ་མིན།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་སྦྱངས་རི་ནས་བརྡོལ་བའི་མཁས་པ་མིན།། རྐུན་པོ་ནོར་ལ་འཇབ་པའི་བཙུན་པ་མིན།། རང་སྲོག་གཅོད་ལ་མཛའ་བའི་བཟང་པོ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཁྲུལ་བ་རང་ཞིག་རལ་བའི་རྟོགས་ལྡན་མིན།། སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།། སྦྱོར་སྒྲོལ་ཨ་ཏི་གསང་བའི་རིག་འཛིན་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། རིག་པའི་སྣང་བ་མ་མཐོང་མིག་སེར་མིན།། ཟེར་སྒྲོས་མ་ཎི་འདོན་པའི་མཆུ་དམར་མིན།། འགལ་འདུའི་ཚིག་ཉམས་བཀྲ་བའི་མདོངས་མཐའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་རྟོགས་ཁུང་བུར་ཉལ་བའི་སྦྲུལ་ནག་མིན།། ལོག་རྟོག་ལྗོན་རྩེར་འཁྱུག་པའི་སྤྲེའུ་མིན།། སོམ་ཉིའི་འབུ་སྲིན་ཟ་བའི་བྱིའུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཇིག་རྟེན་ཕ་རོལ་འཇོམས་པའི་དགྲ་སྟ་མིན།། འདི་སྣང་བདེ་ལ་རྒྱས་པའི་པདྨ་མིན།། མཐོང་ཚད་བདེན་པའི་འཛིན་པའི་ལྕགས་ཀྱུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། དམ་པ་སྨོད་ལ་མི་འཇིགས་རྡོ་རྗེ་མིན།། བླུན་པོའི་འཁོར་མང་སྡུད་པའི་ཞགས་པ་མིན།། ཕན་བདེའི་བྲག་རི་གསིལ་བའི་ཐོག་མདའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མང་དུ་ཐོས་པའི་ལུས་རྩལ་ཞུམ་པ་མིན།། དྲི་མེད་རིགས་པའི་མཆེ་སྡེར་རྟུལ་བ་མིན།། ལེགས་པར་བཤད་པའི་གཡུ་རལ་གཟི་ཆུང་མིན།།འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མདོ་རྒྱུད་ཆུ་གཏེར་ཆེ་ལ་འཇིགས་པ་མིན།། ཡང་དག་ཐབས་ཀྱི་སྣ་ཞགས་ཐུང་བ་མིན།། སྐྱེས་སྦྱངས་ཤེས་རབ་སོ་རྣོན་བྲུལ་བ་མིན།། འབྲོག་རིའི་གླང་བོ་དེ་ལ་བདག་ཕྱག་འཚལ།། བཤད་སྲོལ་གཤེགས་པའི་བཤུལ་ལམ་གཡང་ས་མིན།། སྨྲ་ངན་ཝ་མོས་དབྱི་བའི་དོགས་གནས་མིན།། རྗེས་འབྲང་འཇིགས་པས་བ་སྤུ་གཡོ་བ་མིན།། འབྲོག་རིའི་ཁྱུ་མཆོག་དེ་ལ་བདག་ཕྱག་འཚལ།། ཕྲག་དོག་རྨོངས་པའི་ས་ཡིས་གནོན་ནུས་མིན།། སྤངས་རྟོགས་ཡལ་འདབ་ར་བར་ཤོང་བ་མིན།། ལེགས་བཤད་དྲི་བཟང་ཕྱོགས་རེར་འཐུལ་བ་མིན།། འབྲོག་རིའི་དཔག་བསམ་དེ་ལ་བདག་ཕྱག་འཚལ།། མཐའ་བྲལ་གནམ་འཕང་གཅོད་ལ་ཞུམ་པ་མིན།། ཀུན་མཁྱེན་དག་གསལ་གསེར་མིག་ལྡོངས་པ་མིན།། གཞུང་ངན་གདུག་སྦྲུལ་ཡན་པོར་གཏོང་བ་མིན།། འབྲོག་རིའི་མཁའ་ལྡིང་དེ་ལ་བདག་ཕྱག་འཚལ།། རང་བྱུང་ཚངས་པས་རི་མོར་སྤེལ་བ་མིན།། བླུན་པོའི་བསྟོད་བསྔགས་རྟ་ཡིས་དྲངས་པ་མིན།། མཁས་རློམ་ཆུ་རྒྱན་སྨྲ་བའི་གོ་སྐབས་མིན།། འབྲོག་རིའི་ཟླ་བ་དེ་ལ་བདག་ཕྱག་འཚལ།། འཇམ་དབྱངས་མཁྱེན་རབ་རལ་གྲི་ཆག་པ་མིན།། གསང་དབང་མཐུ་ནུས་རྡོ་རྗེ་འཐོར་བ་མིན།། འཕགས་མཆོག་བརྩེ་ཆེན་མེ་ཏོག་ཟུམ་པ་མིན།། རིགས་གསུམ་གཅིག་བསྡུས་བླ་མ་བློ་བཟང་གྲགས།། སྙིང་ནས་དྲན་པའི་གསོལ་འདེབས་གླིང་བུའི་གདངས།། དད་གུས་སོར་རྩེས་ལྡེམ་པོར་བསྒྱུར་བ་ནི།། ངོ་མཚར་དཔག་ཡས་ཡིད་དགའ་ཆོས་འཛིན་ནས།། ཡབ་གཅིག་འཇམ་དཔལ་སྙིང་བོས་གསན་དུ་གསོལ།། འཇམ་དབྱངས་མཁྱེན་རབ་ཉི་མ་ཞུ་བའི་ངོགས།། རྒྱལ་ཀུན་དགོངས་པའི་པདྨོ་རྣམ་རྒྱས་པ།། ད་དུང་སྨྲ་མཁས་དབྱངས་ཅན་བྱེ་བས་བཟུང་།། དགྱེས་འཛུམ་གསར་བའི་ཐིགས་ཕྲེང་སྤྲོ་བར་མཛོད།། བརྩེ་ཆེན་བྱིན་རླབས་དྲི་བཟང་འཛིན་པའི་དཔལ།། རྣམ་དཔྱོད་དལ་གྱིས་འཁྱིལ་བའི་ལང་ཚོ་ནི།། ཁྱོད་ཀྱི་ལེགས་བཤད་མཚོ་ལས་མི་འཕོ་ཞིང་།། ཟབ་གསང་དོག་པ་མངར་བོས་སྙེམས་པར་མཛོད།། དབང་བོ་སྙིགས་མའི་ཡང་མཐར་ལྷུང་བ་ཡི།། རྨོངས་པ་རྣམས་ཀྱི་རོལ་རྩེད་འདི་དགོངས་ལ།། མཁྱེན་བརྩེ་མི་ཟད་གསང་བའི་འཕྲུལ་འཁོར་གྱིས།། ཡང་དག་རྡོ་རྗེའི་མིག་གི་སྣང་བ་སྩོལ།། རྨོངས་ཞེན་འཁྲུལ་བའི་དྲི་མ་བསལ་དུ་གསོལ།། ཟབ་དོན་དག་པའི་རི་མོ་མཇལ་དུ་གསོལ།། ངེས་ལེགས་བདུད་རྩིའི་རོ་མཆོག་མྱོང་དུ་གསོལ།། མཁའ་མཉམ་ལས་ཅན་བདེ་ལ་སྦྱོར་དུ་གསོལ།། དེང་སང་སྐྱེ་བོ་ཕལ་ཆེར་བློ་མིག་ལྡོངས།། ལེགས་བཤད་ཉེས་བཤད་འབྱེད་པའི་མཐུ་རྩལ་ཆུང་།། ཇི་ལྟར་བྱས་ཀྱང་དོན་དུ་འགྱུར་དཀའ་བ།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དེ་ཕྱིར་རྨོངས་ཞེན་གྲགས་པའི་རྗེས་སུ་འབྲང་།། ཡིན་ལུགས་བརྡ་ཡིས་སྦྲན་ན་ཚུར་ལ་བསྡོ།། ལས་ངན་མགོ་བསྐོར་ཁྲམ་པའི་སྤྱོད་ལ་རངས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དུས་གསུམ་མཁས་མཆོག་ཀུན་གྱི་བགྲོད་གཅིག་ལམ།། རྨོངས་པའི་འཁྲི་ཤིང་གཅོད་པའི་རལ་གྲི་ཆེ།། གཞུང་དོན་ཐང་མར་བརྡལ་བ་སྐྱོན་དུ་སེམས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། སྒོ་ངའི་མཐིལ་ནས་ནམ་མཁའི་ལོ་རྒྱུས་སྨྲ།། མཁས་པའི་དྲི་གཏུགས་འགོག་པའི་གཡོ་ཟོལ་བྲིན།། བླུན་སྒོམ་ལྷ་མཐོང་འདྲེ་མཐོང་མཆོག་ཏུ་འཛིན།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།།
ཕྱི་ཡི་སྤྱོད་ཚུལ་གནས་བརྟན་ཨུ་པ་ལི།། ནང་གི་རྣལ་འབྱོར་དཔལ་ལྡན་ས་ར་ཧ།། གསང་བ་འཆད་རྩོམ་རྩོམ་པ་འཇམ་དཔལ་དབྱངས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། ཉི་མའི་གཉེན་གྱི་གསུང་རབ་མ་ལུས་པ།། གདུལ་བྱ་གཅིག་གི་གདམས་པར་འགལ་མེད་འཆད།། ཕྲ་ཞིབ་ལུང་རིགས་ཐིག་ལས་འཛུར་བ་མེད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། ཡང་དག་ལྟ་དང་གསང་ཆེན་བིད་ཀ་ར།། གངས་ཅན་མཁས་རློམ་ཆུ་གཏེར་ཀློང་བྱིང་ཚེ།། གསར་བཤད་གསེར་མིག་གཟུགས་ཀྱིས་འདོན་མཁས་པ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་སོགས།། སྨྲ་བ་ངན་པའི་རི་ཚོགས་འཁྲུགས་པའི་ཚེ།། རིགས་ལམ་རྩེ་བརྒྱ་འབར་བས་གཞོམ་མཛད་པ།།མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མདོ་དང་སྔགས་ཀྱི་ཆོས་ཚུལ་གང་ལའང་།། རྗེ་བཙུན་མཁྱེན་པའི་གཏེར་དང་རང་རང་གི། གདམས་པའི་ཆུ་མགོར་སྒྲོ་འདོགས་ལྷག་མེད་བཅད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རང་བཞིན་མེད་དང་མེད་པ་དོན་གཅིག་སོགས།། ཆོས་ཉིད་དཔྱད་བཟོད་སྨྲ་བའི་ཐལ་འགྱུར་སྲོལ།། བྱུང་ཚེ་ལེགས་བཤད་སྣང་བ་འབུམ་ཕྲག་སྤྲོས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གང་སྣང་དགག་བྱ་མཉམ་བཞག་ཡུལ་མེད་སོགས།། ཆེན་པོ་རྣམས་ཀྱང་རྒྱ་ལ་ཐིམ་པའི་ཚེ།། མཁྱེན་རབ་གྲི་སོ་རྣོན་པོས་དུམ་བརྒྱར་གྲོལ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རྒྱལ་ཀུན་དགོངས་པ་ཟད་སར་བསྐྱལ་བའི་མཐུས།། ཟབ་དོན་དགྲོལ་བའི་གསུང་ཟུར་ཕྲ་མོས་ཀྱང་།། རྒོལ་ངན་གླང་བོ་འབུམ་སྡེ་གཅིག་ཅར་འཇིག།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། དེ་ཚེ་འདོད་ཡོན་ཆང་གིས་མྱོས་པ་འགའ།། སུན་འབྱིན་ལྟར་སྣང་གློག་དམར་འཕེན་ལ་བརྩོན།། བ་སྤུའི་རྩེ་ཡང་མི་གཡོ་རི་ཡི་དབང་།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མ་འོངས་སྲིད་པའི་སྐྱེ་ཕྲེང་ཐམས་ཅད་དུ།། བློ་བཟང་རྒྱལ་བའི་བསྟན་དང་མི་འབྲལ་ཞིང་།། ཚང་ལ་མ་ནོར་དགེ་ལྡན་བཀའ་བརྒྱུད་ཀྱི།། གདམས་པས་འགྲོ་བའི་མགོན་པོ་མྱུར་ཐོབ་ཤོག།
ཅེས་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་ཤིང་སྐྱེ་རྒུ་རྣམས་ལ་གཅིག་ ཏུ་བརྩེ་བའི་གཞན་དབང་དུ་གྱུར་བ་གངས་རིའི་ལྗོངས་འདིར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་ཕྱིན་ཅི་མ་ལོག་པར་འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྨྲ་བའི་ཁྱུ་མཆོག གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཚོགས་ཀྱི་སློབ་དཔོན་ཆེན་པོའི་ཆེན་པོར་བཞུགས་པ་དག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དམ་པར་གྱུར་པ། ཕྱི་སོ་སོར་ཐར་བའི་བརྟུལ་ཞུགས་བརྟན་པོ་ལ་གནས་ཤིང་ནང་གསང་བ་སྔགས་ཀྱི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བའི་བདག་ཉིད་ཆེན་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ལ་སྙིང་ཐག་པ་ནས་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་འདི་ནི། ༧རྗེ་བླ་མའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞི་དུལ་བག་ཡོད་ལ་གནས་པའི་མང་ཐོས་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་བཟང་ཚུལ་ཁྲིམས་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་ནན་ཏན་མཛད་པ་ལྟར། བཀའ་དང་དགོངས་འགྲེལ་གྱི་ལེགས་བཤད་མང་པོ་རྣ་ལམ་དུ་སོན་པའི་མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་ཤིན་ཏུ་གོ་སླ་བར་མཁས་གྲུབ་བྱེ་བའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་ དང་ཉེ་བར་ཆར་འཁོད་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་དད་གུས་རྩེ་གཅིག་པས་ སྦྱར་བ་ཚེ་རབས་ཀུན་ཏུ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་རྒྱུར་ གྱུར་ཅིག། །།
ཀླུ་སྨྱོན་ལགས།
སྨྱོ་གཏམ་མ་གསུངས་ཁོང་གི་ནད་བཅོས་རབས་མང་པོ་གསུངས་འདུག་དེ་ནས་ནད་གྲགས་པ་ག་ཚོད་ཡོད་། ཡང་ཁོང་རྒྱ་གར་ལ་སོང་ནས་བླ་མ་བདག་ཉིད་ཆེན་པོ་སྨན་བཅོས་བྱས་སྐད་བླ་མ་བདག་ཉིད་ཆེན་པོ་དེ་སུ་རེད། དེ་ནི་རྫུན་གྱི་འཁོར་ལོ་བསྐོར་བ་རེད་དེ་རྒྱ་གར་ལ་སྐད་ཆ་དྲིས་དང་ཞབས་བརྡོལ་ངེས་རེད། ཁོང་གི་རྒྱུས་ཁོང་གི་ཕ་ཡུལ་གྱིས་ཤེས་ངེས། དེང་སང་ཁོང་ལ་ཁྱི་ཡི་ཚོང་དཔོན་འབོད་འདུག ད་དུང་བོད་ཞེན་ཅན་རྣམས་ནས་ཁོང་ལ་རྒྱ་ཡི་རྒྱུག་ཁྱི་ཟེར་ནས་འགྲོ་བདེ་འདུག་བདེ་མེད་པ་རེད། མང་པོ་མ་འུར་བོད་པའི་ཞབས་འདྲེན་ཞུ་ངེས་རེད། ད་དུང་སྒྲུང་གཏམ་ཧ་ཅང་མང་། བརྟགས་དཔྱད་གྱིས། རྡོ་མེ་ལ་སྐར་ཆ་ཁ་ཤས་བསོས་ན་ཚ་བོ་འགྱུར་བ་རེད། དེ་ལ་ཧང་ཅི་སང་། ནང་ཆོས་ཀྱི་ལྟ་གྲུབ་དང་བྱམས་སྙིང་རྗེ་ཅན་དེ་ཚོ་ངོ་མཚར་བ་རེད།
