བཞི། ཐུགས་བཅུད་བརྡལ་བའི་བརྩམས་ཆོས།
རྡོ་རྗེ་དབང་ཕྱུག
རཀ་ར་རིན་པོ་ཆེའི་བརྩམས་ཆོས་སྐོར་ནས་ཞུས་ན། ང་ཚོས་མཇལ་ཀློག་ཞུས་མྱོང་བ་ལས་མ་མཇལ་བའི་ལྗགས་རྩོམ་གྱི་གྲངས་འབོར་མང་བ་ཞིག་ཡིན། ད་ལྟ་ང་ཚོས་མཇལ་ཀློག་ཞུས་པ་དང་མཇལ་དུ་ཡོད་པ་ནི། དེ་སྔར། རྡི་ལི་ནས་དཔར་བཏོན་༼མ་འཁྱོག་དྲང་ཐིག༽སོགས་ནང་ཁོང་གིས་བརྩམས་སྤེལ་དཔྱད་གཏམ་ཁག་ཅིག་མཇལ་དུ་ཡོད་པ་དང་། ཕྱིས་ན་བོད་ཀྱི་དཔེ་མཛོད་ཁང་གིས་༼དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས༽་དང་༼དེབ་ཐེར་དཀར་པོའི་མེས་བློན་གོང་མའི་ཞལ་ཆེམས༽ ༼དགེ་ཆོས་ཡབ་སྲས་ཀྱི་སྙན་ངག༽ ༼སྙན་འགྲེལ་ཤོང་དཔང་དགོངས་རྒྱན༽ ༼ཧྥ་ཧན་ལམ་ཡིག༽ ༼རཱ་མ་ཡཱ་ནའི་རྟོགས་བརྗོད༽་སོགས་དང་། རིགས་སློབ་ཀྱིས་༼གནས་བརྒྱད་དང་སྤྲིན་གྱི་ཕོ་ཉའི་འགྲེལ་བ་༽ གཞན་ཡང་། རྡི་ལི་བོད་ཁང་གིས་དཔར་བཏོན་༼གསེར་ཀོང་རྣམ་ཐར་སྐལ་བཟང་རེ་སྐོང་༽ དང་། མི་རིགས་དཔེ་སྐྲུན་ཁང་གིས་༼གསར་སྒྱུར་རཱ་མ་ཡཱ་ནའི་རྟོགས་བརྗོད༽ གཞན་ད་དུང་། ༼འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱི་རྣམ་ཐར༽ ཤེས་རིག་ལས་ཁུངས་ཀྱིས་༼རྒྱུན་ཆགས་ལྔ་པ༽སོགས་དེབ་ཏུ་ཐོན་ཡོད་པ་དེ་དག་དང་། ཡང་། རྡི་ལི་བོད་ཁང་གིས་བཏོན་པ༼ཟ་མ་ཏོག༽དང་། ༼རྩམ་པ༽ ༼ལྡུམ་ར༽ ༼ནོར་མཛོད༽ ༼ནོར་འོད༽ ༼ཕ་ཡུལ་ཤེས་བྱའི་བང་མཛོད༽སོགས་དུས་དེབ་དང་ཚགས་པར་ཁག་གི་ནང་། དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་བཅས་སྤེལ་བ་སྐོར་ཞིག་མཇལ་དུ་ཡོད་པ་དེ་ཙམ་ལས། ཁོང་གིས་ཞུ་བཅོས་མཛད་པ་སྙན་ངག་གི་བསྟན་བཅོས་ཆེན་མོ་༼སངས་རྒྱས་ཀྱི་སྤྱོད་པ༽དང་། ༼རོ་སྒྲུང་༽དང་། ༼བྱིས་སྒྲུང་༽བརྒྱ་སྐོར་བརྩམས་གནང་ཡོད་པ། ༼ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན༽ ༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་བ༽ འདུལ་བ་གཞི་དང་དཔག་བསམ་འཁྲི་ཤིང་ལ་གཞི་བྱས་ནས་ཟློས་གར་འཁྲབ་གཞུང་དུ་བརྩམས་པ༼མུ་ཏིག་འཁྲི་ཤིང་གི་ཟློས་གར༽སོགས་ལྗགས་རྩོམ་མང་པོ་ཞིག་ནི་མང་མང་གི་གཟིགས་ཀློག་ཞུས་ཆོག་གི་དེབ་ཀྱི་རྣམ་པར་ཡོངས་ཁྱབ་པར་སྐྲུན་གནང་མེད་པར། དཔེ་ཁྲིད་གནང་ཡུལ་ཁག་ལ་སློབ་དེབ་ཀྱི་རྣམ་པ་ནས་འགྲེམས་སྤྲོད་དང་། དོ་སྣང་ཅན་འགའ་རེར་ཆེད་སྩལ་གནང་བ་བཅས་ཀྱི་བབ་ནས་གཟིགས་ཀློག་མཁན་གང་འཚམ་བྱུང་ཡོད་པ་ཙམ་གྱི་མུར་ཡོད་པ་ཞིག་ཆགས་ཡོད། དེས་ན། ང་ཚོས་ཁོང་གི་བརྩམས་ཆོས་ད་ཡོད་ཁག་གཞི་ལ་བཞག་ནས་ཁོང་གི་སྐོར་ག་ཚད་ཀྱིས་གླེང་ནའང་། ཕྱོགས་དང་ངོས་ཙམ་ལས་གླེང་ཐབས་མེད་པ་ཞིག་ཀྱང་ཆགས་ཡོད།
ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རྒྱ་ཟབ་པ་ཞིག་ཡིན་ལ། དེ་བས་ཀྱང་། འདས་པའི་མི་ལོ་བཅུ་ཕྲག་འགའི་ནང་། ཐ་སྙད་རིག་གནས་ཡར་སྤེལ་བྱེད་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་གནད་ཀར་གཟིགས་འབྲེལ། དགོངས་པ་བཞེས་བབ་དེ་དང་འབྲེལ་བའི་བརྩམས་ཆོས་ཐང་མར་བརྡལ་བ་དེ་དག་ནི། མཐོ་སའི་མཁས་པ། བར་གྱི་ཤེས་ཡོན་པ། ལོ་ཆུང་ན་གཞོན་བཅས་གང་གི་ཆེད་དུ་ཡིན་པའི་ཀློག་མཁན་དག་གི་ཤེས་ཚད་དང་འཚམ་པར་བརྩམས་ཡོད་པ་ཞིག་ཡིན། བྱིས་སྒྲུང་དང་། དམངས་གཞས་ཀྱི་རྣམ་པ་སོགས་ཅི་རིགས་པར་ཡོད། དེ་དག་ལས་གཞན། ད་དུང་བྲིས་འབུར་བཟོ་ཡི་རིག་གནས་ལའང་ནང་བྱན་ཆུད་པ་ཞིག་ཡིན་བརྟེན། ཐང་ག་འབྲི་བཞེངས་དང་། དེང་རབས་རི་མོའི་རིགས་ཀྱི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་མཇལ་དུ་ཡོད། དེ་དག་ཀྱང་། འབྲེལ་ཡོད་ཁག་ལ་ལོ་གསར་གྱི་ཤིས་ཤོག་གི་རྣམ་པས་བེད་སྤྱོད་འགྲེམས་བཀྲམས་ཙམ་གྱི་རྣམ་པ་ཞིག་ན་གནས་ཡོད་པ་ཆགས་ཡོད།
