ཤར་ཕྱོགས་ཁུག་རྟ།
༼ལེགས་ཉེས་བདེན་རྫུན་འབྱེད་པའི་ལུང་རིགས་གསེར་གྱི་ལྡེ་མིག་༽བཀླགས་པའི་སེམས་ཚོར་ཕྲན་བུ།
དོལ་རྒྱལ་སྐོར་གྱི་དངོས་དོན་གསལ་པའི་གླེགས་བམ་འདི་ཟླ་འདིའི་ཚེས་༡༦ ཉིན་དངོས་སུ་ལག་སོན་བྱུང། ལོ་ངོ་མང་པོར་ཞིབ་འཇུག་མཐིལ་ཕྱིན་བགྱིས་པའི་གྲུབ་དོན་གླེགས་བམ་འདི་ལ་ལྟ་འདོད་ཀྱིས་ལག་སོན་བྱུང་མ་ཐག རང་ངོས་ནས་ཀྱང་ཐེངས་གཅིག་བམ་ཀློག་བྱེད་རྒྱུ་དང་། ཐེངས་གཉིས་པར་ཟིན་བྲིས་དང་དབྱེ་ཞིབ་མཉམ་འགྲོ་བྱེད་རྒྱུའི་འཆར་གཞི་བཀོད། ཡིན་ནའང་། ཀློག་ཐེངས་དང་པོའི་རྗེས་སྔ་མོ་ནས་ཡིད་དུ་སྦས་པའི་དོགས་པ་ཁག་ཀྱང་མེ་ལ་སྣུམ་གྱི་ངང་ཚུལ་དུ་གྱུར་པས། ཀློག་ཚོར་ཕྲན་བུ་ཞིག་མ་བྲིས་ཐབས་མེད་བྱུང་།
ངེད་རང་ལ་མཚོན་ན་ལོ་ངོ་བཅུ་ཡི་སྐྱབས་བཅོལ་མི་ཚེའི་ནང་སྲོག་གི་འཇིགས་སྐུལ་འབྱོར་བ་ཐེངས་གཅིག་མིན་ཞིང་། དེའི་ནང་དམ་སྲི་དོལ་རྒྱལ་ལ་ཅང་བཤད་མི་ཆོག་པའི་འཇིགས་སྐུལ་ཡང་ཚུད་ཡོད། ཡིན་ནའང་། བོད་དོན་འདིའི་བདེན་མཐའ་གསལ་དགོས་པ་དང་༸གོང་ས་ཆེན་པོའི་དགོངས་གཞི་ཡང་དག་པ་ཞིག་སྒྲུབ་དགོས་ཚེ། ངྷ་རམ་ས་ལ་གཙོས་པའི་མི་ཡུལ་ལུང་པའི་གནམ་འོག་འདི་ནས་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་རྒྱུར་བློ་ཁོག་མེད་ཀྱང་གྲ་སྒྲིག་ཐབས་ཆག་ཅིག་ཨེ་འཁྱོང་ལྟ་དགོས་པ་ནི་བཤད་མ་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། སྤྱིར་མགོ་ནག་སྐྱིད་སྡུག་གནམ་གི་ལག་ཡིན་ནའང་། བོད་མི་སེར་སྐྱ་དྲག་ཞན་མང་པོས་རང་ལ་ཆོས་འབྲེལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་དེར་ཞེན་ཁོག་ཨ་འཐས་ཨུ་ཚུགས་ཀྱིས་བྱས་པ་ཡིན་ན། མི་རིགས་འདི་ལ་ཕྱི་དགྲ་ལས་ནང་འགལ་རྒྱུན་མ་ཆད་དུ་ཡོང་རྒྱུ་ཡིན་པ་ནི་ངེས་གཏན་ཁེལ་བ་ཞིག་མིན་ནམ་སྙམ།
ཚང་མས་ཤེས་གསལ་ལྟར། དེང་སང་ལྷ་འདྲེ་གདོན་བགག་ལ་ཡིད་ཆེས་སྤུ་ཙམ་མེད་པ་ཚོས་ཀྱང་། དམ་སྲི་འབྱུང་བོ་འདི་ལ་སྲུང་སྐྱོབ་བྱེད་ཁུལ་གྱིས་བོད་མིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་པ་དང་། དམ་སྲི་འདི་ཁ་ལ་ཁྱེར་བའི་བྱེད་བབ་ལ་བལྟས་ན་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་གནས་སུ་ནི་རྦད་དེ་ལྷུང་འདུག་སྙམ། དེང་སྐབས་བརྒྱུད་ལམ་ཁག་ཏུ་དམ་སྲི་དོལ་རྒྱལ་གྱི་འབྱུང་ཁུངས་དང་། དེར་སྐྱེ་བའི་ཕྲེང་བ་མང་པོ་ཡོད་ཚུལ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གང་ཉིད་སྐུ་དྲག་ཏུ་ཁྲོས་ཚུལ། མཁས་པ་ཡིན་ཡང་བླ་མ་ཆུང་ཆུང་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་གཉིས་ཀྱི་བཞེད་བབ་ནི་ཐ་ན་༸གོང་ས་རྒྱལ་བ་རིན་པོ་ཆེ་རིམ་བྱོན་གྱི་མཛད་འཕྲིན་གྱི་ཁ་གཏད་དུ་འཕྱར་སྟེ། ཁོང་རྣམ་པ་གཉིས་ཀྱིས་གསུངས་པ་ནི་ཚད་མ་དང་འཁྲུལ་བ་མེད་པའོ་ཞེས་དམ་སྲི་དེ་ལ་མངོན་པར་བསྟོད་མཁན་ཚོར། ལོ་རྒྱུས་དང་བདེན་དོན་བརྗོད་སྐབས་གཙོ་བོ་ཆུ་མགོ་གང་ནས་རྙོག་སོང་བའི་བདེན་དོན་ངོ་སྤྲོད་བྱེད་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་གནང་མི་ཉན་པ་ནི་གནད་ཀྱི་དོན་པོ་ཞིག་ཏུ་མཐོང་། དམ་སྲི་འབྱུང་བོའི་སྐོར་ལ་ཞིབ་འཇུག་བྱས་པའི་དེབ་ཐེར་གྱི་ནང་ནས་ཀྱང་”བདེན་རྫུན་འབྱེད་པའི་ལྡེ་མིག་”ནང་མགོ་ཁུངས་བརྟོལ་བའི་གཏན་ཚུགས་ཀྱིས་ཁོ་བོའི་གློ་བ་སིམ་པའི་སྣང་བ་གང་མང་བྱུང་།
ངས་གླེགས་བམ་འདི་ཐེངས་དང་པོ་བཀླགས་པའི་མྱོང་ཚོར་གྱི་ཁ་བྱང་དང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པ་སྟེ། ཐད་ཀར་སྨྲས་ན་དམ་སྲི་འདི་དང་འབྲེལ་བའི་རྙོག་གླེང་གི་མགོ་ཁུངས་ནས་ང་ཚོས་འཛེམ་དོགས་གང་ཡང་མེད་པར་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱི་དེ་འབྲེལ་གྱི་བྱེད་བབ་ཐེར་འདོན་གཏིང་ཟབ་བྱེད་དགོས་པ་ལས་གཡོལ་ཐབས་མེད་པ་ནི་གསལ་བོ་རེད། གླེགས་བམ་རིན་པོ་ཆེ་འདིར་དེའི་རྣམ་པ་ཡོད་ཚད་རྩལ་དུ་བཏོན་འདུག་མ་བསམས་ཀྱང་སྔ་ན་མེད་པ་ཞིག་ནི་ཐོན་འདུག་སྙམ།
སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནི་༸གོང་ས་ཆེན་པོའི་ཡོངས་འཛིན་རེད། བོད་མི་མང་གིས་བརྩི་བཀུར་ལོས་བྱེད། དེ་བཞིན་ཕ་བོང་ཁ་ཡང་༸གོང་ས་བཅུ་གསུམ་པས་ཐུགས་བརྩེ་མཚུངས་མེད་གནང་ས་ཞིག་རེད། ༸གོང་ས་ཆེན་པོའི་ཡོངས་འཛིན་ཡིན་པ་དང་༸གོང་ཆེན་པོས་ཆེ་མཐོང་གཞན་འགྲན་མེད་པ་གནང་པས་བོད་མི་མང་གིས་བརྩི་བཀུར་ལོས་བྱེད། བྱེད་དགོས་པ་ཞིག་ཀྱང་རེད། ཡིན་ནའང་། ང་ཚོ་གང་ཟག་ཕལ་བ་ཚོས༸གོང་ས་ཆེན་པོར་བརྩི་བཀུར་བྱེད་པ་ནི་རང་སྲོག་ལས་ཀྱང་རྩ་ཆེར་བརྩི་བ་དེའི་དབང་གིས། ༸གོང་ས་མཆོག་གི་ཡོངས་འཛིན་དང་༸གོང་ས་མཆོག་གིས་རབ་ཏུ་ཀུན་ཏུ་མངོན་པར་བསྟོད་པའི་བླ་མ་ཞིག་ལ་དེང་དུས་ཀྱི་ཞིབ་འཇུག་གི་ཐབས་ལམ་བརྒྱུད་ནས་སྐུ་ཚེའི་མཛད་འཕྲིན་ལ་དབྱེ་ཞིབ་མཐིལ་ཕྱིན་པ་དང་། མཐིལ་ཕྱིན་པའི་འབྲས་བུ་འཛེམ་མེད་རང་དབང་གིས་སྨྲ་མ་ཐུབ་པ་ན་དེ་ནི་མི་མང་དང་ཆོས་ཀྱི་དམ་ཚིག་ལ་འགན་ཁུར་སྟངས་ཤིག་མིན་པར་སྙམ།
མ་གཞི་ནས་བོད་མི་སེར་སྐྱ་ཚང་མ་ཡ་རབས་དང་གུས་བརྩི་ཅན། དད་པ་ཅན། བཟོད་བསྲན་ཅན། ཁེངས་སྐྱུངས་ཅན་ཡིན་དུས་འདི་ལྟ་བུའི་སྐད་ཆ་བཤད་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་ཤེས་ལྡན་པ་ཚང་མས་མཁྱེན་གསལ་རེད། ལྷག་བསམ་ལ་གཡོ་མེད་པ་དང་བཤད་བྱའི་དོན་ལ་རྨ་མེད་ནའང་། བཤད་དུས་དང་བཤད་ལུགས་འགལ་འཛོལ་གྱིས་རང་སྲོག་འཆོར་མྱོང་བའི་བྱུང་རབས་ང་ཚོ་བོད་ལ་མེད་པ་མ་རེད། དེ་འདྲའི་རྐྱེན་གྱིས་ད་བར་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་རྣམ་པ་གཉིས་ལ་དམ་སྲི་དོལ་རྒྱལ་དང་འབྲེལ་ནས་ཁ་རྡུང་སྨོད་ཚིག་ཕོགས་པ་ཧ་ཅང་ཉུང་ཉུང་རེད་འདོད།
གུས་པར་མཚོན་ན་ཡི་གེ་ནག་པོའི་གཟུགས་ལས་བརྡ་གང་ཞིག་སྤྲད་པ་དེ་ཉིད་བསམ་གཞིག་གི་དཀྱིལ་དུ་བླངས་ནས་ལེགས་ཉེས་བརྡར་ཤ་གཅོད་རྒྱུ་ལས་ཅི་ཡང་མེད་ནའང་། གླེགས་བམ་འདི་དང་མཇལ་ནས་དམ་སྲི་འདིའི་སྐོར་གྱི་གནས་ཚུལ་ལ་ལྟ་སྐབས་ཕ་བོང་ཁ་པ་རང་གིས་༸གོང་ས་བཅུ་གསུམ་པའི་མདུན་དུ་བཞག་པའི་དམ་བཅའ་ལའང་མ་གནས་པར། ༸གོང་ས་བཅུ་གསུམ་པ་ཞིང་དུ་ཕེབས་རྗེས་བསམ་བཞིན་ཁྱད་གསོད་ཀྱི་ཚུལ་གྱིས་དོལ་རྒྱལ་བསྟེན་གསོལ་དང་སྲོག་གཏད་དར་སྤེལ་བྱས་པ་མ་ཟད། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པར་དོལ་རྒྱལ་བསྟེན་དགོས་པའི་ནན་སྐུལ་ཞུས་འདུག
དེ་བཞིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་གནས་ཚུལ་དེ་རྣམས་མཁྱེན་བཞིན་དུ་༡༩༦༩ ལོར་”ཤུགས་ལྡན་བསྟོད་འགྲེལ་”བརྩམས་པ་དང། མདོ་དོན་”བསྟོད་འགྲེལ་”དང་ “རྒྱལ་ཆེན་སྲོག་གཏད་ཀྱི་སྔོན་འགྲོ་བཤད་པའི་མཚམས་སྦྱོར་ཁ་སྐོང་”ཞེས་པ་གཉིས་ཀྱིས་དོལ་འདྲེར་མགོ་ཁུངས་་དར་ཡུལ་བཟོས་འདུག གླེགས་བམ་འདིའི་ནང་དེའི་ནང་དོན་རྣམས་ལུང་རིགས་གཉིས་ཀྱིས་དོན་ལ་མི་གནས་པ་སྒྲུབ་འདུག་པ་མཐོང་སྐབས་སྙིང་ནས་སྤྲོ་བ་འཕེལ་ཡང་། ང་འདྲའི་སོར་སྐྱེ་ཕལ་བའི་ཕལ་བ་རྣམས་ཀྱིས་ད་དུང་དགག་གཞག་ནན་པོ་གནང་དགོས་ས་རེ་འགར་དམིགས་བསལ་བཏང་འདུག་སྙམ་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད།
གནས་ཆུང་ཆོས་རྒྱལ་ཆེན་པོས་ཕ་བོང་ཁས་ཁྱད་གསོད་བྱས་པ་དེས་བསྟན་པ་སྤྱི་ལ་གནོད་ཡོད་པ་དང་། དེ་བཞིན་དེའི་སྐྱེ་ཕྲེང་དག་གིས་ལས་མཐའ་མི་འཁྱོངས་པ་རྡོ་རྗེ་ཚིགས་སུ་བཅད་ནས་གང་ལྟར་དམ་ཚིག་ཉམས་ཟིན་པའི་བཀའ་བསྩལ་འདུག་པ་དང་། ཁྲི་བྱང་རིན་པོ་ཆེས་ཀྱང་༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་དང་མི་མཐུན་པའི་གསུངས་སྟངས་སྣ་ཚོགས་བསྟོད་འགྲེལ་ནང་བྲིས་པ། དེ་བཞིན་༸གོང་ས་ལྔ་པ་ཆེན་པོའི་མཚན་ཐོག་གི་འཕྲིན་བཅོལ་ཡང་ཕལ་ཆེར་ཁྲི་བྱང་རིན་པོ་ཆེས་བཟོས་པ་མིན་ནམ་སྙམ་པ་དང་། དེ་བཞིན་ཕ་བོང་ཁའི་རྣམ་ཐར་བཟོ་བཅོས་བྱས་པ་སོགས་ནི་གླེགས་བམ་འདི་མགོ་ནས་མཇུག་བར་ཐེངས་གཅིག་མཇལ་ན་ངེས་ཤེས་སྟེར་ཐུབ་པ་ཞིག་རེད་འདུག་པས། བདེན་པ་དང་གང་ཟག་ཚད་ཐུབ་རྣམས་ལ་མཐོལ་ལོ་བཤགས་སོ།