དེང་སང་རྫུྫུྫུྫུ་འཕྲུལ་ངོ་མ་དེ་འདྲ་ཞིག་སྟོན་ཐུབ་ན་བཟང་མོད།
དེ་ལྟར་སྟོན་མ་ཐུབ་པར་རྫུན་རྐུབ་བརྡོལ་བའི་ཉན་ཁ་ཡོང་མི་སྲིད་པ་མིན། འོན་ཀྱང་གསང་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་མོད།
རྟགས་ཅུང་ཙམ་རེ་སླེབས་ཚེ་ཁྲོམ་སྒྲགས་བྱེད་ཀྱི་མང་ན་བྱིན་རླབས་ཡལ་མི་འགྲོ་བའི་ངེས་པ་མེད།
གོང་གི་བསྟོད་པ་སྤོས་ཀྱི་རྫིང་བུ་དེ་དཔྱད་གཞི་གལ་ཆེན་ཞིག་རེད་བསམ་གི །རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ན་ཡང་ནང་བསྟན་ཟེར་བ་ཐོས་བསམ་སྒོམ་གསུམ་དང་ལས་རྒྱུ་འབྲས་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་ལྟ་བུའི་ཉམས་ལེན་གྱི་སྟེང་ནས་ནང་བསྟན་གྱི་ཡང་སྙིང་ངོས་ཟིན་དགོས་པ་ལས་སྤྱི་ཚོགས་འདི་འདྲའི་ནང་ལྷ་མཐོང་འདྲེ་མཐོང་ཙམ་ལས་ནང་བསྟན་གྱི་ཡང་སྙིང་ངོས་འཛིན་རྒྱུ་མེད་སོང་ན་ཧ་ཅང་སྐྱོ་བོ་རེད། དམ་ཆོས་འདུལ་བ་ལས་དགེ་སློང་གིས་རྫུ་འཕྲུལ་སྟོན་པ་བཀག་ཡོད་པ་རེད། རིག་སྔགས་སོགས་སྒྲུབ་ཆོག་གི་ཡོད་པ་མ་རེད། ཡིན་ཡང་དགོས་པ་ཆེན་པོ་ཡོད་ན་གནང་བ་ཡང་ཡོད་པ་རེད།
ཚད་ལྡན་བླ་མའི་གདམས་ངག་ལ།།
སངས་རྒྱས་སྟོང་གི་བྱིན་རླབས་ཡོད།།
དཔོན་པོ་བཟང་པོའི་རྩ་ཁྲིམས་ལ།།
འདི་ཕྱི་གཉིས་ཀྱི་བདེ་སྐྱིད་ཡོད།།
ཕ་མ་བཟང་པོའི་སྨོན་ལམ་ལ།།
འགྱུར་མེད་སེམས་ཀྱི་བདེན་ཚིག་ཡོད།།
ཚེ་རོགས་བཟང་པོའི་དུང་སེམས་ལ།།
ཁྱིམ་ཚང་སྐྱིད་པའི་གཞི་མ་ཡོད།།
སློབ་མ་བཟང་པོའི་བརྩོན་འགྲུས་ལ།།
འོད་སྟོང་འབར་བའི་མདུན་ལམ་ཡོད།།
སངས་རྒྱས་ནམ་མཁར་འཕུར་ཡང་དོད་པ་མི་ཤེས།
སེམས་ཅན་རྒྱུ་མ་དྲུད་རྐྱང་སྙིང་བརྗེ་མི་ཤེས། ཨོ་ཧོ་ཧོ་་་་་
ཀླུ་སྨྱོན་ལགས་ཁྱེད་ཀྱི་ན་ཚ་ཁོང་གིས་སྔགས་རྒྱབ་པ་ལ་བརྟེན་ནས་དྲག་སོང་ངམ། ཀླུ་སྨྱོན་ཚང་གི་རྫུན་མི་བཤད་པ་ང་ལ་ཡི་ཆེ་ཡོད། །
དགའ་རབ་ཅིག་དྲག་སོང་། ཁོང་གིས་ད་དུང་ཚར་ཁ་ཤས་ཁོང་ལ་གཏུག་དགོས་གསུངས་སོང་།
སྙིང་རྗེ། ད་རྨོངས་པ་དེ་ཚོས་འདིའི་སྐྱག་པ་ཟ་གི་རེད། གཅིན་པ་འཐུང་གི་རེད། ལྟོས་ཨ། མི་ཡིས་མི་ལ་གཅིན་པ་བླུད་ཀི་རེད། བོད་རྒྱུད་ནང་བསྟན་གྱི་ངོ་གདོང་ལ་ཐལ་བ་བྱུགས་ཀི་རེད། ད་དུང་རྟོག་གེ་པ་སྐོར་ཅིག་ཀྱང་ཁོ་བའི་རྗེས་སུ་འབྲས་སོང་ན་རྒྱ་བོད་ཀྱི་ཆོས་ལུགས་རྨོངས་རྟུལ་རྣམས་ཁོ་ཡི་ལམ་རྒྱགས་རེད། འདི་ནི་སྤྱང་ཀི་གསོན་པོ་ཞིག་སྟེ། རྨོངས་དད་པ་ལུག་ལྟ་བུ་དེ་ཚོས་ཁོ་ཡི་རྩེད་མོ་རྩེ་སྤྱད་རེད། ཧཧཧཧཧཧ།
དེང་དུས་རིག་པ་ཁབ་ལྟར་རྣོ། །
རྫུན་གྱི་རྐྱལ་པ་འཇིག་བཞིན་སྲབ། །
ལྒང་ཕུག་རླུང་གིས་ལྦོས་དྲགས་ན། །
རིག་པ་ཁབ་ཀྱིས་འུ་ཁུང་རྡོལ། །
བདེན་པའི་སྟོབས་ཀྱི་སྲོག་དབུགས་དང་། །
རིག་པའི་འཕྲུལ་གྱི་ལག་རྩལ་སོགས། །
ཅང་མེད་ལྒང་ཕུག་ལྷག་རོ་དེ། །
ཉིན་ཞིག་འདམ་བག་ཁྲོད་དུ་ཟགས། །
ཀླུ་སྨྱོན་ལགས་ལན་གནངས་པར་བཀའ་དྲིན་ཆེ། གོ་སྐབས་རེ་ཤར་དུས་དམ་པ་ཁོང་ལ་མཇལ་འདོད་མཆིས། ང་རང་ལ་ཡི་ཆེ་གཙང་མ་ཡོད། །
དྭ་གྲོགས་ཚོ་བསམ་བློ་ཅུང་ཟད་ཞིག་བཏངས་ནས་མཆན་རེ་བཏབས་ན་ཅིས་མི་ལེགས། དེ་འདྲའི་ལོག་ལྟ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། གྲུབ་རྟགས་ཡང་དག་ཡིན་ཀྱང་རུང་མ་ཡིན་རུང་ནད་པ་རྣམས་དྲག་སོང་ན་དེ་ལས་ལྷག་ཅིག་ཅི་དགོས། ངས་བླ་མ་ཁོང་གི་གྲུབས་རྟགས་དེ་ཡང་དག་ཡིན་མིན་ལ་དཔྱད་པ་ཅི་ཡང་མི་གཏོང་། ནད་པ་རྣམས་ལ་ཕན་ཐོགས་མིན་ལ་ལྟ་རྒྱུ་ཡིན། ཕན་ཐོགས་སོང་ན་དེ་ཡང་དག་ཡིན་པའི་རྟགས་རེད།།
༣༦༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༥ གི་ཆུ་ཚོད་ ༦ སྐར་མ་ ༣༦
ཀ་རྡོའི་ལྐུགས་རྟགས་ལ། སློབ་དཔོན་སངས་རྒྱས་དང་། སློབ་དཔོན་དགྲ་བཅོམ་པ། སློབ་དཔོན་པཎྡི་ཏ་གསུམ་པོའི་ཆོས་འཆད་ཚུལ་ལས། དང་པོས་ཆོས་འཆད་དུས། སྐུ་རྫུ་འཕྲུལ། ཐུགས་ཀྱིས་གཞན་བསམ་པ་དང་བག་ལ་ཉལ་སོགས་མཁྱེན་ནས་ལྗགས་ཀྱི་དབང་པོ་སྟོང་གས་ཁྱབ་པ་དང་འོད་ཟེར་བྱེ་བ་བརྒྱ་ཕྲག་སྤྲོས་ཏེ་འདུལ་བྱ་དད་པའི་ས་ལ་འགོད། དེ་རྗེས་ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་དབང་པོ་དང་འཚམ་པར་ཆོས་སྟོན་པ་མིན་ནམ། འོ་ན་སྟོན་པ་ཡང་འུ་ཐུག་པ་རེད་དམ། ལགས། ལགས།
ཞེས་པའི་ལན་དུ།
སྟོན་པ་སྐུ་མྱ་ངན་འདའ་ཁ་མ་ལ། སྟོན་པ་རང་ཉིད་འཚོ་བཞུགས་དུས་ཀྱི་གདུལ་བྱ་མཐའ་མ་དེ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་ཡིན་པ་དང་། ཁོ་བཏུལ་བ་ལ་སྟོན་པས་ཆོས་གསུང་པའི་སྔོན་དུ། དྲི་ཟ་པི་ཝང་ཤིན་ཏུ་མཁས་པ་ཞིག་ལ་སྤྲུལ་ནས་ཁོའི་ང་རྒྱལ་བཅག་ནས། དེ་ནས་གཞི་ནས་འདུལ་ཐུབ་ཙམ་བྱུང་བར་གསུངས་པ་མིན་ནམ། དེས་ན་སྟོན་དྲི་ཟ་པི་ཝང་མཁས་པ་གཞན་གཅིག་ཏུ་སྤྲུལ་དགོས་ཐུག་པ་འདི་། སྟོན་པས་འུ་ཐུག་ནས་སྤྲུལ་པ་རེད་དམ། ཡང་ན། སྟོན་པ་སྤྲུལ་ཡ་ལ་དགའ་དྲགས་ནས་སྤྲུལ་པ་རེད། མེ་དཀར་སྤྱང་གྲུང་འཛོམས་་པ་ཁྱོད་ཀྱིས་ཡང་ནས་ཡང་དུ་སོམས་ཤིག་ལགས།
༤༠༽ སྒོ་དམུ་རྒོད་ལགས་ཀྱིས་ཀྱང་། རྐྱང་ཕྱག་བླ་མ་ལགས་དང་མཇལ་ཕྲད་བྱུང་བར་དགའ་སྤོབས་ཆེ།
རྒན་ཀླུ་སྨྱོན་ན་ཚ་གང་བསྟན་ནས་དྲག་སོང་ངམ། རྒན་ཀླུ་སྨྱོན་ཁོང་གི་ནད་དྲག་སྐྱེད་དང་ནད་ཀྱི་ལོ་རྒྱུས་སོགས་ནས་ང་ཚོར་ཉམས་མྱོང་བཤད་ན་འདི་ངོ་མ་ཉམས་མྱོང་སྤེལ་རེས་དང་དཔང་པོ་ཚུགས་པའི་སྐད་ཆ་རེད། འདི་ཤིན་དུ་ནས་ཉན་འདོད་ཡོད། དེ་མིན་གཤམ་ལ་ཕུར་སོང་བ་ངམ། ས་ལ་འཛུལ་སོང་བ་དེ་ཚོ་མིག་མཐོང་ལག་ཟིན་མེད་སྟབས། ཡིད་ཆེས་ཡོང་རྒྱུར་དཀའ་མོ་འདུག
ངོ་ནས་བཤད་ན་ནད་པ་ལ་ཕན་ན་འགྲིག་ནི་རེད་བསམ་གི རྫུན་གྱི་ཕན་ན་འདྲ། བདེན་པས་ཕན་ན་འདྲ། ཕན་ཐོག་མཁན་དེ་སྤྱི་ཚོགས་ཐོགས་ནས་ཡག་པོ་ཡིན་རྒྱུ་རེད། ནད་པ་ལ་ཕན་པས་ཕག་བྲུམ་ཟེར་བ་ཞིག་ཀྱང་བོད་སྨན་ན་ཡོད་བསམ་སོང་། ངས་བསམ་ན་མི་སུ་ཡིན་ན་ཡང་ཁ་ནས་བཤད་དུས་བདེན་པ་བཤད་ཀྱི་རེད། འོན་ཀྱང་རང་གི་ལེན་དུས་བདེན་པས་ཕན་ཐོག་ན་བདེན་པ་ལེན་གི་རེད། རྫུན་པས་ཕན་ན་རྫུན་ལེན་གི་རེད།
དེ་ནས་ཆོས་ཀྱི་གྲོགས་ཀླུ་སྨྱོན། ད་ཐེངས་གི་བླ་རྒན་དེ་ཁྱོད་ཀྱི་སྨན་པ་ཙམ་རེད། མ་རེད་དམ།
འོ་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་རྣམས་ཆོས་ཅན་
ཁྱོད་ལ་ཡིད་ཆེས་མེད་པར་ཐལ་ མིག་མཐོང་ལག་ཟིན་མེད་པའི་ཕྱིར་ ཞེས་དྲི་
བ་འདི་ཐལ་ངག་གི་ཚུལ་དུ་ཤོར་ཐལ་ བདག་བགྲེས་པོ་ཚད་མ་མི་ཤེས་པས་ན་
འཁོར་གསུམ་བསྐོར་མ་ཡོང་མ་གཏོགས་ཚད་མ་མི་ཤེས་ཅེས་ཞུས་ཚར་ཡིན་ད།
གྲུབ་རྟགས་ཟེར་བ་ནི་རང་རྒྱུད་ཆོས་དང་འདྲེས་ནས་ཉོན་མོངས་རང་མཚན་པའི་མགོ་ཇེ་དམའ་དང་། བྱམས་སྙིང་རྗེ་སོགས་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་གོང་དུ་འཕེལ་ནས། རང་གིས་མྱོང་རྒྱུ་ཡོད་པ་དང་། གཞན་གྱིས་མཐོང་རྒྱུ་ཡོད་པ་ཞིག་ལ་གོ་དགོས་པས་ན། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ་ཞེས་གསུངས། དེ་ལྟ་བུའི་ཁྱད་ཆོས་མངའ་བའི་བླ་མ་དེ་དོན་གྱི་གྲུབ་ཐོབ་རེད།
གཞན་ཡང་སྔགས་ལ་སྔགས་དང་། རིག་སྔགས། གཟུངས་སྔགས་སོགས་ཀྱི་དབྱེ་བ་ཡོད་ལ། རིག་སྔགས་ཀྱི་དོན་དངོས་ནི་ཐབས་ཀྱི་རང་བཞིན་ལ་གོ་དགོས་པས། རིག་སྔགས་གྲུབ་པའི་སྐྱེས་བུ་ནི་རྡོ་རྗེ་ཐེག་པའི་ལམ་རྨད་དུ་བྱུང་བ་ཉམས་སུ་ལེན་པའི་བྱིན་རླབས་ཀྱིས་ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་དབང་འབྱོར་བའི་རྣལ་འབྱོར་བ་ཞིག་ལ་ངོས་འཛིན་དགོས་ཤིང་། འདི་ནི་ཕྱི་རོལ་མུ་སྟེགས་པ་དང་ནང་བ་སངས་རྒྱས་པ་གཉིས་ཀྱི་གྲུབ་ཐོབ་ཀྱི་ཁྱད་པར་རོ། །
རྒྱ་གར་དུ་མུ་སྟེགས་པའི་ནང་ལ་ས་དྷུ་བྷ་བྷ་ཁ་ཤས་ཀྱིས་ནམ་མཁའ་སྟོང་བ་ལས་གསེར་ཕྱེ་འདོན་པ་སོགས་རྫུ་འཕྲུལ་བསྟན་ནས། སློབ་མ་རྗེས་འབྲང་འབུམ་ཕྲག་མང་བོ་བྱུང་བའི་རྗེས་སུ་རྫུན་རྐུབ་བརྟོལ་བའི་ལོ་རྒྱུས་ཡོད།
རྒྱ་གར་གྱི་ས་ཏོ་སྦ་སྦ་ཚང་མས་སྤྲུལ་རྟགས་དེ་འདྲ་སྟོན་རྒྱུ་ཡོད་པ་གོ་ཐོས་བྱུང་།
དེ་འདྲ་ཞིག་མིན་པའི་རེ་བ་ཡོད།
བླ་མ་ཡིན་ཟེར་མཁན་དེ་དག་གིས་སྒོར་མོའི་ཆེད་དུ་རང་ཉིད་ལ་གྲུབ་རྟགས་ཡོད་མདོག་གིས་འུར་སྒྲོགས་བྱེད་པ་འདི་ལ་གཟབ་ན་བཟང་།
ད་དུང་དགོན་པ་དང་སློབ་གྲྭ། དབུལ་བོ་རྣམས་ལ་རོགས་སྐྱོར་བྱེད་ཀྱི་ཡོད་ཟེར་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་པ་ནི་དེང་སང་རྒྱ་བླ་ཕལ་ཆེར་གྱིས་བྱེད་སྟངས་རེད།
དེ་ལྟྟྟྟྟར་བྱས་ཏེ་མི་ལ་མགོ་བསྐོར་གཏོང་གིན་ཡོད་པ་ནི་རྒྱ་ཡུལ་ན་ཅི་ཙམ་ཡོང་གི་ཡོད་པ་ཀུན་ཀྱིས་མཁྱེན་གསལ་རེད།
རང་ཉིད་ནང་པའི་ཆོས་ལ་སྦྱང་འབྲས་མེད་པ་དང་ཆོས་ཀྱི་དོན་གང་ཡིན་མ་ཤེས་པར་རྫུ་འཕྲུལ་འདྲ་ཡོད་ན་དེ་ནི་ཡ་མཚན་ཞིག་ཏུ་རྩིས་ཏེ་དེ་ཉིད་སངས་རྒྱས་ཆོས་ཀྱི་སྙིང་པོ་ཞིག་ཏུ་རློམས་པ་འདི་ཧ་ཅང་གི་ཐ་ཆད་རེད།
རྫུ་འཕྲུལ་དེ་འདྲ་རེ་ཕྱི་རོལ་བའི་དྲང་སྲོང་དག་གིས་ཀྱང་སྟོན་ཀྱིན་ཡོད། ཕན་ཐོགས་ན་བཟང་མོད་རྫུན་བཤད་དེ་རྫུན་ཡང་སངས་རྒྱས་ཀྱི་ཆོས་ལ་ཁ་གཡར་ན་ནམ་ཞིག་རྫུན་རྐུབ་བརྟོལ་ཏེ་བོད་ཀྱི་ནང་ཆོས་འདི་ལ་མཚན་ཤས་ངན་པ་འཇོག་མི་སྲིད་པ་མིན།
སྐད་ཆ་འདི་ལ་ཉན་ན། ད་སྨན་པ་ཚང་མར་ལས་འཁྱུར་ངལ་གསོ་སྤྲད་ནས། སྨན་ཁང་ཚང་མ་སྒོ་བརྒྱབ་ཏེ་གོང་གི་བླ་མ་འདིའི་རྩར་སོང་ནས་བྱིན་རླབས་ཤིག་ཐོབ་ན་ནད་པ་ཚང་མ་དྲག་སྐྱེད་འབྱུང་ས་རེད། ལྷག་ཏུ་ཤ་རྒྱག་པ་དེ་ནད་མང་བོ་འབྱུང་བའི་གཞི་ཡིན་པས། ཤ་རྒྱག་པ་དེ་ཚོའི་བླ་མ་འདིའི་མདུན་ལ་སོང་ནས་སྐར་མ་གཅིག་གཉིས་ཀྱི་རིང་ལ་བྱིན་རླབས་ཞུས་ན་ཤ་སྐམ་པོ་ཆགས་ནས་འཕྲོད་བརྟེན་ཡག་པོ་འབྱུང་ཤས་ཆེ།
