གློག་ཀླད།
ཉན་ཐོས་ཐེག་པའི་སྲོལ་རྒྱུན་མ་ཉམས་པར་སྐྱོངས་བཞིན་པ་གནས་བརྟན་སྡེ་པའི་སྡེ་སྣོད། སིངྒལ་ཡི་ཡུལ་དུ་པཱ་ལཱའི་ཡི་གེའི་ཐོག་གནས་པའི་སངས་རྒྱས་ཀྱི་གསུང་རབ་འདི་ནི། ཧིན་དཱུའི་ཆོས་ལུགས་པའི་ཁྲོད་དུ་གཱི་ཏཱ་སྟེ་ལེགས་ལྡན་ནག་པོའི་གླུ་དར་འཕེལ་བྱུང་བ་བཞིན་ཁྱབ་ཡོད་ཀྱང༌། གཱི་ཏཱ་ནི་གཏམ་གྱི་གཞི་གཅིག་ཁོ་ན་ཡིན་པ་དང༌། སྐབས་དེའི་གདུལ་བྱ་ཡང་སྲིད་སྒྲུབ་རྐྱང་པ་ཡིན་ལ། ལེའུ་ཡང་བཅུ་གཉིས་ཙམ་དང༌། ཤོ་ལོ་ཀ་ཡང་ཉི་ཤུ་ལས་མེད་པའི་ཕྱིར་དང༌།
ཆོས་ཀྱི་ཚིགས་སུ་བཅད་པ་འདིར་ནི། གཏམ་གྱི་གཞི་ཡང་ལེའུ་ཉི་ཤུ་རྩ་དྲུག་དང༌། ཚིགས་བཅད་ཤོ་ལོ་ཀ་བཞི་བརྒྱ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་མ་ཚད། ཡུལ་ཐ་དད་པ་ཉི་ཤུ་རྩ་དྲུག་དང༌། ཡུལ་གཅིག་ཏུ་ཤོ་ལོ་ཀ་མང་ཉུང་སྣ་ཚོགས་པ་གསུང་སོ་ཅོག་གི་གྲངས་འབོར་མང་ཤོས་ནི། རྒྱལ་བྱེད་ཚལ་དུ་གསུང་ཐེངས་མ་འདྲ་བ་བདུན་ཅུ་དོན་གསུམ་ཙམ་དང༌། འོད་མའི་ཚལ་དུ་ཉི་ཤུ་རྩ་བཞི། མཉན་ཡོད་དུ་བཅུ་དྲུག་བཅས་ཡུལ་དུས་སོ་སོར་ཅི་རིགས་པར་གསུངས་པ་དང༌། གང་ཟག་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོར་སྨོས་པ་བརྒྱད་ཅུ་གྱ་བདུན་ཙམ་ལ་གསུངས་པ་འདི་དག་ནི། ཞི་བདེའི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་རབ་ཁྲོད་ནས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཐལ་ཆ་མི་ཆེ་ལ།
གཱི་ཏཱ་ནི་ཚིག་སྦྱོར་ཟུར་བལྟས་ཀྱིས་དབེན་པ་མ་ཟད། བརྗོད་དོན་འཇིག་རྟེན་མི་ཆོས་ཀྱི་བཟང་སྤྱོད་སྟོན་པའི་ཁྲིམས་གཞི་ཙམ་ལའང་དོ་བར་དཀའ་ནའང༌། གསུང་བཟང་འདི་ནི་ཚིག་སྦྱོར་སྙན་ཞིང་གཏན་ཚིག་དཔེ་དོན་ཟུང་འབྲེལ་གྱིས་སྒོ་ནས་གོ་སླ་བའི་སྟེང༌། བརྗོོད་བྱ་འཁོར་འདས་ཀྱི་སྤང་བླང་མཐའ་དག་སྟོན་པའི་སངས་རྒྱས་ཀྱི་བཀའ་འཁྲུལ་མེད་འདི་ལ་རྟེན་ནས་འདས་པ་དང༌། ད་ལྟ་བ་དང༌། མ་འོངས་པ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་འདིར་སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོ་ས་གཞིའི་རྡུལ་དང་མཉམ་པ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་རིན་པོ་ཆེར་འགྲོ་བའི་གྲུ་བོ་ཆེ་ཞིག་དང་མཚུངས་པའི་བྱ་བ་བྱས་ཡོད་པ་ནི། ཚུར་མཐོང་མངོན་སུམ་ཚད་མའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡིན་པར་སྙམ།