ཁྲི་བྱང་འདི་པ་ཚང་ལ་ཆོས་པ་རྫུན་མ་ང་འདྲ་བ་ཞིག་གིས་བལྟས་ནའང་དད་པ་སྐྱེ་གཞི་ཞིག་གུད་དུའང་ལྷག་མེད་པ་འདྲ། མ་གཞི་ནས་༸གོང་ས་ཆེན་པོས་ཁྲི་བྱང་རིན་པོ་ཆེར་གཏན་འགོག་གི་གནས་ཚུལ་ཞིབ་རྒྱས་བཀའ་གནང་ཡོད་པ་མ་ཟད། ཐ་ན་༸གོང་ས་ཆེན་པོ་རང་ཉིད་ལས་ཀྱང་འདིའི་སྐོར་ཁྲི་བྱང་རིན་པོ་ཆེ་མཆོག་ནས་ཅིག་གསུངས་ན་ས་ཆོད་ཆེ་ཚུལ་ཡང་བཀའ་ཕེབས་འདུག་པ་བཀའ་སློབ་ཏུ་གསལ་བ་ལྟར་ཡང། གླེགས་བམ་འདི་དང་གཞན་དོལ་རྒྱལ་སྐོར་དཔྱད་རྩོམ་མཛད་པ་རེ་འགའ་གང་ལ་བལྟས་ཀྱང་ཁྲི་བྱང་གིས་དེ་ཙམ་གྱིས་ཧུར་ཐག་འབད་ཐག་གིས་ཅིག་བྱས་འདུག་བསམས་པ་ནི་མ་བྱུང་ལ། རྣམ་འགྱུར་རེ་བསྟན། མཚམས་རེར་ཅིག་གསུངས་ཟེར་པ་ལས་གཞན་མེད་པ་ནི་ཁོ་བོའི་ཉོན་མོངས་ཅན་གྱི་བློ་ངོར་རྟག་ཏུ་འཆར་མུས་ལ་སོང་། གལ་སྲིད་བསྙོན་འཛུགས་ཡིན་ན་དགོངས་པ་མི་མངོན་པའི་དབྱིངས་ནས་དྭངས་རོགས་ཞུ། དྭངས་ཀྱང་ལོས་དགོས་ཏེ་འདི་ན་ཀུན་སློང་གཡོ་བའི་ཆ་ནི་ཕྲ་མོ་ཙམ་ཡང་མེད།
གླེགས་བམ་འདིའི་ནང་༸གོང་ས་སྐུ་ཕྲེང་བརྒྱད་པས་མཛད་པའི་༼རྗེ་བཙུན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེའི་སེམས་དཔའི་ངོ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་པཎྜི་ཏ་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་ཐུབ་བསྟན་མཛེས་པའི་པདྨོ༽ ཞེས་པ་ནས་ལུང་ཞིག་དྲངས་འདུག་པའི་ནང་ “སངས་རྒྱས་ཡིན་ཀྱང་ཐ་མལ་པའི་ཚུལ་བཟུང་ཕྱིན་ཡོན་ཏན་རྣམས་ཀྱང་ཐ་མལ་པ་ལྟར་སློབ་དགོས། མ་བསླབས་པའི་མཁས་པ་དང་། མ་བསྒོམ་པའི་གྲུབ་ཐོབ་དེས་བསྟན་འགྲོའི་དོན་ལྟར་སྣང་ཙམ་ལས་མི་ཡོང་” གསུངས་འདུག
འདི་ལ་བསམ་བློ་ཞིག་བཏང་བས་ངས་འདི་འདྲ་ཞིག་དྲན་སོང་སྟེ་”སངས་རྒྱས་ཡིན་ཡང་ཐ་མའི་པ་ཚོའི་འགྲོ་དོན་སྐྱོང་སྐབས། ཐ་མལ་པ་ནང་ཕན་ཚུན་གྱིས་ཡིད་ཆེས་བློས་འགེལ་བྱེད་གཞིའི་རིན་ཐང་གི་རྒྱ་ལས་བརྒལ་བའི་འགྲོ་དོན་བསྐྱངས་ཚེ་ཐ་མལ་པ་ཚོ་དོགས་པ་ཟ་རྒྱུ་ཡིན་པ་གསལ་བོ་ཡིན་སྟབས།” ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་ད་དུང་ཡང་ཞིབ་འཇུག་ཡག་ཐག་ཆོད་ཅིག་བྱེད་དགོས་པའི་བློ་དེ་ངམ་ངམ་ཤུགས་ཀྱིས་ཡིད་ལ་འཁོར་བར་གྱུར།
དཔེར་ན། ཐོག་མར་ཁྲི་བྱང་རིན་པོ་ཆེ་ཡོངས་འཛིན་དུ་ཅི་ལྟར་སླེབས་རིམ། ཡོངས་འཛིན་དུ་སླེབས་སྐབས་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་མཁས་པ་ཚོས་ཁོང་ལ་གཟིགས་ཚུལ་གང་འདྲ་ཡོད་མེད། ཁྲི་བྱང་རིན་པོ་ཆེས་ཡོངས་འཛིན་གྱི་ཕྱག་ལས་མཉམ་སྲིད་དོན་ནང་ཐེ་གཏོགས་ཅི་བྱས་སོགས་ལྟ་བུ་རེད། འདི་ལྟར་ང་ཚོས་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་ཤའི་མིག་གི་ལམ་ནས་ཞིབ་འཇུག་ཡག་ཐག་ཆོད་ཅིག་བྱས་ན། ད་གཟོད་དམ་སྲི་འགོང་བོར་ངན་རྒྱབ་གནང་ཚུལ་གྱི་གནས་ཚུལ་ཞིབ་ཅིང་ཕྲ་བ་ཞིག་རིགས་འགྲོས་ཀྱིས་བྱུར་བུར་སྤུངས་རྒྱུ་ཡོད་ངེས་ཀྱི་དོགས་པའང་སྔར་བཞིན་མེ་རུ་འབར།
ངས་ཡང་བསྐྱར་གླེགས་བམ་འདི་ཐེངས་གཉིས་པ་ཀློག་མགོ་བརྩམས། ཐེངས་གཉིས་པ་ཀློག་སྐབས་ང་རྦད་དེ་ག་ལེ་ཡིན། དེ་ནི་ངའི་གོམས་གཤིས་ཤིག་ཀྱང་རེད། ཐེངས་གཉིས་པ་གྲུབ་མཚམས་ང་ལྟ་བུའི་ཀློག་པ་པོ་མང་པོ་ཞིག་དང་མཉམ་དུ་གྲོས་བསྡུར་ཡག་པོ་ཡོང་གི་རེད་བསམས། སྐབས་དེར་ང་ཚོ་སེར་སྐྱ་ཚང་མས་འགན་ཁུར་ཐུབ་ཚོད་དང་ཤེས་ཚོད་ཀྱིས་དམ་སྲི་འདི་གཏན་མེད་བཟོ་རྒྱུའི་བགྲོ་གླེང་བྱས་ཆོག་གི་རེད། མཚམས་འདི་ནས་ངས་རྩོམ་སྒྲིག་ཚོགས་ཆུང་ལ་བཀའ་དྲིན་ཞུ་འདོད་བྱུང་། དེ་ནི་དེ་འདྲའི་དཔྱད་ཡིག་མང་པོ་ཞིག་བཀླགས་ཏེ་བྲིས་པའི་ངལ་བ་ནི་བསམ་བརྗོད་མི་ཐུབ་པ་ཞིག་རེད་ལ། དུས་རབས་ ༢༡ པ་འདིའི་ནང་གླེགས་བམ་འདི་ནི་སླར་ཡང་དམ་སྲི་དོལ་རྒྱལ་དམར་བསྲེགས་བྱས་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཆགས་འདུག་སྙམ།
གླེགས་བམ་འདི་ལ་ཤོག་གྲངས་ ༥༡༦ དང་། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་བཅས་ནས་ཆེད་བརྗོད་དང་། རྩོམ་སྒྲིག་ཚོགས་ཆུང་གི་གཏམ། དོལ་རྒྱལ་གྱི་བྱུང་སྟངས་དང་འབྲས་སྤུངས་གཟིམ་ཁང་གོང་འོག་གི་ངོ་སྤྲོད། ༸གོང་ས་ལྔ་པ་ཆེན་པོ་དང་བདེན་རྫུན་གྱི་འབྲེལ་བ་འཁྲུན་གཅོད་སྐོར་གཅིག་དང་། ས་སྐྱའི་ནང་ཅི་ལྟར་བསྟེན་གསོལ་བྱས་ཚུལ་གྱི་བདེན་རྫུན་བྱུང་བ་རྣམས་གསལ་སྟོན་དང་དམ་དྲག་གནང་སྐོར་བཅས་ཀྱི་ནང་ཁྲི་བྱང་གིས་བརྩམས་པའི་བསྟོད་འགྲེལ་དང་སྲོག་གཏད་ཀྱི་རིན་ཐང་ལུང་རིགས་གཉིས་ཀྱིས་རྒྱ་མར་གཞལ་འདུག གསུམ་པ་དེ་ཕ་བོང་ཁ་པའི་སྐུ་ཚེ་སྟོད་སྨད་དང་སྲོག་གཏད་སོགས་ཀྱི་བྱུང་རིམ་དཔྱད་པའི་སྐོར། བཞི་པ་༸གོང་ས་རྒྱལ་མཆོག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཅུ་བཞི་པ་ཆེན་པོས་དོལ་རྒྱལ་གཏན་འགོག་གནང་རིམ་བཅས་བཀོད་འདུག
༢༠༡༤། ༢། ༡༨། ཉིན་གཟའ་སྤེན་པའི་ཉིན།
ད་རེས་རྩོམ་ཡིག་ཡག་པོ་བྲིས་གནང་འདུག བཀའ་དྲིན་ཆེ།
ད་འདི་ཤིན་དུ་བྱེད་ཁག་པོ་འདུག ཁྲི་བྱང་རིན་པོ་ཆེར་སྐྱོན་བརྗོད་ཤུགས་ཆེ་དྲག་ན་རྒྱལ་བ་རིན་པོ་ཆེ་ཇི་ལྟར་དགོངས་མོན་ཡོང་ངམ་སྙམ། སྐྱབས་མགོན་རིན་པོ་ཆེའི་གསང་དབང་འདུས་པ་དང་བདེ་མཆོག་གི་དབང་ལུང་ཚང་མ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་གསན་པ་རེད་ལ། དེར་རྟེན་ཁོང་རྡོ་རྗེ་སློབ་དཔོན་རེད།
དོན་ངོ་མ་ཅི་ཞིག་བཤད་ཀི་ཡོད་མེད་ཧ་གོ་མ་སོང ཕལ་ཆེར་བརྗོད་གཞི་བཀོད་སྒྲིག་བྱེད་མ་ཤེས་པས་རེད གནད་ཁེལ་གསལ་གསུམ་གྱི་ཁྱད་ཆོས་ཡོད་པའི་རྩོམ་འབྲི་རྒྱུ་གལ་ཆེ་བས ཧོར་གཙང་འཇིགས་མེད་ཀྱི་རྩོམ་འབྲི་ཚུལ་ལྟ་བུར་མིག་དཔེ་བལྟས་ན་ཕན་པར་འདོད
དངོས་གནས་ཚན་རིག་དང་མཐུན་པའི་ལམ་ནས་བསམ་ཚུལ་སྲོང་པོར་བརྗོད་འདུག རྩོམ་ཡིག་འདི་བརྒྱུད་ནས་རྨོངས་ཞེན་ཅན་མང་པོ་བདེ་བླག་ཏུ་རྨོངས་གཉིད་ལས་གྲོལ་བའི་རེ་བ་འདུག དེ་རེས་ཤར་ཕྱོགས་ཁུག་རྟས་འདིར་སྨྲས་པའི་དྲང་གཏམ་འདི་རིགས་དེ་སྔ་དྷ་སའི་རིགས་སློབ་དབུ་དགེ་དམ་པ་དགེ་སློང་བློ་བཟང་རྒྱ་མཚོ་མཆོག་ཞལ་བཞུགས་སྐབས་རེ་ཟུང་མཐོང་རྒྱུ་བྱུང་བའི་རྗེས་ཀྱི་ཐེངས་དང་ཤོས་དེ་ཡིན། དྲང་གཏམ་དྲང་པོར་བརྗོད་པའི་སྤོབས་པ་དང་བློ་ཁོག་མེད་ན། ནང་ཆོས་ཉམས་ལེན་བྱས་ནས་ཅི་ཕན། བོད་ཀྱི་རྩ་དོན་སྤྱི་དང་ཡང་སྒོས་འཇམ་མགོན་བླ་མའི་དྲི་མེད་ཀྱི་བསྟན་པ་རིན་པོ་ཆེར་ཚབས་ཆེའི་གནོད་སྐྱོན་ཧ་ལས་པ་བྱུང་ཡོད་ནའང་། ད་དུང་ནང་ཉེས་ཐེར་འདོན་གྱི་ཚབ་ཏུ་ག་དུས་ཡིན་ནའང་འགྲེལ་བརྗོད་ལོག་པ་བྱེད་རྐྱང་བྱེད་པ་ཧ་ཅང་ཐབས་སྡུག་རེད། ༧གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་དབུ་སྐོར་ཞུ་ཕོད་མཁན་ཞིག་དང་། རིང་ནས་བོད་ལ་བཀྲིན་ཆེ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་མང་པོ་ཆུ་ལ་བསྐྱུར་དུ་ཉམས་ཆུང་མི་མང་ལ་ཚད་མེད་ཀྱི་ལས་ངན་གསོག་ཏུ་བཅུག་ནུས་མཁན། དེང་༧གོང་ས་སྐྱབས་མགོན་རིན་པོ་མཆོག་ཕྱི་རྒྱལ་ཁག་ཏུ་ཆིབས་སྒྱུར་སྐབས་ངོ་ཚ་ཁྲེལ་མེད་ཀྱིས་དྲིན་ལན་ལོག་མཇལ་གྱི་ཚུལ་དུ་ངོ་རྒོལ་སྐད་འབོད་བྱེད་ཀྱིན་པའི་འབྱུང་རྩ་དམ་སྲི་སྨོན་ལོག་པ་ཞིག་ལ་བློ་གཏད་བཅོལ་མཁན་ཞིག་ངེད་ཅག་བོད་ཀྱི་མི་སེར་ཕལ་པ་ཞིག་གི་ངོས་ནས་ཀྱང་དུས་ནམ་ཡང་བཀུར་ཐབས་བྲལ་ལོ། རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་སོགས་དྲང་བདེན་སྨྲ་བར་ནུས་མཁན་རང་རིགས་ལྷག་བསམ་ཅན་ཚང་མ་རྟག་ཏུ་དཀར་ཕྱོགས་ཀྱི་ལྷ་ཚོགས་རྣམས་ཀྱིས་རབ་ཏུ་སྲུང་བར་གྱུརད་ཅིག
གང་ལྟར་ཡང་ཤར་ཁུག་གིས་ཡག་པོ་བྲིས་འདུག རྒན་གཞོན་བར་གསུམ་མེད་པར་ཁ་ནས་༧རྒྱལ་བ་རིན་པོ་ཆེར་དད་གུས་ཆེན་པོ་ཡོད་ཟེར་མཁན་ཧ་ཅང་མང་ན་ཡང་། གནས་ལུགས་རྗེན་བཤད་དགོས་པའི་སྐབས་སུ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ལས། ཤར་ཁུག་ལྟར་ཁ་ཞེ་གཉིས་མེད་ངང་དངོས་ཡོད་དོན་དག་བརྗོད་མཁན་ཧ་ཅང་ཉུང་ཉུང་རེད། གནད་འགག་འདི་འདྲའི་སྐབས་སུ་ཤར་ཁུག་ལ་བསྟོད་པའི་མཐེ་བོང་ཀེར་འདོད།
དེ་རིང་ཤར་ཁུག་གི་གསོན་ཉམས་ལྡན་པའི་སྐད་ཆ་བཤད་བྱུང་། ཡག་བྱུང།
དོལ་རྒྱལ་གཏན་འགོག་གནང་མཁན་གྱི་སྐྱེས་ཆེན་རྣམས་ལ་གཟིགས་དང། དམ་སྲི་འདིའི་ཐད་ཕ་བོང་ཁ་དང་ཁྲི་བྱང་གཉིས་ཚད་མའི་ཁུངས་སུ་འཛིན་ཡུལ་ཅི་ཡང་མེད་པ་ཤེས་ཐུབ།
