ཅོ་རི་ཉི་མ།
བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ངོས་འཛིན་སྟངས་བཤད་ན་ཉེ་རབས་མཁས་པའི་བཞེད་དགོངས་ལ་ཚིག་མ་འདྲ་བ་ཁ་ཤས་ཡོད།
• དམ་པ་དགེ་ཆོས་མཆོག་གིས། བོད་མི་ལ་གསར་བཏོད་ཀྱི་སྙིང་སྟོབས་མེད་པས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས་པ་དང་གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་རེད་བསམ་པའི་འདུ་ཤེས་ཀྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་ཡོད། དེ་ཡང་ཁོང་གིས། “རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།།གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།།ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་སྒོམ།།ཆོས་ཀྱི་རྒྱལ་ཁམས་ཊི་བྷོ་ཊ་ཡི་སྲོལ།།” ཞེས་བོད་པས་རྙིང་པ་ལྷ་ཡི་སྲོལ་དང་གསར་པ་བདུད་ཀྱི་ཆོ་འཕྲུལ། ངོ་མཚར་བའི་བྱ་བ་ཐན་ལྟས་ཉིད་དུ་བསྒོམས་པའི་སྐྱོན་གྱིས་བོད་ཕུང་ལ་སྦྱར་གྱི་ཡོད་པར་བསྟན་པ་རེད།
• རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་ལགས་ཀྱིས་ཆོས་ལུགས་པས་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་ཀྱིས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད། དེ་ཡང་ཁོང་གིས། “ཁོ་བོས་ནི་ང་ཚོ་རྒུད་པའི་རྩ་བ་དང༌། སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ཤིག་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱིན་ཡོད།” ཅེས་གསུངས་ཡོད།
• སེམས་དཀར་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བག་ཆགས་རྙིང་པས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད། དེ་ཡང་ཁོང་གིས། “འུ་ཚོ་མི་ཡུལ་འདིར་འཚོ་དགོས་ལ་གནས་ཀྱང་དགོས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། འུ་ཚོ་ཡུན་ནས་ཡུན་དུ་འཚོ་གནས་བྱ་ཕྱིར།དགྲ་འདྲེ་འཕུང་སྦྱོར་གྱི་ཡོ་ལང་འཁྲུགས་པའི་བག་ཆགས་རྙིང་པར་མངན་བགྲང་ལ་མཚང་འབྲུ།གཡུལ་བཤམས་ལ་འཐབ་མོ་སྦྲན། འུ་ཚོའི་འཕུང་དགྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད། འུ་ཚོའི་འཕུང་དགྲ་ནི་འུ་ཚོ་རང་ཉིད་ཀྱི་བག་ཆགས་རྙིང་པ་ཡིན།” ཞེས་གསུངས་ཡོད།
དེ་བཞིན་བོད་ཕྱི་ནང་གི་བོད་པའི་གཞོན་སྐྱེས་བསམ་བློ་བ་དང་ཤེས་ཡོན་ཅན་སྤྱི་ཡོངས་ཀྱི་ཆ་ནས་རྨོངས་དད་དང་རྙིང་ཞེན་བག་འཁུམ་གྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་གི་ཡོད། འདི་དག་བཤད་པའི་མི་བུ་དེ་དག་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བསམ་པ་དཀར་བའི་མི་ཤ་སྟག་ཡིན་ལ་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་འདོད་མེད་པའི་འདུ་ཤེས་ཅན་ཤ་སྟག་ཡིན། བོད་མི་རིགས་ཀྱི་ཤེས་ཡོན་ཅན་ཟེར་ནའང་འདྲ། བསམ་བློ་བ་ཟེར་ནའང་འདྲ། གསར་བརྗེ་བ་ཟེར་ནའང་འདྲ། འདི་དག་ལས་ལྷག་པའི་གསར་གཏོད་པ་དང་གསར་བརྗེ་འདོད་མཁན་ད་ལྟའི་ཆར་བོད་ལ་མེད། ཁོང་རྣམས་པའི་ལྟ་གྲུབ་ལ་བོད་མི་ཚོས་ངེས་པར་ཏུ་བརྟག་དཔྱད་བྱ་དགོས། ཤེས་པ་བྱ་དགོས། གོང་གི་མཁས་དབང་དེ་དག་གིས་ཚིག་གི་བརྗོད་པ་མ་འདྲ་བ་ཙམ་ལས་དོན་དག་དངོས་ཀྱི་ཐོག་ཏུ་འབབ་ས་གཅིག་ཡིན།
མཁས་དབང་དེ་དག་གཙོ་བོ་གྱུར་པའི་ང་ཚོ་ཚང་མས་གསར་བརྗེ་དང་གསར་གཏོད་བྱ་འདོད་ཡོད། དཔེར་ན་ཕུན་དབང་གུན་ཁྲན་རིང་ལུགས་ཀྱི་གསར་བརྗེ་བ་ཆགས་མྱོང་པ་དང་། ང་ཚོ་དམངས་གཙོའི་རིང་ལུགས་ཀྱི་གསར་བརྗེ་བ་ཆགས་འདོད་པ་གཉིས་ཀྱི་བར་དུ་བལྟ་བྱ་ཐུན་མོང་བ་ཡང་ཡོད། དེ་ནི་ཕྱོགས་གཉིས་ཀས་གསར་གཏོད་དང་གསར་བརྗེ་བྱ་འདོད་པ་འདི་རེད།
ཡིན་ན་ཡང་། མི་མཐུན་པའི་ཕྱོགས་དེ་ལས་མང་བ་ཡོད། ཕུན་དབང་གཙོ་བོ་གྱུར་པའི་བོད་པའི་གུན་ཁྲན་རིང་ལུགས་ཀྱི་གསར་བརྗེའི་མདུན་མཆོངས་པ་ཚོས་བོད་ལ་རྒྱ་དམག་དྲངས་ནས་མི་གསོད་ཁྲག་སྦྱར་དང་རྡུང་རྡེག་བཙན་གནོན་སོགས་བྱས་ནས་གསར་བརྗེ་བྱས་པ་རེད། བླ་སྤྲུལ་བསད་པ་དང་། དགོན་སྡེ་གཏོར་བ། ས་བདག་དང་ཕྱུག་བདག་སོགས་ཀྱི་མིང་བཏགས་ནས་རྒྱུ་ནོར་འཕྲོག་བཅོམ་བྱས་པ། ཡར་རྒྱས་དང་འཛུགས་བསྐྲུན་བཤད་ནས་གཏེར་ཁ་དང་སྨན་རྩྭ་འཕྲོག་པ་སོགས་མ་རུང་བ་དང་མི་འགྲིག་པའི་གསར་བརྗེ་དང་གསར་བསྐྲུན་བྱས་ཡོད། ཐ་ན་བོད་རྒྱལ་ཁབ་ཀྱི་རང་ས་རྒྱའི་ལག་ཏུ་ཤོར་བཅུག་ཡོད།
དེང་གི་དམངས་གཙོའི་རིང་ལུགས་ཀྱི་བོད་པའི་གསར་བརྗེའི་བསམ་བློ་བ་ཚོའི་ངོས་ནས་གསར་བརྗེ་དང་གསར་གཏོད་བྱེད་འདོད་པ་ཡོད་ཀྱང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་དཔུང་རོགས་བཀུག་ནས་བོད་ལ་དམག་དྲངས་ནས་རྨོངས་དད་ཅན་རྣམས་ཚར་གཅོད་རྩིས་མེད་ལ། རང་ཡུལ་དགྲ་ལག་ཏུ་བཞག་འདོད་དེ་བས་མེད།
ང་ཚོས་བྱ་འདོད་པའི་གསར་བརྗེ་དེ་ནི་བོད་མི་རྣམས་རྨོངས་གཉིད་ལས་སད་བཅུག རྨོངས་དད་སྤངས་བཅུག གོ་རྟོགས་སྤེལ། རྟོགས་པ་སད་བཅུག་ནས་བོད་མི་རྣམས་ལ་རང་དབང་དམངས་གཙོའི་ཉི་མའི་འོད་ལ་ལོངས་སྤྱོད་འཇུག་འདོད་པ་དང་། འཇིག་རྟེན་འཚོ་གནས་ཀྱི་ཐོག་ཏུ་དངོས་ཡོད་ཚན་རིག་དང་མཐུན་པའི་ལས་ཀ་བྱ་འདོད་པ། བོད་རྒྱལ་ཁབ་ཀྱི་ཐོབ་ཐང་བདག་དབང་གི་ཐོག་ཏུ་རང་ཐག་རང་གཅོད་ཀྱིས་ཐོག་ནས་འཐབ་རྩོད་བྱེད་འཇུག་འདོད་པའི་གསར་བརྗེ་རྣམས་ཡིན། གུན་ཁྲན་རིང་ལུགས་པའི་གསར་བརྗེ་མདུན་མཆོངས་པ་ཕུན་དབང་དང་ང་ཚོའི་བར་ལ་གནམ་དང་སའི་ཁྱད་པ་ཡོད།
བཀྲ་ཤིས་བདེ་ལེགས།
བོད་དང་ཤར་ཏུར་ཀི་སི་ཐན་གྱི་མིས་རྒྱ་དམར་གྱི་དབང་བསྒྱུར་འོག་ཏུ་ཤི་གསོན་ཐག་མ་ཆོད་པའི་འཕག་འཚག་རེ་རྒྱག་ཐུབ་པ་འདི་ཆོས་ལུགས་ཀྱི་སྟོབས་དང་དད་པའི་ཤུགས་མིན་ན་ཅི་ཡིན། ཤེས་ཡོན་གྱི་ཕྱོགས་ནས་ང་ཚོས་ཁྲོ་ཤན་རིགས་ཀྱི་རྗེས་སུ་མི་ཆོད་ལ། དཔའ་རྩལ་གྱི་ཆ་ནས་ང་ཚོས་སོག་རིགས་ཀྱི་བརྒྱ་ཆ་གཅིག་ལ་ཡང་མི་དོ། ཚོང་ལས་ཀྱིས་ཆ་ནས་ང་ཚོས་རྨ་ཆུའི་རྒྱུད་ཀྱི་ཟ་ལར་རིགས་འདི་ཚོའི་རྐང་པ་ལ་ཡང་མི་ཟིན། མི་འབོར་གྱི་ཆ་ནས་ང་ཚོས་ཀྲོང་རིགས་དང་དབྱི་རིགས་ཀྱི་གྲངས་དང་བསྡུར་རྒྱུ་མེད། ཆོས་ལུགས་འདི་མེད་ན་རྒྱ་ཁོངས་སུ་སྔར་ཞིག་ནས་ཐིམས་ཚར་ཡོད་ཚོད་རེད།
བོད་ལ་གདོད་མའི་དུས་ནས་ཆོས་ལུགས་དར་ཡོད། བཙན་པོ་ཚང་གི་དྲག་ཤུགས་ཀྱིས་འཛམ་གླིང་སུམ་གཉིས་ལ་དབང་བསྒྱུར་བའི་དུས་སུ་ཆོས་དར་ཡོད། སོག་ཇིང་གིར་རྒྱལ་པོའི་ཁྱིམ་རྒྱུད་ཀྱིས་འཛམ་གླིང་ལ་དབང་བསྒྱུར་བའི་དུས་སུ་ས་སྐྱ་ཚང་གིས་ཆོས་ལུགས་ཀྱི་ནུས་ཤུགས་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྲིད་གཞུང་བཙུགས་ཐུབ་ཡོད། ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་དུས་སུ་རི་བོ་དགེ་ལྡན་པའི་མཚན་མཐོང་སྟོབས་ཤུགས་ལ་བརྟེན་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བས་བོད་ཁམས་ལ་ཁྲལ་བསྡུ་ཁྲིམས་གནོན་གྱིས་དབང་བསྒྱུར་ནས་རྒྱ་དམར་གུང་ཁྲན་གྱི་བཙན་འཛུལ་མ་བྱས་བར་དུ་བོད་པའི་ཁ་ལས་རླུང་རྟ་དར་ནས་བསྡད་ཡོད་མ་གཏོགས་སུ་ཡིས་ཀྱང་ཕུང་མེད།
དེ་ནས་བོད་ཕུང་མཁན་ངོ་མ་དེ་ཆོས་མེད་དད་མེད་རྒྱ་དམར་བཙན་འཛུལ་བས་བོད་ཕུང་བ་རེད། དེ་མ་གཏོགས་སུ་དང་གང་གིས་ཀྱང་བོད་ཕུང་མེད། དགྲ་གཉེན་ངོ་མ་ཤེས་པའི་མིས་ནང་ཡིན་ཡང་ནག་ཉེས་ཡོད་ཚད་རང་ཕྱོགས་ལ་འགེལ་བ་དང་། བྱས་ཉེས་ཡོད་ཚད་གཉེན་ཕྱོགས་ལ་སྐོར་བ་རེད།