རང་རྒྱུད་ཀུན་སློང་ངེས་འབྱུང་གི་རྩིས་སུ་ཟིན་པའི་གདུལ་བྱ་མཆོག་དམན་བར་གསུམ་སུའི་ཀློག་ཀྱང་ཚིགས་རྣམས་བློ་ལ་བཟུང་བདེ་ཞིང༌། དོན་རྣམས་ཡིད་ལ་འཇགས་སླ་བ་བདུད་རྩི་ཆོས་ཀྱི་ཉིང་ཁུ་འདི་དང་མཚུངས་པ་ཞིག་སྔོན་གྱི་དུས་སུ་མ་བསྒྱུར་བ་མ་ཡིན་ནའང༌། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་ནི། ཆོས་ཀྱི་ཚིགས་སུ་བཅད་པ་འདི་ལས་ཀྱང་ཉིས་འགྱུར་གྱི་མང་བར་བརྟེན། རྒྱས་བསྡུས་སམ། ཡང་ན་སྡེ་པ་ཐ་དད་པའི་མན་ངག་གི་དགོངས་དོོན་ཟུར་དུ་ཕྱུང་མ་ཕྱུང་གི་གནད་འགག་ཅིག་ཡོད་པར་སེམས་སོ།།
ཉན་ཐོས་ཐེག་པའི་སྲོལ་རྒྱུན་མ་ཉམས་པར་སྐྱོངས་བཞིན་པ་གནས་བརྟན་སྡེ་པའི་སྡེ་སྣོད། སིངྒལ་ཡི་ཡུལ་དུ་པཱ་ལཱའི་ཡི་གེའི་ཐོག་གནས་པའི་སངས་རྒྱས་ཀྱི་གསུང་རབ་འདི་ནི། ཧིན་དཱུའི་ཆོས་ལུགས་པའི་ཁྲོད་དུ་གཱི་ཏཱ་སྟེ་ལེགས་ལྡན་ནག་པོའི་གླུ་དར་འཕེལ་བྱུང་བ་བཞིན་ཁྱབ་ཡོད་ཀྱང༌། གཱི་ཏཱ་ནི་གཏམ་གྱི་གཞི་གཅིག་ཁོ་ན་ཡིན་པ་དང༌། སྐབས་དེའི་གདུལ་བྱ་ཡང་སྲིད་སྒྲུབ་རྐྱང་པ་ཡིན་ལ། ལེའུ་ཡང་བཅུ་གཉིས་ཙམ་དང༌། ཤོ་ལོ་ཀ་ཡང་ཉི་ཤུ་ལས་མེད་པའི་ཕྱིར་དང༌།
ཆོས་ཀྱི་ཚིགས་སུ་བཅད་པ་འདིར་ནི། གཏམ་གྱི་གཞི་ཡང་ལེའུ་ཉི་ཤུ་རྩ་དྲུག་དང༌། ཚིགས་བཅད་ཤོ་ལོ་ཀ་བཞི་བརྒྱ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་མ་ཚད། ཡུལ་ཐ་དད་པ་ཉི་ཤུ་རྩ་དྲུག་དང༌། ཡུལ་གཅིག་ཏུ་ཤོ་ལོ་ཀ་མང་ཉུང་སྣ་ཚོགས་པ་གསུང་སོ་ཅོག་གི་གྲངས་འབོར་མང་ཤོས་ནི། རྒྱལ་བྱེད་ཚལ་དུ་གསུང་ཐེངས་མ་འདྲ་བ་བདུན་བཅུ་དོན་གསུམ་ཙམ་དང༌། འོད་མའི་ཚལ་དུ་ཉི་ཤུ་རྩ་བཞི། མཉན་ཡོད་དུ་བཅུ་དྲུག་བཅས་ཡུལ་དུས་སོ་སོར་ཅི་རིགས་པར་གསུང་པ་དང༌། གང་ཟག་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོར་སྨོས་པ་བརྒྱད་ཅུ་གྱ་བདུན་ཙམ་ལ་གསུང་པ་འདི་དག་ནི། ཞི་བདེའི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་རབ་ཁྲོད་ནས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཐལ་ཆ་མི་ཆེ་ལ།