༸གོང་ས་སྐྱབས་མགོན་རྒྱལ་མཆོག་ལྔ་པ་ཆེན་པོ། སྔགས་རམས་པ་དོན་གྲུབ་རྒྱ་མཚོ། གནང་བྱུང་སྔགས་འཆང་བློ་བཟང་མཁྱེན་བརྩེ། རྡོ་རྗེ་བྲག་རིན་འཛིན་སྤྲུལ་བའི་སྐུ། ཆོས་རྒྱལ་གཏེར་བདག་གླིང་པ། འུག་བྱ་ལུང་པ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཀ་ཚལ་ཟུར་པ་མངའ་རིས་དཀོན་མཆོག་ལྷུན་གྲུབ། དཔའ་རི་སྤྲུལ་སྐུ། ཆོས་རྗེ་ཟིལ་གནོན་རྡོ་རྗེ། ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེ། དགའ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་བའི་རྡོ་རྗེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དངུལ་ཆུ་ངྷརྨ་བྷ་དྲ། ༸པཎ་ཆེན་བསྟན་པའི་དབང་ཕྱུག་སོགས་དང། ཕྱིས་ཀྱི་རྫོང་སེར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས། མཁས་དབང་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། ཆོས་མཆོག་སྐུ་ཕྲེང་བདུན་པ་ཆོས་ཀྱི་ཉིན་བྱེད་སོགས་བཅས་དེང་གི་རྗེ་ཡབ་སྲས་གསུམ་གྱི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་དང་ཤར་བྱང་གི་ཆོས་རྗེ་རྣམ་གསུམ་གྱིས་དེབ་དེའི་མཆོད་བརྗོད་ནང་ལྗགས་རྩོམ་མཛད་འདུག
ཡང་དེར། ཕ་བོང་ཁའི་རྣམ་ཐར་འདན་མ་བློ་བཟང་རྡོ་རྗེས་བྲིས་པ་༼ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ་དཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་རྣམ་པར་ཐར་བ་དོན་ལྡན་ཚངས་པའི་དབྱངས་སྙན་༽ཞེས་པ་ནས་ལུང་དྲངས་འདུག་པའི་ནང།
” རྗེ་༼ ཕ་བོང་ཁ ༽ཉིད་གྲྭ་སའི་བླ་སྤྲུལ་གྱི་མཚན་གནས་ཆུང་ཤོས་སྤྲུལ་སྐུའི་མཚན་ཐོགས་པ་ཙམ་ཞིག་ལས་ཅི་ཡང་མེད་པས་ཚོགས་གྲལ་རྒྱབ་ཕྱོགས་ཀྱི་གྲལ་མཐའ། ལྡིང་གུར་གྱིས་མ་ཁེབས་པའི་ཉི་ཆར་ངད་གདུང་ཆེ་བའི་གནས་ཤིག་ཏུ་བཞུགས་ཡོད་པར། འདི་དུས་༸གོང་ནས་༼ ༸བཅུ་གསུམ་པ་ཆེན་པོ༽སྤྱན་བསྐྱང་ཆེ་བ་ཡོད་པས་ཚ་གྲང་གི་རྐྱེན་གྱིས་བསྙུན་ནད་བསྐྱར་ལྡབ་བྱུང་ན་ཡེ་མི་ལེགས་ཞེས་ཉིན་རེ་ནས་ཉིན་རེར་མདུན་གྲལ་དུ་ཡར་སྤོ་བཞུགས་ཆོག་ཚུལ་ཕེབས་པ་ལྟར་མཐར་བླ་གབ་དང་བཞུགས་སྟན་ཡོད་པ་བཞུགས་ཆོག་པ་ཞིག་བྱུང”ཞེས་འཁོད་འདུག
ཐོག་མར་ཁྲི་བྱང་རིན་པོ་ཆེ་ཡོངས་འཛིན་དུ་ཅི་ལྟར་སླེབས་རིམ། ཡོངས་འཛིན་དུ་སླེབས་སྐབས་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་མཁས་པ་ཚོས་ཁོང་ལ་གཟིགས་ཚུལ་གང་འདྲ་ཡོད་མེད། ཁྲི་བྱང་རིན་པོ་ཆེས་ཡོངས་འཛིན་གྱི་ཕྱག་ལས་མཉམ་སྲིད་དོན་ནང་ཐེ་གཏོགས་ཅི་བྱས་སོགས་ལྟ་བུ་རེད།
ཟེར་
རྩོམ་ཡག་པོ་ཞིག་བྲིས་འདུག ང་ཡང་གང་མགྱོགས་དེབ་འདི་བཀླག་རྒྱུ་ཡིན། ༸གོང་ས་མཆོག་གི་སྐུ་ཚེ་ཁྲི་ལོར་བརྟན་ཞིང་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག
ད་ཡང་དོལ་རྒྱལ་སྐོར་སོགས་གླེང་ཡོང་གི་ འདི་མཐར་གཏུགས་ན་གང་ཞིག་ལ་ཐུག་ཡོད་མེད་དེ་ཨེ་ཤེས། དེ་མི་ཤེས་ན་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ལ་ཐུག་ཡོད། ད་གླེང་ནས་ཅི་བྱེད།
༸གོང་ས་ལྔ་པ་ཆེན་པོ་༸ཀུན་གཟིགས་བཅུ་པ་ཆེན་པོ་རྣམ་གཉིས་ཀྱི་མཚན་ལོག་པར་སྤྱད་དེ་འཕྲིན་བཅོལ་མཛད་ཚུལ་དུ་རྫུན་སྒྲིག་བྱས་པ་རྣམས་ཀྱི་རྫུན་རྐུབ་ཡོངས་སུ་བརྟོལ་འདུག རིག་པ་གཏོང་སྟངས་མང་ཆེ་བ་ཞིག་གད་མོ་ལྷུག་ལྷུག་ཤོར་པ་དེ་འདྲ་རེད།
ཤར་ཕྱོགས་ཁུག་རྟ་འདི་ཆབ་སྲིད་པ་དངོས་མ་ཞིག་ཆགས་ཡོང་གིན་འདུག ཁོང་གིས་མདོ་སྨད་ཀྱི་སྤྱི་འཐུས་ཀྱི་འོས་དེ་ཐོབ་པ་ལ་ཆབ་སྲིད་སྐོར་སྐད་ཆ་བཤད་ན་ཁོང་ལ་སྐྱོན་རི་བོ་འདྲ་ཡོད་ཙང་ཚིག་གཅིག་ཀྱང་བཤད་མ་སོང་། དེ་ལས་དོལ་རྒྱལ་སྐོར་ལ་སྐད་ཆ་བཤད་ན་དཔའ་བོ་རེད་ཟེར་ནས་འོས་རེ་གཉིས་འཐོབ་རྒྱུའི་རེ་བ་མཐོང་ཙང་མགྱོགས་པོར་དོལ་རྒྱལ་དང་འབྲེལ་བའི་སྐོར་ལ་རྩོམ་ཡིག་སྔ་རྗེས་གཉིས་སྤེལ་སོང་། འདི་ཆབ་སྲིད་པའི་གཡོ་འཁྲུལ་རེད་ད་།
གལ་སྲིད་གནད་དོན་འདི་ཁྲི་བྱང་རིན་པོ་ཆེར་ཐུག་ཡོད་ཚེ། ཁྲི་བྱང་རིན་པོ་ཆེ་མཆོག་གིས་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་བསྐྱེད་བསྲིངས་གནང་ཡོད་པ་དངོས་འབྲེལ་ཡིན་པས། རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཁ་གཅིག་གྲགས་ཀྱིས་རྡོ་རྗེ་སློབ་དཔོན་སྲུང་སྐྱོབ་བྱེད་པའམ། ཡང་ན། རྣམ་པ་གཉིས་ཀྱི་བར་དུ་གཟིགས་སྟངས་མ་འདྲ་བ་བྱུང་ནས་རྩོད་རྙོག་གསར་བ་ཞིག་བྱུང་ངེས་རེད། རྩོད་རྙོག་དེའི་མཇུག་འབྲས་ནི་ཡང་བསྐྱར་དམ་སྲི་གསར་བ་ཞིག་གི་འབྱུང་གཞིར་འགྱུར་མི་སྲིད་པའང་མིན་སྟབས། ཞིབ་འཇུག་གནང་སྐབས་ངེས་པར་དུ་ཕན་གནོད་ཀྱི་ལྕི་ཡང་གཞལ་དགོས་ཤིང་། ཕན་གནོད་ཡང་དུས་བབ་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད་པས། ཕན་ལས་གནོད་ཆེ་བའི་རིགས་རེ་ཞིག་མ་གླེང་ནའང་མ་འཐུས་པ་ཅི་ཡོད། བསམ་ཚུལ་ཙམ་ཡིན།
ལྷ་སྡེ་གནམ་ལོ་ཡག་གི་སྐད་ཆ་རྒྱུ་མཚན་འདུག ཡིན་ནའང། ཁྲི་བྱང་རིན་པོ་ཆེས་རྒྱལ་བ་རིན་པོ་སྐྱེད་སྲིང་གནང་བ་རེད་ཟེར་པ་དེ་ད་དུང་ཞིབ་འཇུག་ཡག་པོ་ཞིག་བྱེད་དགོས་པ་འདྲ།
སློབ་དཔོན་ཟམ་གདོང་རིན་པོ་ཆེས་༸རྒྱལ་རིན་པོ་ཆེའི་དབུ་འོག་དཔུང་འདེགས་དམ་སྲི་གཏན་འགོག་སྐོར་ནན་པོ་ཧ་ལས་པ་སུ་གང་གིས་ཀྱང་མ་གནང་བ་འདི་འདྲ་གནང་སྟངས་ལ་གཞིགས་ན། ཁྲི་བྱང་རིན་པོ་ཆེ་མཆོག་ལས་ཀྱང་མཁྱེན་སྟོབས་འབར་ཡོད་པ་གསལ་བོ་རེད་སྙམ།
ད་ལྟའི་རྒྱལ་བ་རིན་པོ་ཆེ་འདི་ངོས་འཛིན་ཁྲི་འདོན་ཀློག་སློབ་པ་སོགས་གང་ཐད་ནས་རྭ་སྒྲེང་གིས་ནུས་ཤུགས་ཆེན་པོ་བཏོན་ཡོད་འདུག རྭ་སྟག་ནང་འཁྲུགས་བྱུང་ནས་རྭ་སྒྲེངས་ཤོག་ཁག་ལ་ཕམ་ཉེས་ཁེལ་བ་རེད། ་ཁྲི་བྱང་འདི་སྟག་བྲག་ཤོག་ཁག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཀྱི་གཉའ་གནོན་མཁན་དུ་བསྐོ་བཞག་བྱས་པ་ཙམ་རེད།
མུ་མཐུད་དུ་བགྲོ་གླེང་བྱེད་རོགས།
་་་་་་་་་་ ཞིབ་འཇུག་གནང་སྐབས་ངེས་པར་དུ་ཕན་གནོད་ཀྱི་ལྕི་ཡང་གཞལ་དགོས་ཤིང་། ཕན་གནོད་ཡང་དུས་བབ་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད་པས། ཕན་ལས་གནོད་ཆེ་བའི་རིགས་རེ་ཞིག་མ་གླེང་ནའང་མ་འཐུས་པ་ཅི་ཡོད། བསམ་ཚུལ་ཙམ་ཡིན། ་་་་་་་་་་
རྒྱལ་བ་རིན་པོ་ཆེས་བོད་བསྟན་སྲིད་ལ་གནོད་པར་དགོངས་ནས་གསུངས་པ་རེད། དོལ་འདྲེའི་རྗེས་འཇུག་ཚོ་རྨོངས་གཉིད་ལས་མ་སད་ནམ་ཡང་བོད་ལ་རང་དབང་ཐོབ་མི་སྲིད་པ་རེད་སྙམ།
ཧ་ཧཧཧཧཧ། དོལ་རྒྱལ་བརྟེན་མཁན་དང་དེ་ལ་དགག་པ་རྒྱག་མཁན་གཉིས་ཀ་བླ་མ་གཅིག་གི་སློབ་མ། དཀྱིལ་འཁོར་གཅིག་གི་སྒོ་འཇུག་རེད། དེས་ན་ཤུགས་ལྡན་རྟེན་མཁན་དང་། དེ་ལ་དགག་པ་རྒྱག་མཁན་གཉིས་ཀྱི་བར་དུ་དམ་ཚིག་ཉམས་རྒྱུ་མེད་པ་རེད་དམ། མང་ཤུགས་ལ་བརྟེན་ནས་ཤུགས་ལྡན་རྗེས་འབྲངས་པ་ཚོ་དམ་ཉམས་དང་། ང་ཚོ་དམ་ལྡན་དུ་འཇོག་ན་མ་གཏོགས། དོན་ལ་ཕྱོགས་གཉིས་པོའི་ཁོངས་གཏོགས་ཀུན་ཀྱང་དམ་ཚིག་ལ་སྐྱོན་ཞུགས་ཟིན་པ་རེད། ང་ཚོ་དམ་ཉམས་སྡེ་ཚན་གཉིས་ཡོད་ཅེས་བཤད་ན་ཏག་ཏག་རེད། དམ་ཚིག་ལ་ངོ་ཆེ་ཆུང་དང་དབང་ཆེ་ཆུང་གི་ཁྱད་པར་གང་ན་ཡོད། ཚང་མས་གཟབ་ན་མི་ལེགས་སམ།
ད་ཤར་ཁུག་དངོས་གནས་ཕྱི་ལ་དོན་སོང་ཡ་ཡག་གི། ལབ་གཏང་དང་སྲོག་ལ་སོགས་ལ་གཟབ་གཟབ་བྱེད་གལ་ཆེ།
དོལ་རྒྱལ་བསྟེན་ཚུལ་གྱི་ནོར་འཁྲུལ་དྲུངས་ནས་འབྱིན་པར་དེ་བསྟེན་མཁན་དག་ལ་ཐུག་པ་བདེན་ངེས་རེད། དེ་དོན་<>དུ་ཡང་ཞིབ་ཏུ་བཀོད་ཡོད།
ཡིན་ན་ཡང་ལྷ་སྲུང་བསྟེན་ཚུལ་ནོར་བ་ཙམ་གྱིས་མི་དེའི་ཡོད་ཚད་ནོར་འཁྲུལ་ཡིན་པའི་ངེས་པ་མེད། སྐྱོན་ས་ནས་སྐྱོན་་བཟང་ས་ནས་བཟང་བཤད་དགོས། འདི་ལ་དཀར་ནག་དབྱེ་འབྱེད་ཟེར། ནག་པོ་ནག་རྐྱང་དེ་ནི་དོལ་འདྲེའི་དར་ནག་ཕྱར་བའི་རྒྱ་འདྲེ་ཁོག་ཤུགས་ཀྱི་བོད་མི་མི་གསོད་ལག་དམར་བ་དེ་ཚོ་རེད།
༼ལེགས་ཉེས་བདེན་རྫུན་འབྱེད་པའི་ལུང་རིགས་གསེར་གྱི་ལྡེ་མིག་༽ཅེས་པའི་དེབ་འདི་དྲ་ལམ་ནས་ཕབ་ལེན་གྱི་ཐབས་ཤེས་ཡོད་དམ། ལམ་སྟོན་གནང་རོགས། རེབ་གོང་ནས།
ཆོས་དད་རང་དབང་རེད། ལྷ་བསྟེན་ནའང་རེད། འདྲེ་བསྟེན་ནའང་རེད། གང་ཡང་མ་བསྟེན་ནའང་རེད། ང་ནི་ཤུགས་ལྡན་ཟེར་བ་སོགས་ལ་དོ་སྣང་དང་མཐོང་གང་ཡང་བྱེད་གི་མེད། གལ་ཏེ་བསྟེན་འདོད་ན་བསྟེན་རྐྱང་ཡིན།
མེ་ཏོག་དཀར་པོས་གསུངས་པ་དེ་ཤིན་ཏུ་ནས་འཐད།
ངས་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
གང་ཡིན་ཟེར་ན་ང་ཚོས་དུས་རབས་ཉེར་གཅིག་པའི་དེངས་རབས་ཀྱི་ཁོགས་ཡངས་དཀྱིལ་ཆེ་དང་། དངོས་ཡོད་གནས་ཚུལ། བདེན་མཐུན་དྲང་འབྲེལ་གྱི་ཤེས་བྱའི་ལམ་ཆེན་ཡངས་པར་ཤར་སྐྱོད་དགོས་པ་ལས་རྙིང་ཞེན་རྣམ་རྟོག་དགྲ་ལང་གི་ལྷ་འདྲེའི་རྩོད་པར་མགོ་བོ་འཁོར་ན་འགྲིག་ཐབས་གཏན་ནས་མེད།