ལ་དྭགས་བོད་རིགས་ཀྱི་ཤར་སྒོ་ལ་ཟེར་བའི་གྲོང་ཡུལ་ཞིག་ན་དགེ་སློང་ཆོས་གྲགས་ཟེར་བ་ཞིག་ཡོད། ཁོང་གི་རྩར་མུ་སུལ་མན་གྱི་ཆོས་ལུགས་པ་མང་པོ་སྔགས་ཀྱི་ཕུ་རྒྱབ་ནས་ནད་དྲག་ཚུལ་བཤད། སྔོན་མ་ནས་གྲྭ་པ་གཞན་དག་གིས་སྔགས་རྒྱབ་སྲོལ་ཡོད་པས། གྲྭ་པ་དེ་མུ་སུ་མན་ས་བདག་གི་གནོད་པས་ནད་པ་རྣམས་ཀྱིས་ཨུ་ཚུགས་རྒྱབ་པ་ལ་ངོ་ཟློག་མ་ཐུབ་པར་སྔགས་ཀྱི་ཕུ་རྒྱབ་པ་བྱེད་དགོས་བྱུང་། མེ་མེ་ཆོས་གྲགས་མཇལ་བར་སོང་བར་ཡིན་ཟེར་ནས། དིང་དུས་ཀྱི་ནུབ་ཕྱོགས་པའི་སྨན་རིག་ལ་སྦྱངས་པའི་མུ་མུས་མན་གྱི་སྨན་པ་ཞིག་གིས་ཀྱང་ང་ལ་བཤད་སོང་། ལོ་ངོ་བཅུ་གྲགས་སྔོན་དུ་ངས་རྡོ་རྗེ་གདན་དུ་དགེ་སློང་ཆོས་གྲགས་དང་ཐུག་སོང་། སྔར་གཙང་བཀྲ་ཤིས་ལྷུན་པོར་ང་དང་མཉམ་དུ་ཡོད་པ་ཡིན། མི་གཤིས་ཀ་བཟང་པོ་ཡིན་པ་ཞིག་ཡོད། བསྐོར་བ་བྱེད་པ་སོགས་ལུས་སྦྱོང་བྱས་ཏེ་ལུས་ལ་སྒུལ་སྐྱོད་བྱེད་ན། ལུས་ལ་ནད་མི་འབྱུང་བ་ལ་ཕན་ཞེས་བཤད་པས་། དེ་འདྲ་བྱས་པ་ཡིན་ན། དགེ་སློང་ཆོས་གྲགས་ད་ལྟ་ཡང་སྐུ་འཚོ་ཞིང་བཞུགས་པའི་རེ་འདུན་ལགས་སོ།
ལྷ་ཡི་བྱིན་བརླབ་ཡིན་ན་ཡིན། བདུད་ཀྱི་ཆོ་འཕྲུལ་ཡིན་ན་ཡིན། ནད་པ་ལ་ཕན་ཐོག་ན་ཡག་པོ་རེད། ཡིན་གཅིག་དད་པ་བྱེད་དགོས་རྒྱུ་ཅི་ཡོད། ང་ལ་མཚོན་ན་བླ་མ་ཁོང་དད་པ་མེད་ཀྱང་གུས་པ་ཡོད་ལ། ཁོང་དང་ཐེང་གཅིག་འཇལ་ན་ནད་ཀྱང་སྟོན་ངེས་ཡིན།
སྤྱིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཐ་ན་སྨད་ཚོང་མའི་གཟུགས་སུ་ཡང་ཡོང་བར་གསུང་ཡོད་ན་ཁོང་ལྟ་བུ་ཡོང་ལོས་ཆོག དེས་ན་ཆོས་གཏན་ནས་ཁས་མི་ལེན་མཁན་ཞིག་ཡིན་ན་མ་གཏོགས་ཁོང་ལ་དད་པ་མ་བྱས་ན་ཆོག་པ་ལས། སྐུར་འདེབས་བྱེད་པ་འདི་འོས་ཤིང་མཚམ་པ་ཞིག་མ་རེད་འདོད།
འོ་ད་བྱེད་ན། ལུང་རྟོགས་འདི་མི་ནད་པ་ཅན་ཡིན་འདུག ཁྱེད་རང་དགའ་ན་བསྟོད། མི་ཚང་མ་ལ་བསླུ་ཚིག་དེ་མ་སྤེལ་རོགས།
ཟླ་མེད་ལགས། ངས་ཁོང་ལ་ཆོས་འབྲེལ་ཞུས་ཚར། ངེད་གཉིས་ལྷན་འཛོམས་བྱུང་ན་ཁོང་གི་སྐོར་ད་དུང་ཞུ་རྒྱུ་ཧ་ཅང་མང་། ཁོང་ནི་ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པའི་ཡིད་ཆེས་རྨི་ལམ་ཚུན་ཆད་དུ་ཡོད།
ད་ཡང་ཟོག་པོ་རྫུན་རྐྱལ་གཅིག་ནུབ་ཕྱོགས་སུ་སྒོར་མོ་བཤུ་གཞོགས་གཏོང་བར་སླེབས་ འདུག་ཧཧཧཧཧཧཧཧ་་ཌོ་ལའི་ཆར་པ་འབབ་རྒྱུ་རེད། ཀླུ་སྨྱོན་ལ་སྨྱོན་པ་རོགས་ཞིག་རགས་པར་བཀྲིས་བདེ་ལེགས་ཞུ།
དངོས་སུ་སངས་རྒྱས་དང་སེམས་དཔའི་རྣམ་སྤྲུལ་ལྟ་བུར་མ་བཤད་ཀྱང་ཤུགས་ལ་དེ་ལྟར་སྒྲུབ་འདུག གང་ལྟར་དེང་དུས་ཀྱི་སྤྱི་ཚོ་འདི་རྨོངས་དད་ཁོ་ནའི་རྗེས་སུ་འབྲང་མཁན་དང་ལྷ་བཤད་ཀླུ་བཤད་སོགས་མི་ཆོས་བླ་མའི་རྫུན་ལ་ཡིད་ཆེས་བྱེད་མཁན་ཡོད་མ་རེད་དོ།
ད་ནི་བསམ་བློ་གཏོང་གྱིན་གཏོང་གྱིན་སེམས་པ་སྐྱོ་དགོས་བྱུང་། དེང་སང་སྐྱ་སེར་མང་བོ་ཞིག་གིས་ཆོས་ཟེར་བ་གང་ཡིན་ཧ་མ་གོ་ནས། མོ་པྲ་རྫུ་འཕྲུལ་སོགས་ཆོས་རེད་སྙམ་ནས་དད་པ་བྱེད་ཀྱི་ཡོད། སྤྱིར་དམ་པའི་ཆོས་ཟེར་བ་དེ་རང་གི་སེམས་རྒྱུད་བསྒྱུར་ནས་སྙིང་རྗེ་དང་ཤེས་རབ་བསྐྱེད་རྒྱུ་རེད། རབ་ན་མདོའི་བསླབ་པ་གསུམ་དང་སྔགས་ཀྱི་རིམ་གཉིས་ཉམས་སུ་ལེན་པར་གོ་དགོས། དེས་ན་ཐར་བའི་གོ་འཕང་འདོད་ན་ཆོས་ཉམས་སུ་ལེན་ན་ལེགས་ཤིང་། ན་ཚེ་སྨན་པ་ཡག་པོ་བསྟེན་པ་ནི་དཔྱོད་ལྡན་ཞིག་གི་ལུགས་སྲོལ་ལགས།
ཕལ་ཆེར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་རིམ་གྱིས་སྙིང་བོ་དང་བྲལ་བའི་ཆུ་ཤིང་བཞིན་དུ་འགྱུར་ནས། ནམ་ཞིག་གཟུགས་བརྙན་ཙམ་མ་གཏོགས་ནུབ་འགྲོ་ངེས། བཅོམ་འདས་ལྡན་འདས་ཀྱི་བསྟན་པ་འདི་གཙོ་བོ་ཕྱིའི་དགྲ་བོའི་དཔུང་གིས་འཇིག་མི་ནུས་ཀྱང་། མཐར་ནང་ནས་ཞིིག་རལ་འགྲོ་བར་གསུངས་པ་དུས་ལ་བབ་པ་འདྲ་བས། མི་ཆོས་བླ་མའི་རྫུན་འདིས་མི་རིང་བར་སངས་རྒྱས་ཀྱི་བསྟན་པའི་སྲོག་རྩ་གཅོད་པར་འགྱུར་ན། རང་གཞན་ཚང་མས་རི་བོང་ཅལ་འདྲོག་མི་བྱེད་པར། བློ་ཁ་ནང་དུ་ཕྱོགས་ནས། དམ་པའི་ཆོས་དེ་གང་ཡིན་མིན་སྐོར་ལ་མནོ་བསམ་བཏང་རོགས།
ཀླུ་སྨྱོན་ལགས།
བླ་མ་དེ་རྒྱ་གར་ལ་ཕེབས་རྒྱུ་ཨེ་རེད།
ཀླུ་རྨྱོན་ཧེ་རུ་ཧ། དངོས་གནས་བཀའ་དྲིན་ཆེ། བླ་མ་རྩ་ཆེན་པོ་དེ་འདྲ་ཞིག་ང་ཚ་ོ་ལ་ངོས་སྤྲོད་བྱེད་པ་ཐུགས་རྗེ་ཆེ། བོད་ཀྱི་བླ་མ་མང་པོ་ཞིག་དགོངས་པ་རྫོགས་དུས་ཉམ་ལེན་་རྟགས་མཚན་ཉིན་མང་རིང་ཐུག་དམ་ལ་བཞུགས་པ་སོགས་དངོས་མཐོང་ཡིན་ཡང་ད་ལྟ་བླ་མ་དེ་ནང་བཞིན་དཀོན། ཐུགས་རྗེས་གཞན་དབང་གིས་ནད་པ་མང་པོ་བཅོས་པ་སོགས་ངོ་མཚར་ཆེ། ཀླུ་རྨྱོན་ལགས་བླ་མ་དེ་ཕྱི་རྒྱལ་དང་རྒྱ་གར་ལ་ཕེབས་སྐབས་འབྲེལ་བ་བྱེད་ས་ཁ་པར་དང་emailསོགས་དྲ་བརྒྱར་འགོད་རོག་་། བོད་པའི་བླ་ཆེན་མང་པོ་ཞིག་དངུལ་དང་གོ་ས་ཆེན་པོ་མེད་མཇལ་མོད་། གྲུབ་པའི་རྣལ་འབྱོར་བ་ཆེན་པོ་ཁོང་ནི་སེམས་ཅན་འབའ་ཞིག་ལ་དགོངས་མཁས་ཞིག་ཡིན་འདུག་པས་ཚེ་འདི་་བླ་མ་དེ་ཅིག་ཞལ་མཇལ་ན་སྙམ་པས་གོང་གསལ་རེ་རྣམས་ཐུགས་རྗེའི་དགོངས་ཀློང་ནས་མི་འདོར་མཁྱེན་
མེད་ན་མཇལ་དཀའ་མོད་ཞེས་བཅོས་རོག
ཨོ་ལུང་རྟོགས་དེ་ནད་གཅོང་ཞིག་ཡིན་པ་འདྲ།
དང་པོ་ཀླུ་སྨྱོན་ལ་རྨི་ལྟས་བརྟག་པ་གནང་དེ་ནས་བླ་དེ་ཡི་སར་ཕེབས་དང་ཡག་པོ་ཡོད་རེད།
ཀླུ་སྨྱོན་འདི་ཡི་རྨི་ལམ་ཐིག་པོ་ཡོད་ས་རེད།
ཨ་ཁུ་ཀླུ་སྨྱོན་ལགས་ང་ལའང་རྨི་ལམ་ཞིག་བརྟག་པ་གནང་ན་འགྲིག་གམ། འཕགས་སྤྲུལ་དེ་འདྲ་ད་གང་ཡང་མ་ཡིན། སྤྱིར་སྟངས་ཀྱི་བརྟག་པ་ཞིག་གནང་རོགས།
ཀླུ་སྨྱོན་ལགས་ཀྱིས། ལྷ་རི་གཟིམ་སྤྲུལ་རིན་པོ་ཆེ་དང་གཅིག ངས་རྭ་སྦྲེང་རྐྱང་ཕྱག་བླ་མ་དང་གཉིས། ལ་དྭགས་དགེ་འཇམ་དཔལ་ལགས་ཀྱིས། ལ་དྭགས་བོད་རིགས་ཀྱི་ཤར་སྒོ་ལ་ཟེར་བའི་གྲོང་ཡུལ་གྱི་དགེ་སློང་ཆོས་གྲགས་ཟེར་བ་ཞིག་དང་གསུམ་ཡོད་པ་ངོ་སྤྲོད་བྱས་ཐུབ་པར་ངོ་མཚར་ཆེའོ།།
རིགས་སྔགས་བདག་པོ་དེ་ཡིས། དྲ་འབུའི་རིགས་ལ་ཕུ་རྒྱབ་ནས་དྲ་བ་གཙང་མ་བཟོ་ཐུབ་བམ།
་་་ སྤྱིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཐ་ན་སྨད་ཚོང་མའི་གཟུགས་སུ་ཡང་ཡོང་བར་གསུང་ཡོད་ན་ཁོང་ལྟ་བུ་ཡོང་ལོས་ཆོག དེས་ན་ཆོས་གཏན་ནས་ཁས་མི་ལེན་མཁན་ཞིག་ཡིན་ན་མ་གཏོགས་ཁོང་ལ་དད་པ་མ་བྱས་ན་ཆོག་པ་ལས། སྐུར་འདེབས་བྱེད་པ་འདི་འོས་ཤིང་མཚམ་པ་ཞིག་མ་རེད་འདོད། ་་་་་ཟེར།
བཀྲ་ཤིས་ཟེར་བ་དེ་མི་རྒན་ཞིག་ཡིན་པ་འདྲ། ད་རྒད་པོ་འཆི་ལ་ཐུག་དུས་དག་སྣང་དང་ཆགས་སྡང་དེ་ཚོ་ཅུང་ཉུང་ཙམ་གནང་ན་ཡག་པོ་ཡོང། རྒད་པོ་འདི་འདྲའང་མཆན་བུ་འདེབས་པ་བྱོན་པ་དགའ་བསུ་ཡོད།།
ནད་པ་མང་ས། སྨན་པ་དང་སྨན་རིགས་དཀོན་ས་བོད་ཁ་བ་ཅན་ནས་མི་བཞུགས་པར།
ནད་པ་ལ་སྨན་པ་མེད་པའི་དཀའ་ངལ་དང་། སྨན་པ་ཡིས་ནད་ངོ་མི་ཟིན་པའི་དཀའ་ངལ་མེད་ས་ཞིག་ན་གྲུབ་རྟགས་ཡོད་རུང་དམིགས་པ་ནོར་བ་མིན་འགྲོ།
ངའི་སྐེ། ཁྱེད་ཁ་ཕྱིར་བོད་ལ་ཕེབས་ནས་གྲུབ་རྟགས་རེ་འབབ་རོགས། རྒན་མགོ་ཚོའི་རྒལ་བ་སྒུར་བསྡད་ཡོད་ཀི། གཞོན་གཞོན་ཚོའི་གློ་མཆིན་རུལ་བསྡད་ཡོད་ཀི། ནད་མེད་བོད་པ་ཟིག་རིག་རྒྱུ་མེད་ཀི། ད་ཁྱོས་ཨ་རི་ན་ཆི་ཟིག་གནང་གི། སྐུ་མཁྱེན་ཁྱེད་ཕྱིར་ལ་ཕེབས།
བླ་མ་དེ་འདྲ་ནི་དུས་མཐའ་ཤིན་ཏུ་དཀོན། མདོ་ཕྱོགས་ས་ཐོག་པའི་རྟགས་བདེན་མཐུ་དང་སད་པར་ས་སོགས་ཏིང་ངི་འཛིན་གྱི་ནུས་པ་དང སྔགས་ཕྱོགས་ལ་མཆོག་མཐུན་དངོས་འགྲུབ་ལས་ཞི་རྒྱས་དངོས་གྲུབ་སོགས་ཀྱི་ཆར་ཆེན་འབེབས་བཞིན་པའོ་བསམ་ནས་དད་པ་ཆེའོ
སྐྱེ་རྒ་ན་འཆི་སྡུག་བསྔལ་དེ་ གཅིག་ལ་མི་ཚད་ཀུན་ལ་ཡོད་
ཟེར་བའི་དཔེ་བཞིན་རང་རྒྱུད་རྭ་ལྟར་གྱོང་པོ་འདི་ཏོག་ཙམ་
འདུལ་སྦྱོང་བྱེད་ཨེ་ཐུབ་ལྟོས་ཨ་ རྒས་པོ་བསམ་དཀར་གྱི་སྐད་
ཆ་ཡིན་ད་ ང་རྒས་པོའི་བན་དེ་ལ་ཡང་སྐྱར་གཏམ་དཔེ་ཞིག་
ཡོད་པས་གསན་ཨ་ སེང་དཀར་མོ་རྒས་ཀྱང་རྩལ་ཞིག་ཡོད་
གངས་དཀར་མོ་གཤགས་ལུགས་ཁོ་རང་མཁས་ ང་བཀྲིས་རྒས་
ཀྱང་རྩལ་ཞིག་ཡོད་ རྒྱུད་ལོག་རྟོགས་འཇོམས་ལུགས་ང་རང་མཁས་
ཀུ་རེ་དང་དོན་དམ་སྦྲགས་མ་ཡིན་ད།
བོད་པའི་ས་ཆ་ལུང་ཁུག་རེ་ལ་སོང་ན་གདུལ་བྱ་ཡོད་སྲིད་པ་རེད།
དེ་མ་གཏོགས་རྒྱ་སྒྱུ་མ་མཁན་གྱིས་བྱེད་སྟངས་དེ་ཚོ་ལ་ཧང་སངས་དགོས་པ་གད་མི་འདུག
སྒྱུ་མ་མཁན་གྱིས་དེ་ལས་ལྷག་པའི་རྫུ་འཕྲུལ་སྣ་མང་བསྟན་ཐུབ། མི་གཞན་པས་དེ་ལ་སྒྱུ་མ་མཁན་ཟེར་བ་དང་བོད་པ་ཚོས་སྤྲུལ་རྟགས་སྟོན་མཁན་ཟེར།
ཁོང་གི་རྡོ་སོགས་ཚོ་བོ་བཟོད་ཐུབ་པ་དང་སྒྱུ་མ་མཁན་གྱིས་ཤོག་བུ་སྒོར་མོར་སྒྱུར་ཐུབ་པ་ལྟ་བུ་རེད།
མིང་གི་འབོད་སྟངས་ཙམ་ལས་འབབ་ས་གཅིག་པ་རེད།
བསླབ་པ་སློབ་གཉེར་གང་ཡང་གནང་མི་དགོས་པར་འདི་ལྟར་ཐམས་ཅད་མཁྱེན་པར་གྱུར་འགྲོ་བ་དེ་ཡ་མཚན་རེད།
གོང་དུ་མཆན་༨༦གནམ་གྱིས་བསམ་ཚུལ་དེ་གཅིག་བྱས་དུས་
བདེན་བདེན་འདྲ་ཞིག་འདུག་ གཉིས་བྱས་དུས་རིགས་པའི་གནོད་
པ་ཡང་མང་པོ་འདའ་ ༧གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་
ཆེན་ཡོད་དོ་ཅོག་ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཁག་ཏུ་ཕེབས་
ནས་འགྲོ་དོན་གནང་ཆོག་རྒྱུ་དང་ ཁོང་གིས་གནང་མི་ཆོག་པ་ཞིག་
ཅི་ལ་ཡིན་ ལས་ཉོན་གྱི་མནར་བའི་ནད་པ་ཕྱི་རྒྱལ་དུ་མང་ན་མ་
གཏོགས་མི་ཉུང་ངོ་།
བཀྲ་ཤིས་ལགས་རྭ་རུ་གཡས་གཡོན་གཉིས་ལ་གྱོང་དང་མི་གྱོང་གི་ཁྱད་པར་ཡོད་དམ། ལྗོན་ཤིང་ལ་བརྟེན་དབྱི་མོང་དེ། དེ་ཉིད་གར་སྐྱེས་དེ་ཡིས་སླེབས། ཟེར་བ་བཞིན་ཁྱེད་རྒན་པོས་གཞོན་པར་སློབ་གསོ་མེད་ཅིང་ཆགས་སྡང་གིས་གཏམ་ཁོ་ནས། དེ་དང་མཉམ་འགྲོགས་ཀྱི་ང་ཚོ་གཞོན་ནུ་བ་ཚོའང་རྭ་ལྟར་གྱོང་པོ་ཆགས་པ་རེད། བོད་ཀྱི་གཏམ་དཔེར། ཕ་མ་ངན་པའི་བུ་ཕྲུག དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བ་ལྟར། བྱུང་བ་རེད། གཞོན་པའི་མིག་ལྟོས་བྱེད་སའི་རྒན་པོ་ཀླད་པ་ལྗང་ཁུ་ལྟ་བ་མཁྲེགས་འཛིན་ཆགས་སྡང་གིས་རྒྱུད་ཀྱིས་བཟི་བ་ཾཁྱེད་ལྟ་བུས་བཟོས་པ་རེད་སྙམ། ཀུན་རྫོབ་ཏུ་ཀུ་རེའི་ཚུལ་དང། དོན་དམ་དུ་ཉམས་མྱོངས་ལས་བྱུང་བ་བཞུས་པ་ཡིན། ཧཧཧཧཧ