འབའ་བ་ཕུན་དབང་གི་མི་ཚེ་དེར་ནོར་འཁྲུལ་ཞིག་ཤོར་ཡོད་ན་དེ་ནི་ཆོས་དད་མེད་པར་གྱུར་པ་དེ་ཙམ་རེད། ཆོས་དད་མེད་པས་ཁོང་རྒྱ་དམར་དང་ལྟ་སྤྱོད་མཐུན་པར་གྱུར་པ་རེད། དེ་ནས་ལས་སླ་པོར་རྒྱ་དམར་གྱི་མགོ་སྐོར་འོག་ཏུ་ཚུད་པ་རེད། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ནུས་ཤུགས་དེ་གླེང་དུས་ཆོས་ལུགས་ཀྱི་དད་ཞེན་རྩེ་གཅིག་པ་དེ་རྡུལ་ཕྲན་མཚོན་ཆ་ལས་ཀྱང་ནུས་པ་ཆེ། ཆོས་དད་ཀྱི་སྟོབས་ཤུགས་དང་མ་འགྲོགས་པའི་མི་རིགས་ཀྱི་ལར་ཞེན་སྐམ་པོ་དེ་ནུས་པ་ཧ་ཅང་ཆུང་ཆུང་རེད།
སི་ཕན་དང་། ཕོར་ཅི་རྒལ། དབྱིན་ལན་ཊི། ཧྥ་རང་སི་སོགས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་མང་པོ་དབང་བསྒྱུར་བྱས་པ་དེ་དག་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་ཞི་བའི་སྟོབས་ཤུགས་ནི་འཐབ་ཇུས་ཀྱི་ནུས་ཤུགས་ཡོད་ན་མེད་ན་གཅིག་ཡིན། དེ་ནས་རྒྱ་གར་གྱི་མ་ཧ་ཏི་མ་གན་དྷི་དང་། ཤྲི་ལང་ཁའི་དྷརྨ་པ་ལ་སོགས་ནུབ་ཕྱོགས་པའི་མི་སེར་སྤེལ་མཁན་གྱི་འོག་ནས་བྱ་མ་འགྲོག་པར་སྒོ་ང་ལེན་མཁན་དེ་ཚོ་ཆོས་ལུགས་ཀྱི་དད་མོས་སྟོབས་ཤུགས་དང་འགྲོགས་ནས་ཕྱོགས་ལས་རྣམ་པར་རྒྱལ་བ་ཡིན།
རང་བཙན་ཤོར་སྤྱད་ཀྱི་རྒྱུ་རྐྱེན་བཤད་ནས་གང་བྱེད། ཚར་ཚར་རེད། དེ་ལས་ད་ལྟ་མི་རོགས་སྤྱད་ཀྱི་གནད་དོན་དག་བཤད་ན། ཅོ་རི་དང་ལྷ་སྡེ་ལྟ་བུའི་མི་རིགས་འདིའི་རྟོག་སད་པ་ཡིན་ཟེར་མཁན་དག་མྱི་གཡོག་རྐྱང་རྐྱང་ལ་རྒྱུག་ནས་བསྡད་པས་མ་ཐོབ་པ་རེད་ཞུས་བ་ཡིན། ཁྱོད་ཚོས་ལྟས་ན་ཅི་འདྲ་རེད།
བོད་རང་བཙན་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ནོ་ཆོས་ལུགས་ཀྱི་རེད། འོན་ཀྱང་བོད་བླུན་ཚོས་དེ་ག་ལ་ཤེས་ཐུབ།།
ལྷ་མེད་ཀླུ་མེད་ཀྱི་འདྲེ་མགོ་རྡོ་འདི་ཚོར་འཇོན་བཞག་པ་ནི་གཅིག་ལ་མེད། མི་རིགས་ཞིག་གི་བློ་ཁ་བསྒྱུར་རྒྱུ་ཕར་ལ་བཞག། མཐའ་ན་རང་གི་འཁོར་ཡུག་གི་གྲོགས་པོ་ཚོས་གདེང་འཇོག་བྱེད་སའི་མྱི་ཞིག་ཡང་ཆགས་ཐུབ་ཀྱིན་མེད། གནད་དོན་འདི་ཚོ་ཤེས་བཞིན་དུ། མི་དམངས་བར་དགྲ་མེད་དགྲ་འདུག་རབས། གྱོད་མེད་རུང་གྱོད་ཡོད་རབས། བོད་ཞབས་ནས་བཀྱགས་རྒྱུ་ཕར་བཞག་ནས། སྒང་ལ་བུད་ནས་གཅིན་པ་རྐྱང་བཏང་ནས་འདུག་གི་རེད། འདི་ཚོ་ལས་ངན་རེད་ཡ། ཉི་མ་ལྷ་ས།
ཨ་ཁུ་སྤོབས་པས་དཀའ་ལས་མང་པོ་བརྒྱབས་ནས་ངའི་མཆན་བུ་དེར་དག་བཅོས་བྱས་པ་འདུག་པས་ཐུགས་རྗེ་ཆེ།
བོད་ཉམས་རྒུད་ཕྱིན་ཡོད་པ་ནི་བོད་མི་དམངས་ཀྱི་མིག་མདུན་དུ་ཡོད། ཉམས་རྒུད་སོང་བའི་རྒྱུ་རྐྱེན་འཚོལ་དགོས་པ་ནི་བོད་མི་ཚོའི་ལས་འགུལ་རེད། དེ་འདྲ་ཡིན་དུས་་་བོད་མི་རིགས་བསམ་པ་དཀར་བའི་བོད་མི་བསམ་ཡོད་ཚང་མས་བོད་རྒུད་ཕྱིན་པའི་སྐོར་ལ་བསམ་ཚུལ་ཚིག་གཉིས་ལས་འབྲི་མ་ཐུབ་མ་ནའང་འབྲི་རོགས་བྱོས་ཅེས་རེ་འབོད་བྱེད་བཞིན་ཡོད།
ཅོ་རི་ལགས། ཁྱེད་ཀྱི་སྐད་ཆ་དེ་ཚབ་ཆེ་དྲགས་པས་རང་གར་འཇོག་ཐབས་ག་ལ་ཡོད། ང་ནི་ཁྱེད་ཀྱི་ལྟ་གྲུབ་ལ་མོས་མཐུན་མེད་ཀྱང་ཁྱེད་ཀྱི་ལྟ་ཚུལ་འཆད་པའི་སྙིང་སྟོབས་ལ་གུས་འདུད་རྩེ་གཅིག་ཏུ་ཡོད།
སྤོབས་པ་ལགས། ངའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ཐོག་མར་སྤོབས་པ་མཐའ་ཡས་ལགས་ཀྱི་དཀྱེལ་ཡངས་སམ། རང་ལྟ་དང་གཞན་ལྟ་མཉམ་གནས་བྱེད་ཕོད་པའི་ཀུན་སློང་དང་ཅོ་རི་ཉི་མ་ལགས་ཀྱི་གང་མཐོང་དྲང་བཤད་ཕོད་པའི་བློ་ཁོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་མཚུངས་སུ་བོད་ཕོངས་པ་ཞེས་གླེང་མ་ཐག་ཁག་ཅིག་གིས་བོད་ཀྱི་རང་བཙན་ཤོར་བར་གོ་བ་ལའང་གུ་དོག་པའི་སྐྱོན་ཡོད་ཅིང་། བོད་ཕོངས་པ་ནི་རང་བཙན་ཤོར་བ་འདུ་བའི་ཕྱོགས་མང་བོ་ཞིག་གི་སྤྱི་བསྡོམས་ཡིན་པར་མ་ཟད། ༼རང་ཉིད་རང་གི་མགོན་ཡིན༽ཟེར་བའི་བསྡོམས་ཚིག་དེ་བཞིན་ལག་ལེན་ནང་འདེབས་ཐབས་འཚོལ་གྱི་ཡོད་པས། ཆོས་དང་འཇིག་རྟེན་གཉིས་ཀར་མཐུན་པའི་བྱ་སྤྱོད་འབའ་ཞིག་ཅིས་མ་ཡིན།
གང་ལྟར་ངས་ལྷན་རྒྱས་གཤམ་གྱི་སྒྲོམ་གཞི་འདི་དཔྱད་གཞིར་ཕུལ་གྱི་ཡིན་པ་དང་རིམ་པས་བཅོས་འཕྲིའང་བྱེད་ཆོག བྱེ་བྲག་ཏུ་ག་ལེར་བགྲོ་གླེང་བྱེད་ཆོག
བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་དགོས་པར་སྣང་ཞིང་། སྤྱིའི་ཆ་ནས་ཕྱི་རྐྱེན་དང་ནང་རྐྱེན་གཉིས་སུ་མ་འདུས་པ་ཧ་ལམ་མེད་པ་འདྲ།
དང་པོ། ཕྱི་རྐྱེན་ལ་དབྱེ་ན། ༡ རང་བྱུང་ཁོར་ཡུག ༢ རྒྱལ་སྤྱིའི་ཁོར་ཡུག ༢ ཕྱིའི་བཙན་འཛུལ། འདི་དག་ཀྱང་ཞིབ་ཕྲར་དབྱེ་ཆོག
གཉིས་པ། ནང་རྐྱེན་ལ་དབྱེ་ན། ༡ ཆུ་སྣ་གར་ཁྲིད་ཀྱི་གཤིས་ཀ ༢ ཨ་གསར་ཚ་བའམ། གཞན་སྨོན་རང་སྨོད་ཀྱི་འདུ་ཤེས། ༣ དམིགས་ཡུལ་ཅན་གྱི་མགོ་བསྐོར་འོག་ཚུད་སླ་བ། འདིའི་ནང་ཆོས་ལུགས་པ་དང་སྲིད་དོན་པ་གཉིས་ཀ་འདུ། ༤ མཐར་ཐུག་གི་ཐག་གཅོད་མཁན་ལྷ་བ་མོ་བ་སོགས་གྱུར་ཡོད་པས། དེ་དག་ལ་ཤུགས་རྐྱེན་གཞན་ནས་སླེབས་མི་སྲིད་པ་མིན་པའི་ཁར། མིའི་རྣམ་དཔྱོད་དམར་གསོད་བཏང་ཡོད། ༥ ཆོས་ལུགས་བེད་སྤྱོད་ཀྱིས་མང་ཚོགས་བླུན་བསྒྱུར་བྱས་པ། ༦ གཞན་བརྟེན་སྟོང་བསམ་ཁུར་ནས་རང་དོན་ཡུན་གྱིས་བརླག་པ་སོགས་ལྟ་བུ་རེད།
ཚང་མས་གནས་ལུགས་ཁུར་ནས་ཡོང་བ་ལས་ཁུ་ཚུར་ཁུར་ཡོང་མི་འོས་ལ། ཚིག་རྩུབ་དེ་བས་ཀྱང་ཁུར་ཡོང་དོན་མེད། བོད་འདི་བཞིན་ཡར་ལངས་དགོས་པ་དང་ཇི་ལྟར་ལངས་སྟངས་འཚོལ་རྒྱུ་ནི་ང་ཚོ་ཚང་མར་ཡོད་པའི་གཅིག་གྱུར་གྱི་ལྟ་བ་ཡིན། མུ་མཐུད་བགྲོ་གླེང་གནང་རོགས།
ཆོས་དད་ཀྱི་སྟོབས་ཤུགས་དང་མ་འགྲོགས་པའི་མི་རིགས་ཀྱི་ལར་ཞེན་སྐམ་པོ་དེ་ནུས་པ་ཧ་ཅང་ཆུང་ཆུང་རེད།
ཟེར་
དྲ་གྲོགས་ཅོ་རི་དང་སྤོབས་པ། ལྷ་སྡེ་བ་གསུམ་གྱིས་བགྲོ་གླེང་དཔེ་མི་སྲིད་པའི་ཡག་པོ་གནང་འདུག དྲ་ཞུགས་ལ་འདོད་པ་སྐྱེས་པ་རང་རེད། ཡིན་ནའང་། བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་གང་ཡིན་ཟེར་ནས་བཀའ་མོལ་གྱི་མགོ་བཙུགས། རྐྱེན་ངོས་འཛིན་གནང་ཟིན་ཡང་གང་ནས་ཕོངས་པའམ་ཕོངས་པ་གང་ལ་ངོས་འཛིན་པའི་གསལ་ཁ་མི་འདུག ཅོ་རིས་རང་བཙན་ལ་ངོས་འཛིན་གནང་བ་ལྷ་སྡེ་བས་ཆ་ཤས་གཅིག་རེད་བཀའ་གནང་འདུག སོང་ཙང་། དང་པོ་༼ཕོངས་པ་༽མ་ཤེས།
དེ་ནས་གལ་སྲིད་གང་ནས་ཕོངས་ཡོད་ཀྱང་། གང་གིས་ཕོངས་ཡོད་ཀྱང་དེ་རྒྱུ་མེད་རྐྱེན་མེད་མིན་པ་ཁས་ལོས་ལེན། ཡིན་ཡང་། རྒྱུ་དེ་ཇི་ལྟར་གྲུབ་པ་རེད། རྐྱེན་དེ་གང་གིས་བསླངས་པ་རེད་ཟེར་ནས་བོད་ཀྱི་བསྟན་བཅོས་མཐའ་དཔྱོད་རིགས་ལམ་ཞིག་ཡོད་པ་འདིའི་ཐོག་ནས་ཕར་བལྟས་པ་ཡིན་ན། མཐའ་དོན་ལ་སོ་སོ་རང་ཉིད་ལས་གཞན་མེད་པ་འདྲ།
དཔེར་ན། དེང་རབས་སློབ་གསོའི་གཞུང་ལུགས་དང་མྱོང་བ་སྤྱི་བསྡོམས་ཀྱི་དེབ་མང་པོར་སློབ་ཕྲུག་གི་སློབ་སྦྱོང་དང་། ཀུན་སྤྱོད་ཡག་པོ་མ་བྱུང་བ་ནི་དགེ་རྒན་གྱི་སློབ་གསོའི་ནུས་པའི་མ་འདང་བར་ཁས་ལེན་བྱེད་ཀྱི་ཡོད། འོ་ན་སློབ་མའི་ངོས་ན་༼ཕོངས་པའི་༽གནས་ལུགས་མེད་སོང་བ་རེད་དམ་ཞེ་ན་དེ་མ་རེད། ཡིན་ཡང་། ཕོངས་པའི་གནས་ལུགས་ཇི་ལྟར་བྱུང་བ་དང་གང་གིས་བྱུང་བ་དེ་ཡོངས་སུ་དགེ་རྒན་དང་ཕ་མ་ལ་ཐུག་ཡོད་པར་ངོས་འཛིན་བྱེད་པ་དང་རྒྱུ་མཚན་ཡང་ཡོད་པ་ཡིན།
གནས་ལུགས་འདིས་གང་བསྟན་གྱི་རེད་ཞུས་ན་བོད་ནི་སློབ་མ་དང་ང་ཚོ་ནི་ཕ་མ་དང་དགེ་རྒན་རེད། བོད་ཉམ་ཆུང་བ་ནས་དར་བ་དང་། དར་བ་ནས་རྒུད་པའི་རིམ་པ་ཚང་མ་སྐབས་རེ་རེའི་བོད་མིའི་སེམས་ཁམས་དང་བྱེད་ཕྱོགས་ཀྱིས་བསྐྲུན་ཡོད་པས་དར་རྒུད་སོགས་ཀྱང་དེ་ལ་རྗེས་སུ་འགྲོ་ལྡོག་བྱེད་ངེས།
སོང་ཙང་། ངས་བསམ་པ་ལ་བོད་ཕོངས་བྱེད་དང་ཡར་རྒྱས་གཉིས་ཀའི་རྒྱུ་རྐྱེན་ནི་ང་ཚོ་རང་ཉིད་རེད། ང་ཚོས་རང་ཉིད་ལ་རེ་བ་ཆེན་པོ་འཛིན་རྒྱུ་ནི་དེ་ལས་སྐྱོབ་པའི་ཐབས་མཆོག་ཅིག་ཡིན་པ་ལས། སྐྱོན་བརྗོད་དང་སུན་འབྱིན་བྱས་ནས་བསྡད་ཚེ་དུས་ཚོས་འཕྲོ་བརླག་ལས་ཅང་མེད་པ་འདྲ་ཡང་། བཤད་རྒྱུན་དུ་ཆོས་ལམ་རིམ་ཤེས་སླ་ཡང་ཉམས་ལེན་དཀའ་ཟེར་བ་བདེན་པ་འདྲ། ཧ་ཧ་ཧཧ་