ན་ནིང་ལོ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༣ ལ་༼བོད་རྒན་རཀ་ར་བཀྲས་མཐོང་པའི་དྲང་གཏམ།༽ཞེས་པ་ཞིག་ཆེད་འབྲི་གནང་བ་དུས་བབ་གསར་ཤོག་ཏུ་ ༢༠༡༢ ཟླ་ ༨ ཚེས་ ༢ ལ་བཀོད་ཐོན་དེ་ནི། ཁོང་སྐུ་མ་གཤེགས་པའི་བདུན་ཕྲག་འགའི་གོང་དུ་ཆེད་འབྲི་བསྐྱངས་པ་ཞིག་ཡིན་ལ། ང་ཚོས་ཁོང་གི་བརྩམས་ཆོས་གསར་ཤོས་དང་མཐའ་མ་བཀླགས་པའང་དེ་ཆགས་ཡོད། སྐུ་ཚེའི་འཕེན་པ་མ་རྫོགས་ཀྱི་བར་དུ་རྩོམ་པའི་ཕྱག་ལས་གནང་ཡོད།
ད་ཆ་ང་ཚོས་ཁོང་གི་གསུང་རྩོམ་དག་མཇལ་ཀློག་དང་སློབ་སྦྱོང་བྱས་ཏེ། ཁོང་གི་མཁྱེན་དཔྱོད་ཀྱི་ནང་བཅུད་ལ་རོལ་རྒྱུ་ལས་དངོས་མཇལ་གྱི་གོ་སྐབས་མེད་པར་གྱུར་ཡོད་ནའང་། ཁོང་གི་མཁྱེན་དཔྱོད་དེ་བརྩམས་ཆོས་འདི་དག་གི་ཀློང་དུ་བརྡལ་ཡོད་སྟབས། ཁོང་གི་མཁྱེན་དཔྱོད་ནི་བསྐལ་པའི་བར་དུ་ང་ཚོའི་ལོངས་སྤྱོད་དུ་འགྱུར་བ་ཞིག་བྱུང་ཡོད། ཡིན་ནའང་། བརྩམས་ཆོས་མང་ཆེ་ཤོས་ད་ལྟ་ཡོངས་ཁྱབ་དཔར་འགྲེམས་ཞུ་རྒྱུར་ལྷག་བསྡད་ཡོད་པ་ཞིག་ཆགས་ཡོད་སྟབས། གཞུང་སྒེར་རིག་གཞུང་གི་བསྟི་གནས་དག་གིས་འདི་ཐད་དགོངས་བཞེས་རེ་གནང་སྐུལ་ཡང་ཞུ་བར་འདོད་དོ། །
་་་་ ན་ནིང་ལོ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༣ ལ་༼བོད་རྒན་རཀ་ར་བཀྲས་མཐོང་པའི་དྲང་གཏམ།༽ཞེས་པ་ཞིག་ཆེད་འབྲི་གནང་བ་དུས་བབ་གསར་ཤོག་ཏུ་ ༢༠༡༢ ཟླ་ ༨ ཚེས་ ༢ ལ་བཀོད་ཐོན་དེ་ནི། ཁོང་སྐུ་མ་གཤེགས་པའི་བདུན་ཕྲག་འགའི་གོང་དུ་ཆེད་འབྲི་བསྐྱངས་པ་ཞིག་ཡིན་ལ། ང་ཚོས་ཁོང་གི་བརྩམས་ཆོས་གསར་ཤོས་དང་མཐའ་མ་བཀླགས་པའང་དེ་ཆགས་ཡོད། སྐུ་ཚེའི་འཕེན་པ་མ་རྫོགས་ཀྱི་བར་དུ་རྩོམ་པའི་ཕྱག་ལས་གནང་ཡོད། ་་་་་
རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་བ། ༼ཚན་པ་བཞི་པ།༽ཞེས་པ་འདི། ཁོང་གི་དངོས་སློབ་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་བྲིས་གནང་བར་བཀའ་དྲིན་ཆེའོ།། རཀ་ར་རིན་པོ་ཆེའི་གསུང་རྩོམ་རྣམས་རྟག་ཏུ་གནས་འགྱུར་ཅིག །
