བཙན་བྱོལ་ནང་གི་སྐད་གྲགས་ཅན་གྱི་སྙན་ངག་པ་དང་ཡིག་སྒྱུར་མཁས་པ་རྒན་པ་རཀར་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་ཉིན་མོ་དང་སྟབས་བསྟུན། ངེད་ཁ་བརྡ་དྲ་དེབ་ངོས་ལ་དེ་རིང་ནས་ཉིན་བདུན་རིང་ཁོང་གི་མཛད་པ་འཕྲིན་ལས་ལ་རྗེས་དྲན་སྲུང་བརྩི་བྱེད་རྒྱུ་ཡིན། བཀུར་འོས་རྩོམ་པ་པོ་རྣམས་ཀྱིས་དེར་འབྲེལ་བའི་རྩོམ་ཡིག་གང་མང་བསྐུར་བར་འབོད་སྐུལ་ཞུ། དེ་རིང་ནས་ཉིན་བདུན་རིང་རྡོ་རྗེ་དབང་ཕྱུག་གིས་ཁོང་གི་རྗེས་དྲན་དུ་བྲིས་པའི་རྩོམ་ཡིག་དུམ་བུ་རེ་རེ་ཁ་བརྡ་དྲ་དེབ་སྟེང་མུ་འགོད་ཞུ་རྒྱུ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས།
གཅིག རིན་པོ་ཆེའི་རང་རྣམ་རྟ་ཐོག་མ།
རྡོ་རྗེ་དབང་ཕྱུག་གིས།
ཕྱི་ཟླ་ ༧ ཚེས་ ༡༠ ཉིན་ནི་རཀར་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་དགུང་གྲངས་ ༨༧ ལ་སྐུ་གཤེགས་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་ཆགས་ཡོད། ད་ལམ་འདིར། རིན་པོ་ཆེ་མཆོག་དང་མཇལ་བའི་བརྒྱུད་རིམ་ནང་། དཔེ་ཁྲིད་ཞུས་པ་དང་། གསུང་རྩོམ་རིགས་མཇལ་ཀློག ཡིག་ལམ་ནས་མཇལ་མོལ། དངོས་མཇལ་བཅས་ཀྱི་གོ་སྐབས་སྣ་ཚོགས་ཤིག་བྱུང་ཁྲོད་ནས། དེ་རིང་ཞུ་འདོད་པ་གཅིག་དེ། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༧ པའི་ནང་རིན་པོ་ཆེ་མཆོག་ལ་རང་རྣམ་ཞིག་ལྗགས་རྩོམ་ངེས་གནང་ཡོང་བའི་སྙན་ཞུ་ཞིག་ཕུལ་བར། ཕྱི་ལོ་༢༠༠༡ ཟླ་ ༨ ཚེས་ ༤ ཉིན་ཕྱག་བྲིས་དང་ལྷན་རང་རྣམ་མདོར་བསྡུས་ཤིག་གནང་སོན་བྱུང་བ་དེ་སྐོར་ཡིན། དེ་ནི་གཤམ་གྱི་འདི་ཡིན།
“ངོས་རང་གི་མི་ཚེའི་ལོ་རྒྱུས་གང་རྒྱས་ཤིག ཁྱེད་རྣམས་ཀྱི་ཆེད་དང་། སྤྱི་དོན་གྱི་ཆེད། ཕྱི་རབས་ཀྱི་ཆེད་བཅས་ཆེད་གསུམ་གྱི་དོན་དུ་བྲི་དགོས་གསུངས་པ་ལྟར། ངེས་པར་དུ་འབྲི་འདོད་ཡོད་ཀྱང་། འབྲུག་པ་ཀུན་ལེགས་ཀྱིས། རང་སའི་བླ་མ་བསྟོད་པར་འདོད་ན་ཡང་། །མ་བྱས་བྱས་ཀྱི་རྣམ་ཐར་མང་པོ་ཞིག །བླུན་པོ་དགའ་ཡང་མཁས་པ་ཁྲེལ་བའི་རྒྱུ། །ཀུན་ལེགས་རང་བཞིན་བརྗོད་པའི་རྣམ་ཐར་ཡིན། །གསུངས་པ་ལྟར། ངོས་རང་རང་ལ་ག་ལ་བསྟོད་ཀྱང་། དེ་འདྲའི་ཚིག་ཐལ་ཤོར་ན་གོང་བཞིན་དུ་འགྱུར་ངེས་པས། དེ་བས། ཕ་ས་དབང་དམ་པ་སྡེ་དགེ་སྤྱི་ཁྱབ་དམག་དཔོན་སྐབས། བུ་རིག་འཛིན་རྣམ་རྒྱལ་༼སྐྱེས་དུས་ཀྱི་མིང་༽གྱི་མགོ་སྟེང་ལ། རཀརའི་སྐྱེ་བ་ཡིན་ཟེར་བའི་དམ་ཕྲུག་ལན་གཉིས་ཕོགས། དེས་ནས་ངོས་རང་བླ་མ་ཡིན་བསམ། མི་གཞན་གྱི་མགོ་ལ་རྐང་པ་དང་ལག་པ་བཞག དད་པ་ཅན་ཚོས། འདི་ཡིན་ན་བླ་མ་རང་ཡིན་པ་འདྲ། དབུ་ཆེན་པོ། མཁུར་ཚོས་དམར་པོ། སྐུ་ཤ་འབྱོར་པོ་ཟེར། མགོ་དང་། མཁུར་ཚོས། གཟུགས་པོ་རྒྱགས་པ་མེད་ན། བླ་མའི་གྲལ་ལ་མི་ཚུད་པ་འདྲ།
དེ་ནས་དགོན་པར་ཞུགས། སྟབས་ལེགས་ཤིག་ལ་དགེ་རྒན་རྣམས་ཤིན་ཏུ་བྱམས་ཤིང་གཟིགས་རྒྱ་ཆེ། སོག་པོ་དགེ་རྒན་ཞིག་ནས་འགྲམ་ལྕག་ཞིག་བཟེད། དེ་ནི་རང་གི་ཁ་སྡོད་མ་ཚུགས་པས་ལན་པ་ཡིན།
དེ་ནས་ལོ་བཅུ་གཉིས་ཙམ་ནས། ཕ་མ་གཉིས་ཀ་ཕྱི་མའི་ལམ་ལ་ཕེབས་དགོས་བྱུང་། སྤུན་སྲིང་མོ་བཞི་དང་བུ་གསུམ་དྭ་ཕྲུག་ཏུ་གྱུར། ཡིན་ནའང་། འཚོ་བས་ཕོངས་པ་མ་བྱུང་། བླ་མའི་ས་ཆ་ཟིན་ནས་གཞུང་ཆེན་ལ་སྦྱངས་ཁུལ་བྱས། ལོ་ ༢༠ ལ་བླ་བྲང་གི་ཕྱག་མཛོད་ཀྱིས། བླ་མ་འབུལ་སྡུད་པ་བཟོ་འདོད་ནས་དགེ་བཤེས་གཏོང་ཟེར། དེ་དུས་འབྲས་སྤུངས་ལ། བླ་མ་གཞུང་ཆེན་མཐར་མ་ཕྱིན་ཡང་། ལྷ་ལྡན་སྨོན་ལམ་དུ་ལྷ་རམས་པའི་གྲལ་དུ་འགྲོ་ཆོག་པའི་དམིགས་བསལ་ཡོད། ཡིན་ནའང་། དེ་དུས་ལོ་ཆུང་ཡང་། དབུ་ཕར་འདུལ་བ་གསུམ་རང་མགོ་ཐོན་ཙམ་ཡོད། ལྷ་ས་ཇོ་ཁང་དུ་དམ་བཅའ་བཞག ལྷ་རམས་ཨང་ཀི་ལྔ་པའི་ཚོད་དུ་ཡོད་ཀྱང་། བླ་མ་ལོ་གཞོན་ན་དཔེ་ཆ་ལ་བལྟ་མི་ཡོང་ཟེར་ནས། ཨང་ཀི་བདུན་པ་ལ་ཕབས། ཡིན་ནའང་། ཨང་མེད་མིན། དེ་ནས་རྒྱུད་སྨད་དུ་ཞུགས། རྒྱུད་པ་སྔགས་རམས་པའི་འདོན་ཆ་ཆ་ཚང་བཟུང་། རྒྱུད་སྐད་ཀྱང་འབྲུག་སྒྲ་ལྟར་ག་ལ་འོང་ཀྱང་། དུང་དཀར་ཙམ་ཡོད། ལོ་བརྒྱད་དགུའི་རིང་མི་ཚེ་འདིའི་རིང་གི་འཚོ་བ་སྐྱིད་ཤོས་དེ་དེ་དུས་ཉམས་སུ་མྱོང་། གྲྭ་རྐྱང་བྱས་ཏེ་ཡར་རིམ་གྱིས་སོང་། དམིགས་བསལ་མེད།
དེ་ནས་ལྷ་སར་སྡོད་རིང་། ལང་ཚོ་འཕེལ་བཞིན་པའི་སྐབས་དེར། དགེ་འདུན་ཆོས་འཕེལ་མཇལ། རིག་གནས་ཀྱི་མ་བྱན་༼མ་ཧཱ་ཛ་ན རྒྱ་གར་བས་ཁ་ལག་བཟོ་མཁན་ལ་ཟེར༽ བསླབས། བྲོ་བ་རྙེད། འདོད་པའི་བྲོ་བའང་རྙེད་ལ་ཁད་དུ་གྱུར་ནས། དགེ་འདུན་ཆོས་འཕེལ་ལ། ཨའུ། ད་ང་གྲྭ་པ་ཡོང་བ་མི་འདུག་ཟེར་དུས། ཁོང་གིས། ཅི་ཟེར། དེ་འདྲ་མ་ཤོད་གསུངས། ངས། མཛེས་མ་དང་དགའ་མ་མཐོང་ན་དགའ་བཞིན་འདུག་ཞུས། ཁོང་གིས་གད་མོ་བགད་ནས། དེ་འདྲ་ཡིན་ན། ཁྱོད་བུད་མེད་མཛེས་མ་ཞིག་གི་པར་ཞིག་འཁྱེར་ཏེ། ཁྱི་དང་ཞི་མི་ལ་སྟོན་དང་། ཁོང་ཚོས་ཅི་བྱེད་ལྟོས་གསུངས། ང་གད་མོ་ཤོར། ཁོང་གིས། ང་གཉིས་རིག་གནས་ཁྲིད་མ་ཚར་བར་དུ། ཁྱེད་ཀྱིས་གང་བྱུང་མང་བྱུང་མ་བྱེད་ཨང་གསུངས། ངས། དགེ་འདུན་ཆོས་འཕེལ་ལགས་ཁྱེད་རང་ཆུ་ལ་གཡུག་མི་ཡོང་ཞེས་ཞུས།
དེ་ནས་རྒྱུད་པའི་དགེ་བསྐོས་ཚར་ཏེ་ཇོ་ཁང་དུ་སོང་། ཇོ་བོ་རིན་པོ་ཆེ་ལ། ངས་འདུལ་བའི་ལུགས་སྲོལ་བཞིན་སྡོམ་པ་ཕུལ་འདོད་ཀྱང་། དགེ་བཤེས་ཚོས་ནི། དམག་གི་སྐབས་ཡིན་ན་མ་གཏོགས་སྡོམ་པ་ཕུལ་མི་ཆོག དམག་གི་སྐབས། ལག་པ་གཡུག་ཙམ་བྱས་ན་འཐུས་ཟེར་བས། ང་དམག་བྱེད་འདོད་མེད་པས། ངའི་སྡོམ་པ་བཞེས་རོགས་གནང་ཞུས། ཡིན་ནའང་། སྡོམ་པ་མི་རང་ལ་ཕུལ་དགོས་པས། ངས། རང་གི་རྩ་བའི་བླ་མ་རྨོག་ལྕོག་རིན་པོ་ཆེ་སྐུ་གོང་མ་ལ། ད་ཨ་ཕོ་ཁུངས་འཁྱོལ་བ་མི་འདུག་ཅེས་ཡི་གེ་ཕུལ། དེའི་རྗེས་སུ་མཇལ་ཡང་མི་དགྱེས་པའི་རྣམ་པ་ཙམ་ཡང་མ་བསྟན། དེ་ནས་བུ་མོ་ཡིད་འོང་མ་ཞིག་ལ་ལུས་ཀྱི་སྡོམ་པ་ཕུལ།