གཱི་ཏཱ་ནི་ཚིག་སྦྱོར་ཟུར་ལྟས་ཀྱིས་དབེན་པ་མ་ཟད། བརྗོད་དོན་འཇིག་རྟེན་མི་ཆོས་ཀྱི་བཟང་སྤྱོད་སྟོན་པའི་ཁྲིམས་གཞི་ཙམ་ལའང་དོ་བར་དཀའ་ནའང༌། གསུང་བཟང་འདི་ནི་ཚིག་སྦྱོར་སྙན་ཞིང་གཏན་ཚིག་དཔེ་དོན་ཟུང་འབྲེལ་གྱིས་སྒོ་ནས་གོ་སླ་བའི་སྟེང༌། བརྗོོད་བྱ་འཁོར་འདས་ཀྱི་སྤང་བླང་མཐའ་དག་སྟོན་པའི་སངས་རྒྱས་ཀྱི་བཀའ་འཁྲུལ་མེད་འདི་ལ་རྟེན་ནས་འདས་པ་དང༌། ད་ལྟ་བ་དང༌། མ་འོངས་པ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་འདིར་སྡུག་བསྔལ་གྱིས་མནར་བའི་སྐྱེ་འགྲོ་ས་གཞིའི་རྡུལ་དང་མཉམ་པ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་རིན་པོ་ཆེར་འགྲོ་བའི་གྲུ་བོ་ཆེ་ཞིག་དང་མཚུངས་པའི་བྱ་བ་བྱས་ཡོད་པ་ནི། ཚུར་མཐོང་མངོན་སུམ་ཚད་མའི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡིན་པར་སྙམ།
རང་རྒྱུད་ཀུན་སློང་ངེས་འབྱུང་གི་རྩིས་སུ་ཟིན་པའི་གདུལ་བྱ་མཆོག་དམན་བར་གསུམ་སུའི་ཀློག་ཀྱང་ཚིགས་རྣམས་བློ་ལ་བཟུང་བདེ་ཞིང༌། དོན་རྣམས་ཡིད་ལ་འཇགས་སླ་བ་བདུད་རྩི་ཆོས་ཀྱི་ཉིང་ཁུ་འདི་དང་མཚུངས་པ་ཞིག་སྔོན་གྱི་དུས་སུ་མ་བསྒྱུར་བ་མ་ཡིན་ནའང༌། དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པའི་ཆེད་དུ་བརྗོད་པའི་ཚོམས་ནི། ཆོས་ཀྱི་ཚིགས་སུ་བཅད་པ་འདི་ལས་ཀྱང་ཉིས་འགྱུར་གྱི་མང་བར་བརྟེན། རྒྱས་བསྡུས་སམ། ཡང་ན་སྡེ་པ་ཐ་དད་པའི་མན་ངག་གི་དགོངས་དོོན་ཟུར་དུ་ཕྱུང་མ་ཕྱུང་གི་གནད་འགག་ཅིག་ཡོད་པར་སེམས་སོ།།
ཆོས་ཀྱི་ཚིགས་སུ་བཅད་པའི་ཤློ་ཀ་དང་པོ་དང་། གཉིས་པ་ཟུང་། ཚོམས་སོ་གཅིག་པ་ན། འདི་ལྟར་མཆིས་ཏེ།
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན།
གལ་ཏེ་ཡིད་རབ་གདུག་པ་ཡིས།
སྨྲས་སམ་ཡང་ན་བྱས་ཀྱང་རུང༌།
དེ་ཡིས་དེ་ནི་སྡུག་བསྔལ་འཐོབ།
འཁོར་ལོས་མགོ་བོ་བཅད་པ་བཞིན།། ༢༤ །།
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན།
གལ་ཏེ་ཡིད་རབ་དང་བ་ཡིས།
སྨྲས་སམ་ཡང་ན་བྱས་ཀྱང་རུང༌།
དེ་ཡིས་དེ་ནི་བདེ་བ་འཐོབ།
གྲིབ་མ་རྗེས་སུ་འབྲང་བ་བཞིན།། ༢༥ །།