དྲ་གྲོགས་ཅོ་རིའི་དགོངས་འཆར་ལ་མོས་མཐུན་ཡོད་ཞུ་ཡ་ཡིན། སྤོབས་མཐའ་ཡང་ཁྱེད་ཀྱི་ལྟ་ཚུལ་ལ་དོན་གྱིས་རྒྱབ་སྐྱོར་བྱས་ཏེ་ཁྱེད་ཀྱི་དགོངས་འཆར་འདིར་བཅུག་པ་རེད། ཡིན་ནའང་སྤོབས་མཐའ་ནི་མགོ་གཉིས་འཁྲབ་སྟེ་མདུན་དུ་མཆོང་མི་ཐུབ་མཁན་ཞིག་རེད། དེ་ཡིན་དུས་བོད་མི་རིགས་འདི་ད་དུང་ཡང་དུས་རབས་ཕྱེད་ལྷག་ཐོགས་སྲིད་ཁྱེད་ཀྱི་དགོངས་དོན་འགྲུབ་རྒྱུར། བོད་མི་རིགས་ད་དུང་ཡང་ཆོས་སྲིད་ཟུང་འབྲེལ་གྱི་སྒྲིགས་འཛུགས་ཡིན་ཟེར་ནས་མི་རིགས་ཀྱི་རྩ་དོན་ཆབ་སྲིད་ཀྱི་གནད་དོན་གྱི་ཐག་ཆོད་རྣམས་ལྷ
ཀླུ་ལ་བཀའ་ལུང་ལ་ཞུ་བཞིན་ཡོད།
རྨོངས་དད་ཀྱི་སྟོབས་ཤུགས་འདི་སྟོབས་ཤུགས་ཞེད་སྣང་ཚ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དད་པའི་སྟོབས་ཤུགས་ཀྱི་ནུས་པ་ཆེ་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཀྱང་རྨོངས་དད་ཀྱི་སྟོབས་ཤུགས་འདིས་བོད་མི་རིགས་ལ་ཁེ་ཕན་ལས་གྱོང་མང་བ་སྤྲད་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།
མི་རིགས་ཀྱི་ལར་ཞེན་དང་རྒྱལ་གཅེས་ཀྱི་འདུ་ཤེས་འདིས་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ལ་ཁེ་ཕན་མང་བ་སྤྲད་ཀྱི་ཡོད་པར་ངོས་འཛིན་བྱེད་ཡོད། མུ་མཐུད་ནས་ཞུ་ཆོག
ཧ་ལམ་ཚང་མས་ཆོས་དད་ཡོད་མི་ཆོག་པའམ་མི་བཟང་གི་ལབ་ཀྱི་མེད་པ་འདྲ། གཙོ་བོ་རྨོངས་དད་ཀྱི་ཆ་སྟེ། མ་རིག་པ་ཐམས་ཅད་རིག་པར་གཏོང་དགོས་པ་གསུངས་ཀྱིན་པར་འདོད། དྲང་མོར་བཤད་ན། འཕོ་བའི་གདམས་ངག་བོད་སྐྱོབ་ཐབས་སུ་འདྲེན་བཞིན་པར་བཤད་ཀྱང་མ་ཆོག་པ་མི་འདུག་སྙམ། འཆི་བས་བཟུང་མ་ཐག་ནས་འགྱོད་སེམས་དངངས་སྐྲག་བཤགས་པ་མཐའ་དག་དོར་ནས་རྩ་དབུ་མ་བརྒྱུད་ནས་རྣམ་ཤེས་འཕོ་བསྐྱོད་གནང་དགོས་པ་ལྟར། བོད་ཀྱང་འཆི་བས་བཟུང་ནས་རྣམ་ཤེས་འཕོ་སྟངས་ལ་ཐུག་འདུག་པས། ཚང་མས་བགྲོ་གླེང་གནང་བཞིན་པའང་འཕོ་སྟངས་རེད་ལ། གང་ནས་འཕོ་སླ་བ་དང་མར་མ་ཟེགས་པ་ཡོང་བའི་ཐབས་ལམ་ཡང་རེད། དེ་བས། ཆོས་དད་ཀྱི་ཁར་བློ་ཁོག་ཅིག་དང་། སྤང་བླངས་ཤེས་དགོས་པ་མ་རེད་དམ།
དྲ་གྲོགས་བན་དེ་བས་རྒྱབ་སྐྱོར་བར་བཀའ་དྲིན་ཆེ། ཁྱོད་དང་ཁྱོད་ལྟ་བུའི་བློ་ཁ་མཐུན་དྲ་གྲོགས་གང་མང་ཞིག་གིས་ལྟ་སྤྱོད་ལ་བརྟེན་ནས་ང་ལ་སྤོབས་པ་སྐྱེས་ཀྱི་འདུག སེམས་ཤུགས་འཕར་གྱི་འདུག ཐུགས་རྗེ་ཆེ།
ད་་་་ལྷ་སྡེ་གནམ་ལོ་ཡག་དང་ཁྱོད་གཉིས་ཀྱི་གསུངས་པ་ལྟར་ལོ་ལུང་གི་སྐོར་ལ་ཏོག་ཙམ་བཤད་ན་འདོད། མི་བསད་ལག་དམར་བ་དང་རྐུ་མ་ཇག་པ་སྤྲུལ་སྐུ་དང་ཐམས་ཅད་མཁྱེན་པ། ཡུལ་ལུང་ཞིག་གི་མ་འོངས་མདུན་ལམ་ཐག་གཅོད་བྱེད་མཁན་ཆགས་བསྡད་ཡོད་པའི་སྐོར་བཤད་ཀྱི་ཡིན།
དེ་ཡང་་་ཁམས་ཏྲེ་བོ་བའི་ཡུལ་དུ་སྐུ་ཞབས་འབུང་ལི་ཟེར་བའི་མི་ཞིག་ཡོད། ཁོ་སྔོན་མ་རྒྱ་དམག་ནང་དུ་ཕྱིན། དེ་ནས་བོད་བཅིངས་གྲོལ་བཏང་ཚར་དུས་ཕྱིན་རང་ཡུལ་དུ་ལོག་བསླེབས། དེ་ནས་མི་སེར་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་ནས་བསྡད། འཚོ་བའི་དཀའ་ངལ་གྱིས་དབང་གིས་མཉམ་ལས་ཁང་གི་ནས་རྐུ་མ་བརྒྱབས། མཉམ་ལས་ཀྱི་མགོ་ཁྲིད་ཚོས་ཤེས་ནས་སྐུ་ཞབས་འབུང་ལི་ལགས་ཀྱི་མགོ་ལ་ཤོག་ཞྭ་གོན་ནས་ཁྲོམ་སྐོར་ལ་ཁྲིད། དེའི་རྗེས་སུ་ར་ལི་བའི་འབྲོག་པའི་གཡག་རྐུས། འབྲོག་པ་ཚོས་ཤེས་ནས་ཤིང་སྡོང་ལ་གནམ་ཐག་བརྒྱབས་ནས་བཏགས། དེའི་རྗེས་སུ་ལྷ་སར་བྲོས་ཕྱིན། ཁོ་ནི་མོ་པ་དང་སྨན་པ་ཆགས། རྒྱུ་དཔལ་འབྱོར་ཁུར་ནས་ཕྱིར་རང་ཡུལ་ལོག་བསླེབས། དེང་སང་་ཏྲེ་བོ་ལུང་པའི་ཐམས་ཅད་མཁྱེན་པ་ཡིན། ཡུལ་ལུང་དེའི་མི་ཡོངས་རྫོགས་ཀྱིས་ཁོ་ལ་མོ་རྒྱག་བཅུག་གི་ཡོད། ཡུལ་ལུང་དེའི་མི་རྣམས་ཀྱི་མ་འོངས་མདུན་ལམ་ཁོས་ལུང་བསྟན་བརྒྱབས་ཀྱི་ཡོད། འདི་ནི་རྐུ་མ་འབུང་ལི་ཐམས་ཅད་མཁྱེན་པ་ཆགས་སོང་བའི་ལེའུ་ཐུང་ངུ་ཞིག་ཡིན།
དེ་ནས་་་ཏྲེ་བོ་བའི་ཡུལ་དུ་བསྟན་འཛིན་ཚེ་རིང་ཟེར་བ་ཞིག་ཡོད། ཁོ་ནི་ཇག་པ་ཡིན། ཁོ་དང་གྲོགས་པོ་གསུམ་གྱིས་རྒྱ་ཤར་པ་གསེར་ཚོང་བ་བཅོམ་ཆེད་དུ་མཚན་མོ་གཞུང་ལམ་འགྲམ་དུ་སྒུག་ནས་བསྡད་ཡོད་དུས་ང་ཚོའིི་ལུང་པའི་སློབ་གྲྭའི་དགེ་རྒན་ཞིག་བྷོ་བྷོ་གཞོན་ནས་བསླེབས། ཁོ་ཚོས་གསེར་ཚོང་བ་རེད་བསམས་ནས་དགེ་རྒན་ལ་དབྱུག་པས་བརྒྱབས་ནས་བསད།
དེ་ནས་བསྟན་འཛིན་ཚེ་རིང་ཨ་མདོ་བའི་འབྲོག་ཁོག་ཞིག་ཏུ་བྲོས་ནས་ཕྱིན། ཁོ་ཨ་མདོ་འབྲོག་ཁོག་ཞིག་ལ་མག་པ་བསྡད། སྤྲུལ་སྐུ་ཆགས། ཐམས་ཅད་མཁྱེན་པ་ཆགས། འབྲོག་ཁོག་དེའི་མི་རྣམས་ཀྱིས་ཁོ་ལ་མོ་ལུང་ཞུ། ལོ་༡༠་ཡི་རྗེས་སུ་བྲག་འགོ་རྫོང་གི་ཉེན་རྟོག་པས་ཤེས་ནས་ཁོ་འཛིན་བཟུང་བྱས་ནས་ཚར་བྲག་འགོ་ལ་ཁྲིད་ནས་བསླེབས། བཙོན་ཁང་ནང་དུ་བཅུག ཨ་མདོའི་འབྲོག་པ་མང་པོ་བཙོན་ཁང་ནང་དུ་ཁོ་ལ་མཇལ་ཁ་ཡོང་བ་དང་མོ་ལུང་ཞུ་མཁན་ཡོང་གི་ཡོད། འདི་ནི་་་ཇག་པ་སྤྲུལ་སྐུ་ཆགས་སོང་བའི་ལེའུ་ཐུང་ཐུང་ཞིག་ཡིན།ཧཧཧ
ཚ་བ་མདའ་སྨྱུག་ལགས་ཀྱིས།
གོང་དུ་བཤད་ཚར་བ་བཞིན་ཆོས་ལུགས་ནི་འཚོ་བའི་ཁྲོད་དུ་མེད་ཐབས་མེད་པ་ཞིག་ཡིན་མོད། དངོས་ཡོད་ཀྱི་གནད་དོན་ཆོས་ལུགས་ཀྱིས་ཐག་གཅོད་བྱ་ཐབས་མེད། ཆོས་ལུགས་ནི་མིའི་ནུས་ཤུགས་མི་སླེབ་པའི་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་ཞིག་ མ་གཏོགས་མིའི་ནུས་ཤུགས་ཀྱི་ཚབས་བྱེད་དངོས་པོ་ཞིག་གཏན་ནས་མིན།
ད་ལྟའི་བར་དུ་ང་ཚོས་ཁ་ཆོ་ལེས་ཚིག་ན་དཀོན་མཆོག་དང༌། འཕོང་ཤིག་གིས་ཟོས་ནའང་དཀོན་མཆོག་ཁོ་ནར་གསོལ་བ་འདེབས་པ་ལས། རང་གི་ཀླད་པ་དཀྲུག་དཀྲུག་དང༌། ལག་པ་འགུལ་སྐྱོད་གཏོང་མྱོང་མེད། རྣ་ལམ་ལ་མ་སོང་ན་འདས་པའི་མི་ལོ་སྟོང་ཕྲག་གི་རིང་འུ་ཚང་ལ་མཁས་པ་གནམ་གྱིས་ས་ བཀབ་པ་ལྟ་བུ་བྱོན་ནས་གསུང་རྩོམ་བྲག་རི་བརྩིག་བརྩིག་བྱས་ཡོད་ཀྱང༌། མི་ཆོས་རིང་ལུགས་ཀྱི་མཁས་པ་གཅིག་ཁོ་ན་དང༌། འཚོ་ཐབས་སྟོན་པའི་གླེགས་བམ་ཁེར་རུ་མ་ཞིག་བགྲང་རྒྱུ་མེད་པ་འདི་ཅི་ཞིག་གིས་མ་ ཉན་པ་རེད་བསམ་བློ་ཐོངས་ཤིག
།ང་ཚོའང་མི་ལུས་བླངས་ཚར་བས་མི་ཚེ་སྐྱེལ་སྟངས་ཀྱི་རིག་གཞུང་ཞིག་ཅི་ལ་མི་མཁོ། ཡིན་ནའང་ང་ཚོ་ཆོས་ལུགས་ཀྱིས་བཟི་དྲགས་པས་ཡར་མར་གང་ལ་ཡང་བསམ་བློ་མ་བཏང་བར་ད་ ལྟའི་བར་དུ་ནག་ཐོམ་མེར་ལུས་སོང་བ་རེད། ངས་འདི་ལྟར་བཤད་པ་ཕ་མེས་ཡང་མེས་རྣམ་པར་ལེ་བདའ་དང༌། ཁོང་རྣམ་ཚོའི་རུས་པ་ལ་ཁྲིམས་ཆད་གཏོང་དགོས་ཟེར་བ་མིན། ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ནས་ལམ་ནོར་ལྡོག་ཤེས་དགོས་ཞེས་སྐུལ་མ་བྱེད་ པ་ཡིན།
ཚ་བ་མདའ་སྨྱུག་མཆོག་གི་གསུང་ནི་ཆོས་ལུགས་ཆེད་སྦྱོང་གནང་མཁན་ཞིག་གི་གསུང་ཡིན་པས། ཆོས་ལ་འཇུག་མཁན་གྱི་མི་རྣམས་ལ་སྐྱོན་ཡོད་པ་གསལ་སྟོན་གནང་འདུག ང་རང་ལ་མཚོན་ནའང་། ཆོས་ལུགས་ནི་ཡོད་དགོས་པ་ཞིག་དང་དེ་ལ་སྐྱབས་སུ་འགྲོ་མཁན་ཡང་ཡོད་ཆོག་པར་བསམ་ཡོད། ཡིན་ནའང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྣེ་ཁྲིད་མཁན་ཕལ་ཆེ་བ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་འཚོ་བ་གཞན་བརྟེན་ནས་དཔུང་ཤུགས་གཞན་བརྟེན་ཅན་དུ་འཕེལ་བ་ནི་བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་ཆེན་པོ་ཞིག་ལ་མཐོང་གི་ཡོད། ད་ལྟར་སྐྱབས་བཅོལ་ལུང་བར་སྐྱ་སེར་གཉིས་ཀ་གཞན་བརྟེན་གྱི་ལམ་ཁར་ཞུགས་ཡོད་པ་དང་། མཐའ་མར་སྦྱིན་བདག་གི་ཅི་གསུང་དང་ལེན་བྱེད་དགོས་ཐུག་ཡོད་པ་ལྟ་བུ་རེད། འདི་ནི་ཆོས་ལ་སྐྱོན་ཡོད་པ་མ་ཡིན་ཡང་ལག་ལེན་བྱེད་མཁན་རྣམས་ལ་ནད་ཡམས་རྒྱུན་འབྱམས་ལྟ་བུར་བཤད་ཆོག་པ་འདྲ། དེ་བས། གོང་དུ་ཞུས་ཟིན་པའི་གཞན་བརྟེན་སྟོང་བསམ་ཁུར་ནས་རང་དོན་ཡུན་གྱིས་བརླག་པ་སོགས་ལྟ་བུའི་འགྲེལ་འདི་ཡིན།