སྤུན་ཟླ་ཚོ།
དབུ་ནག་བོད་མི་ཚོ།
རྣམ་དཔྱོད་ཀྱི་ཀླད་རྩལ་རྒྱས་པའི་ས་ཡ་དྲུག་པོ།
ཡར་ལོངས་ཤོག
ང་ཚོ་ཡར་ལང་དགོས།
ང་ཚོ་ཡར་ལངས་ཏེ། འཛམ་གླིང་མི་མང་གི་རྗེས་སུ་སྐྱོད་དགོས།
ང་ཚོ་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་སྟབས། འཛམ་གླིང་གི་འགྱུར་བ་དང་བལྟུན་ཏེ་འཛམ་གླིང་གི་རྗེས་ཟིན་དགོས།
ང་ཚོས་འཛམ་གླིང་གི་རྗེས་ཟིན་དགོས་ན། ང་ཚོ་འཛམ་གླིང་འདིའི་རྗེས་ལུས་སུ་གྱུར་པའི་འཛམ་གླིང་འདིའི་ཆ་ཤེས་ཤིག་ཡིན་པར་ངོས་ཟིན་དགོས། གལ་ཏེ་ང་ཚོ་འཛམ་གླིང་འདིའི་འཕོ་འགྱུར་གྱི་རྗེས་སུ་སྐྱོད་འདོད་མེད་ཚེ། ང་ཚོ་འཛམ་གླིང་འདི་ནས་ལོགས་སུ་ཁ་གྱེས་རྒྱུ་ལས། ང་ཚོར་དེ་ལས་གཞན་པའི་མདུན་ལམ་ཞིག་འབྱུང་མི་སྲིད།
སྤུན་ཟླ་ཚོ།
སྤུན་ཟླ་ཚོ།
གདོང་དམར་གྱི་སྤུན་སྲིང་ཚོ།
དེ་ནི་ངའི་མྱོང་ཚོར་གྱི་སྙིང་གཏམ་གཤའ་མ་ཞིག་ཡིན།
ང་ཚོས་གཡམ་རྒྱུག་དང་འཁྱོག་བཤད་དུ་མ་སོང་བར་དོལ་རྒྱལ་སྐོར་ལ་ཟམ་གདོང་ལྟ་བུ་གི་ཁ་སྤོབས་མ་བཤད་རོགས།
ཡག་པོ་བྱུང་འདུག་་་་་་་་་་་ད་ཡིན་ན་གདོན་འདྲེ་འདིའི་སྐོར་ལ་མ་གླེང་ན་ལེགས།་་་་ཚང་མས་བོད་དང་བོད་མིར་བསམ་ཏེ་སྐད་ཆ་བཤད་འདུག་་་་ཡག་བྱུང་
གོང་གི་<>ནང་དུ་རྩོམ་བྱང་འདི་ཡོད། ཤར་མི་འདུག
དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང།
སྤྱིར་བཏང་ཆོས་ལུགས་གང་རུང་ལ་དད་མོས་བྱེད་འདོད་ན་དེ་རང་དབང་ལོས་ཡིན། ཡིན་ན་ཡང་ཆོས་ལུགས་སོ་སོར་རང་རང་གི་དཀོན་མཆོག་གམ་ལྷ་འདྲེ་མི་འདྲ་བ་རེ་ཡོད་པ་རེད། སྐབས་དོན་དགེ་ལུགས་པ་ལ་མཚོན་ན་ཡང་རྗེ་རིན་པོ་ཁོང་ཉིད་ཀྱིས་བསྟེན་འོས་པ་དང་དགོས་པའི་ལྷ་སྲུང་ཁག་ཅིག་ཡོད་པ་རེད། དེ་དག་ལས་ལྷག་ཅིག་འབྱུང་བའི་ལུང་བསྟན་གནང་ཡོད་པ་མ་རེད་ལ་ལྷག་པར་ཁོང་ཉིད་དྲག་པོའི་སྐུར་བསྟན་ནས་དགེ་ལྡན་པའི་བསྟན་པ་སྲུང་གི་ཡིན་ཚུལ་ཞིག་གཏན་ནས་མེད་པ་མ་ཟད། ཁོང་ལ་ཡང་སྲིད་ཀྱང་མེད་པ་རེད། དེ་འདྲའི་གཙང་མ་གཙང་རྐྱང་ཞིག་རེད། ད་དེ་ལ་བླ་ཆེན་གྱི་མཚན་བཟུང་བ་རེ་གཉིས་ཀྱིས་མ་རྟོགས་ལོག་རྟོག་གང་རུང་ཞིག་གིས་གང་ནས་བྱུང་བའི་ཁུངས་ལུང་མི་གསལ་བའི་འདྲེ་ཞིག་དགེ་ལུགས་པའི་དགྲ་ལྷའི་རྒྱལ་པོ་ཡིན་པར་བསྔགས་ཤིང་གསོལ་བ་འདིས་མ་འགྲིགས་པ་རེད། དེས་ཇི་ལྟར་མི་འགྲིགས་པ་དང་གནོད་ཚུལ་ཡང་དཔེར་ན། གསང་མྱུལ་བ་ཞིག་དང་འདྲ་བར་དགའ་ལྡན་ཕོ་བྲང་བའི་ཆོས་སྲིད་གཉིས་ལ་གནོད་སྐྱེལ་གྱིན་པ་རེད། གསང་མྱུལ་བ་དེའི་གསང་བ་རྟོགས་མཁན་ཐོག་མ་རྒྱལ་དབང་ལྔ་པ་སོགས་ནས་མཐར་རྦད་དེ་གཙང་མ་བཟོ་བའི་ཕྱག་ལས་དེ་རྒྱལ་དབང་འདི་ཚང་གིས་གནང་བཞིན་པ་རེད། དེ་དགེ་ལྡན་པའི་བསྟན་པ་དག་ཐེར་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད་ལ། བོད་བསྟན་སྲིད་དང་འབྲེལ་བའི་གནད་དོན་ཞིག་ཀྱང་ཆགས་ཡོད་པ་རེད།
གནད་དོན་གཞན་ཞིག་ནི་རྒྱ་ནག་གཞུང་གིས་འགལ་བ་འདི་ལོག་པར་་སྤྱད་དེ་བོད་ཀྱི་རྩ་དོན་ལ་དཀྲུགས་ཤིང་སློང་གི་ཡོད་པ་དེ་རེད། རྒྱུ་མཚན་འདིས་དོལ་རྒྱལ་དང་འབྲེལ་བའི་གནད་དོན་འདི་སྣང་ཆུང་བྱེད་ཆོག་པ་ཞིག་དང་གཙང་སེལ་མ་བྱས་ཀྱང་སྐྱོན་མི་ཆེ་བ་ཞིག་མིན་ཚུལ་ཧ་གོ་དགོས།
དོལ་རྒྱལ་་རྗེས་འབྲང་བ་ཚོས། དོལ་རྒྱལ་ནི་འཇམ་མགོན་རྒྱལ་བའི་བསྟན་པར་ཆོས་ལུགས་གཞན་རྙིང་མ་ལས་སྐྱོབ་པའམ་སྲུང་བའི་སྲུང་མ་རྩ་ཆེན་ཡིན་ཟེར།
དགོས་རྒྱུ་ཆོས་མེད་རིང་ལུགས་རྒྱ་ནག་དམར་ཤོག་སོགས་ལས་མ་སྲུང་བར། མི་དགོས་རང་ལུགས་ཆོས་བརྒྱུད་གཞན་ལས་སྲུང་ཟེར་བ་ནི་ཡིད་སྐྱོ་བའི་གཏམ་དང་ཁོང་ཁྲོ་ཟ་བའི་གནས་ཞིག་རེད།
རྒྱ་ཁུག་འདིས་བོད་མིའི་སྤྱི་ཚོགས་སུ་ཆབ་སྲིད་དང་ཆོས་ལུགས་གང་ཐད་ནས་སྙོག་དྲ་བཟོ་གང་ཐུབ་བྱེད་བཞིན་པ་འདི་དག་ནི་རྒྱ་དམར་གྱིས་ཁོ་ལ་སྤྲོད་པའི་ལས་འགན་དེ་ལོས་ཡིན། ཁོ་པས་རྒྱ་དམར་གྱི་ལས་ཀ་ཨ་ན་མ་ན་སྒྲུབས་ཀྱི་འདུག། བོད་མི་ནང་ཁུལ་འགལ་བ་ལྟག་སྤྲོད་དུ་བཟོ་དགོས་རྒྱུ་ནི་རྒྱ་དམར་གྱིས་བོད་ལ་འཛིན་པའི་དམིགས་ཡུལ་དང་དགོས་དོན་གཉིས་ཀ་རེད།
སྲུང་མ་དེ་ཚོས་སྲུང་སྐྱོབ་བྱེད་ཀྱི་རེད་ཟེར་ནའང་ང་ཡིད་མ་ཆེད་ ཡང་སྲུང་མ་དེས་གནོད་ཀྱི་འདུག་ཟེར་ཀྱང་ང་ཡིད་མ་ཆེད་
ངས་སྲུང་མ་ཟེར་བ་དེ་རྣམས་ཚང་མ་ཡོད་པར་ཡིད་ཆེས་མེད་ གལ་སྲེད་སྲུང་མ་ཟེར་བ་དེ་རྣམས་དངོས་གནས་ཡོད་པ་ཡིན་ན་
ང་ཚོའི་ད་ལྟའི་གནས་སྟངས་དེ་འདྲ་གང་ནས་བྱུང་ ང་ཚོའི་ཡོད་ཚད་སྲུང་མ་ཐུབ་པ་གང་ཡིན་ གལ་སྲེད་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འབྲངས་པ་དངོས་གནས་ཞིག་ཡིན་ན་ ལས་རྒྱུ་འབྲས་ལ་ཡིད་ཆེད་བྱེད་དགོས གལ་སྲེད་སྲུང་མ་གང་ཞིག་ལ་ཡེད་ཆེད་དང་སྐྱབས་བཅོལ་བ་ཡིན་ན་ ལས་རྒྱུ་འབྲས་ལ་ཡིད་ཆེད་མ་བྱས་པ་དང་སྐྱབས་བཅོལ་ས་ནོར་བ་ཡིན་པས་ ཁྱེད་རང་ནང་པ་
མ་རེད་ ང་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་པས་ལས་རྒྱུ་འབྲས་ལ་མ་གཏོགས་ཡེད་ཆེད་མེད་ལ སྐྱབས་བཅོལ་ས་སངས་རྒྱས་མ་གཏོགས་སུ་ཡང་མེད་་་
དོལ་རྒྱལ་གྱི་སྐོར་འདི་གནས་སྐབས་རིང་ཁུ་སིམ་མེར་བཞག་ན་ཡག་པོ་འདུག དེ་མིན་མེ་ནང་སྣུམ་བླུག་ན་ཡག་པོ་རང་མི་འདུག་བསམ། དགོངས་འགལ་མེད་པར་ཞུ།
དངོས་གནས་བྱས་ན། ང་ཚོས་དོལ་རྒྱལ་སྐོར་ལ་དེབ་ཆེན་པོ་དེ་འདྲ་བརྩམས་ནས་སྡོད་པའི་དུས་ཚོད་མ་རེད། ང་ཚོ་ནང་འཁྲུགས་ཁོ་ན་རྩོད་ནས་སྡོད་རྒྱུའི་དུས་ཚོད་མ་རེད། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ལྐོག་གྱུར་ཀྱི་ཆོས་ལ་ཡིད་ཆེས་མེད་བཞིན་དུ། སངས་རྒྱས་གཉིས་པ་དབྱིགས་གཉེན་སོགས་ཀྱིས་གསུངས་པའི་འཇིག་རྟེན་ཆགས་ལུགས་ལ་ཡིད་ཆེས་མེད་བཞིན་དུ། དེ་དང་མཚུངས་པའི་ཤུགས་ལྡན་སྐོར་ལ་དེ་ལས་ལྷག་པའི་ཡིད་ཆེས་དང་རྩོལ་སྒྲུབ་བྱ་དགོས་དོན་གང་རེད་དམ། གལ་སྲིད་ཤུགས་ལྡན་ཚོགས་པ་རྒྱ་མི་དང་མཉམ་འགྲེལ་གྱིས་བོད་པའི་ཆོས་སྲིད་ལ་གནོད་ན། དེ་ནི་ང་ཚོས་སྤྱི་ཚོགས་ཆུང་ཆུང་འདིས་གཅིག་གྱུར་དང་རྨོངས་དད་ཀྱི་ལམ་ནས་བསྐྲུན་པའི་འཛུགས་སྐྲུན་ཆེ་ཤོས་དེ་རེད། གསང་སྔགས་ཀྱི་སྒྲུབ་པ་ཉམས་ལེན་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལེན་པའི་ཐབས་རྣམས་དགོས་གལ་ཆེ་མོད། དེ་ལས་གཞན་པའི་ལྷ་འདྲེ་གསོ་ཐབས་སོགས་ནི་མེད་ཀྱང་རུང་ལ་ཡོད་ཀྱང་རུང་། དེ་ལས་བརྟེན་ནས་ནང་འགལ་བཟོ་དགོས་དོན་མེད་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ཁྲག་དཀྲུགས་དཀྲུགས་བྱེད་དགོས་དེ་ལས་ཀྱང་མི་འདུག བོད་མི་ཚོ་དོན་མེད་པའི་རྙོག་གྲ་མ་སློང་། གོ་རྒྱུ་ཚོར་རྒྱུ་མེད་པའི་ལྷ་འདྲེའི་ཆེད་དུ་ནང་འཁྲུགས་མ་རྒྱག
ང་ཚོས་གཞོན་སྐྱེས་ཚོ་རྟོག་སད་པ་ཡིན་མདོག་གི་ཁ་པོ་ཆེ་མོད། དོན་ལ་ཆེས་རྨོངས་དང་དང་ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་རེད།
ང་ཚོར་འཇོན་ཐང་ཡོད་ན་རྩོད་རྒྱུ་དེ་ལས་ཆེ་ཙམ་ཡོད། ང་ཚོར་དཔལ་འབྱོར་ཡོད་ན་གཏོང་ས་དེ་ལས་ལྷག་ཅིག་ཡོད། ང་ཚོ་གཅིག་གྱུར་ལ་དགའ་ན་ཁ་གཏད་དེ་ལས་སྡུག་ཅིག་ཡོད། ང་ཚོར་རྣམ་དཔྱོད་ཡོད་སྦྱང་རྒྱུ་དེ་ལས་མང་ཙམ་ཡོད། བོད་མི་ཚོ། ལྐུག་རྟགས་མ་བསྟན། ཤུགས་ལྡན་གང་དུ་ཡོད། ཇི་ལྟར་བྱུང་། སུས་བཀག སུས་བསྟེན་བཅས་ཀྱི་གནས་ཚུལ་ཡག་པོ་ཞིག་ཤེས་ན་ག་རེ་གནང་ཐུབ་བམ།
རྒྱ་མིའི་དཔོན་རིགས་ཚོས་རྒྱུ་གཞུང་དང་འགལ་བའི་ལས་ཀ་ཤིག་མཐོང་ཚེ་ཡག་སྡུག་གི་དབྱེ་འབྱེད་མེད་པར་རྩ་གཏོར་ལ་འབད་པ་བཞིན་དུ། ང་ཚོའི་སྤྱི་ཚོགས་འདིར་ཡང་དེ་དང་ཆ་འདྲ་བའི་གནས་ཚུལ་མང་པོ་ཞིག་ཡོད་ཀྱང་།
མདོ་ཕྱོགས་ནས་ལམ་རིམ་དང་། གསང་སྔགས་གསང་བདེ་འཇིགས་གསུམ་དང་དུས་འཁོར་གྱི་བླ་བརྒྱུད་སོ་སོའི་ཆོས་གྲལ་དུ་ཡོད་ན་ཕར་ཚུར་ཚང་མས་གཟབ་དགོས་ས་རེད་དྲན། མི་ཆུ་ནང་དུ་གཡུགས་ན་རང་ཆུ་ཁར་འགྲོ་དགོས་ཟེར་བ་བཞིན་རེད་འདུག གསང་སྔགས་ཀྱི་དབང་ལུང་ཁྲིད་དང་སྲོག་གཏད་བཅས་སྤོངས་ན་སྦྲུལ་སྨྱུག་སྦུག་ནང་དུ་ཞེས་པའི་དཔེ་ཇི་ལྟར་འགྲེལ གསང་སྔགས་ལྟ་ཅི། མདོ་ལས་་་་གལ་ཏེ་བླ་མ་གྱུར་ཕན་ཆོད། །དེ་ཉིད་བླ་མ་མི་འཛིན་ན། །ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །སོགས་གསུངས་འདུག ནང་འཁྲུག་དང་དགེ་འདུན་ནང་འགལ་གྱི་ཉེ་བའི་མཚམས་པའི་ལས་ནི་མཐོ་དམན་སུ་ཞིག་སློང་ན་ལུང་རིགས་དེ་ཡང་ལྟར་སྣང་ལྟ་བུ་ཡིན་པ་འདྲ་སྙམ། སྡོམ་དང་དམ་ཚིག་ལ་རྒྱུ་དང་དཔུང་ཤུགས་ལ་བརྟེན་ན་ནང་ཆོས་ཀྱི་ཞབས་རལ་རེད་བསམ་མོ། །