ལ་སོགས་པ་ལོ་ངོ་བརྒྱ་ཕྲག་ལྷག་གི་གོང་དུ་ཨིན་ཡུལ་པ་ཆོས་ལ་གུས་པ་རོཀ་ཁིལ་མཆོག་གིས། ཚིགས་ཚོམས་གཉིས་ཀྱི་ཚིགས་བཅད་མང་པོ་ལ་གོ་བསྡུར་མཛད་དེ། ཡོངས་རྫོགས་འདྲ་བ་དང་། ཆ་འདྲ་བ་ཡོད་པ་རྣམས་རང་གིས་བསྒྱུར་པའི་ཆེད་ཚོམས་ཨིན་སྐད་ཀྱི་ངོ་སྤྲོད་ན་བཀོད་དོ།
་་་་་་་ ཆོས་ཀྱི་ཚིགས་སུ་བཅད་པ་འདིར་ནི། གཏམ་གྱི་གཞི་ཡང་ལེའུ་ཉི་ཤུ་རྩ་དྲུག་དང༌། ཚིགས་བཅད་ཤོ་ལོ་ཀ་བཞི་བརྒྱ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པ་མ་ཚད།
ཡུལ་ཐ་དད་པ་ཉི་ཤུ་རྩ་དྲུག་དང༌། ཡུལ་གཅིག་ཏུ་ཤོ་ལོ་ཀ་མང་ཉུང་སྣ་ཚོགས་པ་གསུང་སོ་ཅོག་གི་གྲངས་འབོར་མང་ཤོས་ནི། རྒྱལ་བྱེད་ཚལ་དུ་གསུང་ཐེངས་མ་འདྲ་བ་བདུན་ཅུ་དོན་གསུམ་ཙམ་དང༌། འོད་མའི་ཚལ་དུ་ཉི་ཤུ་རྩ་བཞི། མཉན་ཡོད་དུ་བཅུ་དྲུག་བཅས་ཡུལ་དུས་སོ་སོར་ཅི་རིགས་པར་གསུངས་པ་དང༌།
གང་ཟག་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོར་སྨོས་པ་བརྒྱད་ཅུ་གྱ་བདུན་ཙམ་ལ་གསུངས་པ་འདི་དག་ནི། ཞི་བདེའི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་རབ་ཁྲོད་ནས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཐལ་ཆ་མི་ཆེ་ལ། ་་་་་་་་་
རྒན་འཇམ་དཔལ་ལགས་ཀྱིས། བཀོད་གནང་པའི་ཚིགས་བཅད་དག བཙན་བྱོལ་སློབ་གྲྭའི་འཛིན་གྲྭ་ལྔ་པའི་སློབ་དེབ་རྙིང་པའི་ནང་ལ་རི་མོ་དང་བཅས་འཁོད་ཡོད་སྙམ་ལགས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཆོས་ལུགས་གཞན་དུ་རང་རང་གི་
གསུངས་རབ་གཏན་འཁེལ་གཅིག་ཡོད་པ་བཞིན། ནང་པར་ཆོས་ཀྱི་ཚིགས་སུ་
བཅད་པ་འདི་བྱེད་ན་ཆོག་པར་གསུངས་ཞེས་རག་ར་རིན་པོ་ཆའི་གསུངས།
གང་འདྲ་ཡིན་ནམ།
འདི་ཡི་འགྲེལ་པ་གཏམ་རྒྱུད་དང་སྦྱར་བ་ཞིག་མེད་པ་དེ་ཧ་ཅང་ཕངས། དུས་ཚོད་བྱུང་ན་དངོས་གནས་ཚོད་ལྟ་མ་བྱས་ན་བློ་བདེ་མ་སོང་།
འདི་རྩེད་མོ་མིན། སེམས་གཏིང་ནས་བཤད་པའི་སྐད་ཆ་ཡིན།
བྷག་ཝཏི་གཱི་ཏ་ལ་ཤོ་ལོ་ཀ་ཉི་ཤུ་མ་གཏོགས་མེད་པ་ཅང་ཨེ་ཡིན་ན། ངས་དེབ་ཆུང་རྡོག་ཙམ་ཡོད་པ་ཞིག་མཐོང་མྱོང་། ལེའུ་བཅུ་གཉིས་དང་ཤོ་ལོ་ཀ་ཉི་ཤུ་ཟེར་ན་ལེའུ་མང་ཆེ་བར་ཤོ་ལོ་ཀ་རེ་ལས་མི་ཐོབ་པས་ཡིད་ཆེས་དཀའོ།། ཕལ་ཆེར་ཐུགས་མཉམ་པར་མ་བཞག་པའི་གཏམ་ཡིན་ནམ་སྙམ་པས་རྩོམ་བདག་ནས་བསྐྱར་ཞིབ་ཅིག་ཡོད་པ་ཞུ།