ཆོས་ལུགས་པས་རེ་བ་རྒྱག་ས་ལྷ་དང་བླ་མ་རེད། དམགས་གཙོའི་རིང་ལུགས་པ་ཚོས་རེ་བ་རྒྱག་ས་མི་དམངས་རེད།
༡་་་་ཆོས་ལུགས་པས་ཆོས་སྐྱོང་སྲུང་མ་དང་རྩ་བའི་བླ་མ་ནི་སླུ་བ་མེད་པ། ཚད་མའི་སྐྱེས་བོ། ཐམས་ཅད་མཁྱེན་པ། ཡང་དག་པ། ཁོང་རྣམས་པའི་མ་མཁྱེན་པ་ཞིག་དང་མ་ཤེས་པ་ཞིག་མེད་པས་རྒྱལ་ཁབ་སྤྱི་པའི་ཐག་གཅོད་ཁོང་རྣམས་པས་ཡེ་ཤེས་དབྱིངས་དཔྱད་བྱེད་ཀྱི་ལས་ལྷག་ཅིག་འཛམ་གླིང་ཐོག་ཏུ་མེད་པར་འདོད།
༢་་་དམངས་གཙོའི་རིང་ལུགས་པས་མི་དམངས་ནི་ནུས་པ་ཡོད་མཁན། འཇོན་སྟངས་ཡོད། མི་དམངས་ཀྱི་མ་ཤེས་པ་ཞིག་སུ་གང་གིས་མི་ཤེས་པས་རྒྱལ་ཁབ་སྤྱི་པའི་ཐག་གཅོད་མི་དམངས་ཀྱིས་གཅོད་ཀྱི་ལས་ལྷག་ཞིག་པ་འཛམ་གླིང་ཐོག་ཏུ་མེད་པར་འདོད།
༣་་་ངས་ངོས་ནས་བོད་སྤྱི་པའི་སྤྱི་དོན་གྱི་ཆེད་དུ་ལྷ་དང་བླ་མ་གཙོ་བོ་བརྩི་ཡི་མེད། བོད་རྒྱ་ཆེན་མི་དམངས་གཙོ་བོ་བརྩི་ཡི་ཡོད། མི་དམངས་ཀྱི་སྟོབས་ཤུགས་འདི་ལ་ལྷ་དང་བླ་མས་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། མི་དམངས་ཀྱི་འཇོན་སྟངས་འདི་ལྷ་དང་བླ་མས་འགྲན་ཟླ་བྲལ་བའི་འཇོན་སྟངས་ཡིན། མི་དམངས་ཀྱི་ཤེས་ཡོན་ནི་ལྷ་དང་བླ་མས་ཤེས་ཡོན་གྱིས་འགྲན་ཟླ་བྲལ་བའི་ཤེས་ཡོན་ཡིན། བྱང་ཙང་་་རྒྱ་ཆེན་མི་དམངས་རྩ་བའི་རྩེ་ལ་བཞག་མཁན་གྱི་དམངས་གཙོའི་ལྟ་གྲུབ་འདིས་ནོར་མེད་པར་གསལ་པོ་ཡིན་བསམས་ཀྱི་ཡོད་ལ་་་རྩ་བའི་བླ་མ་རྩ་བའི་རྩེ་བཞག་མཁན་གྱི་ཆོས་ལུགས་པ་ཚོས་ནོར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།།
སྐྱིད་ཀྱི་རྟ་བོ་ཞོན་རོགས་མི་ཉན་ནིའི། སྡུག་གི་ཁུར་བོ་འཁུར་རོགས་མི་ཉན་ནིའི་བོད་མྱི་འདི་ཚོ་ཡིན་ན། རྨོངས་དད་ཟེར་བའི་ཚིག་འདི་མི་རིགས་ཞིག་ལ་མཐོང་ཆུང་དང་ཁྱད་གསོད། བསམ་བཞིན་དུ་ཀླ་ཀློ་དང་དུད་འགྲོའི་འདུ་ཤེས་མགོ་ལ་གཡོག་བྱེད་ཀྱི་དེའི་ཚད་ན་མེད་པའི་ཡིག་འབྲི་གཉིས་ཡིན་པ་རེད། འདི་སྡིག་ཆེན་མོའོ་ཡིས་ང་ཚོ་ལ་བཙན་དུ་སྦྱོར་བའི་སྣ་མྱིང་རེད། ད་དུང་མོའོ་ཁོས། ཆོས་ནི་དུག་རེད་ལབ་པ་རེད། ལབ་དང་ལབ། དེ་འདྲ་མ་ལབ་ན་༧ རྒྱལ་བ་པན་ཆེན་གཉིས་ལ་ཅི་ལྟར་རྒོལ། འདི་མོའོ་རྒན་སྡིག་རྒན་གྱིས་སངས་རྒྱས་ཀྱི་བཀའ་གསུངས་ཡོད་ཚད་ལ་མཐའ་སྡོམ་རྒྱབ་པ་ཞིག་ག་ལ་ཡིན། ཁོ་ལ་བོད་ཟ་བའི་ཧམ་སེམས་ཀྱི་དམིགས་འབེན་ཡོད་པ་རེད། ཡིན་ན་ཡང་། དེང་སང་དམིགས་འབེན་མེད་པའི་མྱི་ཕྲུག་འདི་ཚོས། ཉ་ལ་ཉོག་བསྲེས། གོས་ལ་ཚིལ་བསྲེས་ནས། གཞུང་ལུགས་མེད་པའི་ཚིག་དོན་རེ་ལ་མགོ་འཁོར་ནས། རྒྱལ་ཁབ་གྱི་གནད་དོན་ལ་ཁྱིམ་ཚང་གི་སྡུག་བཤད། ཁྱིམ་ཚང་གི་སྡུག་བཤད་ས་ལ་རྒྱལ་ཁབ་གྱི་བླ་སྒུལ། ད་དུང་ཅིག་མི་རིགས་བསམ་ཡོད་རབས་བཤད། དགོད་ཤོར་སྤྱད་རེད། དྲང་མོ་ཡིན་ན་ཅིག་ཡིན་ཟེར། དེ་འདྲའི་དྲང་པོ་ཞིག་ཡིན་ན་ཨ་ཕ་མོའོ་རྒན་གྱི་རོ་སྒམ་ལ་ཕྱག་འབུལ་དུ་ཕེབས་སོང་།
ཁྱེད་ཚོས་བོད་མི་རིགས་ཀྱི་མྱི་རྡོག་རྐང་གཅིག་ལ་ཆོས་དོན་ན་གཅིག་འགྲེལ་ཨེ་ཡོད། མེད་པ་ཨ། བོད་མི་ལ་ཡི་གེ་ན་གཅིག་ཁྲིད་མེད་པ་ཨ། མེད་མེད་དང་མ་འཇོན་འདི་ཡོལ་འགེབ་བྱེད་སྤྱད་ལ། རང་རྟོག་སད་དང་གཞན་རྨོངས་དད་དུ་གཡུག་དོན་ཅི་ཡིན། ཕ་ཤུལ་བུས་འཛིན་མི་ཐུབ་པའི་ཁྱེད་ཚོ་ངོ་མི་ཚ་འམ། ཁྱེད་ཚོ་ལ་མྱི་དྲི་ཞིག་བྲོ་རྒྱུ་མེད་ཀི།
གནམ་ལགས་ཕེབས་པ་བཟང་། གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཅེས་པ་ཅིས་མ་བདེན། བོད་མིའི་ཁྲོད་ནས་མའོ་ཙེ་ཏུང་ལ་བསྟོད་རྩོམ་ཕུལ་མཁན་དང་པོ་ནི་རྒྱལ་བ་རིན་པོ་ཆེ་རེད། ཏང་ལ་ཞུགས་ཀྱི་ཡིན་ཞེས་ཨུ་ཚུགས་རྒྱག་མཁན་གྱི་བླ་མ་ཐོག་མའང་རྒྱལ་བ་རིན་པོ་ཆེ་རེད། མའོ་ཡིས་ཆོས་ལུགས་དུག་ལ་ལྟ་བ་མ་མཁྱེན་པ་མི་སྲིད་དེ། འདིའང་གཞན་བརྟེན་སྟོབས་ཤུགས་འཚོལ་བའི་གྲིབ་ཡོར་ཞིག་གི་དཔེ་མཚོན་མ་རེད་དམ།
དགེ་ཆོས་ལགས་མཁས་ཀྱང་། ཚུལ་འཆལ་རེད། དེ་བཞིན་ཚ་བ་མདའ་སྨྱུག་དང་། སྐུ་ཞབས་ཞོགས་དུང་ལགས་ཀྱང་། ཆོས་མེད། དད་མེད་གཉིས་མ་རེད་པེ། ལགས།
༥༩འི་སྔོན་གྱི་བོད་དེ། དཔལ་འབྱོར་ཡར་རྒྱས་མ་ཕྱིན་པ་དེ། ཆོས་ཀྱིས་བྱས་པ་རེད། ཟེར་ན་གོ་དོན་ཅུང་ཟད་ཡོད་རེད། དེ་མིན། འབྲུག་དང་བལ་ཡུལ་གཉིས་པོ། དུས་ད་ལྟ་ཡང་རང་བཙན་ཡོད་པ་དེ། ཆོས་ཀྱིས་བྱས་པ་རེད་ཟེར་བ་དང་ཚུངས་སོ།། །ཧ་ཧོ།། །།
ཆད་རྩོམ་འདི་ལ་མཆན་བྲིས་ཐ་མ་དེ་ཡང་འདི་ཡིན་ནོ།། །།
རང་ས་མ་མོའི་བྲང་ཁོག་འདྲ་བའི་སྟེང་།
ཕ་ཤུལ་བུ་ཡིས་འཛིན་འདོད་ཆེ་ཆེ་ཡིས།
མི་རིགས་དམ་དུ་བཅིངས་བའི་ལྕགས་ཀྱི་སྒྲོག
དགྲ་བོ་རྨོངས་དད་འདི་དང་འཛིང་བཞིན་ཡོད།།
རྨོངས་དད་ལྕགས་སྒྲོག་འདི་ནས་མ་ཐར་བར།
ཕ་ཤུལ་བུ་ཡིས་འཛིན་པའི་རེ་བ་མེད།
རྨོངས་པའི་ལྕགས་སྒྲོག་མེ་ལ་མ་སྲེག་བར།
ཆོས་པའི་བྲན་གཡོག་འདི་ནས་ཐར་ཐབས་མེད།།
རྨོངས་དད་སྤྲིན་ནག་འདི་དང་མ་འཛིང་ན།
རང་དབང་དམངས་གཙོའི་ཉི་མ་ཤར་ས་མེད།
རང་དབང་ཉི་མའི་འོད་འདི་མ་བྱུང་ན།
བདེ་སྐྱིད་མེ་ཏོག་སྐྱེས་པའི་རེ་བ་མེད།།
དམངས་གཙོའི་ཉི་མ་གངས་ལ་མ་ཕོག་ན།
བོད་ཡུལ་དྲོད་ཀྱི་ཁེངས་བའི་རེ་བ་མེད།
དྲོད་མེད་གངས་རིའི་དཀྱིལ་མི་རིགས་ཀྱིས།
ཕ་ཤུལ་བུས་འཛིན་ཐུབ་པའི་རེ་བ་མེད།།
ཆོས་མེད་ལྷ་མེད་སྨྲ་བའི་མྱི་རྒན་རྟོག་སད་པ་ཁྱེད་ཚོ་འདྲ་བོ་ལྟ་བུའི་སྔོན་རབས་པ་འབའ་ཕུན་ལ་སོགས་པའི་མདོ་དབུས་ཀྱི་ཨ་ཕོ་ཚོས། ༧བུ་གུ་ཆུང་སྤྱན་རས་གཟིགས་ལ་རྟེན་སའི་གནས་ཞིག་དང་ཁན་སའི་དཔུང་ཞིག་མེད་པར་འ་ཆད་འུ་ཐུག་དུ་བཟོས་བ་ལ། ཁྱེད་ཚོ་དེ་འདྲ་ཞིག་དགའ་དགོས་དོན་མེད། ཁྱོད་ཚོ་ལ་མཚོན་ན། དགོད་ཤོར་སྤྱད་ཞིག་ཡིན་ན་ཡང་། ང་ལ་མཚོན་ན་ངུ་ཤོར་སྤྱད་ཅིག་རེད་ཁོ་རེ།
ཁྱེད་ཚོ་འདྲ་བོས། བླ་མ་ཞིག་གི་ཐུགས་ཁུར། ཆོས་ལ་བཅིང་བའི་ཟོལ་མེད། སློབ་མརབརྩེ་བའི་ཐུགས་གཤིས་སོགས་ཅི་གང་ཤེས་ལེ་མ་རེད། བྱས་ཙང་། བླ་མས་བླ་མ་ཁོང་གི་སྐུ་དོན་རང་ལ་དེ་འདྲ་བྱས་བ་རེད་བསམ་ཡོད་པ་རེད། འདི་ནི་ཁྱེད་ཅག་ལ་མ་ཚང་བའི་ནག་ཁུང་ཡིན་ནི་རེད། རྒྱུ་མཚན་གསུམ་ཡོད། གཅིག་ནི་ཁྱེད་ཚོ་བླ་མ་མིན། གཉིས་ནི་ཁྱེད་ཚོར་ཆོས་དད་མེད། གསུམ་ནི་ཆེན་པོ་རིག་ན་སྨྱོ་འགྲོ་མི་ཚོ་ཡིན་པས་རེད།
དབྱི་མི་ཚོར་ཁ་དཔེ་ཞིག་ཡོད། རྐང་བ་ཆེན་པོ་ཅན་ཞིག་གི་ལྷམ་ནང་ལ་རྐང་བ་ཆུང་ཆུང་ཞིག་གིས་ཚོད་ལྟ་བྱས་ན། དེ་ནི་ནམ་ཡང་ལྷམ་ཆོས་སོང་བ་མ་འགྲིག་པ་ལས། རང་གི་རྐང་བ་ཆུང་སོང་བ་མ་འགྲིག་པ་ཤེས་ནི་དཀོན་མཆོག་ལ་བློ་ཉེས་བ་ཚོ་ལས་གཞན་མེད་ཟེར་བ་རེད།
ཀརྡོ་ལགས།
འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་དག་ཚོས་ལྕགས་ཀྱི་གནམ་གྲུ་བཟོས་ནས་དམག་བརྒྱབས་སྐབས་ང་ཚོའི་བོད་ཀྱིས་རྩྭ་དཀྲག་ཙམ་བཟོ་མ་ཤེས་པའི་རྒྱུ་མཚན་གང་གིས་ལན་པ་རེད་དམ། དྲི་བ་ཡིན་ད། དྲང་པོ་གསུང་ཤོག་ཨ།
ང་ཚོས་་་་ཆོས་མེད་་་ལྷ་མེད་ཟེར་གྱི་མེད་ད། འཛམ་གླིང་གི་ཚན་རིག་པ་ང་ཡིན་ཁོ་ཡིན་ཚོས་ལྷ་མེད་པར་ཐག་གཅོད་མ་ཐུབ་པར་་་ང་ཚོས་ལྷ་མེད་པར་ཐག་གཅོད་ཐུབ་ཐབས་མེད། འཁྲུལ་མ་བསྡད།་་་ཨ གསལ་བཤད་ཡིན་ད།
དེ་ན་ཡོད་པ་དེར་དད་མི་ཆོག་ཞུ་གི་ཡོད་པེ་ཨ། ཧམ་པ་ལ།
ལྷ་ཡོད་ཐག་ཡང་མི་ཆོད། མེད་ཐག་ཡང་མི་ཆོད། ཡོད་མེད་ཐག་མ་ཆོད་པར་ནི་རྨོངས་པ་རེད། དེའི་ཐོག་ཏུ་དད་པ་བརྒྱབས་ན་རྨོངས་དད་རེད། འགྲོ་བ་རིགས་དྲུག་བཤད་པའི་ནང་ནས་གཉིས་ཡོད་པར་ཐག་གཅོད་ཐུབ་ཀྱི་ཡོད། གཞན་དག་བཞི་པོ་ཡོད་ཐག་དང་མེད་ཐག་གཉིས་ཀ་མི་ཆོད། ཤེས་སོང་ངམ། ཁྱོད་ཀྱིས་ཐག་གཅོད་ཐུབ་ཀྱི་ཡོད་ན་ཡག་པོ་རེད། དཔང་རྟགས་འདྲ་ཡོད་ན་འཛམ་གླིང་ཐོག་ཏུ་སྐད་གྲགས་ཆགས་ཀྱི་རེད་་་ཧཧཧ