རིག་སྔགས་ལ་ནུས་མཐུ་བརྙེས་པའི་བོད་ཀྱི་བླ་མ་དེ་ལ། ཀླུ་སྨྱོན་ཧེ་རུ་ཀ་བརྒྱུད་བསྐུལ་མ་ཞུ་དགོས་པ་ཞིག བླ་མ་དེ་སྐུ་སྤར་ལ་བལྟ་ན། སྐུ་ཤ་རྒྱགས་དྲག་འདུག ནུབ་ཕྱོགས་པའི་ཉམས་མྱོང་གིས་ཤ་རྒྱགས་པ་མེད་པར་བཟོ་བ་དེ་འཕྲོད་བསྟེན་ལ་མེད་དུ་མི་རུང་བ་ཞིག་ཏུ་བརྩི། དེ་ཡང་སྣུམ་རྩི་མར་དང་། ཤ་ཚིལ་ཅན་མི་ཟ། ཟས་ཀྱང་ཉུང་དུ་གཏོང་བ་དང་། ལུས་སྦྱོང་བྱེད་པ་སོགས་ཡིན་འདུག དེས་ན། ཕྱག་འཚལ་བ་དང་། མཆོད་རྟེན་སོགས་ལ་བསྐོར་བ་བྱེད་ན། ཆོས་དང་ལུས་ཁམས་ལ་ཕན། བོད་དུ་མཆོད་རྟེན་དང་། དགོན་པ་ལ་བསྐོར་བ་བྱེད་པ་རྣམས་ལུས་ཐང་པོ་འབྱུང་བ་དེ་བྱིན་རླབས་ཡིན་པ་ཐོས། ཐང་ཡངས་པ་དག་ཏུ་བསྐོར་གཡེངས་འཕྱན་འཕྱན་བྱེད་དུས་ལྷ་དང་བླ་མ་བཞུགས་ཡོད་པའི་ངང་ནས་བྱེད་ན། སྣང་བ་ལྷ་རུ་སྒོམ་པ་རོང་ཟོམ་པཎྜིཏས་གསུངས་སོ།
་་་་་ ཐང་ཡངས་པ་དག་ཏུ་བསྐོར་གཡེངས་འཕྱན་འཕྱན་བྱེད་དུས་ལྷ་དང་བླ་མ་བཞུགས་ཡོད་པའི་ངང་ནས་བྱེད་ན། སྣང་བ་ལྷ་རུ་སྒོམ་པ་རོང་ཟོམ་པཎྜིཏས་གསུངས་སོ། ་་་ཟེར།
སྔགས་བརྒྱབ་ནས་ཌོ་ལར་བཟོ་འདོད་ཡོད་ན། ཕྱི་རྒྱལ་གྱི་སྐྱེ་ཕོ་མོ་རྒྱག་ལུག་དེ་ཚོའི་ཆེད་དུ། སྐམ་པོ་བཟོ་ཡ་སྔགས་སྦྱངས་པ་ཡིན་ན། ལམ་སང་ཌོ་ལར་ས་ཡ་དུང་ཕྱུར་བདག་པོ་ཆགས་རྒྱུ་ཉག་ཅིག་རེད་འདུག་གདའ། དྲ་གྲོགས་ཚོ།
ལ་དྭགས་བ་དེ་ཚོ་ཤ་སྐམ་ནག་རིལ་འདྲ་པོ་ཀྱང་ཀྱང་རེད་འདུག་པས་གནད་འགག་ད་གཞི་ནས་ཧ་གོ་སོང་ལ་དྭགས་འཇམ་དཔལ་ལགས།
དྲ་གྲོགས་ཚོ། ལྕག་སྔགས་དང་རྡོ་སྔགས་གང་ཞིག་གིས་མིའི་ལུས་ཁམས་བདེ་ཐང་ལ་ཕན་པ་བྱུང་ན་དེར་མ་འགྲིག་པ་ག་རེ་ཡོད། རྩོད་རྒྱུ་མ་མང་། གལ་སྲིད་དེའི་རིགས་ལ་སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་ཡིན་ཚུལ་བཤད་ན་བདེན་རྒྱུ་མེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་རང་ངོས་ནས་ཞུ་ན། མངོན་ཤེས་དང་རྫུ་འཕྲུལ་རིགས་ལ་ཡར་མཚོན་ཆེ་བའི་བཟང་ཕྱོགས་ཀྱི་བྱ་བ་ཞིག་ལ་ངེས་འཛིན་མི་ཞུ། དེ་ནི་ཕྱིར་ནང་མཐུན་མོང་གི་ལོངས་སུ་སྤྱོད་རྒྱུའི་སྤྱི་ཆོས་ཞིག་ཏུ་འདོད། འོན་ཀྱང་དེང་སྐབས་དེ་དག་སླ་ཆོས་སུ་མིན་པར་མངོན་ཤེས་དངརྫུ་འཕྲུལ་ཕྲ་མོ་ཙམ་ཞིག་ཡོད་ཚེ་དེ་དག་གྲུབ་པའི་གོ་འཕང་མཐོར་པོར་གཤེགས་པའི་སྐྱེས་མཆོག་ཞིག་ཏུ་འཛིན་བཞིན་པར་འདིས་བོད་ཀྱི་ནང་ཆོས་ཉམས་ལེན་པ་དག་གི་ཁ་ཐོབ་ཀྱི་ས་མཚམས་གང་ཞིག་ལ་སླེབས་ཡོད་མེད་གསལ་སྟོན་བྱེད་བཞིན་ཡོད། དཔེར་ན། ལོ་ཤས་གོངདུ་བལ་ཡུལ་གྱི་མི་རིགས་ཡིན་པ་བུ་ཆུང་ཞིག་གིས་ངོ་ལྐོག་དང་དངོས་རྫུན་ཅི་ཡིན་གསལ་ཁ་མེད་པས་ཟས་བཅད་ཀྱི་མཚམས་ལ་སྡོད་པས་འཛམ་བུ་གླིང་ལ་སངས་རྒྱས་ཆུང་ཆུང་ཞེས་སྐད་གྲགས་ཁྱབས་སོང་བ་དང་ཅིག་པ་རེད། འདི་ཚོའི་རིགས་ལ་དཔྱོད་གཞི་ཚུལ་གྱི་འཛིན་རྒྱུ་གལ་ཆེའོ།
་་་་་་་ དཔེར་ན། ལོ་ཤས་གོངདུ་བལ་ཡུལ་གྱི་མི་རིགས་ཡིན་པ་བུ་ཆུང་ཞིག་གིས་ངོ་ལྐོག་དང་དངོས་རྫུན་ཅི་ཡིན་གསལ་ཁ་མེད་པས་ཟས་བཅད་ཀྱི་མཚམས་ལ་སྡོད་པས་འཛམ་བུ་གླིང་ལ་སངས་རྒྱས་ཆུང་ཆུང་ཞེས་སྐད་གྲགས་ཁྱབས་སོང་བ་དང་ཅིག་པ་རེད། འདི་ཚོའི་རིགས་ལ་དཔྱོད་གཞི་ཚུལ་གྱི་འཛིན་རྒྱུ་གལ་ཆེའོ། ་་་་་་་་་ཟེར།
ཤར་པ་མཆོག་ལ། ང་ཆུང་དུས་ལ་ཤ་སྐམ་པོ་ཡིན་པས། རང་ཉིད་ཁམས་མི་བདེ་བ་ཡིན་པ་དང་། ང་ལས་རྒྱགས་པ་ཡིན་པ་དེ་དག་ཁམས་བཟང་པོ་ཡིན་པའི་འདུ་ཤེས་ཡོད། ང་ལས་རྒྱགས་པ་རྣམས་སྐུ་འཕེན་པ་རྫོགས་ནས་མེད། ཕལ་ཆེར་ལོ་ངོ་ལྔ་བཅུ་ང་གྲངས་སྔོན་དུ་ངའི་ཕའི་སྲིང་མོ་ཆུང་ཤོས་དེ་ལ་ཁང་པ་ལེགས་པར་བརྩིགས་འདུག་ཟེར་བ་ན། ཁྱེད་ལ་ནི་པགས་པ་མ་གཏོགས་ཅང་མི་འདུག་ཅེས་བརྩེ་བས་སྨྲས་སོ།
རྒན་ལ་དྭགས་པ་བདེན། ག་ཚོད་སྐམ་པ་དེ་ཚེ་རིང་བ་འདུག གཡས་གཡོན་ལ་ལྟོས་དང་། བླ་ཆེན་རྣམས་ཀྱི་ནང་ལ། པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགུང་ལོ་༥༠ནང་ལ་གཤེགས་སོང་། དེ་བཞིན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦ཡང་དེ་ལྟར་རེད། སྐུ་ཤ་སྐམ་པོ་ཡིན་པའི་བླ་མ་ཚོ་སྐུ་ཚེ་རིང་བ་བྱུང་སོང་། བོད་མི་ཚང་མས་ངོ་ཤེས་པའི་སྐུ་དྲག་ང་ཕོད་ཟེར་བ་འདི་ཕྱི་ནས་བལྟས་ན་སྐམ་རྐྱང་རེད། ཡིན་ནའང་། ཁོང་ལོ་དགུ་བཅུ་ལྷག་ཞུགས་སོང་། དེ་བཞིན་བོད་ཀྱི་སྐུ་དྲག་ལྷ་ཀླུ་ཟེར་བ་འདི་ཡང་ད་ལྟ་ལོ་དགུ་བཅུའི་ནང་ལ་བསླེབས་ཡོད་ཚོད། སྐམ་རྐྱང་རེད།
ཚེ་རིང་དགོས་ན་སྐམ་དགོས། ལྷག་པར་དུ་མི་སྐམ་པོ་རྣམས་རླིག་པ་འགྲེང་ཡུན་རིང་བ་ཡོད་པ་ཚན་རིག་པས་གྲུབ་ཚར་སོང་། མི་རྒྱག་པ་རྣམས་ཧ་ལམ་ལོ་བཞི་བཅུའི་ནང་ལ་མཇེ་སྐམ་འགྲོ་བ་དང་སྐམ་པོ་དེ་ཚོ་དྲུག་བཅུའི་ནང་ལ་མཁྲེགས་ཐག་ཆོད་རེད་ཅེས་སྨན་པས་ཤོད་བཞིན་འདུག
སྔོན་མ་ངའི་ངོ་ཤེས་པ་ཕྱི་རྒྱལ་གྲྭ་པ་ཞིག་ཡོད། ཁོང་བོད་སྨན་བསྟེན་སྟབས་ངས་སྐད་སྒྱུར་ཞུས་མྱོང་། ཁོང་ལ་ཁྲག་གཤེད་མཐོན་པོ་དང་ཁྲག་ཚིལ་མཐུག་པོའི་ནད་ཡོད་སྟབས། སྨན་པས་ཟས་ཉུང་དུ་གཏོང་དགོས། སྐམ་དགོས་མ་གཏོགས་མགྱོགས་མྱུར་གྲིབ་སྐྱོན་ཡོང་ཤས་ཆེ་ཟེར་སྟབས། སྐུ་ཞབས་དེས་ཟས་ཉུང་དུ་བཏང་ནས་ལོ་གཉིས་ནང་ལ་ཀི་ལོར་༢༠ལྷག་སྐམས་ནས་ཉིན་གཅིག་བོད་སྨན་བསྟེན་སྐབས། སྨན་པས་སྐམ་པོ་ཆགས་རྗེས་གཟུགས་མ་བདེ་བ་གང་འདུག་ཟེར་སྐབས། ཁོང་གིས་ལུས་ཡངས་སུ་ཕྱིན་སོང་། ཆུ་མང་པོ་འཐུང་དགོས་ཀྱི་འདུག གཉིད་ཉུང་དུ་ཕྱིན་སོང་ཟེར། སྨན་པས་འོ་གཟུགས་པོ་སྐྱོ་རུ་ཕྱིན་པ་རེད། མཚམས་རེ་བཅུད་ལྡན་ཟས་དང་རླུང་སྨན་བསྟེན་དགོས་ཟེར་སྐབས། སྐུ་ཞབས་དེས་མ་རེད། ང་རང་སྔོན་མ་མཇེ་འགྲེང་རྒྱུ་མེད་པ་ཆགས་ནས་ལོ་བརྒྱད་ལྷག་ཕྱིན་སོང་། རྗེས་མ་གཟུགས་སྐམ་པོ་ཆགས་རྗེས་མཇེ་འགྲེང་འགོ་ཚུགས་པ་མ་ཟད་ད་ཆ་ཉིན་ལྟར་འགྲེང་གི་འདུག དེར་བལྟས་ན་གཟུགས་པོ་སྟོབས་ཆེ་རུ་ཕྱིན་མེད་འགྲོ་ཟེར། སྐུ་ཞབས་དེ་སྐབས་དེ་དུས་ལོ་༥༥ལྷག་རེད།
དངོས་གནས་དྲང་པོ་རེད་ཤག་ མིང་དང་དོན་མཚུངས་འདུག་ ཧ་ཧ་
་་་་་་ ཚེ་རིང་དགོས་ན་སྐམ་དགོས། ལྷག་པར་དུ་མི་སྐམ་པོ་རྣམས་རླིག་པ་འགྲེང་ཡུན་རིང་བ་ཡོད་པ་ཚན་རིག་པས་གྲུབ་ཚར་སོང་། མི་རྒྱག་པ་རྣམས་ཧ་ལམ་ལོ་བཞི་བཅུའི་ནང་ལ་མཇེ་སྐམ་འགྲོ་བ་དང་སྐམ་པོ་དེ་ཚོ་དྲུག་བཅུའི་ནང་ལ་མཁྲེགས་ཐག་ཆོད་རེད་ཅེས་སྨན་པས་ཤོད་བཞིན་འདུག ་་་་་་ཟེར།
ང་ལས་ཤ་སྐམ་པོ་སུ་ཡོད་རྒྱུ་མ་རེད་མོད་་་མཇེ་ལངས་རྒྱུ་ལས་སླ་བོ་མེད་ལ་་་ལངས་ཐག་ཡང་མི་རིང་། མཇེ་ལངས་ཐག་རིང་མིན་ནི་ཤ་སྐམ་མིན་ལ་ཐུག་མེད་པར་ཐག་གིས་ཆོད། མི་བདེན་འདོད་ན་་་མགོ་སེར་རྒྱག་པ་འདི་ཚོའི་མཇེ་ལ་ལྟོས།
འདྲེ་རྐང་ཐོ་ལགས་དགུང་ལོ་བརྒྱད་ཅུ་རྒལ་ཚར་བ་འདྲ།
ཁྱོད་དང་ཁྱི་དང་ཕག་པ་གསུམ། །
ལྟོ་ཆས་ཟས་ནས་རྒྱགས་པ་རེད། །
ང་དང་བླ་མ་དྲང་སྲོང་གསུམ། །
དཀའ་བ་སྤྱད་ནས་སྐམ་པ་རེད། །ཅེས་པའི་རྗེ་མ་ལའི་ཚིག་དེ་དྲན་དུ་བཅུག་སོང་།
ཁྱེད་དང་ཁྱི་དང་ཕག་པ་གསུམ།
ལྟོ་ཆས་ཟས་ནས་རྒྱགས་པ་རེད།
ཞེས་པའི་རྗེ་མི་ལའི་གསུངས་ཚིག་ཞིག་མེདོ།
ངས་ཁྱོད་ཅེས་བྲིས་པ་ལ། ཁྱེད་ཀྱིས་ཁྱེད་ཅེས་བྲིས་ནས་ང་བཀག་མི་འདུག་གམ། ལགས།
རྗེ་མི་ལས་གཏུམ་མོ་བསྒོམ་དུས་བིན་བིན་ཡར་ལང་བགྱིད་ཡོད་དམ་མེད། མེད་ན་སྔགས་གཞུང་དང་འགལ། ཡོད་ན་འདུལ་བ་དང་འགལ། ཧ་ཧ། སྐུ་རྩེད་ཡིན་ནོ།།
ཀླུ་སྨྱོན་ལགས། རིགས་སྔགས་གྲུབ་པ་དེ་ལ་ཞུ་རྒྱུ། ང་ལ་བུ་སྤྲུལ་སྐུ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་མཁན་ཞིག་སྐྱེ་བར་ཐུགས་སྨོན་གནང་རོགས་ཞུ། འདི་བདེན་པ་ཡིན། དྲ་བའི་སྒང་གི་འདི་ཚོས་སྤྲུལ་སྐུ་དང་ལས་འབྲས་ལ་སྐུར་འདེབས་བྱས་ནས་སྡོད་མི་འཇུག་པས་དེ་ཚོར་ཡང་ཕོ་མཚན་འགྲེང་མི་ནུས་པ་སོགས་རྟགས་རེ་སྟོན་གྲོགས་ཞུ། ཡང་ན་ས་སྟང་གི་བུད་མེད་ཀྱིས་ཞེན་པ་ལོག་པ་ཞིག་བྱེད་དགོས། དེ་འདྲ་ཐུབ་ན་་ངེས་འབྱུང་སྣ་རེ་སྐྱེ་ཐུབ་པའི་སྨོན་ལམ་ལས། གནོད་སེམས་མིན། བཀའ་དྲིན་ཆེ། ཧ་ཧཧ་ཧ་ཧོ།
སྒོ་དམུ་རྒོད་འདིས་ཅིག་གསུང་གི་འདུག
ཁྱེད་ལ་བུ་སྤྲུལ་སྐུ་ཞིག་འཁྲུངས། དེ་ནས་སྤྲུལ་སྐུ་ལ་དགག་པ་བྱེད་མཁན་དེ་ཚོ་མདོག་ཉེས་པོ་དང་མཇེ་ལང་རྒྱུ་མེད་པ་ཞིག་བཟོས་ཏེ་བུད་མེད་རྣམས་ཞེན་པ་ལོག་དགོས་ཡ་ཞིག་བྱས། དེ་ནས་བུ་མོ་མཛེས་མ་དེ་ཚོས་ཁྱེད་ཀྱི་བུ་སྤྲུལ་སྐུ་དེའི་མཇེ་རྭ་ཅོ་ལྟར་གྱོང་ཞིང་བོང་མཇེ་ལྟར་ཆེ་བ་ཞིག་བྱུང་བ་དེ་ལ་ཡིད་སེམས་ཤོར་ཡོང་བ་ཞིག་བྱས། དེ་ནས་བུ་སྤྲུལ་སྐུ་ལ་ཆེན་ཆུན་བཞི་ལྔ་ཙམ་གཉེར། བུ་སྤྲུལ་སྐུ་འགྲོ་དོན་ལ་ཕྱོགས་བསྐྱོད་བྱེད་སྐབས་་་་་་ཡབ་ཀྱིས་ཕྱག་རྒྱ་མ་དེ་དག་ནས་ཁེ་བཟང་ལེན་དགོས་དྲན་གྱི་ཡོད་པ་འདྲ།
ཧཧཧ་ད་སྒྲུང་རིང་པོ་ཞིག་བཟོ་འདོད་པ་འདྲ།
ད་གཞི་ནས་གོ་སོང། སྒོ་དམུ་རྒོད་འདི་རྒོད་པ་ཞིག་འདུག སྤྲུལ་སྐུ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་དེ་ཡིན་པ་འདྲ། གཏམ་དྲིས་ནས་མི་ཤོད། སྒུགས་ནས་བཤད། ཅེས་པ་དེ་ཅིས་མི་བདེན།
ཏི་སེ་བ་ལགས། ཁྱེད་རང་མ་དགའ་ན་ཆོག་པ་རེད། འོན་ཀྱང་བླ་མ་ཅི་འདྲ་ཞིག་ཡིན་མ་ཤེས་གོང་ནས་སྐུར་འདེབས་བྱས་ན་ཐལ་དྲག་པ་རེད། ད་དུང་མི་ལ་ལས་རྫུ་འཕྲུལ་སྟོན་པ་སོགས་ནི་ཡ་མཚན་གང་ཡང་མིན་པ་དང་། ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེ་ཤེས་རབ་སོགས་ཡིན་རབས་མང་པོ་ཞིག་གསུང་འདུག་ལ་དེ་ལྟར་ཡིན་ཡང་ཡིན་རྒྱུ་རེད། འོན་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོན་པ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་གཞུང་རྩོམ་གནང་མཁན་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་ལ་ལྟོས་དང་། དེའི་ནང་ལ་མང་ཆེ་བ་ཁོང་གིས་རྫུ་འཕྲུལ་བསྟན་ནས་གདུལ་བྱ་འདུལ་རབས་རྐྱང་ཡིན་པས་དེ་རིགས་ལ་མཐའ་གཅིག་ཏུ་དགག་པ་རྒྱབ་ན་ཅུང་ཐལ་དྲག་པ་རེད།