རྩོམ་འདི་ཡང་བཟློས་ཀྱིས་ཚར་གཉིས་ཐེངས་གཅིག་ལ་བཀོད་ནོར་བྱས་འདུག
བྷ་ག་ཝད་གི་ཏ་ལ་ཤོ་ལོ་ཀ་བདུན་བརྒྱ་ལྷག་ཅིག་ཡོད་པ་རེད། རྩ་བ་མང་ཉུང་མི་འདྲ་བ་རེ་ཟུང་ཡོད་ན་ཡང་ཤོ་ལོ་ཀ་བདུན་བརྒྱ་ལྷག་ལས་ཉུང་བ་ཞིག་མེད། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་ལེའུ་གཉིས་ཙམ་བསྒྱུར་བ་དེ་ལ་ཡང་ཤོ་ལོ་ཀ་ཉི་ཤུ་ལས་མང་བ་ཡོད།
བོད་ཀྱི་ཆོས་པ་ཚོས། ཚོམས་ལ་དེ་ཙམ་དོ་སྣང་མེད་པ་དེ་ཡང་། ཞན་ཆ་ཅིག་རེད་འདུག་སྙམ་ལགས།
དགེ་ཆོས་ལགས་ཀྱིས།
༡༩༤༤ ལོར་སིངྒ་ལར་བཞུགས་དུས་ཆོས་ཀྱི་ཚིགས་སུ་བཅད་པ་བསྒྱུར་བར་གསུངས་འདུག
དགེ་ཆོས་རབ་བྱེད་ལས།
༡༥ ། ༧ ། ༤༤ ལ། ཆོས་ཀྱི་ཚིགས་སུ་བཅད་པ། ལྷོ་ཕྱོགས་པའི་བསྟན་རྩིས་ཀྱི། སངས་རྒྱས་མྱ་ངན་ལས་འདས་ནས། ༢༤༨༨ རབ་བྱུང་ ༡༦ པའི་ཤིང་སྤྲེལ་ལོ། སིངྒ་ལ་དཔལ་རལ་གྲི་རི་བོའི་དགོན་པར་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ་རྫོགས་སོ།། །།
ཆོས་ལུགས་གཞན་དུ་རང་རང་གི་གསུང་རབ་གཏན་འཁེལ་གཅིག་ཡོད་པ་བཞིན། ཞེས་པ་ལ།
༡༽ ཐེག་པ་ཆེ་ཆུང་ཐུན་མོང་བའི་ནང་པའི་གསུང་རབ་ཅིག་བཞག་ན། ཆོས་ཀྱི་ཚིགས་སུ་བཅད་འདི་ལས་ལྷག་གཞན་ཅིག་རྙེད་རྒྱུ་དཀའ།
༢༽ ཐེག་ཆེན་བྱང་སེམས་ཀྱི་ཁ་འདོན་གསུང་རབ་ཅིག་བཞག་ན། བཟང་སྤྱོད་སྨོན་ལམ། བཞག་ན་འགྲིག
༣༽ ནང་པའི་གསང་སྔགས་ཀྱི་གསུང་རབ་ཅིག་བཞག་ན། འཇམ་དཔལ་མཚན་བརྗོད། བཞག་ན་མི་འོས་པ་ཅང་ཨ་ཡོད་དམ་སྙམ་ལགས།
འདི་དག་ནི་དཔྱད་གཞིར་ཙམ་མོ།།
ཆེད་དུ་བརྗོད་པའི་ཚོམས།
http://www.sherig.org/tb
༄༅། །སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ། །
ལེའུ་དགུ་པ། ལས་ཀྱི་ཚོམས།
༄༅། །ཆོས་གཅིག་ལས་ནི་རབ་འདས་ཤིང༌། །འཇིག་རྟེན་ཕ་རོལ་བཅོམ་པ་ཡི། །ལུས་ཅན་བརྫུན་དུ་སྨྲ་བ་ཡིས། །སྡིག་པ་མི་བྱ་ཅི་ཡང་མེད། །ལྕགས་སྒོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་སླ་ཡི། །ཚུལ་འཆལ་ལེགས་པར་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་མི་རུང༌། །ཁྱོད་ནི་སྡུག་བསྔལ་གྱིས་འཇིགས་ཤིང༌། །ཁྱོད་ལ་སྡུག་བསྔལ་མི་སྡུག་ན། །མངོན་སུམ་དག་གམ་ལྐོག་ཏུའང་རུང༌། །སྡིག་པ་ཅན་གྱིས་ལས་མི་བྱ། །གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་བྱས་ཀྱང༌། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཕ་རོལ་པོ་ལ་བརྟགས་ནས་གང༌། །སྡིག་པ་ཅན་གྱི་ལས་མཐོང་བ། །དེ་དག་བདག་གིས་མི་བྱ་སྟེ། །སྡིག་བྱས་ལས་ནི་རྗེས་སུ་འབྲང༌། །ལས་གང་ཤིན་ཏུ་མི་བཟད་དང༌། །ཟོལ་བྱེད་གཞལ་བླུགས་འཆོས་པ་དང༌། །མི་ལ་འཚེ་བར་བྱེད་པ་དང༌། །གཞན་ལ་བྱེད་དུ་འཇུག་པ་ཡི། །ལས་དེ་མི་ཡི་རྗེས་འབྲང་བས། །དེ་ཡིས་གཡང་སར་ལྟུང་བར་བྱེད། །མི་ཡིས་དགེ་བའམ་སྡིག་པ་ཡི། །ལས་ནི་གང་དང་གང་བྱས་པའི། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །དེ་ལྟ་དེ་ལྟར་འབྲས་བུར་འགྱུར། །དེ་ཡི་ཚོགས་པ་ཇི་སྲིད་པར། །དེ་སྲིད་འདི་ནི་རྡུང་བར་བྱེད། །དེ་ལ་གཞན་དག་རྡུང་བྱེད་དེ། །རྡུང་བྱེད་དེ་ནི་བརྟགས་པར་འགྱུར། །འདི་ནི་བདག་རྗེས་མི་འབྲང་ཞེས། །བྱིས་པས་མ་བརྟགས་བྱས་པ་ཡི། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །གལ་ཏེ་བྱིས་པས་མིེ་ཤེས་པར། །སྡིག་པའི་ལས་ནི་བྱས་པ་དག །ནམ་ཞིག་ན་ནི་དེ་ཉིད་ཀྱིས། །རྣམ་སྨིན་ཚ་བ་སོ་སོར་བསྟེན། །རང་གི་ལས་ཀྱིས་དེའི་འོག་ཏུ། །མེ་ཡིས་བསྲེགས་པ་བཞིན་དུ་གདུངས། །བྱིས་པ་ཤེས་རབ་ཆུང་ངུ་དག །བདག་ལ་དགྲ་བཞིན་བྱེད་པ་ཡིས། །གང་ཞིག་འབྲས་བུ་ཆེར་འགྱུར་བའི། །སྡིག་ཅན་ལས་ནི་སྤྱོད་པར་བྱེད། །གང་དག་བྱས་པས་གདུང་འགྱུར་ཞིང༌། །མཆི་མས་གདོང་གཡོག་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང༌། །དགའ་ཞིང་ཡིད་ནི་བདེ་བ་ཡིས། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །བདག་ཉིད་བདེ་བ་འདོད་པའི་ཕྱིར། །དགོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་པའི་ལས་དེའི་རྣམ་སྨིན་དག །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ངེས་པར་སྡིག་ལས་འཕྲལ་དུ་ནི། །འོ་མ་ལྟ་བུར་འགྱུར་མི་བྱེད། །ཐལ་བས་གཡོགས་པའི་མེ་ལྟ་བུར། །དེས་ནི་བྱིས་པ་སྲེག་པར་བྱེད། །སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང༌། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