དེ་ནས་རྒྱ་གར་ལ་ཡོང་། དགེ་ཆོས་ཀྱི་སྦྱིན་བདག་ཨུ་རུ་སུ་རོལ་རིག་ནས་སཾཀྲིཏ་འགོ་བཙུགས་ལོ་གཉིས་བསླབས། དེ་ནས། Shantiniketan ལ་ལོ་གཉིས་ལྷག་བསྡད། དེ་ནས་ Poone ལ་ལོ་ཕྱེད་དང་གསུམ་བསྡད་སཾཀྲིཏ་སྦྱང་། དེ་ནས་ ༡༩༥༥ ལོར་སྟོན་པ་མྱ་ངན་ལས་འདས་པའི་ལོ་ཉིས་སྟོང་ལྔ་བརྒྱ་ལ། རྒྱལ་བ་པཎ་ཆེན་རྣམ་གཉིས་རྒྱ་གར་དུ་ཕེབས་ལོར་ All India Rdiv བོད་པའི་སྡེ་ཚན་ཚུགས་རྗེས་ལོ་གཅིག་ནས། ངོས་རང་ཡོང་དགོས་ཟེར་བ་བཞིན་སོང་། དེར་ལོ་གཅིག་རྗེས་ལ་དྭགས་མོ་ཞིག་གཏན་གྱི་འདུན་མར་ཐོབ།
༡༩༥༩ ལོ་མཇུག་ཏུ་སུད་སི་ནས་བོད་པའི་སྐྱབས་བཅོལ་ཕྲུ་གུ་ཉི་ཤུ་ལེན་པའི་ཕ་ཚབ་མ་ཚབ་ལ། ངེད་གཉིས་འོས་ཞེས་ལྟག་མཚེར་རིན་པོ་ཆེ་ནས་གསུངས་འདུག་པས། ཉམས་མྱོང་གང་ཡང་མེད་པར། ༡༩༦༠ ལོར་སུད་སིར་ཡོང་ནས་འདི་ཟླ ༨ ་ཚེས་ ༡༧ ལ་སུད་སིར་སླེབས་ནས་ལོ་ ༤༠ སོང་། ༡༩༦༠ ནས ༡༩༨༧ བར་ Pestalozzi བུ་གྲོང་དུ་བོད་ཁང་དང་པོ་ཡུམ་བུ་བླ་སྒང་གི་ཕ་ཚབ་དང་། དེ་ནས་ ༡༩༨༧ ལོར་བོད་ཁང་ཁྲི་སྲོང་མངོན་དགའ་གཉིས་ཀྱི་བོད་ཕྲུག་ཚོར་བོད་ཡིག་དགེ་རྒན་བྱས། ཁྱོན་ ༡༩༨༩ བར་བོད་ཕྲུག་དགུ་བཅུ་གོ་གཉིས་ཀྱི་དགེ་རྒན་བྱས། དེ་ནས་རྒན་ཡོལ་ཐོབ། ༡༩༩༥ ལོར་རྡ་ས་ཨ་མྱེས་རྨ་ཆེན་བོད་རྒྱལ་ཡོངས་རིག་གནས་ཚོགས་ཆེན་དུ་ཡོང་དགོས་ཞེས་ལྟར་སོང་། དེ་རྗེས་གཟིམ་ཆུང་ནས། སྙན་སུམ་དཔེ་ཁྲིད་ཐུབ་ན་ཞེས་བཀའ་ཕེབས་པ་ལྟར། སྙན་སུམ་རིག་གནས་ཀྱི་ཞིབ་འཇུག་ལ་མགོ་ཡེངས་ཏེ། ལོ་གཞོན་དུ་སོང་། དྲན་རྒྱུ་རྒོད་དུ་སོང་། དེ་སྐབས་སངས་རྒྱས་ཀྱི་སྤྱོད་པ་གཙང་བྲིས་ཞུས་དག་བྱེད་མུས་དང་། དེ་ཞོར་རྒྱལ་དབང་ཚངས་དབྱངས་ཀྱི་གསུང་མགུར་རྒྱས་པའི་མ་དཔེ་ཞིག་ཐོབ་པ་དེ་ལ་འགའ་ཤས་ཀྱིས་དད་པ་ཡིན་ཁུལ་གྱིས་གསུང་ངོ་མ་ལ། སུམ་རྟགས་ཀྱི་དཀྱུས་སར་འགྲིལ་རྩིས་བྱས་འདུག་པར་དེ་ཚོར་དེང་སང་ཞིབ་འཇུག་བྱེད་མུས་སུ། སླར་ཡང་ལོ་གཅིག་གཞོན་དུ་འགྲོ་བཞིན་པ་ཡིན་པས་དེ་དོན་དགོངས་འཇགས་བྱོས། ངའི་རྣམ་ཐར་རྒྱས་པ་རིམ་པས་འབྲི་མགོ་ཚུགས་རྒྱུ་ཡིན་པས། དེ་ཐོག་བོད་ཀྱི་སྲིད་དོན་འཕོ་འགྱུར་སོགས་ཀྱི་སྣོན་མ་མང་པོ་ཞིག་འདེབས་དགོས་འདུག་པས། གང་སར་དཔྱད་པ་བྱེད་བཞིན་པ་ཡིན།” ཞེས་ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༤ ལ་ཆེད་བྲིས་གནང་བ་སོན།
དེ་རྗེས་བསྐྱར་སྐུལ་ཞུ་ཡིག་ཅིག་ཕུལ་བར། ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཚེས་ ༥ འཁོད་ཕྱག་བྲིས་སྩལ་སོན་ནང་། “ངོས་ལ་བླ་མའི་མིང་ཡོད་ནའང་། མ་ལ་བུ་འཁོར་དུས་དགུན་ཁར་མེ་ཏོག་ཤར་བ། ཤིང་ཐོག་སྨིན་པ། སྐྱེས་དུས་ཁང་ཐོག་ནས་འོ་མ་བབས་པ། རང་གི་ཕ་མ་སྤུན་མཆེད་ངོ་མ་ཤེས་གོང་ནས། སྐུ་གོང་མའི་སྦྱིན་བདག་དང་། ཕྱག་མཛོད་གསོལ་དཔོན་ངོ་ཤེས་པ་སོགས་ཀྱི་རྟགས་མཚན་གང་ཡང་མེད་སྟབས་རང་རེའི་སྤྱི་ཚོགས་ལ་མཁོ་བའི་ལོ་རྒྱུས་སྙན་པོ་ཞིག་ཨེ་ཡོང་།” ཞེས་དང་། “ཨ་ལ་རྩེད་མོ་མ་གཏོགས་འདི་འདྲ་བྲི་དགོས་ཟེར་མཁན་ཁ་ཤས་བྱུང་བས། ངེས་པར་བྲི་རྒྱུ་ཡིན་ཡང་ད་ལྟ་རྩོམ་གཞི་རབ་རོབ་ཞིག་བཏིང་ཐུབ་མ་སོང་ཡང་གང་མྱུར་བྱེད་རྩིས་ཡོད” ཅེས་བཀོད་གནང་འདུག
ད་ལམ་རིན་པོ་ཆེ་ཁོང་གི་རང་རྣམ་མདོར་བསྡུས་འདི་མགོ་རྒྱན་དུ་སྤེལ་བའི་རྗེས་འབྲེལ་དུ། ཁོང་གི་སྐོར་ཕྱིར་རྟོག་གི་དྲན་སྣང་འཆར་སྣང་དག་ཡི་གེར་འདེབས་པར་ཞུགས་པ་ཡིན། ཁོང་གི་སྐོར་ལ་དྲན་ཐོ་ཚིག་འགའ་འབྲི་བར་འདོད་པ་རྣམས། རིམ་པས་འབྲི་སྤེལ་ཞུ་རྩིས་ལགས།
ཤི་ཏུ་ནི་ལེགས་སོ། ཁོང་གི་ཞལ་རྩེད་ངང་ནས། ང་གྲྭ་ལོག་མིན། ང་སྐྱ་བོ་ཡིན་ཞེས་དེ་འདྲ་གསུངས་ཐོས། ང་གྲྭ་བ་མིན་ངས་སྡོམ་ཕུལ་ཟིན་པ་ཤུག་ལ་གོ་རྒྱུ་འདུག
ཐུགས་རྗེ་ཆེ།
ཤིན་ཏུ་ལེགས་་་་རབ་ཏུ་ལེགས་་་་ཤིན་ཏུ་དགའ་་་་རབ་ཏུ་དགའ་་་་་
དམ་པ་འདིའི་སྐོར་ལ་མང་པོ་ཤེས་འདོད་ཡོད། མུ་འགོད་ལ་སྒུག་ནས་བསྡད་ཡོད། ཀླུ་སྨྱོན་དང་དགེ་རབ་གཉིས་ཀའི་དྲན་ཐོ་བཀླགས་ཚར། ཁྱོད་ཚོ་ཚང་མ་ལ་བཀའ་དྲིན་ཆེ་ཞུ་གི་ཡོད།
རྩོམ་སྟངས་དེ་ལ་བལྟས་ན། མཁས་པའི་བྲོ་བ་ཆེ་ཆེར་ལྡན། ཚིག་གོ་བདེ་བ། ཚིག་ཁྱིམ་ཡང་པ། ཚིག་གྲུབ་ཐུང་བ། དཔེ་དོན་མཚུངས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་འདུག ང་ལ་སྔོན་མ་ནས་རྩོམ་ཡིག་གི་དཔེ་ཞིག་འཚོལ་བཞིན་ཡོད་པས་ད་དངོས་གྲུབ་ཐོབ་སོང་། རྡོ་རྗེ་དབང་ཕྱུག་ལགས་སུ་བཀའ་དྲིན་ཆེ་ཞུ་བ་ལགས། རིམ་བཞིན་དུམ་བུ་གཉིས་པ་དེ་འཐོང་ཡོང་བའི་རེ་བ་ཞུ།
ད་ལྟ་བྲེལ་འཚུབ་ཆེ་ཙམ་ཡོད་ཀྱང་དེ་ཀློག་མཚམས་མ་བཞག་པར་བཀླགས་པ་ཡིན། ཐུགས་རྗེ་ཤིན་ཏུ་ཆེ།
དེར་ལོ་གཅིག་རྗེས་ལ་དྭགས་མོ་ཞིག་གཏན་གྱི་འདུན་མར་ཐོབ།
་་་་ སྐུ་གོང་མའི་སྦྱིན་བདག་དང་། ཕྱག་མཛོད་གསོལ་དཔོན་ངོ་ཤེས་པ་སོགས་ཀྱི་རྟགས་མཚན་གང་ཡང་མེད་སྟབས་རང་རེའི་སྤྱི་ཚོགས་ལ་མཁོ་བའི་ལོ་རྒྱུས་སྙན་པོ་ཞིག་ཨེ་ཡོང་། ་་་་ཟེར།
ཁོང་གི་གསུངས་གླེང་ཁྲོད་བརྗེད་དུ་མེད་པ་གཅིག་ནི། ཨ་མྱེས་རྨ་ཆེན་གྱིས་སྐོང་བའི་ཚོགས་འདུ་སྟེང་དུ། བུད་མེད་ཀྱི་ཐོབ་ཐང་ཅེས་པའི་བརྗོད་གཞི་ཐོག་གསུང་གླེང་གཅིག་སྟེ། དེ་ཡང་ཐོག་མར་གདོང་ཐོག་རིན་པོ་ཆེ་ནས་གསུང་དོན། བོད་ལ་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ང་ཚོ་ཆོས་ཕྱོགས་ནས་ཀྱང་འགྲིག་མེད། དེ་ཡང་སྤྱོད་འཇུག་ལས། འཇིག་རྟེན་བུད་མེད་ཅི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག། གསུངས་འདུག་ཀ་ཟེར་ནས་གཏམ་མཇུག་རྫོགས་པ་དང་། རཀ་ར་རིན་པོ་ཆེ་བཞེངས་ནས། ང་ལ་རིན་པོ་ཆེས་གསུངས་པ་ནང་བཞིན་ཁས་ལེན་པའི་སྤོབས་པ་མེད། དེ་ཡང་སྤྱོད་འཇུག་གི་ཚིག་དེ་ནི་སྤྱོད་འཇུག་རྩོམ་པའི་སྐབས་ཀྱི་རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད། སྤྱོད་འཇུག་རྩོམ་པའི་སྐབས་སུ་རྒྱ་གར་ན་ཁྱོ་ཀ་ཤི་བའི་རྗེས་སུ། ཆུང་མ་ཡང་ཁོང་གི་ཕུང་པོ་དང་མཉམ་དུ་གསོན་བསྲེགས་བྱེད་པའམ། གསོན་སྦས་གཏོང་བའི་ལུགས་སྲོལ་ཡོད་པ། དེ་འདྲ་ཡིན་སོང་ཙང་། དེ་འདྲའི་འཇིག་རྟེན་བུད་མེད་ཅི་སྙེད་པ་དེ་དག་སྐྱེས་པ་ཉིད་གྱུར་ཅིག་ཅེས་སྨོན་པ་ཡིན་ལ། སྐབས་དེ་དུས་གྱི་ལུགས་སྲོལ་ལ་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་དགག་པ་བྱས་པ་ཞིག་ཡིན་པ་ལས། སྤྱི་བཏང་འཇིག་རྟེན་བུད་མེད་ཅི་སྙེད་པ་དེ་དག་སྐྱེས་པ་ཉིད་གྱུར་ཅིག་ཅེས་བུད་མེད་ཀྱི་ལུས་རྟེན་སྤྱིའི་ཆ་ནས་སྨད་པ་ཞིག་ག་ལ་ཡིན་གསུངས།
