ད་རིང་གླུ་གཞས་འདི་གོ་སོང་པའི་ཧ་ཅང་དགའ་པོ་བྱུང i am very have to hear this song again and i learned alot today.. thankful to the person who introduced this song again .. i heard once i was school and still sounds sweat as its lyrics .. the every green song i ever heard from tibetan society.. head up to Legend singer Mr Palgon .. thanks
གཞས་ཚིག་ནང་ལ། ཨ་ཁུ། པདྨ། རེད་དམ།། ཨ་ཁུ་སྤེན་པ་རེད། ལགས།
ཨོ། འགོ་བརྗོད་དུ་པད་མ་བྲིས་འདུག
བོད་ཕྱི་ནང་གང་ནའང་གྲགས་ཆེ་བའི་གླུ་གཞས་ཨ་ཁུ་པདྨ་རེད། རྒད་པོ་དཔལ་མགོན་གྱིས་ལོ་རབས་བདུན་ཅུའི་ནང་ཨ་ཁུ་པདྨའི་དབྱངས་རྟ་མངའ་རིས་སྒྲ་སྙན་གྱི་རྒྱུད་སྐུད་ལ་དྲངས་ཏེ་འབྲོག་པའི་ལྷས་རྭ་ནས་རོང་བའི་ཞིང་ཚིགས་དང་གྲོང་དང་གྲོང་ཁྱེར་བརྒྱུད་ནས་བོད་ཀྱི་གླུ་གཞས་ཀྱི་གར་སྟེགས་སྟེང་ཕྱག་རྗེས་བླ་མེད་ཅིག་བཞག་པ་ཡོད་ནི་ཀུན་གྱིས་མཁྱེན་གསལ་རེད།
ཨ་ཁུ་ནི་་སྐད་དུ་རབ་བྱུང་བཙུན་པ་ལ་གོ་བ་དང་། པདྨ་ནི་སྤྱན་རས་གཟིགས་ཀྱི་ཕྱག་མཚན་ཡིན་། ད་བྱས་ན་ཨ་ཁུ་པདྨ་ཁོང་སུ་ཡིན་པ་ཁེད།
ཨམ་སྐད་
ངའི་སེམས་ལ་དགའ་ཤོས་ཀྱི་ཅིག་ཡིན་ན་ཡང་། ཚིག་དོན་ཇི་བཞིན་མི་གོ་བ་འདི་དཀའ་ངའི་ཅིག་རེད་འདུག
ཨ་ཁུ་པདྨ་དོན་དམ་པར་སུ་ཡིན་དཔལ་མགོན་ཁོ་རང་ལ་འདྲི་རྒྱུ་མ་གཏོགས་ཤེས་དཀའ་རྒྱུ་རེད།
མགོ་ནག་རྩམ་ཟན་ཚང་མས་ཤེས་ཀྱི་རེད། ཁྱེད་ཚོས་མ་ཤེས་བ་གང་ཡིན་ནམ།
བློ་བཟང་སེང་གེ་ལ་གླུ་བ་བཀྲ་ཤིས་ཉི་མ་འདྲ་བའི་སྐད་དང་འཁྲབ་རྩལ་ཡོད་རྒྱུ་ན་བོད་རང་བཙན་ཐུང་ཐུང་མྱུར་མྱུར་ལ་འགྲུབ་རྒྱ་རེད།
ཨ་ཁུ་པདྨ་ཞེས་པའི་གཞས་འདིའི་གདངས་དབྱངས་སྙན་མོ་དེ་ལ་ངའི་ཡིད་དབང་གིས་རྣ་བའི་བུ་ག་བརྒྱུད་དེ་མྱོང་རོལ་བྱས་པ་བགྲངས་ཀྱིས་མི་ལང་། ཡིན་ན་ཡང་དེའི་དོན་ལྟ་ཅི་ཨ་ཁུ་པདྨ་ཞེས་པ་ཙམ་ལས་དེ་ལས་གཞན་ཚིག་གཅིག་ཀྱང་གང་ཡིན་ཤེས་ཚོར་མ་བྱུང་། ད་རིང་ཨ་ཁུ་པདྨ་ཞེས་པའི་དོན་རྟོགས་སོང་བས་གཞས་འདི་ཉན་འདོད་ཧ་ཅང་གིས་འཕེལ་ལ་དེ་བས་ཀྱང་ཚིག་ཤེས་འདོད་སྐྱེས། དེས་ན་སུ་ཞིག་གིས་གཞས་ཚིག་འདི་འདིར་འཁོད་ཐུབ་ན་གུས་པས་བཀའ་དྲིན་ནམ་ཡང་མི་བརྗེད་ཞུ།
བོད་གངས་ཅན་པའི་བསོད་ནམས་མ་ཉམས་པའི་སྐད་དུ།