ཁོང་གི་གསུང་རྩོམ་ཁག་ཕྱོགས་སྒྲིག་དེབ་ཞིག་གདོན་ཐུབ་ན་རྗེས་དྲན་ངོ་མ་དེ་ཆགས་པ་ཡིན། འོས་བབས་ཆེ་ཤོས་སྒོ་མང་གྲྭ་ཚང་དང་། ཡང་ན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གང་རུང་ནས་ལས་འགན་ཞུ་ཐུབ་ན་འཚམ་པོ་ཞིག་མཐོང་གི་འདུག སུས་འགན་བླང་རུང་གུས་པའི་ངོས་ནས་ཧིན་སྒོར་ཆིག་སྟོང་ཞལ་འདེབས་ལ་འབུལ་རྒྱུ་ཡིན། དེ་བཞིན་གཞན་ནས་ཀྱང་ཆེ་ཆུང་ལ་མ་ལྟོས་པར་ཞལ་འདེབས་གནང་སྲིད། དེ་དོན་འབྲེལ་བ་གནང་ཕྱོགས་ཁ་བརྡའི་སྟེང་ནས་གསལ་བཤད་ཡོད་པ། ཐུགས་རྗེ་ཆེ།
དགོངས་དག་ཧིན་སྒོ་ལྔ་སྟོང་འབུལ་རྒྱུ་ཡིན།
སྒོ་ལྔ་སྟོང་གིས་གང་བྱེད་དགོས་བ་རེད། བློ་བཟང་ལགས།
གྲོགས་པོ་ཁྱེད་ལ་སྤྱི་ཚོགས་ནང་ཉམས་མྱོང་མེད་པ་གསལ་སྟོན་རེད། དེ་ལས་ཁྱེད་རང་གིས་ང་ཡང་སྒོར་བརྒྱ་ཕུལ་ཟེར་ན། ལྔ་སྟོང་སོར་བཞག་ལ་བརྒྱ་ཞིག་བསྣན་པ་རེད། ཁྱེད་རང་གི་བཀའ་མོལ་དེ་ལྔ་སྟོང་ཡང་མེད་པ་བཟོ་རྒྱུའི་བསམ་འཆར་རེད། ངས་གསལ་པོར་ཤེས་པ་ནི་སྒོར་ལྔ་སྟོང་གི་དེབ་གཅིག་གི་དཔར་བསྐྲུན་རིན་པའང་ལོངས་མི་ཐུབ། འོན་ཀྱང་ས་བོན་ཆུང་ངུའི་འབྲས་བུ་་་་་་་་རེད་པའ།
སྤྱིར་ང་རང་ཁེར་རྐྱང་དང་འཚོ་བ་འགྲིག་ཙམ་ལས་འབྱོར་ལྡན་པ་ཞིག་མིན་པས་དེ་ཙམ་མ་གཏོགས་ཕུལ་མ་ཐུབ་པ་རེད། ང་ཁོང་དང་བླ་སློབ་འབྲེལ་བ་རྩ་བ་ནས་མེད་པ་ཞིག་གིས་དེ་ཙམ་འབུལ་ན་ཁོང་དང་འབྲེལ་འདྲིས་ཡོད་པ་ཚོས་ཀྱང་གནང་སྲིད་པའི་རེ་བ་དེས་ཧིན་སྒོར་འབུམ་འབུལ་བ་རེད།
སྤྱི་ཚོགས་ཡར་རྒྱས་དང་མི་རིགས་སེམས་ཤུགས། མཐུན་སྒྲིལ་བཅས་དགོས་ན་བོད་ཡིག་རྐང་གཅིག་ཤེས་པ་ལའང་བསྟོད་ར་དང་། ལས་འགུལ་ཆུང་ཚག་ཞིག་སྤེལ་བ་ལའང་རྒྱབ་སྐྱོར་གནང་བ་སོགས་གལ་ཆེན་པོ་འདུག
ཆོས་ལུགས་དང་ལུང་ཚན་གཅིག་པ་རྐྱང་བསྟོད་ཞིང་། གཞན་ལ་རྣམ་པ་ཀུན་ཏུ་དམའ་འབེབ་ཀྱི་ལམ་དེ་ནམ་ཡང་དོར་བར་ཤོག
དག་ནོར་ལ་སྐུ་རྩེད་ཙམ་ཞུས་པ་ཡིན། ཀུ་རེ་ལམ་ལ་མ་སོང་ནི་རེད། དགོངས་དག།
སྤྱི་ཚོགས་ཀྱི་བདེ་སྡུག་དང་ལྷག་བསམ་འཚོ་བ་སྐྱོ་བས་རྟོག་དགོས་བ་ཞིག་ཡིན་ན་ཁྱོད་ལས་ང་སྐྱོ་བ་ཡོད་པ་རེད། ཁྱོད་སེམས་ཕམ་མི་དགོས། ང་སྐྱོ་ཐག་ཆོད་དང་སྐྱིད་ཐག་ཆོད་ཡོད།
མེ་ཏོག་ཆུང་རུང་མཆོད་པ་རེད། མཆོད་པ་ཕུལ་ན་མི་དགོས་ནི་ཞིག་གང་ན་ཡོད། ཁྱེད་ཀྱི་མཆོད་རྩ་ལ་དགེ་བ་བརྒྱ་འགྱུར་སྟོང་འགྱུར་ཡོད་པར་ཤོག། འབུལ་བ་ཅན་བློ་བཟང་ལགས།
ཨ་ལེ། ཤེས་སོང་། སྒོར་རེད་སྒོ་ཞེས་ནོར་འདུག ཐུགས་རྗེ་ཆེ།
༼གནས་བརྒྱད་དང་སྤྲིན་གྱི་ཕོ་ཉའི་འགྲེལ་བ་༽འདི་དྲ་ཐོག་ནས་ལེན་རྒྱུ་ཨེ་ཡོད། གློག་རྡུལ་པར་མ་ཨེ་ཡོད། སྐུ་མཁྱེན་གཅིག་གནོངས་རོགས།
སུས་འགན་བླང་རུང་གུས་པའི་ངོས་ནས་ཧིན་སྒོར་ཆིག་སྟོང་ཞལ་འདེབས་ལ་འབུལ་རྒྱུ་ཡིན། ་་་ཟེར།
གནས་བརྒྱད་ཀྱི་འགྲེལ་པ་འདི་ན་ཡོད།
https://docs.google.com/file/d/0B_t73HIDROnjLWZTd0FkVVlFZlU/edit?usp=sharing
བློ་བཟང་ལགས།
བཀའ་དྲིན་ཆེ། རྗེས་མ་གནས་བརྒྱད་བལྟས་ནས་བོད་ཡིག་གི་ཉམས་མྱོང་གསར་པ་འདྲ་ཐོབ་ན། རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ་ལྟར། “བློ་བཟང་དྲ་གྲོགས་ཐུགས་ཡངས་བྱིན་རླབས་ཀྱིས། གནས་བརྒྱད་རཀ་རའི་གསུང་གི་བདུད་རྩི་ཐོབ། ཡི་གེའི་སྡེབ་སྦྱོར་གནས་འདིར་འདི་ཁོ་ན། ལེགས་པར་སློབ་ཤིག་གྲོགས་པོ་བློ་དཀར་ལགས། བླུན་པོ་ངས་ཀྱང་སློབ་སྦྱོར་འདི་ལྟར་བྱས། བཀའ་དྲིན་ཆེའོ་དྲ་གྲོགས་བློ་བཟང་ལགས།”ཅེས་འབྲི་རྒྱུ་ཡིན།
《མུ་ཏིག་འཁྲི་ཤིང་》ཞེས་པ་ཐུབ་པ་སངས་རྒྱས་ཀྱི་སྐྱེ་རབས་དང་སྦྱར་ནས་བརྩམས་པའི་ཟློས་གར་ཞིག་ལེགས་སྦྱར་གྱི་སྐད་ཐོག་ཡོད་ལ། དཔེ་དེབ་དེ་བཞིན་གུས་པས་བཀླགས་མྱོང་། གོང་བཀོད་དཔར་ཡིག་དེ་བཀླགས་པས་ལེགས་སྦྱར་གྱི་ཟློས་གར་ནང་ཡོད་བརྗོད་ཚིག་དང་བརྗོད་བྱ་གུས་ཀྱིས་དྲན་ཚོད་ལྟར་ན་ཧ་ཅང་གི་ཉེ་པོ་འདུག་ན། ཟློས་གར་བསྟན་བཅོས་འདི་ཁོང་གིས་གསར་རྩོམ་གནང་བ་རེད་དམ་ལེགས་སྦྱར་གྱི་སྐད་ལས་ཕབ་བསྒྱུར་གནང་བ་ཞིག་རེད།