ཡང་སྙན་ངག་མེ་ལོང་མ་ཁྲིད་པའི་སྐབས་སུ། གལ་ཏེ་ཇོ་བོ་གཤེགས་ན་བཞུད།། ཅེས་འགོག་རྒྱན་སྐབས་ཀྱི་ཇོ་བོ་དང་། མེ་ལོང་མའི་སྐབས་གཞན་གྱི་ཇོ་བོ་གཉིས་བོད་ཡིག་ལ་འདྲ་ན་ཡང་དོན་མི་འདྲ་ལ། རྒྱ་གར་གྱི་བསྒྱུར་གཞི་ཚིག་ཀྱང་མི་འདྲ། དང་པོ་ནི་རང་གི་བུད་མེད་ཀྱི་ཁྱོ་བོ་ལ་འབོད་པའི་མིང་ཡིན་ལ། གཞན་པའི་སྐབས་སུ་རང་ལ་རྒན་པ་ལ་འབོད་པའི་མིང་ཡིན་པ། དེ་དག་གི་སྐད་དོད་མི་འདྲ་བ་གསུངས། ད་དུང་དཔེ་རྒྱན་མཚུངས་གསལ་སྐབས་ཀྱི་འདྲ་དང་། རབ་བཏགས་ཀྱི་རབ་རྟོགས་གསལ་བྱེད་སྐབས་ཀྱི་འདྲ་གཉིས་ཀྱང་ཡི་གེ་འདྲ་ན་ཡང་ནང་དོན་མི་འདྲ་བ། མཚུངས་གསལ་སྐབས་ཀྱི་འདྲ་ཡིས་ནི་དཔེ་དཔེ་ཅན་གཉིས་འདྲ་བ་ཙམ་སྟོན་ལ། རབ་རྟོགས་གསལ་བྱེད་ཀྱི་འདྲ་ཡིས་ནི། ཐེ་ཚོམ་འདྲེན་པ་སྟེ། ཡིན་པ་འདྲ་ལྟ་བུ་རེད་གསུངས་པ་སོགས། སྙན་ངག་ཁྲིད་པའི་སྐབས་ཀྱི་མིང་ཚིག་རེ་རེའི་ནང་དོན་གསལ་འགྲེལ་དང་དེའི་སྐད་དོད། དཔེ་བརྗོད། གཏམ་བརྒྱུད་བཅས་སྦྱར་ནས་གསུངས་པ་དེ་ཚོ། ཁ་གསལ་ཞིང་གོ་བདེ་པ་དང་ཡིད་ལ་འཇུས་བདེ་བ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་མང་པོ་ཡོད།
ངས་རེ་བ་ཞུ་རྒྱུ་ཞིག་ལ། ཁོང་གིས་ཁྲིད་པའི་སྙན་ངག་མེ་ལོང་མ་དང་དཔག་བསམ་འཁྲི་ཤིང་སོགས་དཔེ་ཁྲིད་ཀྱི་སྐོར་དེ་དག་འོད་སྡེར་བཟོས་ནས་དཔེ་མཛོད་ཁག་ལ་འཇོག་ཐུབ་ན་ཡག་པོ་རེད་བསམ་གི།
ད་དུང་ཁོང་གི་གསུངས་རྩོམ་ཁྲོད་ནས་ཀློག་ཟིན་པ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲོས་ལྟར་རྗེ་རིན་པོ་ཆེ་བླ་མ་ཙོང་ཁ་བའི་རྟོགས་བརྗོད་ཅིག་ཡོད་པ་སྔ་རྗེས་སུ་ ༼ལྡུམ་ར༽དུས་དེབ་སྟེང་ཆ་ཚང་བཀོད་ཡོད་པ་དེ་དང་། བརྡ་སྤྲོད་བའི་གཞུང་ལ་གནས་བརྒྱད་ཀྱི་སྐོར། སྙན་ངག་གི་སྐོར་ལ་སྤྲིན་གྱི་ཕོ་ཉའི་འགྲེལ་བ་བཅས་ནི་ང་རང་དགའ་ཤོས་དེ་རེད།
ང་ནི་རཀ་ར་རིན་པོ་ཆེ་དང་འབྲེལ་བ་ཡོད་པ་དེ་འདྲ་ཅང་མིན།
ཁྱད་པར་དུ་ཁོང་གི་མདུན་ནས་སུམ་རྟགས་དང་སྙན་ངག་དེ་འདྲ་བསླབ་མ་མྱོང་།
ཡིན་ན་ཡང་ཁོང་གི་གསུང་རྩོམ་སྔ་ཕྱི་ཁ་ཤས་ལ་མཇལ་མྱོང་།
དངོས་གནས་ཡིད་འཕྲོག་སོང་།
མེ་ལོང་མའི་རྩ་བ་རྐྱང་བའི་སྟེང་ནས་དཔེ་ཁྲིད་ཅིག་འགྲོ་ཐུབ་ན་བསམ་པ་ཡང་ཡང་དྲན་སོང།
ཚང་མ་རང་དབང་ན་མེད་པས་ལོང་མ་བྱུང་།
གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར་འོད་སྡར་སོགས་ལ་ཡོད་པའི་གསུངས་དག་བཀྲམ་ཐུབ་ན་ཏན་ཏན་བོད་ཀྱི་རིགས་གནས་ཐོག་ལ་ཕན་ཐོག་ངེས་རེད་སྙམ།
ཕྱག་ལས་གནང་མཁན་དང་རྩོམ་དང་མཆན་བུ་བཀོད་མཁན་ཚང་མ་ལ་འཚམས་འདྲི་ཞུ།
ངས་རེ་བ་ཞུ་རྒྱུ་ཞིག་ལ། ཁོང་༼རཀ་ར་རིན་པོ་ཆེ་༽གིས་ཁྲིད་པའི་སྙན་ངག་མེ་ལོང་མ་དང་དཔག་བསམ་འཁྲི་ཤིང་སོགས་དཔེ་ཁྲིད་ཀྱི་སྐོར་དེ་དག་འོད་སྡེར་བཟོས་ནས་དཔེ་མཛོད་ཁག་ལ་འཇོག་ཐུབ་ན་ཡག་པོ་རེད་བསམ་གི། ་་་་་་ཟེར།
༩༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ གི་ཆུ་ཚོད་ ༠ སྐར་མ་ ༤༡
ཁོང་གི་གསུངས་གླེང་ཁྲོད་བརྗེད་དུ་མེད་པ་གཅིག་ནི། ཨ་མྱེས་རྨ་ཆེན་གྱིས་སྐོང་བའི་ཚོགས་འདུ་སྟེང་དུ། བུད་མེད་ཀྱི་ཐོབ་ཐང་ཅེས་པའི་བརྗོད་གཞི་ཐོག་གསུང་གླེང་གཅིག་སྟེ། དེ་ཡང་ཐོག་མར་གདོང་ཐོག་རིན་པོ་ཆེ་ནས་གསུང་དོན། བོད་ལ་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་ང་ཚོ་ཆོས་ཕྱོགས་ནས་ཀྱང་འགྲིག་མེད།
དེ་ཡང་སྤྱོད་འཇུག་ལས། འཇིག་རྟེན་བུད་མེད་ཅི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག། གསུངས་འདུག་ཀ་ཟེར་ནས་གཏམ་མཇུག་རྫོགས་པ་དང་། རཀ་ར་རིན་པོ་ཆེ་བཞེངས་ནས། ང་ལ་རིན་པོ་ཆེས་གསུངས་པ་ནང་བཞིན་ཁས་ལེན་པའི་སྤོབས་པ་མེད། དེ་ཡང་སྤྱོད་འཇུག་གི་ཚིག་དེ་ནི་སྤྱོད་འཇུག་རྩོམ་པའི་སྐབས་ཀྱི་རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད། ་་་་་་་་ཟེར།
དེ་རིང་ནས་ཉིན་བདུན་རིང་ཁོང་༼རཀ་ར་རིན་པོ་ཆེ་༽གི་མཛད་པ་འཕྲིན་ལས་ལ་རྗེས་དྲན་སྲུང་བརྩི་བྱེད་རྒྱུ་ཡིན། ་་་་་ཟེར།
ཡབ་ཆེན་དགེ་ཆོས་བོད་དུ་གཤེགས། །
སྲས་ཆེན་རཀ་ར་སུད་སིར་གཤེགས། །
དགེ་ཆོས་ཡབ་སྲས་རྣམ་གཉིས་ཀྱི། །
གསུང་རྩོམ་རྟག་ཏུ་རྒྱལ་འགྱུར་ཅིག །
རག་ར་རྒྱལ་གྱུར་ཅིག བོད་ཀྱི་སྐད་ཡིག་རྒྱས་གྱུར་ཅིག བོད་ཀྱི་རྩོམ་རིག་རྒྱས་གྱུར་ཅིག
རྒྱ་གར་གི་ཐོག་མའི་སྙན་དངགས་མཁན་པོ་་གྲོག་མཁར་གྱིས་བརྩམས་པའི་དགའ་བྱེད་འཇུག་པ་ཞེས་བྱ་བའི་བསྟན་བཅོས་དེ། རྒྱ་གར་སྐད་ནས། བོད་སྐད་དུ། ནཁས་དབང་དགེ་འདུན་ཆོས་འཕེལ་དང་། རཀ་ར་བཀྲས་མཐོང་གྱིས་བསྒྱུར་པ། བདག་ལ་འབྱོར་ནས། ལོ་ཤས་སོང་ཡང་། མིག་བལྟས་བྱས་པ་ཙམ་ལས། ཆ་ཚང་ཀློག་ཁོམས་མ་བྱུང་། རཀ་ར་རིན་པོ་ཆེ་གྲོངས་པའི་གནས་ཚུལ་ཐོས་སྐབས་ཉེ་དུས་ཡིན་བསམས་ཀྱང་། སྐུའི་འཕེན་པ་རྫོགས་ནས། ལོ་གཅིག་སོང་འདུག ཁོང་རྣམ་གཉིས་ཀྱི་བསྒྱུར་པའི་བོད་སྐད་ཀྱི། རཱ་མཱ་ཡ་ཎ།
ཕྱག་གཉེར་ནི་ཕྱག་གཉེར་རང་རེད། རྩོམ་དུམ་དང་མཆད་དུམ་རེད་བསྡུད་གསོག་རྒྱག་པ་དང་ཕྱག་གཉེར་བྱས་ཏེ། ཟེར། ཟེར། ཟེར། ཟེར་བཞིན་འགོད་པ་འདིས་བསུན་པོ་བཟོ་བཞིན་འདུག enough
is enough!!!!