གང་ལྟར་ཁྲི་བྱང་གི་དོལ་འདྲེ་གསོས་པ་དེ་དགག་གཞག་བྱས་ན་འོས་ཤིང་འཚམས།
དོལ་རྒྱལ་ཚོགས་པ་ཁུ་སིམ་མེར་འཇོག་རྒྱུ་ཡིན་ན་རྒྱ་་དམར་ཡང་ཁུ་སིམ་མེར་བཞག་ན་ཅིའི་མི་ཆོག དོལ་ཚོགས་ཀྱི་སྣེ་ཁྲིད་མཁན་བོད་མི་ཡིན་པས་ཁུ་སིམ་མེར་བཞག་དགོས་དོན་མི་འདུག གཏམ་དཔེ་ལ། མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད། གཉེན་ཉེ་བས་བསད་ན་དགའ་རྒྱུ་མེད།།ཟེར་བ་དེ་རེད།
ཁྲི་བྱང་དང་རྒྱལ་བ་རིན་པོ་ཆེའི་བར་ན་བླ་སློབ་ཀྱི་འབྲེལ་བ་ཞིག་མེད། ཁོང་གཉིས་བར་གྱི་འབྲེལ་བ་ནི་བྲན་གཡོག་བདག་པོ་དང་བྲན་གཡོག་བར་གྱི་འབྲེལ་བ་ཙམ་རེད།
་་་་་་ དོལ་རྒྱལ་གྱི་སྐོར་འདི་གནས་སྐབས་རིང་ཁུ་སིམ་མེར་བཞག་ན་ཡག་པོ་འདུག དེ་མིན་མེ་ནང་སྣུམ་བླུག་ན་ཡག་པོ་རང་མི་འདུག་བསམ། དགོངས་འགལ་མེད་པར་ཞུ། ་་་་་་་
དམ་སྲི་འབྱུང་བོའི་སྐོར་ལ་ཞིབ་འཇུག་བྱས་མ་བྱས་གོང་ལ་རང་གི་རང་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་མཆན་བུ་གང་མང་འབྲིས་ཤོག ངས་རྒྱ་དར་འཁྱེར་མཁན་དང་དོལ་རྒྱལ་་རྗེས་འབྲང་བ་གཉིས་ལ་ཁྱད་པར་གང་ཡང་མེད་པའི་དམ་བཅའ་ཞག་ཡོད་དོ།
ཤར་ཁུག་ནས་རྒྱ་རོའི་ཁྲག་དར་གནམ་ལ་འཕྱར་བ་དེ་། ནག་ཉེས་བསུབ་ཡག་ལ་དམིགས་པ་དང་མདོ་སྨད་སྤྱི་མཐུན་ལང་ཡག་ལ་བསམ་ནས་དེ་རིང་སྲོག་ལ་ཡང་ཞེ་སྣང་མ་བྱེད་པར་བྱོན་པར་ལེགས།
སྲུང་མ་རྩོད་པ་ནི་ཤིན་ཏུ་ནས་ནར་མ་སོན་པའི་གནའ་བོའི་རྨོངས་དད་རིང་ལུགས་པའི་བཤད་ཡམས་ཤིག་རེད། གནས་ཚུལ་འདིས་བོད་མི་མང་པོ་ཞིག་གི་བསམ་བློའི་ནང་གོ་གནས་གལ་ཆེན་འཛིན་སྟངས་ལ་དཔགས་ན། ད་དུང་ཡང་། བོད་མིའི་སེམས་ཁམས་དུས་རབས་བཅོ་ལྔ་བའི་ལྷ་འདྲེ་རིང་ལུགས་པའི་འཇིག་རྟེན་ལྟ་སྟངས་ཁྲོད་ལྷག་པ་མཚོན་པས། ལུས་ནི་དུས་རབས་ཉེར་གཅིག་ཡིན་ཡང་སེམས་པ་དུས་རབས་བཅོ་ལྔ་རེད། དེ་བརྟེན། ལོ་བཅུ་འམ་ཉི་ཤུ་ཙམ་མ་སྒུག་པ་དུས་རབས་འདིའི་བོད་པ་ལ་དེ་ཙམ་རེ་བ་དཀའ་བ་འདོད།
ལྷ་འདྲེ་གདོན་དགག་བཤད་དུས་རྣམ་སྤྱོད་གྲུང་།།
ཚན་རྩལ་རིག་གནས་གླེང་སྐབས་སྨྲ་ལྕེ་འགགས།།
ཆོས་རྒྱུད་བཟང་ངན་རྩོད་ཚེ་རིག་པ་མྱུར།།
རྫས་འགྱུར་དཔལ་འབྱོར་སྨྲས་ན་མགོ་བོའི་ན།།
རིགས་རུས་སྐྱེས་ཁུངས་བརྗོད་ཚེ་དང་བ་འཕེལ།།
མངའ་ཁོངས་བདག་དབང་སྨོས་ན་བཏང་ལེན་སྒོམ།།
ཡིན་ཡང་། ད་ལྟ་གོ་རྟོགས་སད་ཅིང་བླང་དོར་མཁྱེན་པའི་བོད་པ་མང་པོ་ཞིག་ཐོན་བཞིན་ཡོད་པས་དགའ་བའི་གནས་སུ་མཆིས་ལ། འོད་ཟེར་སྟོང་ལྡན་གྱི་བོད་ཀྱི་མ་འོངས་བ་བསྐྲུན་པ་རེ་སྒུག་གིས་ཁེངས་ནས་བསྡད་ཡོད།
ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་སུ་ ཉིད་ནས་ཁྲི་བྱང་རིན་པོ་ཆེས་༧གོང་ས་མཆོག་ལ་སྐུ་ཡོན་ཕུལ་ནས་བསྐྱེད་བསྲིང་གནང་བ་རེད་ཅེས་དོལ་རྒྱལ་ཚོགས་པའི་སྐད་ཆ་་འདྲ་པོ་བཤད་ཡོང་སྐབས་དེ་་ནི་ལོ་རྒྱུས་ལ་ཧོལ་རྒྱུགས་ཤོར་བ་རེད་། ཡོངས་འཛིན་མགྲེས་པ་ར་སྒྲེང་རིན་པོ་ཆེ་དང་་གཞོན་པ་གླིང་། ར་སྒྲེང་དབུ་ཉེས་རྗེས་ཡོངས་འཛིན་སྟག་བྲག་དང་གླིང་། སྟག་བྲག་གཤེགས་རྗེས་གླིང་ཡོངས་འཛིན་བགྲེས་པདང་་ཁྲི་བྱང་ཡོངས་འཛིན་སྐུ་གཞོན་པར་བསྐོས་པ་ཡིན་འདུག་ ཁྲི་བྱང་ཡོངས་འཛིན་ལ་ཕེབས་སྐབས་༧ གོང་ས་མཆོག་གི་རྨང་གཞིའི་སློབ་གཉེར་ཕལ་ཆེ་བ་གྲུབ་ཟིན་པ་རེད ཁྲི་བྱང་སླེབས་སྟངས་དེའང་ཁོང་ཕ་བོང་ཁའི་སྲས་ཀྱི་ཐུ་བོ་ཡིན་པའི་ཐོག་ནས་ཕ་བོང་ཁ་དང་ཉེ་པོ་ཡོད་པའི་སྐུ་དྲག་ཁ་ཤས་ནས་རྒྱ་མི་བོད་ལ་སླེབས་པའི་ཟང་ཟིང་ནང་ཡོངས་འཛིན་སྐུ་གཞོན་གྱི་མཚན་གནས་ཕུལ་འདུག སྔ་ཕྱིའི་ལོ་རྒྱུས་ཤེས་པ་བྱས་ན་༧གོང་ས་མཆོག་ལ་ད་
ལྟའི་སྐུ་ཡོན་དེ་སུས་ཕུལ་བ་དང་། ཁྲི་བྱང་རིན་པོ་ཆེ་ཡོངས་འཛིན་གཞོན་པར་སླེབས་སྟངས་དེ་གསལ་པོ་ཆགས་ཀྱི་རེད།
འདེས་པ་
་་་་་ ཡོངས་འཛིན་མགྲེས་པ་ར་སྒྲེང་རིན་པོ་ཆེ་དང་། གཞོན་པ་གླིང་། ར་སྒྲེང་དབུ་ཉེས་རྗེས། ཡོངས་འཛིན་སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ་། སྟག་བྲག་གཤེགས་རྗེས་གླིང་ཡོངས་འཛིན་བགྲེས་པ་དང་། ཁྲི་བྱང་ཡོངས་འཛིན་སྐུ་གཞོན་པར་བསྐོས་འདུག ཁྲི་བྱང་རིན་པོ་ཆེ་ཡོངས་འཛིན་ལ་ཕེབས་སྐབས་༧གོང་ས་མཆོག་གི་རྨང་གཞིའི་སློབ་གཉེར་ཕལ་ཆེ་བ་གྲུབ་ཟིན་པ་རེད། ་་་་་་་་ ཚིག་སྦྱོར་ཅུང་ཟད་བཅོས་ནས་ཟུར་བཀོལ་བྱས།
ཁྲི་བྱང་འདི་པར་༸རྒྱལ་བ་རིན་པོ་ཆེའི་མཚན་བྱིན་རླབས་ཅན་འདིས་སྲུང་ཤིང་བསྐྱབས་ཡོད་པ་མ་གཏོགས། ཆབ་སྲིད་ནང་ཐེ་བྱུས་བྱས་པ་ཞེ་དྲག་མང་པོ་རེད། ཁོང་ཉིད་གཏམ་གྲགས་ལའང་དགའ་མོས་ཤུགས་ཆེར་ཡོད་མཁན་ཞིག་ཡིན་པ་ཁོང་ཞལ་བཞུགས་དུས་ནས་བཤད་སྲོལ་ཡོད་འདུག མདོ་སྨད་པ་དགེ་འདུན་ཆོས་འཕེལ་དང་རྡོ་སྦིས་དགེ་བཤེས་རྣམ་པ་གཉིས་ལ་ཡག་པོ་བྱས་ཡོད་པའི་བཤད་སྲོལ་མི་འདུག རྡོ་སྦིས་དགེ་བཤེས་རིན་པོ་ཆེ་མཐར་སྡེ་པ་གཞུང་ལ་འུ་ཐུག་དགོས་པ་ཞེ་ས་མ་ཞུས་ན་ཤ་འཁོན་ལྟ་བུ་ཡོད་ཚུལ་བསྟན་པའི་ནང་དུའང་ཁྲི་བྱང་ཚུད་ཡོད་པ་འདྲ། དེ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་རེད། ཁོང་རྒྱ་གར་དུ་བཞུགས་སྐབས་ནས་ཁྲི་བྱང་གིས་འགུགས་ཐབས་བྱས། བར་དུ་བོད་ལ་ཕེབས་རྗེས་འབྲེལ་བ་གནང། དགེ་ཆོས་ཀྱིས་ཀྱང་ཡིད་ཆེས་ཞུ་ས་ལྟ་བུར་བཀུར་ནས་བརྩམས་ཆོས་རྩ་ཆེན་པོ་སྲོག་ལས་གལ་ཆེར་གཟིགས་པ་དག་ཀྱང་ཁྲི་བྱང་ལ་བཅོལ། ཡིན་ནའང། མཐའ་མར་དགེ་ཆོས་བཙོན་ལ་ཚུད་རྗེས་ཁྲི་བྱང་གིས་སྐྱབས་མེད་མགོན་མེད་མཁས་པ་ལྷག་བསམ་དཀར་པོ་གངས་ཏེ་སི་འདྲ་བ་ཁོང་ལ་ཕལ་ཆེར་བསྐོར་བ་གཅིག་ཀྱང་རྒྱབ་ཨེ་ཡོད་ན། འདིའི་བར་འདི་ནས་དགེ་ཆོས་ཀྱི་རྣམ་དཔྱོད་འཕྲོ་བརླག་ལ་ཕྱིན་པ་དང་མཉམ། བོད་ཀྱི་སྲོག་ཤིང་འཛིན་པའི་བརྩམས་ཆོས་ལོ་རྒྱུས་ཀྱི་ཟིན་བྲིས་དེ་དག་བོར་བརླག་ཕྱིན་པ་རེད། ཁྲི་བྱང་གིས་གསུངས་ན་དགེ་ཆོས་ཉིན་ཞིག་གློ་བུར་དུ་སླེབས་ནས་ཁོང་ལ་བཅོལ་བཞག་པའི་བརྩམས་ཆོས་རྣམས་ཁྱེར་སོང། དེ་ནས་ཉིན་ཁ་ཤས་རྗེས་བཙོན་ལ་བཅུག་འདུག་ཟེར་གྱི་ཡོད་པ་རེད། ཡིན་ནའང། འདིའི་སྐོར་ལ་ཞིབ་འཇུག་ཅིག་བྱས་ན། དགེ་ཆོས་གསོད་རྒྱུ་དང། བརྩམས་ཆོས་འཕྲོག་སོང་པའི་ནང་དབུས་གཙང་གི་ཀ་ཤོད་པས་གཏེ་བོ་བྱས་པའི་སྐུ་དྲག་སེར་སྐྱ་སུ་དང་སུ་ཚུད་མིན་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་ལྟར་བསམ་བློ་ཞིག་གཏོང་དུས་དངོས་གནས་རང་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོ་སྟག་གཟིག་དོམ་དྲེད་ཀྱི་འདྲེ་ཚོགས་ཤ་གཟན་གྱི་ཁྲོད་ནས་འཚར་ལོངས་བྱུང་ཤིང་སྐུ་ན་རྒྱས་ཏེ་བོད་མི་རིགས་བསྐྱབས་ཚུལ་ནི་བློ་ཡིད་ལས་འདས་པ་ཞིག་མ་རེད་དམ།
རྣམ་རྟོག་གིས་བཞགས་པའི་ལྷ་འདྲེའི་ལམ་ལུགས་འདི་བོད་དུ་ཇི་ཙམ་དར་སྲོལ་ཆེ་བ་དེ་ཙམ་གྱིས་ཆོས་ལུགས་རྨོངས་དད་ཀྱི་རྗེས་འཇུག་པ་ལས་འོས་མེད། གལ་སྲིད་ཁྱེད་ལ་བཤད་རྒྱུ་དང་གཏམ་རྒྱུ་ཅི་ཞིག་ཡོད་ཀྱང་གཟུགས་ཅན་མི་དང་མིའི་བར་ན་བཟང་ངན་བདེ་སྡུག་གིས་གླེང་ན་ཆོག། གལ་སྲིད་གཟུགས་མེད་ལྷ་འདྲེར་རང་གི་རྣམ་རྟོག་གིས་སྟོད་སྟོད་དང་སྨོད་སྨོད་ཅི་ཙམ་བྱེད་ཀྱང་དེ་ནི་དོན་དངོས་སུ་རང་ཉིད་ཀྱིས་མ་མཐོང་པའམ་མི་ཤེས་པ་ཞིག་ལ་རྨོངས་གཏམ་ཙམ་རེད། བོད་ཀྱི་ནང་ཆོས་འདི་བླ་མའི་ཆོས་ལུགས་ཟེར་བ་ཞིག་ལ་ངེས་འཛིན་བྱེད་སྟངས་ཡང་དེས་རེད། ལོ་ངོ་བརྒྱ་ཕྲག་གི་རིང་ལ་བོད་པའི་ཆོས་ལུགས་ཕན་ཚུལ་དབར་འགལ་རྐྱེན་རྫོགས་རྒྱུ་མེད་པ་དེ་ཡང་དེས་རེད། མི་ལོ་སྟོངས་ཕྲག་གི་རིང་དུ་ནང་ཆོས་ལ་འབོད་འབོད་དང་སྒྲུབས་སྒྲུབ་ཇི་ཙམ་བྱེད་ཀྱང་རང་རྒྱུད་ཀྱི་ཉེན་མོང་པས་གཞན་དབང་དུ་གྱུར་་ནས་ངེད་ཚང་ལ་ཁ་ཐབས་འདི་ལས་མ་བྱུང་བ་ཡང་དེས་རེད། དེས་ན་གང་ཅན་པ་ལ་བློ་སེམས་དཀར་བའི་མི་བུ་ཞིག་དང་གདོང་དམར་བོད་ཀྱི་བདེ་སྡུག་བཅས་ལ་བློ་ཁ་ནང་དུ་ཕྱོགས་མཁན་ཞིག་ཡིན་ན་གཟུགས་མེད་ལྷ་འདྲེའི་སྐོར་གྱི་བྱ་ངན་སྤྱོད་ངན་འདི་དག་གླེང་མཚམས་འཇོག་དགོས། ང་ནི་ལྷ་འདྲེ་སྟོད་པར་མི་དད་ལ་དེར་སྨོད་པ་ཡང་མི་སྤྲོ། དེ་དག་ནི་རང་རང་གིས་རྣམ་རྟོག་གིས་སྐྲུན་པའི་རྟོག་བཏགས་ཙམ་རེད། ཁ་བའི་བུ་ཕྲུག་ཚོ། ལྷ་འདྲེའི་རྨོངས་གཉིད་ལས་སེད་དགོས་ཨ།