ཀླུ་སྨྱོན་གྱིས་ཨོ་རྒྱན་སངས་རྒྱས་གཉིས་པ་ཅིག་ཅིག་མིག་མིག་གསུང་གི་འདུག་མོད་ཁྱེད་ཚང་གི་སངས་རྒྱས་གཉིས་པའི་བསྟན་པའི་མགོ་ཡར་ལ་འགྱོག་མི་འཇུག་མཁན་ཚོ་འདི་འདྲ་བ་དེ་ཚོ་རེད། ཁྱེད་ཚང་ལ་བསླབ་པ་གསུམ་གྱི་ཡོན་ཏན་ཡོད་མཁན་དེ་ཚོ་ལ་ར་ཞིག་གི་རིན་ཐང་མེད་པ་ཞིག་ལ་འདི་འདྲ་བ་དེ་ཚོས་རྟ་ཞིག་གི་ཚུགས་ཀ་ངོམ་ནས་བསྡད་ཡོད་རེད། ད་འདི་འདྲ་བ་ལྷ་མཐོང་མདོག་མདོག་བྱེད་མཁན། འདྲེ་འདུལ་འདུལ་མདོག་མདོག་བྱེད་མཁན། ནད་བཅོས་མདོག་བྱེད་བྱེད་མཁན། རྐུན་མ་འཇུ་མདོག་མདོག་བྱེད་མཁན། གནའ་སྔ་མོའི་དུས་སུ་སྒྱོགས་བཟོ་མདོག་མདོག་བྱེད་མཁན། མོ་འགུགས་རྒྱག་མདོག་མདོག་བྱེད་མཁན་འདི་ཚོ་ད་སངས་རྒྱས་གཉིས་པའི་བྱིན་རླབས་ཞུགས་པ་རེད་ཟེར་བ་ལྟ་བུའི་སེང་གེ་ཁྱི་ཡི་གཡོག་ཏུ་བཀོལ་བའི་སྲོལ་རྒྱུན་འདིས་རྙིང་མའི་བསྟན་པ་བཤིག་པའི་ཆ་ཤས་ཙམ་ཞིག་དོལ་རྒྱལ་རྡོ་རྗེ་ཤུགས་ལྡན་གྱིས་བཤིག་མེད།
རྡོ་བྲག་རིག་འཛིན་གྱིས་གུང་ཁྲན་ཏང་གི་གོ་གནས་དེ་དང་ཆོས་ཉིད་ཟད་སར་འཁྱོལ་བའི་གོ་འཕངས་དེ་གཉིས་ནོར་སོང་བ་འདྲ་ཨེ་ཡིན་བསམ་ནས་བསྡད་ཡོད། ད་སྤྲུལ་སྐུ་འདི་འདྲ་ངོས་འཛིན་བྱས་པ་རེད་ཨེ། ངས་ནི་རྡོ་བྲག་རིག་འཛིན་གྱིས་ཁོ་རང་ལ་སྤྲུལ་སྐུའི་མིང་ཞིག་ཡོད་པ་དེ་ཡང་བརྗེད་སོང་བ་མིན་ནམ་བསམ་ནས་བསྡད་ཡོད།
བན་དེ་པ་ལགས། ཁྱོད་ནི་བོན་ལུགས་ལ་ཞེན་པ་ཆེ་བ་ལས་སྤྱིར་བཏང་བློ་གཟི་བོར་གནས་པ་ཞིག་ཡོད་སྣང་ཤར། ད་རེས་ངའི་སྐད་ཆ་ཚིག་གཅིག་གིས་ལྒང་ལི་རྡོག་པས་གཞུས་པ་བཞིན་འཕར་ནས་སོང་། བཤད་ཚད་གཏམ་ལ་རྩིས་བཞག གོ་ཚད་ཚིག་ལ་ཡིད་ཆེས་ན་དེ་འདྲ་རེད། ལྟད་མོ་ཆེ། དྲ་བའི་སྒང་གི་མི་མང་པོ་ཞིག་གཞན་གྱི་གཡམ་ལ་རྒྱུགས་པའམ། གོ་བྱུང་། ཟེར་སྐད། ང་ལ་རྣམ་རྟོགས་སྐྱེས། ངསབཤད་པ་བདེན་པ་ཡིན་ཟེར་རྒྱུར་གོམས་ཡོད། ངའི་དྲྭ་རྒྱ་ལ་ཁྱོད་ལྷུང་ཚར་བ་རེད། རྣམ་དཔྱོད་ཅན།
སྤོབས་པ་ལགས། རྡོ་བྲག་རིག་འཛིན་ཆེན་མོ་ནི། བོད་ཀྱི་མདའ་དཔོན་ཤེལ་གླིང་གི་གདུང་མི་བརྒྱུད་རེད། རྡོ་བྲག་ཆོས་བརྒྱུད་ཀྱི་དབུ་འཛིན་རེད། སྦས་པའི་ཚུལ་གྱིས་ཐུགས་དམ་ཆགས་མེད་བརྩོན་པ་ཤུགས་དྲག་གནང་མཁན་ཞིག་ཡིན་པ་ཕྲན་ལ་རྒྱུས་ཡོད། རིག་གསར་སྐབས་རྭ་སྦྲེང་སྤྲུལ་སྐུ་གཤེགས་པ་དང་མཉམ་དུ་ལྷ་སའི་གཙང་སྤྱོད་ཀྱི་ལུད་འདྲེན་པའི་བྱ་བ་བྱས་ཀྱང་། ཉིན་བཞིན་ཞལ་འཛུམ་ཀྱི་ལེ་སྡུག་བསྔལ་གྱི་སྣང་བ་མེད་པར་མ་ཟད་གཞན་གྱི་དཀའ་ངལ་ཁུར་དུ་ལེན་མཁས་ཚུལ་དང་། ཉིན་ཞིག་གཙུག་ལག་ཁང་གི་སྒོ་ནས་བཞེངས་བཅུག་ཏེ་སྐྱོན་ཆ་ངོས་ལེན་བྱེད་འཇུག་སྐབས། རྡོ་བྲག་གིས། ང་རང་གིས་མི་མང་གི་ཤ་ཁྲག་ཟོས་ཡོད། བྲན་གཡོག་ལ་སྡུག་པོ་གཏད་ཡོད། དེ་ལ་བཤགས་པ་བྱེད། བསྒྱུར་བཅོས་བྱེད། ང་ལོ་ན་ཆུང་བས་གཞན་གྱི་གནས་ཚུལ་ལ་རྒྱུས་མེད་ཅེས་ལན་བཏབ་པས། དེ་རྗེས་བླ་མ་ཁ་ཤས་ཀྱང་ཁོང་ལ་འགྲན་ནས་སྐྱོན་ཆ་ངོས་ལེན་བྱས་པས་ཁོང་གི་མཁྱེན་རབ་ལ་བརྟེན་དེ་ཉིན་གཞན་ལ་སྐྱོན་བརྗོད་བྱེད་མ་དགོས། གནས་ཚུལ་དེ་འདྲ་མང་པོ་བྱུང་ཞེས་རྭ་སྦྲེང་ཕྱག་མཛོད་ཀྱིས་ང་ལ་དངོས་སུ་བཤད་མྱོང་། རྡོ་བྲག་ཚང་ད་བར་ཉམས་ཆུང་འདུག་ཤེས་བྱས་ནས་བསྟན་པ་སྤྱི་དང་བྱེ་བྲག་ལ་གནོད་པའི་ཚིག་བཤད་པ་མེད་ལ། ཞབས་འདྲེན་གྱི་ལས་ཀ་དེ་ལས་ཀྱང་བྱས་མེད། ཁོང་གི་གོ་གནས་དང་མཉམ་པའི་བོད་རིགས་གཞན་པ་ཚོས་སྤྲེལ་ལད་ག་ཚོད་འཁྲབ་ཡོད་ཤེས་གསལ་རེད། ཁོང་གི་འཁྲབ་སྟོན་ཞིག་བྱས་ན་རྒྱ་ནག་གི་ནང་པའི་ཚོགས་གཙོ་གཞོན་པར་ཐེ་ཚོམ་མེད། དེ་བཞིན་དབུས་གཞུང་གི་རྒྱུན་ལས་སུ་ཞུགས་པར་གྲངས་མང་པོར་རེ་བ་བཏོན་ཀྱང་ཁོང་གིས་དྭངས་ལེན་གནང་མེད། འཕགས་ཡུལ་དུ་༧གོང་ས་མཆོག་དང་མཇལ་སྐབས་ཀྱང་བླ་རྒན་གྱིས་ཁ་འདོན་རེ་བྱས་ནས་སྡོད་རྒྱུ་ལས་བླ་ཆེན་དང་གོ་གནས་ཆེན་པོ་ལ་རེ་བ་མེད་ཚུལ་གསུངས་པས་༧གོང་ནས་མངོན་པར་བསྟོད་ཡོད། ལྷ་རི་གཟིམ་ཕུག་སྤྲུལ་སྐུ་ནི་རྡོ་བྲག་བླ་ཁག་བཅུ་གསུམ་གྱི་ཡ་གྱལ་རེད། དེ་ཡིན་ན་རྙིང་མའི་བླ་ཆེན་གྱི་གྲས་སུ་གཏོགས་སོ། །གནས་ཚུལ་ཕྱི་མ་འདི་ལ་ཁོ་བོ་རྒྱུས་དེ་ཙམ་མེད་པས་ཞིབ་པར་ཞུ་མ་ཤེས།
སྒོ་དམུ་རྒོད་ཁོང་སྐྱ་སེར་དང་མཁན་སྤྲུལ་ལམ་གྲྭ་ལོག་གང་ཡིན་
རང་ལ་ཆ་རྒྱུས་མེད་དེ་ ཡིན་ནའང་ཁོང་གིས་མཆན་བུ་འགའ་ཙམ་
ཁ་བརྡའི་དྲྭ་བ་འདིར་ཀློག་རྒྱུ་བྱུང་བས་བཅོས་མིན་གྱི་གཏམ་ཆོས་
དང་མཐུན་པ་འཇིག་རྟེན་དང་མ་འགལ་བ་དེ་རྣམས་ལ་བདག་ཡིད་
མངོན་པར་བསྟོད་ཅིང་རྗེས་སུ་ཡིད་རང་ཞུ།
རྗེ་མར་པའི་མགུར་ཆེན་ཉེར་ལྔའི་གཅིག་ལས། ལར་ད་དུས་བསྟན་པའི་སྙིགས་མ་ལ། །ལོག་རྟོག་སྐྱེ་བོ་ཕྲག་དོག་ཆེ། །ཡོན་ཏན་བརྗོད་ན་སྒྲོ་བསྐུར་འདེབས། །ཞེས་གསུངས་པ་འདི་བདེན་པར་མཆི། ངས་གོང་དུ་སྤྲུལ་སྐུ་འདི་བ་ཚང་གིས་དཀའ་སྤྱད་སྡུག་རུས་ཀྱིས་སྒྲུབ་པ་ཉམས་བཞེས་གནང་ཚུལ་དང་རིག་སྔགས་གྲུབ་པའི་རྟགས་བསྟན་ཏེ་བཅོས་དཀའི་ནད་ཀྱིས་མནར་བའི་སྐྱེ་བོ་མང་པོའི་སྡུག་བསྔལ་བསལ་ཚུལ་ཡིག་འབྲུ་ཆིག་སྟོང་བཞི་བརྒྱ་ཙམ་སྤེལ་ཡོད་པར། དེ་དག་ལ་འབྲུ་འདེད་ཀྱིས་དགག་སྒྲུབ་ཀྱི་ཡིག་རྡོག་གཅིག་མེད་པར། བོད་ལ་གསང་སྔགས་ཀྱི་ཆོས་ཡོད་པ་མ་གཏོགས་ཆོས་དེ་བསྒྲུབས་ན་འབྲས་བུ་མཆོག་ཐུན་མོང་གི་དངོས་གྲུབ་ཅི་ཡང་ཐོབ་མི་སྲིད་པ་དང་། ཐོབ་མི་ཆོག་པ་ལྟ་བུའི་བླུན་སྐད་ཅར་ཅོར་སྒྲོག་མཁན་འབའ་ཞིག་བྱུང་བ་ཚོར་ཚོར་སྣང་ཅི་ཡང་མ་བྱུང་མོད། སྤོབས་པ་མཐའ་ཡས་ཀྱི་སྨྱུག་མིང་འོག་གི་མཆན་འབྲི་བ་སྔོན་ཆད་དགའ་མོས་ཡོད་པ་ཞིག་ཡོད་
པ་དེར་རྫུ་མཁན་མི་གཞན་ཞིག་གིས་ཀྱང་སྤོབས་མཐའ་དང་པོ་དེའི་མིང་ཁུར་ནས་གཤེ་སྐུར་བྱེད་པ་འདི་ལ་སྤོབས་མཐའ་དང་པོ་དེའི་ཚབ་བྱས་ནས་བློ་ཕམ་བྱུང་། རབ་ཡིན་ན་སྤོབས་མཐའི་སྨྱུག་མིང་འདི་མི་གཅིག་རང་གཅིག་མ་གཏོགས་མི་གང་བྱུང་མང་བྱུང་གིས་བེད་སྤྱོད་མི་གཏོང་རྒྱུ་གལ།
སྒོ་དམུ་རྒོད་ལགས། ཐུགས་རྒྱལ་གནང་བར་དགོངས་དག
ངས་ཁྱེད་ཀྱི་དགོངས་ཚུལ་དང་མ་འོངས་མིག་རྒྱང་རིང་པོའི་འཆར་གཞི་ལ་མངོན་དཔགས་བྱས་པ་ཙམ་ལས་སྐྱོན་བརྗོད་གང་ཡང་མེད་པས། ཐུགས་རྒྱལ་གནང་མི་དགོས། ངོས་རང། བོད་ཀྱི་གཏམ་དཔེར། མིས་ཅི་སྨྲ་ལ་མ་ཉན། མིས་ཅི་བགྱིད་ལ་ལྟོས། ཟེར་བ་ལྟར་མིས་སྨྲས་ཚད་ལ་ཆ་འཇོག་གིས་གཡམ་རྒྱུགས་བྱེད་མཁན་ཞིག་མིན་པས་དེ་དོན་དགོངས་འཇག་ཞུ། དྲ་ཐོག་ཏུ་རང་གི་བསམ་ཚུལ་གང་ཡོད་པ་མངོན་འདོན་བྱེད་པའི་མཆན་བུ་འགོད་མཁན་ཙམ་ཡིན།
འོ་ད་ཁ་བརྡའི་དྲ་བར་འབྲེལ་བ་བྱེད་ཡུལནཞིག་ནས་ཉེན་བརྡ་ཆེན་པོ་ཞིག་བཏང་འདུག
འོན་ཀྱང་དེ་དང་དེ་འདྲ་བར་མང་དུ་ཡོད་པར་དྭོགས་པ་ཡོད། མི་གཅིག་གིས་སྨྱུག་མིང་གསུམ་བཞི་ཙམ་གྱི་འོག་ནས་ཆོས་ལུགས་དང་ཆོས་རྒྱུད་མི་རིགས་དབར་ལ་དཀྲུགས་པའི་སྐད་ཆ་རྐྱང་ཤོད་མཁན་འདུག་པ་དེ་དག་ལའང་ཁ་བརྡའི་དྲ་བདག་པས་བཏང་འཛིན་དང་ཐེར་འདོན་ཉེན་བརྡ་རེ་གཏོང་ཐུབ་ན་ལེགས།
ངས་ཀྱང་དེ་བཞིན་བསམ་པ་ཡོད། སྤོབས་མཐའ་ཟེར་བ་འདི་ཡིས་སྔ་ཕྱི་བར་གསུམ་དུ་བསམ་ཚུལ་མི་མཐུན་པའི་རྩོམ་དང་མཆན་བུ་འགའ་ཞིག་བཏབ་པར་དྲན་གྱི་འདུག
བན་དེ་པ་ལ་རྩེད་མོ་ཞིག་ཞུས་པ་ཡིན། སྐབས་རེར་རྩེད་མོས་སྐྱོ་བ་སངས་ཐབས་མ་བྱས་ན། རང་རེའི་མཁྲེགས་འཛིན་དེའང་རྡོ་ལས་སྲ་བར་འགྱུར་འགྲོ་གི་འདུག རང་ལ་མཚོན་ན་བན་བོན། སྤྲུལ་སྐུ་ཡིན་མིན་སུ་ལའང་འགལ་བ་ཤུགས་ཆེན་བཟོས་པ་མེད་སྙམ། གཙོ་བོ་ངས་མ་ཤེས་པ་མང་དྲགས་པས་རེད་མ་གཏོགས་བཤད་མ་བསམ་པ་དང་མ་ཕོད་པ་མིན། རྒྱུས་གཏན་ནས་མེད་པ་དང་ཐལ་ཆེ་བའི་གཏམ་བཤད་པའི་སྤོབས་པ་གཏན་ནས་མི་འདུག འོན་ཀྱང་རིག་སྔགས་འཆང་བ་དེ་མིག་གིས་མཐོང་ཞིང་གཞན་ལ་སྔགས་བཏབ་ནས་ཕན་པའང་རྣ་ཐོས་ཙམ་མིན། ང་རང་ད་བར་སྔགས་རྒྱག་བཅུག་མེད། རྒྱུ་མཚན་རང་ཉིད་འདོད་པ་ཆེན་པོ་དེ་ཙམ་མེད་པས་མ་འགྲུབ་པའི་དོན་དང་བཅོས་མི་ཐུབ་པའི་ནད་ཀྱང་ཆེར་མེད་པས་ཡིན། སྔགས་འཆང་དེའི་བརྩོན་འགྲུས་དང་གྲུབ་རྟགས་པ་ཡིད་ཆེས་ཡོད། ན་ཚ་ཡོད་མཁན་ཚོ་ཁོང་ལ་མཇལ་ན་ཕན་ཐོགས་སྙམ་པས་ངཽ་སྤྲོད་བྱས་པ་ཡིན་ནོ། །
རྡོ་བྲག་རིག་འཛིན་ཆེན་མོ་ནི། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་ཐུབ་མཁན་ཞིག་ཡིན། དཔེ་མཚོན་ཙམ་བཀོད་ན། ལྷ་སར་གཙང་སྤྱོད་ཀྱི་ལུད་འདྲེན་དུས། ང་ལག་པ་རིང་པོ་ཡོད་པས་གཙང་སྤྱོད་ངས་བྲུ་ཞེས་སྔོན་དུ་བརྒྱུགས། སེར་འབྲས་དང་རྡོ་སྨིན་སོགས་ཀྱི་གྲྭ་བ་བགྲེས་པོ་རྣམས་ཀྱིས་སྐུ་གཟུགས་ཀྱིས་མ་ལྕོགས་དུས་ང་ལོ་ཆུང་ཡིན་ཞེས་ཁོང་རྣམས་ཀྱི་ཚབ་བྱས་ཏེ་ཤིང་རྟ་དྲུད། བྱ་བ་ཕྲན་ཚག་རེ་ནོར་འཁྲུལ་བྱུང་དུས། འགོ་འདྲེན་པ་ཚོར་ངས་མ་བྱུང་བ་རེད་ཅེས་གཞན་གྱི་སྐྱོན་ཆ་རང་སྟེང་ལ་ལེན་འཇུག དེ་བཞིན་རྒྱ་ནག་གཞུང་ནས་རྡོ་སྨིན་སོགས་སྐྱར་བཞེངས་ཀྱི་དངུལ་སྤྲད་དུས་ང་ལ་གྲྭ་སུམ་ཅུ་སྐོར་ཞིག་ལས་མེད། གྲྭ་བ་མང་ས་ཚོ་གལ་ཆེ་ཞེས་དགོན་པ་རྣམས་ཆ་སྙོམ་དགོས་པའི་ཧམ་པ་མ་བྱས། སྔོན་དིལ་མགོ་མཁྱེན་བརྩེ་བསམ་ཡས་སུ་རབ་གནས་བྱེད་པར་ཕེབས་དུས། རྡོ་བྲག་རིག་འཛིན་ཆེན་མོར་ཁྲི་ཞིག་བརྒྱབ་ཡོད་ཀྱང་དེ་ལ་བླ་མ་གཞན་གཞིག་བཞུགས་པས་དེ་ཡག་པོ་འདུག རྟེན་འབྲེལ་ལེགས་པོ་བྱུང་ཞེས་དེ་ལ་དར་འཐེན། དབང་བུམ་མགོ་བོར་འཇོག་དུས་དིལ་མགོ་མཁྱེན་བརྩེས་རིག་འཛིན་ཆེན་མོ་ལ་ཆེད་དུ་སྐད་བཏང་ཡང་མི་མང་གིས་འཚང་ཀ་བརྒྱབ་ནས་རྗེས་སུ་ལུས། དིལ་མཁྱེན་གྱིས་རིག་འཛིན་ཆེན་པོ་ཡར་མངགས་རོགས་གསུངས་དུས། ང་ག་ལེར་ཡོང་ཁོང་ཚོ་ས་ཐག་རིང་ནས་ཕེབས་པ་རེད་གསུངས། རྒྱ་གར་ཏུ་སྟག་ལུང་རྩེ་སྤྲུལ་རྡོ་བྲག་གི་བླ་ཆེན་དུ་མི་གཏོགས་ཀྱང་ཁོང་གིས་ཕྱོགས་ནས་རྡོ་རྗེ་བྲག་གི་མཁན་ཁྲི་དང་དབུ་འཛིན་ཡིན་ཞེས་བསྒྲགས་པ་རིག་འཛིན་ཆེན་མོར་དྲི་བ་བྱས་དུས། ཁོང་གིས། ལོས་ཡིན་ཁོང་བསླབ་པ་གཙང་མ་ཡོད་པ་རེད། རྗེས་སུ་ཡི་རང་ཞུ་ཞེས་རྒྱ་གར་ཏུ་ཕེབས་དུས་ཀྱང་རྩེ་སྤྲུལ་ལ་བཀུར་བཟོ་ཆེ་བ་བྱས། དེ་འདྲ་གནང་བར་ཤེལ་གླིང་གི་ཉེ་འབྲེལ་དང་རྡོ་བྲག་བླ་མ་མང་པོར་མོས་མཐུན་མེད་ཀྱང་རིག་འཛིན་ཆེན་མོས་དགོངས་པ་ཡིན་པས་བྱ་ཐབས་མེད་པར་གྱུར། དེ་བཞིན་ལྷ་ས་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱིས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་མང་པོ་དགོས་ཀྱང་། ཁོང་གིས་་ནམ་ཡང་གནང་བ་མེད། རྒྱུན་དུ་ཐུགས་སྒམ་ཞིང་ཞལ་འདོན་ལ་རྩེ་གཅིག་ཏུ་བརྩོན་མཁན་ཞིག་རེད། རྟེན་དགེ་བསྙེན་ཡིན་ཀྱང་ཆོས་པ་ཡག་པོ་ཞིག་ཡིན་འདྲ། ད་ལྟ་ཉམས་ཆུང་ཚུལ་མཐུན་རྣམས་མི་གྲལ་དུ་མི་འཇོག་པས་བྱ་ཐབས་ཟད་དོ། །
