(སྙན་ངག་པ། སྒྱུ་རྩལ་བ། མཁས་དབང་། དགེ་རྒན། འདོད་མོས་མེད་པའི་རིན་པོ་ཆེ།)
འཇམ་དབྱངས་ནོར་བུས་བརྩམས།
ལྷ་སྒང་ཆོས་གྲགས་ཀྱིས་བསྒྱུར།
ཕྱི་ལོ༡༩༩༥ཟླ༣པའི་ཚེས་༡༥ནས་༡༧བར་དྷ་རམ་ས་ལར་ཆེས་ཐོག་མའི་༼བོད་རྒྱལ་ཡོངས་རྩོམ་པ་པོའི་ལྷན་ཚོགས།༽དེ་བཞིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་གོ་སྒྲིག་འོག་བསྐོངས་ཚོགས་བྱས་ཤིང་། བོད་ཀྱི་སྤྱི་ཚོགས་ནང་རྩོམ་པ་པོའི་ཆེས་ཐོག་མིའི་ལྷན་ཚོགས་དེར་རྒྱ་གར་དང་བལ་ཡུལ། སུད་སི་དང་དབྱིན་ཡུལ། དེ་བཞིན་ཨ་རི་བཅས་ནས་ཁྱོན་བོད་ཀྱི་རྩོམ་པ་པོ་དྲུག་ཅུ་རེ་གཉིས་དང་། དེ་མིན་སྐུ་ཚབ་བཅས་མང་པོས་ཚོགས་བཞུགས་ཀྱི་ཆ་ཤས་བླངས་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་སྐབས་དེ་ནི་རབ་བཏགས་དང་སྒྲོ་བསྐུར་ཙམ་མིན་པར་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེའི་ནང་མཚར་སྡུག་ལྡན་པའི་ངང་ཡིག་གཟུགས་སུ་བརྐོས་ཆོག ང་ཚོར་བོད་ནང་དང་ལྷག་པར་ཐག་རིང་ཨ་མདོའི་ས་ནས་ཀྱང་རྩོམ་པ་པོ་མང་པོས་ཁ་པར་དང་ཡིག་ཐོག་སོགས་ཀྱི་ལམ་ནས་འབྲེལ་གཏུགས་ཀྱིས་ལྷན་ཚོགས་དེ་བྱ་བ་ལམ་ལྷོངས་ཡོང་བའི་ཁ་གཡང་དང་སྨོན་འདུན་ཞུས་བྱུང་། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱིས་ང་ཚོར་འཚམས་འཕྲིན་ཞིག་བསྐུར་འདུག་ཅིང་། དེ་ནི་ཕྱི་ལོ་༡༩༨༠ལོར་ནོ་ཝེར་རྩོམ་རིགས་ཀྱི་བྱ་དགའ་བཞེས་མྱོང་མཁན་པོ་ལཎ་ཌེའི་རྒྱལ་ཁབ་ཀྱི་ཕྱོགས་འགལ་རྩོམ་པ་པོ་སྐུ་ཞབས་ཁི་ཛིས་ལོའོ་མི་ལོ་ཛ་(Czeslaw Miloz)ལགས་ཀྱིས་ཕྱག་བྲིས་གནང་བ་ཞིག་རེད་འདུག ཁོང་གིས་ཁྱེད་རྣམས་པས་ངའི་གདུང་སེམས་མཉམ་བསྐྱེད་དང་རྗེས་སུ་ཡིད་རངས་ཀྱི་སྐད་ཆ་འདི་དག་ངེས་བཞེས་གནང་སྐྱོངས་ཡོང་བ་མཁྱེན། ང་རང་ཉིད་ལ་ཆ་མཚོན་ན་དུས་ཡུན་རིང་པོ་ཞིག་བཙན་བྱོལ་ནང་མི་ཚེ་བསྐྱལ་མྱོང་མཁན་ཞིག་ཡིན་པས། ཁྱེད་ཅག་གི་ན་ཟུག་དང་དཀའ་ངལ། རེ་བ་དང་ཡིད་ཆེས་བཅས་ངས་གསལ་པོར་ཚོར་གྱིན་འདུག ཁྱེད་རྣམས་ལ་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་གི་གཉེན་གྲོགས་ཡོད་ལ། ཁྱེད་ཅག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཁྱེད་ཚོས་བྲི་བཞིན་པའི་ས་མཐའི་ཁེར་རྐྱང་གི་གདུང་ཚོར་ལ་ཉིན་ཞིག་རྗེས་དྲན་དང་ལེགས་གསོལ་ཐོབ་ངེས་ཞེས་སོགས་གསུངས་འདུག
ལྷན་ཚོགས་དེའི་ནང་ཕེབས་པའི་ཚོགས་བཞུགས་པ་སྐུ་ན་བགྲེས་ཤོས་དང་སྙན་གྲགས་ཆེ་ཤོས་ནི་རག་ར་ཐུབ་བསྟན་ཆོས་དར་ལགས་རེད། དེའི་སྐབས་ཁོང་དགུང་ལོ་བདུན་ཅུ་དོན་གཅིག་རེད། བོད་ཀྱི་ཤེས་ལྡན་པ་མང་ཆེ་བས་ཁོང་གིས་བརྩམས་པའི་མཁས་དབང་སྙན་ངག་པ་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་ལོ་རྒྱུས་དེ་ལས་ཁོང་ཕལ་ཆེར་རྒྱུས་མངའ་ཡོད་རེད། རག་རས་བརྩམས་གནང་བའི་ལོ་རྒྱུས་དེ་ནི་དགེ་ཆོས་ཀྱི་ལོ་རྒྱུས་ཞིབ་ཚགས་ཆེ་ཤོས་དང་པོ་དེ་ཡིན་པ་མ་ཟད་དེབ་གཟུགས་སུ་བཀོད་ནས་དཔར་བསྐྲུན་བྱས་པ་ཆེས་ཐོག་མ་དེ་ཡང་ཡིན་ཞིང་། ལྷག་པར་དུ་རག་ར་རང་ཉིད་དགེ་ཆོས་ཀྱི་དངོས་སློབ་ཡིན་ལ་ཁོང་གི་དྲུང་ནས་སྙན་ངག་དང་བོད་ཀྱི་རྩོམ་རིག་སོགས་གསན་བསམ་གནང་མྱོང་བས་ལོ་རྒྱུས་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན།
བོད་པའི་སྤྱི་ཚོགས་ནང་དུ་རག་ར་རིན་པོ་ཆེ་ཁོང་ནི་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་བྱང་ཆུབ་ཅིང་སྙན་གྲགས་ཅན་ཞིག་རེད། ཁོང་གི་བསླབ་པ་སློབ་གཉེར་སྲོལ་རྒྱུན་རིགས་གནས་ཀྱི་ལམ་ལུགས་ལྟར་གནང་ཡོད་མོད་ཁོང་གིས་ཕྱག་ལས་གནང་སྟངས་ནི་ཀླད་རྙིང་མཁྲེགས་བཟུང་ཅན་ཞིག་མིན་པར་བག་ཡངས་ལ་དགོད་བྲོ་བའི་ཐུགས་གཤིས་དང་ལྡན་པ་ཞིག་ཡོད། ཁོང་གིས་བསླབ་བྱའི་སྙན་རྩོམ་༼ཁྱི་འབྲོང་གཡག་གསུམ་གྱི་ལོ་རྒྱུས།༽ཞེས་པ་དེའི་ནང་དུ་གཡག་གི་མིང་ནས་དྲངས་ཏེ་བོད་མི་ཚོར་སྐྱོན་བརྗོད་གནང་ཡོད། དེ་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་མི་ནི་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་ཏེ། གཡག་གིས་བོད་མི་ཚོར་ཆེས་གནའ་སྔ་མོ་ནས་ཕྱོགས་གང་ཅིའི་ཐད་ནས་རིན་བྲལ་གྱི་ཞབས་ཞུ་ཇི་སྙེད་ཅིག་བསྒྲུབས་ཡོད་མོད། བོད་པས་ཁོ་ཚོར་བཀའ་འདྲིན་རྗེས་དྲན་གྱིས་ཆེ་མཐོང་བྱ་རྒྱུ་མེད་པར་དྲིན་ལོག་གིས། བརྗིད་ཆགས་བླ་ན་མེད་པའི་རང་ཉིད་ཀྱི་རྒྱལ་དར་དབུས་སུ་གཡག་གི་འདྲ་གཟུགས་འབྲི་རྒྱུའི་དོད་ལ་རྟོག་སྒྲུང་ལས་བྱུང་བའི་སེམས་ཅན་ཞིག་བཀོད་ཅིང་དེ་ནི་རྒྱ་ཁྱི་ཨ་ཟོག་ཞིག་གི་མཚོན་རྟགས་ཤིག་རེད་ཅེས་གསུངས་པ་ལྟར་བྲིས་གནང་ཡོད། ཕལ་ཆེར་རག་ར་རིན་པོ་ཆེ་ཁོང་ནི་གཞུང་འབྲེལ་མིན་པའི་སྙན་ངག་པའི་མཚན་གསོལ་ཐོག་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་གནང་མཁན་ཞིག་རེད་ཅེས་ཟེར་ཆོག ཁོང་གིས་ད་དུང་རྒྱལ་རབས་སྨྲ་བ་ཞྭ་སྒ་བ་དབང་ཕྱུག་བདེ་ལྡན་ལགས་ཀྱི་བོད་ཀྱི་སྲིད་དོན་རྒྱལ་རབས་དཔར་བསྐྲུན་བྱས་པའི་དྲན་རྟེན་དུ་བསྟོད་ཚིགས་ཤཱོལོཀ་ཁ་ཤས་ཀྱང་བྲིས་གནང་ཞིང་། དེའི་ནང་དུ་རྒྱལ་རབས་སྨྲ་བ་ཁོང་ལ་རྒྱལ་རབས་ཀྱི་དེབ་ཐེར་དེ་བཞིན་བསྐྱར་བསྐྲུན་གནང་རྒྱུར་འབོད་བསྐུལ་ཞུས་ཡོད།
སུམ་ཅུའི་དུས་དྲན་བྱས་ནས་ལོ་བཅུ་འཁོར་བའི་ཉིན་མོ་སྟེ། ཕྱི་ལོ༡༩༦༩ལོར་ཤེས་བྱ་ཚགས་ཤོག་ལྟེབ་ཤོག་གི་གཟུགས་སུ་དཔར་ནས་འགྲེམས་སྤེལ་བྱས་ཤིང་། དེའི་སྟེང་རིན་པོ་ཆེས་བརྩམས་གནང་བའི་སྙན་ངག་རིང་མོ་༼བྱ་ཁུག་རྟའི་ཆ་འཕྲིན།༽ཟེར་བ་དེ་བཀོད་ཡོད་ཅིང་། བོད་ཀྱི་བྱ་བྱེའུ་ཡི་རྟོག་སྒྲུང་ནང་དུ་བྱ་དེ་ནི་བྱའི་རྒྱལ་པོ་ཁུ་བྱུག་གི་ཕོ་ཉར་བརྩིས་སྲོལ་ཡོད། རིན་པོ་ཆེས་སྙན་ངག་དེའི་ནང་དུ་བྱའི་ཕོ་ཉ་དེ་བོད་ཁམས་བསྐོར་ནས་འཕགས་ཡུལ་རྒྱ་གར་ལུང་པར་འཕུར་བཞིན་ཡོང་བའི་ལམ་དུ་བཙན་བྱོལ་གྱི་གཞོན་སྐྱེས་ཚོར་འཕྲད་ནས་གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་དམག་གི་དྲག་ཤུགས་འོག་ཏུ་བཙན་གནོན་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་འགྲེལ་བརྗོད་བྱེད་ཀྱིན་པའི་རྣམ་པའི་ཐོག་ནས་བྲིས་གནང་ཡོད།
ངས་བསམ་ཚོད་ལ་ལོ་དེ་རང་ལ་ཡིན་པ་ཡོད། རིན་པོ་ཆེས་སེམས་སྡུག་གིས་ཁེངས་པའི་མ་བུ་གཉིས་ཡོད་པའི་ཤིང་བརྐོས་རི་མོ་ལྟ་ན་སྡུག་པ་ཞིག་བྲིས་གནང་ཞིང་། དེའི་མིང་ལ་འཇར་མན་གྱི་སྐད་དུ་ཧྥལུ་ཆིཌེ་ལིང་གྷན་(Fluchtlingen)ཞེས་བཏགས། ཤིང་བརྐོས་རི་མོ་དེ་ཐེངས་མང་བསྐྱར་དཔར་བྱས་པ་མ་ཟད་སྦྲག་ཡིག་འཚམས་འཕྲིན་ཀྱང་བཟོས་ཡོད། དེ་དག་ལས་བྱུང་བའི་མ་དངུལ་རྣམས་པིས་ཌ་ལོ་ཛའི་(Pestalozzi)བོད་ཁྱིམ་གྱི་ཕྲུག་གུ་ཚོའི་འགྲོ་གྲོན་ཆེད་དུ་བཏང་གནང་མཛད།
ཕྱི་ལོ༢༠༠༨ལོར་བཙན་བྱོལ་ནང་གི་བོད་མི་ལས་འགུལ་བ་བརྒྱ་ཕྲག་མང་པོ་བོད་ལ་ཞི་བའི་གོམ་བགྲོད་དུ་སྐྱོད་སྐབས། རིན་པོ་ཆེས་གོམ་བགྲོད་པ་ཚོར་ལམ་བར་ལ་རི་ཆུ་སྟོང་ཕྲག་དང་ལ་ལུང་བརྒྱ་ཕྲག་བརྒལ་ནས་འགྲོ་སྐབས་ལྷ་བླ་མ་དཀོན་མཆོག་སུམ་གྱིས་ཞལ་གཟིགས་དང་སྲུང་སྐྱོབ་ཡོང་བའི་སྨོན་པ་མཚོན་པའི་སྙན་ངག་༼སྨོན་པའི་དབྱངས།༽ཞེས་པ་ཞིག་བརྩམས་གནང་མཛད། རག་ར་ལགས་ཀྱིས་བོད་ཀྱི་ལོ་ཐོ་ནང་དུ་གསལ་བའི་དུས་སྟོན་ཁྱད་འཕགས་ཅན་ལོ་གསར་ལྟ་བུར་རྟེན་འབྲེལ་སྙན་ཚིག་རིང་མོ་བྲི་བ་མ་ཟད། ལྷག་པར་དུ་ཁོང་གིས་ལོ་ལྟར་བོད་ཀྱི་ལོ་གསར་སྐབས་སུ་འཆར་ཅན་༸གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ལ་ལོ་གསར་འཚམས་འཕྲིན་གྱི་སྨོན་ཚིག་འབུལ་བཞིན་ཡོད། བོད་ཀྱི་རྩོམ་པ་པོ་ཞིག་གིས་ང་ལ་བརྗོད་པ་ལྟར་ན་སྐུ་སྒེར་དྲུང་ཆེས་དེ་དག་ལ་དོ་སྣང་གིས་ཉར་ཚགས་བྱས་ཡོད་ན། ད་གཟོད་སྙན་ངག་གི་དེབ་ཆུང་ཞིག་དཔར་བསྐྲུན་བྱ་ནུས་ཟེར།
གཞན་དང་ཅུང་མི་འདྲ་བའི་བོད་ཀྱི་བླ་མ་ཁོང་ནི་ཕྱི་ལོ་༡༩༢༥སྟེ་མེ་གླང་ལོར་སྡེ་དགེ་སྤྱི་ཁྱབ་བཀྲ་མཐོང་འགྱུར་མེད་རྒྱ་མཚོ་དང་བདེ་སྐྱིད་གླིང་ས་དབང་ཚེ་རིང་རབ་བརྟན་གྱི་སྲས་མོ་སྒྲོལ་མ་ཚེ་རིང་གི་སྲས་སུ་སྐུ་བལྟམས། བྱིས་པ་ཁོང་གི་མཚན་ལ་བསྟན་འཛིན་རྣམ་རྒྱལ་ཞེས་སྡེ་དགེ་དགོན་ཆེན་གྱི་མཁན་ཆེན་ངག་དབང་བསམ་གཏན་བློ་གྲོས་༼༡༨༦༨-༡༩༣༡༽མཆོག་གིས་མཚན་གསོལ། དགུང་ལོ་ ༢ ལ་གསོན་སྐབས་ཁམས་དཔའ་ཤོད་དགོན་པའི་རག་ར་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་། དང་ཐོག་ཁོང་གི་ཡབ་ཀྱིས་རང་གི་བུ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱ་རྒྱུར་དགག་བྱ་གནང་མོད་། ༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་སུམ་པ་ཆེན་པོ་སྐུ་ངོ་མས་ངོས་འཛིན་གནང་བར་བརྟེན་འགྱུར་མེད་རྒྱ་མཚོས་རང་གི་བུ་བློས་གཏོང་བྱས་ཤིང་༸གོང་ས་མཆོག་གིས་བྱིས་པ་དེར་རག་ར་ཐུབ་བསྟན་ཆོས་དར་ཞེས་མཚན་བཏགས་གནང་།
རག་ར་མཆོག་གིས་གཞི་རིམ་སློབ་གཉེར་ཐོག་མ་དཔའ་ཤོད་དགོན་པར་གནང་མོད་ཕྱི་ལོ་༡༩༣༥ནས་ཁོང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གུང་རུ་ཁམས་ཚན་དུ་ཆོས་བཞུགས་ཀྱིས་སློབ་གཉེར་དངོས་གཞི་དབུ་བཙུགས་གནང་།