རོང་བཙན་ལགས་ལ་ལྷག་བསམ་ནི་ཡོད་ཐག་ཆོད་རེད། དེའི་ཁར་བསམ་གཞིགས་གཟབ་ནན་མ་བྱས་པའི་སྐྱོན་དང། མཐོང་རྒྱ་ཆུང་བའི་རྟགས་ཤིག་འདུག ལྷ་འདྲེ་ཟེར་བ་འདི་རྟོགས་བཏགས་མ་རེད། འདི་རིག་པའི་ཁྱབ་ཁོངས་སུ་འདུས། ཡང་ན་བོད་རིག་པ་ཡིན། ད་དུང་མིའི་རིག་པ་ཞེས་ཀྱང་འགྲིག་པ་འདྲ། སོང་ཙང། རྟོག་བཏགས་ཟེར་པ་འདི་ཆོས་པའི་ངོས་ཐད་ནས་གོ་བ་གཅིག་དང། ཁྱེད་འདྲ་བ་གསར་བརྗེ་བ་ཚོའི་ངོས་ཐད་ནས་ཀྱང་གོ་བ་གཅིག་ཡོད་པ་རེད། རྟོག་པས་བཏགས་པ་རེད། བློས་བཏགས་པ་རེད། རིག་པས་བཏགས་པ་རེད་ཅེས་དུས་དོན་གཅིག་རེད། བློས་བཏགས་པ་དེ་དཔྱད་པའི་སྔོན་སོང་གི་རྒྱུ་ཞིག་ཡོད་ཡོད་པ་རེད། རྒྱུ་དེ་ཤེས་རྩལ་ནུས་གསུམ་རྫོགས་པ་ཞིག་ཡོད་མེད་གཉིས་ཀ་ཡིན་སྟབས། མཐའ་གཅིག་ཏུ་ལྷ་འདྲེ་རྟོགས་བཏགས་ཡིན། དོར་བྱ་ཡིན་ལབ། ཐ་སྙད་རང་ཐད་ནས་ཀྱང་རིགས་པའི་ཕོངས་བསྡད་པ་དེ་གསལ་བོ་རེད། དེའི་ཆ་ནས་ག་ལེར་བསམ་བློ་ཐོངས་དང་ཅིག་གོ་ཡོང་གི་རེད།།
རྒྱུ་དེར་་་་ལབ་དགོས་ས་རེད།
ལབ་ན་་ཟེར་དགོས་ས་རེད།
འཕྲིན་ལེན་ལགས། རྟོག་པས་བཏགས་པ་དང་། བློས་བཏགས་པ་བཅས་ལ་ཁྱབ་བྱ་དང་ཁྱབ་བྱེད་ཀྱིས་ཁྱད་པ་ཤིན་ཏུ་ཆེ། དེ་གཉིས་ཁྱབ་མཉམ་དང་དོན་གཅིག་ཏུ་འདོད་པས་ཉིད་ཀྱི་མཐོང་རྒྱ་དེར་བློ་མི་བབ། རེད། ལྷ་འདྲེ་དག་ལ་ང་ལྟ་བུའི་འཇིག་རྟེན་པ་དང་ཁྱེད་ལྟ་བུ་ཆོས་ལུགས་པ་དག་གིས་ལྟ་ཚུལ་འཛིན་ཚུལ་འདྲ་ནི་མ་རེད། འོན་ཀྱང་། དེ་དག་གི་རང་བཞིན་ནམ་ངོ་བོ་ནི་རང་གི་རྟོག་པའི་སྣང་ངོ་རུ་འཆར་བའི་སྣང་བ་ཞིག་ལས་གཞི་རྩ་གང་ཡང་མེད། སྣང་བ་དེ་ཐད་ཕྱོགས་དང་མི་ཐད་ཕྱོགས་ཀྱི་ལྟ་ཚུལ་དང་འཛིན་ཚུལ། དེ་བཞིན་བདེན་ཕྱོགས་དང་མི་བདེན་ཕྱོགས་བཅས་སུ་ཡང་སྣང་བཏགས་ཙམ་རེད། ལྷ་འདྲེ་རུ་འགྱུར་རྒྱུ་དང་འདྲེ་ལྷ་རུ་སྒྱུར་རྒྱུའི་ཆོས་ལུགས་ཀྱི་རྣམ་བཞག་དེ་ཡང་དེས་བྱུང་བ་རེད། རྟོག་པའི་རང་གི་སྣང་ངོ་རུ་ཡོད་པ་དེ་བདེན་ངོ་རུ་འཛིན་དང་མི་འཛིན་གྱི་ཁྱད་པར་ཙམ་རེད། གཟུགས་ཅན་མིའི་བདེ་སྡུག་ལ་དཔྱད་རྒྱུ་མེད་པར་གཟུགས་མེད་ལྷ་འདྲེའི་བཟང་ངན་སྐོར་དཔྱད་པ་ནི་དོན་དངོས་དང་འཚམ་པའི་རིག་པའི་གཞུང་ལུགས་ཀྱི་དཔྱོད་ཚུལ་ཞིག་མ་རེད།
ཧཧཧཧ ད་འོ་ན་ཁྱབ་བྱ་ཁྱབ་བྱེད་མ་འདྲ་བ་དེ་ཚོ་ཅིག་གསུང་དང། དེ་ནས་ག་ལེ་ཡིན།
དྲ་གྲོགས་འཕྲིན་ལས་ལགས། དེ་ཡིན་དང་ཡིན། རྟོག་པ་དང་རྟོག་མེད་གཉིས་ཆ་བློས་ཁྱབ་པ་རེད།
གཉིས་ཆར་ཞེས་བཅོས།
ཧཧཧཧཧ
ད་མི་སྐྱོན་གི ཆོས་པ་ངོ་མ་དེ་ཁྱེད་ཡིན་ས་རེད། ཆོས་སྦྱང་འདུག ཧཧཧཧཧ
ཁྱེད་ཀྱི་སྐད་ཆ་དེའི་མདོ་རྩ་རྟོག་པས་བཏགས་ཙམ། ཡུལ་རང་ངོས་ན་ཅི་ཡང་མེད་ཅན་པོ་དེའི་བཤད་སྟངས་རེད། ང་ཚོ་ཐ་སྙད་རིག་པ་བ་ལབ་ན་འདྲ། མིའི་རིག་པ་བ་དག་གིས་དེ་ལྟར་མི་བཤད། དེའི་ཆ་ནས་ལྷ་འདྲེ་ཟེར་བ་དེའང་བཏགས་པ་ཙམ་དང་བློས་ཕར་བཟོས་པ་ཙམ་མིན། དེ་ཡང་བོད་པ་ཚོའི་ངོར་བོད་རིག་པ་ལས་གཟུགས་འདས་རིག་གནས་ཟེར་བ་དེའི་གྲས་སུ་གཏོགས།
ང་ནི་རོང་བཙན་ལགས་ཀྱི་བསམ་ཚུལ་ལ་དགའ་ ང་ཡང་དེའི་སྐོར་གོ་འདོད་མིན་འདུག་ལ་བཤད་་འདོད་ཡང་མེད
འོན་ཀྱང་ང་གང་དུ་ཕྱིན་ཀྱང་དེའི་སྐོར་ཐོས་ཀྱི་འདུག་པས་བློ་ཕམ་དང ད་དེའི་སྐོར་མ་གླིང་རོགས་བྱས་ན་བསམ་ཀྱི་འདུག་
ང་ཚོ་ནང་པ་ཡིན་ན་ཡིན་ཅིག་མིན་ཅིག་སྲུང་མ་ཞིག་རྟེན་དགོས་སམ་ ?????? དེ་རྟེན་ནས་ད་བར་ང་ཚོར་ག་རེ་སྲུང་ཐུབ་ཡོད་དམ་?????? ངས་བཤད་པའི་སྲུང་མ་ནི་སྲུང་མ་ཡིན་ཟེར་མཁན་ཚང་མར་ཟེར་གྱི་ཡོད་ ནང་པ་སངས་རྒྱས་པའི་ལུང་པ་དང་
མི་རིགས་གཞན་ལ་སྲུང་མ་ཡོད་དམ་ སངས་རྒྱས་ཞལ་ཞུགས་པའི་སྐབས་ལ་སྲུང་མ་ཡོད་དམ་????????????????
ངའི་འདྲི་བར་ལན་ཞིག་བྱུང་ན་དགའ་སུ་ཡོད་ དེ་ཡང་ང་རངགིས་ཤེས་པའི་ཆེད་དུ་ཡིན་
སྐྱབས་རྗེ་ཕ་བོང་ཁ་ལ་གསོལ་བ་འདེབས། །
དོལ་རྒྱལ་སྲོག་གཏད་བསྟེན་རྒྱུན་ཆད་པར་ཤོག །
སྐྱབས་རྗེ་ཁྲི་བྱང་མཆོག་གིས་བྱིན་གྱིས་རློབས། །
ཤུགས་ལྡན་བསྟེན་སྲོལ་རྩ་མེད་གྱུར་བར་ཤོག །
འཕྲིན་ལས་ལགས། ངས་བཤད་པར་ད་དུང་ཁྱེད་ཀྱིས་ནོར་སོང་། ཤེས་བྱ་ཡིན་ན་རྟོག་པས་བཏགས་པ་ཙམ་ཡིན་པའི་ཁྱབ། དེའི་དོན་ནི། ཡུལ་རང་གི་མཐུན་མོང་མ་ཡིན་པའི་རང་ངོས་སམ་སྡོས་ལུགས་ཀྱིས་་མ་གྲུབ་པས་རེད། དེ་གནས་ཚུལ་གཞན་ཞིག་རེད། དེ་བཞིན་གཟུགས་འདས་རིག་པ་ཟེར་བ་ཞིག་ཡོད་པར་ངེས་ལེན་ཡོད། འོན་ཀྱང་།
ལྷ་འདྲེ་ཞེས་པ་དག་ནི་གཟུགས་འདས་རིག་པས་སྤྱོད་ཡུལ་དུ་མི་འདོད། དེ་དག་ནི་རྣམ་རྟོག་གིས་བཞག་པས་རྟོག་བཏགས་ཞིག་ལས་མ་འདས་ཞེས་གོང་དུ་ཞུས་ཟིན།
ཁྲི་བྱང་འདི་རྒྱལ་བ་རིན་པོ་ཆེའི་མི་ཚེའི་ནང་གི་མི་སྣ་གནད་ཡོད་དེ་འདྲ་ཧ་ལས་པ་གང་ཡང་མ་རེད། ལྷག་པར་ཡང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆུང་ཆུང་རེད། ཡིན་ན་ཡང་། ཁྲི་བྱང་ལ་ཡོངས་འཛིན་ཟེར་ནས་མཆོད་མཆོད་བསྟོད་བསྟོད་བྱེད་སྲོལ་དེ་དོལ་ཚོགས་ཀྱི་གཡོ་ཛུས་ཤུགས་རྐྱེན་ཞིག་ཞིག་རེད།
རོང་བཙན་འུ་གཉིས་ཀྱི་རྩོད་དོན་ལ་ད་ཕུ་འདེད་ཀྱི་མེད་པ་འདྲ། ང་དང་མཉམ་དུ་བགྲོ་གླེང་བྱེད་འདོད་ན། གོང་ན་སྤོབས་པ་མཐའ་ཡས་ཀྱིས་བཤད་ཡོད་པ་གན་འདྲ་གསུང་ཐུབ་ན་གང་འཚམས་ཤིག་ནས་ངེད་གཉིས་ལ་བྲོ་བ་ཞིག་ཐོན་གྱི་ཡོད་པ་རེད། དེ་མིན་འདི་ཙམ་ནས་མཚམས་བཞག་ན་མ་རེད་དམ། བདེ་མོ།
སྤོབས་པ་ལགས། ནམ་རྒྱུན་སྤོབས་པ་མཐའ་ཡས་ཟེར་བའི་ཤེས་ཡོན་ཅན། རྨོངས་དད་མེད་མཁན། རྒྱལ་ཞེན་ཅན། སྐད་ཆ་བཤད་་ཐུབ་པའི་སྤོབས་པ་མཐོ་པོ་ཡོད་མཁན་གྱི་མི་ཞིག་ཡོད། ངའི་སེམས་ལ་རིན་ཐང་ཅན་གྱི་མི་ཞིག་ཡིན།
ཤུགས་ལྡན་སྐོར་སྐད་ཆ་བཤད་དུས་ཁྱོད་ཀྱི་ཤེས་ཡོན། ཁྱོད་ཀྱི་རྨོངས་དད། ཁྱོད་ཀྱི་མི་རིགས་ཀྱི་ལ་རྒྱ་བཅས་ཕྱོགས་གཞན་ཞིག་རེད་འདུག ཁྱོད་ཀྱིས་་་་January 20th, 2014 at 2:58 AM
དོལ་རྒྱལ་ཚོགས་པ་ཁུ་སིམ་མེར་འཇོག་རྒྱུ་ཡིན་ན་རྒྱ་་དམར་ཡང་ཁུ་སིམ་མེར་བཞག་ན་ཅིའི་མི་ཆོག དོལ་ཚོགས་ཀྱི་སྣེ་ཁྲིད་མཁན་བོད་མི་ཡིན་པས་ཁུ་སིམ་མེར་བཞག་དགོས་དོན་མི་འདུག གཏམ་དཔེ་ལ། མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད། གཉེན་ཉེ་བས་བསད་ན་དགའ་རྒྱུ་མེད།།ཟེར་བ་དེ་རེད།
སྐད་ཆ་འདིར་མཐོང་དུས་ངས་ཁྱོད་ལ་ངོས་འཛིན་བྱས་སྟངས་ནོར་འདུག་བསམ་པ་དྲན་བྱུང་། ཁྱོད་རང་འཇོན་པོ་དེ་འདྲ་ཡིན་ན་དོལ་ཚོགས་ཀྱི་མི་སྣ་རྣམས་གསོད་མཁན་རྒྱུགས། ག་པ་ཡོད་མེད་ནི་ཁྱོད་ཀྱིས་ཤེས་ཚོད་རེད། མི་རིགས་ཀྱི་ལ་རྒྱ་ལྷ་འདྲེའི་དཀྲུགས་ཤིང་ཐོག་ཏུ་ཁྱིའི་གཡོགས་གཡོགས་བྱོས། གྲངས་ཉུང་བོན་པོ་དང་ཤུགས་ལྡན་ཚོགས་པ་གཉིས་ཀྱི་ཐོག་ཏུ་ཁྱོད་ཡང་མི་སྡུག་སྐྱ་ཞིག་རེད་འདུག ངོ་མ་ཡིན།
དམ་པ་གཉེན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱིས།
ཉམས་པའི་མི་རིགས་མགོ་བོ་འདེབས་པ་ལ།
མེད་དུ་མི་རུང་ནང་གི་མཐུན་སྒྲིལ་ཡིན།
མཐའ་འཁོབ་གླེན་པ་རང་མཐོང་ཅན་ཚོས་ཀྱང་།
རང་རྡུང་དབྱུག་པ་བསྐྱུར་ན་མི་ལེགས་སམ།
རྒྱུན་རིང་བོད་ཀྱི་དབུ་འཕང་ཆུ་བཞིན་དུ།
ཐུར་དུ་གཞོལ་བ་ཡིད་ལ་མ་འཁོར་བར།
ནང་དུ་བདག་རྒྱལ་གཞན་ཕམ་ཁོ་ན་ལས།
བསྒྲུབས་པའི་འབྲས་བུ་ད་དུང་མ་མཐོང་ངམ།།
མི་ལོ་སྟོང་ལ་ཉེ་བའི་དུས་ཡུན་དང་།
ང་བཟང་ཁོ་ངན་ང་བདེན་གཞན་རྫུན་གྱི།
ནང་གི་འཐབ་རྩོད་གཞན་གྱིས་བེད་སྤྱོད་དེ།
མགོ་བོ་གདུགས་ལྟར་བསྐོར་བ་མི་དྲན་ནམ།།།་་་་་་་ཞེས་གསུངས་འདུག
འཇིག་མེད་ལགས། ནང་པ་སངས་རྒྱས་པ་ཡིན་ན་སྲུང་མ་ཞིག་ཡིན་ཅིག་རྟེན་དགོས་ཀྱི་མ་རེད། ནང་པས་ཡིན་ཅིག་རྟེན་དགོས་རྒྱུ་མ་ནི་སྐྱབས་འགྲོ་རེད། སྐྱབས་འགྲོ་རང་རྒྱུད་ལ་རྣམ་དག་ཞིག་ཡོད་ན་དེ་གས་འགྲིག་པ་རེད། ཕྱིར་སྲུང་དང་ནང་སྲུང་ཐ་དག་དེས་བྱེད་ཀྱི་རེད། མ་གཞི་ནི་ལྷ་སྲུང་གཞི་བདག་སོགས་ལ་སྟོད་སྟོད་མཆོད་མཆོད་དང་སྡིག་སྡིག་སྨོད་སྨོད་གནང་སྡོད་མཁན་ཕལ་ཆེ་བའི་འདི་དག་གི་རྒྱུད་ལ་སྐྱབས་འགྲོ་རྣམ་མ་ཞིག་མེད་པས་རང་རྟགས་རྟེན་པ་རེད། རང་རྒྱུད་ལ་སྐྱབས་འགྲོ་རྣམ་དག་ཞིག་ཡོད་ན་ཕྱི་ནང་གི་འགལ་རྐྱེན་གང་གིས་མི་ཚུབ་ཞེས་སངས་རྒྱས་རང་གིས་གསུངས་པ་རེད།
འཕྲིན་ལས་ལགས། སྤོབ་ས་པ་མཐའ་ཡས་ལགས་ཀྱིས་གོང་དུ་བཤད་པ་དེ་དག་ནི་ངས་སྐབས་འདིའི་དགག་ཕྱོགས་ཀྱི་ཆ་ཤོས་ཨ་ན་མ་ན་ཅིག་རེད། ངས་དེ་ཚོར་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པའི་བརྗོད་ཚུལ་ཞིག་ལས་བདེན་པ་སྣ་གཅིག་ཡོད་པར་ལྟ་བཞིན་མེད།
མི་ལོ་སྟོང་ལ་ཉེ་བའི་དུས་ཡུན་ནང་།