མཁས་བ་ཚང་མ་རྐུན་མ་ཡིན། ང་རང་རྐུན་མའི་རྒྱལ་བོ་ཡིན་ཟེར་ནི་ཞིག་གོ། ད་རྐུབ་ཕུད་ཀི་མ་འདུག། ཁོང་ནི་ཕེབས་ཚར་རེད། ཤི་བོའི་རོ་མཚང་བསྔོགས་ན་ངོ་མ་མི་དགའ་འི། སྔོན་མར་དགེ་ཆོས་སྐོར་ལ་ཡང་དེ་འདྲ་ཞིག་གོ་རྒྱུ་ཡོད་ཐལ།
བསམ་ཤེས་ལགས་ཐུགས་རྗེ་ཆེ། ང་འདིར་ཡོང་དགོས་དོན་རྒྱུ་མཚན་གཅིག་ནི་བོད་ཡིག་ཡར་རྒྱས་ཆེད་ཡིན།
བཀུར་འོས་རྒན་རྡོ་རྗེ་དབང་ཕྱུག་ལགས། རཀ་རིན་པོ་མཆོག་གི་བུ་དང་བུ་མོ་ཚོའི་གནས་སྟངས་སྐོར་ཞིག་གསུངས་གནང་རོགས
རཀར་རིན་པོ་ཆེ་མཆོག་གིས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས༼མུ་ཏིག་འཁྲི་ཤིང་གི་རྟོགས་བརྗོད་༽ལ་འགྲེལ་བ་མཛད་ཡོད་པ་དེའི་དབུར། “སྐབས་འདིར། ཁོ་བོས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ནས། སིཾགལའི་བུ་མོ་མུ་ཏིག་འཁྲི་ཤིང་གི་ཡལ་འདབ་ལ་ཆེད་དུ་མཆན་བྲིས་པའི་རྒྱུ་མཚན་ནི། ་་་་་་་་་་་་་་་་སྟོན་པ་ཐུགས་རྗེ་ཅན་དེས་གདུལ་བྱ་རིས་སུ་མ་ཆད་པ་ལ་ཕན་པ་ཇི་ལྟར་མཛད་པ་དྲན་གསོའི་ཆེད་དང་། མུ་ཏིག་འཁྲི་ཤིང་མའི་སྐྱེ་བ་སྔ་ཕྱིའི་ལས་ཀྱི་རྒྱུ་བ་བསྟན་པ་སོགས་ཤེས་ཆེད་དུ་འབྲི་བར་བགྱི་བ་ལགས། རཀར་བཀྲས་མཐོང་ནས།” ཞེས་དང་།
མུ་ཏིག་འཁྲི་ཤིང་གི་རྟོགས་བརྗོད་དེ་ཟློས་གར་འཁྲབ་གཞུང་དུ་བརྩམས་གནང་བ་དེའི་དབུར། “རང་རེ་ལ་གཏམ་རྒྱུད་འདིའི་གྲས་ཟློས་གར་ལ་དགོས་པ་ཡིན་ཙང་། ཟློས་གར་ལ་ནི་སྐད་ཁོ་ན་གལ་ཆེ་བ་ནི་ཟློས་གར་ཤེས་ན་སྐས་རིགས་ལ་མི་རྨོངས་ཞེས་ཡོངས་སུ་གྲགས་ཙ་ན། བོད་པ་རང་བཞིན་པའི་སྐད་ཀྱི་ཐོག་ལ་བྲིས་པ་ཡིན།”་ཞེས་དང་། “ད་ལམ། མུ་ཏིག་འཁྲི་ཤིང་དགའ་མའི་ཟློས་གར་འདི།།གངས་ཅན་རིགས་ཀྱི་སྤྱན་སྔར་འཁྱོལ་བར་བྱས།།ཞེས་ཟློས་གར་འདིའི་གཏམ་མམ། བརྗོད་པ་ནི་བོད་རིགས་ཆེ་འབྲིང་ཆུང་གསུམ་ནས་གོ་བདེའི་ཆེད་དུ། ༸གོང་ས་ཆེན་པོའི་བཀའ་སློབ་གསུང་སྤར་གྱི་ནང་གི་གསུང་གི་སྒྲོས་ལ་བརྟེན་ནས་བྲིས་པ་ལགས།” ཞེས་བཀོད་གནང་འདུག དཔྱད་པར་མཛོད།