ཁོང་ནི་བློ་རིག་རྣོ་ལ་དེ་མ་ཐག་བློ་ངོར་ངེས་ཐུབ་པའི་བྱིས་པ་སྤྱང་གྲུང་འཛོམས་པོ་ཞིག་རེད། ད་དུང་སྟབས་ལེགས་པ་ཞིག་ལ་རིན་པོ་ཆེའི་དགེ་རྒན་གཙོ་བོ་དགེ་བཤེས་ལགས་ཁོང་ནི་མཁྱེན་ཡོན་གྱིས་ཕྱུག་པ་ཙམ་མ་ཟད། ཐུགས་རྒྱ་ཡངས་ལ་ངང་རྒྱུད་རིང་བ་གཞན་དྲིང་མི་འཇོག་པ་ཞིག་ཡོད་འདུག དགེ་བཤེས་ལགས་ཁོང་གིས་ལོ་ན་ཕྲ་བའི་རག་ར་མཆོག་གི་བློ་ངོར་བག་ཆགས་གཏིང་ཟབ་བཞག་འདུག དེ་ཡང་། རིན་པོ་ཆེས་ང་ལྟ་བུའི་མི་ཞིག་དང་ལྷན་དུ་བཀའ་མོལ་གནང་སྐབས་ཀྱང་རྒན་ལགས་ཁོང་གི་སྐོར་ལ་ཡང་ཡང་གསུང་གླེང་གནང་གི་འདུག ངའི་རྒན་ལགས་དགེ་བཤེས་ངག་དབང་དཔལ་ལྡན་ཁོང་ནི་ང་ལ་མཚོན་ན་ཕ་མ་དང་ཁྱད་མེད། ཁོང་ཐུགས་གཤིས་ཡངས་པ་དང་། བོད་ཀྱི་སྲོལ་རྒྱུན་གཞས་དང་ཞབས་བྲོ་ལ་ཐུགས་མཉེས་པོ་ཡོད་རེད། ནམ་རྒྱུན་ཁོང་གི་ང་ལ་སྒྲུང་གཏམ་སྙན་པོ་དེ་འདྲ་གསུངས་མྱོང་། ཁོང་ཧ་ཅང་གི་ཆོས་དད་ཅན་ཞིག་རེད།
སྤྱིར་བཏང་གསང་བསྔགས་ཀྱི་སློབ་ཚན་མ་ཚུད་པའི་ནང་པའི་མདོ་གཞུང་སློབ་ཚན་ཁོ་ནའི་གཏན་འབེབ་གཞིར་བཟུང་བྱས་ནའང་། གང་ཟག་སུ་འདྲ་ཞིག་ཡིན་རུང་ལོ་བཅུ་གཉིས་ནས་བཞི་བཅུ་བར་སློབ་གཉེར་བྱས་རྗེས་གཞི་ནས་དགེ་བཤེས་ཀྱི་མཚན་བཏགས་ཐོབ་ཐུབ། འོན་ཀྱང་། རག་ར་མཆོག་གིས་གཞུང་ཆེན་མོ་དེ་དག་ལོ་ངོ་བཅུའི་ནང་ལ་སློབ་གཉེར་མཐར་ཕྱིན་པ་མཛད་ནས་དགུང་གྲངས་བཅུ་དགུར་སོན་སྐབས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་རྗེས་ཁོང་ལྷ་སའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཕེབས་ནས་ནང་པའི་གསང་བསྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་ཅིང་། དེ་སྔ་ཁོང་འབྲས་སྤུངས་སུ་སློབ་གཉེར་ཐོག་ཁྱད་དུ་འཕགས་པ་ཞིག་ཡོད་པ་ལྟར་དེར་ཡང་དེ་ལྟར་བྱུང་། རྒྱུད་སྨད་གྲྭ་ཚང་དུ་བཞུགས་སྐབས་ཀྱི་འཚོ་བ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་རེད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁ་ཤས་ཀྱི་ནང་དུ་གྲྭ་པ་སློབ་གཉེར་བ་ཡོད་ཚད་ཀྱིས་སངས་རྒྱས་ཀྱི་འདུལ་བའི་བསླབ་ཁྲིམས་རྣམས་ཧང་ཅང་གིས་ནན་ཏན་དང་ཞིབ་ཚགས་པོའི་སྒོ་ནས་བརྩི་སྲུང་གནང་དགོས་ཤིང་རྒྱུ་སྨད་གྲྭ་ཚང་ནི་དེའི་ཁྲོད་ནས་གཅིག་རེད། ད་དུང་གྲྭ་ཚང་དེར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་སློབ་གཉེར་བ་རྩ་ཆེན་བླ་མ་ཡིན་ནའང་རེད། མི་དྲག་སྐུ་དྲག་གི་བུ་ཡིན་ནའང་སླ། མི་སེར་དཀྱུས་མ་ཞིང་པའི་བུ་ཡིན་ནའང་ཆོག་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་སུ་ཞིག་ཡིན་རུང་། ཚང་མ་འདྲ་མཉམ་ངང་ཟས་གོས་མནལ་མལ་སོགས་མཐུན་རྐྱེན་གང་ཅིའི་ཐད་གཅིག་མཚུངས་ལས་དབྱེ་འབྱེད་གང་ཡང་མེད། ཕྱིས་སུ་རག་ར་རིན་པོ་ཆེས་དེ་སྔོན་རང་ཉིད་གྲྭ་ཚང་དེར་ཡོད་སྐབས་ཀྱི་གནས་ཚུས་ཕྱིར་དྲན་གནང་བར། ངས་རང་ཉིད་ཀྱི་མི་ཚེའི་ནང་གི་ཆེས་སྣང་བ་སྐྱིད་ཤོས་དང་བློ་ཡིད་ཚིམས་ཤོས་ནི་རྒྱུད་སྨད་གྲྭ་ཚང་དུ་བསྐྱལ་བ་ཡིན། ང་ཚོ་ཚང་མ་འདྲ་མཉམ་གྱིས་ཟ་མ་ཟས་སྣོད་གཅིག་ནས་ཁྱད་མེད་དུ་ཟས་ཤིང་ཉལ་སའང་ཚོགས་ཁང་གཅིག་གི་ནང་དུ་རེད། སློབ་གཉེར་ལ་འབད་བརྩོན་ལྷན་དུ་བྱས་ཤིང་ས་ཐག་རིང་པོའང་ལྷན་གཅིག་ཏུ་གོམ་བགྲོད་བྱས་མྱོང་། གྲྭ་ཚང་ལ་སྒྲིག་ལམ་མང་ལ་དམ་བསྒྲགས་ཧ་ཅང་ཆེ་བས་དཀའ་ངལ་ཆེན་པོ་ཡོད་ཅེས་གསུངས་ཀྱི་འདུག
དུས་དེ་མཚམས་ནས་ཁོང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲུང་ནས་བོད་ཀྱི་སྙན་སུམ་དང་རྩོམ་རིག་སོགས་ཀྱི་སློབ་ཚན་ལའང་ཐོས་བསམ་བྱེད་འགོ་བཙུགས་ཤིང་ཁོང་གཉིས་ངོ་ཤེས་ཡག་པོ་ཞིག་ཏུ་འགྱུར། དེའི་སྐབས་དགེ་འདུན་ཆོས་འཕེལ་ལགས་ནི་རྒྱུད་སྨད་གྲྭ་ཚང་དང་ཐག་ཉེ་བའི་བར་བསྐོར་བྱང་མཐའ་རྒྱུད་ཀྱི་སྒོ་མང་ཁང་གསར་ཐོག་བརྩེགས་ཀྱི་ཁང་པ་ཆུང་ངུ་ཞིག་ནང་བཞུགས་ཡོད། བཀྲས་མཐོང་གཟིམས་ཤག་གི་བཟའ་དཔོན་རག་རའི་གཅེན་པོ་སྐུ་ངོ་བསོད་ནམས་སྟོབས་འབྱོར་ལགས་དང་དགེ་འདུན་ཆོས་འཕེལ་ལགས་ནི་གྲོགས་པོ་བློ་ཐུབ་ཞིག་ཡིན་པ་མ་ཟད་མཆོད་ཆང་བཞེས་རོགས་ཀྱང་རེད།
ཕྱི་ལོ་༡༩༤༩སྟེ་དགུང་ལོ་སུམ་ཅུ་སོ་གསུམ་ལ་ཕེབས་པའི་ལོ་དེར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་ཁོང་གིས་སྔགས་རམས་པའི་མཚན་བཏགས་བཞེས་པ་མ་ཟད། ཁོང་གིས་རྒྱུད་སྨད་གྲྭ་ཚང་དུ་བཞུགས་པའི་ལོ་མཐའ་མ་དེར་དགེ་བསྐོས་ཀྱི་ལས་གནས་ཐོག་ཁྲི་ལ་ཕེབས། དགེ་ལུགས་པའི་བླ་མའི་གདན་རབས་ཁྲོད་དགེ་བཤེས་ལྷ་རམས་པ་དང་སྔག་རམས་པ་གཉིས་ཀར་བཏང་བ་ཧ་ཅང་ཉུང་ཉུང་རེད། རག་ར་མཆོག་ལ་གཞུང་འབྲེལ་ཆོས་བརྒྱུད་ཀྱི་གནས་བབ་མཐོ་ཤོས་དེ་ཡང་བྱེད་ཆོག་པའི་ལམ་ཀ་ཡངས་པོ་ཡོད་དེ། དེ་ཡང་དགེ་ལུགས་པའི་ཆོས་བརྒྱུད་དང་གྲུབ་མཐའི་གདན་རབས་ཀྱི་གནས་བབ་མཐོ་ཤོས་དགའ་ལྡན་ཁྲི་པ་གནང་ཀྱང་ཆོག་པ་ཡིན། འོན་ཀྱང་། རྗེས་ལོ་དེར་ཁོང་གིས་དགོན་པའི་སྡོམ་ཁྲིམས་ཆ་ཚང་རང་གི་རྩ་བའི་བླ་མ་སྨག་མཆོག་རིན་པོ་ཆེར་ཕུལ།
ཁོང་གི་གཅེན་པོ་བསོད་ནམས་སྟོབས་འབྱོར་ལགས་བོད་ཀྱི་ཚོང་དོན་སྐུ་ཚབ་ཀྱི་ལས་རོགས་སུ་བསྐོ་བཞག་གནང་རྗེས་ལྷ་ས་ནས་རྡོག་ཐོན་གྱིས་ཀ་ལོན་སྦུག་ལ་ཐོན་ཟིན། ཕྱི་ལོ་༡༩༥༠ཟླ་༩པ་སྟེ་ཆབ་མདོར་རྒྱ་དམག་གིས་བཙན་འཛུལ་མ་བྱས་གོང་གི་ཟླ་གཅིག་ཙམ་སྔོན་ལ། ཁོང་གི་གཅེན་མོ་བློ་བཟང་བདེ་སྐྱིད་ལྷ་དབང་(ངའི་ཨ་མ་ལགས།)དང་ལྷན་དུ་རག་ར་རིན་པོ་ཆེ་དང་ང་བཅས་ལྷ་ས་ནས་ཕྱིར་ཐོན་གྱིས་རྒྱ་གར་དུ་བསྐྱོད། སྐབས་དེ་དུས་ང་རང་(འཇམ་ནོར་)ལོ་གཅིག་དང་ཕྱེད་ཀ་ཙམ་ཡིན་པས་ངའི་དྲན་ངོར་དོན་སྤྱི་གང་ཡང་ཤར་གྱི་མི་འདུག་མོད། དེ་དུས་དར་སོ་ཆེ་བའི་འདྲ་པར་རྙིང་སོང་དེའི་ནང་དུ་ང་ཕྲུ་གུ་མ་འབྱར་གྱི་འདྲ་དཔར་ཨ་མ་ལགས་དང་རག་ར་རིན་པོ་ཆེའི་མཉམ་དུ་ལྷ་ས་སྦ་ནག་ཞོལ་དུ་ཡོད་པའི་བཀྲ་མཐོང་གཟིམས་ཤག་གི་ཁང་ཐོག་ཏུ་རྒྱབ་པ་དེས་སྐབས་དེ་དུས་ང་དངོས་སུ་ཡོད་པ་ར་སྤྲོད་བྱེད་ཀྱི་འདུག
ཀ་སྦུག་ཏུ་བཞུགས་རིང་རག་ར་རིན་པོ་ཆེར་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ངོས་སྦྱོར་གནང་བ་ལྟར་ཨུ་རུ་སུའི་ཤར་གླིང་རིག་གནས་ལ་མཁས་དབང་ཇོར་ཇི་རོ་རི་ཆི་(Goerge Roerich)ལགས་ཀྱི་དྲུང་ནས་ལེགས་སྦྱར་གྱི་སྐད་ལ་སློབ་གཉེར་དབུ་བཙུགས་གནང་། རིན་པོ་ཆེ་ཁོང་གིས་ལེགས་སྦྱར་གྱི་སྐད་ལ་མུ་མཐུད་ནས་ཉི་དབང་མགོན་པོ་(Rabindranath Tagore)མཆོག་གིས་ཕྱག་བཏབ་པའི་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཁང་ཤཱན་ཏི་ནཱྀ་ཀེ་ཏན་(Shantiniketan)དུ་སློབ་གཉེར་གནང་ཞིང་། སློབ་གཉེར་ཁང་དེ་ཉིད་དུ་རིན་པོ་ཆེས་རྒྱ་གར་དང་ནུབ་ཕྱོགས་པའི་རི་མོའི་སྒྱུ་རྩལ་ལའང་སློབ་གཉེར་གནང་། གཙུག་ལག་སློབ་གཉེར་ཁང་དེས་རག་ར་མཆོག་ལ་སློབ་ཁང་དེར་བོད་ཀྱི་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས་རྒྱུར་རེ་བསྐུལ་ཞུས་ཀྱང་། རིན་པོ་ཆེར་མུ་མཐུད་ལེགས་སྦྱར་གྱི་སྐད་ལ་སློབ་གཉེར་གནང་རྒྱུའི་སློབ་ཡོན་རྒྱ་གར་དབུས་གཞུང་ནས་ཐོབ་པས་པུ་ཎར་གཏན་གཞི་བྱས་པའི་བྷན་དཱ་ཀར་ཤར་གླིང་སྐད་ཡིག་ཉམས་ཞིབ་སློབ་ཁང་(Bhandakar Oriental Research Institute)གི་མཁས་དབང་ཆེན་མོ་བྷ་སུ་དཱེ་ཝ་གྷོཀ་ཧེལ་(Vasdev Gokhale)ལགས་ཀྱི་དྲུང་ནས་ལེགས་སྦྱར་གསན་བསམ་གནང་།
ཕྱི་ལོ་༡༩༥༦ནས་༡༩༦༠བར་དུ་རིན་པོ་ཆེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་དུ་ཞབས་ཞུ་བསྒྲུབས། དེ་བཞིན་ཁོང་གིས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་ལེགས་སྦྱར་གྱི་སློབ་དཔོན་གཞོན་པའི་ཕྱག་ལས་ཀྱང་གནང་མྱོང་། ཕྱི་ལོ༡༩༥༩ལོར་ཁོང་གིས་ཀཱ་ཤི་རྨི་(Kashmir)རླུང་འཕྲིན་ཁང་དུ་ལས་ཀ་གཉེར་བཞིན་པའི་ལ་དྭགས་ལེ་ནས་ཡིན་པའི་བུ་མོ་བསམ་གཏན་སྒྲོལ་མ་ལགས་དང་གཉེན་སྒྲིག་གནང་། ཁོ་མོའི་ཁྱིམ་རྒྱུད་ནི་ལ་དྭགས་སྲོལ་རྒྱུན་ལྷ་རྗེའི་རིགས་རྒྱུད་ལས་ཡིན་ཞིང་ཁོ་མོའི་ཡབ་ནི་ས་གནས་དེར་སྨན་པ་སྙན་གྲགས་ཅན་ཞིག་རེད་འདུག
ཕྱི་ལོ་༡༩༦༠ལོར་༸གོང་ཏཱ་ལའི་བླ་མའི་སྐུའི་གཅེན་པོ་སྟག་འཚེར་་རིན་པོ་ཆེ་མཆོག་གིས་རག་ར་མཆོག་སུད་སི་ཕིས་ཌ་ལོ་ཛི་རྒྱལ་ཡོངས་བུ་ཕྲུག་ཁྱིམ་སྡེའི་(Pestalozzi International children’s Viillage)བོད་ཕྲུག་སྐྱབས་བཅོལ་བ་ཚོའི་འགན་འཁུར་འཁྱེར་བར་འབོད་སྒུག་གནང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཕྱིས་ཡུ་རོབ་ཀྱི་བུ་ཕྲུག་ཚོའི་ཆེད་བཙུགས་ནས་གནས་སྤོ་བྱས་པ་ཞིག་རེད་འདུག རིན་པོ་ཆེ་ཁོང་རང་ཉིད་མུ་མཐུད་ནས་བོད་དང་རྒྱ་གར་ནང་པའི་རྩོམ་རིག་ཐོག་སློབ་གཉེར་གནང་འདོད་དང་དབྱིན་ཡུལ་དུ་ཉམས་ཞིབ་ཀྱི་ཕྱག་ལས་མུ་མཐུད་གཉེར་འདོད་ཡོད་མོད། གོང་གི་ལས་དོན་དེ་ནི་ཧ་ཅང་ཛ་དྲག་དང་ཁ་ཚ་དགོས་གཏུགས་སུ་གཟིགས་ནས་ཁོང་གི་བཀའ་མངགས་བཞིན་གནང་རྒྱུ་ཞལ་གྱིས་བཞེས།