༡༧༽ དྲིལ་ལྕེ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༠ གི་ཆུ་ཚོད་ ༩ སྐར་མ་ ༤༤
ཕྱག་གཉེར་ནི་ཕྱག་གཉེར་རང་རེད། རྩོམ་དུམ་དང་མཆད་དུམ་རེད་བསྡུད་གསོག་རྒྱག་པ་དང་ཕྱག་གཉེར་བྱས་ཏེ། ཟེར། ཟེར། ཟེར། ཟེར་བཞིན་འགོད་པ་འདིས་བསུན་པོ་བཟོ་བཞིན་འདུག enough
is enough!!!! ་་་་་་ཟེར།
ཏི་སེ་བ་འདི་ལ་ལྟོས་དང་། རག་ར་རིན་པོ་ཆེ་རྙིང་མ་ཞིག་ཡིན་ན་འདིས་འདི་ལྟར་བཤད་ཨེ་ཡོང་། ཧཧཧ
ཨོ་ད། གོ་བ་མེད་པའི་གླང་རྒན་ཞིག་ཡིན་དང་། སྐོར་ལོག་ར་གྱོང་ཞིག་ཡིན་ས་རེད། དགོངས་དག་རྣམ་པ་ཚོ། ས་འདི་ནས་རྩ་དགོངས་ཞུས་པ་ཡིན།
དེང་སང་བོད་སྡེ་བ་གཞུང་གི་ཉེས་ཅན་བཙོན་པ་དགེ་ཆོས་མཆོག་གི་སློབ་མ་སྐུ་དྲག་རཀ་ར་རིན་པོ་ཆེན་ལ་རིན་ཐང་འདྲ་ཏོག་ཙམ་བརྩི་ཡི་ཡོད་ཟོལ་གྱི་རྣམ་འགྱུར་ཐོན་ཡོང་གི་འདུག་པས་ཡག་པོ་རེད། སྐུ་བཀྲོངས་ཚར་དུས་རིན་ཐང་འདྲ་ཞིག་བརྩི་པ་འདི་ཡང་བོད་པའི་སྲོལ་རྒྱུན་འདྲ་ཞིག་རེད་འདོད།
དེང་སང་གསོན་པོ་བཞུགས་ཡོད་པ་ནི་ཚ་བོ་འཇམ་དབྱངས་ནོར་བུ་རེད། གསོན་པོ་བཞུགས་ཡོད་སྐབས་བོད་མི་མང་པོས་དགའ་པོ་མི་བྱས། འཇམ་ནོར་སྐུ་དྲག་གི་རིགས་རྒྱུད་རེད་ཟེར་བ་དང་ཤུགས་ལྡན་ཆོས་ལུགས་པ་རེད་ཟེར་བ། ཏྭ་ལའི་བླ་མ་ལ་དགག་པ་རྒྱག་མཁན་རེད་ཟེར་བ། མདོ་ན་དམའ་འབོད་གང་ཐུབ་ཐུབ་དང་ཞྭ་མོ་ནག་པོ་ཀོན་གང་ཐུབ་བྱས་དང་བྱེད་བཞིན་པ་ཡིན།
གལ་སྲིད་མཁས་དབང་འཇམ་དབྱངས་ནོར་བུ་བཀྲོངས་ཚར་དུས་ཡང་ཁོང་མཁས་རབས་དང་ཡག་རབས་གླེང་གི་རེད། ནོར་བུ་བཞུགས་ཡོད་དུས་ནོར་ཉམས་ཆོད་ཀི་མ་རེད། བཻཌཱུརྻ་བུམ་པ་རྡོ་ལ་བཏབ་ཚར་དུས་ཨ་ཁཁཁཁ་་ཟེར་གི་རེད། རྡོ་ལ་མ་བཏབ་སྔོན་དུ་ནོར་ཉམས་ཤེས་ཀྱི་མ་རེད་དོ།། སྙིང་རྗེ་་བོད་པ་འདི་ཚོ་ཀླ་ཀློ་ཚོ།
རཀ་ར་རིན་པོ་ཆེ་ཞུ་བ་ཁོང་ནི་དགེ་འདུན་ཆོས་འཕེལ་ལགས་ཀྱི་དགེ་ཕྲུག་དང་བོད་ཀྱི་སྙན་སུམ་ལ་མཁས་པ་ཞིག་ཡིན་ཚུལ་གོ་མྱོང་བ་ཙམ་ལས་མེད། འོན་ཀྱང་ཁོང་གི་མཚན་ལ་རཀར་(རཀ་ར) ཞེས་སྤྱོད་བཞིན་འདུག་པས་དེའི་གོ་དོན་ག་རེ་ཡིན་ནམ། བོད་ཀྱི་སུམ་རྟགས་དང་མི་མཐུན་པའི་མིང་ཚིག་འདིར་དཔྱད་རྩོམ་པ་དང་ཟུར་ཆན་པ་དག་གིས་ཐུགས་བསམ་གཞེས་མྱོང་ཡོད་དང་།
ཀླ་ཀློ་ཡིན་མི་གང་ཤེས་དེ། སྤྱིར་གནང་སྟངས་དེ་འདྲ་བོ་ཞིག་མཐོང་ཡོང་གི་འདུག རང་གི་སྣང་ངོ་ལ་ངེས་པ་མེད་གཙང་ལབ་ཁག་པོ་རེད། དགེ་ཆོས་ལགས་ལ་ཆ་བཞག་ན་ཁོང་འཚོ་ཞུགས་སྐབས་ཧབ་ཐོབ་བརྒྱགས་མཁན་བྱུང་ཡོད་ལ། དེ་དོན་བཞིན་རྗེས་དྲན་ཞུས་མཁན་མང་དག་རེད། སྐབས་དེ་དུས་དགེ་ཆོས་ལ་མི་དགའ་བ་ཚོས་རྗེས་དྲན་ཞུས་ཡོད་ཀྱི་མ་རེད་བསམ་གྱི་འདུག དེ་སྤྱིར་སྟངས་འགྲོ་སྟངས་ཞིག་རེད། དེང་སང་དགེ་ཆོས་ལ་མོས་པ་ཡོད་པ་མང་བ་དེ་དགེ་ཆོས་མཇལ་མ་མྱོང་བ་ཡིན་གྱི་རེད། འོན་ཀྱང་ཁོང་གི་ཡོན་ཏན་ལ་རྔམས་པས། ཁོང་ལ་དཀའ་ངལ་བཟོས་མཁན་ལ་ཞེ་སྡང་ལངས་ཀྱིས་ཡོད། དེ་ཡང་འགྲོ་སྟངས་ཞིག་རེད།
ད་ལྟ་འཇམ་ནོར་ལ་མི་མོས་པ་ཚོས་ཁོང་ལ་རྗེས་དྲན་ཞུ་མདོག་ཁ་པོ་མ་རེད། ཁོང་ལ་དགའ་པོ་ཡོད་མཁན་ཚོས་ཧབ་ཐོབ་རྒྱག་བཞིན་ཡོད་རྒྱུ་རེད། དེ་ཚོ་རྗེས་དྲན་ཞུ་ཡི་རེད། རྗེས་སུ་ཁོང་མཇལ་མི་མྱོང་མཁན་མང་པོ་ཞིག་ནས་ཕྱག་དེབ་རྒྱུད་ཁོང་ལ་མོས་པ་ཡོང་སྲིད། དེ་དུས་ང་ཚོ་ད་ལྟའི་མི་རབས་དེར་ཁ་རྡུང་ཚད་མེད་གཏོང་གིས་རེད། མི་ཚང་མར་བལྟ་ཆ་ཐུན་མོངས་བ་ཞིག་ཁག་པོ་རེད། སྤྱིར་སྟངས་ཀྱི་ཆོས་ཉིད་དེ་ཤེས་ན་ཧང་སང་མི་ཡོང་།
གཅིག་ནས་མི་དོ་བདག་སོ་སོའི་ཡོན་ཏན་འབད་བཅོས་གནང་སྟངས་ལ་རགས་ལས་ཀྱི་འདུག མེ་འབར་བཞིན་པའི་ཁག་པ་ལ་ཆགས་པའི་འཕྲུ་གུ་དེ་ཚུར་ཤོག་ཟེར་ན་ཡོང་ཁག་པོ་རེད། དེ་ལས་དེ་ན་རྩེད་ཆས་སྙིང་རྗེ་པོ་མང་པོ་འདུག་ལབ་ན་ཚུལ་ལེན་ཐུབ་པ་བཞིན། སྤྱི་ཚོགས་དང་འཚམ་པོས་ཐོག་ནས་འགྲོ་ཐུབ་ན་ཡག་པོ་ཡོད།
སྔོན་འདས་པའི་གནས་ཚུལ་ལ་གཟིགས་དང་། ཐབས་མཁས་ཐུགས་རྗེ་ཡོད་པ་ཚོས་སྤྱི་ཚོགས་སྟེང་རླབས་ཆེན་པོས་བྱས་རྗེས་བཞག་ཐུབ་ཡོད་ལ། སྣ་ཐུང་སྤུ་སུད་ཡིན་ན་ལམ་འགྲོ་ཁག་པོ་རེད། དེ་ཚོར་མཁས་པ་རེད་དང་མ་རེད་ཀྱི་རྣམ་དབྱེ་འབྱེད་ཁག་པོ་ཡོད། སྔོན་མ་ང་ཚོ་དགོན་པའི་ནང་དཔེ་ཆ་རིགས་པས་ཤེས་པ་ཙམ་ལས། དཔེ་ཆ་ཤེས་མེད་གསུངས་ཀྱིས་ཡོད། དེ་ལ་གོ་རྒྱུ་ཞིག་འདུག
ཅོ་རི་ལགས། བོད་པའི་གཏམ་དཔེར། ན་ནིང་ལོ་ལས་ཡག་ག་མ་བྱུང་། གྲོངས་མཁན་མི་ལས་ཡག་ག་མེད། ཅེས་པ་དེ་རེད། དཔེར་ན། དེ་སྔ་ང་ཕོད་ངག་དབང་འཇིགས་མེད་ཡག་པོ་མེད་རབས་བཤད་ཀྱི་ཡོད། ཕྱིས་སུ་ཁོང་འདས་ཟིན་དུས་ཡག་རབས་གླེང་། ཡིན་ནའང་རཀ་ར་རིན་པོ་དངོས་གནས་འཚོ་བཞུགས་སྐབས་བོད་པའི་རིགས་གནས་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་ཞིག་རེད། ང་རང་ཡང་ཁོང་གི་འདུན་ནས་དཔེ་འཁྲིད་མི་ཉུང་བ་ཞིག་ཞུ་མྱོང་ཡོད།
བློ་བཟང་ལགས་ཀྱིས་བཀའ་མོས་ཡག་པོ་ཞིག་གནང་བྱུང་། བློ་བསྐྱེད་ཤིག་སྤྲད་བྱུང་བ།་་ཧཧ སྤྱི་ཚོགས་དང་མཐུན་པའི་ཐོག་ནས་འགྲོ་ཐུབ་ན་ཡག་པོ་ཡོད་ཅེས་གསུངས་པ་འདིའི་ཐོག་ཏུ་ང་ལ་སྔོན་ནས་བསམ་བློ་མང་པོ་འཁོར་གི་ཡོད།་་་རྟོགས་པ་ལྷ་དང་མཉམ་ཀྱང་སྤྱོད་པ་མི་དང་མཐུན་དགོས་པར་བརྒྱ་ཆ་བརྒྱ་རེད་བ་་་ཧཧ
དམ་པ་དགེ་ཆོས་མཆོག་གིས།
བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང་།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པས་སྲུང་བ་ངེས།།་་་ཅེས་གསུངས་སྟངས་འདི་ནི་ཐུགས་ཀྱིས་ཁ་ཕྱོགས་ནོར་བ་མིན་འགྲོ་བསམས་ཀྱི་འདུག འཛམ་གླིང་འདིའི་ཐོག་ཏུ་མཁས་པ་ལས་བླུན་པོ་མང་། བླུན་པོ་རྣམས་གནད་ལུགས་དང་དྲང་བདེན་གྱི་རྗེས་སུ་མི་འབྲངས་། འཇིག་རྟེན་གྲགས་པའི་རྗེས་སུ་འབྲངས་བ་དང་འདོད་མོས་ཀྱི་རྗེས་སུ་འབྲངས།
རང་ཉིད་ལ་བདེན་པའི་དཔང་རྟགས་རི་ལྟ་བུ་ཞིག་ཡོད་ནའང་སྤྱི་ཚོགས་ཀྱི་རྗེས་སུ་མ་འབྲངས་དུས་བྱ་བ་ཞིག་བསྒྲུབ་མི་ཐུབ་པ་ནི་དངོས་གནས་རེད་འདོད། དབུ་མ་སློབ་ཁྲིད་ཀྱི་སྐབས་སུ་སྒྲུང་ཞིག་བཤད་ཀི་རེད། ལུང་པ་ཞིག་ན་རྩིས་པ་ཞིག་གིས་རྩིས་བརྒྱབ་ནས་གནམ་ནས་འབབ་པའི་ཆར་ཆུ་ཁ་ལ་ཤོར་ན་སྨྱོ་པ་འགྱུར་རོ་ཟེར། དེ་དུས་རྒྱལ་པོས་ཆུ་བསགས་ནས་ཆར་ཆུ་འཐུང་དགོས་མ་བྱུང་། འབངས་རྣམས་ཀྱིས་དེ་ལྟར་མ་ཐུབ་པས་ཆར་ཆུ་འཐུང་ནས་ཚང་མ་སྨྱོ་པ་ཆགས།
མི་ཚང་མ་སྨྱོ་ཡོང་དུས་རྒྱལ་པོ་དང་ཀུན་སྤྱོད་མི་མཐུན་པར་འགྱུར་ནས་ཚང་མས་རྒྱལ་པོ་སྨྱོ་ཡི་འདུག་ཅེས་འབོད། མཐའ་མ་རྒྱལ་པོ་ཨུ་ཐུག་ནས་ཁོ་རང་གིས་ཀྱང་སྨྱོ་ཆུ་འཐུང་དགོས་བྱུང་བ་རེད་ཅེས་བཤད་ཀྱི་རེད།་་་ཧཧཧ
སྤྱི་ཚོགས་རང་གི་རྗེས་སུ་མི་འབྲངས་ཀྱང་།