རཀར་རིན་པོ་ཆེའི་སྐོར་ཙམ་ལས། ཁོང་གི་གསང་ཡུམ་བུ་ཕྲུག་དང་བཅས་པའི་སྐོར་ནི་ངས་གང་ཡང་མི་ཤེས། ངས་ནི་ཁོང་ཙམ་མཇལ་མྱོང་། དཔེ་ཁྲིད་ཁ་ཡར་ཞུས་མྱོང་། ཡིག་འབྲེལ་མང་ཙམ་དང་། དངོས་མཇལ་ལན་ཤས་བྱུང་། དེ་ལྷག་ངས་གང་ཡང་མི་ཤེས།
རཀ་ར་རིན་པོ་ཆེ་ཞེས་འབྲི་ཡོང་དུས། དུས་རབས་ཉེར་གཅིག་པར་སླེབས་དུས་ཀ་ཡང་རྗེས་འཇུག་ནང་དུ་ཚུད་ཚར་འདུག སྔོན་མར་རྗེས་འཇུག་བཅུ་ལས་མེད་ནའང་དེང་སང་བཅུ་གཅིག་ཡོད་འདུག ལེགས་བཤད་ལྗོན་དབང་ལའང་བཟོ་བཅོས་ཤིག་རྒྱག་དགོས་བྱེད་ས་རེད། ཀ་ག་ང་ད་ན་བ་མ།། འ་ར་ལ་ས་རྗེས་འཇུག་བཅུ།།
རཀ་ར་རིན་པོ་ཆེ་ཞེས་འབྲི་ཡོང་དུས། དུས་རབས་ཉེར་གཅིག་པར་སླེབས་དུས་ཀ་ཡང་རྗེས་འཇུག་ནང་དུ་ཚུད་ཚར་འདུག སྔོན་མར་རྗེས་འཇུག་བཅུ་ལས་མེད་ནའང་དེང་སང་བཅུ་གཅིག་ཡོད་འདུག ལེགས་བཤད་ལྗོན་དབང་ལའང་བཟོ་བཅོས་ཤིག་རྒྱག་དགོས་བྱེད་ས་རེད། ཀ་ག་ང་ད་ན་བ་མ།། འ་ར་ལ་ས་རྗེས་འཇུག་བཅུ།།
རཀ་ར་རིན་པོ་ཆེ་ཞེས་འབྲི་ཡོང་དུས། དུས་རབས་ཉེར་གཅིག་པར་སླེབས་དུས་ཀ་ཡང་རྗེས་འཇུག་ནང་དུ་ཚུད་ཚར་འདུག སྔོན་མར་རྗེས་འཇུག་བཅུ་ལས་མེད་ནའང་དེང་སང་བཅུ་གཅིག་ཡོད་འདུག ལེགས་བཤད་ལྗོན་དབང་ལའང་བཟོ་བཅོས་ཤིག་རྒྱག་དགོས་བྱེད་ས་རེད། ཀ་ག་ང་ད་ན་བ་མ།། འ་ར་ལ་ས་རྗེས་འཇུག་བཅུ།།
དེ་སྐྱོན་ཡོད་མ་རེད། སྨན་དང་རཀྟ་ཟེར་དུས་ཀ་རྗེས་འཇུག་ཟེར་ནའང་འདྲ་མིང་གཞི་ཞིག་གིས་རྗེས་སུ་བཏགས་ཀྱི་ཡོད་རེད། དེ་ཙམ་གྱིས་རྗེས་འཇུག་མང་དུ་ཐལ་གྱི་མ་རེད། ཧ་ཧ་་་་་་་ཁ་ཉུང་ཙམ། བསམ་བློ་མང་ཙམ།
ལགས་སོ་རྡོར་དབང་ལགས། ཐུགས་རྗེ་ཆེ། གལ་ཏེ་ཁོང་གི་ནང་མི་དང་བུ་ཕྲུག་ཚོའི་སྐོར་ཤེས་མཁན་ཡོད་ན་བཀོད་རོགས།