དཔལ་དོན་ཕེབས་པ་བཟང་། བོད་ཕོངས་བྱེད་ཕྱོགས་མང་བོ་རེད། ཡིན་ནའང་། བོད་ཀྱི་རྒྱལ་ཁབ་ཤོར་བ་ནི་མགོ་ཆད་སོང་བ་ལྟ་བུ་རེད་ལ། ད་ལྟ་བོད་འདི་བཞིན་མགོ་མེད་པའི་བེམ་པོ་ཞིག་ཏུ་གྱུར་ཡོད་པ་རེད། དེའང་ཕྱི་རྐྱེན་དང་ནང་རྐྱེན་གྱིས་བསྐྱེད་པའི་ནད་རོ་ཞིག་དང་། འཆི་བའི་ལམ་དུ་ཕྱོགས་པའི་ནད་པ་ཞིག་ཡིན་པས། འཕོ་བའི་ཐབས་ལ་བརྟེན་ནས་སླར་ཡང་གསོན་ཐབས་བཙལ་བཞིན་པ་མ་རེད་དམ།
འཇིག་རྟེན་ན། Spirit ཡོད་ཐག་མི་ཆོད་མེད་ཟེར་ན། ཁྱེད་རང་སྨྱོན་པ་ཞིག་ལས། ངོས་འཛིན་གཞན་རག་གི་མ་རེད། ངའི་དད་པ་དང་ཆོས་ནི་སྐད་གྲགས་ཆགས་ལ་བསྟན་པ་ཞིག་མ་རེད།
འདིར་ཅོ་རིས་བཏོན་པའི་བསམ་ཚུལ་འགའ་ཤས་དོན་ལ་གནས་པ་འདུག ཆོས་ལུགས་ཀྱི་ཨུ་བཙུགས་ཀྱི་རེ་བ་དེས་བསམ་བློ་གཞན་པ་འགག་པར་སྐྱོན་ཤུགས་ཆེར་བྱས་སྟབས། ལྟ་བ་གསར་པ་དང་། ཞིབ་འཇུག་གསར་པ། ཐབས་ཤེས་གསར་པ་འཚོལ་བར་ཆོས་ལུགས་ཀྱིས་གཏན་གཏན་བར་ཆད་བཏང་ཡོད་པ་ནི་དོན་ལ་གནས།
ཆོས་ལུགས་ཀྱིས་རྐྱེན་བྱས་ནས། དེའི་ཐེན་འཁྱེར་དང་དཔུང་སྒྲིལ་གྱི་ནུས་པ་ཤུགས་ཆེར་དར་ནས། ཆོས་པ་ཕན་ཚུལ་དམར་གསོད་དང་། ཆོས་ལུགས་མི་འདྲ་བ་དབར་ལ་དམག་འཁྲུག དེ་བཞིན་ཁྱོད་ཤི་ང་གསོན་གྱི་ཁྲག་དྲི་བྲོ་བའི་གཡུལ་ས་དེར། མེ་སྦར་བའི་སྟེང་ལ་ཤིང་གཤག་པ་ཟེར་བ་ལྟར། སོག་པོ་དང་། རྒྱ་མི། དེ་བཞིན་བལ་པོ་སོགས་ཁྲིད་ནས། བོད་ཆེན་པོར་གྲགས་མྱོང་བའི་རྒྱལ་གཞིས་དེ་ཐ་ཐོར་ལ་བཏང་། ཆོས་པ་དང་ཆོས་ལུགས་དང་དེ་འབྲེལ་བ་ཡོད།
ང་ཚོའི་མདུན་ལ་དཔེ་ཆེན་པོ་གཉིས་ཡོད་པ་ནི། རྒྱ་གར་དང་ཨི་ཇིབ་ཊི་རེད། རྒྱལ་ཁབ་དེ་གཉིས་བོད་ཀྱི་སྔོན་ལ་ལོ་ངོ་སྟོང་ཕྲག་འགའ་ཤས་རིང་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཆགས་མྱོང་རུང་། ད་ཆ་གཉིས་ཀས་ཆོས་དང་འཇིག་རྟེན་ཐ་དད་ཡིན་ཟེར་ནས། གཞུང་སྐྱོང་བ་ལ་སྲིད་རྐྱང་པ་དང་། ཆོས་ལུགས་ཀྱིས་ཐེ་བྱུས་མི་ཆོག་པའི་རྩ་ཁྲིམས་བཟོས་ཡོད་པ་དང་། དེ་ལག་ལེན་བསྟར་བར་གདོང་ལེན་ཆེན་པོ་བྱེད་བཞིན་ཡོད། ཁོང་གཉིས་ཀྱི་དེ་ལྟར་བྱེད་དགོས་པ་ནི། སྲིད་ལ་ཆོས་ཞུགས་སྐབས། བདུད་ལ་མྱོས་བྱེད་ཐོབ་པ་བཞིན། ཐམས་ཅད་ཕུང་བར་བྱེད་པ་ལོ་མང་པོའི་མྱོང་ཐོག་ནས་གྲུབ་ཡོད།
དབང་ཆ་དང་རྒྱུ་ལ་ཐུག་སྐབས། བོད་ཀྱི་ལོ་རྒྱུས་ནང་ལ་ཆོས་པ་ཚང་མ་དམག་དང་སྲིད་ལ་ཞུགས་པའི་ལོ་རྒྱུས་ལས། དབང་བསྐྱུར་ནས་རི་ལ་སྒོམ་ལ་འགྲོ་མཁན་མི་ཐོག་གཅིག་རྐྱང་བྱུང་མྱོང་མེད།
དེར་རྟེན། དང་པོ་སྲིད་དང་ཆོས་འདྲ་མཉམ་གྱི་འདུ་ཤེས་སྤེལ་དགོས་འདུག ཆོས་ལུགས་པ་ཚོས་སྤྲུལ་སྐུ་དང་བླ་མའི་མིང་འཁྱེར་ནས་སྲིད་དོན་པའི་མགོ་ལ་གཞོན་པ་དེས་ཕུང་གཞི་གཙོ་བོ་གཅིག་བྱེད།
གཉིས་པ། བླ་མའམ་སྤྲུལ་སྐུ། མོ་པ་དང་ལྷ་པ་རྣམས་སྲིད་ལ་ཞུགས་ན་འགྲིགས། འོན་ཀྱང་སྲིད་ལ་ཞུགས་པའི་ཉིན་མོ་དེ་ནས་སྲིད་དོན་པ་ལས་ཆོས་ལུགས་པའི་རྣམ་པ་བཏོན་ན་འགྲིགས་ཀྱི་མིན་འདུག ཟམ་གདོང་རིན་པོ་ཆེ་སྔོན་མ་བཀའ་བློན་ཡིན་དུས། ངས་མི་རྐྱང་པ་ཞིག་ལ་བརྩིས་ནས་སྐྱོན་བརྗོད་བྱེད་པ་ལས་བླ་མའི་འདུ་ཤེས་བཞག་མྱོང་མེད། དེ་ལ་མི་མང་པོ་མི་དགའ་བར་བྱེད། གཙོ་བོ་དེ་ཟམ་གདོང་རིན་པོ་ཆེ་ཁྱིམ་ཚང་སྐྱོང་མྱོང་མེད་པར་འཇིག་རྟེན་པར་བསླབ་བྱ་མང་པོ་ཞིག་བྱེད་པ་འདིར་བསུན་གྱི་འདུག
གསུམ་པ། རྒྱལ་བ་རིན་པོ་ཆེས་ཆོས་ལུགས་པ་སྲིད་དོན་པར་བསྐོ་བཞག་གནང་རྒྱུ་དེ་མཚམས་འཇོག་གནང་དགོས་ཀྱི་འདུག སྲིད་དོན་པར་སྐྱ་བོ་ཤེས་རིག་དང་ཉམས་མྱོང་ཅན་རྣམས་བསྐོ་བཞག་གནང་ན་ལེགས། ཟམ་གདོང་རིན་པོ་ཆེ་དང་། ཨ་ལགས་རིན་པོ་ཆེ་དང་། ཁམས་སྤྲུལ་རིན་པོ་ཆེ་དང་། བླ་མ་སྤྲུལ་སྐུ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེའི་རྒྱབ་སྐྱོར་མེད་ན་ཁོང་ཚོ་སྲིད་ལ་འགྲོ་ས་མེད།
བཞི་པ། བོད་ཀྱི་མང་ཚོགས་ལ་སྲིད་དོན་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེ་རེད། ང་ཚོའི་མང་ཚོགས་ལ་སྲིད་དོན་གྱི་གོ་རྟོགས་མེད་སྟབས། དམངས་གཙོ་ནི་དེ་བས་ཉེན་ཁ་ཅན་ཞིག་རེད། དམངས་གཙོ་ནི་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ནང་ལ་ལམ་ལྷོང་ཆེ། རྒྱུ་མཚན་ནི། མི་སོ་སོས་རྣམ་དཔྱོད་བཀོལ་བར་བྱེད། རྣམ་དཔྱོད་མེད་པའི་མི་དམངས་ལ་དམངས་གཙོ་སྤྲོད་པ་དེ། མིག་ལོང་པར་གྲི་སྤྲོད་པ་དང་མཚུངས་ཟེར།
བསམ་ཤེས་ལགས་ཀྱིས་ཡག་པོ་གསུངས་བྱུང་བས་དགའ་པོ་བྱུང་།
བསམ་ཤེས་ནི་བསམ་ཤེས་རང་རེད། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ཡོད་པའི་ཁུལ་རེད། ཡིག་རྨོངས་པ་ཉུང་བའི་ཁུལ་རེད། འདྲ་འདྲའི་ནང་གི་མ་འདྲ་བའི་ཁུལ་རེད། ཡིན་ནའང་། ཁྱེད་ཀྱིས་རྣམ་དཔྱོད་མེད་པའི་མི་དམངས་ལ་དམངས་གཙོ་སྤྲོད་པ་ནི་ལོང་བའི་ལག་པར་རལ་གྲི་བཞག་ཅེས་པ་ནི་དཔེ་དོན་ཟུང་ལྡན་ཞིག་དང་། དེང་གི་བར་བོད་དོན་ཐད་གྲུབ་འབྲས་ཐོན་མེད་པའང་ཁྱོན་ཡོངས་ནས་སློབ་གསོའི་སྲིད་བྱུས་ཕམ་ཉེས་བྱུང་ཡོད་པའི་རྟགས་རེད་ལ། བོད་ཕོངས་པ་ལས་ཡར་ལངས་པར་གཞོགས་འདེགས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཅིས་མ་ཡིན། འགོ་ཁྲིད་མཁན་ཕལ་ཆེ་བའི་བསམ་བློའི་ནང་དུ་བོད་དོན་ཟེར་བ་ནི་ཚོང་རྫས་ཤིག་དང་། དེ་བཙོང་མ་ཐུབ་ན་ཀླད་པ་ལྗང་ཁུ་ཅན་ཞིག་ལ་ངོས་འཛིན་གནང་བཞིན་པའི་གནད་ཀྱང་འདི་རེད། འདི་ནི་ད་ལྟའི་ལག་ལེན་དང་འབྲེལ་བའི་འགག་རྩ་ཞིག་སྟེ། འདིའང་དམིགས་ཡུལ་ཅན་གྱི་མགོ་བསྐོར་འོག་ཚུད་སླ་བའི་ཡུན་བསྲིངས་གནད་དོན་ཞིག་ཡིན།
ཅོ་རིས་བོད་ལ་དམངས་གཙོ་དགོས་ཚུལ་ལབ་པ་དེ་སྤྲང་པོས་མཛོ་མོ་ཉར་དགོས་རེད་ཟེར་བའི་དཔེ་ལྟ་བུ་རེད། བོད་ལ་རང་གི་ལུང་པ་མི་དབང་ས་ན་དམངས་གཙོ་སྣ་འཐེན་ནས་ཁ་ནང་ལ་ཡོང་གི་མ་རེད། དེ་ལས་བོད་རང་ལ་སྔར་ནས་ཡོད་པའི་བླ་མ་གྲྭ་བས་སྣེ་ཁྲིད་པའི་དམ་པའི་ཆོས་ཀྱི་ལམ་སྟོན་ལས་ལྷག་པ་ཞིག་རྨི་ལམ་ནང་ལ་འདྲ་མ་གཏོགས་ག་ལ་སྲིད།
འདི་ན་བོད་ཅེས་པ་ཞིག་གནས་དང་མི་གནས་ཀྱི་ཛ་དྲག་ཉེན་ཁའི་ནང་ལ་ལྷུང་ཡོད་རེད། དམངས་གཙོ་ཟེར་བ་དེ་ཚོ་རང་དབང་རང་བཙན་གྱི་རྨང་གཞིའི་སྟེང་དུ་གཞི་ནས་ཡོང་ཐུབ་པ་ཞིག་རེད། རྒྱ་དམར་གྱིས་བཙན་འཛུལ་མ་བྱས་ར་དུ་བོད་ཟེར་བའི་སྒྲོམ་གཞི་མ་འཐོར་བར་གནས་ཐུབ་པ་དེ་མི་རིགས་ཀྱི་འདུ་ཤེཤེས་ཟབ་དྲགས་པས་མ་རེརེད། དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་ཆེ་དྲགས་པས་མ་རེད། འདི་ཆོས་ཀྱི་ནུས་པ་རེད། དད་པའི་སྟོབས་ཤུགས་རེད། ད་ལྟ་ཡང་བོད་ལ་འདི་ལས་དྲག་པའི་སྐྱབས་གནས་རེ་ལྟོས་མེད།
ངས་བསམ་ཚུལ་བྱས་ན་་་ད་དུང་མུ་མཐུད་ནས་མི་ལོ་༢༠༠རིང་དུ་བོད་གནས་ངེས་ཡིན་བསམས་ཀྱི་ཡོད། བོད་རང་བཙན་ཡང་འཐོབ་ངེས་རེད་བསམས་ཀྱི་ཡོད། བོད་མི་རིགས་ཀྱི་ཕ་རྒྱུད་ནས་བུ་རྒྱུད་བྱེད་ནས་འཛམ་གླིང་ཐོག་ཏུ་གནས་ངེས་པ་རེད། དེ་འདྲ་ཡིན་དུས་་་བོད་རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་ཚུར་རག་ནའང་འདྲ། མ་རག་ནའང་འདྲ། བོད་མི་རིགས་འཛམ་གླིང་འདིའི་ཐོག་ཏུ་གནས་དགོས་པས་ང་ཚོ་ལ་སྤྱི་ཚོགས་སྐྱོང་བའི་ཆབ་སྲིད་ལྟ་གྲུབ་དགོས་ངེས་རེད། དེ་ནི་དམངས་གཙོ་ལས་ལྷག་ཞིག་འཛམ་གླིང་འདིའི་ཐོག་ཏུ་ད་ལྟའི་ཆ་ལ་མེད།།
སོ་སོས་སོ་སོར་སེམས་ཤུགས་བཅག་མི་ཉན། བོད་གནས་ཀྱི་མ་རེད་ཟེར་བ་དང་། རང་བཙན་ལེན་ཐུབ་ཀྱི་མ་རེད་ཟེར་བ་སོགས་བཤད་ནས་མི་དམངས་ཤུགས་བཅག་མི་ཉན། དོན་དངོས་པོའི་ཐོག་ཏུ་བོད་རང་དབང་རང་བཙན་འཐོབ་ངེས་ཡིན། སྤྱིའི་ཆ་ནས་བོད་ཀྱི་རང་བཙན་ཆ་ཚང་ཤོར་ཚར་བ་ཡང་ངོས་འཛིན་བྱས་ཀྱི་མེད། བོད་ལ་ཕྱེ་རང་བཙན་ནམ་རྣམ་པ་འགྱུར་བའི་རང་བཙན་ཡོད་ཅེས་ཞུས་མྱངས་ཡོད་ལ་དོན་དངོས་པོའི་ཐོག་ཏུ་ཡོད།