ཕྱི་ལོ་༡༩༦༠ལོའི་ཟླ་བཅུ་པའི་ནང་རག་ར་དང་ཁོང་གི་བཟའ་ཟླ་སྒྲོལ་མ་ལགས། དེ་བཞིན་བོད་ཕྲུག་སྐྱབས་བཅོལ་བ་ཉི་ཤུ་བཅས་ལྷན་དུ་ཕིས་ཌ་ལོ་ཛི་བུ་བཅོལ་ཁང་དུ་མི་ཚེ་བསྐྱེལ་འགོ་བཙུགས། དེར་བོད་ཀྱི་ཡུམ་བུ་ལྷ་ཁང་ཞེས་སུད་སིའི་ཤིང་ཁང་ཆུང་ཆུང་གསུམ་ཡོད་པ་ལས་ནང་པའི་མཆོད་ཁང་མེད་པས། རག་རས་ཁང་ཆུང་དེ་བསྐྱར་བཟོ་གནང་ཞིང་ཁོང་རང་ཉིད་ཀྱིས་འཆར་བཀོད་གནང་བའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་གྱི་བཟོ་བཀོད་ལྡན་པའི་ཐུབ་དབང་གི་འཇིམ་བཟོ་ཞིག་བཞེངས་བསྐྲུན་གྱིས་གསོལ་ཚིགས་ཁང་གི་དབུས་སུ་སྒྲིགས་གནང་མཛད་ཅིང་༸གོང་ས་མཆོག་གི་སྐུ་དཔར་ཆེན་པོ་ཞིག་ཀྱང་ཁང་པ་དེའི་གྱང་སྟེང་དུ་བཤམས་ཡོད།
ད་དུང་རག་ར་རིན་པོ་ཆེས་ཕྲུག་གུ་ཚོའི་སླད་དུ་སློབ་དེབ་ཀྱང་གསར་སྒྲིག་གནང་ཡོད། ཁོང་གིས་༼སྟོན་པའི་བྱིས་དུས་ཀྱི་རྣམ་ཐར་༽ཞེས་པ་རི་མོ་དང་ལྷན་དུ་ཞིབ་བྲིས་མཛད་པ་དེ་ངས་དྲན་གསོས་ཀྱིན་འདུག ཁོང་གིས་ཤོག་ལྷེ་རེ་རེ་བྱས་ཕེས་ཌེ་ལོ་ཛའི་ལས་ཁུངས་ནས་དཔར་སློག་རྒྱབ་རྗེས་སྟེབ་གཟེར་གྱིས་དམ་པོར་བསྡམས་ནས་དེབ་གཟུགས་བཟོ་གནང་གིས་ཡོད། རག་རས་ཕྱི་ལོ་༡༩༨༣ལོར་ཐོག་མར་དེ་དག་དེབ་གཟུགས་སུ་བཟོས་ཤིང་ཕྱིས་ཕྱི་ལོ་༡༩༩༥ལོར་རྒྱ་གར་ནས་ལྕམ་སྐུ་ཕྲེང་རིང་ལགས་ཀྱིས་བསྐྱར་དུ་དཔར་བསྐྲུན་གནང་བ་རེད། སྤྱིར་བཏང་རག་ར་མཆོག་བོད་ཀྱི་གནའ་རབས་ཀྱི་བརྡ་དང་ཐ་སྙད་ལ་བྱང་ཆུབ་པའི་མཁས་པ་ཞིག་ཡིན་མོད། ཁོང་གིས་ཐུགས་དགོངས་སུ་གསར་ཤོག་དང་གཞི་རིམ་སློབ་གྲྭའི་སྐད་ཡིག་རྣམས་རྒྱུན་ལྡན་གྱི་ཉེར་མཁོ་ཆེ་བའི་ཕལ་སྐད་ནང་འབྲི་དགོས་པ་ནན་བརྗོད་གནང་གིས་ཡོད། བོད་གཞུང་གིས་དཔར་བསྐྲུན་གནང་བའི་སློབ་དེབ་ཁག་གི་སྤུས་ཀར་ཁོང་ཐུགས་ཡིད་ཚིམས་ཀྱིན་མེད་པ་ནི། ཁོང་ལ་བཅར་འདྲི་གནང་བ་ཞིག་གི་ནང་དུ་རང་ཉིད་ཀྱི་བསམ་ཚུལ་རྣམས་འགྲེལ་བརྗོད་གནང་འདུག དེ་ཡང་། ཁོང་གིས་ངས་དྷ་སར་ཡོད་པའི་བོད་གཞུང་ལ་ཕྲུག་གུའི་སློབ་དེབ་དང་གསར་ཤོག་སོགས་ཀྱི་ནང་དུ་གཞུང་ཆེན་མོའི་བརྡ་དང་ཐ་སྙད་ལས་རྒྱུན་ལྡན་བཀོལ་སྤྱོད་ཆེ་བའི་ཕལ་སྐད་ཀྱི་བརྡ་དང་ཐ་སྙད་དཀྱུས་མ་རྣམས་འབྲི་དགོས་སྐོར་ཐེངས་མང་འབོད་སྐུལ་ཞུས་པ་ཡིན། དེ་འདྲ་བྱས་ན་བོད་མི་དཀྱུས་མ་ཚོས་ཀྱང་བོད་ཡིག་ནང་གཅིག་བཀླག་རྒྱུ་རག་གིས་རེད། བོད་མི་མང་པོ་ཞིག་གིས་ངའི་བཤད་པར་ངོས་ལེན་གནང་གིས་མི་འདུག འོན་ཀྱང་། ངས་བསམ་པར་ང་ཚོས་འགྱུར་བ་ཞིག་ཏན་ཏན་གཏོང་དགོས་ཀྱི་འདུག་གཞུང་ཚིག་དང་ཆོས་ཚིག་ཀྱིས་མི་དཀྱུས་མ་ཚོའི་སློབ་སྦྱོང་ལ་རོགས་ཕན་གང་ཡང་བྱེད་ཐུབ་ཀྱིས་མ་རེད་ཅེས་དང་། དེས་མི་རྣམས་སློབ་སྦྱོང་དང་ཁ་བྲལ་གཏོང་གིས་རེད།
དྷ་སར་ཡོད་པའི་བོད་པའི་ཕྲུག་གུ་ཕལ་ཆེར་བར་ཆོས་ཚིག་དང་གཞུང་ཚིག་སློབ་འཁྲིད་གནང་བཞིན་པ་དེ་ཚོ་བྱིས་པ་ཚོས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གང་ཡང་མེད།བྱས་ཙང་གཞུང་ཚིག་དང་ཆོས་ཚིག་གི་སྐད་ཡིག་དེ་དག་གི་ཐ་སྙད་དང་སྡེབ་སྦྱོར།ཚིག་གི་གྲུབ་སྟངས་བཅས་ནི་རྒྱུན་ལྡན་གྱི་སྐད་ཡིག་དང་བར་ཁྱད་ཧ་ཅང་ཆེན་པོ་ཡོད། ངས་འདིར་ཡོད་བོད་པའི་ཚོགས་སྡེའི་ཆེད་དུ་བྲིས་པའི་བྱིས་པའི་དཔེ་དེབ་ཁ་ཤས་ཡོད་པ་དེ་དག་ཚང་མ་ཕལ་སྐད་བཀོལ་བ་ཤ་སྟག་རེད། ངས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྣམས་ཕལ་སྐད་ཐོག་ཕབ་བཤུ་བྱ་འདོད་ཡོད། བོད་པའི་ཤེས་ཡོན་ནི་ད་ལྟའང་ཏོག་ཕུད་བྱ་དགོས་འདུག་ཅེས་ནན་བརྗོད་གནང་འདུག
ལོ་ངོ་ཁ་ཤས་ཀྱི་རིང་ལ་ཁོང་གིས་སློབ་སྦྱོང་སྤྲད་པའི་བོད་ཕྲུག་སྐད་ཡིག་དང་ནང་ཆོས་ཐོག་ཡག་པོ་ཡོད་པ་མང་པོ་བསྐྱེད་བསྲིངས་མཛད། ལོ་ཤས་དེའི་ནང་ལ་ཁོང་གིས་རྒྱུན་ཆད་མེད་པར་དཀའ་སྤྱད་ཀྱིས་རང་ངོས་ནས་དཔེ་དེབ་མང་པོ་ཕྱག་བྲིས་གནང་བཞིན་དེབ་གཟུགས་སུ་དཔར་གནང་མཛད་ཡོད་ཅིང་། དེ་དག་མང་ཆེ་བ་ནི་དྷ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན། ཁོང་གིས་རང་ཉིད་ཀྱི་དགེ་རྒན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བསྒྱུར་གནང་བའི་རྒྱ་གར་གྱི་དཔལ་བའི་རྟོགས་བརྗོད་༼རཱ་མཱ་ཡ་ཎའི་རྟོགས་བརྗོད།༽ཅེས་པའི་མཇུག་མཐའི་ཁ་སྣོན་ཞིག་བྲིས་གནང་བ་དེ་སྟབས་མ་ལེགས་པ་ཞིག་ལ་བོར་བརླག་ཏུ་ཕྱིན། ཁོང་གིས་ཧུག་རི་ཅཱར་ཌི་སན་(Hugh Richardson)ལགས་ཀྱིས་དགེ་འདུན་ཆོས་འཕེལ་གྱིས་འབྲི་འཕྲོར་ལྷག་པ་ཞེས་འབོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་༼དེབ་ཐེར་དཀར་པོའི་༽ཐོག་ཕྱག་ལས་གནང་ནས་ཧ་ཅང་གལ་གནད་ཆེ་བའི་བཙན་པའི་རྒྱལ་རྒྱུད་མཐའ་མ་བར་མཇུག་སྐྱེལ་གནང་། ད་དུང་ཁོང་གིས་སྐྱ་བྲིས་རི་མོ་དང་མཚོན་བྲིས་རི་མོའི་ཐོག་བོད་ཀྱི་སྲོལ་རྒྱུན་ཐང་ཀ་དང་སྣུམ་མཚོན་རི་མོ་བྲིས་གནང་བ་མ་ཟད་རང་ཉིད་ཀྱི་ཕྲུག་གུ་ཚོའི་རྩེད་འཇོའི་ཆེད་དུ་མཚར་སྒྲུང་རི་མོ་(cartoons)ཡང་མང་པོ་བྲིས་གནང་ཡོད།
རིན་པོ་ཆེའི་སྒྱུ་རྩལ་གྱི་རྣམ་པ་དང་རང་བཞིན་ནི་ཁོང་གི་སྲོལ་རྒྱུན་སྙན་ངག་གི་དགེ་རྒན་དགེ་འདུན་ཆོས་འཕེལ་གྱི་མཚོན་ཐབས་དང་མཚུངས་པ་མ་ཟད་རྒྱ་གར་གྱི་དེང་དུས་རིག་གཞུང་གིས་ཤུགས་རྐྱེན་ཀྱང་ཐེབས་ཡོད། ཕལ་ཆེར་དེ་ནི་ཁོང་ཤཱན་ཏི་ཎི་ཀི་ཏན་གཙུག་ལག་སློབ་ཁང་དུ་བཞུགས་རིང་སློབ་གྲྭའི་སྒྱུ་རྩལ་སྡེ་ཚན་ཀཱ་ལཱ་བྷ་ཝན་ནས་ཤུགས་རྐྱེན་ཐེབས་པ་ཞིག་རེད། སྡེ་ཚན་དེའི་སློབ་སྤྱི་ནཱན་དཱ་ལཱ་བོ་སི་(Nadalal Bose)ལགས་ནི་ནང་པའི་གནས་ཆེན་ཨ་ཇེན་ཏཱའི་བྲག་ཕུག་གི་ལྡིབས་རིའི་སྒྱུ་རྩལ་རི་མོ་ལས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་མཁན་ཞིག་རེད། རག་ར་རིན་པོ་ཆེས་སློབ་ཕྲུག་ཚོས་འཁྲབ་སྟོན་བྱ་རྒྱུའི་འཁྲབ་གཞུང་སྣ་ཚོགས་བརྩམས་གནང་བ་དང་འཁྲབ་ཆས་ཀྱི་འཆར་བཀོད་ཀྱང་ཁོང་རང་གིས་གནང་བཞིན་ཡོད། ཁོང་གིས་ཕྲུ་གུ་བུ་མོ་ཚོར་ཡང་གར་འཆམ་བསླབ་ནས་ཁོ་ཚོས་བུ་ཕྲུག་ཁྱིམ་སྡེའི་དུས་སྟོན་ཁག་ལ་འཁྲབ་སྟོན་བྱེད་ཀྱི་ཡོད།
རག་ར་རིན་པོ་ཆེས་རང་གི་སྐུ་ཚེ་ཧྲིལ་པོ་དོན་དང་ལྡན་པ་ཞིག་གི་ངང་བསྐྱལ་ཡོད། ཁོང་ལ་ཁྲིམས་ཐོག་ནས་ལས་འགན་འཁྱེར་ཆོག་པའི་སུད་སིའི་མི་སེར་ལག་འཁྱེར་མེད་ཀྱང་ཁོང་གིས་རྒྱལ་ཡོངས་ཌོ་རོ་གྷན་མེ་གསོད་རུ་ཁག་ཏུ་དྭངས་བླངས་ཞབས་ཞུ་བསྒྲུབས་ཤིང་། མེ་གསོད་པ་ཕལ་ཆེ་བ་ནི་སུད་སི་ཞིང་འབྲོག་གི་ཁུལ་གྱི་མི་སྣ་ཡིན་ལ་ཁོ་ཚོ་དང་ལྷན་དུ་ལས་ཀའི་ཞོར་ལ་ཆང་འཐུང་རྒྱབ་པ་སོགས་ཕྱིས་སུ་ཡང་དྲན་གསོས་ཡག་པོ་གནང་གི་འདུག ཁོང་གིས་རྒྱུན་ལྡན་དགོང་དྲོ་སུད་སུའི་ཝུ་ཆང་ཤེལ་དམ་དོ་རེ་མཆོད་ཀྱིན་ཡོད་ལ་འཚམས་རེ་ཡུལ་དེ་ནས་ཐོན་པའི་ཌོལ(Dol)ཞེས་པའི་ཆང་རག་དམར་པོ་ཤེལ་ཕོར་གང་རེ་མཆོད་ཀྱིན་ཡོད། ཁོང་གིས་གང་ཟག་ནང་དུ་བའང་འཐེན་གནང་གིས་ཡོད། ཁོང་ནི་བཟའ་ཟླ་ཡག་པོ་ཞིག་དང་རང་གི་ཕྲུ་གུ་ཙམ་མ་ཟད་ཁོང་གིས་གསོ་སྐྱོངས་གནང་བའི་བོད་པའི་ཕྲུ་གུ་མང་པོ་ཞིག་གི་ཨ་ཕ་རྣམ་དཔྱོད་དང་ལྡན་པ་ཞིག་ཀྱང་རེད། ཁོ་ཚོ་ཚང་མས་ཁོང་ལ་པ་ལགས་ཞེས་བོད་ཀྱིན་ཡོད་ལ་ཕལ་ཆེར་ཁོང་གིས་བཤད་པའི་གདོན་འདྲེའི་སྒྲུང་གཏམ་ཆབ་མདོ་ཕག་མགོ་མ་དང་བྲག་གཡབ་གདོན་འདྲེ་ལྷག་པར་ཏུ་འབྲས་སྤུངས་དགེ་བཤེས་བོང་བུ་སུག་མཐིལ་གྱི་སྒྲུང་བཅས་ད་ལྟའང་གསལ་པོ་དྲན་གྱིས་ཡོད་ཤག་རེད།
རག་ར་རིན་པོ་ཆེ་ཁོང་ནི་བྱང་རྩལ་ལྡན་པའི་མ་བྱན་ཞིག་ཀྱང་རེད། དམིགས་བསལ་བོད་པའི་ཤ་བག་ལེབ་བཟོ་རྒྱུར་མཁས་པ་མ་ཟད་ཁོང་གིས་བཟོས་པའི་ཤ་བག་ལེབ་ནི་སོག་པོའི་བག་ལེབ་ཀྱི་རིགས་ལྟར་རོ་བཅུད་ལྡན་པ་ཞིག་ཡོད། ད་དུང་རིན་པོ་ཆེས་པི་ཙ་(Pizza)བག་ལེབ་ཞིམ་པོ་ཞེ་དྲགས་བཟོས་ནས་ནང་མི་དགའ་ཉེ་ཚོར་ལས་སླ་པོའི་ངང་ནས་ཟས་སྟོན་བཤམས་ཀྱི་རེད།
ཁོང་ནི་ཆོས་ཕྱོགས་ཀྱི་ཉམས་བཞེས་རྣམས་དྲང་བདེན་ཟོལ་མེད་དང་གདུང་ཤུགས་དྲག་པའི་ངང་ནས་བསྒྲུབས་གནང་མཁན་ཞིག་ཡིན་མོད་ཀྱང་། མི་མང་ལ་གསུང་ཆོས་དང་ལྷག་པར་དགོན་པ་གྲྭ་ཚང་གི་གོ་སྒྲིག་འོག་གསུང་ཆོས་གནང་མྱོང་མེད་པའི་གནད་ཡོད་ཀྱི་བླ་མ་ཁ་ཤས་ཡོད་པའི་ནང་ནས་ཁོང་གཅིག་རེད། ཁོང་གིས་སློབ་ཕྲུག་ཚོར་ནང་ཆོས་སློབ་འཁྲིད་གནང་བ་དང་། ཕྲུ་གུ་ཚོ་དང་ལྷན་དུ་ཆོས་ལུགས་ཀྱི་ཐོག་རང་མོས་གོ་བསྡུར་དང་དེ་བཞིན་དྲི་བ་དྲི་ལན་སོགས་གནང་གི་ཡོད།
ཁོང་ནི་མི་བཟོད་བསྲན་ཧ་ཅང་ཆེ་བའི་སྐྱེས་བུ་ཞིག་རེད། ངས་བསྐུལ་བའི་དྲི་བ་མང་པོ་དང་ལྷག་པར་དུ་མཚམས་རེ་ངས་ཁོང་ལ་ཁ་རི་ཁ་ཐུག་གིས་དྲིས་པའི་སྐད་ཆ་དེ་ཚོར་ཁོང་གིས་ཐུགས་གཤིས་ཡངས་པོས་ལན་བསྐྱོན་གནང་གི་རེད། རིན་པོ་ཆེས་གཏམ་བཤད་དང་འདྲ་བའི་སྐད་ཆ་འདྲ་ཆགས་པོ་དེ་འདྲར་དགའ་བོ་གནང་གི་མེད་ཅིང་ཁོང་ནི་སྣང་བ་སྐྱིད་པོ་དང་དགོད་བྲོ་བའི་མི་ཞིག་རེད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ཁོང་དྷ་སར་མི་མང་ལ་བཀའ་སློབ་གནང་བར་གདན་འདྲེན་ཞུ་སྐབས། ཁོང་གིས་འཕྲོས་བཤད་མང་པོ་གསུངས་པའི་རྗེས་ལ་བརྗོད་བྱ་དང་འབྲེལ་བ་མེད་པའི་སྒྲུང་སམ་ཡང་ན་མཚར་གཏམ་ཞིག་བཤད་ནས་མཇུག་བསྡུ་གནང་གི་རེད།