རང་ཉིད་སྤྱི་ཚོགས་རྗེས་སུ་འབྲང་དགོས་པ།
འདི་ནི་ཁྱོད་ཀྱིས་བསླབ་པའི་ཐབས་ཇུས་ཏེ།
སྲོག་གིས་སྲུང་བ་དགོས་པའི་དོན་ཡིན་ནམ།་་་་ཧཧ
ནུབ་ཕྱོགས་གངས་ཕྲུག་ལགས། ཡག་པོ་རེད། སྐུ་བཞུགས་པའི་སྐབས་སུ་ཞལ་མཇལ་གསུངས་ཐོས་ཀྱི་གོ་སྐབས་བྱུང་བ་ཡག་པོ་རེད། དམ་པ་དགེ་ཆོས་ལ་དད་པའི་མི་ཞིག་ཡིན་ན་རང་རིགས་ལ་ཞེན་པ་དཀར་བའི་མི་ཞིག་ཡིན་ངེས་རེད་བསམས་ཀྱི་འདུག ང་ཅོ་རི་བསོད་ཟད་ཀྱིས་མིག་ཡོད་ཀྱང་དམ་པ་ངོ་མ་ཤེས། དམ་པ་དགེ་ཆོས་ལ་དགའ་བའི་སྐུ་དྲག་ཞིག་ཡོད་པ་བློ་ཡུལ་ལ་འཁོར་མྱོང་མེད།
གཞན་ང་སི་སུད་བསྡད་ནས་ལོ་༡༣་འགྲོ་གི་འདུག བློ་བསྐྱེད་རག་གི་རེད་བ།་་ཡིན་ནའང་བྱུང་མ་སོང་། ལས་འབྲས་མི་གདའ་་་ཁོ་རེ།
རཀ་རའི་རྩོམ་ཡིག་མང་བོ་བཀླགས་མྱོང་མེད། ངས་སྔོན་མར་གཞན་གྱི་ཁ་ནས་ཐོས་པ་ལྟར་ན་ཁོང་སྙན་ངག་དང་རིག་གནས་སོགས་ཡག་པོ་ཡོད་ཚུལ་བཤད་པ་ཞིག་གོ་མ་སོང་། ན་ནིང་ཀརྨ་སྨོན་ལམ་འདིར་འོངས་ནས་རཀ་རས་རྒྱ་གར་གྱི་བསླབ་བྱའི་གཏམ་རྒྱུད་ཀྱི་དེབ་རྒྱུད་ལྔ་བ་ཞེས་པ་བསྒྱུར་ནས་ཤེས་རིག་ལ་དཔར་དུ་བཅུག་ཡོད་པ་དེ་མྱུར་དུ་པར་སྐྲུན་བྱེད་པར་འགྱུར་ཟེར།
དགེ་ཆོས་ཀྱི་རཱ་མཱ་ཡ་ཎ་འགྱུར་འཕྲོ་མཛད་པ་བོད་ནས་དཔར་ལ་དེ་ལ་ཐེངས་གཉིས་བལྟས་པ་ཡིན། ཡིན་ནའང་དགེ་ཆོས་ཀྱི་འགྱུར་བཀླགས་ཚར་རྗེས། འགྱུར་ཁ་སྐོང་དེ་དག་ཇི་ལྟར་ཀློག་ཐབས་བྱས་ཀྱང་ཀློག་ཐུབ་མ་སོང་།
འདི་ཁོང་གིས་ང་ལ་བཞག་པའི་བག་ཆགས་ཤིག་ཡིན་ངེས། འདི་ཡང་རྗེས་དྲན་གྱི་ཚུལ་དུ་ཡིན།
གཞོན་ནུ་ཟླ་མེད་ལགས། གལ་ཏེ་གདོང་ཐོག་རིན་པོ་ཆེ་ནས་སྐད་ཆ་དེ་འདྲ་ཞིག་དངོས་གནས་བཤད་ཡོད་ན་ནི་དངོས་གནས་སེམས་སྐྱོ་དགོས་པ་ཞིག་འདུག དེ་ལྟར་གོ་བ་ལེན་ཚུལ་ཞིག་ཡོད་དམ། ད་དུང་རཀ་ར་མཆོག་གིས་ཀྱང་ཡིན་མདོག་གིས་དེ་ལྟར་ལན་བརྒྱབ་པ་ནི་སྐབས་དོན་དང་མ་འབྲེལ་བ་ཞིག་ཏུ་སོང་འདུག་སྟེ། འཇིག་རྟེན་བུད་མེད་ཇི་སྙེད་པ།། དེ་དག་སྐྱེས་པ་ཉིད་གྱུར་ཅིག། ཅེས་པའི་སྐབས་སུ་རྒྱ་གར་གྱི་ལུགས་སྲོལ་འགོག་དགོས་དོན་ཅི་ཡོད། མ་གཞི་ནས་སྤྱོད་འཇུག་འདི་རྒྱ་གར་གྱི་ལུགས་སྲོལ་དགག་པའི་ཆེད་དུ་བརྩམས་པ་མ་རེད་མོད། འདིར་དངོས་ཡོད་གནས་སྟངས་ཤིག་འཆད་ཀྱིན་འདུག་མོད།
དེ་ལྟ་བུའང་ཡོན་ཏན་དུ་སྒྲོག་གིན་ཡོད་ན་ནི་སྒྲོག་མཁན་ཉིད་ཀྱི་ནང་ཁྲོལ་ཡང་ཕྱིར་བསྟན་པ་མ་ཡིན་ནམ།
རཀར་ཞེས་པའི་བོད་ཡིག་འབྲི་སྲོལ་ཞིག་མེད། ངས་རག་ག་ཞེས་བྲིས་ཡོད་ཀྱང་རག་ག་ནི་ས་མིང་མི་མིང་གང་ཡིན་མ་ཤེས། རཀ་ར་ཞེས་བྲིས་པ་འདུག་ཀྱང་ལེགས་སྦྱར་ནི་ཡིན་དོགས་མེད། བོད་ཡིག་གི་སྦྱོར་ཀློག་དང་ཡང་མི་མཐུན།
རཀར་ཞེས་པའི་ཡི་གེ་འདི་དག་ལས་ར་མིང་གཞི་དང་ཀ་རྗེས་འཇུག་ར་ཡང་འཇུག་ཡིན་ནམ། དེ་ལྟར་འབྲི་སྲོལ་ཞིག་བོད་ལ་ཡོད་དམ། ལེགས་སྦྱར་གྱི་ཡི་གེའི་སྒྲ་གདངས་བོད་ཡིག་ཏུ་འབྲི་སྟངས་དེ་ཡིན་ན་དེའི་ནང་དོན་ག་རེ་ཡིན་ནམ། འདི་ཁ་བརྡ་ཚང་ལ་ཕུལ་བ་ཡིན།
རྨོངས་པའི་སྤྱི་ཚོགས་ངོ་སྲུང་དགོས་དགོས་ཀྱིས།
བདེན་གཏམ་ཁ་ནས་བཤད་པའི་སྤོབས་པ་མེད།
འཇིག་རྟེན་རྨོངས་དད་འདི་ལ་སྐྲག་སྐྲག་གྱིས།
མ་བྷན་སྤྲུལ་སྐུ་དགག་པའི་སྙིང་སྟོབས་མེད།།
རྨོངས་པའི་འཇིག་རྟེན་དཔང་ཚོགས་ཆེན་མོའི་ནང་།
གཅིག་པོ་ལུས་པའི་བདེན་གཏམ་བུ་ཆུང་ལ།
ཤེས་རབ་ཅན་གྱིས་སྙིང་རྗེ་མ་གནང་ཀྱང་།
གཏན་ཚིགས་རིགས་པ་འགོད་སའི་ཁོར་ཡུག་ཞིག
རཀར་དང་རཀ་ར་ཞེས་པའི་མིང་ཚིག་འདི་བཀོལ་སྤྱོད་བྱེད་མཁནནི་ཁ་བརྡ་ཙམ་མ་རེད། བོད་ཀྱི་རྩོམ་པ་པོ་དང་ཟུར་ཆན་པ་ཕལ་ཆེ་བས་དྲ་རྒྱ་གང་སར་ཐོན་འདུག། ཀླུ་སྨྱོན་ལགས་ཀྱིས་འདིར་ཐུགས་སྣང་མཛད་པར་དགའ་བསུ་ཞུ། རག་ར་ཞེས་པ་དེ་ས་མིང་དང་མི་མིང་གང་ཡིན་ཡང་བརྡ་དག་དང་མཐུན་པ་འདུག།
ཅོ་རེ་ལགས། ངས་འཕྲུ་གུ་ཞིག་དཔེ་བཞག་ནས་བྲིས་ཡོད། སེམས་རྣལ་དུ་ཕབ་ནས་ཀློག་དང། བློན་པོའི་རྗེས་སུ་འབྲང་དགོས་ཞུས་མེད། བླུན་པོ་ལམ་ལ་ཁྲིད་པའི་ཐབས་མཁས་དགོས་ཞེས་ཞུས་པ་རེད། བཅོམ་ལྡན་འདས་བློན་པའི་རྗེས་སུ་འབྲངས་མེད། འོན་ཀྱང་བླུན་པོའི་ནང་ཕྱག་ལས་གཞི་རྒྱ་ཆེན་པོ་གནང་ཐུབ་ཡོད། ལྟ་བ་མ་ནས་གོ་མ་མྱོང་བ་ཞིག་གཏན་འབེབས་གནང་ཐུབ་ཡོད། སྤྱི་ཚོགས་ནང་སྐུ་ངལ་ཕྲད་ཡོད་ཐག་མཆོད་རེད། འོན་ཀྱང་ད་བར་ཁོང་གི་རྗེས་འབྲང་རྒྱུན་པར་གནས་ཤིང་། ལྟ་བ་ཡང་དེ་དེ་བཞིན་རེད།
ཐོག་མར་དབུ་ཚུགས་དུས་ནས་ཧིན་དུའི་ལྟ་བར་བཀག་འགོག་དངོས་གསལ་གནང་ཡོད་ན། ད་ཟོད་ཁོང་གི་ལྟ་བ་འཇིག་རྟེན་འདིར་གནས་ཡོད་རྒྱུ་མ་རེད། གང་ཡིན་ཟེར་ཁོང་ནས་ལྟ་བ་གཏན་འབེབས་ཆེད་དམག་འཁྲུག་བརྒྱབ་པའི་ལོ་རྒྱུས་མེད་ལ། གཡོ་སྒྱུ་གནང་བའི་ལོ་རྒྱུས་མེད། འོན་ཀྱང་དང་ཐོག་སུ་ཞིག་ནས་མོས་མཐུན་གནང་དཀའ་བ་ཞིག་ད་ཆ་རྩ་བ་གཏན་ནས་ཡོད། དེ་དག་གཞན་ལ་འཕྱ་སྨོད་དང་དམའ་འབེབས་ཀྱི་ལམ་ནས་མ་ཡིན་པར་རང་རྐང་ཚུགས་ཐབས་གནང་ཡོད། དོ་དོན་དེ་ལ་ཟེར་བ་ཡིན།
ནད་པར་བལྟ་སྐྱོངས་དགོས་ན་དེ་དོན་སློབ་སྦྱོང་དགོས་ལ། དགེ་རྒན་གནང་དགོས་ནའང་དེ་བཞིན་རེད། ངའི་ལྟ་བ་དེ་ཡིན་ཁྱེད་ཀྱི་ཤེས་པ་དགོས། ཁྱེད་ཀྱི་ལག་ལེན་དགོས་། དེ་མིན་ཁྱེད་ཐབས་སྡུག་་རེད། གཡང་ལ་ལྷུང་བ་རེད། ཐེབས་ཆག་རེད་ཞེས་ཨུ་ཚུགས་དང་སྡིགས་མོའི་ལམ་དེ་ཁག་པོ་རེད། དེང་སང་དེ་བས་་་་་་
བླུན་པོ་མང་བའི་སྤྱི་ཚོགས་ཡིན་འགྱུར་ན། །ངན་ལབ་མང་བ་དེ་ཡང་དེ་ཙམ་ཟད། །ཤ་ལ་འཚོ་བ་རོལ་བའི་སྟག་གཟིག་རྣམས། །སྲོག་བཅོད་སྤོང་ལ་རེ་བ་ངལ་བའི་རྒྱུ།།
སྙན་ངག་དང་ཟློས་གར་སོགས་ཀྱི་ལོ་རྒྱུས་ལ་ཤིན་ཏུ་མཁོ་བའི་གཏམ་བཟང་པོ་ཞིག གསར་བསྒྱུར་རཱ་མ་ཡཱ་ནའི་རྟོགས་བརྗོད་སྐད་གྲགས་ཆེ་བ་ཞིག་བོད་སྐད་དུ་ཡོད་པ་མཇལ། གཞུང་འདི་སྒྱུར་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་དང་མཁས་དབང་རཀ་ར་བཀྲས་མཐོང་གཉིས་ཡིན་འདུག དེབ་དེའི་སྔོན་བརྗོད་དུ་བྲིས་པ་ལྟར། བསྒྱུར་ཚུལ་ནི། སྔོན་གྱི་སྲོལ་བཟང་ལྟར་འཕགས་ཡུལ་གྱི་པཎྜིཏའི་ཞབས་ལ་གཏུགས་ཏེ་བསྒྱུར་བའི་སྐལ་བ་བྲལ་ཡང་ཁུངས་ལྡན་གྱི་སྐད་གཉིས་ཤན་སྦྱར་ཁག་ལ་སྐྱབས་བཅོལ། དེ་སྟེང་སྒྲ་སྦྱོར་བམ་གཉིས་དང་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་དག་ཡིག་ཟ་མ་ཏོག་གི་ནང་ལེགས་སྦྱར་གྱི་སྐད་འཆན་བུར་བཀོད་པ་རྣམས་དང་། ལི་ཤིའི་གུར་ཁང་དུ་གསལ་བ་རྣམས་དང་། ལ་དྭགས་པ་ཨ་ཙརྱ་བསོད་ནམས་དབང་འདུས་ཀྱིས་ཚིག་ཕྲེང་བཀོད་པ་སོགས་ནས་ཞིབ་དཔྱད་ཀྱིས་བསྒྱུར་ཁུལ་བྱས། ཞེས་བྲིས་གནང་འདུག དེ་མིན་གཞན་ཁོང་གི་གསུང་རྩོམ་གང་ཡོད་རིགས་རང་རྣམ་འདིའི་ནང་ཚུད་དགོས་པ་གལ་ཆེ་མཐོང་།