ཨ་ཁུ་པད་མ་ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ན་ཡེ། ཡར་ཕར་ན་དགུང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། མར་བབ་ན་བྲག་རིའི་སྐྱིད་ཙིག་རེད། ཁྱོད་མེད་ན་བྲག་ཐེམས་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། བྱ་ངང་ང་གསེར་གི་འཕྲེང་ང་ཅན་ན་ཡེ། ཧར་སོང་ན་སྤང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཆིར་སྐྱལ་ན་མཚོ་མོའི་སྐྱིད་ཙིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཧར་སོང་ན་སྡེ་བའི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཚུར་ཡོང་ན་ན་ཟླའི་སྐྱིད་ཙིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་ང་རེད། །
http://www.youtube.com/watch?v=OZCJFenIzq4
བོད་གངས་ཅན་གྱི་རིག་གཞུང་འདི་ཡིན་འདི་མིན་མེད་པ་བཟོ་མཁན་གྱི་སྐད་དུ། །
ཨ་ཁུ་པད་མ་ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ན་ཡེ། ཡར་ཕུར་ན་དགུང་གི་རྒྱན་ཞིག་རེད། ཨ་ཁུ་པད་མ་ཡེ། མར་བབ་ན་བྲག་རིའི་སྐྱིད་ཅིག་རེད། ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད། །
ཨ་ཁུ་པད་མ་ཡེ། བྱ་ངང་པ་གསེར་གི་འཕྲེང་མ་ཅན་ན་ཡེ། ཕར་སོང་ན་སྤང་གི་རྒྱན་ཞིག་རེད། ཨ་ཁུ་པད་མ་ཡེ། ཆུར་སྐྱལ་ན་མཚོ་མོའི་སྐྱིད་ཅིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། །
ཨ་ཁུ་པད་མ་ཡེ། སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཕར་སོང་ན་སྡེ་བའི་རྒྱན་ཞིག་རེད། ཨ་ཁུ་པད་མ་ཡེ། ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །
མར་ཝབ་ན་བྲག་རིའི་སྐྱིད་ཙིག་རེད། ཟེར་ནས་བཅོ་དགོས་པ་འདྲ།
ཨ་ཁུ་པད་མ། ཡེད། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ནི། ཡེད། ཡར་འཕུར་ན་དགུང་གི་རྒྱན་ཟིག་རེད། ཨ་ཁུ་པད་མ། ཡེད། མར་བབས་ན་བྲག་རིའི་སྐྱིད་ཟིག་རེད་ལ། ཡེད། ཁྱོད་མེད་ན་བྲག་ཐེམས་སྟོང་བ་རེད།
་་་་་་་་་་་་་ ་་་་་་་་་་་་་་་་ ་་་་་་་་་་་་་་་་་
ཨ་ཁུ་པད་མ། ཡེད། བྱ་ངང་པ་གསེར་གི་འཕྲེང་ང་ཅན་ནི། ཡེད། ཆུར་སྐྱལ་ན་མཚོ་མོའི་སྐྱིད་ཟིག་རེད། ཨ་ཁུ་པད་མ། ཡེད། ཚུར་ཡོང་ན་སྤང་ཁའི་རྒྱན་ཟིག་རེད་ལ། ཁྱོད་མེད་ན་མཚོ་ཁ་སྟོང་བ་རེད། །
་་་་་་་་་་་་་་ ་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་
ཨ་ཁུ་པད་མ། ཡེད། སྟག་ཤ་ར་དུང་གི་སོ་སྒོ་ཅན་ནི། ཡེད། ཕར་སོང་ན་སྡེ་བའི་རྒྱན་ཟིག་རེད། ཨ་ཁུ་པད་མ། ཡེད། ཚུར་ཡོང་ན་ན་ཟླའི་སྐྱིད་ཟིག་རེད་ལ། ཁྱོད་མེད་ན་ཡིད་སེམས་སྟོང་བ་རེད།