ངས་རྒྱུས་མངའ་ཟབ་པའི་༸གོང་ས་ཏཱ་ལའི་བླ་མའི་སྐུའི་གཅེན་པོ་དམ་པ་སྟག་ཚེ་རིན་པོ་ཆེ་དང་། དེ་བཞིན་རག་ར་རིན་པོ་ཆེ་རྣམ་གཉིས་ནི་བླ་སྤྲུལ་གཞན་ལྟར་མཛད་སྒོ་དང་སྟོན་མོ་བཅས་ལ་འཛུལ་བཞུགས་གནང་བ་ཁྱེད་རྣམས་ཀྱིས་མཐོང་མྱོང་ཡོད་རྒྱུ་མ་རེད། དེ་ལྟར་མོད། བླ་མ་ཁོང་གཉིས་པོ་ནི་ཤེས་ཡོན་ལྡན་ལ་སྲོལ་རྒྱུན་ཆོས་ལུགས་ཀྱིས་སློབ་གཉེར་ཕུལ་དུ་བྱུང་བ་ཞིག་ཡིན་མོད་ཀྱང་ཁོང་གཉིས་པོའི་ཐུགས་ཀྱི་འཆར་སྒོ་དང་འདུ་ཤེས་གསལ་ཞིང་དྭངས་ལ་དེང་དུས་དང་མཚུངས་པ། གཏན་ཚིགས་དང་ལྡན་ལ་མི་སྤྱོད་དང་མཐུན་པ་ཞིག་རེད། མཁས་དབང་པུལ་ཝི་ལམ་(PAUL WILLIAM)ལགས་ཀྱིས་༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐོར་ལ་བརྩམས་གནང་བའི་དཔེ་དེབ་དེའི་ནང་འདི་ལྟར་བཀོད་འདུག”རག་ར་སྤྲུལ་སྐུས་འཛེམ་དྭོགས་ཅི་ཡང་མེད་པར་སྤྲུལ་སྐུའི་ལམ་ལུགས་ལ་དགའ་པོ་མེད་པ་ཁས་ལེན་གནང་གི་འདུག ཁོང་གིས་དོན་རྐྱེན་གཅིག་ལུང་འདྲེན་གནང་བ་ལྟར་ན། སྐྱབས་བཅོལ་བའི་སྤྱི་ཚོགས་ནང་དུ་དགེ་རྒན་ག་གེ་མོས་ཡང་སྲིད་ཡིན་བཞག་བྱས་ནས་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེ་འདྲ། བོད་ནང་དུ་རྒན་ལགས་དེ་འཚོ་བཞིན་བཞུགས་ཡོད་པ་དེ་འདྲའང་འདུག”ཅེས་གསལ།
རིན་པོ་ཆེས་རང་གི་སྐུ་ཚེའི་མཐའ་མཇུག་བར་སྨྱུག་གུས་འབྲི་འཚམས་འཇོག་མྱོང་མེད། ཁོང་གིས་བསྒྱུར་བཞིན་པའི་སྔ་མོ་རྒྱ་ནག་ནས་རྒྱ་གར་བར་འདུལ་བའི་མདོ་སྡེ་འཚོལ་བར་འགྲུལ་བཞུད་གནང་མཁན་གྱི་རྒྱ་ཡི་བཙུན་པ་ཧྥེ་ཤན་(FAXIAN)(བརྒྱ་ཕྲག་༣༣༩-༤༡༤)གྱི་འགྲུལ་དེབ་དེ་མཇུག་སྐྱོངས་ཐུབ་པར་འབད་ཀྱིན་འདུག ཁོང་གི་ལས་གཞི་དེའི་ལས་རོགས་ནི་རང་གི་གཅུང་པོ་ཚེ་དབང་ཆོས་རྒྱལ་ལགས་རེད། བོད་ཀྱི་དཔེ་མཛོད་ཀྱིས་དཔར་བསྐྲུན་གནང་བའི་བསྒྱུར་དེའི་ནང་ལ་རག་རས་ཧྥེ་ཤན་གྱི་འགྲུལ་བཞུད་ཉིན་ཐོའི་མ་དེབ་དེར་རྒྱ་གར་ནང་ཡོད་པའི་ནང་པའི་གནས་ཆེན་ཁག་གི་སྐོར་ལ་ཁ་སྐོངས་ཡང་གནང་ཡོད། དེ་མིན་བཀྲ་མཐོང་ཚང་གི་ལོ་རྒྱུས་ཀྱི་ཐོག་མའི་འཆར་ཟིན་ཡོངས་སུ་བཏབ་ཟིན་ཞིང་། ཕྱི་ལོ་༢༠༡༡ལོའི་དབྱར་ཀར་ངས་ཁོང་དང་ལྷན་དུ་དཔྱད་གཞིའི་ཡིག་རིགས་བཙལ་འཚོལ་བྱེད་རོགས་བྱས་ནས་ཉིན་བཞི་ཙམ་རིང་སུད་སིར་བསྡད་པ་ཡིན་དེ་ནི་ངས་ཁོང་མཇལ་ཐེངས་མཐའ་མ་དེའང་རེད།
རག་ར་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༡༢ཟླ་༧ཚེས་༡༠ཉིན་དགུང་གྲངས་༨༧ལ་ཕེབས་སྐབས་སྐུ་ཚེའི་འཕེན་པ་རྫོགས་ཤིང་། ཁོང་ལ་ཤུལ་ལུས་བཟའ་ཟླ་བསམ་གཏན་སྒྲོལ་མ་དང་བུ་མོ་ཚེ་རིང་ཆོས་འཛོམས། བསྟན་འཛིན་ཆོས་འཛོམས་དང་དགའ་ལྡན་ཆོས་འཛོམས། དེ་བཞིན་བུ་བསྟན་འཛིན་མགོན་པོ་དང་རིག་འཛིན་དབང་པོ་བཅས་དང་ཚ་བོ་དང་ཚ་མོ་མང་པོ་ཡོད། འདི་ལོའི་ཕྱི་ཟླ་༦ཚེས་༣༠ཉིན་མོར་ཁོང་གི་ནང་བཞུགས་ལྷན་རྒྱས་ནས་རི་ཀོན་ཆོས་འཁོར་དགོན་དུ་རིན་པོ་ཆེའི་ལོ་མཆོད་བསྔོ་སྨོན་སྲུང་བརྩི་ཞུ་བཞིན་ཡོད།
ཕྱི་ཟླ་༧པའི་༡༠ཉིན་བོད་ཀྱི་དཔེ་མཛོད་ཁང་གིས་རིན་པོ་ཆེས་བརྩམས་གནང་བའི་ཕྱག་དེབ་བཞི་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ངེས་སྟོན་པ་བཀྲ་ཤིས་ཚེ་རིང་ལགས་ནས་རིན་པོ་ཆེའི་རྩོམ་རིག་དང་སྒྱུ་རྩལ་གྱི་དཔེ་དེབ་ཁག་ཅིག་དྷ་ས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་མི་མང་ལ་འགྲེམས་སྟོན་གནང་རྒྱུ་རེད་འདུག
(ཁོ་བོར་འདྲ་དཔར་དང་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚེ་རིང་ལགས་དང་དགའ་ལྡན་ལགས།ཆོས་འཛོམས་ལགས། དེ་བཞིན་ཆེད་རྩོམ་འདིའི་ཟླ་དུས་ཚེས་གྲངས་སོགས་ལ་ཞུ་དག་གི་ཕྱགས་རོགས་བཀྲ་ཤིས་ཚེ་རིང་ལགས་ལ་སྙིང་དབུས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།)
བསྒྱུར་ནང་དུ་གཞས་ཚིག་གཉིས་ཚུད་མེད་གཞན་ཆད་ནོར་འཁྲུལ་གསུམ་ཡོད་ན་མ་དཔེར་གཙོ་འཛིན་གནང་རོགས། མ་དཔེ་དྲ་ཐག་གཤམ་དུ་གཟིགས།
htt:www.phayul.com/news/article.aspx?=33669&t=1
http://www.jamyangnorbu.com/blog/2013/06/26/poet-artist-scholar-teacher-and-reluctant-rimpoche/
དེ་དང་དེ་འདྲ་བའི་མི་རབས་རྒན་པ་གཞིས་བྱེས་གང་ན་བཞུགས་པའི་ལོ་རྒྱུས་སྒྲོ་བསྐུར་མེད་པ་གང་མང་མང་ཞིག་ང་ཚོས་ཡིག་ཐོག་ཏུ་ཕབ་ཐུབ་ན་ཤིན་ཏུ་དགེ། ད་ལྟ་དང་མ་འོངས་བུ་རབས་ཚ་རྒྱུད་དག་གིས་དཔྱད་གཞི་ཡིག་ཆ་རིན་ཐང་བྲལ་བར་འགྱུར་ངེས་། འདི་འབྲི་མཁན་དང་བསྒྱུར་མཁན་གཉིས་ཆར་ལ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
ཁ་བརྡའི་དྲ་བདག་ལ་ཞུ་རྒྱུ་ཞིག་ལ། ཁྱེད་རྣམ་པས་ངོ་དེབ་ལྟར་དྲ་བ་འདི་ལ་ཐོག་མའི་རྩོམ་དང་མཆན་དག་ལ་མོས་རྟགས་བརྒྱབ་ས་ཞིག་བསྣན་ཐུབ་ན་ཡག་པོ་འདུག བསམ་ཚུལ་ཙམ་ཡིན།
འཇམ་ནོར་ལགས་ཀྱིས་ཁོའི་ཨ་ཞང་གི་མི་ཚེ་ལོ་རྒྱུས་ཐུང་ངུ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། རག་ར་རིན་པོ་ཆེ་ཡིས་སྰ་ར་ནས་དགེ་ཆོས་ཀྱི་སྙན་ངག་ཁྲིད་རྒྱུན་ཞིག་གནང་དུས་མཇལ་མྱོང་ཡོད།དངོས་གནས་ངང་རྒྱུད་རིང་ཞིང་གཤིས་ཀ་འཇམ་པོ་ཧ་ལས་པ་ཞིག་ཡོད། སྐབས་དེར་ངས་ཤིན་ཏུ་ཉན་འདོད་ཆེན་པོ་ཞིག་ཡོད་པ་ནི།ཁོས་མཚམས་རེ་དགེ་ཆོས་ལགས་ཀྱི་སྐོར་ཕྲན་བུ་རེ་གསུངས་ཀྱི་ཡོད། དེ་ཧ་ཅང་ཉན་འདོད་ཆེན་པོ་བྱུང་།ཡིན་ཡང་ནམ་རྒྱུན་མཇུག་མཐུད་ནས་དགེ་ཆོས་ཀྱི་སྐོར་གསུངས་ཀྱི་མེད། ཁོ་རང་སྤྲུལ་སྐུ་ཞིག་ཡིན་པའི་སྣང་བ་ཁྱོན་ནས་བྱེད་ཀྱི་མེད། དེ་དུས་ཕལ་ཆེར་དགུང་ལོ་བགྲེས་པོ་རེད།གསོལ་ཇ་མཆོད་དུས་ཁོའི་ལག་པ་ཅུང་འདར་སིག་རྒྱག་གི་འདུག གསོལ་ཇ་མཆོད་དུས་ངས་དོན་སྣང་ཡག་པོ་བྱས་ཏེ་བལྟ་གི་ཡོད། ཁོས་མངར་ཇ་དེ་ཞིམ་མདོག་ཁ་བོ་མཆོད་ཀྱི་ཡོད། སྐབས་དེར་ང་ཚོས་ཁོང་ལ་དྲི་བ་མང་པོ་ཞིག་ཤོག་ངོས་བྲིས་ཏེ་ཕུལ་གྱི་ཡོད་པ་དྲན་གྱི་འདུག་མོད། དྲི་བ་ག་རེ་དྲིས་པ་དང་དྲིས་ལན་ག་རེ་གནང་བ་དྲན་གྱི་མི་འདུག གང་ལྟར་ཁོང་གཤེགས་ཟིན་པ་དེ་རིང་མ་གཏོགས་མ་ཤེས་བས་ཁོང་ལ་མྱ་ངན་གྱི་གུས་འདུད་ཡོད་ལ་ཁོའི་་ནང་མི་ཚོར་ཡང་གདུང་སེམས་མཉམ་བསྐྱེད་ཡོད།
ཁོང་གྲོངས་ནས་ཁོང་ལ་རྗེས་དྲན་སྙན་ངག་རྐང་གཅིག་ཀྱང་འབྲི་མཁན་མ་བྱུང་། ངས་ནི་ཉེ་ཆར་རང་གཞན་ལ་དྲིས་རྗེས་མ་གཏོགས་ཁོང་གྲོངས་པ་ཡང་ཤེས་མ་བྱུང་།
རག་ར་རིན་པོ་ཆེས་སྐུ་ཚེ་ཆ་ཚང་བོད་ཀྱི་རིག་གནས་ཉམས་པ་གསོ་བཅུད་དང་མ་ཉམས་གོང་འཕེལ་གཏོང་བའི་བྱ་བ་ཁོ་ནར་སྨིན་པར་མཛད་པ་དེར་ཤིན་དུ་ནས་ཡི་རངས་དང་དམ་པ་ཁོང་གི་རྣམ་དཔྱོད་ཡངས་པའི་དགོངས་བཞེད་ཐ་དག་འགྲུབ་པའི་སྨོན་འདུན་ཞུ།
ཨ་ཁ་ ཁོང་མཁས་དབང་ཞིག་ཡིན་པ་ཐོས་མྱོང་། མ་ཟད་ཁོང་གིས་བྲིས་པའི་ཪ་མ་ཎའི་གཏམ་རྒྱུད་ཁ་སྐོང་དང་།
དགེ་ཆོས་ལགས་ཀྱི་ལོ་རྒྱུས། ཧིན་སྐད་ནས་སྒྱུར་གནང་བ་རྒྱུན་ཆགས་ལྔ་པ་དེ་ཚོ་བཀླགས་་མྱོང་ཧ་ཅང་གོ་བདེ་པོ་ཞིག་འདུག ལྷག་དོན་དགེ་ཆོས་ལགས་ཀྱི་ལོ་རྒྱུས་དེ་ཐེངས་གསུམ་ལ་བཀླགས་པ་ཡིན། ནང་དོན་བརྗོད་བྱ་དགེ་ཆོས་ལགས་ཀྱི་རྣམ་དཔྱོད་བཀྲ་བ་དང་གཅིག རག་ར་རིན་པོ་ཆེ་ལགས་ཀྱི་ཤིན་ཏུ་ནས་བྱང་ཆུབ་པའི་སྙན་བཅུད་་གྱི་བརྒྱན་པ་དང་གཉིས་བཅས་ཀྱིས་ཇི་ཙམ་བཤད་ཀྱང་རན། གང་ནས་བཤད་ཀྱང་འབྲེལ། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱི་ངག་འབྲེལ་ཡིན་དུས་ལྟ་ཀློག་ལ་སུས་མི་སྤྲོ། ཐུགས་རྗེ་ཆེ།
ཁྱེད་རྣམ་པས་ཁོང་གི་སྒྱུར་རྩོམ་གང་ཞིག་ལྟ་ཀློག་མྱོང་ངམ། ང་རང་ཤེས་འདོད་པ་ནི་ཁོང་གི་བོད་ཀྱི་བརྡ་སྤྲོད་སྐོར་ལ་དམིགས་དགོངས་འཆར་ཞིག་ཡོད་རབས་ཐོས་མྱོང་བདེན་ནམ།
དམིགས་བསལ་
༼དེ་ཡང་། ཁོང་གིས་ངས་དྷ་སར་ཡོད་པའི་བོད་གཞུང་ལ་ཕྲུག་གུའི་སློབ་དེབ་དང་གསར་ཤོག་སོགས་ཀྱི་ནང་དུ་གཞུང་ཆེན་མོའི་བརྡ་དང་ཐ་སྙད་ལས་རྒྱུན་ལྡན་བཀོལ་སྤྱོད་ཆེ་བའི་ཕལ་སྐད་ཀྱི་བརྡ་དང་ཐ་སྙད་དཀྱུས་མ་རྣམས་འབྲི་དགོས་སྐོར་ཐེངས་མང་འབོད་སྐུལ་ཞུས་པ་ཡིན། དེ་འདྲ་བྱས་ན་བོད་མི་དཀྱུས་མ་ཚོས་ཀྱང་བོད་ཡིག་ནང་གཅིག་བཀླག་རྒྱུ་རག་གིས་རེད། བོད་མི་མང་པོ་ཞིག་གིས་ངའི་བཤད་པར་ངོས་ལེན་གནང་གིས་མི་འདུག འོན་ཀྱང་། ངས་བསམ་པར་ང་ཚོས་འགྱུར་བ་ཞིག་ཏན་ཏན་གཏོང་དགོས་ཀྱི་འདུག་གཞུང་ཚིག་དང་ཆོས་ཚིག་ཀྱིས་མི་དཀྱུས་མ་ཚོའི་སློབ་སྦྱོང་ལ་རོགས་ཕན་གང་ཡང་བྱེད་ཐུབ་ཀྱིས་མ་རེད་ཅེས་དང་། དེས་མི་རྣམས་སློབ་སྦྱོང་དང་ཁ་བྲལ་གཏོང་གིས་རེད།