ང་ནི་ཁོང་གི་སློབ་མ་དང་ཡང་སློབ་གང་ཡང་མིན་ཀྱང་། སྔོན་མ་ནས་ལྷན་སྐྱེས་ཀྱིས་ཁོང་ལ་བརྩི་བཀུར་ཞིག་ཡོད་པ་འདི་ནི་ཕལ་ཆེར་ཁོང་བོད་ཀྱི་རིག་གནས་ཐོག་ཐུགས་འཁུར་སྐྱེས་ནས་ཕྱག་ལས་ཡུན་རིང་གནང་བའི་གནས་ཚུལ་མང་པོ་ཞིག་གོ་བས་ཡིན་ལ། མ་ཟད་ཁོང་གི་གནས་བརྒྱད་དང་སྤྲིན་གྱི་ཕོ་ཉའི་འགྲེལ་པ་དེ་བམ་ཀློག་ཞིག་བྱས་མྱངས་པས་ཀྱང་རེད་འདུག ཁོང་འདས་པའི་གནས་ཚུལ་ཉེ་སྔོན་གོ་བ་ནས་བཟུང་སེམས་ཀྱི་གྲ་ཞིག་ནས་ཕངས་སྣང་ཞིག་འགོག་མེད་དུ་སྐྱེ་བཞིན་འདུག་ཀྱང་ཅི་བྱར་ཡོད།
ཁོང་གི་གསུང་ ‘ལུང་སྟོན་པ་ལ་འཇུག་པའི་སྒོ’ དང་། དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་བཀྲོལ། པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་མ་དཀར་སྔོན་གྱི་བསྟོད་འགྲེལབཅས་དེབ་གཅིག་ཏུ་བསྡེབས་པ་ཞིག་སྒོ་མང་གུང་རུ་ཁང་ཚན་ནས་དཔེ་སྐྲུན་བྱས་ཡོད། དེ་ཕལ་ཆེར་ཡོངས་གྲགས་མིན་པ་འདྲ། གསུང་འདི་ཚོ་མིང་ཙམ་ཡང་ད་བར་གཏོན་མཁན་མ་བྱུང་། ‘ལུང་སྟོན་པ་ལ་འཇུག་པའི་སྒོ’ ཞེས་པ་འདི་སུམ་རྟགས་ཀྱི་འགྲེལ་པ་རེད་འདུག་ལ་དེ་ནང་ཁོང་གི་ཐུན་མིན་གྱི་བཞེད་པ་མང་པོ་ཞིག་བཀོད་ཡོད་པ་ད་ལྟ་དྲན་ལམ་ན་རབ་རིབ་ཙམ་འདུག ཕྲན་ད་ལྟ་རང་གནས་སུ་མེད། རྗེས་སུ་གནས་ཚུལ་འདྲ་འགོད་ཐུབ་ན་བསམ་བཞིན་ཡོད།
བོད་ཡིག་ནང་རྗེས་འཇུག་བཅུ་ལས་མེད་ཀྱང་། རྒྱལ་སྤྱིའི་སྒྲ་གདངས་དང་མིང་ལ་བཀོལ་དུས། ཀ་མད་སུམ་ཅུ་ཆ་ཚང་རྗེས་འཇུག་ཏུ་བཀོལ་མི་འོས་པ་མིན། གསལ་བཤད་དགོས་ན་རྗེས་སུ་ཞུ་ཆོག་པ་མཁྱེན།
རཀ་ར་རིན་པོ་ཆེས་ཕྱག་བྲིས་གནང་བའི་དགེ་ཆོས་ཀྱི་ལོ་རྒྱུས་ཐེངས་མང་ལྟ་མྱོང་། ཁོང་ནི་ཟོལ་བྲལ་གྱི་མཁས་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ། ཁོང་གི་ལོ་རྒྱུས་ཁ་བརྡའི་ནང་ནས་མཇལ་བར་དགའ་བོ་བྱུང་།