་་་་་་་་་་་་་་་ ་་་་་་་་་་་་་་་་ ་་་་་་་་་་་་་་་་་་
གོང་གི་འདི་འདྲ་ཞིག་རེད། དེ་མིན་མི་ཤེས་ཤེས་མདོག། འདྲེ་ཡིག་དེ་འདྲ་བྲིས་མ་ཡོང་ཨ།
བོད་གངས་ཅན་པའི་བསོད་ནམས་མ་ཉམས་པའི་སྐད་དུ།
ཨ་ཁུ་པད་མ་ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ན་ཡེ། ཡར་འཕར་ན་དགུང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། མར་ཝབ་ན་བྲག་རིའི་སྐྱིད་ཙིག་རེད། ཁྱོད་མེད་ན་བྲག་ཐེམ་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། བྱ་ངང་ང་གསེར་གི་འཕྲེང་ང་ཅན་ན་ཡེ། ཧར་སོང་ན་སྤང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཆིར་སྐྱལ་ན་མཚོ་མོའི་སྐྱིད་ཙིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཧར་སོང་ན་སྡེ་བའི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཚུར་ཡོང་ན་ན་ཟླའི་སྐྱིད་ཙིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་ང་རེད། །
ངས་འདིར་གླུ་བ་དཔལ་མགོན་གྱི་ཕ་སྐད་གཙང་མའི་ངག་སྒོ་ནས་ཇི་ལྟར་བཏོན་པ་དེ་ལ་ལེགས་པར་ཉན་ནས་བྲིས་ཡོད།
གནམ་བོན་གཉིས་ཀྱིས་གཞས་ཚིག་ཉན་བཤུས་ལ་བཀའ་དྲིན་ཆེ།
རང་སྐད་དུ།
ཨ་ཁུ་པད་མ་ཡེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ན་ཡེ། ཡར་འཕར་ན་དགུང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། མར་ཝབ་ན་བྲག་རིའི་སྐྱིད་ཙིག་རེད། ཁྱོད་མེད་ན་བྲག་ཐེམ་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། བྱ་ངང་ང་གསེར་གི་འཕྲེང་ང་ཅན་ན་ཡེ། ཧར་སོང་ན་སྤང་གི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཆིར་སྐྱལ་ན་མཚོ་མོའི་སྐྱིད་ཙིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་ང་རེད། །
ཨ་ཁུ་པད་མ་ཡེ། སྟག་ཤ་ར་དུང་གི་སོ་སྒོ་ཅན་ན་ཡེ། ཧར་སོང་ན་སྡེ་བའི་རྒྱན་ཙིག་རེད། ཨ་ཁུ་པད་མ་ཡེ། ཚུར་ཡོང་ན་ན་ཟླའི་སྐྱིད་ཙིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་ང་རེད། །
སྤྱི་སྐད་དུ།
ཨ་ཁུ་པད་མ་ཨེ། རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན་ཁྱོད་ཨེ། ཡར་འཕར་ན་དགུང་གི་རྒྱན་ཅིག་རེད། ཨ་ཁུ་པད་མ་ཨེ། མར་བབས་ན་བྲག་རིའི་སྐྱིད་ཅིག་རེད། ཁྱོད་མེད་ན་བྲག་ཐེམ་སྟོང་པ་རེད། །