དྷ་སར་ཡོད་པའི་བོད་པའི་ཕྲུག་གུ་ཕལ་ཆེར་བར་ཆོས་ཚིག་དང་གཞུང་ཚིག་སློབ་འཁྲིད་གནང་བཞིན་པ་དེ་ཚོ་བྱིས་པ་ཚོས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གང་ཡང་མེད།བྱས་ཙང་གཞུང་ཚིག་དང་ཆོས་ཚིག་གི་སྐད་ཡིག་དེ་དག་གི་ཐ་སྙད་དང་སྡེབ་སྦྱོར། ཚིག་གི་གྲུབ་སྟངས་བཅས་ནི་རྒྱུན་ལྡན་གྱི་སྐད་ཡིག་དང་བར་ཁྱད་ཧ་ཅང་ཆེན་པོ་ཡོད། ངས་འདིར་ཡོད་བོད་པའི་ཚོགས་སྡེའི་ཆེད་དུ་བྲིས་པའི་བྱིས་པའི་དཔེ་དེབ་ཁ་ཤས་ཡོད་པ་དེ་དག་ཚང་མ་ཕལ་སྐད་བཀོལ་བ་ཤ་སྟག་རེད། ངས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྣམས་ཕལ་སྐད་ཐོག་ཕབ་བཤུ་བྱ་འདོད་ཡོད། བོད་པའི་ཤེས་ཡོན་ནི་ད་ལྟའང་ཏོག་ཕུད་བྱ་དགོས་འདུག་ཅེས་ནན་བརྗོད་གནང་འདུག༽
མཁས་དབང་རག་ར་མཆོག་གི་གསུངས་ལ་མངོན་པར་བསྟོད་དོ། ཕལ་སྐད་ཡུལ་སྐད་ཁ་སྐད་ཕ་སྐད་གང་ལབ་ཀྱང་ཆོག་པ་འདི་ང་ཚོས་ཡར་རྒྱས་མ་བཏང་ན་བོད་ཀྱི་སྐད་ཡིག་འདི་ནི་སྔ་ཕྱི་མ་གཏོགས་ཡལ་རྒྱུ་ཉག་གཅིག་ཡིན་པའི་ཡིད་ཆེས་ཡོད། ་་བརྡ་གསར་བཅད་་་ཟེར་བ་དེ་ནི་བཀའ་བསྟན་གླེགས་བམ་གསར་པ་རྣམས་ལ་ཕན་ཆེན་པོ་ཐོག་ཡོད་ངེས་ཀྱང་། དེས་་་དྭངས་ཤིང་གཙང་བའི་བོད་ཀྱི་ཡུལ་སྐད་ཁུངས་ལྡན་རྣམས་གང་ཞིག་དུར་ཁྲོད་དུ་བསྐྱལ་ཟིན་པ་དང་ད་དུང་བསྐྱལ་རྒྱུར་མངོན་དུ་ཕྱོགས་པ་མང་པོ་ཞིག་སྒུག་ནས་བསྡད་འདུག་པས་རྣམ་དཔྱོད་ཅན་ཚོས་མྱུར་བར་ཉིད་དུ་སྐྱོབས་པར་འཚལ་ལོ། ། བོད་ཀྱི་གདོད་མའི་ཡུལ་སྐད་མེད་པ་བཟོ་མཁན་ཨང་དང་པོ་དེ་ནི་བརྡ་གསར་བཅད་ཟེར་བ་དེ་རེད་འདུག། །
ཡག་པོ་མི་དྲན། རྡ་སའི་མཚན་ཉིད་གྲྭ་ཚང་གིས་ཁོང་གི་དེབ་ཅིག་པར་སྐྲུན་བྱས་ཡོད།
རག་ར་རིན་པོ་ཆེ་ནི་མི་ཚང་གང་བོར་བོད་ཀྱི་རིག་གཞུང་ལ་འབད་པའི་མཁས་དབང་བྱས་རྗེས་ཅན་ཞིག་ཡིན།
ཁོང་གི་སྙན་ངག་ཚིགས་བཅད་ཞིག་ཀློག་པས་སེམས་ལ་དགའ་ཚོར་ཚད་མེད་སྐྱེས་མྱོང་། རྒྱུ་མཚན་ནི་རྒྱ་གར་ཤར་ཕྱོགས་པའི་སྙན་ཚིག་ཅིག་ཁོས་བྲིས་འདུག་བསམ་སོང་།
དེ་ནས་བཟུང་རག་ར་ནི་རང་གི་དགེ་རྒན་ཞིག་གི་འདུ་ཤེས་ཀྱང་སྐྱེས་མྱོང་།
ཐབས་སྐྱོ་བ་ཞིག་ལ་ཁོང་ཅི་ལྟར་གྲོངས་པ་ཡང་ཁོ་བོས་མ་ཤེས།
འཇམ་དབྱངས་ནོར་བུས་བརྩམས།
ལྷ་སྒང་ཆོས་གྲགས་ཀྱིས་བསྒྱུར།
བརྩམས་པ་པོ་དང་བསྒྱུར་མཁན་གཉིས་ཀར་བཀའ་དྲིན་ཆེ་ཞུ་བ་ཡིན།
མི་ཚེ་
བཅོས
དགེ་ཆོས་རིན་པོ་ཆེ་མཆོག་ནས ” ཇི་སྲིད་བསྟན་ཆོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་ཐམས་ཅད་ཀྱིས་རྟོགས་ཤིང་གོ་ཐུབ་པ་ཡིན། དེ་དེང་སང་མཐའ་མི་འགའ་ཞིག་གིས་དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ་ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་བོ་ཙམ་དུ་འགྲོ་ངེས་པས་སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ” ཞེས་གསུངས་ཡོད་པ་ལགས་ན། རྣམ་པ་ཚོས་ཕལ་སྐད་དང་ཡིག་སྐད་གཉིས་ལས་གང་གལ་ཆེ་བར་དཔྱད་པར་མཛོད་ཅིག
བདག ནས་གསུངས་པ་ལ་མངོན་པར་བསྟོད། ཡུལ་སྐད་དམ་ཁ་སྐད་ཞིག་སློབ་ཚན་ནང་བཅུག་དགོས་ན་སུས་ཁ་སྐད་བཅུག དཔེར་ན་ངའི་ཡུལ་སྐད་དངོས་མ་དེ་འདྲ་ཞིག་བོད་ཡིག་ནང་འབྲི་དགོས་ནའང་དབྱངས་གསལ་མི་རྙེད། དེ་བཞིན་གཞན་ལའང་གཅིག་མཚུངས་ཡིན། དེ་ལས་ཕྱོགས་དང་རིས་སུ་མ་ཆད་པར་བརྡ་དག་དང་མཐུན་པར་མཁས་དབང་ཟམ་གདོང་གིས་བཀའ་སློབ་གསུང་བཤད་ལྟ་བུ་ཞིག་རང་གཞན་ཚང་མས་འབད་འབུང་བྱས་ན། གཞི་ནས་ཆོལ་གསུམ་ཆིག་དྲིལ་མིང་དོན་མཚུངས་པ་ཞིག་དང་བོད་ཆེན་པོའི་དབུ་འཕང་དགུང་ལ་རེག་ཡོང་།
དགེ་ཆོས་ལགས་ཀྱི། ་་་་་་་ གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་བོ་ཙམ་དུ་འགྲོ་ངེས་པས་སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ་་་་་ གསུང་འདི་ཅུང་ཟད་མི་འཐད་པར་ལྟ་བུར་མཐོང་ལགས།
ཁོང་གྲོང་དུས་བོད་ཡིག་བོད་སྐད་བརྙན་འཕྲིན་གསར་འགྱུར་ཅིག་གི་ནང་ལ་ཡང་དམ་པ་ཁོང་གི་མཚན་་ཐོན་མྱོང་ངམ། གལ་ཏེ་ཐོན་ཡོད་ན་འདིར་ལུང་འདྲེན་ཅིག་མཛོད་དང་། གལ་ཏེ་མ་བཏོན་པ་ཡིན་ན། སློབ་དཔོན་རིན་པོ་ཆེས། བོད་ལ་དྲིན་བྱས་ན་དྲིན་མི་གོ་བ་གསུངས་པ་དེ་ཆགས་འགྲོ་བ་མིན་ནམ། ལགས།
་་་་་ ལྷག་པར་དུ་རག་ར་རང་ཉིད་དགེ་ཆོས་ཀྱི་དངོས་སློབ་ཡིན་ལ་ཁོང་གི་དྲུང་ནས་སྙན་ངག་དང་བོད་ཀྱི་རྩོམ་རིག་སོགས་གསན་བསམ་གནང་མྱོང་བས་ལོ་རྒྱུས་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན། ་་་་་་་ཟེར།
་་་་་་་་ དེའི་ནང་དུ་གཡག་གི་མིང་ནས་དྲངས་ཏེ་བོད་མི་ཚོར་སྐྱོན་བརྗོད་གནང་ཡོད། དེ་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་མི་ནི་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་ཏེ། གཡག་གིས་བོད་མི་ཚོར་ཆེས་གནའ་སྔ་མོ་ནས་ཕྱོགས་གང་ཅིའི་ཐད་ནས་རིན་བྲལ་གྱི་ཞབས་ཞུ་ཇི་སྙེད་ཅིག་བསྒྲུབས་ཡོད་མོད།
བོད་པས་ཁོ་ཚོར་བཀའ་འདྲིན་རྗེས་དྲན་གྱིས་ཆེ་མཐོང་བྱ་རྒྱུ་མེད་པར་དྲིན་ལོག་གིས། བརྗིད་ཆགས་བླ་ན་མེད་པའི་རང་ཉིད་ཀྱི་རྒྱལ་དར་དབུས་སུ་གཡག་གི་འདྲ་གཟུགས་འབྲི་རྒྱུའི་དོད་ལ་རྟོག་སྒྲུང་ལས་བྱུང་བའི་སེམས་ཅན་ཞིག་བཀོད་ཅིང་དེ་ནི་རྒྱ་ཁྱི་ཨ་ཟོག་ཞིག་གི་མཚོན་རྟགས་ཤིག་རེད། ་་་་་་་་་ཟེར།
སུམ་ཅུའི་དུས་དྲན་བྱས་ནས་ལོ་བཅུ་འཁོར་བའི་ཉིན་མོ་སྟེ། ་་་་འདི་་་་་་ གསུམབ་ཅུའི་དུས་དྲན་བྱས་ནས་ལོ་བཅུ་འཁོར་བའི་ཉིན་མོ་སྟེ། ལ་དགོས་འདུག་གོ །
་་་་་་ བོད་ཀྱི་རྩོམ་པ་པོ་ཞིག་གིས་ང་ལ་བརྗོད་པ་ལྟར་ན་སྐུ་སྒེར་དྲུང་ཆེས་དེ་དག་ལ་དོ་སྣང་གིས་ཉར་ཚགས་བྱས་ཡོད་ན། ད་གཟོད་སྙན་ངག་གི་དེབ་ཆུང་ཞིག་དཔར་བསྐྲུན་བྱ་ནུས་ཟེར། ་་་་ཟེར།
་་་་་་ རག་ར་མཆོག་ལ་གཞུང་འབྲེལ་ཆོས་བརྒྱུད་ཀྱི་གནས་བབ་མཐོ་ཤོས་དེ་ཡང་བྱེད་ཆོག་པའི་ལམ་ཀ་ཡངས་པོ་ཡོད་དེ། དེ་ཡང་དགེ་ལུགས་པའི་ཆོས་བརྒྱུད་དང་གྲུབ་མཐའི་གདན་རབས་ཀྱི་གནས་བབ་མཐོ་ཤོས་དགའ་ལྡན་ཁྲི་པ་གནང་ཀྱང་ཆོག་པ་ཡིན། འོན་ཀྱང་། རྗེས་ལོ་དེར་ཁོང་གིས་དགོན་པའི་སྡོམ་ཁྲིམས་ཆ་ཚང་རང་གི་རྩ་བའི་བླ་མ་སྨག་མཆོག་རིན་པོ་ཆེར་ཕུལ། ་་་་་་ཟེར།
དིང་གི་རྩོད་མེད་མཁས་དབང་རཀ་ར་༸སྐུ་ཕྲེང་བདུན་པ་ཐུབ་བསྟན་ཆོས་དར་མཆོག་སྐུ་མྱ་ངན་འདས་པ་གོ་བ་ཐོག་མ་དེ་མདང་རང་ཆེད་རྩོམ་འདི་བཀླགས་ནས་ཤེས་བྱུང་བས། རྩོམ་པོ་འཇམ་ནོར་ལགས་དང་། བསྒྱུར་བ་པོ་རྣམ་གཉིས་བཀའ་དྲིན་ཆེ་ཞེས་ཞུའོ།།
བོད་དང་ལེགས་སྦྱར་གྱི་རིག་གཞུང་ལ་ཐུགས་སྣང་མཛད་པ་པོ། མཁས་དབང་བཀྲས་མཐོང་རཀ་ར་རིན་པོ་ཆེ་སྐུ་གཤེགས་པར་དམ་པ་གང་གི་བཞེད་པ་དང་མཐུན་པར་བོད་དང་ལེགས་སྦྱར་གྱི་རིག་གཞུང་སྤེལ་བ་ལ་སྐུ་ཚེ་རབས་ནས་ཚེ་རབས་སུ། མཛད་པ་རླབས་ཆེན་སྐྱོང་བར་མཛད་དུ་གསོལ་ལོ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་། རྣམ་གཉིས་ཀྱིས་བོད་སྐད་དུ། བསྒྱར་པའི། རཱ་མ་ཡཱ་ཎའི་རྟོགས་བརྗོད། དཔེ་ཆ་འདི་གཉིས་བདག་གི་སྡོད་གནས་སུ་འདུག ལྷག་པར་བསྟན་བཅོས་ཕྱི་མ་དེ་དམ་པ་རྣམ་གཉིས་ཀྱི་མཛད་པ་དྲན་པར་ཀློག་པར་དམ་བཅའ་ཞུ། རིན་པོ་ཆེ་མཆོག་དང་། སྐུ་ཟླ་སྒྲོལ་མ་ལ་དྭགས་ནས་ཡིན་པ་ལན་མང་དུ་ཐོས་ཀྱང་དངོས་སུ་མཇལ་མ་མྱོང་། དམ་པ་གང་གི་སྐུ་མཆེད་རྒན་པ་བསོད་ནམས་སྟོབས་འབྱོར་ཞུ་བ་ཝཱ་རཱ་ཎ་སཱིར་བོད་རིགས་བདག་གཅིག་པུ་ལས་མེད་པས་དབྱར་ཚ་བའི་སྐབས་སུ། སྐུ་ངལ་གསོ་ཕྱིར་ཕེབས་པར་བགྲོ་གླེང་བཟང་པོ་བྱུང་། མཚན་དངོས་མ་དི་རིང་མ་གཏོགས་མ་ཤེས། རཀ་ར་རིན་པོ་ཆེ་དང་། སྐུ་མཆེད་རྣམ་རྒྱ་གར་དུ་ཕེབས་ནས། སློབ་སྦྱོང་མཛད་པ་བོད་བཀྲ་ཤིས་ལྷུན་པོར་ཐོས། བདག་གིས་ཐོས་པ་ལྟར་ན། ཁོང་གི་མེས་པོ་རྣམས་མངའ་རིས་སྤྱི་ཏི་ནས་ཕེབས་ཤིང་བཀྲ་ཤིས་ལྷུན་པོ་མཐོང་ས་གཞིས་ཀ་དེ་ལ་བརྟེན་ནས་བཀྲས་མཐོང་ཞེས་མིང་ཆགས་སོ།
རྩོམ་ཡིག་འདི་ཡག་པོ་འདུག འདིའི་ནང་བོད་གཞུང་གི་སློབ་དེབ་སྐོར་རག་རས་བཤད་པའི་སྐད་ཆ་དེའི་ལུངས་འདྲེན་མཆན་བཀོད་གནང་མི་འདུག དེ་གནད་འགག་ཅིག་རེད་བསམས། དེ་མིན་འཇམ་ནོར་ལ་ཡབ་མེས་བཟང་པོ་འདི་འདྲ་ཞིག་ཡོད་བཞིན་དུ། རང་ཉིད་ཀྱིས་ནི་ཤེས་ཡོན་ལོག་པར་བེད་སྤྱོད་བཏང་སྟེ་ཚེའི་མཐའ་མཇུག་ལ་བསླེབས་པ་འདི་ནི་ཐབས་སྐྱོ་བོ་ཡིན་ཁར། རག་རས་ནམ་མཁའི་དབྱིངས་ནས་གཟིགས་ན་འཇམ་དབྱངས་ནོར་བུའི་བྱ་སྤྱོད་བསམ་སྦྱོར་ལ་དགའ་བོ་ཁྱོན་ནས་བྱེད་མདོག་ཁ་པོ་མ་རེད།།
ངོ་མ་རིན་ཐང་ལྡན་པའི་རྩོམ་ཡིག་ཅིག་དང་རླབས་ཆེན་པོའི་མི་སྣ་ཞིག་རྗེས་དྲན་ཞུ་སྟངས་ཡག་པོ་འདུག
ཕ་སྐད་ལ་དུང་བའི་མི་ཞིག་ལ་ཆོས་སྐད་དེ་ཙམ་དགོས་བ་ཆེན་པོ་མེད། ཆོས་སྐད་ལ་དད་པའི་མིས་ཕ་སྐད་ལ་དེ་ཙམ་འབྲེལ་བ་མེད་པར་ཁ་རྒྱབ་རག་ཐུབ།
ཕ་སྐད་དང་ཆོས་སྐད་གཉིས་ཀ་བོད་སྐད་དང་བོད་ཡིག་ཡིན་པ་གཅིག་པ་ཡིན། ཡིན་ན་ཡང་། བཀོལ་ཕྱོགས་དང་དགོས་མཁོ་ཁ་ཁ་སོ་སོར་ཡོད་པས། གང་ལ་མོས་བས་དེ་ལ་ཤུགས་སྣོན་དང་གོང་འཕེལ་བྱེད་པ་ནི་བོད་ཡིག་དང་བོད་སྐད་ཀྱི་བཀོལ་སྤྱོད་མ་ལག་གི་མཐུས་སྒོ་ཇེ་ཡག་ཏུ་བཏང་བའི་བྱས་རྗེས་ཡིན།
ཨ་ཁུ་རག་རས་བཤད་ནོ་ངོ་མ་བདེན་གི།
བོད་མི་ཡོངས་ཀྱི་གོ་བ་ཞིག་དགོས་ན་ཡིག་སྐད་ལས་ཁ་སྐད་མ་བྲིས་ན་ལེགས། ལུང་ཚན་སོ་སོས་གོ་བ་ཙམ་གྱིས་འགྲིག་ན་ཁ་སྐད་བྲིས་ཀྱང་མི་ཆོག་རྒྱུ་མེད།