ང་འདིར་སྤྱོད་འཇུག་དང་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་དོ་སྣང་ཅུང་བསླེབས་ དེ་ཡང་། སྤྱོད་འཇུག་ནང་ལ་བུད་མེད་ལུས་བཙོག་པ་ཡིན་པའི་སྐོར་ཞིག་འདུག བྱས་ཙང་། རྡ་སར་གོང་ས་མཆོག་གིས་སྤྱོད་འཇུག་གསུང་ཆོས་གནང་དུས། གཤམ་འོག་ནས། སྤྱོད་འཇུག་ནང་ལ་བུད་མེད་ཀྱི་ལུས་མི་གཙང་བ་ཡིན་པ་བསྟན་ནས། ཞར་ལ་བུད་མེད་ལ་སྐྱོན་བརྗོད་བྱེད་པ་ལྟ་བུ་སྣང་བས། འདི་ལ་གོང་ས་མཆོག་གིས་གང་དགོངས་ཀྱི་ཡོད་དམ་ཞེས་འདྲི་བ་གཏོང་མཁན་བྱུང་སོང་།
སྐབས་དེར་གོང་ས་མཆོག་གིས་ལན་འདི་གནང་སོང་དྲན།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནུས་པ་གཙོ་བོ་དེ་བདག་འཛིན་མ་རིག་པ་ལ་ཁ་གཏད་འཇལ་རྒྱུ་དེ་རེད། ང་ཚོས་འཁོར་བར་འཁོར་བའི་རྒྱུ་གཙོ་བོ་དེ་མ་རིག་པ་རེད། དེ་ང་ཚོས་ཚད་མའི་བློ་ལ་བརྟེན་ནས་གཏོར་ཐུབ་ཀྱི་རེད་ཟེར། རྒྱུ་མཚན་ནི་མ་རིག་པས་གཞི་བྱས་པའི་བློའི་རྒྱབ་ལ་ཚད་མའི་བློ་དབེན་སྟབས། ཁུངས་འཁྱོལ་གྱི་མེད། རྣམ་དཔྱོད་དང་རིག་པའི་བློའི་རྒྱབ་ལ་ཚད་མའི་བློའི་རྒྱབ་བརྟེན་བྱས་པ་ཡིན་སྟབས། ཕུགས་ལ་བློ་དེ་ཚོ་རྒྱལ་བ་ཡིན། རྒྱུ་མཚན་ནི་ཚད་མའི་བློ་ལ་བརྟེན་ནས་རིག་པ་དང་རྣམ་དཔྱོད་བཀོལ་ན་གཏི་མུག་ཟད་བཏུབ། དེས་ན་སྤྱོད་འཇུག་ནི་བློ་སྦྱོང་གི་འགྲས་ཅིག་ཡིན་པ་དང་། དེས་མ་རིག་པའི་བློ་དེ་དག་བསལ་ནས་དངོས་ཡོད་བདེན་པ་སྟོན་པའི་གཞུང་ཞིག་ཡིན། ང་ཚོའི་བློ་འཁྲུལ་ནས་བདེ་བ་མིན་པ་ལ་བདེ་བར་འཁྲུལ་བ་དང་མཛེས་སྡུག་མིན་པའི་དངོས་པོར་མཛེས་སྡུག་ལ་འཁྲུལ་ནས་འཁོར་བར་སྐྱེ་བཞིན་ཡོད།
ད་ཞི་བ་ལྷས་སྤྱོད་འཇུག་གསུང་སྐབས་ཆོས་ཞུ་མཁན་རྣམས་དགེ་སློང་དང་དགེ་ཚུལ་ཤ་སྟག་ཡིན་པ་དང་། ལྷག་དོན་ཕོ་མོ་དབྱེ་ན་མང་ཆེ་བ་སྐྱེས་པ་ཕོ་རེད། ཕོ་དེ་དག་གིས་བུད་མེད་ཀྱི་ལུས་མི་གཙང་བ་དེ་གཙང་བར་མཐོང་བ་དང་། མི་སྡུག་པ་དེ་སྡུག་པར་མཐོང་ནས་ཆགས་པ་སྐྱེ་བར་བྱེད། དེར་བརྟེན་ཁོང་ཚོར་ལུས་ཀྱི་གནས་སྟངས་ངོ་མ་ཁྲག་དང་ཤ་དང་རུས་པ་དང་རྒྱུ་མ་སོགས་སྟོན་ནས་ལུས་དེ་བློ་ཡུལ་ལ་འཆར་བ་ལྟར་གྱི་མཛེས་པ་དང་གཙང་མ་ཡིན་པའི་གཏི་མུག་གི་བློ་དེ་བསལ་བར་བྱེད་སྐབས། དཔེ་ནི་བུད་མེད་ཀྱི་ལུས་པོ་འཇོག་རྒྱུ་རེད། གལ་ཏེ་ཞི་བ་ལྷའི་ཆོས་ཞུ་མཁན་ཚང་མ་བཙུན་མ་ཤ་སྟག་གི་ཚོགས་ར་ཞིག་གི་ནང་ལ་ཆོས་གསུང་ན། ཁོང་གིས་ལུས་མི་གཙང་བའི་དཔེ་དེ་སྐྱེས་པ་ཞིག་འཇོག་པ་ལས་བུད་མེད་འཇོག་ཐབས་མེད། རྒྱུ་མཚན་ནི་བུད་མེད་དེ་དག་གི་ཆགས་པ་སྐྱེ་ཡུལ་ནི་སྐྱེས་པའི་ལུས་ལས་བུད་མེད་ཀྱི་ལུས་མ་ཡིན། ལྕང་སྐྱའི་ལྟ་གུར་ནང་ལ། ང་ཚོས་སྟོང་ཉིད་བསམ་བློ་གཏོང་དུས། སྐབས་འཕྲལ་བློའི་ནང་ལ་ཚུར་ཤར་བའི་བདག་འཛིན་ལིང་ལིང་དེའི་སྟེང་ནས་རང་བཞིན་གྱི་མ་གྲུབ་པ་དང་སྟོང་ཉིད་འཚོལ་དགོས་པ་ལས། སྟོང་པ་ཉིད་དེ་གཞན་ཞིག་ནས་བརྙེད་རེ་བྱས་ན་ནུས་མེད་རེད་གསུངས་པ་ལྟར། ང་ཚོར་ཆགས་པ་སྐྱེ་ཡུལ་གྱི་དངོས་པོ་དེར་གཡོ་ཟོལ་མེད་པར་མདུན་ལ་བཞག་ནས་དཔྱད་པ་དང་རིག་པ་དུ་མ་བཏང་ནས་དེའི་གནས་ལུགས་འཚོལ་དགོས།
གནས་འགག་འདི་རེད། བཀའ་འགྱུར་ནང་ལ་སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་བཞིའི་ནང་ལ། དུས་མཁྱེན་པ་་་་་་་་་་ འདི་ནས་མི་དྲན།
ཁོང་ཉིད་ལ་མངོན་པར་བསྟོད་དོ། ཞོར་དུ་འདྲི་རྒྱུ་ཞིག་ལ། ༼རཀ་ར་༽ཞེས་པའི་དོན་ཅི་ཡིན་ནམ།
མངོན་པར་བསྟོད་དོ། རཀ་ར་ཞེས་པའི་དོན་དེ་གསལ་པོ་ཁུངས་ཐུབ་ཅིག་ཞུ་རྒྱུ་མེད་མོད། གོ་ཐོས་ཙམ་ལ་ཨ་མདོ་མཚོ་སྔོན་ཕྱོགས་ལ་བོན་སྐོར་ཞེས་པའི་སྡེ་བ་ཞིག་ཡོད། དེ་ན་སྔོན་མ་དགེ་རྒན་རག་ར་ཚང་ཟེར་བའི་མི་སྐད་གྲགས་ཅན་ཞིག་ཡོད་པ་ལྟར། དེའི་མཚན་ཟུར་གྱི་རག་ར་དང་འདྲ་མཚུངས་མིན་སྙམ།
གཞན་མི་རིགས་གཞན་ཞིག་གི་སྐད་ཡིན་ན་མ་གཏོགས་“ཀ”རྗེས་འཇུག་ལ་འབྲི་སྲོལ་མེད་པས། “རག”མིན་འགྲོ་བསམ་གྱི་འདུག “རག་ར་”ཞེས་པའི་དོན་ཡང་མཚོ་སྔོན་ཡུལ་སྐད་ལ་རྒྱ་ཅན་དང་། ཡང་ན་སྤྱོད་ལམ་དམ་ཚགས་མེད་པའི་རིགས་ལ་གོ་བ་ཡང་ཡོད། དཔྱད་གཞི་ཙམ་ཡིན།
དགོངས་དག བསྐྱར་དུ་ཞུ་དགོས་བྱུང་།
མངོན་པར་བསྟོད་དོ། རཀ་ར་ཞེས་པའི་དོན་དེ་གསལ་པོ་ཁུངས་ཐུབ་ཅིག་ཞུ་རྒྱུ་མེད་མོད། གོ་ཐོས་ཙམ་ལ་ཨ་མདོ་མཚོ་སྔོན་ཕྱོགས་ལ་བོན་སྐོར་ཞེས་པའི་སྡེ་བ་ཞིག་ཡོད། དེ་ན་སྔོན་མ་དགེ་རྒན་རག་ར་ཚང་ཟེར་བའི་མི་སྐད་གྲགས་ཅན་ཞིག་ཡོད་པ་ལྟར། དེའི་མཚན་ཟུར་གྱི་རག་ར་དང་འདྲ་མཚུངས་མིན་ནམ་སྙམ།
གཞན་མི་རིགས་གཞན་ཞིག་གི་སྐད་ཡིན་ན་མ་གཏོགས་“ཀ”རྗེས་འཇུག་ལ་འབྲི་སྲོལ་མེད་པས། “རག”མིན་འགྲོ་བསམ་གྱི་འདུག “རག་ར་”ཞེས་པའི་དོན་ཡང་མཚོ་སྔོན་ཡུལ་སྐད་ལ་རྒྱ་ཅན་དང་། ཡང་ན་སྤྱོད་ལམ་དམ་ཚགས་མེད་པའི་རིགས་ལ་གོ་བ་ཡང་ཡོད། དཔྱད་གཞི་ཙམ་ཡིན།
རག་ར་ཟེར་དུས་རྟ་ཟོག་ཅིག་གི་མིང་འདྲ་པོ་འདུག
དུས་བབ་ནང་།
རཀ་ར་རིན་པོ་ཆེའི་རྗེས་དྲན་ཚོགས་འདུ་ཚོགས་སོང་།
འདོན་སྤེལ། ༢༠༡༣/༠༧/༡༠
དེ་རིང་སྔ་དྲོར་གངས་སྐྱིད་དུ་རཀ་ར་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་ཆོས་དར་མཆོག་དགོངས་པ་རྫོགས་ཏེ། ལོ་གཅིག་ཧྲིལ་བོ་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་དང་འབྲེལ་ཁོང་གི་སྐོར་ལ་བགྲོེ་གླེང་དང་བརྩམས་ཆོས་ཁག་འགྲེམས་སྟོན་བཅས་གནང་སོང་།
དེ་རིང་ཞོགས་པར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གཉིས་ཀྱི་གོ་སྒྲིག་འོག རཀ་ར་རིན་པོ་ཆེ་བཀྲས་མཐོང་ཐུབ་བསྟན་ཆོས་དར་དམ་པ་མཆོག་སྐུ་གཤེགས་ཏེ་ལོ་གཅིག་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་བསྐོངས་སོང་ལ། ཚོགས་འདུ་དེའི་སྟེང་སྐུ་གཤེགས་དམ་པ་ཁོང་གིས་འབྲི་བཞེངས་མཛད་པའི་རི་མོ་དང་། ད་སྔ་དཔར་འགྲེམས་ཟིན་པའི་དཔེ་དེབ་ཁག་ཅིག དེ་བཞིན། ཁོང་གི་ཡབ་གཙང་མདའ་བཀྲས་མཐོང་འགྱུར་མེད་རྒྱ་མཚོས་ ༡༩༡༣ ལོ་ནས་ཁམས་ཕྱོགས་སུ་རྒྱ་དམག་མཐར་སྐྲོད་གཏོང་སྐབས་དང་། ༡༩༡༧ ནས་ ༡༩༣༢ ལོའི་བར་སྡེ་དགེ་སྤྱི་ཁྱབ་གནང་སྐབས་བེད་སྤྱོད་གནང་བའི་དམག་དར་སོགས་འགྲེམས་སྟོན་གནང་སོང་།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་འབྲེལ། ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་དམ་པ་ཁོང་ལ་རྗེས་དྲན་མྱ་ངན་གུས་འདུད་རྗེས། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་ཀརྨ་སྨོན་ལམ་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། ཆུང་ཚེ་རིང་ལགས་བཅས་ཀྱིས་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད།
ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རཀ་ར་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་དང་། ལྷག་པར་དུ་སྐུ་ཕྲེང་དྲུག་པ་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་གི་བསླབ་པ་སློབ་གཉེར་གནང་སྟངས་སྐོར་དང་། དགེ་འདུན་ཆོས་འཕེལ་སོགས་བཤེས་གཉེན་དུ་མར་བསྟེན་ཏེ་མདོ་སྔགས་རིག་གནས་སྤྱི་ལ་མཁས་པར་མཛད་སྐོར། མཐར་ ༡༩༥༠ ལོར་བལ་ཡུལ་དང་རྒྱ་གར་དུ་ཕེབས་འབྱོར་གྱིས་ལེགས་སྦྱར་སོགས་ཕྱི་ནང་གི་རིག་གནས་ལ་སློབ་གཉེར་དང་ཕྱག་ལས་གནང་བ་ངོ་སྤྲོད། དེ་བཞིན་བཙན་བྱོལ་ནང་བོད་ཀྱི་སྙན་སུམ་རིག་གནས་འཆད་འཁྲིད་དང་རྩོམ་ཡིག་དཔེ་དེབ་རིགས་མང་པོ་འབྲི་རྩོམ་གནང་མཐར་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༡༠ ཉིན་དགུང་གྲངས་ ༨༧ ཐོག་སྐུ་གཤེགས་པའི་སྐོར་སོགས་ངོ་སྤྲོད་གནང་སོང་།
ཁོང་གིས་རཀ་ར་རིན་པོ་ཆེ་ལྟ་བུའི་མཁས་ཆེན་ཞིག་དགོངས་པ་རྫོགས་པར་བཙན་བྱོལ་གྱི་གསར་ཤོག་རླུང་འཕྲིན་སོགས་སུ་མཐོང་རྒྱུ་དཀོན་པའི་གནས་ཚུལ་དེ་ནི། “དེང་སང་བཙན་བྱོལ་སྤྱི་ཚོགས་གཞུང་སྒེར་དང་བཅས་པར་བཟང་པོ་དང་ངན་པ་ལ་དབྱེ་བ་མེད་པ། མི་མཁས་པ་གྲོངས་ན་ཕངས་སེམས་མེད་པ། ཁྲམ་པ་དང་བཟང་བརྫུ་མཁན། ངོ་དགའ་སྤྲེལ་ལད་མཁན་པོ། སྲིད་རྒལ་མཁན། ཁ་རུལ་མཁན། མགོ་བདེ་དྲན་འཁྲུལ་རིགས་ལ་ཆ་འཇོག་ཡོད་པ། མཁས་པའི་མི་ལ་བྱ་དགའ་གཟེངས་བསྟོད་བྱེད་སྲོལ་མེད་པའི་སྙིགས་མའི་སྤྱི་ཚོགས་འདི་འདྲ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། མི་སྡེ་སྤྱི་ཚོགས་ཤིག་ཀླ་ཀློ་ཡིན་དང་མིན་གྱི་ཁྱད་པར་ནི་གནའ་བོའི་རྗེས་ཤུལ་རིག་གཞུང་དང་ལོ་རྒྱུས་ཡོད་མེད་པ་ཐུག་ཡོད་པ་རེད” ཅེས་སོགས་བརྗོད་སོང་།
ཁོང་གིས་མུ་མཐུད་ “ད་སྔ་བྱུང་པ་དང་མ་འོངས་པར་འབྱུང་རྒྱུའི་སྐྱེ་སྟོབས་དང་སྦྱང་སྟོབས་ཅན་གྱི་མཁས་པ་བཟང་པོ། བག་ཡོད་ཚུལ་ལྡན་དག་གི་མཛད་པ་ཕྱག་རིས། ལྷག་པར་དུ་ལོ་རྒྱུས་ཡིག་ཚགས་སུ་འཇོག་པ་བཅས་ལ་བྱ་དགའ་གཟེངས་བསྟོད་མེད་པ་མ་ཟད་ཆེ་མཐོང་དང་གུས་གཙི་མེད་པར། ཁ་བཤད་ཆུ་ཡི་སྦི་བ་དང་ལག་ལེན་གསེར་གྱི་ཐིགས་པའི་རིགས། མཐོ་སར་འབྱར། འདྲ་མཉམ་ལ་ཕྲག་དོགས་དང་སྡིང་སེམས། དམའ་ས་ལ་ཐུབ་ཚོད། སྐྱབས་བཅོལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་པའི་ཁ་སྤོབས་སྒྲོག་པ་སྟོང་གཏམ་རེད་ལ། ཡར་ཐོན་དང་བཟང་སྤྱོད། རིག་གཞུང་ཡོད་པའི་སྤྱི་ཚོགས་ཕར་བཞག མུན་ནག་དང་ཀླ་ཀློའི་ཁོར་ཡུག་ནང་ལུས་གྲབས་ཡོད་པ་རེད་”ཅེས་བརྗོད་སོང་།
ཡང་ཁོང་གིས་རཀ་ར་རིན་པོ་ཆེ་མཆོག་ནི་བོད་པའི་བླ་སྤྲུལ་ཚོ་ནང་བཞིན་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་བཙུགས་ཏེ་དངུལ་དངོས་ཀྱི་བྲན་དུ་གྱུར་བ་ལྟ་བུ་མིན་པར། བག་ཡོད་ཚུལ་ལྡན་ཐོག་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་མེད་ཅིང་། བོད་མི་རྒན་གཞོན་སློབ་ཕྲུག་སུ་ཞིག་གམ་དུ་བཅར་ཡང་གསུང་ལན་འཇམ་པོ་གནང་མཁན་ཞིག་དང་། བཀའ་མོལ་གནང་ཚད་ཚང་མར་གནས་ཚུལ་གསར་པ་དང་མཐོང་རྒྱ་གསར་པ། གཏམ་རྒྱུད་གསར་པའི་ལེགས་བཤད་རིང་ཐུང་ཅི་རིགས་ཡོད་པ་ཞིག་ཡིན་པ། མི་ལོ་ ༥༢ རིང་སུད་སིར་རྟེན་གཞི་གནང་ཡང་ཡུལ་མིའི་མི་སེར་ཐོ་བསྒྱུར་མ་བྱས་པར་མཐར་བོད་པ་རང་བྱས་ཏེ་སྐུ་ཚེ་རྫོགས་ཡོད་སྐོར་དང་། མདོ་སྔགས་རིག་གནས་སྒྱུ་རྩལ་དང་བཅས་པའི་མཁས་པའི་ཡང་རྩེ་སོན་པ་རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་རྒྱུ་དེ་ནི་མི་ལོ་ ༣༢ རིང་རིན་པོ་ཆེར་འབྲེལ་འདྲིས་ཡོད་པ་ཁོ་རང་གིས་འགན་འཁུར་ཆ་ཚང་ཞུ་རྒྱུ་ཡིན་སྐོར་བརྗོད་བྱུང་།
དེའི་རྗེས་ཀརྨ་སྨོན་ལམ་ལགས་ཀྱིས་རཀ་ར་རིན་པོ་ཆེ་དང་འབྲེལ་ལམ་བྱུང་པའི་མཐོང་ཚུལ་མྱོང་ཚོར་དང་འབྲེལ་ཏེ། ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཆེན་ཞིག་བརྒྱུད་ནས་ཐོག་མར་མཇལ་རྒྱུ་བྱུང་པ་ནས། ལས་ཁུངས་དང་ལས་དོན་གྱི་ངོས་ནས་ཁོང་དང་འབྲེལ་ལམ་བྱུང་པའི་རིམ་པ་སོགས་ངོ་སྤྲོད་དང་། ཤེས་རིག་ལས་ཁུངས་ཀྱིས་ཁོང་གི་བརྩམས་ཆོས་རིགས་པར་སྐྲུན་བྱས་པ་དང་ཤེས་རིག་གི་ལས་དོན་ཐད་ལམ་སྟོན་བཀའ་སློབ་སོགས་རིམ་པར་གནང་མྱོང་ཡོད་པའི་རིགས་དང་འབྲེལ་ཁོང་གིས་རིན་པོ་ཆེ་ཡིས་བཏང་འབྱོར་བྱུང་པའི་ཕྱག་ཡིག་ཅིག་ཏུ་ “ད་ཚེས་བྲོ་གར་ཤེས་ཀྱང་བྲོ་ར་མ་རྙེད་ཟེར་པའི་དཔེ་ལྟར་”ཞེས་བཀོད་ཡོད་ཚུལ་དང་། དེ་ནི་རིན་པོ་ཆེ་ཡིས་བྲོ་འཁྲབ་ཤེས་ཀྱི་ཡོད་ཀྱང་འཁྲབ་སའི་སྡིངས་ཆ་མ་རག་པར་བརྗོད་པའི་དོན་ནི། བོད་པའི་རིག་གནས་དང་འབྲེལ་བའི་བརྩམས་ཆོས་རིང་ཐུང་སྣ་ཚོགས་ཤིག་ཡོད་ཀྱང་མར་འགྲེམས་སྤེལ་པར་སྐྲུན་གྱི་གོ་སྐབས་མ་རག་པ་བསྟན་ཡོད་པར་བརྗོད་སོང་།
ཁོང་གིས་མུ་མཐུད་ “རིན་པོ་ཆེ་ཡིས་དབུགས་ཕར་བཏང་ན་འདྲ་ཚུར་འཐེན་ན་འདྲ། དགོངས་པའི་ནང་རིག་གནས་དང་རྩོམ་རིག་ལས་འཁོར་རྒྱུ་མེད་པ་ལྟ་བུ་ཞིགས་ཆགས་ཡོད་རེད། ”ཅེས་དང་། ཁོང་གིས་རིན་པོ་ཆེ་ཡིས་ཤེས་རིག་ལ་བོད་བསྒྱུར་བྱས་པའི་འཁྲབ་གཞུང་ཁག་ཅིག་དང་རྩོམ་ཡིག་ཅིག་འབྱོར་ཡོད་པ་དང་། དུས་རྒྱུན་ཁོང་གི་རྩོམ་ཡིག་འབྲི་བ་དང་བོད་བསྒྱུར་རིགས་གང་བྱེད་པ་དག་བོད་སྤྱི་བའི་རང་བཞིན་པའི་སྐད་ཐོག་ཡོང་རྒྱུའི་རྩ་འཛིན་གནང་གི་ཡོད་པ་དང་། དེ་ནི་གཙོ་བོ་ཤེས་ལྡན་པ་ཙམ་མ་ཡིན་པར་མི་མང་གིས་གོ་ཐུབ་པ་ཞིག་ཡོང་རྒྱུར་དགོངས་པ་བཞེས་ཀྱི་ཡོད་པར་བརྗོད་བྱུང་།
ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རིན་པོ་ཆེའི་དྲུང་ནས་དཔེ་ཁྲིད་ཞུས་པའི་མཐོང་ཐོས་མྱོང་ཚོར་དང་འབྲེལ་ཁོང་གིས། རིན་པོ་ཆེའི་མདུན་ནས་སྔ་ཕྱི་ཐེངས་གསུམ་སྟེ་ཟླ་ ༥ རིང་དཔེ་ཁྲིད་ཞུ་རྒྱུའི་གོ་སྐབས་རག་ཡོད་པ་དང་། ཁོང་ནི་བཟོ་ཡི་གནས་ཡོངས་རྫོགས་ལ་མཁས་པ་ཞིག་ཡིན་པ་དང་། ཁོང་གི་མཁྱེན་དཔྱོད་ཀྱི་སློབ་ཁྲིད་གནང་སྟངས་མ་འདྲ་བ་ཞིག་ཡིན་པར་བརྗོད་དེ། “སྤྱིར་བོད་ཀྱི་རིག་གནས་ཁྲིད་རྒྱུར་ལམ་ལུགས་ཤིག་ཡོད་རེད། དེ་ནི་དང་པོ་ཁྲིད་གཞིའི་སློབ་ཚན་གྱི་ཕྱོགས་ཚང་མར་མཐའ་ཐིག་བརྟན་པོ་ཞིག་བརྒྱབ་སྟེ། ཨོ་ད་འདི་རེད་དཱ། ཐིག་འདི་ནས་བརྒལ་ཆོག་གི་མ་རེད་ཅེས་ཕར་ཚུར་འགྲོ་ས་མེད་པ་ཞིག་གི་ཐོག་ནས་སློབ་ཁྲིད་གནང་སྟངས་དེ་ང་རང་ཚོའི་སློབ་གསོའི་བརྒྱུད་རིམ་ཞིག་རེད། འོན་ཀྱང་། རིན་པོ་ཆེ་ཡིས་སློབ་ཁྲིད་ག་རེ་གནང་ན་མཐའ་ཐིག་དེ་ཡོད་མ་རེད། སློབ་ཚན་གྱི་ངོ་གདོང་ལ་ངོ་སྤྲོད་དང་ཁ་ཕྱོགས་ཤིག་བསྟན་བཞག་དུས། ཐིག་མ་བརྒྱབ་པ་དེས་ལམ་ཁ་རྒྱ་ཆེན་པོ་ཞིག་དང་ཁ་ཕྱོགས་ཡང་པོ་ཞིག་བསམ་བློའི་ནང་བཞག་ཡོད་རེད།”ཅེས་བརྗོད་བྱུང་།