ཀླུ་སྨྱོན་ལགས། ང་ཡང་སྔོན་ཆད་ཀླུ་སྨྱོན་གྱིས་གང་བྲིས་ཕལ་མོ་ཆེ་ལ་དགའ་མོས་ཡོད། གང་ཞིག་ཡིན་ཡང་ཕྱོགས་གང་རུང་ནས་གོ་རྒྱུ་རེ་མེད་པ་མི་འདུག་པས་འདྲ་ས་ཞིག་མི་འདུག་བསམ་ཡོད། མ་འོངས་པར་ཀླུ་སྐྱོན་གྱིས་གོ་རྒྱུ་ཡོད་པའི་སྐད་ཆ་མང་པོ་གསུང་པའི་ཡིད་ཆེས་ཡོད། ཡིན་ན་ཡང་ད་ཐེངས་འདིར་བཤད་པའི་གྲུབ་ཆེན་དེའི་རྣམ་ཐར་དེ་ཞིབ་མོར་བཀླགས་པ་ཡིན། ཡིན་ན་ཡང་དོག་པ་ཞིག་མ་གཏོགས་དད་པ་འདྲ་སྐྱེ་ཡོང་ས་ཞིག་མི་འདུག
རྡོ་ཞིག་ཚ་བོ་བྱེད་ཐུབ་པ་ཙམ་རེད་འདུག ནུས་པ་དེ་གང་ཞིག་ཡིན་པ་ནི་ཐ་ན་ཁོ་རང་ལ་ཡང་བཤད་རྒྱུ་མི་འདུག དེ་མ་ཡིན་པའི་ས་ལམ་གྱི་རྟགས་མཚན་འདྲ་བྱུང་ཚུལ་ནི་མི་འདུག ང་ལ་ཡིད་ཆེས་གྱིས། ངས་དེ་འདྲ་བ་བརྒྱ་སྟོང་མང་པོ་མཐོང་མྱོང་། ཐོས་མྱོང་། ཡ་མཚན་མཚན་འདྲ་ཞིག་མ་གཏོགས་དད་པ་འདྲ་སྐྱེ་རིན་མི་འདུག ཨེ་རྗིབ་ཀྱི་རྡོ་སྐུ་ཡིན་ནམ་ཞིག་གིས་སྐོར་བ་རྒྱག་ཤེས་ཚུལ་ཁྱེད་རང་གིས་བཤད་པ་དེ་འདྲ་བ་རེད། དེ་འདྲ་བ་དེ་ཚོ་སངས་རྒྱས་གཉིས་པའི་བྱིན་རླབས་རེད་ཟེར་ན་བཀྱག་སྟངས་མཐོ་དྲགས་སོང་བ་རེད།
ངེད་ཚོའི་ཕ་ཡུལ་ལ་སྔོན་དུས་སུ་སྤྲུལ་སྐུ་ལོ་ཆུང་ཞིག་གིས་མངོན་ཤེས་བཤད་ནས་རྐུན་མ་ཐེང་ཁ་ཤས་ལ་བཟུངས། དེ་ཚོ་ཁྱིམ་ཚང་ཉམ་ཆུང་ཡིན་སྟབས་རྐུན་མ་ཡིན་མིན་གྱི་སྐད་ཆ་མེད་པར་རྐུ་བཤགས་འཇལ་བ་སོགས་བྱེད་དགོས་ཐུག་པ་རེད། སྐབས་ཤིག་ལ་བུ་སྤུན་ཁ་ཤས་ཤིག་རྐུན་མ་རེད་ཅེས་བརྗོད། དེ་ཚང་ཁ་སྟགས་དྲག་པ་ཞིག་ཡིན་སྟབས་ངོས་ལེན་མ་བྱས། ཟླ་བ་ཁ་ཤས་ཀྱི་རྗེས་སུ་རྐུན་མ་གཞན་ཞིག་ཡིན་པའི་རྐུབ་བུད། ཐ་མ་རྐུ་བཙུགས་སའི་ཁྱིམ་ཚང་དེས་གྱོད་བརྒྱབ་ནས་སྤྲུལ་སྐུ་དེ་ལུང་པ་དེ་ནས་སྤྱུགས་པ་རེད།
ཁྱེད་ཀྱིས་གང་བྲིས་པ་དེ་ཕལ་མོ་ཆེ་ཁང་གསར་རྣམ་འདྲེན་ཡིན་ནམ་དེའི་བྲིས་པ་ལ་གཞི་བཞག་འདུག ཁང་གསར་ཚ་ཞང་གཉིས་ཀའི་བར་གྱི་སྐད་ཆའི་ཁྲོད་ན་གོ་རྒྱུ་གཅིག་ཡོད་པ་ནི་”རྒྱུ་ལོངས་སྤྱོད་ཀྱི་རྙེད་པ་ཆེན་པོ་ཡིན་པ་”ནི་རྣམ་འདྲེན་གྱིས་བླ་མ་དེ་ལ་འབྲེལ་བ་འཛིན་དགོས་པའི་རྒྱུ་མཚན་གཅིག་རེད་འདུག་ག
བླ་རུང་སྒར་དུ་གདན་འདྲེན་བྱེད་པ་པོ་མེད་པར་ཁོ་རང་དཔའ་ཁས་ལེན་གྱིས་སོང་འདུག ཁོང་རྣམ་པས་སྡོམ་ཚིག་ཅིག་བཞག་པ་ནི་འདི་རེད། “ལ་ལས་ནི་ཕན་ཐོགས་སོང་ཟེར་གི་འདུག ལ་ལས་ནི་ཕན་ཐོགས་མ་སོང་ཟེར་གྱི་འདུག” དེ་རེད། ནད་པ་ཁ་ཤས་ཤིག་ནི་རང་བཞིན་གྱིས་དྲག་སྐྱེད་ཡོང་གི་རེད། ལ་ལ་ནི་རང་བཞིན་གྱིས་ཇེ་སྡུག་ཏུ་འགྲོ་གི་རེད། དེ་ཁོའི་ནུས་པ་ལ་འབྲེལ་བ་མེད།
བཤད་རྒྱུ་མང་པོ་འདུག དེའི་སྐོར་ལ་ཁ་བརྡ་རིང་པོ་ཞིག་འབྲི་རྒྱུ་འདུག་མོད་བྲིས་མ་བྲིས་ཅང་འདུག་གམ། སུས་ཉན་ས་ནི་མ་རེད།
སྒོ་དམུ་རྒོད་ཁྱེད་རང་གིས་རྡོ་བྲག་རིག་འཛིན་ག་ཚོད་བཀྱག་རུང་ང་ལ་དགག་བྱ་མེད། མི་འདིས་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་མི་ཡོང་བསམ་བསམ་ཞིག་ཡོད། ཁྱེད་ཀྱིས་བསམ་ན་གྲུབ་ཐོབ་རིག་པ་འཛིན་པ་འདི་རྡོ་བྲག་རིག་འཛིན་གྱིས་ངོས་འཛིན་བྱས་པར་ཡིད་ཆེས་ཡོད་དམ། ངའི་དོགས་པ་འདི་ཡིན།
་་་་་་་ བླ་རུང་སྒར་དུ་གདན་འདྲེན་བྱེད་པ་པོ་མེད་པར་ཁོ་རང་དཔའ་ཁས་ལེན་གྱིས་སོང་འདུག ཁོང་རྣམ་པས་སྡོམ་ཚིག་ཅིག་བཞག་པ་ནི་འདི་རེད། “ལ་ལས་ནི་ཕན་ཐོགས་སོང་ཟེར་གི་འདུག ལ་ལས་ནི་ཕན་ཐོགས་མ་སོང་ཟེར་གྱི་འདུག” དེ་རེད། ནད་པ་ཁ་ཤས་ཤིག་ནི་རང་བཞིན་གྱིས་དྲག་སྐྱེད་ཡོང་གི་རེད། ལ་ལ་ནི་རང་བཞིན་གྱིས་ཇེ་སྡུག་ཏུ་འགྲོ་གི་རེད། དེ་ཁོའི་ནུས་པ་ལ་འབྲེལ་བ་མེད།
བཤད་རྒྱུ་མང་པོ་འདུག དེའི་སྐོར་ལ་ཁ་བརྡ་རིང་པོ་ཞིག་འབྲི་རྒྱུ་འདུག་མོད་བྲིས་མ་བྲིས་ཅང་འདུག་གམ། སུས་ཉན་ས་ནི་མ་རེད།་་་་ཟེར།
སྤོབས་པ་ལགས། རྡོ་ཞིག་ཚ་བོ་བཟོས་པ་དེ་ཙམ་ལས་ཁྱོས་ཅང་མ་མཐོང་བ་ངོ་མ་དཔེ་རེད། མི་ནད་པ་ཚབས་ཆེན་དེ་འདྲ་དྲག་ཏུ་བཅུག་པའི་སྐོར་དེ་ཚོ་ཁྱོས་མ་མཐོང་བ་ཡིན་ན་ངས་ཡང་སྐྱར་འདིར་འདྲེན་བཀོད་བྱེད། དེ་ལྟར་བྱེད་དགོས་སམ། དཀོན་མཆོག་གསུམ། ཅི་ཞིག་མ་འགྲིག་པ་ཡིན་ནམ། ཤེས་ཡོན་ཅན་གྱི་མིག་ཞར་དུས་བླུན་རྒན་ཚོའི་སྙིང་རྩ་ཡང་འགགས་ཚར་ཡོད་འགྲོ མི་ཞིག་ལ་མ་དགའ་ན་དེས་བྱས་པ་ཚང་མ་ནག་པོ་ཞིག་ཡིན་པ་ནི་འུ་ཅག་བོད་པ་ཚང་གི་སྐྱོན་ཆེན་པོ་ཞིག་རེད། གུ་རུ་རིན་པོ་ཆེས། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ །ཞེས་ལོ་གཅིག་སྟོང་གི་སྔོན་ནས་གསུངས་འདུག ངོ་མ་ཁོང་ལ་ཁག་མི་འདུག བླ་མ་དེས་རྡོ་དང་མེ་ལོང་སོགས་ཚ་བོ་བཟོས་རྗེས་སུ་དང་སུའི་ནད་དྲག་ཏུ་བཅུག་འདུག ཡང་སྐྱར་ཚར་གཅིག་ལྟོས་ར། ངས་ཁྱོད་ལ་རེ་བ་ནན་མོ་ཞུས་པ་ཡིན། མི་ལ་རས་པས། རྭ་ཅོ་འཁྱོགས་ན་བཅོས་ཐབས་འདུག མི་སེམས་འཁྱོགས་ན་བཅོས་ཐབས་མི་འདུག་གསུངས་པ་ངོ་མ་བདེན་པ་རེད་ལ།
༡ དོན་རྡོག་རྡོག་དེ་ཁྱོད་ཚོས་བླ་མ་འདི་ལ་གསང་སྔགས་གྲུབ་པའི་ནུས་པ་དེ་འདྲ་ཞིག་ཡོད་པ་ཁས་ལེན་གི་མེད་པ་རེད་དམ།
༢ ཡང་ན་ནུས་པ་དེས་སེམས་ཅན་ནད་པ་དྲག་ཏུ་བཅུག་པ་དེ་ཁས་ལེན་གི་མེད་པ་རེད་དམ།
༣ ཡང་ན་གསང་སྔགས་ཟེར་བ་དེ་ས་ལེ་དབར་སྟོང་ཕྲག་གི་བར་དུ་བརྐྱངས་ཕྱག་འཚལ་བ་ལ་སོགས་པའི་སྔོན་འགྲོས་རྒྱུད་སྦྱངས་རྗེས་ལོ་ངོ་དགུ་ལ་རྩེ་གཅིག་ཏུ་བསྒྲུབས་ཀྱང་མི་སུས་ཀྱང་རིག་སྔགས་འགྲུབ་མི་སྲིད་པ་རེད་ཅེས་རྗོད་བཞིན་ཡོད་དམ།
༤ ཡང་ན་བླ་མ་དེ་གྲུབ་མཐའ་རྙིང་མ་བར་གཏོགས་པས་དགེ་ལུགས་པ་དང་བཀའ་བརྒྱུད་ས་སྐྱ་པ་སོགས་ཀྱིས་ཁོང་གི་ནུས་པ་དེ་ཁས་བླངས་ན་རང་རང་གི་ཆོས་བརྒྱུད་ཀྱི་བླ་ཆེན་ཚོའི་མཚན་མཐོང་བརླག་འགྲོ་བའི་དོགས་པས་གཟིར་བ་རེད་དམ།
༥ ཡང་ན་རང་རང་ལ་ནུས་པ་དེ་འདྲའི་ཆ་ཤས་ཙམ་ཡང་མེད་པས་མི་གཞན་གྱིས་རིག་སྔགས་འགྲུབ་པ་ལ་ཕྲག་དོག་མི་བཟད་པ་སྐྱེས་ནས་གཤེ་སྐུར་བྱེད་པ་ཡིན་ནམ།
༦ ཡང་ན་ལོ་ཟླ་འགའ་རེར་དཔེ་ཆར་ཏོག་ཙམ་རེ་བལྟས་རྗེས་རྟོག་གེ་བ་མགོ་མཁྲེགས་སངས་རྒྱས་ནམ་མཁར་འཕུར་ཡང་དད་པ་མེད་པ་དང་སེམས་ཅན་རྒྱུ་མ་ལུག་ཀྱང་སྙིང་རྗེ་སྐྱེ་རྒྱུ་མེད་པའི་ཆོས་དྲེད་གདུག་པ་ཅན་དེ་འདྲར་གྱུར་ཚར་བ་རེད་དམ།
༧ ཡང་ན་འཛམ་གླིང་མི་དམངས་ཀྱིས་ཁྱི་རོ་རུལ་བ་བཞིན་དོར་དང་འདོར་བཞིན་པའི་དམར་ཕྱོགས་ཆོས་མེད་ལྷ་མེད་རིང་ལུགས་པས་རྒྱུད་བརླམས་ཏེ་ལྷ་བླ་མ་དཀོན་མཆོག་གི་ནུས་པ་བསམ་གྱིས་མི་ཁྱབ་པ་དེ་དག་སེམས་གཏིང་ནས་ཁས་མི་ལེན་པ་ཡིན་ནམ།
སྔགས་གཞུང་ནང་ལ་རྫས་སྔགས་ཏིང་རོལ་པ་ལས། བསམ་གྱིས་མི་ཁྱབ་པ་དེ་འདྲ་མི་སྲིད་པ་མིན་པར་གསུངས་འདུག དེས་མ་ཚད། དད་པ་དག་སྣང་ཤུགས་དྲག་དང་། རྣམ་རྟོག་ཆེ་ཆུང་ཤུགས་དྲག་གིས་བདེ་སྡུག་ལ་འཕར་ཆག་ཡོང་བ་ཡང་དངོས་པོའི་གཤིས་ལུགས་སུ་གྲུབ་ཡོད་རེད་སྙམ་པས། ཧ་ཅང་དད་མ་དྲག ཧ་ཅང་མ་དད་མིན་པར་རང་གི་ཀྱང་ཉམས་ཚོད་སྦྱར་ནས་ཡ་མཚན་གང་ཡང་ཁས་བླངས་ཐུབ་ན་ཐོགས་ཆེ་བར་ཡོད་རེད་སྙམ་ལགས།
ཧ་ཅང་མ་དད་མིན་པར་རང་གི་ཀྱང་ཉམས་ཚོད་སྦྱར་ནས་ཡ་མཚན་གང་ཡང་ཁས་བླངས་ཐུབ་ན་ཐོགས་ཆེ་བར་ཡོད་རེད་སྙམ་ལགས།
འདི།
ཧ་ཅང་མ་དད་མིན་པར་རང་གི་ཀྱང་ཉམས་ཚོད་ལ་སྦྱར་ནས་ཡ་མཚན་གང་ཡང་ཁས་བླངས་ཐུབ་ན་ཕན་ཐོགས་ཆེ་བར་ཡོད་རེད་སྙམ་ལགས།
ཨོ་་་ད་ལན་ཀླུ་སྨྱོན་ཾཁོང་ཐུགས་རྒྱལ་བཞེངས་སོང། ནམ་རྒྱུན་ངས་བསམ་པར་ཀླུ་སྨྱོན་ཁོང་གི་ཐུགས་དེ་་་་མདའ་ཤོང་མདུང་ཤོང་ཅིག་རེད་བསམ་བྱུང། ད་རེའི་རྩོམ་དེའི་ཐོག་ལ་ཾོང་གིས་མཆན་མང་པོ་ཞིག་བྲིས་སོང།
སྤྱིར་སྟངས་ཀྱི་བྱས་ན། བོན་ལུགས་ཀྱི་མ་འོངས་ལུང་བསྟན་ལས། གསང་སྔགས་ཁྲོམ་དུ་གྱེར་བའི་དུས། མ་ནི་གླུ་རུ་ལེན་པའི་དུས། ཞེས་གསལ་ཡོད་འདུག་པས། གསང་སྔགས་རིགས་སྔགས་ཾཁྲོམ་དུ་བསྒྲགས་པའི་སྐྱོན་ཞིག་ཏུ་མཐོང་བྱུང། ལྷག་པར་དུ་ཐུན་མོང་དང་ཐུན་མོང་མིན་པའི་རྩལ་གྲུབ་རྟགས་དེ་རིགས་གཞན་ལ་སྒྲོགས་མི་རུང་ཞེས་གསང་སྔགས་ཀྱི་དམ་ཚིག་གི་ནང་དུ་གསལ། དེ་ཅིས་ཕྱིར་ཡིན་ན། གསང་སྔགས་ཞེས་པ། མ་གོ་ལོག་ལྟ་ཅན་ལ་གསང། སྐལ་ལྡན་དོན་ཡོད་ཅན་ལ་བསྔགས། ཞེས་པ་ཡིན་པས་་་་གདུལ་བྱའི་ཁམས་མི་འདྲ་བ་སོ་སོ་ནས་ཡོད་དུས། འགའ་ཞིག་གི་བློ་ངོར་མི་ཤོང་དུས། དེ་དག་ལ་བསྐུར་འདེབས་སྒྲོས་འདོགས་བྱེད་སྲིད། གལ་ཏེ་དེ་ལྟར་སྒྲོས་བསྐུར་བཏབ་ཚེ་དེའི་ཉེས་པ་ནི་གསང་སྔགས་ཁྲོམ་བསྒྲགས་བྱེད་མཁན་དང་སྒྲོས་བསྐུར་འདེབས་མཁན་གཉིས་ཀ་ལ་འབྱུང་བར་གསུངས་བས་དེས་ན་བཏང་བཞག་གི་ཚུལ་ལ་ཤིན་ཏུ་གཟབ་དགོས་པར་གསུངས།