མཆན་བཅུ་གཉིས་པ་་་བདག་་་ལགས་ཀྱིས་བྲིས་པ་དེ་དགེ་འདུན་ཆོས་འཕེལ་གྱི་གསུངས་དངོས་གནས་ཡིན་མིན་རྣམ་རྟོག་ཡོད། གང་ཡིན་ཟེར་ན་་་དོན་གྱི་མཁས་པ་ཚོས་བརྟག་ཅིང་དཔྱད་ནས་གསུངས་པ་མ་གཏོགས་བྱུང་རྒྱལ་དང་འོལ་ཚོད་ཡང་ན་སྣང་བར་གང་ཤར་དེ་འདྲ་ཕལ་ཆེར་དུས་ནམ་ཡང་གསུང་བར་མི་བྱ། དཔེར་ན་འདི་ལྟར། ༼སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས༽ གསུངས་པ་འདི་དོན་ལ་གནས་ཀྱི་མི་འདུག། བོད་ཀྱི་སྐད་དུ་གྲགས་པའི་་་སྐད་ཆེན་ཁ་ཤས་ཅིག་ཡོད་པ་རེད། སྟོད་པའི་སྐད། དབུས་པའི་སྐད། ཁམས་པའི་སྐད། ཨ་མདོའི་སྐད། མོན་པའི་སྐད། འདི་ཚོ་གཅིག་པུ་ལ་ཆ་བཞག་པ་ཡིན་ན་ལས་ཁ་སྐད་སོ་སོར་གྱེས་ནས་རང་རང་ས་ནས་སྒྲ་གདངས་མཆོག་ཏུ་གྱུར་བ་རེ་སྒྲོག་བཞིན་ལོ་ངོ་སྟོང་ཕྲག་མང་པོར་གངས་ཅན་པ་རྣམས་བོད་ཀྱི་མི་རིགས་ཡིན་པའི་འདུ་ཤེས་གཅིག་པ་བྱས་ནས་དེ་རིང་གི་བར་གནས་ཐུབ་ཡོད། ད་དུང་རྒྱལ་རོང་གི་སྐད་དང་ཚྭ་བ་རོང་པའི་སྐད་སོགས་ཧ་ལས་པའི་ངོ་མཚར་སྟོང་ལྡན་ཀྱི་བོད་ཀྱི་སྐད་རིགས་མི་འདྲ་བ་དུ་མ་ང་ཚོའི་ཕ་ཡུལ་གངས་རིའི་ལྗོངས་སུ་སྔ་ནས་དེང་གི་བར་འཚོ་གནས་སུ་ཡོད། འདི་ཚོས་མི་རིགས་ཁ་བྲལ་བཏང་བའི་ལོ་རྒྱུས་ད་ལྟའི་བར་ཕལ་ཆེར་བྱུང་མེད་ཟེར་ནའང་འགྲིག་པ་ཡོད་རེད། །
ཡི་གེ་ཤེས་དང་མི་ཤེས་ཀྱི་ཐོག་ནས་བྱས་པ་ཡིན་ན། ལྷག་དོན་དུ་དགེ་འདུན་ཆོས་འཕེལ་སྐུ་འཚོ་བཞུག་ཡིན་པའི་སྐབས་སུ་ཕལ་ཆེར་བོད་རིགས་བརྒྱ་ཆ་༩༩་ད་དུང་ཡིག་རྨོངས་ཡིན་གྱི་རེད། ཡུལ་མི་ཕལ་ཆེར་ཡིག་རྨོངས་ཡིན་པ་ཡིན་ལས་རང་རང་སོ་སོའི་ས་ནས་ཁ་སྐད་དྭངས་མ་རེ་རེར་རྒྱག་རྒྱུ་ཡོད་པ་དེའི་དཀའ་དྲིན་གྱིས་བོད་མི་རིགས་ཀྱི་བླ་སྲོག་གསོན་པོ་དངོས་སུ་བཟུང་ནས་ད་ལྟའི་བར་ང་ཚོ་གནས་ཐུབ་པ་འདིས་གང་མཚོན་གྱི་འདུག་གམ། །
མཁས་དབང་ཁོང་སྐུ་བཤེགས་པ་དངོས་་གནས་ཕང་པོ་རེད། ལོ་བཅུ་ཙམ་སྔོན་ལ་ཁོང་ནས་ཁོང་རང་གི་གཟིམ་ཁང་དང་འབྲེལ་བའི་ལོ་རྒྱུས་ཁ་ཤས་སྐོར་གུས་པར་ཕྱག་བྲིས་གནང་བྱུང་བར་བཀའ་ལན་བསྡོར་བསྡུས་ཤིག་ཕུལ་བ་ཡིན། དེ་སྔོན་མཁས་དབང་ཁོང་གི་དྲུང་ནས་སུམ་རྟགས་དང་། སྙན་ངག་སོགས་སྦྱང་རྒྱུའི་སྐལ་བཟང་གོ་སྐལ་ཐོབ་བྱུང་།
བོན་པོ་ལགས་སུ་ཞུ་རྒྱུ། ལོ་ངོ་སྟོང་ཕྲག་ནས་ལུང་པ་ཤར་ཤུར་རེ་ནང་འཛུལ་ནས་ཁ་ཐར་ཐོར་རེ་བརྒྱག་བཞིན་བོད་ཆེན་པོ་མིང་དོན་མཚུངས་པ་ཞིག་མ་བྱུང་བར་མགོ་སྐུབ་ནང་བཙུགས་ནས་བསྡད་པའི་འཇུག་འབྲས་སུ། ད་སྐབས་བོད་མིའི་སྐྱིད་སྡུག་ལ་མིག་ཕྱེས་ནས་གཅིག་ལྟོས་དང་ཤེས་ཡོང་། ད་དུང་བོད་ཆེན་པོ་མིང་དོན་མཚུངས་པ་ཞིག་ལ་མ་འབད་པར་ངའི་ཁ་སྐད་དང་ཁོའི་ཁ་སྐད་ཅེས་དམ་དུ་ཇི་ཙམ་འཛིན་པར་དེ་ཙམ་ཐག་རིང་དུ་འགྲོ་ངེས།
ད་ནས་བཟུང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་སོ་སོའི་ཁ་སྐད་བོད་སྤྱི་ལ་ཁྱབ་མི་ཐུབ་པའི་ཚིག་དེ་དག་རེ་རེ་བཞིན་དོར་ཅི་ཐུབ་ཀྱིས་ཡིག་སྐད་གཙང་མ་ཞིག་ལ་འབད་ན་ད་གདོད་བོད་ལ་དྲོ་སྐྱིད་གཏེར་བའི་ཉི་མ་ཞིག་ཤར་ཡོང་།
དེང་སང་ཨ་མདོ་བ་རིགས་གནས་ལ་བྱང་སེ་འགའ་རེས་རང་གི་ཡུལ་སྐད་དམ་གྲོང་སྐད་ནང་དུ་རྩོམ་ཡིག་སྣ་མིན་ཞིག་སྤེལ་བཞིན་འདུག་པ་ནི། རང་སྐུབ་ཙམ་སྲུང་ཞིག་དེ་ཉིད་ལ་གཙང་གྲ་བྱས་པ་ཙམ་རེད།
བླ་མ་ཟམ་གདོང་ཚང་གི་བཀའ་སློབ་ནི་བོད་མི་མགོ་ནག་བ་རྩམ་གཟན་ཞིག་ཡིན་ནས་བཟུང་ཇི་ཙམ་ལུང་ཁུག་ནས་ཡོང་བའི་མཐོང་ཐོས་རྒྱ་ཆུང་བ་ཞིག་ཡིན་ནའང་ཕལ་ཆེར་བརྒྱ་ཆ་དྲུག་ཅུ་ཙམ་གོ་བཞིན་ཡོད་པ་ངས་ཚོད་དཔག་བྱེད་བཞིན་ཡོད། དེ་མིན་ཆོལ་གསུམ་སོ་སོའི་རང་སྐད་གཙང་མ་བརྒྱབ་མཁན་ཕན་ཚུན་ཐུག་དུས་ནི་ཁམས་པ་ཞིག་དང་དབུས་པ་ཞིག་ཐུག་ན་བརྒྱ་ཆ་སུམ་ཅུ་ཙམ་གོ་བས་ལག་པས་རོགས་བྱས་ན་གོ་བརྡ་འཕྲོད་ཐུབ། ཨ་མདོ་བ་ཞིག་དང་དབུས་པ་ཞིག་ཐུག་ན་བརྒྱ་ཆ་ལྔ་ཙམ་མ་གཏོགས་མི་གོ་བས་སྐད་བསྒྱུར་མེད་ན་ལག་པས་རོགས་བྱས་པ་ཙམ་གྱི་ཡང་གོ་བརྡ་འཕྲོད་མི་ཐུབ། དེ་བཞིན་ཁམས་དང་ཨམ་མདོ་བ་གཉིས་ཅུང་ཉེ་ཡང་ལག་པས་རོགས་ནའང་གོ་བརྡ་འཕྲོད་ཡ་ཁག་ཙམ་ཡོད། དེས་ན་ཁམས་པ་ཚོའི་ཁ་ལ་བྱང་ཞིང་ཁོག་ལ་ངེས་པ་ནི། དབུས་སྐད་བརྒྱབས་དུས་བོད་སྐད་བརྒྱབས་སོང་ཟེར་བ་དང་། རྒྱ་གར་ཕྱུག་པག་གོན་དུས་བོད་ཆས་སྤྲད་སོང་ཟེར་བཞིན་ཡོད། དེ་དང་དེ་ལ་སོགས་པ་ད་ལྟའི་ཆར་དཔང་རྟགས་གསལ་པོ་མེད་པའི་ལོ་རྒྱུས་མགོ་རྙོག་ཅན་འདི་དག་གི་འབྱུང་ཁུངས་དངོས་མ་དེའང་ཁ་སྐད་ཀྱིས་རྐྱེན་པས་ཡིན།
སྤྱིའི་ཆ་ནས་བོད་ཀྱི་སྐད་ཡིག་གི་སྐོར་དུ་བཤད་དང་མ་བཤད་ཀྱི་ཁྱད་པ་ཅང་མི་འདུག་ཀྱང་སེམས་པས་མི་བཟོད་དུས་ཏོག་ཙམ་ཞུ་ཆོག་པ་གནང་རོགས།
དམ་པ་དགེ་ཆོས་མཆོག་གིས་་་་་་་་་་ དེབ་དཀར་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས།
༡་་་ཕལ་སྐད་དང་སྤྱི་སྐད་གཉིས་ཀྱི་ཁྱད་པ་ཤེས་དགོས་པར་འདོད། དཔེར་ན། ཕྲུ་གུ་ཅེས་པའི་སྐད་ཡིག་འདི་སྤྱི་སྐད་དང་། ཕལ་སྐད་ཟེར་དུས་བོད་སྤྱི་ལ་མ་ཁྱབ་པའི་ཐ་སྙད་ཤིག་གམ་སྐད་ཤིག་ལ་གོ་དགོས་པར་འདོད། དཔེར་ན། པུ་གུ་ལྟ་བུ་ལ་ཟེར། ལུང་ཚན་བྱེ་བྲག་པ་རྣམས་ལ་དཔེར་འཇོག་ན་་་ཏྲེ་ཧོར་ཁམས་པའི་ཡུལ་དུ་ཕྲུ་གུ་ཅེས་ཐ་སྙད་འདི་ལ་ཕལ་སྐད་མི་འདྲ་མང་པོ་ཡོད།
༢་་་དཔེར་ན། ཕྲུ་གུ་ཅེས་པ་འདི་ལ་དཀར་མཛེས་བས་ག་ག་ཅེས་འབོད་པ་དང། བྲག་འགོ་བས་ཨ་ལོང་། ལྕོག་རི་བས་ཨ་ལུ། སྟོང་སྐོར་བས་ཞ་ཞི། འབྲི་ཚུལ་བས་ཉ་ཉོ། ལྷ་ས་བས་པུ་གུ་འབོད་པ་སོགས་ཕལ་སྐད་མི་འདྲ་མང་པོ་ཡོད། དགེ་ཆོས་མཆོག་གིས་ཕལ་སྐད་འདི་དག་ཡིག་ཐོག་ཏུ་བྲིས་བསྡད་ན་མཐའ་མ་བོད་ནང་ཁུལ་དུ་ཡི་གེའི་ཐོག་ནས་བརྡ་མི་ཕྲད་པ་འོང་གི་རེད་ཅེས་གསུངས་པ་རེད་འདོད།
༣་་་སྤྱིའི་ཆ་ནས་དོན་གཅིག་ལ་ལུང་ཚན་རེའི་ཐ་སྙད་རེ་བེད་སྤྱོད་བྱེད་ན་ཡག་པོ་མ་རེད་འདོད། གཅིག་མཐུན་གྱི་ཐ་སྙད་ཡིག་ཐོག་ཏུ་མེད་ན་ཡི་གེ་འཐོར་འགྲོ་གི་རེད་འདོད། མདོ་དབུས་ཁམས་གསུམ་གོ་བརྡ་མི་ཕྲད་པས་རྒྱུ་མཚན་ཡང་ཕལ་སྐད་མང་ཐལ་སོང་བས་རེད་འདོད།
༤་་་ཁྱོད་ཚོས་ཆོས་སྐད་མིན་པ་ཐམས་ཅད་ཕལ་སྐད་རེད་བསམས་ཀྱི་ཡོད་པར་འདྲ། དེ་འདྲ་ཡིན་ན་ནོར་བ་རེད་འདོད། བཀའ་བསྟན་འགྱུར་དག་གི་ནང་དུ་ཁྱེའུ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་ནས་བྲིས་པ་མང་བ་ལས་ཕྲུ་གུ་ཅེས་བྲིས་པ་དེ་ཙམ་མཐོང་མྱངས་མེད། ཡིན་ཀྱང་ཕྲུ་གུ་ཅེས་པ་འདི་ནི་ཕལ་སྐད་མིན། བོད་སྤྱི་ལ་ཁྱབ་པའི་ཡིག་སྐད་ཤིག་རེད་འདོད་དོ།།
ཅོ་རི་བ་ཁྱེད་ཀྱིས་ཆོས་སྐད་ཟེར་བ་དེ་ཕར་ཙམ་བཞག་ཤོག དེ་སུས་གླེང་གི་མི་འདུག ང་ཚོས་བཤད་བསྡད་ཡ་དེ་ཡིག་སྐད་དང་གྲོང་སྐད་དམ་ཁ་སྐད་བར་གྱི་ཁྱད་དང་གང་གཙོ་བོ་བཟུང་ན་དགེ་སྐྱོན་ཐད་གླེང་གི་ཡོད།
༼ཕྲུ་གུ་ཅེས་པ་འདི་ལ་དཀར་མཛེས་བས་་་ག་ག་་་ཅེས་འབོད་པ་དང། བྲག་འགོ་བས་་་ཨ་ལོང་་་། ལྕོག་རི་བས་་་་ཨ་ལུ་་་། སྟོང་སྐོར་བས་་་ཞ་ཞི་་་། འབྲི་ཚུལ་བས་་་ཉ་ཉོ་་་། ལྷ་ས་བས་་་པུ་གུ་་་འབོད་པ་སོགས་ཕལ་སྐད་མི་འདྲ་མང་པོ་ཡོད།༽ ཁ་སྐད་མི་འདྲ་བ་ཡོད་པ་འདི་ཚོ་ཡི་གེར་ཕབ་ནས་བེད་སྤྱོད་བྱས་ན་ཡུལ་ལུང་སོ་སོའི་སྐད་ལུགས་ཉམས་ཆགས་མི་འགྲོ་བ་ལ་ཕན་པར་སེམས། དཔེར་ན་ཁྱེད་ཀྱིས་་་པྲུག་འུའི་་་་མིང་བརྡ་མི་འདྲ་བ་ཡོད་པ་རྣམས་འདིར་མ་བྲིས་ན་ངས་མི་ཤེས། ཁྱེད་ཀྱིས་བྲིས་པའི་དཀའ་དྲིན་ལས་ངས་ཤེས་སོང་། དེའི་རྩ་བ་ཐུག་ས་དེ་ཁྱེད་ཀྱིས་བྲིས་དང་མ་བྲིས་གཉིས་ལ་རགས་ལས་པས་སོ། དཔེ་འདི་ལྟ་བུས་་་སོ་སོའི་ཁ་སྐད་གང་ཡོད་པ་རྣམས་ཡིག་ཐོག་ལ་ཕབ་ཐུབ་ན་་་ང་ཚོར་ཡེ་གེ་ཡོད་པའི་གོ་ཆོད་པ་རེད། ཡེ་གེ་ལ་ང་ཚོས་སེར་སྣ་བྱེད་མི་ཉན། ག་ཚོད་མང་པོ་འབྲི་ཐུབ་ན་དེ་བས་ཕན་པ་ཆེ་བར་སེམས། ད་དུང་སྙན་གང་པ་རྣམས་ཀྱིས་་་་མངོན་བརྗོད་་་་ཟེར་བ་གཞན་སྐད་དང་འདྲེས་པ་དེ་བེད་སྤྱོད་པ་ལས་་་བོད་ཀྱི་ཡུལ་ལུང་སོ་སོའི་གདོད་མའི་ཁ་སྐད་དེ་ཚོ་་་་མངོན་བརྗོད་ཀྱི་ཚུལ་་་དུ་བེད་སྤྱད་ནས་སྙན་ངག་འབྲི་ཐུབ་ན་དེ་བས་རྒྱུ་མཚན་དང་ངོ་མཚར་ཆེ་བར་སེམས། །
ཡ་ཡ་ཡ། ད་ཁྱེད་ཚོའི་ཀླད་པ་དེ་ལ་བསྐྱེད་ན་སྐྱེད་རྒྱུ་ཞིག་དང་། སྒྱིང་ན་སྒྱིངས་ཤིག་མེད་པ་གསལ་བོ་རེད། ཡུལ་སྐད་མི་དགོས་ཟེར་བ་ནི་ཡུལ་བ་མི་དགོས་ཟེར་བ་དང་གཅིག་པ་མ་རེད་ནེ།
ངག་ཐོག་ནས་བཤད་ཆོག་བ་ཞིག། ཡིག་ཐོག་ལ་ཕབ་མི་ཆོག་པའི་བཀག་རྒྱ་རྫུན་མ་འདི་སུ་ཞིག་གི་ཀླད་རྩ་མ་དྭངས་བར་ཡོད་པ་རེད། འདི་དང་འདི་ཡིན་པའི་རྒྱུ་མཚན་ཡོད་ན་ག་རེ་བྱས་ནས་ཡིག་ཐོག་ལ་འཇོག་མ་ཆོག་པ་རེད།
དེ་མིན། ལྷ་ས་བས་བུ་གུ་ཟེར་བ་ཡིན་རྒྱུ་རེད། པུ་གུ་ཡིན་དགོས་ན་བ་ཚང་མ་པ་ལ་ཀློག་དགོས་བས་གསལ་ཁ་འདོན་དགོས་བ་རེད། དེ་མིན་ཁ་ལྕེ་མ་དག་པའི་སྒྲ་ཟུར་ཕབ་པ་ལ་ཡི་གེ་མི་ཟེར།
བོད་ལ་བཀའ་དང་བསྟན་བཅོས་བྲག་རི་རྩེག་པ་ལྟ་བུ་ཞིག་ཡོད་པ་རེད་ལ། འདི་དག་གི་ནང་དོན་བོད་མི་ས་ཡ་དྲུག་གིས་འདས་པའི་དུས་སུ་གོ་སྡད་པ་རེད་ལ། ད་ལྟ་ཡང་གི་ཡི་ཡོད་པ་རེད། མ་འོང་པར་ཡང་འདི་ལས་ལྷག་པའི་གསར་གཏོད་ཅིག་དགོས་པ་མི་འདུག གལ་ཏེ་དགོས་ན་བོད་ཆོལ་ཁ་གསུམ་གྱི་སྐད་སྡང་དང་བཏུན་ནས་བཟོ་དགོས་པ་ལས་ལུང་ཚན་རེ་རེའི་ཁ་སྐད་གང་བྱུང་ཡིག་ཐོག་ལ་བྲིས་ན་མཇུག་འབྲས་དགེ་ཆོས་ཀྱིས་གསུང་པ་དེ་ལས་མེད་པ་རེད།