ཆོས་ལུགས་ཆོས་རྒྱུད་རྒྱལ་ཕམ་རྩོད་རྩོད་ཀྱིས།
ཤཀྱའི་རྒྱལ་པོའི་ཞི་བའི་ཆོས་ལུགས་ལ།
དྲག་པོའི་དགེ་སློང་མི་གསོད་ལུང་པ་ཁེངས།
མི་ལོ་བཅུ་ཕྲག་རིང་གི་དུས་ཡུན་ནང་།
ལྷ་འདྲེ་བརྟེན་ཕྱོགས་འཐབ་རྩོད་བྱས་བྱས་ཀྱིས།
བཙན་པོ་གདོང་དམར་བོད་ཀྱི་མི་རིགས་ལ།
དམ་ཉམས་བླ་སློབ་ཕུང་རྒན་ལུང་པ་ཁེངས།
རང་རྟགས་སྟོན་ལ་བཅོས།
ངས་ལྷ་འདྲེ་ཚང་མ་ནུས་མེད་རེད་འདོད། བྱས་ཙང་རྩོད་པ་ཚང་མ་ཆོ་མེད་རེད། དཔེར་ན། ཅི་སྟེ་ཤུགས་ལྡན་གྱིས་དམག་དྲངས་ཏེ་རྒྱ་དམག་བོད་ནས་མཐར་བསྐྲད་ན་྄ཁྱོད་ཚོས་ད་དུང་ཤུགས་ལྡན་ལ་ངོ་རྒོལ་བྱེད་ཕོད་དམ། དེ་ལྟར་བོད་གཞུང་གི་མགོ་གཙོ་ཚོས་ཇི་ལྟར་ལན་འདེབས་བྱེད་དམ།
སྤོབས་པ་ལགས། གོང་ས་མཆོག་གི་གསང་སྡེ་འཇིགས་གསུམ་དང་ལམ་རིམ། དེ་བཞིན་དགེ་ལྡན་པའི་ཕ་ཆོས་དུ་གྲགས་པའི་བཀའ་གདམས་ཐིག་ལེ་༡༦སོགས་ཁྲི་བྱང་གི་དྲུང་ནས་རེད་འདུག གླིང་རིན་པོ་ཆེའི་དྲུང་ནས་འཇིགས་བྱེད་མ་གཏོགས་གཞན་གསན་མེད་ཚོད། གསུང་ཆོས་མང་ཆེ་བ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་ཞུས་འདུག སྐྱབས་མགོན་རིན་པོ་ཆེའི་གསན་ཡིག་ལ་གཟིགས། ཁྱེད་རང་བདེན་པ་དང་དངོས་ཡོད་ལ་ཅི་ནས་ལྟོས་མ་དགོས་པར་སྤོབས་པ་མཐའ་ཡས་པ་ཞིག་སྐྱེས་པའི་མཁས་དབང་ཁྱད་དུ་འཕགས་པ་ཞིག་རེད་འདུག ལན་ཁྱེར་ཤོག ངས་དཔང་རྟགས་སྤྲད་ཆོག
དོལ་རྒྱལ་ཚོགས་པས་མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ཏཱ་ལའི་བླ་མའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ལ་འགོག་རྐྱེན་བྱས་པ་མ་ཟད། ཁོང་གི་ཆེ་མཐོང་ལ་གནོད་སྐྱོན་གཏོང་གི་འདུག གནད་དོན་འདི་འདྲའི་སྐབས་སུ་ང་ཚོས་རྒྱལ་བ་རིན་པོ་ཆེའི་ཆེ་མཐོང་དང་། ཁོང་གི་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབབྱེད་དགོས་པ་གལ་ཆེན་རེད།
སྤོབས་པ་འདིར། དྭངས་འཐིབ་ཆེ་བ་ལ། དེ་རིང་ཡང་ཁོང་གི་གནམ་གཤིས་ཐང་འདུག། སྤྲིན་པ་བྱ་རྟུག་འདྲ་ཟིག་མེད་ཀི། ཧ་ཧ་ཧ།
མཆན་ཐམས་ཅད་ཀློག་པའི་ནང་ནས་དོན་སྙིང་ཆེ་ཤོས་དེ་ལྷ་སྡེ་གནམ་ལོ་ཡག་གི་མཆན་དེ་རེད་འདུག གནད་དོན་འདིའི་ཐད་མགོ་མ་ཚོད་པར་གང་བྱུང་བཤད་ན་རྙོག་དྲ་ཆེན་པོར་འགྱུར་གྱི་རེད། དེ་སྔོན་དགེ་བཤེས་ཤིག་གིས་མགོ་ཚོད་པའི་སྐད་ཆ་བཤད་ནས་ཕན་ལས་གནོད་ཆེ་བར་གྱུར་པ་རེད། དེ་སྔོན་ཨ་རིར་གནས་སྡོད་དོལ་ཚོགས་པས་གནད་དོན་འདི་མཐར་གཏུག་ན་༸རྒྱལ་བ་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེའི་བར་གནས་ཚུལ་ཞིག་རེད་ཅེས་བརྗོད་ཡོད། དེ་རིང་གི་སྐད་ཆ་ཚང་མ་དེའི་ཕྱོགས་སུ་འགྲོ་གི་འདུག དེ་ནས་དོལ་ཚོགས་པ་ཚོས་བཤད་པའི་སྐད་ཆའི་དམིགས་ཡུལ་དེའི་ཐོག་བསླེབ་ཡོང་གི་རེད། དོལ་རྒྱལ་ལ་གུ་ཡངས་བཏང་ནས་ཁྲི་བྱང་དང་རྒྱལ་བའི་རྙོག་དྲ་ཞིག་ཆགས་ཐབས་སུ་དེང་སྐབས་འདྲེ་ཕྱོགས་ནས་ཐབས་ཤེས་བྱེད་ཀྱི་ཡོད་པ་གསལ་པོ་རེད། རྩོམ་འདི་ལས་ཀྱང་ངར་ཞིང་རྩུབ་ལ་ནང་དོན་གནད་ཆེ་བ་ཞིག་དེ་སྔོན་གདོང་ཐོག་རིན་པོ་ཆེས་བྲིས་པ་རེད། རྙིག་དྲ་ཆེན་པོ་ཆགས་རྒྱུའི་སྔ་ལྟས་མཐོང་བས་གཏེར་དུ་སྦས་པ་རེད། དགོངས་པ་ཡག་པོ་བཞེས་དགོས། ར་སྤུའི་འུར་རྡོ་རའི་མགོ་ལ་བརྒྱབ་ཡོང་ངོ་།
དོལ་རྒྱལ་གྱི་གནས་སྟངས་གང་ཡིན་མིན་ཨ་རིར་ཡོད་ རྒྱ་མཚོ་དང་ཨ་དར་དང་བསོད་ནམས་ཟེར་བ་སོགས་དམ་ཉམས་རྒྱུག་ཁྱི་ཁག་ཅིག་ཡོད་པ་ཁོ་ཚོ་ལ་ལྟོས་དང་ཤེས་ཡོང་། ཁོ་ཚོ་ནི་དོལ་རྒྱལ་ཁོག་ཏུ་བརླམས་པའི་འདྲེ་གསོན་པོ་རྐྱང་རེད། ཁོ་ཚོའི་བྱེད་བབ་ང་ཚོས་མཐིལ་ཕྱིན་པར་ཤེས་དགོས། ཁོ་ཚོ་ལྐུགས་པ་ཁྱུ་གཅིག་རེད། རྒྱ་ཡི་རྒྱུག་ཁྱི། བོད་ཀྱི་བླ་བཙོང་། ནང་གི་དགྲ་བོ། དམ་ཉམས་ཀྱི་གཏི་བོ། ཕ་ཁྲི་གཉིས་ཀྱི་རྗེས་འཇུག དཀོན་མཆོག་གི་སྤྱི་དགྲ བླ་མའི་སྒེར་དགྲ གངས་ཅན་པའི་ཞབས་འདྲེན། ལེགས་ཉེས་ཀྱི་དབྱེ་བ་མི་ཤེས། ཏིག་མུག་ཕག་ལྟར་རལ་མཁན་རྐྱང་རེད། ང་ཚོས་ངེས་པར་ཕ་བོང་དང་ཁྲི་བྱང་གཉིས་ཀྱི་གཡོ་ཇུས་ཤེས་དགོས། ཕ་བོང་ནི་ཁ བཤད་དོན་ལ་མི་གནས་མཁན་མི་ཐབ་ཆག་གཅིག་གི་བྱེད་སྟངས་ལའང་མི་དོ་མཁན། ཁྲི་བྱང་བླ་རྒན་ནི་ཆབ་སྲིད་ཆབ་ནག་རེད། ཡིན་མིན་སྔོན་གྱི་ལས་བྱེད་རྙིང་པ་ཚོར་དྲིས་ད་ཤེས་ཡོང་ངོ་། །
དོལ་ཚོགས་ཀྱིས་བཤགས་སྡོམ་མགོ་ས་ལ་བརྡབས་བརྡབས་མ་ཕུལ་བར་དུ་ང་ཚོས་ངེས་པར་ཕ བོང་དང་ཁྲི་བྱང་བླ་རྒན་གཉིས་ལ་བརྩད་གཅོད་མཐིལ་ཕྱིན་པ་བྱེད་དགོས། ཁོ་གཉིས་ལ་ཧ་ལས་རྒྱུ་ཅི་ཡོད། ༸རྒྱལ་རིན་པོ་ཆེའི་མཚན་ལ་བསྟེན་ནས་མིང་རག་པ་རྐྱང་རྐྱང་རེད། བདེན་མིན་ཁྲི་བྱང་བླ་རྒན་གྱི་ལོ་རྒྱུས་ཁོ་རང་གིས་བྲིས་ལ་ལྟོས་དང་། ཁོ་རང་དང་པོར་རང་གི་ལུང་པ་ཆ་ཕྲིན་ལ་འགྲོ་དུས་ཆ ཕྲིན་པས་གསོད་རྒྱུའི་གྲྭ་སྒྲིག་བྱས་ཡོད། ཐེངས་གཉིས་པར་འགྲོ་དུས་རྒྱལ་བའི་ཡོངས་་འཛིན་གྱི་མིང་ཁུར་རྒྱུ་ཡོད་དུས་ཆ་ཕྲིན་པས་ངོས་ལེན་བྱས་པ་རེད་འདུག
ལྷ་སྡེ་ཟེར་བ་དེ་ལྐུགས་པ་ལྐུགས་ནག་རེད་འདུག དོན་དག་གང་ཡང་ཤེས་ཀྱི་མི་འདུག དོན་དག་ངོ་མ་དོལ་འདྲེ་དང་ཁོའི་ལྐུགས་གཡོག་ཚོ་རྒྱ་དམར་དང་ལག་གདངས་སྦྲེལ་ནས་ང་ཚོའི་སྤྱི་ཚོགས་གཏོར་བཤིག་གཏོང་བ་དེ་རེད། དེ་ངོས་ལེན་ཐོབ་དགོས།
ངོ་མ་བཤད་ན་རྒྱལ་བ་རིན་པོ་ཆེ་ལ་ནང་དགྲ་ཞིག་ཡོད་དོལ་འདྲེའི་ཚོགས་པ་འདི་རེད། དཀྲུང་ཨེ་ཐུབ་ལྟ་བཞིན་ཡོད་པ་རེད། དེ་ཚོ་ཚང་མ་དགེ་ལུགས་ནང་འཁོར་རེད། དེས་ན་རྩོམ་འདི་ཚོས་མིང་ནས་ནོར་འདུག ལྟོས་དང་སྐྱབས་རྗེ་་་ཡོངས་འཛིན་སོགས་ཟེར་ཚར་ནས་བཟུང་ཉམ་ཆུང་ཚོས་མགོར་ཆུ་ཚན་བལྡུག་ཚར་བ་རེད། དེས་ན་ཁྱི་སྤྱང་རོ་ལོང་དང་ཕ་བོང་གདོན་གཟུགས་ཚོ་རྩ་ནས་གཅོད་དགོས་པར་འདུག
དཔལ་ལྡན་བླ་མའི་སྐུ་དགྲ། གངས་ཅན་བོད་པའི་སྒེར་དགྲ། །སངས་རྒྱས་བསྟན་པའི་སྤྱི་དགྲ་ཞེས་པ་ཡོད་སྲིད་ན་དོལ་ཚོགས་འདི་ཡིན་ས་རེད། ༧གོང་ས་ལྷ་མིའི་རྣམ་འདྲེན་ལ་ཉེས་མེད་མཚན་སྨད་དང་རྒྱ་ངན་ཚོ་ལས་ཐུ་བ་བཤད་བཞིན་འདུག ཁྱད་གསོད་དང་། དཔལ་ལྡན་དུས་འཁོར་དབང་ཆེན་ལ་ཡང་སྡུག་འཁོར་སོགས་བཤད་ནས་སྐྱེ་འགྲོ་མང་པོ་ལོག་ལམ་དུ་འཁྲིད་བཞིན་འདུག ཡིན་ན་ཡང་དྲང་བདེན་ཞེས་པ་མེད་ལ་ཉེ་བའི་དུས་འདིར་ཝོན་ཡང་ནང་བསྟན་ཡིན་པར་བཤད་ན་དོལ་འདྲེ་ཡང་ཁོ་ཚོ་ལ་ཡང་གྲུབ་མཐའ་ཞིག་ལས་ཁྱད་པར་ཆེན་པོ་མ་མཐོང་ངོ་།
དུས་ངན་སྙིགས་མའི་བོད་ལུགས་ནང་བསྟན་ཨ་ཕྱི་ཆོས་སྒྲོན་མའི་རྒྱུན་གྱི་ཞལ་འདོན་ཐུགས་དམ་དེ་ཚོ་འདིར་འདུག། གཤེན་རབ་ནི་ཅི་ལ་དགྱེས་ཏེ། བཅོམ་ལྡན་འདས་ཀྱང་དབྱིངས་ནས་བཤུམ་བཞིན་བཞུགས་ཡོད་ཚོད་རེད། །
# 39 དྲི་མེད་ལྷག་བསམ།་ལགས་ཀྱིས་མཆན་བཏབ་པ།:
January 18th, 2014 at 9:25 AM
ཁ་ངན་པ་ངའི་ལྕེ་ངན་གྱིས་ཚིག་ངན་བརྗོད་པ་གྲངས་ལས་འདས། བཤད་དགོས་ན་སྐལ་བ་མི་ཆད་ཐག་ཆོད་ཡོད། འོན་ཀྱང་དགེ་རྒན་བཀའ་དྲིན་ཅན་གྱི་གསུང་ཞིག་དྲན་པས་རྐྱེན་བྱས། སྐབས་ཤིག་ལ་འཇིགས་ཤིང་ངོ་ཚ་བཅས་ཚིག་ངན་དོར་ནས་བཀྲ་ཤིས་པའི་ཚིག་བཟང་བརྗོད་པ་ལ་རྗེས་སུ་ཕྱོགས་པས་སྨོད་ཚིག་བརྗེད་སོང་། མི་དགེ་བར་ཞལ་འདེབས་མི་རུང་ཡང་རིག་གཞུང་ཞིག་ཏུ་ངོས་བཟུང་སྟེ་འདི་ལ་ཁ་གསལ་ཅུང་ཟད་ཞུ་ན། འཁྲིགས་གཏམ་དང་དམངས་ཁྲོད་ཁ་སྐད་དུ་ཡོད་པ་ཕྱོགས་སྒྲིགས་མེད་པ་མ་གཏོགས། གཞན་དམོད་ཚིག་ཤིན་ཏུ་མང་པོ་དྲག་པོ་མངོན་སྤྱོད་ཀྱི་གྲས་སུ་བཞུགས་པས་དེར་གཟིགས་ན་ལེགས། ཀུན་ལ་སྤེལ་ན་རུང་མིན་མི་ཤེས་པས་ངས་འདིར་འགོད་མ་ཕོད། དཔེར་ན་ཞལ་གྱི་བེ་བུམ་ཧ་ལ་ནག་པོའི་འགུགས་བསྒྲལ། ཆོས་རྒྱལ་གྱི་བེ་བུམ་དུག་རི་ནག་པོའི་བཞེས་འབོད། མགོན་པོ་ཕྱག་དྲུག་པའི་ལས་མཁན་ཌའཀི་རཱ་ཛའི་དགྲ་བོ་ལ་ལྟས་ངན་གཏོང་ཚུལ། མགོན་པོ་ཚོགས་བདག་གི་བེ་བུམ་གྱི་དགོངས་གསོལ། འགུགས་པ། བླ་རྩྭ་གཅོད་པ། བླ་རྡོ་གཅོག་པ། དགྲ་བླ་རྡུང་བ། ཟོར་བསྒྱུར་་གྱི་དམོད་བཅོལ། གཤིན་རྗེ་དམར་ཆུང་གི་ངན་སྔགས་རྡོ་རྗེའི་ཐོག་ཆེན། མྱུར་མགྱོགས་རླུང་གི་འཁོར་ལོའི་དམོད་བཅོལ། ལས་མཁན་ཟངས་མཆུའི་དམག་འདྲེན། ལས་མཁན་ཁྲག་རལ་ཅན་གྱི་ལས་བཅོལ། ཤ་ཟ་ཁ་མོ་ཆེའི་དལ་འགྱེད། ཤ་ཟ་ཧོར་མོའི་གློ་བུར་ལས་བཅོལ། ཨ་ཙཱ་ར་དམར་པའི་བསྐུལ་བྱང་། ལས་མཁན་མོན་པ་ཁྲག་སྐྱུགས་ཀྱི་ཐན་འགྱེད་སོགས་ས་དགེ་བཀའ་རྙིང་ཀུན་ལ་མཐའ་ཡས་པ་ཡོད། ལྷག་པར་བཀའ་བརྒྱུད་རྙིང་མ་གཉིས་ལ་དམོད་བཅོལ་ཤིན་ཏུ་མང་། གུ་རུ་འབྲུག་སྒྲ་རྒྱལ་མཚན་གྱི་དམོད་བཅོལ་དང་། ཞང་མཐུ་སྟོབས་གྲགས་པའི་དམོད་བཅོལ། ཆགས་མེད་དམོད་བཅོལ། ཀཿཐོག་རིག་འཛིན་ཆེན་པོའི་བཞེས་འབོད་ཉམས་པའི་སྲོག་གཅོད། དཔལ་སྤྲུལ་ཀྱི་དམོད་ངན་དུག་གི་མེ་ཏོག མི་ཕམ་པའི་གཏོར་བསྐུལ་གནམ་ལྕགས་ཐོག་མདའ་དང་། དགོངས་གསོལ་དཔའ་བོའི་འབྲུག་སྒྲ་སོགས་ཤིན་ཏུ་མང་ངོ། འོན་ཀྱང་འདི་འདྲའི་རིགས་བཀའ་གཉན་པས་གཟབ་དགོས་པར་སྣང་། སྔོན་ཆད་རྒྱ་རིགས་སྐད་བསྒྱུར་ཅིག་གིས་གཤིན་རྗེའི་དྲག་སྔགས་ཞིག་རྒྱ་ཡིག་ཏུ་བསྒྱུར་ཚར་བའི་ཉིན་མོ་རླང་འཁོར་གྱིས་བརྡབ་ནས་ཤི། ཡང་ཆོས་ལུགས་ཞིབ་འཇུག་གི་དགེ་རྒན་ཆེན་མོ་ཞིག་གིས་རྒྱལ་པོ་བེ་དཀར་ལ་ཞིབ་འཇུག་བྱས་ནས་སྐྱོན་བརྗོད་ཡིག་གེ་ཕྲན་ལ་ཁ་པར་ལམ་ནས་གླེང་མྱོང་། བེངས་རེ་ཞིག་བཞག་ན་བྱས་ཀྱང་མ་ཉན། ཕྱི་ཉིན་ཁང་པར་མེ་ཤོར་ནས་ཚིག་ཏེ་ཤི། བེ་དཀར་ལ་སྐྱོན་བརྗོད་བྱས་ནས་རྟགས་མཚན་བྱུང་མཁན་མི་གསུམ་ལ་འཔྲད་མྱོང་། ཡང་གཅིག་གིས་ཕུར་བ་འབུམ་ནག་གི་མངོན་སྤྱོད་སྐོར་ཡི་གེར་བསྒྱུར་དབང་ལུང་མེད་པར་བསྒྲུབ་ཏེ་ཚོད་ལྟ་བྱས་པ་སྨྱོས་པ་ད་ལྟ་ཡང་ཡོད། དེང་དུས་འདི་ལྟ་བུ་ལ་ཡིད་ཆེས་མཁན་དཀོན་ཡང་ཕྲན་རང་གིས་བསམ་བཟང་ཡིན་ཁུལ་ལོ༎