་མངོན་པར་འགྱུར། །གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་སྟེན་པ་ཡི། །སྡིག་པའི་ལས་ཀྱི་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །ལྕགས་ལས་གཡའ་ནི་ལངས་གྱུར་པ། །ལངས་པ་དེས་ནི་དེ་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ལས་ཀྱི་ཚོམས་ཏེ་དགུ་པའོ།། །།
ལེའུ་བཅུ་པ། དད་པའི་ཚོམས།
དད་དང་ངོ་ཚ་ཚུལ་ཁྲིམས་སྦྱིན་པ་སྟེ། །ཆོས་འདི་རྣམས་ནི་སྐྱེས་བུ་དམ་པས་བསྔགས།། འདི་ཡིས་ལྷ་ཡི་འཇིག་རྟེན་འགྲོ་འགྱུར་ཞིང༌། །ལམ་འདི་ཉིད་ཀྱིས་ལྷ་ཡུལ་འགྲོ་ཞེས་གསུངས།། འཇུངས་རྣམས་ལྷ་ཡི་འཇིག་རྟེན་མི་འགྲོ་ཞིང༌། །དེ་ཡིས་བྱིས་པ་སྦྱིན་པའི་བསྔགས་མི་བརྗོད།། བརྟན་རྣམས་སྦྱིན་ལ་རྗེས་སུ་ཡི་རང་བ། །དེས་ནི་དེ་དག་གཞན་དུ་བདེ་བ་མྱོང༌། །འདི་ན་སྐྱེས་བུའི་ནོར་མཆོག་དད་པ་སྟེ། །འདི་ན་ཆོས་ལ་ལེགས་སྤྱོད་བདེ་བ་འཐོབ། །བདེན་པ་ཁོ་ན་རོ་བྲོ་རྣམས་ཀྱི་ཕུལ། །ཤེས་རབ་ཀྱིས་འཚོ་འཚོ་བའི་མཆོག་ཅེས་གསུངས། །མྱ་ངན་འདས་པ་འགྲོ་བ་ཡི། །དགྲ་བཅོམ་ཆོས་ལ་དད་བསྐྱེད་དེ། །མཁས་པས་གུས་པར་མཉན་ན་ནི། །དེ་དང་དེ་ཡི་ཤེས་རབ་འཐོབ། །བག་ཅན་གྱིས་ནི་རྒྱ་མཚོ་དང༌། །དད་པས་ཆུ་བོ་རྣམས་ལས་སྒྲོལ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང༌། །ཤེས་རབ་ཀྱིས་ནི་ཡང་དག་འགྱུར། །དགེ་སློང་དད་པའི་གྲོགས་ལྡན་ཞིང༌། །ཤེས་རབ་ཀྱིས་ནི་གཏམས་པ་དང༌། །མྱ་ངན་འདས་ལ་མངོན་དགའ་བས། །འཆིང་བ་ཐམས་ཅད་གཅོད་པར་འགྱུར། །གང་གིས་དད་དང་ཚུལ་ཁྲིམས་དང༌། །ཤེས་རབ་ཉིད་ནི་ལེགས་བསྒོམས་ཤིང༌། །མཁས་པ་སྐྱོན་རྣམས་སྤོང་བ་དེའི། །ལེགས་པའི་ངང་ཚུལ་ཅན་ཞེས་བརྗོད། །དད་དང་ཚུལ་ཁྲིམས་ཕུན་སུམ་ཚོགས། །གཏོང་ལྡན་འཇུངས་པ་རྣམ་སྤངས་པ། །དེ་ནི་གང་དང་གར་སོང་བ། །དེ་དང་དེར་ནི་མཆོད་པར་འགྱུར། །མཁས་གང་འཚོ་བའི་འཇིག་རྟེན་ན། །དད་དང་ཤེས་རབ་སྟེན་བྱེད་པ། །དེ་དག་དེ་ཡི་ནོར་མཆོག་སྟེ། །དེ་ཡི་ནོར་གཞན་ཕལ་པར་ཟད། །འཕགས་པ་ལྟ་བར་འདོད་པ་དག །དམ་ཆོས་ཉན་པར་དགའ་བ་དང༌། །སེར་སྣའི་དྲི་མ་རྣམ་སྤངས་པ། །དེ་ནི་དད་པ་ཅན་ཞེས་བྱ། །དད་པའི་ལམ་རྒྱགས་བསྐུར་བར་བྱ། །བསོད་ནམས་ཆོམ་པོས་དབྲོག་མི་ནུས། །ཆོམ་རྐུན་འཕྲོག་པར་བྱེད་པ་བཟློག །དགེ་སྦྱོང་རྣམས་ཀྱིས་བླངས་ནས་དགའ། །མཁས་པ་དགེ་སྦྱོང་འོངས་པ་ལ། །མངོན་པར་དགའ་བར་བྱེད་འགྱུར་ཞིང༌། །སྐྱེ་བོ་རྣམས་ནི་ཅི་རིགས་པར། །དད་པ་ཇི་བཞིན་སྦྱིན་བྱེད་ཅིག །གཞན་གྱི་ཟས་དང་སྐོམ་དེ་ལ། །གང་ཞིག་ཡིད་ནི་མི་བདེ་བ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་འཛིན་ཐོབ་པར་མི་འགྱུར་རོ། །གང་གིས་ཏ་ལའི་མགོ་བཅད་ལྟར། །དེ་འདྲ་ཀུན་ཏུ་གཅོད་བྱེད་པ། །དེས་ནི་ཉིན་དང་མཚན་རྣམས་སུ། །ཏིང་ངེ་འཛིན་དག་ཐོབ་པར་འགྱུར། །ཁྲོན་པ་སྐམ་པོ་ཇི་ལྟ་བར། །དད་པ་མེད་པ་བསྟེན་མི་བྱ། །ཇི་སྟེ་དེ་ལ་ཡོངས་བརྐོས་ཀྱང༌། །འདམ་ཆུ་དྲི་ང་འབྱུང་བར་འགྱུར། །ཆུ་མང་རྣམ་པར་དང་བ་དང༌། །བསིལ་བར་གྱུར་ཅིང་རྙོག་མེད་པའི། །མཚོ་ལ་ཆུ་འདོང་ཇི་ལྟ་བར། །ཤེས་རབ་ཅན་གྱིས་དད་ལྡན་བསྟེན། །ཆགས་སམ་མ་ཆགས་ཀྱང་རུང་སྟེ། །དེ་ཡིས་ཐུབ་སྐུ་མི་ངེས་པས།། མ་དད་པ་དག་སྤང་བར་བྱ། །དད་པ་རྣམས་ནི་ཉེ་བར་བསྟེན། །དད་པའི་ཚོམས་ཏེ་བཅུ་པའོ།། སྡོམ་ལ། མི་རྟག་འདོད་དང་སྲེད་པ་དང༌། །བག་ཡོད་དེ་བཞིན་དགའ་བ་དང༌། །ཚུལ་ཁྲིམས་ལེགས་སྤྱོད་ཚིག་དག་དང༌། །ལས་དང་དད་པ་དེ་དག་བཅུ།། །།
མཆན། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ་འདི་ནི། བཀའ་འགྱུར་སྡེ་དགེ་དཔར་མའི་གླེགས་བམ་མདོ་ས་པའི་ནང་བཞུགས་པ་གཞིར་བཟུང་ཐོག །པེ་ཅིང་ནང་བསྟན་སློབ་གླིང་གི་སློབ་དེབ་གངས་ཅན་རིག་བརྒྱའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་དང༌། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བསྒྲིགས་པའི་༡༩༩༠ལོའི་འཇར་མ་ནིའི་དཔར་མ་གཉིས་བཅས་དཔྱད་བསྡུར་གྱིས་ཚན་བཀོད་ཞུས་ཡོད། རྩོམ་སྒྲིག་པས།
གཉིད་མེད་པ་ལ་མཚན་མོ་རིང། །གྲོགས་མེད་པ་ལ་ལམ་ཐག་རིང། དམ་པའི་ཆོས་ནི་མེད་ཡི། །སྐྱེ་བོ་ཀུན་ལ་འཁོར་བ་རིང། །ང་ལ་ནི་ཆོས་ཀྱི་ཚིགས་སུ་པའི་ཚིགས་འདི་ཕན་ཤོས་ཡིན།
བཀའ་གདམས་གཞུང་དྲུག་གི་ནང་ཚོམས་ཡོད་པས་མ་ཚད་འཆད་ཉན་གྱི་སྒོ་ནས་དར་སོ་ཆེ་བར་བཞུགས་པས། བོད་པས་དོ་སྣང་མ་བྱས་པར་ལྷག་ཡོད་པ་རེད་ཟེར་ན་ཐལ་དྲགས་པ་རེད་སྙམ།