༼ཕྲུ་གུ་ཅེས་པ་འདི་ལ་དཀར་མཛེས་བས་་་ག་ག་་་ཅེས་འབོད་པ་དང། བྲག་འགོ་བས་་་ཨ་ལོང་་་། ལྕོག་རི་བས་་་་ཨ་ལུ་་་། སྟོང་སྐོར་བས་་་ཞ་ཞི་་་། འབྲི་ཚུལ་བས་་་ཉ་ཉོ་་་། ལྷ་ས་བས་་་པུ་གུ་་་འབོད་པ་སོགས་ཕལ་སྐད་མི་འདྲ་མང་པོ་ཡོད།༽ ་་་ཟེར། ངའི་ཕ་ཡུལ་དུ་ཕྲུ་གུ་ལ། སྤྲུ་ཨ། དང་། མུ་ཁུམ་པའི་སྐད་དུ། ཕྲུ་གུ་ལ། བིའུ་ཕྲུག་ཡང་ཟེར་བགྱིད་འདུག
ཤོག་བུ་ལ་ཤོག་གུ་ལྟར། ཕྲུ་གུ་ལ་བུ་གུ་འདི་དག་ཤོས་སུ་མཐོང་ལགས།
རྩོམ་པ་པོ་དང་བསྒྱུར་བ་པོ་གཉིས་ཀ་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ།
སྨོན་ལམ་ཚིག་མཛོད་ཀྱི་ནང་དུ་་་་བུ་གུ་་་ཅེས་པའི་དོན་ནི་བུག་པ་ཆུང་བ་ཡིན་ཞེས་གསལ་འདུག དེར་བརྟེན་བུ་གུ་ཅེས་བྲིས་མ་ནུས་པར་པུ་གུ་ཅེས་བྲིས་པ་ཡིན། དག་ཡིག་གསར་བསྒྲིགས་ནང་དུ་བུ་གུ་དང་པུ་གུ་གཉིས་ཀ་མི་འདུག ཁྱེད་རང་ཚོས་འདི་དག་དང་དེ་མི་དག་ཅེས་བཤད་ནའང་ཅང་བདེན་པའི་ཁུངས་མི་འདུག རྒྱུ་མཚན་ཡོད་ན་བཀོད་རོགས་བྱོས།།
ཕྲུ་གུ་ཅེས་པ་འདི་ལ་འབོད་སྟངས་མི་འདྲ་བ་ཡོད་པ་ཤེས་མཁན་ཡོད་ན་འདིར་བཀོད་གནང་རོགས། ཀརྡོ་ལགས་ཀྱིས་བཀོད་འདུག་པ་ཕན་པོ་བྱུང་།
རང་གི་བུ་ལ་བུ་ཕྲུག་དང་བུའི་བུ་ཕྲུག་ལ་བུའི་ཕྲུག་ཟེར་བ་དེ་འདྲ་གོ་ཡོད་ཤག་ཡིན། ཕྲུག་གུ་འམ་ཕྲུ་གུ་ཟེར་བ་དེ་འདྲ་ཡང་གོ་ཡོད་རྒྱུ་རེད། མིང་ཚིག་འདི་འདྲ་ཞིག་གི་དོན་ལ་ཁུངས་ལུང་རི་རབ་འདྲ་ཞིག་རྩིག་ཨེ་དགོས་ན།
བུ་གུ། བུ་ཕྲུག། ཕྲུ་གུ། ཕྲུག་གུ། གུ་ནི་ཆུང་ཆུང་གི་དོན་ལ་གོ་བ་རེད། བུ་ནི་བུ་རབས་ཚ་རྒྱུད་ཀྱི་བུ་ཡིན་པ་འདྲ།
BONPO ལགས། སྐྱེ་བོའི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས། ཡི་གེའི་མཚན་ཉིད། མིང༌། ཚིག་དང༌། ཡི་གེ་གསུམ་དོན་གཅིག། སྐད་ཡིན་ན་ཁ་སྐད་ཡིན་པའི་ཁྱབ། ཕལ་སྐད་ཡིན་ན་ཡིག་སྐད་ཡིན་པའི་ཁྱབ། ཡིག་སྐད་ཡིན་ན་ཕལ་སྐད་ཡིན་པའི་མ་ཁྱབ།
གནམ་ལགས་་་རྒྱུ་མཚན་འདུག་་་་ཨ་ཁུ་སྨོན་ལམ་གྱི་ཚིག་མཛོད་བཟོ་མཁན་ཚོ་ལ་ལབ་རོགས། བུ་གུ་ནི་བུག་པ་ཆུང་བའི་དོན་ཡིན་ཞེས་བཀོད་འདུག བུ་གུ་དང་ཨི་ཁུང་ཆུང་ཆུང་གཅིག་པ་ཡིན་ཞེས་ཟེར་མཁན་སྨོན་ལམ་ཚིག་མཛོད་རེད་དོ།་་་ཧཧཧ
སྨོན་ལམ་ཚིག་མཛོད་ཀྱི་ནང་དུ་་་་བུ་གུ་་་ཅེས་པའི་དོན་ནི་བུག་པ་ཆུང་བ་ཡིན་ཞེས་གསལ་འདུག ་་་་ཟེར།
བུག་པ་ཆུང་ཆུང་ལ། བུག་གུ་མིན་འགྲོ ལགས།
ཅོ་རི་ཉི་མ་ལགས།
སྐུ་ཉིད་ཀྱིས་་་་་སྐྱེ་བོའི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས། ཡི་གེའི་མཚན་ཉིད་་་་་ཡིན་གསུངས་འདུག། ལྕེ་རྐན་གཉིས་རང་གི་འགྲིག་གི་ཨ་ཡོད་ན་་་སྐྱེ་གནས་བརྒྱད་་་ཟེར་བ་ཞིག་ཡོད་བསམ་སོང་། ད་དུང་ཁྱེད་ཀྱིས་་་་་མིང༌། ཚིག་དང༌། ཡི་གེ་གསུམ་དོན་གཅིག་་་་ཡིན་གསུངས་འདུག་དོན་གཅིག་རང་ད་ཨ་ཡིན་ན། ཞིབ་ཆ་དགོས་ན་རྗེས་སུ་ཞུ་ཆོག། །
བོད་ལ་བཀའ་དང་བསྟན་བཅོས་བྲག་རི་རྩེག་པ་ལྟ་བུ་ཞིག་ཡོད་པ་རེད་་་་ཟེར་ནས་མང་པོ་བཤད་འདུག། བཀའ་དང་བསྟན་བཅོས་བྲག་རི་རྩེག་པ་ལྟ་བུ་ཡོད་པ་ཡིན་ན་ལས་དེ་ཉིད་ཆེད་དུ་སྟོན་པར་བྱེད་པའི་མིང་ཚིག་ཡི་གེ་རྣམས་སྔ་རྗེས་རིམ་པས་ཕྱོགས་བསྡུས་བྱས་ནས་བཟོས་ཡོད་པ་རེད། དེ་ཡང་བྱེད་པོས་རྩོལ་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། ད་ལྟ་ང་ཚོ་ལ་ཐབས་སྐྱོ་ཤོས་དེ་བོད་མི་ཕལ་པ་རྣམས་ཀྱི་སེམས་ནང་གི་ཚོར་བ་དངོས་གནས་དྲང་གནས་དེ་སྟོན་པར་བྱེད་ཐུབ་པའི་ཡི་གེ་འབྲི་ཐུབ་ཀྱི་ཡོད་མ་རེད། སོ་སོའི་ཁ་ནས་དུས་རྒྱུན་པར་སྐད་ཆ་ཤོད་བཞིན་པ་འདི་ཡི་གེར་ཇི་མ་ཇི་བཞིན་འབྲི་ཐུབ་ཀྱི་མི་འདུག། བྲིས་པ་ཡིན་ན་ལས་བརྡ་གསར་བཅད་ཀྱི་ཡིག་ཁྲིམས་དང་འགལ་འགྲོ་བསམ་ནས་དོགས་པ་མང་པོ་ཟ་ཡི་ཡོད་རེད། མི་མང་པོས་དུས་རྒྱུན་སོ་སོའི་ཁ་ནས་ཤོད་བཞིན་པའི་སྐད་ཆ་འདི་ཚོ་ཡི་གེར་ཕབ་ནས་བྲིས་པ་ཡིན་ན་ཏོག་ཙམ་ངོ་ཚ་ཡང་བྱེད་ཀྱི་ཡོད་རེད། བོད་ཀྱི་སྐད་དྭངས་མ་དེ་བོད་མི་་་དམངས་ཕལ་པ་རྣམས་ཀྱི་ངག་ལ་ཡོད་རེད་མ་གཏོགས། ལེགས་སྦྱར་ནི་བོད་ཀྱི་སྐད་མིན་པ་སུས་ཀྱང་ཤེས། ད་དེ་ལ་རེ་བ་མང་པོ་བརྒྱབ་ནས་ཁུངས་ལྡན་བོད་ཀྱི་སྐད་ཡིག་དུར་ཁྲོད་དུ་དུས་ནམ་ཡང་སྐྱེལ་མི་ཉན་སྙམ། དེ་ལས་སོ་སོའི་ཡུལ་སྐད་ལུང་སྐད་ཚང་མ་ཡིག་ཐོག་ལ་ཕབ་གང་ཐུབ་བྱས་ནས་མི་དམངས་དཀྱུས་མས་འབྲི་ཐུབ་པ་དང་ཡིད་ཆེས་པའི་ཡི་གེའི་མིང་ཚིག་ཕྱུག་པོ་ཞིག་བཟོ་དགོས་པར་འདུག། དཔེར་ན་ཉན་ཁ་ཆེ་ཤོས་ཤིག་ནི། དེང་སྐབས་བུ་ཕྲུག་ཚོས་སློབ་གྲྭར་སྦྱོང་རྒྱུའི་བོད་སྐད་བོད་ཡིག་དང་། རང་གི་བྱམས་ལྡན་ཕ་མས་ཁྱིམ་ནང་དུ་རྒྱག་བཞིན་པའི་བོད་སྐད་གཉིས་གཏན་ནས་མི་འདྲ་བ་ཡོད་དུས་ཁོང་ཚོས་བོད་ཀྱི་སྐད་ཡིག་ལ་ཡིད་ཆེས་དང་གདེང་འཇོག་བརླག་སྲིད་པ་རེད། འདི་ནི་ཤིན་དུ་ཉན་ཁ་ཆེན་པོ་ཡིན། དུས་རབས་འདི་ནི་དམངས་ཕལ་པ་རྣམས་ཀྱི་རིག་གཞུང་གཙོ་བོར་བཟུང་ནས་ཡར་རྒྱས་གཏོང་དགོས་པའི་དུས་རབས་ཤིག་ཡིན་པའི་ཡིད་ཆེས་ཡོད། དེ་འདྲ་ཡིན་དུས་ཕལ་སྐད་དང་ཡུལ་སྐད་རེད་ཟེར་ནས་མཐོང་ཆུང་དང་བརྙས་བཅོས་བྱ་རྒྱུ་མཚམས་བཞག་ནས་བོད་ཀྱི་སྐད་ཡིག་འདི་ཕྱུག་པོའི་ནང་ནས་ཕྱུག་པོ་ཞིག་བཟོ་བར་ང་ཚོ་ཚང་མས་འབད་པ་བྱས་ན་ག་འདྲ་ཡོང་ངམ། །
ལྷ་སྒང་ཆོས་གྲགས་ལགས།
༼བོད་པའི་ཤེས་ཡོན་ནི་ད་ལྟའང་་་་ཏོག་ཕུད་་་་བྱ་དགོས་འདུག་ཅེས་ནན་བརྗོད་གནང་འདུག༽
ཏོག་ཕུད་་་ཟེར་བ་འདི་ལྷ་སའི་སྐད་ཡིན་ནམ། གལ་སྲིད་ཡིན་ན་དངོས་དོན་གང་སྟོན་གྱི་ཡོད་དམ། །
དེ་རིང་ང་ཁྲོམ་ནས་ལོག་སྐབས་འགྲུལ་འཁོར་ནང་བོད་རིགས་མ་སྨད་གསུམ་ཡང་མཉམ་དུ་འདུག ཁོ་ཚོས་ཕན་ཚུན་སྐད་ཆ་མང་པོ་བཤད་ཀྱང་མང་ཆེ་བ་ངས་ཧ་གོ་མ་སོང་། གདངས་དེ་རྒྱ་གར་ཨིན་སྐད་ཀྱི་གདངས་དང་འདྲ་བ་ལ་ཚིག་ངོ་མ་དེ་བོད་སྐད་རེད་འདུག ངས་དབུ་ཚུགས་བྱས་ནས་ཉན་ཀྱང་ད་གིན་དེ་ལས་ལྷག་པོ་གང་ཡང་གོ་ཐུབ་མ་སོང་། སྐབས་དེ་རང་ལ་མ་གོ་བའི་རྒྱུ་མཚན་ལ་བསམ་བློ་བཏང་དུས་འདི་ལྟར། ཁོ་ཚོས་སྐད་གདངས་རིང་ཐུང་གང་ལ་ཡང་སྣང་བ་མིན་འདུག་ལ། ལྷག་པར་དུ་ཚིག་ལྷག་མང་པོ་བཅུག་པ་དང་། ཨིན་ཧིན་སྐད་དང་མཉམ་བསྲེས་མང་དྲག་པས་ཡིན་པར་ཤེས་སོང་།
དེས་ག་རེ་གོ་ཡི་འདུག་ཟེར་ན། ཁ་སྐད་ཟེར་བ་འདི་བརྟན་པོ་མེད་པ་ཞིག་དང་། ཡི་གེར་བྲིས་པ་དེ་སྒྲ་གདངས་ཐོན་པར་ཀློག་ཐུབ་པའམ་བར་བརྗོད་ཐུབ་ན་ནུབ་ལ་དྭགས་ནས་ཤར་རྒྱལ་མོ་རོང་གི་བར་སུས་ཉན་ཡང་ཕལ་ཆེར་གོ་ཐུབ། ཅེས་པ་འདི་རེད།
དབྱངས་ཅན་འབངས་ལ་མངོན་པར་བསྟོད།
རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པ་གོ་བས་འཕངས་པོ་བྱུང་། བོད་པའི་སྤྱི་ཚོགས་ན་དེང་སང་གནའ་རབས་ཀྱི་སྙན་ངག་འབྲི་དགོས་ན་ཚིག་སྦྱོར་ཁོང་ལས་ལྷག་པ་མེད་བསམ། ང་དུས་དེབ་ཞིག་གི་རྩོམ་སྒྲིག་པ་ཡིན་དུས། ཁོང་ལ་རྩོམ་ཡིག་ཁ་ཤས་འབོད་སྐུལ་ཞུས་པ་ཡིན། དེ་བཞིན་ཁོང་གིས་གནང་སོང་། དབུ་མེད་ལ་བྲིས་པའི་རྩོམ་ཡིག་འགའ་རེད། ཁོང་གི་དབུ་མེད་དེ་ཀློག་ཁག་པོ་ཞིག་རེད། ཚིག་གི་ཉམས་འགྱུར་ནི་ཧ་ལས་པ་དེ་འདྲ་རེད། ད་དུང་བོད་ཀྱི་རི་ཆུ་གནམ་གྲུ་ལ་མཐོང་པའི་སྐོར་གྱི་སྙན་ངག་ཞིག་ང་ཚོའི་དུས་དེབ་དེར་གནང་མྱོང་། ཕལ་སྐལ་གྱི་ལམ་ནས་བྲིས་པའི་སྙན་ངག་སུས་ཀློག་ན་གོ་ཐུབ་པ་ཞིག་རེད། ཕན་ཚུན་བཀའ་མོལ་གནང་དུས་གུ་ཡངས་མོ་དང་། གད་མོ་དང་བཅས་གསུངས་གླེང་གནང་མཁན་ཞིག་རེད། འོན་ཀྱང་བརྒྱུད་པའི་དགེ་བསྐོས་གནང་དུས་སྒྲིག་ལམ་ཤིན་ཏུ་དམ་པོ་བྱས་པར་གྲགས། ད་དུང་དགེ་བཤེས་བདུན་བརྒྱད་ཅིག་ཚོགས་ནས་གནས་དབྱུང་བཏང་པའི་ལོ་རྒྱུས་ཀྱང་ཡོད། གང་ལྟར་བོད་ཀྱི་རིག་གནས་ཆ་ཚང་ལ་མཁྱེན་པ་རྫོགས་པ་ཁོང་ལྟ་བུ་ཤིན་ཏུ་དཀོན།
༥༡༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༡༩ སྐར་མ་ ༡༠
རཀ་ར་རིན་པོ་ཆེ་དགོངས་པ་རྫོགས་པ་གོ་བས་འཕངས་པོ་བྱུང་། བོད་པའི་སྤྱི་ཚོགས་ན་དེང་སང་གནའ་རབས་ཀྱི་སྙན་ངག་འབྲི་དགོས་ན་ཚིག་སྦྱོར་ཁོང་ལས་ལྷག་པ་མེད་བསམ། ང་དུས་དེབ་ཞིག་གི་རྩོམ་སྒྲིག་པ་ཡིན་དུས། ཁོང་ལ་རྩོམ་ཡིག་ཁ་ཤས་འབོད་སྐུལ་ཞུས་པ་ཡིན། དེ་བཞིན་ཁོང་གིས་གནང་སོང་། ་་་་་་ཟེར། རང་མིང་དང་དུས་དེབ་ཀྱི་མིང་ནི་གསང་བ་ཡིན་པ་འདྲ།