དམངས་གཙོའི་ལྟ་གྲུབ་འདི་ས་ཆ་ཡོད་མེད་ཀྱི་སྐད་ཆ་ཞིག་མ་རེད། ད་ལྟའི་ཆ་ལ་བཙན་བྱོལ་མི་དམངས་ལ་རང་བདག་གྱི་ས་ཆ་མེད་ནའང་སྤྱི་ཚོགས་སྐྱོང་བའི་ཁྲིམས་ལུགས་ཤིག་དགོས་པ་རེད་ལ་་་དམངས་གཙོའི་ཁྲིམས་ལུགས་འདིར་ལག་ལེན་སྟར་མདོག་མདོག་བྱས་དང་བྱེད་བཞིན་པ་རེད།
སྤོབས་པ་ལགས། ངས་ཁྱེད་ལ་སྒྲུང་ཞིག་བཤད། ཉེ་སྔོན་ཐེ་ཝན་ནས་ང་རང་རྒྱ་ནག་སྐམ་སར་ཕྱག་ལས་གནང་བཞིན་པའི་བོད་རིགས་དགེ་རྒན་ཆེན་མོ་བ་ཁ་ཤས་དང་མཇལ་སོང་། ང་ཚོས་ཉིན་ཞག་རེ་འགའི་ནང་ཁོམ་སྐབས་བེད་སྤྱད་ནས་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་བསམ་པར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོས་སྐུ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་ཆེད་ལས་མི་སྣ་སྟོང་ཕྲག་མང་བོ་བསྐྱེད་བསྲིངས་གནང་ཡོད་པས། མ་འོངས་པར་བོད་ལ་རང་དབང་རེག་རྗེས་རང་ཁ་རང་གསོ་བྱེད་ཆོག་པ་རེད་འདོད་ཀྱིན་འདུག དེ་བས། ངས་ཁོང་ཚོར་གལ་སྲིད་ཁྱེད་རང་ཚོས་ཕྱོགས་ཡོངས་ལ་དམིགས་པའི་ཆེད་ལས་མི་སྣ་གསོ་སྐྱོང་གནང་མེད་ཚེ་ཕྱི་ལོགས་སུ་རྩིས་ཁྲ་ཉར་སྟངས་དང་དཔལ་འབྱོར་རིག་པའི་འགྲོ་སྟངས་ཁག་ཅིག དེ་མིན་འཛིན་སྐྱོང་གི་མི་སྣ་མ་གཏོགས་གཏེར་ལས། གློག་ལས། ཁང་ལས། ལམ་ལས། མོ་ཊ། གནམ་གྲུ ནོར་སྲིད། དངུལ་ལས་སོགས་ཀྱིས་མཚོན་པའི་མི་སྣ་ཧ་ལམ་མེད་པས། བོད་ནང་ནས་ཐབས་ཤེས་འཐེན་དགོས་ཀྱི་འདུག་ལབ་པ་ཡིན། དེ་ནས་ཁོང་རྣམ་པ་ཧང་སངས་ནས་རིན་པོ་ཆེ་ལྷན་རྒྱས་ནས་རྒྱལ་ཁབ་ཤོར་བཞིན་དུ་ལོ་ངོ་དྲུག་ཅུ་ལྷག་གི་རིང་ཕྱི་ལོགས་སུ་ག་རེ་གནང་བ་རེད་དམ་ལབ་སོང་། ངས་ཕལ་ཆེར་གྲོང་ཆོག་དང་ཆ་འདྲ་བའི་ཕྱག་ལས་གང་མང་གནང་ཡོད་འདུག་་ལབ་པ་ཡིན།
ལྷ་སྡེ་གནམ་ཡག་ལགས། ངས་སྔོན་མ་ནས་མང་པོ་བཤད་མྱངས་ཡོད། ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གི་ཁྱད་ལས་རིག་གནས་ནང་འདྲེན་བྱེད་དགོས་འདུག་ཅེས་མང་པོ་བཤད་མྱངས་ཡོད། ༢༠༠༩་ལོར་ཐ་སྙད་གསར་པ་ཟེར་བའི་རྩོམ་ཡིག་ཞིག་བྲིས་པ་ཡིན། གནད་འགག་ཡོད་པའི་སྐད་ཆ་མང་པོ་བཤད་ཡོད། སུ་གང་གིས་གོ་མདོག་མདོག་ཙམ་བྱེད་ཀྱི་མི་འདུག ངས་བསམས་པར་་་ང་ཤི་ཚར་བའི་རྗེས་སུ་བོད་མི་ཚོས་ཧ་གོ་བ་ཙམ་མ་གཏོགས་ད་ལྟ་དུས་ཚོད་སླེབས་མི་འདུག་བསམས་ནས་སེམས་པ་སྐྱོ་ནས་ཡོད།
ང་ཅོ་རིའི་ཁ་ཐབས་སྐྱོ་པོ་ཡོད་ནའང་བོད་མི་རིགས་ཀྱི་ཡུལ་ལུང་སྐྱོང་དུས་གསང་སྤྱོད་ཡན་ཆན་བསམ་བློ་གཏོང་གི་ཡོད། ང་ཚོས་ཆེ་ཆེ་དྲག་དྲག་འདི་དག་གིས་ནང་འཁྲུག་ག་འདྲ་རྒྱག་དགོས་བསམ་པ་མ་གཏོགས་་་བོད་མི་རིགས་ཀྱི་མ་འོངས་འཚོ་བ་སྐྱེལ་སྟངས་དང་་་འཚོ་བ་སྐྱེལ་རྐྱེན་གྱི་རིག་གནས་ཐོག་ཏུ་རྩ་བ་ནས་བསམ་བློ་གཏོང་གི་མི་འདུག
ཁྱད་ལས་རིག་གནས་ནང་འདྲེན་མ་བྱས་པས་རྐྱེན་གྱིས་ངས་ངོས་ནས་ཟམ་གདོང་བླ་མ་ལ་ཁོང་ཁྲོ་དང་གུས་བཀུར་མེད་པ་ཆགས་སོང་། ཕུགས་རྒྱང་རིང་པོའི་གནད་དོན་ཐོག་ཏུ་ཐུགས་བསམ་བཞེས་མ་སོང་བསམས་ནས་བློ་ཕམ་བྱུང་། དེ་ནས་བཟུང་བརྩི་བཀུར་བྱ་མི་འདོད་ཆགས་སོང་། མི་ལོ་དེ་དག་གི་རིང་དུ་དབང་ཆ་ཟིན་ནས་བསྡད། ཕན་ཐོགས་པའི་རིག་གནས་སྣེ་གཅིག་ནང་འདྲེན་མ་བྱས། ངོ་མ་སྙིང་ནད་ཆགས་ནས་འགྲོ་སོང་།
ང་དང་ང་འདྲའི་བློ་མཐུན་ཚོས་ཆོས་ལུགས་དུག་ཏུ་བརྩིས་པ་གང་ཡང་མེད། མ་ཟད་ལས་འབྲས་དང་དཀོན་མཆོག་ཀྱང་དེ་བས་མེད་ོར་བཤད་མེད། བྱས་ཙང་དེའི་རིགས་ལ་འགོག་དགོས་གང་ཡང་མ་མཐོང། ཆོས་ཁ་ལ་འཁྱེར་ནས་ཆོས་ལུགས་ཀྱི་འཐེན་ཁྱེར་གྱིས་བོད་འདི་ཕུངས་ཡོད། ཆོས་བྱེད་མི་སྣས་རྒྱ་ནག་གི་ཞྭ་མོ་ཁྱེར་ནས་བོད་ནང་དུ་བོད་མི་རིགས་ལ་གཉའ་གནོན་དབང་བསྒྱུར་བྱས་ཡོད། ཆོས་བྱེད་མི་སྣས་རྒྱ་ཡི་གསེར་ཡིག་ཁྱེར་ནས་བོད་ནང་དུ་རང་མི་རིགས་ལ་སྟོབས་ཤུགས་དབང་ཚད་ངོམས་ཡོད། ཆོས་བྱེད་མི་སྣས་རང་ཉིད་སྤྲུལ་སྐུར་ངོས་འཛིན་དང་དེ་ལ་སྟོབས་ཤུགས་ཅན་གྱིས་རྒྱབ་སྐྱོར་ཡོང་བྱེད་གསེར་བུམ་དཀྲུགས་ནས་བོད་འདི་གཞན་ལ་དབང་དུ་བཅུག་ཡོད། མི་སེར་སྐྱུས་མ་ནས་འུ་ལག་ཁྲལ་བསྡུས་ཀྱིས་ལས་མེད་ཀྱི་སེར་མོ་བ་སྟོང་ཕྲག་མང་པོར་གསོ་སྐྱོང་བྱས་ནས་རྒྱལ་སྲུང་དམག་མི་མེད་པར་བྱས་ཏེ་བོད་འདི་ཕུངས་ཡོད། ཆོས་བྱེད་མི་སྣས་རང་ཉིད་ཀྱི་འབྱུང་ཁུངས་ལེགས་ཕྱིར་བོད་ཀྱི་སྣོད་བཅུད་ཐམས་ཅད་གཞན་གྱིས་ཡིན་པར་སྒྲུབ་ཡོད། དེ་དག་ནི་ཆོས་ཀྱིས་ལེ་ལན་མིན་ཀྱང་ཆོས་བྱེད་མི་སྣས་ལེན་པས་ཆོས་ལུགས་ལ་མི་ཚོས་རྣམ་རྟོག་འབྱུང་བ་ནི་རྒྱུ་རྐྱེན་མེད་པའི་བསམ་འཆར་ཞིག་གཏན་ནས་མིན། ད་ལྟ་རྒྱ་ནག་གིས་དབོན་ཞང་གིས་འབྲེལ་བས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་དང། གསེར་བུམ་དང་གསེར་ཡིག་བླངས་པ་ལ་རྟེན་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་བཤད་དང་ཤོད་བཞིན་ཡོད། དེ་བཞིན་བོད་ཆོལ་ཁ་གསུམ་ཕར་འབུལ་ཚུར་སྤྲོེད་ཟེར་བ་དང། གོར་དམག་བཀྲས་ལྷུན་བར་དུ་སླེབས་པ་ཐམས་ཅད་ཀྱང་ཆོས་བྱེད་མི་སྣས་བྱས་པ་རེད། ད་དུང་ཨ་རུ་ན་ཅལ་ཀྱང་ཉེ་སྔོན་རྒྱ་གར་གྱིས་ཡིན་པར་སྒྲུབ་སོང། ད་དུང་གངས་ཏི་སེ་ལའང་རྒྱ་གར་གྱི་གངས་རིན་པོ་ཆེ་ཞེས་བཤད་དང་ཤོད་བཞིན་འདུག ཆོས་བྱེད་མི་སྣས། བྱས་ཙང་དེ་ཚོས་ཐམས་ཅད་རང་མི་རིགས་ལ་མིག་འགྱང་རིང་པོར་མ་བསམ་ནས་རང་གི་ཆོས་ལུགས་སྟོབས་ཤུགས་རྒྱས་ཆེད་ཁོ་ནར་བསམ་པའི་འབྲས་བུ་རེད།
ཁོམ་པོ་མི་འདུག ཡིན་ཡང་། དད་པས་བོད་ལ་ཕན་གནོད་གཉིས་ལས་ཕན༥%་དང་གནོད་༩༥་རེད། བོད་ནས་དད་པ་རིང་ལུགས་པས་རྩོམ་པ་རྡུང་བའི་བྱ་སྤྱོད།
བདེན་པའི་དཔུང་རོགས།
ཅོ་ལེབ་ཟླ་བ།
སྤྱི་ཟླ་གཉིས་པའི་ནང་དུ་ཨ་མདོ་རྔ་བ་རུ་གཏུམ་གཅོད་ཁྲག་བཞུར་གྱི་དོན་རྐྱེན་ཡ་ང་བ་ཞིག་བྱུང་སོང་། གོ་ཐོས་ལྟར་ན་དེ་ནི་ཀ་ཤུལ་སྡེ་བ་སོགས་ཀྱི་རྒས་གཞོན་སྐོར་ཅིག་གིས་གྲི་དང་སྟ་རེ་ཐོགས་ཏེ་ན་གཞོན་སློབ་མ་ཞིག་ལ་འཇིགས་སྐུལ་དང་སྡུག་མོད་ཚ་ནན་བྱས་མཐར། མི་སྣ་བཅུ་ཕྲག་འགས་ཁ་རུབ་ལག་རུབ་བྱས་ཏེ་གསར་བུ་སློབ་མ་དེའི་ཐོད་པར་གྲི་མཚོན་གྱིས་ཁྲམ་རྟགས་ཤིག་འཐེན་པ་རེད། དེ་ལྟར་བྱེད་དོན་ནི་གསར་བུ་སློབ་མ་དེ༼ འབར་ཞུན༽ཞེས་པའི་ཚགས་ཤོག་ཅིག་གི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན་པས་རེད་འདུག
ཁོ་བོས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། ཚགས་ཤོག་དེའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་མི་བཞི་འདུག་ལ། ཁོ་ཚོ་ནི་སྤྱི་ཚོགས་ལ་འགན་འཁྲི་བླ་ལྷག་མངའ་བའི་ན་གཞོན་སློབ་མ་ལྕེ་གསུམ་པ་དངོས་མིང་ལ་རིན་ཆེན། སྒང་གཤེན་སྨྱུག་དངོས་མིང་ལ་དབང་ལྡན། ཏོག་ཡུང་། གཡུང་གོ་བཅས་རེད་འདུག ཁོ་ཚོས་ཤེས་རིག་གི་ལྡང་ཀ་རྩེན་སའི༼འབར་ཞུན༽ཞེས་པའི་ཚགས་ཤོག་ཆུང་ཆུང་ཞིག་གསར་སྤེལ་བྱས་ཏེ། ཕ་ཡུལ་གྱི་དགོན་སྡེ་དང་སྤྱི་ཚོགས་ལ་འགན་ཁུར་གྱི་འདུ་ཤེས་བླ་རུ་བླངས་ཤིང་། ད་ལྟའི་དགོན་སྡེ་དག་གིས་ལུགས་མེད་དང་། རུལ་སུངས། སྒེར་གཅོད་སོགས་སྤྱི་ཚོགས་ཀྱི་ཟུར་རེ་རེ་ན། སྐྱུག་བྲོ་བའི་དོན་དག་དག་མཐོང་དུས། ན་ཟུག་དྲག་པོ་ཞིག་གིས་མ་བཟོད་པར༼འབར་ཞུན༽ཞེས་པའི་ཚགས་ཤོག་ཏུ་ཅོག་ལོ་དགོན་དང་སྣང་ཞུགས་དགོན་གྱི་དྲང་བདེན་མིན་པའི་གནས་ཚུལ་དག་ལ་རང་གི་བསམ་ཚུལ་བཏོན་པ་རེད་འདུག