་་་་་་ ལས་མཁན་མོན་པ་ཁྲག་སྐྱུགས་ཀྱི་ཐན་འགྱེད་སོགས་ས་དགེ་བཀའ་རྙིང་ཀུན་ལ་མཐའ་ཡས་པ་ཡོད། ལྷག་པར་བཀའ་བརྒྱུད་རྙིང་མ་གཉིས་ལ་དམོད་བཅོལ་ཤིན་ཏུ་མང་། ་་་་་
་་་་་ དགོངས་གསོལ་དཔའ་བོའི་འབྲུག་སྒྲ་སོགས་ཤིན་ཏུ་མང་ངོ། འོན་ཀྱང་འདི་འདྲའི་རིགས་བཀའ་གཉན་པས་གཟབ་དགོས་པར་སྣང་། སྔོན་ཆད་རྒྱ་རིགས་སྐད་བསྒྱུར་ཅིག་གིས་གཤིན་རྗེའི་དྲག་སྔགས་ཞིག་རྒྱ་ཡིག་ཏུ་བསྒྱུར་ཚར་བའི་ཉིན་མོ་རླང་འཁོར་གྱིས་བརྡབ་ནས་ཤི། ་་་་་་་
་་་་་་ དགེ་རྒན་ཆེན་མོ་ཞིག་གིས་རྒྱལ་པོ་བེ་དཀར་ལ་ཞིབ་འཇུག་བྱས་ནས་སྐྱོན་བརྗོད་ཡིག་གེ་ཕྲན་ལ་ཁ་པར་ལམ་ནས་གླེང་མྱོང་། བེངས་རེ་ཞིག་བཞག་ན་བྱས་ཀྱང་མ་ཉན། ཕྱི་ཉིན་ཁང་པར་མེ་ཤོར་ནས་ཚིག་ཏེ་ཤི། ་་་་
་་་་་ ཡང་གཅིག་གིས་ཕུར་བ་འབུམ་ནག་གི་མངོན་སྤྱོད་སྐོར་ཡི་གེར་བསྒྱུར་དབང་ལུང་མེད་པར་བསྒྲུབ་ཏེ་ཚོད་ལྟ་བྱས་པ་སྨྱོས་པ་ད་ལྟ་ཡང་ཡོད། ་་་་་་་
ཚང་མ་བཀླགས་པ་ཡིན། མདོ་དོན་གསུམ་འདུག
དང་པོ། ཆབ་སྲིད་པ་ཞིག་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་ཀྱི་འདུག ཁུག་རྟ་མདོ་སྨད་སྤྱི་འཐུས་ལ་འདེམས་འཐོན་ཡོང་ཆེད། ཕ་བོང་ཁ་དང་ཁྲི་བྱང་ལ་རྡོག་རྡོ་འབུད་ནས་རོགས་པ་ཐོབ་ཐབས་བྱེད་བཞིན་པའོ། ཚིག་གི་མགོ་ལ་སྐྱབས་རྗེ་ཕ་བོང་ཁ་ཟེར། མཇུག་ལ་མཐའ་གཅིག་ཏོ་རྒོལ་དགོས་ཟེར། འགལ་འདུ་མང་པོ་འདུག་དེ་ཆབ་སྲིད་པའི་ཁྱད་ཆོས་རེད།
གཉིས། དོལ་རྒྱལ་མིང་ནས་སྨྲོས་ནས། ཤུགས་ལ་རྒྱལ་བ་རིན་པོ་ཆེར་ཁ་བརྡུང་གཏོང་མཁན་འགའ་ཤས་འདུག རྒྱལ་བ་རིན་པོ་ཆེ་ཁྲི་བྱང་རིན་པོ་ཆེར་དོལ་རྒྱལ་ཕར་ཕུད་པའི་གུས་ཞབས་ཆེན་པོ་ཡོད་པ་དེར་མི་བཟོད་པར་མཐའ་གཅིག་ཏུ་ཁྲི་བྱང་རིན་པོ་ཆེར་ཁ་བརྡུང་བཏང་ནས་རྒྱལ་བ་རིན་པོ་ཆེར་རྨ་འབྱིན་པར་བྱེད། གོང་ས་མཆོག་གིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའམ། རྡོ་རྗེ་འཆང་གསུང་གི་འདུག
གསུམ། སྐབས་འཚོལ་བ་མང་པོ་འདིར་འདུས་ནས་བོད་མིའི་སྤྱི་ཚོགས་ནང་ལ་ནང་དམེ་སྐྲུན་པར་བྱེད། དོལ་རྒྱལ་ནས་ཆོས་ལུགས་ཕན་ཚུན་གྱི་དམེ་སྤར། དེ་ནས་བན་བོན་གཉིས། དེ་ནས་ཆབ་སྲིད་ལྟ་བ་མི་འདྲ་བའི་དབར་ལ་འདྲེན་ནས། མདོར་ན། འདིར་བོད་ཆེན་པོ་འདིའི་སྲོག་ལ་ཕྱོགས་ཀུན་ནས་རྒོལ་བར་བྱེད།
རེ་བ་ལ་ཆབ་སྲིད་པ་ཚོས། གནས་སྐབས་ཀྱི་ཁེ་ཕན་ཆུང་ཆུང་འདིའི་འོག་ལ། ཕུགས་ཀྱི་བོད་ཆེན་པོའི་ཁེ་ཕན་ཆེན་པོ་འདི་ཆུ་ལ་སྐྱུར་བར་མ་མཛད་རོགས་ཅེས་ཞུ་བ་འཐེན་པའོ།
སྔོན་མ་ཡར་སྟོད་ཀྱི་གྲྭ་པ་ཞིག་སྨོན་ལམ་ལོག་ནས་ད་ལྟའི་དོལ་རྒྱལ་དེ་བྱུང་ནས་དགེ་ལུག་པའི་སྟན་དགྲ་དང་ནང་པ་ཡོང་ཞབས་འདྲེན་ཞིག་ཆག་པ་རེད་མ་འོང་པར་ལག་ཏུ་རྒྱ་དར་ཁྱེར་བའི་རྒྱ་ཁུག་དེ་དོལ་རྒྱལ་གསར་པ་ཞིག་ཆག་ནས་སྟན་པའི་འདྲ་བོ་དང་བོད་མི་ས་ཡ་དྲུག་གི་འདྲ་བོ་ཞིག་ཆག་རྒྱུ་ཐེ་ཚོམས་མི་འདུག་གོ
དོལ་རྒྱལ་འབྱུང་གཞི་གཙོ་བོ་ཕ་བོང་ཁ་པ་དངཁྲི་བྱང་གཉིས་རེད་འདུག་ག་། ཁོང་རྣམ་གཉིས་ནས་ལྟ་སྒོམ་སྤྱོད་གསུམ་གང་ཐད་ནས་ནོར་འཕྲུལ་ཤོར་ཡིན་ན་་་་་་་ ལབ་གླིང་རྒྱུན་ཆད་མེད་པ་་་་་་་་ཡོད་དུས་སྟོད་སྨད་ཟུངས་འབྲེལ་ཚིག་སྙན་འདྲ་ཆག་པོ་དེ་འདྲ་མ་ཡིན་པར་ཐག་བཅད་ནས་རྡོག་རྡོག་ཁ་གསལ་གསུང་རྒྱུ་དེ་འདྲ་ཡོད་ན་ཅི་མ་རུང་་་་་་
འོན་པོ་ལ་ཕོག་འདུག ཕོག་ནས་ཤི་འདུག་ག ཨ་ཕྱི་ཆོས་སྒྲོན་དང་དྲི་མེད་ལྷག་བསམ་ཁ་ཁར་ཡིན་པར་མ་ཟད་ཕོ་མོས་ཁྱད་པར་ཡོད་པས་ཤེས་པར་གྱིས།
༸སྐྱབས་རྗེ་ཕ་བོང་ལམ་རིམ་གདམས་ངག་གིས། །
ཤུགས་ལྡན་སྲོག་གཏད་འཁྲིད་རྒྱུན་ཕན་མེད་གྱུར། །
༸ཡོངས་འཛིན་ཁྲི་བྱང་དབང་ལུང་བྱིན་རླབས་ཀྱིས། །
དོལ་རྒྱལ་བསྟེན་སྲོལ་རིམ་བཞིན་འཇའ་ལྟར་ཡལ། །
དོལ་ཚོགས་རྗེས་འབྲངས་དང་བཅས་པ་ང་ཚོས་ངོ་རྒོལ་མཐིལ་ཕྱིན་དང་ཡིད་གཉིས་ཐེ་ཚོམ་བྱ་རགྱུ་གང་ཡང་མེད། ཁོ་ཚོས་བོད་ཀྱི་བླ་བཙོང་ཕོད་པ་དང་༸གོང་ས་སྙིང་གི་ནོར་མཚན་སྨོད་ཞུ་ཕོད་ན་ཁོ་ཚོའི་བླ་ཆུང་ཕ་བོང་དང་ཁྲི་བྱང་གཉིས་ལ་རྩིས་འཇོག་བྱེད་རྒྱུ་གང་ཡང་ལྷག་མེད་པར་བཟོ་ཡོད། ད་ནས་ང་ཚོས་ཕ་བོང་དང་ཁྲི་བྱང་གཉིས་ཀྱི་སྐྱོན་འཚང་རེ་རེ་ནས་འབྲུ་དགོས། ཁྲི་བྱང་བླ་རྒན་གྱི་ཕྱག་མཛོད་དཔལ་ལྡན་ཟེར་བ་ཁོ་མོ་ཡོད་ཚད་ཀྱི་རྐུབ་ལ་ལྕེ་ལྡག་རྒྱག་མཁན་ཞིག་ཡིན་པར་ཀུན་ལ་གྲགས། ཁྲི་བྱང་བླ་རྒན་ནས་མཁས་དབང་དགེ་འདུན་ཆོས་འཕེལ་མགོ་སྐོར་ནས་བེད་སྤྱོད་བཏང་། མཐའ་མར་མེ་དོང་གཡུགས་ཏེ་དགེ་ཆོས་བཙོན་དུ་ཚུད་སྐབས་ཆུ་ཕོར་པ་གང་ཡང་སྤྲད་རབས་མེད། གཞུང་ཞབས་ཆེ་གྲས་ཚང་མར་ལག་རྟགས་བསྐྱལ་ནས་ངོ་ཤེས་བཏང་བས་ལྷ་ས་བ་རྣམས་ཀྱིས་ཡོངས་འཛིན་གླིང་ནི་བླ་མ་རང་རེད། ཁྲི་བྱང་བླ་མ་ཆབ་སྲིད་པ་རེད་ཅེས་ཡོངས་གྲགས་སུ་བཤད་སྲོལ་ཡོད། ད་དུང་མུ་མཐུད་ནས་ཡོད།
ལམ་རིམ་ལག་བཅངས་ཟེར་བ་དེ་ནི་གོ་རྒྱུ་ཚོར་རྒྱུ་མེད་ཅེས་གཏམ་རྙོག་ལུང་པ་གང་བྲིས་འདུག རྗེ་བླ་མའི་བསྟན་པའི་རྒྱན་དུ་འགྱུར་ངེས་ཀྱི་ལེགས་བཤད་སྣེ་གཅིག་མཐོང་རྒྱུ་ཨེ་འདུག བླུན་པོ་གོ་འཁོར་ཡས་ཙམ་ལས་ངས་མ་མཐོང་།
ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། དེ་ཟེར་ཡང་ཟེར་ལ་བདེན་ཡང་བདེན།
རྗེ་བླ་མ་ཉི་མ་འདྲ་བོ་ཡང། དོན་དམ་པས་མགོ་ནག་བོད་མི་ཡིན། དེ་ཤེས་ན་འཁང་ར་མ་མང་གྲོགས།
བཞུར་ཟིན་པའི་ཆུ་རྙོག་འཐུང་དགོས། ཆབ་གཙང་མ་མ་རྙོག་འཐུང་ན་བཟང།
ཐུབ་པ་ཉོན་མངས་དགྲར་གཟིགས་ཀྱིས།
ཉོན་མངས་དང་འབྲེལ་གང་ཟག་མིན།
མི་བཤའི་ལེགས་སྐྱེས་འབུལ་རྣམས་ལ།
༧རྒྱལ་བའི་ཞལ་ནས་ཤ་ཚ་མཆོར།
# 2 ཀློང་ཆུང་་ལགས་ཀྱིས་མཆན་བཏབ་པ་བཞིན་ ད་འདི་ཤིན་དུ་བྱེད་ཁག་པོ་འདུག ཁྲི་བྱང་རིན་པོ་ཆེར་སྐྱོན་བརྗོད་ཤུགས་ཆེ་དྲག་ན་རྒྱལ་བ་རིན་པོ་ཆེ་ཇི་ལྟར་དགོངས་མོན་ཡོང་ངམ་སྙམ། སྐྱབས་མགོན་རིན་པོ་ཆེའི་གསང་དབང་འདུས་པ་དང་བདེ་མཆོག་གི་དབང་ལུང་ཚང་མ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་གསན་པ་རེད་ལ། དེར་རྟེན་ཁོང་རྡོ་རྗེ་སློབ་དཔོན་རེད་ཅེས་ལ་མོས་མཐུནབཞིན་་་རྒྱལ་བ་རིན་པོ་ཆེ་སྐུ་མདུན་ནས་དབང་ལུང་མ་ཞུས་སྔོན་ནས་ཕ་ཁྲི་གཉིས་ནས་བརྒྱུད་པ་ཡིན་ན་ ཞུས་ན་མ་འགྲིགས་ མ་ཞུས་མ་འགྲིགས་རྒྱལ་བ་ཡིད་བཞིན་ནོར་བུ་རེད་།་་་་་ད་ནི་རྫ་མཁན་གྱི་ལག་གིས་འཇུས་ན་ཚ་་་་་ས་ལ་ལྷུང་ན་ཆག་ ད་ག་འདྲ་བྱེད་དགོས་མེད་ལམ་སྟོན་ཁ་གསལ་གནང་མི་ཡོད་ན་ང་དང་ང་འདྲ་བོ་ལ་ཕན་པ་ཧ་ཅང་ཆེ་ ཅེས་་་་་་
དོལ་དམག་འདི་ན་འདུག ལན་ཡོད་ན་དགོས་ས་རེད།
འདི་ཚོར་ལན་འདེབས་རན་རེད། ཉེ་ཆར་རྒྱལ་སྤྱིའི་དགེ་ལྡན་འཛིན་སྐྱོང་ལྷན་ཚོགས་ནས། ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག་ཞེས་པའི་དེབ་ཅིག་རྩོམ་བསྒྲིགས་པར་བསྐྲུན་བྱས་འདུག དེབ་དེའི་ནང་དུ་གཤམ་གསལ་གྱི་སྐད་ཆ་དེ་ཚོར་ལན་བཏབ་ཡོད་དམ། ངས་བལྟས་ན་གྲགས་ཕ་ཁྲི་གསུམ་ནག་པོ་ནག་རྐྱང་བཟོ་བ་ལས། གདོང་ཐུག་ཏུ་ཡོད་པའི་གནད་དོན་དེ་ཚོར་གནད་དུ་ཁེལ་བའི་ལན་རེ་འདེབས་ཐུབ་ན་ཤིན་ཏུ་ལེགས་པར་མཐོང་། http://www.youtube.com/watch?v=FSmzh1-XFTo&desktop_uri=%2Fwatch%3Fv%3DFSmzh1-XFTo&app=desktop