གྲོགས Bonpo ལགས། ཉིད་ཀྱིས་དགེ་ཆོས་མཆོག་གིས་ཡིག་སྐད་དང་ཡུལ་སྐད་གཉིས་ལས་ཡིག་སྐད་གལ་ཆེ་ཚུལ་གསུངས་བའི་དོན་དེར་ཕལ་ཆེར་གོ་བ་ལེན་མ་ཐུབ་པ་འདྲ་སྟེ། ” དགེ་ཆོས་ཀྱིས་ནམ་ཡང་བྱུང་རྒྱལ་དང་འོལ་ཚོད། སྣང་བ་གང་ཤར་དེ་འདྲ་དུས་ནམ་ཡང་གསུང་བར་མི་བྱ ” ཞེས་གསུངས་འདུག ཡིན་ན་ཡང་ངས་ཚང་མ་ལ་ཕན་ན་བསམ་ནས་དགེ་ཆོས་ཀྱི་གསུངས་རྗེན་པ་ལུང་དྲངས་བ་དེ་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་བསྐྲུན་ཞུས་པའི ” དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་གསུམ་པའི་ཤོག་ངོས271—272″ན་གསལ་བས་སྐུ་ཉིད་ནས་དེ་ལ་གཟིགས་པར་འཚལ། གཞན་ཡང་དགེ་ཆོས་ནས་གསུངས་པ་དེ་ནི་བྱུང་རྒྱལ་དང་འོལ་ཚོད། སྣང་བ་གང་ཤར་དུ་གསུངས་བ་ཞིག་གཏན་ནས་མ་ཡིན་པར་བོད་ཀྱི་སྤྱི་ཚོགས་དང་སྐད་ཡིག རྒྱལ་ཁབ་བཅས་ཀྱི་ཆག་འཇིག་ལ་སྔོན་གཟིགས་ཀྱིས་གསུངས་བ་ཞིག་ཡིན་པ་གོར་མ་ཆག དཔེར་ན་ང་རང་གི་ཉམས་མྱོང་སྟེང་ནས་ཞུས་ན་སྔོན་ཆད་ངས <> དང <> སོགས་དབུས་སྐད་གཙོ་བཟུང་གིས་བྲིས་བའི་སྒྲུང་གཏམ་དེ་ཚོ་བརྒྱ་ཆའི་བདུན་ཅུ་ཙམ་མ་གཏོགས་གོ་ཐུབ་ཀྱི་མི་འདུག་ལ། དེ་བཞིན་ཡུལ་ལུང་སོ་སོའི་ཕལ་སྐད་གཙོ་བཟུང་གིས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཀྱང་ཀློག་པ་པོ་རྣམས་ཀྱིས་ཆ་ཚང་བ་ཞིག་གོ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག་པའོ་མྱོང་ཚོར་ཞིག་བྱུང་། དེའི་རྒྱུ་རྐྱེན་ནི་དགེ་ཆོས་མཆོག་ནས་གསུངས་བ་དེ་ལ་ཐུག་ཡོད་ལ། ད་དུང་ཕལ་སྐད་གཙོ་བཟུང་གིས་རྩོམ་ཡིག་མང་པོ་སྤེལ་ཚེ་ནམ་ཞིག་མདོ་རྒྱུད་རིག་གནས་ཀྱི་རྒྱ་མཚོ་ལྟ་བུའི་གླེགས་བམ་འདི་དག་བརྡ་རྙིང་དུ་གྱུར་ཏེ་དེ་ལ་འགྲེལ་བྱེད་ཀྱི་ཚིག་མཛོད་གསར་བ་བཟོད་དགོས་པ་མ་ཟད། དེ་དག་གང་ཐུབ་ཀྱིས་ཕལ་སྐད་དུའང་བསྒྱུར་དགོས་ངེས་རེད་སྙམ། གཞན་ཡང་ད་དུང་ཁྱེད་ཀྱིས “སྟོད་པའིོ་སྐད་དང་། དབུས་སྐད——– ད་དུང་རྒྱལ་རོང་གི་སྐད་དང་ཚྭ་བ་རོང་གི་སྐད་”
ངཌདངསསདགདགདང
སོགས་ཧ་ལས་པའི་ངོ་མཚར་སྟོང་ལྡན་གྱི་བོད་ཀྱི་སྐད་རིགས་མི་འདྲ་བ་དུ་མ་ང་ཚོའི་ཕ་ཡུལ་གངས་ལྗོངས་སུ་སྔར་ནས་དེང་གི་བར་འཚོ་གནས་སུ་ཡོད། འདི་ཚོས་མི་རིགས་ཁ་བྲལ་བཏང་བའི་ལོ་རྒྱུས་ད་ལྟའི་བར་ཕལ་ཆེར་བྱུང་མེད་ཟེར་ནའང་འགྲིག་པ་ཡོད་རེད། ” ཅེས་གསུངས་འདུག་པ་འདི་ནི་ཉིད་ཀྱིས་ལུང་ཚན་རེར་ཡུལ་སྐད་མ་འདྲ་བ་རེ་ཡོད་པ་བརྗོད་པ་ལས་ཡིག་སྐད་ཀྱིས་བོད་སྤྱིའི་རིག་གཞུང་གི་རྩ་བ་ཟིན་ཡོད་པ་རྟོགས་ཡོད་ཚོད་མི་འདུག ལུང་ཚན་སོ་སོའི་ཡུལ་སྐད་གཙོ་བཟུང་གིས་རྩོམ་ཡིག་སྤེལ་ཚེ་ལུང་ཚན་དེ་རང་གི་མིས་མ་གཏོགས་བོད་མི་ཡོངས་ཀྱིས་ཆ་ཚང་བ་གོ་མི་ཐུབ་ལ། དེ་ལྟར་དུས་ཡུན་གང་མཚམས་ཤིག་འདས་ཚེ་ལུང་ཚན་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ཡོངས་སུ་རྫོགས་པ་ཐ་དད་དུ་གྱུར་ཏེ་རིམ་གྱིས་བསམ་པའི་འཁྱེར་སོ་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་འགྲོ་ངེས་བ་ཞིག་རེད་སྙམ། ལར་ནས་དགེ་ཆོས་མཆོག་གིས་ཡིག་སྐད་བེད་སྤྱོད་གཏོང་གལ་ཆེ་ཚུལ་གསུངས་ཡོད་པ་ལས་རང་ངོས་ནས་ཡུལ་སྐད་འདྲ་མིན་ཤེས་ན་སྐྱོན་ཡོད་ཚུལ་གསུངས་མེད་པ་མཁྱེན་པར་མཛོད།
བོད་མིའི་སྒྲིག་འཛུགས་ཀྱིས་རག་ར་མཆོག་ལ་མྱ་ངན་གྱི་རྣམ་པ་འདྲ་བསྟན་ཡོད་དམ་མེད། དེ་ལ་རྒྱུ་མཚན་ཅི་ཡོད་དམ། ཁོང་གི་ཚ་བོ་འཇམ་དབྱངས་ནོར་བུས་དུས་ཐོག་ཏུ་མྱ་ངན་རྗེས་དྲན་ཚོགས་འདུ་ཞིག་ཀྱང་མ་བསྐོངས་པའི་རྒྱུ་མཚན་གང་ཡིན་ནམ།
མི་མང་པོ་ཞིག་གིས་ཁོང་སྐུ་གཤེགས་ནས་ལོ་གཅིག་འཁོར་ལ་ཉེ་རག་བར་དུ་གནས་ཚུལ་དེ་མ་གོ་བའི་རྒྱུ་མཚན་ཅི་ཡིན་ནམ།
མཆན་༤༩་པ་དབྱངས་ཅན་འབངས་ལགས།
ཁྱེད་ཀྱིས། ༼ཁ་སྐད་ཟེར་བ་འདི་བརྟན་པོ་མེད་པ་ཞིག་དང་། ཡི་གེར་བྲིས་པ་དེ་སྒྲ་གདངས་ཐོན་པར་ཀློག་ཐུབ་པའམ་བར་བརྗོད་ཐུབ་ན་ནུབ་ལ་དྭགས་ནས་ཤར་རྒྱལ་མོ་རོང་གི་བར་སུས་ཉན་ཡང་ཕལ་ཆེར་གོ་ཐུབ། ཅེས་པ་འདི་རེད།༽ གསུངས་འདུག། ངས་ཁ་སྐད་གལ་ཅེན་དུ་བརྩི་བཞིན་པ་དེ་་་ར་མ་ལུག་གི་སྐད་་་ལ་གཏན་ནས་ལབ་ཀྱི་མེད། ཕ་ཡུལ་གངས་རིའི་ལྗོངས་ཀྱི་ཡུལ་ལུང་སོ་སོར་ཕ་མེས་ཡང་མེས་ནས་རིམ་པར་བརྒྱུད་པའི་རིན་བྲལ་ཕ་སྐད་གཙང་མ་ཁག་ལ་དམིགས་ནས་བཤད་པ་ཡིན། དངོས་པོ་གང་ཡིན་པ་ཡིན་ན་ལས་ཏོག་ཙམ་དུས་ནས་དུས་སུ་འགྱུར་བ་འགྲོ་བ་ནི་གཤིས་ལུགས་རེད། ཡིག་སྐད་ཡིན་པ་ཡིན་ན་ལས་དུས་ནས་དུས་སུ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དཔེར་ན་ཉེ་དུས་གཅིག་པུ་ལ་ཆགས་བཞག་པ་ཡིན་ན་ལས། རྡ་རམ་ས་ལའི་ཡི་གེ་འབྲི་སྟངས། མི་རིགས་སློབ་ཆེན་ཟེར་བ་ནས་ཐོན་ཡོང་བ་ཚོའི་ཡི་གེ་འབྲི་སྟངས། འདི་གཉིས་བོད་སྔ་རབས་ཀྱི་ཡི་གེ་འབྲི་ཚུལ་དང་ཕལ་ཆེར་མཐུན་གྱི་ཨ་ཡོད་ན་བསམ་གྱི་འདུག། འོན་ཀྱང་ཁྱེད་ཚོས་གཟིགས་དང་། །
དེང་སྐབས་བྲིས་སྟངས་མང་པོ་ཞིག་ལ་སྐད་ཡིག་གཞན་གྱི་རྩོམ་འགྲོས་ཀྱི་ཤན་བགོས་ཡོད་པ་གསལ་པོ་རེད། དེ་ནི་བཤད་སྟངས་ཀྱི་ཉམས་འགྱུར་ལ་ཕྱིན་པ་ལས་འཆད་བྱེད་ཀྱི་མིང་ཚིག་ལ་འགྱུར་བ་དམིགས་བསལ་ཕྱིན་མེད།
འོན་ཀྱང་བརྡ་དག་དང་མཐུན་མིན་བལྟ་མི་དགོས་པའི་ཁ་སྐད་དག་དར་ཆེ་ན་བརྡ་དག་གི་གཞུང་ལུགས་དང་བར་ཁྱད་ཇེ་ཆེར་སོང་སྟེ་མཐར་བསྟན་བཅོས་པའི་འབྲི་སྲོལ་དང་ཁ་སྐད་འབྲི་སྲོལ་ཞེས་ཐ་དད་པ་གཉིས་ཆགས་པར་འགྱུར་ཞིང་། མི་རྣམས་རང་གི་བར་དགའ་བ་དེ་གཤིས་ལ་གྲུབ་པས་ཕྱི་མ་བདེམས་པར་དོགས་པ་མེད་ལ། ཁ་སྐད་ནི་སྒྲ་གདངས་ལ་བལྟོས་པ་མ་གཏོགས་བརྡ་དག་གི་སྒྲིག་ལམ་ཅི་ཡང་མེད་པས་རང་སྣང་གང་དྲན་བྲིས་ནས་གཏད་སོ་ཅི་ཡང་མེད་པའི་བོད་ཡིག་ཅིག་དེའི་ཚེ་འགྲུབ་པར་འགྱུར་བ་ཐེ་ཚོམ་མེད་དོ།།
དཔེར་ན་འདི་ག་འབྲས་སྤུངས་ལ་དོ་ཁང་གཉིས་ཡོད། སྔོན་མ་ངས་དེའི་རྩིག་ངོས་ལ་འདི་འདྲ་ཞིག་བྲིས་འདུག་དྲན། “ཚུང་མ་ཅ་པ་ཟོ།” ཧ་ཧ་འབྲི་མཁན་དེས་ཡིན་རྒྱུ་ “ཚང་མ་སྐྱག་པ་ཟོ།” བྲིས་པའི་ཁུལ་རེད།
དེ་འདྲ་རང་བྱས་ནས་ཕྱིན་པ་ཡིན་ན་གང་འདྲ་ཡོང་ས་རེད་ཚང་མས་བསམ་བློ་ཐོངས་དང་།
ནོར་བཅོས།: ཉམས་འགྱུར་ལ་འགྱུར་བ་ཕྱིན་པ་ལས་
སྐད་ཅེས་པ་འདི་ནམ་ཡང་འགྱུར་བ་འགྲོ་བའི་ཆོས་ཉིད་ཅན་ཞིག་ཡིན་པ་དང་། དེ་ཤེས་ཀྱི་མེད་ལ་སྐད་ཆ་མ་ཤོད་ལོ། དེ་ལ་བཙན་པོ་དང་གཡོ་སྒྱུ་སོགས་ཀྱིས་བཀག་སྡོམ་བྱེད་ཐུབ་ཀྱི་མ་རེད་དཱ། འཛམ་བུ་གླིང་འདིར་སྐད་སྒྱུར་བ་མི་འགྲོ་མཁན་ཞིག་སྟོན་དང་། འཛམ་གླིང་ནང་ལ་སྐད་སྒྱུར་བ་འགྲོ་ཡས་མེད་པ་སྐད་ལྗང་བུ་དེ་ཚོ་སྟོང་འགྲོ་བཞིན་ཡོད། སྐད་དེས་བཀོལ་བ་བོར་ལྟོ་གོས་དང་བསམ་བློར་ཕན་ཐོགས་ཅིག་ཀྱང་མེད་ཙང་སྐད་དེ་རིན་ཐང་ཨ་ན་གཅིག་མེད། དེ་མིན་ཆོས་དང་གཞུང་རྙིང་པ་རེ་གཉིས་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཁོ་ནའི་སྐད་ཅིག་ཡིན་ན། སྔ་རྗེས་མ་གཏོགས་སྐད་དེ་ཡང་ཤི་འགྲོ་གི་རེད།
མི་ལ་འགྱུར་བ་དང་སྤྱི་ཚོགས་འགྱུར་བ་ཐེབས་ནས་སྐད་ལ་འགྱུར་བ་གཏོང་དགོས་ངེས། དེ་ལྟར་མིན་ན། སྐད་དེ་ང་ཚོའི་ལྟོ་གོས་དང་འབྲེལ་བ་མེད་པའི་ཆོས་སྐད་འབའ་ཞིག་ཏེ། སྔོན་མ་སོག་ཡུལ་དང་སྐུ་འབུམ་ནང་ལ་དར་བའི་བོད་ཡིག་ལྟ་བུ་རེད། ས་དེ་གཉིས་ལ་བོད་སྐད་ཤེས་མཁན་མེད། བོད་ཡིག་ཐ་ཐོར་ཐོག་ལ་འདོན་པ་དང་སྨོན་ལམ་རེ་གཉིས་སྐྱོར་ནས་བྱ་བ་ཕལ་ཆེ་བར་སྐད་གཞན་པ་བཀོལ་བཞིན་ཡོད། ངས་བལྟས་ནས་ང་ཚོས་བསམ་བློ་རྒྱ་ཆེ་པོ་བཏང་ནས་ཐབས་ཤེས་མ་བྱས་ན་བོད་ཡིག་དེ་རྗེས་མ་འདི་ལྟ་བུའི་ལམ་ལ་འགྲོ་རྒྱུ་རེད། དགོས་པའི་ད་ལྟའི་རྣམ་པར་མཁོ་བའི་ཐ་སྙད་དེ་ཚོ་བསྡུ་སྒྲིག་དང་གཅིག་འགྱུར་མ་བཟོ་བར། མི་དགོས་བཙན་དབང་ཐོག་ནས་སློབ་གྲྭ་ཁག་གི་ནང་ལ་ས་སྐྱ་ལེགས་བཤད་དང་རྟོག་གེ་བའི་གཞུང་མཁྲེགས་པོ་ལྟོ་གོས་ལ་འབྲེལ་བ་དང་ཕན་ཐོགས་མེད་པ་འདི་དག་ལ་ཕྲུ་གུ་རྣམས་བཙན་བཀོལ་བྱེད་པ་ནི་སྐད་འདི་རུལ་བར་བྱེད་པའི་ཆང་རྩི་ཨ་ན་མ་ན་འདི་རེད། ཁྱོད་ཚོ་མུ་མཐུད་ཆང་རྩི་འདི་རྒྱོབ་དང་ཉིན་གཅིག་ཚང་མ་མཉམ་དུ་རུལ་འགྲོ་གི་རེད།
རཀ་ར་རིན་པོ་ཆེས་ཆོས་ཚིགས་དང་ཕལ་སྐད་བར་གྱི་བར་སྟོང་དེ་བསྐང་དགོས་པ་མང་པོ་གསུངས་སོང་། ཡང་ཁོང་གིས། བོད་ཀྱི་རྒྱལ་གླུ་ལྟ་བུ། སློབ་ཕྲུག་ཚོར་འགྲེལ་བཤད་རྒྱབ་ཁག་པོ་རེད། ། ཁོང་ཚོར་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཞེས་ཆོས་ཚིགས་མཐོན་པོ་དེ་འདྲ་འགྲེལ་བཤད་ག་འདྲ་ཞིག་རྒྱབ་དགོས་རེད་ཅེས་གསུངས་པ་དྲན་བྱུང་།
ད་བོད་ཀྱི་སྐད་ཡིག་གི་སྐོར་ལ་དམག་འཁྲུགས་ཡིན་པ་འདྲ། བོད་ཀྱི་བརྡ་དག་ནི་ཤོག་ཏུག་འབྲི་རྒྱུ་ལས་དངོས་སུ་ལག་བསྟར་གྱི་སྐད་ཆ་ཤོད་སྐབས་དེ་ཚོ་བེད་སྤྱོད་མེད་པ་ཞིག་རེད་འདུག གཟིགས་དང་་་་་བོད་མི་ཚོས་་་་ང་འགྲོ་གི་ཡིན་དྭ་་་་་ཞེས་སྨྲ་བ་ལས་་་་ང་འགྲོ་ཡི་ཡིན་ཞེས་སྨྲ་མཁན་མེད། འོན་ཀྱང་བོད་སྟོད་ཕྱོགས་པ་མང་པོས་་་ང་ཟ་ཡི་ཡིན། ང་འགྲོ་ཡི་ཡིན། ང་ན་ཡི་འདུག་ཅེས་བརྗོད་ཀྱིན་ཡོད། དེ་ཚོར་དོ་སྣང་བྱེད་མཁན་མེད། དབྱིན་སྐད་ནི་དེ་ལྟར་མིན་པ་་ཡིག་ཐོག་དང་ངག་ཏུ་བརྗོད་པ་གཉིས་ཀ་མཉམ་དུ་བེད་སྤྱོད་བྱེད་ཀྱིན་ཡོད། ད་གང་ལྟར་སྔར་སྐད་གསར་བཅད་བྱས་པ་རེད་ལ། ད་ཡང་སྐད་གསར་བཅད་འགྲོ་རྒྱུར་ཉག་གཅིག་རེད། དེ་དུས་ཀྱི་འགྱུར་ལྡོག་རེད། ད་ལྟ་བོད་མི་ཚོས་ཏུན་ཧོང་གི་ཡིག་རྙིང་དེ་ཚོ་གོ་མཁན་ཤིན་ཏུ་ཉུང་བར་ཆགས་པ་ནི་སཉཀད་ནི་རིམ་གྱིས་འགྱུར་བའི་རྒྱུ་མཚན་རེད།
ཡབ་ཆེན་དགེ་ཆོས་བོད་དུ་གཤེགས། །
སྲས་ཆེན་རཀ་ར་སུད་སིར་གཤེགས། །
དགེ་ཆོས་ཡབ་སྲས་རྣམ་གཉིས་ཀྱི། །
གསུང་རྩོམ་རྟག་ཏུ་རྒྱལ་འགྱུར་ཅིག །