ཐོད་པར་གྲི་མཚོན་གྱིས་ཁྲམ་རྟགས་འཐེན་ས་དེ་ནི་གོང་གི་ན་གཞོན་བཞི་ཡི་གྲས་ཏེ་ལྕེ་གསུམ་པར་འབོད་པའི་གསར་བུ་སློབ་མ་དེ་ཡིན་འདུག མ་གཞི་ཁོ་ཚོས་བདེན་པ་ཞིག་དང་དགོན་པ་དང་སྤྱི་ཚོགས་ལ་འགན་ཁུར་བའི་གཏམ་དུ་འཁུམ་ན་ཡང་། རྨོངས་ཤིང་བརྟུལ་བའི་དམུ་བློ་བ་དག་ལ་ནི་གངས་རི་དཀར་པོར་ནད་མིག་གིས་བལྟས་ཤིང་སྔོན་པོར་སྣང་བའི་དོན་ལས་ཅི་ལ་ཡོད། སྤྱི་ཚོགས་འདི་ལྟར་ཡ་མ་བརླ་ཞིག་ཏུ་འཁུམ་པ་ནི་ཅི་ཡི་སླད་དུ་རེད། རྒྱལ་ཁྲིམས་ཀྱི་དོ་དམ་མེད་ལ་དྲང་བདེན་དང་གནས་ལུགས་ཀྱི་མཁའ་དབུགས་དབེན་ཞིང་། ཤེས་རྨོངས་ཀྱི་རྫོང་མཐུག་པས་ལན་འདུག
ཁོ་བོ་ལོ་དུ་མར་ལྟོག་སྐོམ་གྱི་ལས་མྱོང་སྟེ་ཕྱིར་སྤྱི་ཚོགས་སུ་གོམ་པ་འདེག་མ་ཐག་ཏུ། ཟ་འཐུང་གསོལ་སྟོན་གྱི་ལོངས་སྤྱོད་ཅིག་ལ་མ་འཁྲེང་པར་ངའི་ཕ་ཡུལ་གྱི་འགྱུར་ལྡོག་དང་འཕེལ་རྒྱས་ལ་ལྟ་འདོད་ཀྱི་འདུན་པ་འགོག་ཏུ་མེད། ཡིན་ནའང་། ངའི་ཕ་ཡུལ་དུ་ན་གཞོན་སེམས་ཤུགས་ཅན་དང་། སྤྱི་ཚོགས་ལ་འགན་འཁྲི་མངའ་བའི་སྐྱེས་བུ་སྐོར་ཞིག་ལྟོས་བཅས་ཀྱི་ཆ་ནས་ཇེ་མང་དུ་སོང་ཡོད་པ་དགའ་ཚོར་གྱི་གནས་ཤིག་ཅི་ལ་མིན། ཟུར་གཞན་ཞིག་ནས་ཆོས་སྲིད་ཟུང་སྡེབ་ཀྱི་བག་ཆགས་རྙིང་བ་རོ་ལངས་བརྒྱབ་སྟེ། བོད་སྤྱི་ཚོགས་ཀྱི་ལས་སྒོ་སྣ་ཚོགས་སུ་འདྲེ་ལག་བརྐྱངས་བའི་གནས་ཚུལ་འདིས་ཁོ་བོའི་ཕ་ཡུལ་གྱི་རེ་བ་ཆུ་ནང་ལ་གཡུག་སོང་། བླ་མ་དང་སྤྲུལ་སྐུ། དགོན་སྡེ་དང་དགོན་སྡེ། གྲུབ་མཐའ་དང་གྲུབ་མཐས་དབང་བསྒྱུར་རམ་དབང་རྩ་བསྟན་པའི་ཕྱིར། ཁོ་པ་ཅགགིས་ལས་ཀྱི་སྦྱོར་བ་འདྲ་མིན་བརྩམས་ཤིང་སྒེར་གཅོད་དབང་བསྒྱུར་གྱི་བསམ་བློ་མི་གཙང་གད་སྙིགས་ཀྱི་ཐ་རྡུལ་ཇི་བཞིན་ཕ་ཡུལ་གྱི་ངོ་གདོང་ལ་འཐིམས་ཤིང་འཐིམ་གྱིན་འདུག འདི་དག་མཐོང་ཐེངས་རེར་ཁོ་བོ་ཡུད་གཏིང་ནས་ཆད་ཅིང་བློ་ཕུགས་ནས་མུག འུ་ཚོས་ནམ་ནམ་ཞར་ཞར་དུ་གཞན་གྱི་སྒེར་གཅོད་དང་། བཙུར་གནོན་ལ་མཐའ་གཅིག་ཏུ་རྒོལ་བ་མ་ཡིན་ནམ། ཁ་ནང་ལ་བསྐོར་དུས་འདི་འདྲའི་གཏུམ་སྤྱོད་ཅིག་སྤེལ་དགོས་པ་གང་ལ་ཐུག གནད་ཀྱི་དོན་པོ་ནི་དོན་རྐྱེན་དེའི་གསར་བུ་ཧོལ་འགྲོས་ཅན་དང་མགོ་སྟོང་འགས་ལས་ཀྱི་སྦྱོར་བ་ཙམ་མ་ཡིན་པར། དེའི་ལྟག་རྒྱབ་ཏུ་མི་ཆེན་དང་དཔོན་ཆེན་དུ་འབོད་པ་གང་རུང་ཞིག་གིས་རྒྱབ་བརྟེན་མེད་པའང་ངེས་པ་མ་མཆིས། ཡང་གཅིག་བཤད་ན། འུ་ཚོའི་གནས་བབས་འདི་ལྟ་བུའི་དུས་ལ“ ནང་འགལ”འདྲ་མིན་བྱུང་བར་གཞན་དང་གཞན་འཛུམ་མོལ་ལེར“ གཞན་གྱི་རྒུད་པ་མཐོང་བ་ན།། རང་ཉིད་དགའ་བའི་རྒྱུ་རུ་མི་གྱུར”བའི་ངེས་པའང་ག་ལ་ཡོད།
རང་དབང་དང་དམངས་གཙོ། འདྲ་མཉམ་དང་བདེན་པ་ལ་ཁྱོད་པ་ཚོ་སྒེར་གཅོད་ཁྱུ་ཚོགས་ཀྱིས་ནམ་ཡང་དང་ལེན་བྱེད་པ་དངངས་སྐྲག་སྐྱེ། གལ་ཏེ་དེ་དག་དར་སོང་ན་ཁྱོད་པ་ཚོ་སྒེར་གཅོད་ཁྱུ་ཚོགས་ཀྱི་ཁེ་ཕན་མཐའ་དག་ལ་བརྡབ་གསིག་ཐེབས་པས་སོ།། དོན་རྐྱེན་འདི་ཡང་དེ་ག་ནང་བཞིན་ལས་མ་འདས་ཏེ། གལ་སྲིད་དགོན་པ་དམངས་གཙོ་ཅན་དང་འདྲ་མཉམ་ཅན། རང་དབང་ཅན་དུ་གྱུར་ན་དགོན་གྱི་བདག་པོ་གཙོས་པའི་ལས་སྣ་དབང་ཤེད་ཅན་ཚོའི་ཁེ་ཕན་ལ་བརྡབ་གསིག་ཐེབས་པའོ།། ཁོ་ཚོས་ཐབས་སྣ་མང་གིས་དད་ལྡན་གྱི་དམངས་རྣམས་རྨོངས་པ་ལས་རྨོངས་པར་གཏོང་བའོ།། དེ་ནི་དམངས་རྣམས་ཇི་ལྟར་རྨོངས་ན་ཁོ་པ་ཚོས་དེ་ལྟར་བཀོལ་བདེ་ལ། མཛུབ་མོ་གར་བསྟན་ཤར་ཡིན་པས་སོ།།
ཁོ་པ་ཚོས་སྨྲ་བརྗོད་རང་དབང་གི་ཞལ་ལྕེ་ཡོངས་སུ་གཅོད་འདོད་ནའང་། སྨྲ་བརྗོད་རང་དབང་ནི་ཆེས་མ་མཐའི་འགྲོ་མིའི་རང་དབང་གི་རྩ་བ་ཞིག་ཡིན་པས། ཇི་ལྟར་དགག་ན་དེ་ལྟར་ཡུན་གྱིས་ཉི་མ་ཤར་ཤར་དང་ཟླ་བ་ཚེས་ཚེས་སུ་འོང་བ་གདོན་མི་ཟའོ།། མདོར་དྲིལ་ན་གནམ་འོག་ན་རང་དབང་དང་དམངས་གཙོ། འདྲ་མཉམ་དང་གནས་ལུགས། བདེན་པ་དང་ཞི་བདེར་འབོད་པ་གཏོང་མཁན་རྣམས་ཀྱིས་གང་ཐུབ་ཐུབ་ཀྱིས་ལས་ཀ་ཏོག་ཙམ་རེ་གནང་དགོས་པ་དེའོ།། ཁོ་བོར་མཚོན་ན་བདག་དབང་དང་སྲིད་དབང་སུ་ཞིག་གི་ཡིན་པ་གཙོ་བོ་མ་ཡིན་པར། རང་དབང་དང་འདྲ་མཉམ། དམངས་གཙོ་དང་བདེན་པ་ལ་ལྡོག་བརྫིས་གཏོང་མཁན་གྱི་སྒེར་གཅོད་བཙན་པོ་ཕྱི་ནང་གང་ཡིན་ཀྱང་། ཁོ་བོས་མཐའ་གཅིག་ཏུ་རྒོལ་བ་རྒྱག་པའི་གནས་ཡིན་ནོ།།
དད་པ་རིང་ལུགས་པ་ཚོས་བོད་ནས་རྩོམ་པ་པོ་ཞིག་ལ་གཅར་རྡུང་དང་གྲི་རྡུང་བྱས་འདུག་ཟེར། དད་པ་འདིས་ད་དུང་ཡང་བོད་ལ་རང་དབང་སྤྲད་ས་མ་རེད་པཱ། གནས་ཚུལ་དང་དཔར་བཅས་འོག་གི་དྲ་ཐག་ནས་འདུག
http://www.tbnewyouth.com/article/news/201402282444.html
ངའི་ལྟར་ན་གློག་བརྙན་སེར་པོ་འཁྲབ་མཁན་མ་བྱུང་པས་བོད་ཕོངས་པ་རེད། བོད་ཕོངས་སོང་། རྒྱུ་རྐྱེན་འདི་རེད།
ཡ་་་་་་འདིས་ཅི་ཟེར། བོད་ཕོངས་བྱེད་ནི་་་་་་་་་་ཅོ་རོས་རྨོངས་དད་མེད་མདོག་བསྟན་ན། མའོ་ཕྲུག་ཚོའི་མགོ་རྨོངས་ནས་སྲིད་དོན་གླེང་མོལ་གྱི་གྲོས་བྱེད་པ་འདི་རེད།
ཁ་བཙུམ་བརྫོ་ནས་བཤད་པའི་ཐོབ་ཐང་ང་ལ་མེད། ལས་ཀ་མེད་པར་དྲ་འབུས་ཉིན་མཚན་བསྐྱལ་ན་འཚོ་བ་སྦྱོར་མཁན་རྒྱ་ནག་གཞུང་ལས་གཞན་ཁྱེད་ཚོར་མེད།
དེ་ལས་རང་ཚོས་འཇོན་པ་གནང་རོགས། བཞི་རྒྱོ། ་་་་ཅོ་རི་བེད་སྤྱད་ནས་བོད་ཀྱི་བག་འཁུམས་དང་ངོ་ཚ་སྨིན་པོའི་གཤིས་ཀ་མེད་པར་བཟོ་དགོས་ན། བྱམས་སྙིང་རྗེའི་ཁ་གཡང་མེད་པར་བཟོ་དགོས་ན། ངོ་ཚ་བཟད་ནས་རྟོགས་སད་པའི་མི་རིགས་གཅིག་ཏུ་བཟོ་དགོས་ན། བོད་ཀྱི་འགྲོ་བ་མི་རྣམས་སྤྲེའུར་བཟོ་དགོས་ན། རང་ཚོས་ཁ་ཙམ་མིན་པར་ལག་ལེན་དངོས་ལ་གཞུག་སྟེ། གློག་བརྙན་སེར་པོ་གཅིག་འཁྲབ་བྱས་བཀྲམས་ཐུབ་ན་ཡག་པོ་རེད། ཧ་ཅང་གི་ཡག་པོ་རེད། ་་་་་་་་་་་་་་་་་་་་་་་ བོད་ཀྱི་རྨོངས་དད་ཙམ་མ་ཟད་དད་པ་ཡང་མེད་པར་འགྱུར་ངེས། དེ་མིན་རང་ཚོས་ཆི་འཇོན། མའོ་ཙེ་ཏཱང་གི་བོད་རྣམས་བསད་དེ་ཤི་ཕུང་གི་སྟེང་དུ་རྡོག་བྲོ་བརྒྱག་གི་བཅུག་མྱོང་མོད།
བོད་ཀྱི་དད་པར་ཉམས་ཆགས་ཆེན་པོ་བྱུང་མེད། ཅུང་ཙམ་བྱུང་བ་ནི་དེང་སང་གི་གཞོན་སྐྱེས་རྣམས་ཅུང་སྤྲོ་ཐུང་དུ་འགྱུར་བཞིན་པ་འདི་ལྟ་བུ་ཡིན། ངའི་རེ་བར་རང་ཚོས་གསར་བརྗེ་གསར་པ་གསར་རྐྱང་ཤིག་ཏག་ཏག་བྱ་དགོས་ཀྱིན་འདུག རང་ཚོས་འཇོན་པ་དེ་བྱས་ན་ཡག་པོ་རེད།
བོད་ལ་གསར་བརྗེ་ཞིག་དགོས་ན་དེ་ནི་རྒྱ་དམར་གྱི་འོག་ནས་ཐར་ཐབས་བྱ་རྒྱུ་དེ་རེད། གསར་བརྗེ་བྱེད་གི་ཡིན་ལབ་ནས་མྱང་སོང་ང་།
༡༽མི་རིགས་གཞན་གྱི་རྩོམ་པ་པོ་རྣམས་ནི་མི་རིགས་དེའི་ལམ་སྟོན་གྱི་མིག་ལྟ་བུ། མི་རིགས་དེའི་ནུས་པ་གསོ་བའི་སྨན་ལྟ་བུ། མི་རིགས་དེའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ན་ཡང་། ང་ཚོ་བོད་པ་ཚང་གི་རྩོམ་པ་པོ་རྣམས་ནི་བོད་མི་རིགས་གི་ནུས་པ་གཏོར་བའི་ཐོ་བ་ལྟ་བུ། བོད་མི་རིགས་ཀྱི་མིག་གཉིས་འགབ་པའི་ལིངས་ཏོག་ལྟ་བུ། མི་རིགས་འདི་འཆི་ལམ་དུ་འདེབས་པའི་བཙན་དུག་ལྟ་བུའོ།
༢༽ མི་རིགས་གཞན་གྱི་མཁས་པ་རྣམས་ནི་དེ་རིང་ལ་རྐང་པ་བཞག་ནས་སང་ཉིན་ལ་མདུན་དུ་སྤོ་མཁན་རྐྱང་ཡིན་ན་ཡང་། བོད་མི་རིགས་ཀྱི་མཁས་པ་རྣམས་ནི་དེ་རིང་ནས་ཁ་སང་གི་ཕྱོགས་ལ་གོམས་པ་སྤོ་མཁན་རྐྱང་ངོོ་།།
གསར་པ་ཞིག་ལ་བརྗེ་བའི་གསར་བརྗེ་བྱ་འདོད་ན། བརྗེ་རྒྱུ་མའི་གསར་པ་དེ་རྒྱ་གར་ནས་གདན་དྲང་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་ནས་གདན་དྲང་རྒྱུ་ཡིན། ཡང་ན་ནུབ་ཕྱོགས་ནས་གདན་དྲང་རྒྱུ་ཡིན། ཡང་ན་བོད་རང་ཡུལ་ནས་སྔོན་མེད་པ་ཞིག་གསར་དུ་བཟོ་རྒྱུ་ཡིན། དང་པོ་འདི་ཁ་གསལ་པོ་ཞིག་བཟོས་དེ་ནས་སྐད་ཆ་རིམ་པས་གླེང་ཆོག །
༣༽མི་རིགས་གཞན་དག་ནི་ཆོས་ལུགས་མི་འདྲ་བའི་ལྟ་ཚུལ་དང་། ཆབ་སྲིད་མི་འདྲ་བའི་ལྟ་ཚུལ། རིག་གནས་མི་འདྲ་བ་བེད་སྤྱད་ནས། རང་ཉིད་དང་རང་གི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བའི་ལག་ཆར་བལྟ་བཞིན་ཡོད་ན་ཡང་། ང་ཚོ་བོད་པ་ཚང་གིས་དེ་དག་བེད་སྤྱད་ནས། མི་རིགས་འདི་འཆི་ལམ་ཏུ་འདེད་པའོ།།