ཨ་ཁུ་པད་མ་ཨེ། བྱ་ངང་པ་གསེར་གི་འཕྲེང་བ་ཅན་ཁྱོད་ཨེ། ཕར་སོང་ན་སྤང་གི་རྒྱན་ཅིག་རེད། ཨ་ཁུ་པད་མ་ཨེ། ཆུར་བསྐྱིལ་ན་མཚོ་མོའི་སྐྱིད་ཅིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། །
ཨ་ཁུ་པད་མ་ཨེ། སྟག་ཤ་ར་དུང་གི་སོ་སྒོ་ཅན་ཁྱོད་ཨེ། ཕར་སོང་ན་སྡེ་པའི་རྒྱན་ཅིག་རེད། ཨ་ཁུ་པད་མ་ཨེ། ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད། ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །
ཡར་འཕར་ན་
འདི།
ཡར་འཕུར་ན་ལ་བཅོས་དགོས་པ་འདྲ།
ཆུར་བསྐྱིལ་ན་
འདི།
ཕར་གྱི་ལྡོག་ཕྱོགས། ཚུར་བསྐྱིལ་ན་ཞེས་བཞག་ན་ཡག་ག
ཆུར་སྐྱལ་ལབ་ནི་མ་རེད།
ཆུར་རྐྱལ་ནི་ལབ་པ་རེད། འདྲེ་རྣམ་དཔྱོད་མེད་ཚོ། ཧ་ཧ་ཧ།
ད་ནི་ངས་གཞས་འདིའི་དོན་ལེགས་པར་རྟོགས་ཤིང་ཁོང་དུ་ཆུབ་བོ།། གཞས་འདི་ནི་དབྱངས་སྙན་པ་ཇི་བཞིན་དུ་ཚིག་ཀྱང་སྙན་ནོ། །དེས་ན་གཞས་ཚིག་འགོད་པ་པོ་ཡོངས་ལ་བཀའ་དྲིན་ཆེ་ཞུའོ། །ཀྱེ་ཚེ་དང་ལྡན་པ་བོན་པོ་དང་གནམ་གཉིས་གསན་འཚལ། བདག་གི་བསམ་པ་ལ་གཞས་འདི་ནི་ཨམ་སྐད་ཀྱི་གཞས་ཡིན་པ་ལྟར་སྣང་བས། གལ་ཏེ་དེ་ལྟར་ན་ཨམ་མདོ་བ་རྣམས་ལ་དྲིས་ན་ཁྱེད་གཉིས་ཀྱི་དོགས་པ་གཏན་ནས་བཅོམ་པར་མི་འགྱུར་རམ། །སོ་སོའི་འདོད་པ་གཙིགས་སུ་འཛིན་ནས་ཅི་ཞིག་བྱ་ཞེས་ཀྱང་ཞུ་འོ༎
ཡང་འདི་སྐད་བདག་གིས་ཐོས་པ་སྔོན་གྱི་དུས་ཅིག་ན། གཞས་འདི་ནི་དགེ་འདུན་འདུ་བའི་གཙུག་ལག་ཁང་རྣམས་སུ་བླངས་པའི་ཆོས་གཞས་ཤིག་ཡིན་པ་ལས། དམངས་ཁྲོད་དུ་བླངས་པའི་དམངས་ཁྲོད་ཀྱི་གཞས་ཤིག་མ་ཡིན་པས་ན། སྐྱེ་བོ་རྣམས་ཀྱིས་གཞས་འདི་ནི་བྱིན་རླབས་ཅན་ཞིག་དང་། དེ་ཐོས་པ་ཙམ་གྱིས་ངོན་འགྲོའི་སྡུག་བསྔལ་སེལ་ནུས་པའི་ཐོས་གྲོལ་ལྟ་བུ་ཞིག་ཏུ་སེམས་ཤིང་ཡིད་ཆེས་བསྐྱེད་པར་བྱེད་ཅེས་ཐོས་སོ། །དེ་ལྟར་ཡིན་ནམ། ཚེ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་དགོངས་པ་དེ་དེ་བཞིན་དུ་བདག་ལ་གསུང་བར་འཚལ།
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན། །ཡར་འཕུར་ན་དགུང་གི་རྒྱན་གཅིག་རེད། །
མར་བབས་ན་བྲག་རིའི་སྐྱིད་གཅིག་རེད། །ཁྱོད་མེད་ན་བྲག་ཐེམས་སྟོང་པ་རེད།
བྱ་ངང་པ་གསེར་གི་འཕྲེང་བ་ཅན། །ཆུར་རྐྱལ་ན་མཚོ་མོའི་སྐྱིད་གཅིག་རེད། །
ཚུར་ཡོང་ན་སྤང་ཁའི་རྒྱན་གཅིག་རེད། །ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། །