ལྷག་པར་དུ་རང་ཉིད་ཀྱི་དད་ཡུལ་དུ་གྱུར་བའི་བླ་མ་སྐྱེས་ཆེན་དམ་པ་གང་ཞིག་ལ་བསྟོད་པ་ངོ་སྤྲོད་སོགས་བྱེད་དགོས་ན་གནས་གཞན་དུ་བྱེད་ན་ལེགས་ཤིང། དྲ་རྒྱ་འདི་དག་གི་ནང་དུ་དྲ་འབུ་ཤིན་ཏུ་མང་བས་བླ་མར་བསྟོད་པའི་དགེ་བ་ལས་མི་དགེ་བ་མང་བར་འབྱུང་སྲིད། གང་ལྟར་དེ་ལྟའི་ཚུལ་ལ་སྔོན་ཚུད་ནས་ཁྱེད་མཁྱེན་པའི་བདག་པོ་སྤྲུལ་པའི་སྐུ་ལ་ངས་ཞུ་ཧམ་དུ་སོང་ཡོད་ན་དགོངས་པ་དག་པར་ཞུ།
གཞན་ཡང་ཁྱེད་ཀྱིས་་་་་་དེ་ལྟར་སྡང་དགོས་པའི་རྒྱུ་མཚན། ཁོང་ཆོས་རྒྱུད་རྙིང་མ་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ། ཞེས་པའི་དྲི་བ་དེ་ལ་གནད་འགག་འདུག གལ་ཏེ་ཁོང་ཆོས་རྒྱུད་བོན་པོ་བ་ཞིག་ཡིན་ན་་་་་ཆོས་རྒྱུད་བཞི་ཀའི་རྗེས་འཛིན་པ་ཕལ་ཆེ་བས་སྒྲོས་བསྐུར་གྱིས་ཐོག་ཆར་འབེབས་ངེས། དྲ་གྲོགས་ཅོ་རི་ཉི་མ་ཕུད། དེ་མིན་གྱི་དག་སྣང་སྦྱང་བའི་རྩོམ་མཆན་པ་ཞིག་ས་སྟེང་འདི་ན་རྙེད་མི་སྲིད་ཅེས་ཞུས་ན་ཅུང་ཧམ་པ་ཆེ་སྲིད།
ཀླུ་སྨྱོན་ལགས།
རིག་སྔགས་གྲུབ་པའི་རྣལ་འབྱོར་པ་འདི་བཞིན། རྔ་པ་རྒྱལ་ཁམས་པའི་བུའི་ནད་ལ་བཅོས་ཐབས་ཅིག་ཞུ་ཐུབ་པ་མི་འདུག་གམ། ལགས། ངའི་འདི་ཡང་། བྱུས་མེད་བྱུས་གཏོགས་ལ་ཕྱིན་སོང་ཡོད་ན། སྔ་ས་ནས་དགོངས་དག་ཞུའོ།།
ཀརྡོ་གཉེར་ཕྱག་པའི་རེ་བ་བཞིན་ང་ཡང་རེ་བ་ཤིན་ཏུ་ཆེ་། ཀླུ་སྨྱོན་ལགས་ཁྱེད་ནས་རྔ་པ་རྒྱལ་ཁམས་པའི་བུ་དེ་བཅོས་ཐབས་ཀྱི་རེ་བ་ཞིག་ཞི་རྒྱས་དབང་དྲག་གི་ནུས་མཐུ་རྫོགས་པའི་བླ་མཆོག་ལ་ཞུ་རོག་ ཞུ་རོག། ཞུ་རོག། ཞུ་རོག་ཞུ་ོག། ཞུ་རོག། ཞུ་རོག་། ཐུགས་རྗེས་གཟིགས སྐུ་ཆེ་།
སྤོབས་པ་མཐའ་ཡས་ལགས། རིགས་སྔགས་ལ་ང་ཡིད་ཆེས་ཡོད། རྡོ་བྲག་རིག་འཛིན་ཆེན་པོ་དངོས་ཀྱིས་སྤྲུལ་སྐུ་ངོས་འཛིན་བྱས་པ་ཞིག་མཐོང་མྱོང་མེད་པ་བདེན་པ་རེད། རྙིང་མ་ལ་སྤྲུལ་སྐུ་ངོས་འཛིན་མི་གནང་མཁན་བྱ་བྲལ་སངས་རྒྱས་རྡོ་རྗེ་དང་ཁོང་གཉིས་ཀ་རེད། གཞན་གྱིས་ངོས་འཛིན་བྱས་པའམ་ཁོང་གིས་བླ་མ་གཞན་ལ་ཞུས་ཏེ་ངོས་འཛིན་བྱས། དེ་ལ་ཁོང་གིས་རྒྱབ་གཉེར་གནང་པའི་ཡི་གེ་མི་ཉུང་བ་བཞུགས་པ་མཐོང་མྱོང་། ངའི་རྡོ་བྲག་བཀྱག་དགོས་པ་མེད་དེ་རང་གིས་མཐོང་ཐོས་དྲང་པོར་བརྗོད་པ་ཙམ་ལགས་སོ། །
ལྷ་ཁང་མེ་ཡིས་འཚིག་ཀྱང་འཛུམ་དམུལ་ལེ་ ཞལ་ཟས་ཁྱིས་ཁྱེར་ཀྱང་
འཛུམ་དམུལ་ལེ་ བྱས་ནས་བསྡད་ན་མི་དེ་ཁོག་རྒྱ་ཆེ་བ་མདའ་ཤོང་
མདུང་ཤོང་ལྟ་བུ་རེད་ཟེར་རྒྱུ་དང་ དེ་མིན་ན་མི་དེ་ཆགས་སྡང་ཆེ་རབས་
ཡིན་པའི་རྒྱུ་མཚན་ཡང་དག་ཞིག་ཡོད་ན་བཀོད་དང་ མེད་ན་དགོད་བྲོ་
བའི་གཏམ་དེ་འདྲ་མ་བཤད་ན་མི་ལེགས་སམ་ མཆན་བུ་བ་འགའ་ཞིག་
ནས་འདྲ་མི་འདྲ་བཅོ་བརྒྱད་ལུང་རིགས་བཀོད་ནས་ཡིན་པ་མ་ཡིན་པ་
དང་ མ་ཡིན་པ་ཡིན་པ་དང་ བདེན་པ་རྫུན་མར་འགྲུབ་ཆོག་དུས་
ཀླུ་སྨྱོན་ལགས་ནས་བདེན་པ་ལ་ར་ཕྲོད་བྱས་ལོས་ཆོག།
ཀླུ་སྨྱོན་འདིས་གསང་སྔགས་དང་རིག་སྔགས་སོགས་ལ་དད་པ་དང་དག་སྣང་ཡོད་ཚུལ་གྱི་སྐད་ཆ་བཤད་རྒྱུར་དགའ་ཡང་དོན་དུ་ཁོང་ནི་ནང་ཆོས་གཤའ་མ་བྱེད་མཁན་མི་དེ་འདྲ་མ་རེད། ཆགས་གཏམ་གྱི་སྙན་ངག་བྲིས་པར་མཆོག་ཏུ་གྱུར་པ་ཞིག་རེད།
བླ་མ་རང་གི་ཞལ་ནས་ངའི་ནུས་པ་འདི་དགོས་པ་རྒྱུ་མཚན་མེད་པར་ཆོས་མེད་ལུང་པར་ཁྱབ་བསྒྲགས་བྱེད་པའི་འདོད་པ་གཏན་ནས་མེད། བསྒྲགས་ཚོད་མ་ཟིན་ན་སྔགས་སོགས་ཀྱི་ནུས་པ་འདི་ཡལ་རྒྱུ་ལས་སླ་བོ་འདྲ་ཞིག་འདུག ཁང་གསར་བསྟན་པའི་དབང་ཕྱུག་ཚང་གི་ཚ་བོ་བླ་མ་ཞིག་ལ་ཡང་སྔོན་མར་ཁོང་གི་ལུས་ལས་རིང་བསྲེལ་ཆར་ལྟར་འབབ་རྒྱུ་ཡོད་པ་ཞིག་བྱུང་འདུག་ཀྱང་བར་སྐབས་ཤིག་ནས་མེད་པ་ཆགས་འདུག ངས་ནད་པ་སྐྱབས་མེད་མགོན་མེད་དེ་འདྲར་ཕན་རེ་ཐོགས་ན་བསམ་པ་མ་གཏོགས་རང་ཉིད་ཆེ་འདོད་གྲག་འདོད་གཏན་ནས་མིན་ཞེས་གསུངས་སོང་།
གོང་དུ་མི་འགས་རྔ་བ་རྒྱལ་ཁམས་པའི་བུ་དེའི་སྐོར་གསུངས་སོང་། གཅིག་བྱས་ན་ཁོང་གི་བུ་དེའི་ནད་དྲག་ཡོད་སྲིད། གལ་སྲིད་བླ་མ་འདི་ཨ་རིར་ཕེབས་ན་ངས་རྒྱལ་ཁམས་པར་ལམ་སེང་འབྲེལ་བ་ཞུ་ཆོག ཡིན་ཡང་བླ་མ་ཁོང་གིས་གསུངས་པ་བཞིན་ནད་པ་དྲག་རྒྱུའི་གདེང་ཚོད་བརྒྱ་ཆ་བརྒྱ་ཡོད་པ་ཞིག་ཀྱང་མ་རེད།
1. མི་འདིས་གསང་སྔགས་འགྲུབ་པར་ཁས་ལེན་ལེན་ནམ་ཞེས་པ་དེ་སྐབས་འདིའི་རྩོད་གཞི་རེད། རྡོ་རིལ་ལྕགས་ལེབ་ཁ་ཤས་ཚ་བོ་བཟོ་བའི་ནུས་པ་དེ་ཙམ་ལ་ཟེར་བ་ཡིན་ན་དེ་ཁྱེད་རྣམ་པའི་མངོན་སུམ་ཚད་གྲུབ་རེད། ཀླུ་སྨྱོན་ཁྱེད་རང་སྐད་ཆ་བདེན་པ་ཤོད་མཁན་ཞིག་ཡིན་པའི་ཆ་ནས་དེ་ཙམ་ངས་ཁས་བླངས་ན་ཆོག དེ་སྔགས་ཀྱི་ནུས་པ་དང་རྫས་ཀྱི་ནུས་པ་གང་ཡིན་མི་ཤེས། ང་ཚོ་རྒྱ་གར་དང་བལ་ཡུལ་དུ་འདུག་མྱོང་མཁན་ཚོས་ས་རྡོ་དང་ཆུ་ལ་ཡང་མེ་འབར་བའི་གནས་མཐོང་མྱོང་བ་དེ་འདྲ་རེད། ང་ཁོང་དང་ཐུག་ན་མཚར་མཚར་ཙམ་ལ་རྡོ་དང་ལྕགས་དེ་ཚོར་ལག་པས་རེག་ཙམ་བྱེད་མ་གཏོགས་དད་པ་སྐྱེ་རིན་ཞིག་ནི་མི་འདུག
2. དེས་ནད་པ་དྲག་པར་ཁས་མི་ལེན། རྒྱུ་མཚན་ནི་ཁོ་རང་གིས་ནད་པ་བརྒྱ་ཆ་སུམ་ཅུ་ཡས་མས་ལ་ཕན་ནུས་པར་ཁས་བླངས་འདུག ང་ཛ་དྲག་སྨན་ཁང་ཞིག་ལ་སོང་ནས་ཚོད་དཔག་ཅིག་བྱས་ན་ཡང་ནད་པ་བརྒྱ་ཆ་སུམ་ཅུ་ཙམ་མ་ཟད་བརྒྱ་ཆ་ལྔ་བཅུ་ལས་མང་བ་ནད་ལས་གྲོལ་བ་ངས་ཀྱང་ཁས་ལེན་ཐུབ། དེ་རང་བཞིན་གྱིས་དྲག་པ་དང་སྨན་བཅོས་ཀྱི་ནུས་པ་རེད། མི་དེ་བླ་རུང་སྒར་དུ་འགྲོ་སྐབས་ལ་ལས་ནི་ཕན་ཐོགས་སོང་ཟེར་འདུག ལ་ལས་ནི་ཕན་ཐོགས་མ་སོང་གསུངས་འདུག དེ་འདྲ་རེད། ནད་པ་ལ་ལ་རང་བཞིན་གྱིས་དྲག་ཡོང་གི་རེད། ལ་ལ་རང་བཞིན་གྱིས་སྡུག་ཏུ་འགྲོ་གི་རེད། རྒྱ་གར་ལ་ཡོང་ནས་དགེ་སློང་བདག་ཉིད་ཆེན་པོ་ཡིན་ནམ་དེའི་མགུལ་ན་བ་ཉིན་དྲུག་གིས་སངས་དྲག་བྱུང་འདུག མགུལ་ན་བ་དེ་ལ་སྨན་བཅོས་སོགས་བྱེད་ཀྱིན་ཡོད་ན་ནི་སྨན་བཅོས་ཀྱི་ནུས་པ་ཡིན་སྲིད། སྨན་བཅོས་སོགས་བྱེད་ཀྱིན་མེད་ན་ཡང་མགུལ་ན་བ་ཙམ་ཉིན་དྲུག་གི་རྗེས་སུ་དྲག་སྐྱེད་ཡོང་བ་དེ་ཁོའི་ནུས་པ་ཡིན་པའི་དཔང་རྟགས་མེད། སྟོན་པས་ཀྱང་། འགྲོ་བའི་སྡུག་བསྔལ་ནི་དེ་བཞན་གཤེགས་པའི་ཕྱག་གིས་ཀྱང་མི་སེལ་གསུངས་འདུག་པས་རྡོ་དང་མེ་ལོང་སོགས་ཀྱིས་དེ་བས་ཀྱང་ག་ལ་སྲིད། ནང་པ་སངས་རྒྱས་པའི་ཚེ་ཡི་རིག་བྱེད་དུ། རླུང་འཁྲིས་བད་ཀན་གྱི་ནད་ནི་དུག་གསུམ་གྱི་རྩ་བ་ཅན་དུ་གསུང་ཡོད་པས་བདག་འཛིན་གྱི་མགོ་གནོན་ཐུབ་ན་ནད་དེ་དག་རང་བཞིན་གྱིས་སང་དྲག་ཏུ་འགྲོ་ཚུལ་གསུངས་ཡོད་པ་མ་གཏོགས་ཕུ་འདེབས་པ་དང་རྡོ་ལྕགས་སོགས་ཐུག་པས་དྲག་ཚུལ་གསུངས་མེད།
3. ལོ་དགུ་ལ་གསང་སྔགས་བསྒྲུབས་པས་འགྲུབ་བམ་མི་འགྲུབ་ཟེར་བ་དེ་གནད་དུ་ཁེལ་མིན་ལ་རག་ལས་པ་རེད། མི་འདི་ལ་དོག་པ་ཞིག་ཡོད་པ་དེ་ནི་གྲུབ་རྟགས་དང་པོར་བཞག སེམས་ཁྲིད་མེད་ཟེར་ནས་རྗེས་སུ་ཞུ་གི་འདུག སེམས་ཁྲིད་མེད་ན་བསྐྱེད་རྫོགས་ཀྱི་གནད་མི་ཤེས། དེ་མ་ཤེས་ན་ལྷ་བསྒོམ་སྔགས་བཟླས་ཀྱིས་ནུས་པ་བཟང་ཕྱོགས་སུ་མི་ཐོན། བསྐྱེད་རྫོགས་གསལ་དག་བརྟན་པོ་མེད་པར་ལྷ་བསྒོམ་པ་སོགས་ནི་གྲུབ་འབྲས་ལྡོག་ཕྱོགས་སུ་ཐོན་ནས་བདུད་ཀྱི་ལྷོངས་ཚད་ཀྱི་དབང་དུ་འགྲོ་ངེས་པ་དེ་ངས་གོང་དུ་ཁྱེད་ལ་ཞུས་པ་དེ་ཡིན། མ་གཞི་སེམས་ཁྲིད་མེད་ཚར་དུས་ཆོས་ལ་གོ་བ་གཏན་ནས་མེད་ཚར་བ་རེད། ནང་པ་སངས་རྒྱས་པའི་ཆོས་ཤིག་ཡིན་ནས་བཟུང་སྟེ་སེམས་ཁྲིད་རེད། བསྡུས་གྲྭ་ནས་བཟུང་སྟེ་བློ་རིགས་དང་། སེམས་དང་སེམས་བྱུང་སོགས་སེམས་གྱི་སྟེང་ནས་དབྱེ་བ་དགར། འདོར་ལེན་གྱི་རིམ་པ་བསྟན། ཉོན་མོང་པ་ལ་རྩ་ཉོན་ཉེ་ཉོན་གྱི་རིམ་པ་དགར། གཉན་པོ་བསྟེན་ཚུལ་བསྟན་ནས་འགྲོ་བ་མ་གཏོགས་སེམས་དང་མ་འབྲེལ་བའི་ཆོས་ཤིག་ཡོད་པ་མ་རེད།
4. རྙིང་མ་པ་ཡིན་པ་ལ་ཕྲག་དོག་བྱས་པ་མིན། སྔ་འགྱུར་རྙིང་མའི་བསྟན་པ་གསེར་གཞོང་ནོར་བུས་སྤྲས་པ་ལྟ་བུ་དེ་བཤིགས་མཁན་ནི་ལྷ་འདྲེ་སུ་ཡང་མ་རེད། ཕྲག་དོག་པ་ཚོ་ཡང་མ་རེད། རྟོག་གེ་པ་ཚོ་ཡང་མ་རེད། འོ་ན་སུ་རེད་ཟེར་ན། མུན་ནག་ནང་ལ་ལོང་བསྙབས་བྱེད་མཁན། ངས་ལྷ་མཐོང་སོང་། ལྷ་ལ་གཏང་རག་སྦྱིན་ཡོད། ངས་འདྲེ་མཐོང་ཡོད། འདྲེ་ལ་ཆད་པ་བཅད་ཡོད་སྐད་ཀྱི་ཁ་ཕོ་སྒྲོགས་མཁན། རྡོ་རིལ་རིལ་གྱིས་ནད་བཅོས་ཐུབ་ཟེར་མཁན། མེ་ལོང་སྒོར་སྒོར་ལས་ལྐོག་གྱུར་སྟོན་ནུས་ཟེར་མཁན། རྟོགས་ལྡན་བཅོས་མ་དང་། སྤྲུལ་སྐུ་བརྫུས་མ། མཁའ་འགྲོ་ཟོལ་མ། གྲུབ་ཐོབ་རྫུན་མ་འདི་ཚོ་རེད། མ་གཞི་འདི་ཚོའི་ཁོག་ལ་དོལ་རྒྱལ་འདྲ་ཞུགས་ཡོད་ན་སུས་ཤེས། འདི་ཚོ་དོལ་རྒྱལ་དང་བྱེད་ལས་མཚུངས་ཐག་ཆོད་རེད། འདི་ཚོས་ཨོ་རྒྱན་པད་ཞུ་དམར་ཟིང་ཟིང་རེ་གྱོན་ནས་རྒྱུ་ནོར་དང་རྨོངས་དད་གཉིས་ཀ་འཛོམ་ས་ཞིག་ལ་འཛུལ་ནས་ད་འཁྲབ་གི་རེད། རྒྱུ་ནོར་དང་རྨོངས་དད་གཉིས་ཀ་འཛོམ་ས་དེ་ནས་ཕྱིར་བུད་ན་ས་རྒྱ་ཆོད་གི་མ་རེད། མི་འདི་ཚོས་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཤིག་ངོམ་རྒྱུ་དེ་ཚོ་རྨི་ལམ་ནང་གི་སྐད་ཆ་རེད། ཨོ་ད་མི་འདི་རིགས་ཀྱིས་ད་རྙིང་མ་ཚང་གི་བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྡེ་དང་སྔགས་དཀར་དཀྱུས་མའི་སྡེ་ཡི་མགོ་རིལ་རིལ་ཡར་འགྱོག་ཏུ་འཇུག་གི་མེད། རིག་འཛིན་འཇིགས་མེད་གླིང་པས་ཀྱང་། སྔ་འགྱུར་བསྟན་པ་རི་མོའི་མར་མེ་བཞིན།།གསུངས་དགོས་ཐུག་འདུག དེ་ཚོ་ལ་ནི་གདུང་སེམས་མཉམ་སྐྱེད་ཡོད། འདི་ཚོ་ལ་ནི་ཕྲག་པ་དོགས་ཡོང་ས་ཞིག་མི་འདུག་ཞུ་རྒྱུ་ཡིན།
5. རང་ལ་ནུས་པ་དེ་འདྲ་མེད་པས་ཕྲག་དོགས་འདྲ་ཡིན་ནམ་ཞེས་པ་དེ་ནི་མིན་ཞེས་ཞུ་རྒྱུ་ཡིན། ང་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་མིའི་ཆོས་ལས་བླ་མར་གྱུར་པའི་ནུས་པ་ཞིག་ལ་རེ་བ་རྨི་ལམ་ན་ཡང་མེད། ལྷག་པར་ཡང་གང་ཡིན་འདི་ཡིན་རང་གིས་ཀྱང་མི་ཤེས་པ། ནུས་པ་ག་ཚོད་ཅིག་ཡོད་པ་རང་ལ་ཡང་ཏན་ཏན་མེད་པ། མཚམས་མཚམས་ལ་ཡོད་པ་ལྟ་བུ། མཚམས་མཚམས་ལ་མེད་པ་ལྟ་བུ། འདི་ནམ་ཞིག་ལ་ཡལ་འགྲོ་བ་དང་ཡོད་མེད་ཀྱི་རྒྱུ་རྐྱེན་ཅི་ཡིན་འདི་ཡིན་བཤད་མི་ཤེས་པ་ཞིག་ཡོད་པ་ལས་མེད་ན་དགའ་ས་རེད། ངོ་མ་ཡིན། སྐྲག་ཀྱང་སྐྲག་ས་རེད།