ཁོས་མུ་མཐུད་དུ་རཀ་རིན་པོ་ཆེ་མཆོག་གིས་ལེགས་སྦྱར་ནས་བོད་བསྒྱུར་དང་དེར་འགྲེལ་བ་དང་ཡང་འགྲེལ་མང་པོ་ཞིག་བརྒྱབ་ཡོད་པ་དག་འཆད་ཁྲིད་སྐབས། རིན་པོ་ཆེ་ཡིས་ཐད་གར་ལེགས་སྦྱར་ལ་ཁུངས་གཏུགས་ཏེ་སློབ་ཁྲིད་གནང་ཡོང་དུས་སེམས་ནང་གི་དོགས་འཆར་མང་པོ་ཞིག་རང་བཞིན་གྱིས་སེལ་ཡོང་གི་ཡོད་པ་དང་། གསུམ་པ་ཞིག་ལ་རིན་པོ་ཆེ་ཡིས་འཆད་ཁྲིད་གནང་སྐབས་བཞད་གད་རྩེད་མོ་དང་སྦྲགས་གནང་ཡོང་གི་ཡོད་སྟབས། ཉོབ་སྣང་མི་འབྱུང་པ་སོགས་ཀྱི་ཁྱད་ཆོས་ཡོད་པར་བརྗོད་སོང་།
མཐར་ཁོང་གིས་རིན་པོ་ཆེ་ཡིས་ཁོང་ལ་གནང་པའི་ཕྱག་བྲིས་རྟོག་བརྗོད་ཅིག་དང་བོད་ཀྱི་ལོ་རྒྱུས་ཆ་ཚང་པ་ཞིག་ཉར་ཚགས་བྱས་ཡོད་སྐོར་དང་། རིན་པོ་ཆེ་ཡིས་དྲུང་ནས་སློབ་ཁྲིད་ཞུ་བའི་གོ་སྐབས་བྱུང་པ་དེ་ནི་སོ་སོའི་མི་ཚེའི་ནང་གི་གོ་སྐབས་བཟང་ཤོས་དང་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྗོད།
མཐར་ཆུང་ཚེ་རིང་ལགས་ཀྱིས་ན་གཞོན་རྩོམ་པ་པོ་ཞིག་གིས་རཀ་ར་རིན་པོ་ཆེ་ལ་ལྟ་ཚུལ་ཞེས་པའི་ཐད་ནས། ཁོང་གིས་རང་ཉིད་རཀ་ར་རིན་པོ་ཆེའི་སློབ་མ་དེ་འདྲ་མིན་པ་དང་སློབ་ཁྲིད་ཀྱང་ཞུས་མྱོང་མེད་སྐོར་དང་འབྲེལ། རང་ཉིད་ཀྱིས་ཤེས་རིག་ལས་ཁུངས་སུ་ལས་ཀ་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་ཐོག་དུས་ནས་དུས་སུ་མཁས་པ་ཚོའི་དགོངས་འཆར་བསྡུ་ཡི་ཡོད་ཀྱང་། མཁས་པ་མང་པོ་ཞིག་གིས་དགོངས་འཆར་གནང་རྒྱུ་ཕར་བཞག་ནས་ཡིག་ལན་ཙམ་ཡང་འབྱོར་རྒྱུ་ཁག་པོ་ཡོད་ནའང་། རཀ་ར་རིན་པོ་ཆེ་ཡིས་བརྒྱ་ཅ་བརྒྱ་དགོངས་འཆར་གནང་ངེས་ཡིན་པ་བཤད་ཐུབ་པ་ཞིག་ཡིན་སྐོར་དང་། གང་གནང་པའི་དགོངས་འཆར་རིགས་ཀྱང་ཁ་རུ་ཁ་ཐུག་དང་གསལ་བོ་གནང་གི་ཡོད་སྐོར་དང་འབྲེལ་ཁོང་གིས་དཔེ་མཚོན་ཞིག་ཏུ་ “ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་དགོངས་འཆར་མང་པོ་གནང་ཡོད་པའི་ནང་ནས་ངས་གསལ་ཤོས་ཤིག་དྲན་པ་ནི། ཤེས་ཡོམ་སྲིད་བྱུས་གསར་པ་འདི་གཞི་རིམ་གྱི་སྲིད་བྱུས་ཤིག་ཡིན་དུས། དེའི་ནང་ན་མདོ་དང་སྔགས་ཀྱི་ཆོས་ཚིག་གི་ཐ་སྙད་མཐོ་བོ་བཅུག་བཞག་པ་དེ་ཚོ་ཁྱོན་ནས་འགྲིག་གི་མི་འདུག་ཅེས་དགོངས་ཚུལ་ཤུགས་ཆེན་པོ་གནང་འདུག་”ཅེས་བརྗོད་སོང་།
ཡང་ཁོང་གིས་རིན་པོ་ཆེའི་རྩོམ་ཡིག་མང་པོ་ཞིག་གཞོན་སྐྱེ་དང་བྱིས་པའི་རྩོམ་རིག་ལ་ཐུགས་སྣང་ཆེན་པོ་ཡོད་པ་དང་། མཁས་པ་རྒན་རབས་པའི་ཁྲོད་ནས་དེང་དུས་དང་མཐུན་པའི་དུས་དེབ་ཁག་གི་ནང་རྩོམ་ཡིག་འཁོད་མང་ཤོས་ཤིག་དང་། རིན་པོ་ཆེའི་རྩོམ་ཡིག་ལ་བལྟས་ཡོང་ན་རྗེ་ཙོང་ཁ་བའི་རྣམ་ཐར་སོགས་ལ་སྔ་རབས་ཀྱི་རྩོམ་ཉམས་ཕུལ་དུ་བྱུང་པ་ཡོད་པའི་རིགས་གཅིག་དང་། ཡང་ཁོང་གི་བརྩམས་ཆོས་གཡག་གིས་རང་ཉིད་ས་སྐྱེས་རྡོ་སྐྱེས་ཡིན་ཡང་རྒྱལ་དར་སྟེང་མ་བཀོད་པར། བོད་ན་མེད་པའི་གངས་སེང་བཀོད་པར་ཁྲིམས་གཏུག་བྱས་པ་ལྟ་བུ་མང་པོ་ཞིག་ཁ་སྐད་རང་གི་ཐོག་ལ་བབས་ཏེ་བརྩམས་ཡོད་པ་དང་། ཡང་གནས་བརྒྱད་ཀྱི་འགྲེལ་བ་སོགས་མང་པོ་ཞིག་ལ་ཞིབ་འཇུག་དཔྱད་རྩོམ་གྱི་ཚད་མཐོ་བོ་ཡིན་པ་བཅས་ལ་བལྟས་ཡོང་ན། རང་ཉིད་ཀྱི་ལྟ་ཚུལ་ལ་རིན་པོ་ཆེ་ཡི་གཟིགས་ཚུལ་ལ་བོད་ཀྱི་ཤེས་རིག་གི་སྤུས་ཚད་དེ་ཧ་ཅང་ཚད་མཐོ་བོ་ཡིན་པ་དང་། དེར་སློབ་སྦྱོང་བྱེད་མཁན་གྱི་སྡེ་ཆུང་ཆུང་ཞིག་གིས་མ་གཏོགས་ཤེས་ཀྱི་མེད་སྟབས། ཚད་མཐོ་བོའི་ཤེས་རིག་དེ་རྒྱ་ཁྱབ་ཏུ་དར་ཁྱབ་འགྲོ་ཐུབ་ཀྱི་མེད་པ། དེར་ངེས་པར་དུ་མཐུད་ཅིག་རྒྱག་དགོས་ཀྱི་ཡོད་ཅིང་། མཐུད་རྒྱག་རྒྱུ་དེ་ཛ་དྲག་ཡིན་པ། མཐུད་རྒྱག་མ་ཐུབ་ན་ཚད་མཐོ་བོའི་ཤེས་རིག་དེ་རྒྱུན་འཛིན་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་ཞིག་ལ་ངོས་འཛིན་གསལ་བོ་གནང་གི་ཡོད་པར་བརྗོད་བྱུང་།
ཡང་ཁོང་གིས་དཔལ་འབྱོར་དང་མཚན་སྙན་གྲགས་སོགས་ཀྱི་ཆེད་མང་པོ་ཞིག་གིས་བོད་པའི་རིག་གནས་ཕར་སྒྱུར་གྱི་ཡོད་ཀྱང་། རིན་པོ་ཆེའི་ཡི་སྐུ་ཚེ་ཧྲིལ་བོར་བལྟས་ཡོང་ན་ཕྱིའི་རིག་གནས་བོད་བསྒྱུར་བྱས་པ་ལས་ཕར་བསྒྱུར་གནང་མྱོང་མེད་སྐོར་དང་། སྐུ་ཚེ་ཧྲིལ་བོའི་ལངས་ཕྱོགས་ལ་བལྟས་ན་ཆབ་སྲིད་དང་གོ་གནས། ལུང་ཚན་ཆོལ་ཁ་སོགས་ཀྱི་འཐབ་རྩོད་རིགས་དང་ཁ་བྲལ་ཏེ། ཤེས་ཡོན་ཅན་ཞིག་དང་མཁས་པ་ཞིག་གི་ལངས་ཕྱོགས་རང་གི་ཐོག་ནས་མཛད་པ་འཕྲིན་ལས་བསྐྱངས་ཡོད་པ་ནི་རྗེས་རབས་པའི་ཤེས་ཡོན་ཅན་ཚོའི་མིག་དཔེར་བལྟ་ཡུལ་ཞིག་ཡིན་པར་བརྗོད་སོང་།
མཐའ་དོན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་མཇུག་སྡོམ་དང་འབྲེལ་རཀ་ར་རིན་པོ་ཆེ་ནི་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས་པའི་མཁས་པ་བཙུན་བཟང་གསུམ་འཛོམས་པའི་མི་སྣ་ཞིག་ཡིན་པར་བརྗོད་སོང་།
གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༨༣༥ ལ་བཀླགས་འདུག
༡༧ གོང་གི་མཆན་དེ་མཇུག་སྐྱེལ་དགོས་པར་མཐོང་། དེ་ཡང་། གསར་བསྒྱུར་རཱ་མ་ཡཱཎའི་རྟོགས་བརྗོད། ཅེས་པ་དགེ་རྒན་དང་དགེ་ཕྲུག་རྣམ་གཉིས་ཀྱིས་བསྒྱུར་པ་ཞེས་འཁོད།
དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་ཤོག་གྲངས་227དང་8། “ངོས་ནས་དགེ་ཆོས་རིན་པོ་ཆེས་བསྒྱུར་གནང་བའི་རཱ་མ་ཡཱ་ཎ་ཆ་ཚང་བཤུས་བཅུག” ཅེས་དང་། རཱ་མ་ཡཱ་ཎའི་ཧ་ནུ་མནྠའི་མཇུག་མ་ཆད་སོང་བས་བློ་ཕམ་ཆེན་པོ་སྐྱེས་ལ་ཞེས་དང་། རཱ་མ་ཡཱ་ཎ་དེའི་འཕྲོ་བསྐྱངས་སེམས་ཡོད་ཀྱང་། དགེ་ཆོས་པོ་ཆེས་མཛད་པ་ལྟ་བུ་ནི་ཡོང་རེ་བྲལ། རག་ར་རིན་པོ་ཆེས་བྲིས་པ་ལས། གང་ནས་ཆད་པ་ཡིན་པ་དང་། གང་ནས་རིན་པོ་ཆེ་ཁ་སྐོང་གི་ཚུལ་བསྒྱུར་པ་རེ་ཞིག་མ་རྙེད་ཀྱང་། དམ་བཅས་པ་བཞིན་གཞུང་ཡོངས་ལ་སློབ་སྦྱོང་བྱས་པ་ལས། རྙེད་ཐུབ་པའི་རེ་བ་མཆིས། གཞན་ཡང་གླེང་དགོས་པ་ཞིག་ནི། བཀའ་ལུང་སྩལ་པ་ལ། བཀའ་ལུང་བསྩལ་པ་དང། འབོད་སྒྲོགས་ལ། འབོད་སྒྲོག སོགས་ཡི་གེའི་དག་ཆ་ནོར་ཡོད་པ་ནི། ཇི་ལྟར་བྱུང་བ་ཆ་མ་རྟོགས་སོ།
གསར་བསྒྱུར་རཱ་མ་ཡཱ་ནའི་རྟོགས་བརྗོད་ཅེས་པ་དེབ་པར་་ཐེངས་གཉིས་པའི་དཔེ་སྐྲུན་གསལ་བཤད་དུ། དེབ་དེའི་ཤོག་ལྷེ་ ༨༠ ཡན་ཆད་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བསྒྱུར། ཞེས་གསུངས་འདུག དེ་མན་ཆད་ཀྱི་དཀར་ཆག་ནི། ལཀྵ་མ་ཎ་ལས་སི་ཏཱ་ལ་ཚིག་མི་སྙན་པ་ཐོས་ཚེ་སི་ཏཱ་དྲན་མེད་དུ་འགྱེལ་བ་ནས་འཕྲོ་བསྐྱངས་འདུག