སྟག་ཤ་ར་དུང་གི་སོ་སྒོ་ཅན། །ཕར་སོང་ན་སྡེ་པའི་རྒྱན་གཅིག་རེད། །
ཚུར་ཡོང་ན་ན་ཟླའི་སྐྱིད་གཅིག་རེད། །ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །
དབྱངས་ཀྱི་རྒྱན་མེད་པར་བོད་སྤྱིའི་སྐད་དུ་འབྲི་ན་དེ་ལྟར་ཡིན་པར་སྣང་།
ཆུར་རྐྱལ་ན་མཚོ་མོའི་སྐྱིད་ཅིག་རེད། ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། ། རེད་ཟེར།
ལེགས་པོ་འདུག
མཆན་བུ་ཉེར་གཅིག་པ་གཡུ་འབྲུག་དཀར་པོའི་བྲིས་པ་སོ་ན་གནས་སོ་སྙམ། འོན་ཀྱང་ཆུར་རྐྱལ་ན་མཚོ་མོའི་སྐྱིད་ཅིག་རེད།། འདི་ལ་གོ་བ་ལོན་མ་སོང་།
དངོས་གནས་སྙན་པོ་འདུག་་་དཔལ་མགོན་ནི་བོད་ས་ཡོངས་ལ་འབྲུག་ལྟར་གྲགས་་་་
བྱ་ཁུག་བྱུག་གཡུ་ཡི་ལྗང་གཤོག་ཅན།
ཁྱོད་གྲགས་ན་དཔྱིད་དཔལ་རྒྱན་གཅིག་རེད།
ཚུར་སླེབས་ན་དབྱར་གྱི་མདུན་མ་བསུ།
ཕར་འཕུར་ཚེ་དགུན་འཁྱག་གྲང་གིས་འདེད།
ཁུ་བྱུག་
ད་རིང་གླུ་གཞས་འདི་གོ་སོང་པའི་ཧ་ཅང་དགའ་པོ་བྱུང i am very have to hear this song again and i learned alot today.. thankful to the person who introduced this song again .. i heard once i was school and still sounds sweat as its lyrics .. the every green song i ever heard from tibetan society.. head up to Legend singer Mr Palgon .. thanks
ད་ལྟ་འཚོ་ཞིང་གཞེས་པ་སྐྱབས་རྗེ་རྡོ་གྲུབ་ཆེན་ནི་ངས་བླ་མ་མཇལ་བ་སྔ་ཤོས་ཡིན། ང་རང་ལོ་གསུམ་དང་བཞི་ཟིན་དུས་ང་ཚོའི་རྫོང་གཞིས་ལ་ཕེབས་པ་དང་ང་ཚོའི་ཡུལ་ལའང་ཞབས་ཀྱིས་བཅགས་ཏེ་དགོན་ཆུང་ཞིག་ཀྱང་ཡོད། ད་ལྟ་དགོན་ཆུང་དེ་ང་ཚོས་ཉིད་ཀྱི་ཐུགས་སྲས་མགོན་སྤྲུལ་འཇིགས་མེད་དཔའ་བོ་འགྲོ་འདུལ་ལ་ཕུལ་བ་ཡིན། ད་ལྟ་སྤྲུལ་སྐུ་རིན་པོ་ཆེ་ཉིད་ནས་བདག་འཛིན་བྱེད་ཀྱིན་ཡོད། ཁོང་གི་གདན་ས་འབྲས་ལྗོངས་སྒང་ཏོག་ལ་ཡོད། གྲྭ་པ་ཕལ་ཆེར་འབྲུག་པ་ཡིན། ཞལ་སློབ་གཙོ་བོ་སློབ་དཔོན་ཀུན་བཟང་ཐེག་མཆོག་རྡོ་རྗེ། མགོན་སྤྲུལ་འཇིགས་མེད་དཔའ་བོ་འགྲོ་འདུལ། ལ་ཆུང་སྤྲུལ་སྐུ། སྤྲུལ་སྐུ་ཟླ་བ་བཟང་པོ། ཐོགས་མེད་སྤྲུལ་སྐུ། མཁན་པོ་ཕྲིན་ལས་འོད་ཟེར་སོགས་ཡོད། ངས་ཀྱང་ཆུང་དུས་སུ་དབང་མང་པོ་ཞུ་མྱོང་། ལོ་འདིའི་དགུན་ལའང་འབྲས་ལྗོངས་སུ་ཉིད་ཀྱི་གདན་སར་ བླ་མ་དགོངས་འདུས་ཀྱི་སྒྲུབ་པ་ཆེན་མོའི་སྐབས་མཇལ་བའི་སྐལ་བཟང་ཡང་རྙེད་བྱུང་།