6. རྟོག་གེ་བ་མགོ་འཁྲེགས་སོང་བ་གང་ཡང་མིན། མུན་ནག་ནང་ལ་ལོང་བསྙབས་བྱས་ནས་རྡོ་རིལ་ཚ་བོ་ཞིག་རྙེད་རྒྱུ་ཡོད་མེད་ལ་བསམ་བློ་གཏང་ཡང་མ་མྱོང་། ཡོད་ན་ཡོད་ཆུག དེས་རྟོག་གེ་པ་ལ་ཕན་གནོད་མི་འདུག སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དང་དེའི་དགོངས་འགྲེལ་ལས་བསྟན་པའི་ས་ལམ་བགྲོད་པའི་གྲུབ་རྟགས་ཡོད་ཆོག་པ་རེད། ཁྱོད་ཀྱི་རིག་སྔགས་པ་དེས་གྲུབ་པ་དེ་ཡང་སྒྱུ་མ་མཁན་གྱིས་མིག་འཕྲུལ་ལམ་ཡང་ན་ར་རྫི་སྐར་རྒྱལ་ལ་ཀླུ་ཞུགས་པ་ལྟ་བུ་རེ་ཡིན་ན་མ་གཏོགས་ཚོགས་ལམ་ཆུང་ངུ་ནས་མི་སློབ་པའི་ལམ་བར་དུ་ས་ལམ་གྱི་ལམ་རྟགས་རིམ་པ་ཡོད་པའི་གང་རུང་ཞིག་ཡིན་དགོས་རྒྱུ་རེད། དེའི་ནང་གི་གང་ཞིག་ལ་སླེབས་ཡོད་ས་རེད། ས་དང་ལམ་གྱི་རིམ་པ་དང་སྦྱར་ནས་ངོ་འཛིན་གསལ་བོ་རེ་གྱིས་དང་། མ་མཐའ་ཡང་ཁོ་རང་གིས་དེ་ཤེས་དགོས་རྒྱུ་རེད།
7. ཁྱེད་ཀྱི་དྲི་བ་ཐ་མ་དེ་དགོད་བྲོ་བོ་རེད། དེ་ནི་རིག་སྔགས་པ་དང་གུང་ཁྲན་དམར་ཤོག་པ་ནུས་མཐུ་སུ་ཆེ་བསྡུར་བ་དེ་རེད། དེ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུའི་ནང་ལ་བོད་བརྒྱུད་ནང་བསྟན་པའི་ཁྲོད་ན་ང་ཆེ་ཁྱོད་གཉན་ཟེར་མཁན་ཚོའི་གནས་སྟངས་ལ་བསམ་བློ་ཞིག་ཐོངས་དང་ཁྱེད་ཀྱིས་གསལ་པོར་ཤེས་ངེས། ངས་གསལ་པོར་ཞུ་དགོས་པ་མི་འདུག ཧཧཧཧཧ། དེ་ཡག་པོ་བྱུང་སོང་། འདིས་དྲ་གྲོགས་ཚང་མ་ལ་གད་མོ་ཞིག་སློང་ཐུབ་ས་རེད།
ཀླུ་སྨྱོན་གྱིས་བཤད་པའི་ཁང་གསར་བསྟན་པའི་དབང་ཕྱུག་གི་ཚ་བུ་དེའང་ངས་དཔྱད་པ་བྱེད་ས་གཅིག་ཡིན། མི་འདི་ཡ་མཚན་ཆེན་པོ་ཞིག་ཡོད། ཨན་ཁྱུང་གནམ་རྫོངས་སུ་ཕེབས་དུས། ཁོང་གིས་རིལ་བུ་འབེབས་ཐུབ་པའི་གྲགས་པས་མི་མང་སུམ་བརྒྱ་ཙམ་འདུས་པ་རེད། དུས་ཚོད་ཀྱི་དབང་གིས་རེ་རེ་བཞིན་བྱིན་རླབས་གནང་མ་ཐུབ་པར་ཚང་མས་གུ་རུ་ལ་གསོལ་བ་ཐོབ་ཅེས་ཅུང་ཟད་མཉམ་པར་བཞག་རྗེས་ཚང་མའི་རུམ་དུ་རིལ་བུ་འབེབས་པའི་དམིགས་པ་བྱས་པ་ཡིན་གསུངས་པ་དང་། མི་ཚང་མའི་གློ་ཁུག་དང་སྤྱི་གཙུག རུམ་ནས་རིལ་བུ་མང་པོ་ཐོན་པ་རེད། དེ་བཞིན་གེ་སར་ཀྱི་སྐུ་ཆེན་པོ་ཞིག་ལ་རབ་གནས་མཛད་སྐབས་ཡང་སྔཽན་བཞིན་ཐུགས་གཏད་པས་རིལ་བུ་རྒྱ་མ་གང་ཙམ་སྐུ་ལུས་བབ་པ་མི་ཚང་མས་ཐོབ་རྩོད་བྱས་སོང་ཟེར། བླ་མ་འདི་གང་བྱུང་དུ་གྲུབ་རྟགས་སྟོན་མཁན་ཞིག་མ་རེད། འབུལ་བ་ཡང་ལེན་གི་མི་འདུག རིལ་བུས་ནད་པ་་ལ་ཕན་ཐོག་མི་ཐོགས་ཅི་རིགས་པ་འདུག་ཟེར། ཁོ་རང་གིས་གསུང་ན་གཟའ་གྲིབ་དང་། ཀླད་པའི་གཉན་ཚད་ལ་ཕན་ཐོགས་འདུག གཞན་མི་ཤེས། གུ་རུ་པདྨ་འི་བྱིན་རླབས་ཡིན་པས་བྱིན་རྟེན་རུང་གསུངས། ཁོ་རང་གི་ས་ལམ་གྱི་རྟོགས་པ་མིན་ཚུལ། གུ་རུ་སིཛྫི་བཏོན་པས་གཞན་བྱུང་སྔགས་ཀྱི་ནུས་པ་ཡིན་ཚུལ་གསུང་རྒྱུ་འདུག གནས་ཚུལ་དེ་བདེན་པ་རེད། གསར་འགྱུར་འདི། དཔྱད་གཞི་ཙམ་དུ་ཕུལ་བ་ཡིན།
་་་་་་་་་་་ བླ་མ་༼ཁང་གསར་བསྟན་པའི་དབང་ཕྱུག་གི་ཚ་བུ་༽འདི་གང་བྱུང་དུ་གྲུབ་རྟགས་སྟོན་མཁན་ཞིག་མ་རེད། འབུལ་བ་ཡང་ལེན་གི་མི་འདུག རིལ་བུས་ནད་པ་་ལ་ཕན་ཐོག་མི་ཐོགས་ཅི་རིགས་པ་འདུག་ཟེར། ཁོ་རང་གིས་གསུང་ན་གཟའ་གྲིབ་དང་། ཀླད་པའི་གཉན་ཚད་ལ་ཕན་ཐོགས་འདུག གཞན་མི་ཤེས། གུ་རུ་པདྨ་འི་བྱིན་རླབས་ཡིན་པས་བྱིན་རྟེན་རུང་གསུངས། ་་་་་་་་ཟེར།
་་་་་་་་་་་ སྟོན་པས་ཀྱང་། འགྲོ་བའི་སྡུག་བསྔལ་ནི་དེ་བཞན་གཤེགས་པའི་ཕྱག་གིས་ཀྱང་མི་སེལ་གསུངས་འདུག་པས་རྡོ་དང་མེ་ལོང་སོགས་ཀྱིས་དེ་བས་ཀྱང་ག་ལ་སྲིད། ནང་པ་སངས་རྒྱས་པའི་ཚེ་ཡི་རིག་བྱེད་དུ། རླུང་འཁྲིས་བད་ཀན་གྱི་ནད་ནི་དུག་གསུམ་གྱི་རྩ་བ་ཅན་དུ་གསུང་ཡོད་པས་བདག་འཛིན་གྱི་མགོ་གནོན་ཐུབ་ན་ནད་དེ་དག་རང་བཞིན་གྱིས་སང་དྲག་ཏུ་འགྲོ་ཚུལ་གསུངས་ཡོད་པ་མ་གཏོགས་ཕུ་འདེབས་པ་དང་རྡོ་ལྕགས་སོགས་ཐུག་པས་དྲག་ཚུལ་གསུངས་མེད། ་་་་་་་་་་་་་ཟེར།
་་་་་་་་ 4. རྙིང་མ་པ་ཡིན་པ་ལ་ཕྲག་དོག་བྱས་པ་མིན། སྔ་འགྱུར་རྙིང་མའི་བསྟན་པ་གསེར་གཞོང་ནོར་བུས་སྤྲས་པ་ལྟ་བུ་དེ་བཤིགས་མཁན་ནི་ལྷ་འདྲེ་སུ་ཡང་མ་རེད། ཕྲག་དོག་པ་ཚོ་ཡང་མ་རེད། རྟོག་གེ་པ་ཚོ་ཡང་མ་རེད། འོ་ན་སུ་རེད་ཟེར་ན། མུན་ནག་ནང་ལ་ལོང་བསྙབས་བྱེད་མཁན། ངས་ལྷ་མཐོང་སོང་། ལྷ་ལ་གཏང་རག་སྦྱིན་ཡོད། ངས་འདྲེ་མཐོང་ཡོད། འདྲེ་ལ་ཆད་པ་བཅད་ཡོད་སྐད་ཀྱི་ཁ་ཕོ་སྒྲོགས་མཁན། རྡོ་རིལ་རིལ་གྱིས་ནད་བཅོས་ཐུབ་ཟེར་མཁན། མེ་ལོང་སྒོར་སྒོར་ལས་ལྐོག་གྱུར་སྟོན་ནུས་ཟེར་མཁན། རྟོགས་ལྡན་བཅོས་མ་དང་། སྤྲུལ་སྐུ་བརྫུས་མ། མཁའ་འགྲོ་ཟོལ་མ། གྲུབ་ཐོབ་རྫུན་མ་འདི་ཚོ་རེད། ་་་་་་་་་་་་ཟེར།
་་་་་་་་་ འདི་ཚོ་དོལ་རྒྱལ་དང་བྱེད་ལས་མཚུངས་ཐག་ཆོད་རེད། འདི་ཚོས་ཨོ་རྒྱན་པད་ཞུ་དམར་ཟིང་ཟིང་རེ་གྱོན་ནས་རྒྱུ་ནོར་དང་རྨོངས་དད་གཉིས་ཀ་འཛོམ་ས་ཞིག་ལ་འཛུལ་ནས་ད་འཁྲབ་གི་རེད། རྒྱུ་ནོར་དང་རྨོངས་དད་གཉིས་ཀ་འཛོམ་ས་དེ་ནས་ཕྱིར་བུད་ན་ས་རྒྱ་ཆོད་གི་མ་རེད། མི་འདི་ཚོས་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཤིག་ངོམ་རྒྱུ་དེ་ཚོ་རྨི་ལམ་ནང་གི་སྐད་ཆ་རེད། ཨོ་ད་མི་འདི་རིགས་ཀྱིས་ད་རྙིང་མ་ཚང་གི་བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྡེ་དང་སྔགས་དཀར་དཀྱུས་མའི་སྡེ་ཡི་མགོ་རིལ་རིལ་ཡར་འགྱོག་ཏུ་འཇུག་གི་མེད། རིག་འཛིན་འཇིགས་མེད་གླིང་པས་ཀྱང་། སྔ་འགྱུར་བསྟན་པ་རི་མོའི་མར་མེ་བཞིན།།གསུངས་དགོས་ཐུག་འདུག དེ་ཚོ་ལ་ནི་གདུང་སེམས་མཉམ་སྐྱེད་ཡོད། འདི་ཚོ་ལ་ནི་ཕྲག་པ་དོགས་ཡོང་ས་ཞིག་མི་འདུག་ཞུ་རྒྱུ་ཡིན། ་་་་་་ཟེར།
་་་་་་ 6. རྟོག་གེ་བ་མགོ་འཁྲེགས་སོང་བ་གང་ཡང་མིན། མུན་ནག་ནང་ལ་ལོང་བསྙབས་བྱས་ནས་རྡོ་རིལ་ཚ་བོ་ཞིག་རྙེད་རྒྱུ་ཡོད་མེད་ལ་བསམ་བློ་གཏང་ཡང་མ་མྱོང་། ཡོད་ན་ཡོད་ཆུག དེས་རྟོག་གེ་པ་ལ་ཕན་གནོད་མི་འདུག སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དང་དེའི་དགོངས་འགྲེལ་ལས་བསྟན་པའི་ས་ལམ་བགྲོད་པའི་གྲུབ་རྟགས་ཡོད་ཆོག་པ་རེད། ཁྱོད་ཀྱི་རིག་སྔགས་པ་དེས་གྲུབ་པ་དེ་ཡང་སྒྱུ་མ་མཁན་གྱིས་མིག་འཕྲུལ་ལམ་ཡང་ན་ར་རྫི་སྐར་རྒྱལ་ལ་ཀླུ་ཞུགས་པ་ལྟ་བུ་རེ་ཡིན་ན་མ་གཏོགས་ཚོགས་ལམ་ཆུང་ངུ་ནས་མི་སློབ་པའི་ལམ་བར་དུ་ས་ལམ་གྱི་ལམ་རྟགས་རིམ་པ་ཡོད་པའི་གང་རུང་ཞིག་ཡིན་དགོས་རྒྱུ་རེད། དེའི་ནང་གི་གང་ཞིག་ལ་སླེབས་ཡོད་ས་རེད། ས་དང་ལམ་གྱི་རིམ་པ་དང་སྦྱར་ནས་ངོ་འཛིན་གསལ་བོ་རེ་གྱིས་དང་། མ་མཐའ་ཡང་ཁོ་རང་གིས་དེ་ཤེས་དགོས་རྒྱུ་རེད། ་་་་་་ཟེར།
ཐུབ་རྣམས་འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང་། རང་གི་རྟོགས་པ་གཞན་ལ་སྤོ་མི་འགྱུར། ཆོས་ཉིད་བདེན་པ་བསྟན་ནས་འགྲོ་བ་སྒྲོལ་ཞེས་པའི་ཚིག་འདི་མདོ་ག་རེའི་ནང་ལ་ཡོད་དམ། གསུང་རྒྱུ་ཡོད་པས།
དེ་རིང་སྤོབས་མཐའི་གསུང་ལ་ཤིན་ཏུ་ཐད་པར་མཐོང་བགྱིད། ཅི་ཡིན་ནམ་མི་ཤེས། རྫས་སྔགས་ཏིང་རོལ་པའི་ནུས་པ་མེད་ཀྱང་དད་པ་ནི་ཡོད། ད་ནི་གང་ཡང་ཤོད་ཚོད་མི་ཐིག་གོ
ངའ་བློ་ལ་ཡོད་པ་ནི།
ཐུབ་རྣམས་སྡིག་པ་ཆུ་ཡིས་བཀྲུ་ཞིང་།
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།
ཉིད་ཀྱི་རྟོགས་པ་གཞན་དུ་སྤོ་མིན་ཏེ།
ཆོས་ཉིད་བདེན་པ་བསྟན་པས་སྒྲོལ་བར་མཛད།།
མཆིམས་མཛོད་ན། ལུང་དྲངས་བསམ། མདོ་གང་ན་ཡོད། ངལ་བ་བསྟེན་ཏེ་འཚོལ་དགོས་སོ།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ ། །
ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར ། །
ལབ་ན་བདེ་བ་མི་འདུག་གམ།
གཞན་འཕན་བསམ་པས་ཀུན་ནས་འབྱུང་བའི་གྲུབ་རིག་སཛིན་བླ་མ་འཛུ་འཕྲུལ་ཅན་དེ་ལ་གུས་པས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ།
བླ་མ་འདིའི་རྣམ་ཐར་ཐོས་པས་དགའ། གྲུབ་རྟགས་དེ་འདྲ་ཞིག་ཡོད་པའི་རྒྱུ་མཚན་གྱིས་བླ་མ་དེ་ས་ལམ་གྱི་ཡོན་ཏན་མཐོན་པོར་སོན་པ་རེད་ཟེར་ན་དཔོགས་མི་ཐུབ་པ་རེད། གྲུབ་རྟགས་ཕྲན་བུ་ཡོད་པ་ལ་མགོ་འཁོར་ནས་རང་གིས་རང་བསླུ་བ་ཡང་མང་། དེ་ལ་ཆོས་ཉམས་སུ་ལེན་པར་བར་དུ་གཅོད་པའི་བདུད་ལས་སུ་འགྱུར་བ་རེད། རེད་དེ། སྐབས་འགར་གྲུབ་རྟགས་འདིའི་རིགས་ངེས་པར་ཡོད་དགོས་པ་ཞིག་རེད། དམར་པོའི་ལྟ་བ་ཅན་བོད་ཀྱི་གཞོན་སྐྱེས་སྐོར་ཞིག་གིས་ཆོས་གཞུང་ནས་གསལ་བའི་ངོ་མཚར་བའི་གྲུབ་རྟགས་རྣམས་བཤད་སྲོལ་ཙམ་རེད་ཟེར་བ་དང་། རྨོངས་དད། ལྷ་སྒྲུང་རེད་ཟེར་ནས་གཞན་མང་པོ་ཞིག་ཀྱང་བསླུ་བར་བྱེད། གལ་ཏེ་ང་ཚོས་ཀྱང་མིག་མཐོང་ལག་ཟིན་གྱི་གྲུབ་རྟགས་རེ་སྟོན་མ་ཐུབ་ན་གཞན་མང་པོ་ཞིག་ཀྱང་དོགས་པ་དང་ཐེ་ཚོམ་ཟོས་ནས་ཆོས་ལུགས་ལ་མི་དད་པར་འགྱུར་འགྲོ། དེ་བས་ན་སྐབས་འགར་གདུལ་བྱ་མོས་པར་བྱ་བའི་ཕྱིར་གྲུབ་རྟགས་ཀྱང་སྟོན་དགོས་ཚུལ་མདོ་ན་ཡང་མང་པོ་གསུངས་ཡོད། དེ་བས་ན་སློབ་དཔོན་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཆོས་གསུང་དོན་ཡང་དེ་རེད། འཇིག་རྟེན་པ་རྣམས་ཐུན་མོང་ལྐོག་གྱུར་གྱི་རྣམ་གཞག་རྣམས་ལ་ངེས་པ་གཏིང་ཚུགས་པ་རྙེད་ནས་ཐུན་མིན་ཐར་བ་དང་ཐམས་ཅད་མཁྱེན་པ་སོགས་ལ་ངེས་པ་འདྲེན་དགོས་པས་སོ།། འགའ་ཞིག་གིས་གལ་ཏེ་སྔགས་ནུས་ཐོན་ན་ལས་འབྲས་ཀྱི་གོ་རིམ་འཆོལ་བར་འདོད་མོད། གང་ཟག་འགའ་ཞིག་སྔགས་ལས་སྨན་བཅོས་གང་གིས་ཀྱང་ཕན་ཐབས་མེད་པའི་ལས་ཡོད་མཁན་ལོས་ཡོད། མདོར་ན་ནད་གྲི་དང་སྙུང་བུས་བཅད། སྨན་བཏབ་ནས་གསོ་བ་དེ་ལས་འབྲས་དང་མ་འགལ་ན་སྔགས་བཏབ་ནས་གསོས་པ་ལས་འབྲས་དང་འགལ་བ་གང་ཡང་མེད། འོན་ཀྱང་སྔགས་བཏབ་ཚད་གསོས་པ་ནི་གསུངས་མེད་པས་ལས་འབྲས་ཀྱི་གོ་རིམ་འཆོལ་བའི་སྐྱོན་ཅི་ཡང་མི་འདུག