༤༽ ཆོས་ལུགས་དང་ཆོས་ལུགས་པ་ཚོ་བོད་ཉམས་བྱེད་དུ་ངོས་འཛིན་པ་དོན་དངོས་ལ་མི་གནས་པ་མིག་མཐོང་ལག་ཟིན་རེད། དེང་སང་གི་སྲིད་བློན་ཆོས་ལུགས་པ་མིན་མཁན། གཞོན་སྐྱེས་ཡིན་མཁན། དེང་དུས་ཀྱི་ཤེས་རིག་ཡོད་མཁན་འབུམ་རམས་པ་དེ་ཚོར་བལྟས་དང་གསལ་བོ་རེད། ཆོས་ལུགས་པ་གང་ལ་སོང་ན་དེ་ལ་རྒྱུགས་ནས། གད་མོ་ཤོར་མི་དགོས་སར་གད་མོ་ཤོར་བ། ལག་པ་གཡུག་མ་རན་པར་ལག་པ་གཡུག་གཡུག་བྱས་ནས་རང་དོན་ཡིན་དང་སྤྱི་དོན་ཡིན་རང་གིས་ཀྱང་འགྲེལ་མི་ཤེས་པ་དེ་འདྲ་ཡོང་གི་འདུག་ཀ
༥༽ གལ་སྲིད་ཁྱེད་རང་བོད་ཀྱི་སྲིད་བློན་ལ་བསྡད་པ་ཡིན་ན། བོད་པའི་སྤྱི་ཚོགས་འདི་ཡར་རྒྱས་ཅི་ལྟར་གཏོང་རྒྱུ། བོད་ཀྱི་མཁས་པ་རྣམས་ཀྱིས་དྲི་བ་འདི་ལ་ལན་འདེབས་རྒྱུ་གལ་ཆེན་པོ་རེད། འདས་པ་རྐྱང་རྐྱང་བཤད་བསྡད་ནས་འཆི་ལ་ཁད་པའི་བོད་འདི་ལ་འཕོ་བ་གྲོང་འཇུག་བྱེད་ཐུབ་ཀྱི་མ་རེད་ཡ།
སྨྱུ་གུའི་ལག་ཆ་ཤོག་སྟེང་དུ་བཙུགས་ནས་བོད་སེམས་རྨས་བ་དང་། མི་དམངས་རྨས་མས་དཔའ་གྲི་ཡིས་གཞན་ཐོད་གཙབ་པ་གཉིས་གཅིག་པ་ལས་ཡིན། ཡག་པོ་རེད། མི་འདི་ཚོས། ཁ་རྒྱང་ལ་འཁོར་ནས་དགེ་བཅུད་མི་ལེན་པར། ཁ་ནང་ལ་ལོག་ནས་ནང་དགྲ་བསགས་ནི་རེད། གནས་ཚུལ་སྡུག་རྐྱལ་གང་ཡང་མ་རེད། དེང་རབས་ཅན་དུ་སྐྱོད་དགོས་ན། དེང་རབས་པའི་རྗེས་སྙེག་ནས་དགེ་བཅུད་ལེན་པར་ཤུགས་རྒྱག་པ་ལས། དེང་རབས་མེད་ས་ཞིག་ལ་ཡོང་ནས་་ཟིང་ལང་བས་གང་ཡོང་།
གོང་ན་ཅི་རི་སོགས་ཀྱིས།
གཏེར་ལས། གློག་ལས། ཁང་ལས། ལམ་ལས། མོ་ཊ། གནམ་གྲུ ནོར་སྲིད། དངུལ་ལས་སོགས་ཀྱིས་མཚོན་པའི་མི་སྣ་ཧ་ལམ་མེད་ཟེར། རྒྱ་གར་ལ་སོགས་མཚོན་པའི་རྒྱལ་ཁབ་གང་ན་ཡོད་ན་ཡང་། ཆད་ལས་ག་རེ་སྦྱང་འདོད་ཡོད་ན་ཡང་། ཨ་མའི་བུ་ལ་རྩལ་ཡོད་ན་འགྲོ་ཆོག་ཆོག་རེད། འདི་རང་གང་ལ་མོས་བ་བཞིན་སྦྱང་བ་དང་འདེམས་དགོས་བ་ལས། བཙན་བྱོལ་གཞུང་གིས་ཁྲལ་དང་བཀའ་ཕབ་ནས་གསོ་སྐྱོང་བྱེད་སྲོལ་ཞིག་གང་ན་ཡོད། རྒྱལ་ཁབ་གཞན་གང་ལ་ཡང་དེ་འདྲ་མེད་པ་རེད། རྒྱལ་ཁབ་དང་རྒྱལ་ཁབ་བར། སློབ་མ་ཁྲི་ཁྲི་འབུམ་འབུམ་གྱིས་རང་ལ་དགོས་བའི་སློབ་སྦྱོང་ལེན་དུ་འགྲོ་བ་ལས། ཡོད་ཚད་ཀྱི་ཡོད་ཚད་རྒྱལ་ཁབ་གཅིག་ན་འཛོམས་ཡོད་པ་ཞིག་གང་ན་འདུག། མེད་དོ། དེ་བས་བཙན་བྱོལ་གཞུང་ན་རིགས་གནས་ནང་འདྲེན་གྱིས་ཤེས་བྱ་འདི་དག་ཚང་དགོས་ཟེར་ན། ཁྱེད་ཚོས་དོན་དམ་པས་བསམ་བློ་ཞིག་གཏང་མེད་པ་གསལ་པོ་རེད། སྐད་ཆ་འདི་ཚོ་སྙིང་རྗེ་བའི་ཡུལ་རེད།
དེ་ནས་གཞན་ཞིག་ནི། རྨོངས་དད་ཀྱི་གཉིད་ལས་མ་སད་ན། དམངས་གཙོ་ཡང་དག་ཞིག་མི་ཡོང་རབས་བཤད། སྙིང་རྗེ། ཁྱེད་རང་ཚོས་ག་རེ་འདྲ་ཞིག་བཤད་བཞིན་ཡོད། དམངས་གཙོ་ཟེར་བ་འདི་ཤེས་ཡོན་ཅན་གཅིག་པོ་ལ་རན་པོ་ཡོད་པ་འམ། རྨོངས་དད་ཅན་ལ་རན་པོ་མེད་པ་ཞིག་གི་ལྟ་བ་གཞི་ལ་བཞག་པ་ཞིག་མ་རེད། དགའ་དགའ་ཚོ། འདི་ནི་མཐོ་རྒྱལ་བོ་ཟེར་ས་མེད། དམན་སྤྲང་བོ་ཟེར་ས་མེད། ཡོན་ཏན་ཅན་གྱི་བུ་ཁྱེད་ཚོ་འདྲ་བ། རྨོངས་དད་ཅན་གྱི་བུ་ང་ཚོ་འདྲ་བ། ལྐུག་པ་ཚོར་ལྐུག་བཤད་རྒྱག་སའི་ཐོབ་ཐང་ཡོད་པ། རྨོངས་བ་ཚོར་རྨོངས་བཤད་རྒྱག་པར་ཐོབ་ཐང་ཡོད་པ། སྐྱེས་བོ་སུ་ཞིག་ཡིན་ན་ཡང་། སོ་སོས་སོ་སོའི་མདུན་ལམ་ལ་དམིགས་ནས་འདེམས་པའི་མི་དེ། ཁྲམ་པ། བླ་མ།། དཔོན་པོ། མཁས་བ། འཇོན་མེད་སུ་ཞིག་ཡིན་ན་ཡང་། དེ་ལ་རྒྱབ་སྐྱོར་དང་རང་གིས་དགོས་འདུན་འདོད་ས་ཡོད་པའི་གཞུང་ལུགས་ཞིག་ཡིན་པ་རེད། ང་ཚོ་མི་དམངས་ཀྱིས་བླ་མ་འདེམས་ན་འདྲ། གདོན་འདྲེ་འདེམས་ན་འདྲ། མང་མོས་ཡོད་པ་དེ་ལ་ཐོབ་པ་རེད། མི་ཚང་མ་ཞར་བ་ཡིན་ས་ན། མྱིག་ཅན་གྱིས་ཤེས་མདོག་བསྟན་ཡང་། མི་དམངས་ལ་ཕན་ལེ་མ་རེད། ཁོ་རེ་བདུད་ཕྲུག་མགོ་གཉིས་མ་ཚོ།
གཞོན་ནི་ཟླ་མེད་དགའ་བོས། བསམ་བློའི་མཁྱེན་དཔྱོད་དང་། ཡིག་འབྲི་དཀར་ནག་གི་འཁྱུག་རྩལ་རྒོད་པས་བདུད་ཕྲུག་མགོ་གཉིས་མ་དེ་ཚོའི་སྨྲ་ལྕེ་ཆོད་ལ་ཤོག། ནང་དགྲ་ཕྱི་ལ་སྐོར་ཤོག། དུད་འགྲོ་འདི་ཚོ། རྫ་མགོའི་རྩྭ་་ཁར་ཅི་ཙམ་གྱིས་དད་ན་ཡང་། ལུང་ཁུག་ལ་ཤོར་ཡོང་གི་འདུག། ད་ནི་ཐང་འདྲ་ཞིག་ཆད་སོང་།
མང་བོ་ཞིག་གིས་ཆ་ཤས་བླངས་འདུག རོབ་ཀློག་ཅིག་བྱས་པ་ཡིན། དོན་དག་གཉིས་ཐད་ཚིག་ཁ་ཤས་ལབ་དགོས་པ་འདྲ།
༡ ཁག་ཅིག་གིས་བོད་ཕོངས་བྱེད་འཚོལ་བ་ནི་མི་རིགས་བརླག་བྱེད་ཅིག་ལ་བཤད་ཀྱི་འདུག་པའི་ཁར། ཆོས་པ་ཡིན་ཟེར་བཞིན་དུ་འཁྲིག་སྤྱོད་ཁོ་ནའི་ཐ་སྙད་ཁུར་ཡོང་གི་འདུག དྲང་མོར་བཤད་ན། བོད་ཕོངས་བྱེད་འཚོལ་བ་ནི་ཇི་ལྟར་ཡར་ལངས་པའི་སྟ་གོན་རེད་ལ། ལས་ངན་པ་བསགས་ཡོད་མཁན་ཚོའི་རྐུབ་བརྟོལ་བའི་བྱ་སྤྱོད་ཅིག་ཀྱང་ཡིན་པས། ༼ངོ་ཚ་མེད་པའི་བོད༽ཅེས་བསྔོག་འདོན་གྱི་རྨང་གདན་དུ་མི་འགྱུར་བའི་ངེས་པའང་མེད། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་བསྐྱར་ཞིབ་འདི་རིགས་སྔ་མོ་ནས་སླེབས་ཚར་ཡོད་པ་རེད།
༢ ཁག་ཅིག་གིས་བཙན་བྱོལ་བོད་གཞུང་ཞེས་མང་བོ་ཞིག་ལབ་ཀྱིན་འདུག དོན་ལ་བཙན་བྱོལ་བོད་གཞུང་ནི་རྡ་རམ་ས་ལས་དམར་གསོད་བཏང་ཚར་ཡོད་པས། དྲན་གསོ་བྱས་པར་བཀའ་དྲིན་ཆེ། འདིའང་བོད་ཕོངས་བྱེད་ཁྲོད་ཀྱི་རྒྱུ་རྐྱེན་གྱི་གྲས་ནི་ཡིན་དང་ཡིན།
བོད་ཀྱི་གནས་སྟངས་འདི་ལ་བླ་རྒན་གྲྭ་རྒན་ཚོ་ལས་ལྷག་པའི་སྐྱབས་གནས་རེ་ལྟོས་གཞན་ཞིག་མི་འདུག དེ་ཨུ་ཐུག་པའི་སྐད་ཆ་ཡིན་གྱི་རེད་དེ་དངོས་ཡོད་གནས་ཚུལ་རེད། མ་མཐའ་ཡང་རྒྱ་དམར་གྱི་ལྟ་སྤྱོད་མང་པོ་ཞིག་དང་ཁ་གཏད་འདྲ་བོ་ཞིག་ཆགས་ཐུབ་གི་འདུག བླ་རྒན་གྲྭ་རྒན་ཁ་ཞེ་གཉིས་མེད་དེ་ཚོ་ལབ་ཀྱིན་ཡོད། ང་ཚོ་བོད་ལ་ཁ་ཞེ་གཉིས་མེད་ཀྱི་བླ་རྒན་ཡག་པོ་མང་པོ་འདུག བྱ་རིག་ན་གཤོག་པ་སྟོན་མཁན་དང་བྱེའུ་རིག་ན་སྡེར་མོ་ངོམ་མཁན་གྱི་ཆབ་སྲིད་པ་རྒད་པོ་ཆོས་གོས་ཅན་དེ་ཚོར་བཤད་པ་མིན།
ངས་གོང་དུ་བཤད་ཡོད། བོད་ལ་གསར་བརྗེ་ཞིག་དགོས་ན་དེ་ནི་རྒྱ་དམར་གྱི་འོག་ནས་བཅིངས་འགྲོལ་ཐོབ་རྒྱུ་དེ་རེད། དེ་ལ་གནས་སྐབས་རིང་ལ་རེ་བ་ཡོད་མེད་དྲི་བ་རེད། དེ་ཡིན་དུས་བོད་ཅེས་པ་ཞིག་མ་བརླགས་པར་གནས་པ་ལ་བླ་རྒན་ཚོས་སྣེ་ཁྲིད་པའི་སྲོལ་རྒྱུན་རིག་གཞུང་གི་སྒྲིག་གཞི་འདྲ་བོ་འདི་འཐོར་ཞིག་མ་སོང་བར་ཚེ་ཐག་ག་ཚོད་ཐུབ་ཐུབ་ཅིག་བསྲིང་ཐུབ་པར་ང་ཚོས་རྒྱབ་སྐྱོར་བྱེད་དགོས་ཀྱིན་འདུག རྒྱ་དམར་གྱི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འདྲ་བོ་དེ་དམ་ལྷོད་འགྱུར་བ་མང་ན་ཡང་། དེའི་འོག་ཏུ་བླ་རྒན་ཚོས་འགུལ་སྐྱོད་ཀྱི་གོ་སྐབས་ཅུང་ཙམ་རེ་རག་དུས་རྒྱག་ཆུག རང་རང་ཚོའི་དགོན་པ་ལྷ་སྡེ་ཚོར་ཆོས་ཁྲིམས་དང་སྒྲིག་ལམ་ལམ་རེ་ཡོད་ན་བརྩི་སྲུང་གྱིས།
ཡོད་མེད་བཤད་ན་ཡོད་རེད། ཤེས་མི་ཤེས་བཤད་ན་ལོས་ཤེས། འཛམ་གླིང་འདིའི་སྟེང་ལ་ངས་ཡིད་སྨོན་ཤོར་སའི་ཡུལ་ལུང་གསུམ་ཡོད། དེ་ནི། སི་ཝི་ཌིན་དང་། ཌན་མརཀ ཧྥིན་ལིན་ཌི་གསུམ་ཡིན། ཁྲིམས་སྒྲིག་ལམ་ལམ་ཡིན་ན་འདྲ། དཔལ་འབྱོར་གྱི་ལམ་ལུགས་ཡིན་ན་འདྲ། ཡ་རབ་བཟང་སྤྱོད་ཡིན་ན་འདྲ། སྡེ་ཚོ་ལ་འགྲན་ཟླ་མེད་གི། ཡིན་ན་ཡང་། དེ་ང་ཚོ་བོད་ལ་སྦྱར་ནས་གླེང་ན་གནམ་དང་ས་རེད། བྱང་རི་རྒྱལ་མགོ་ཡི་རྩྭ་རྒྱལ་དེས། །རྟ་བྱང་མའི་ཉམས་ལ་མི་ཕན།།ཟེར་བའི་དཔེ་དེ་བཞིན་རེད།
ད་གསར་བརྗེ་དང་གསར་བཏོད་སོགས་སྣང་བ་སྐྱིད་པོ་བཤད་བཤད་བསྡད་ནས་མི་ཕན་གི ང་ཚོ་རང་གི་མགོ་གཞན་གྱི་རྐང་འོག་ལ་ཤོར་ཡོད་མཁན་ཞིག་གིས་གཞི་རྩའི་འབད་བརྩོན་བྱ་ཡུལ་དེ་མི་འཆི་བའི་ཐབས་ལ་བསམ་བློ་གཏང་རྒྱུ་དེ་རེད། ད་ང་ཚོའི་ཤི་མ་གསོན་གྱི་གནས་སྟངས་ལ་བལྟས་ཡོང་དུས་ཆོས་མི་དགོས། བླ་མ་མི་དགོས། རྨོངས་དད་མི་དགོས་ཟེར་བའི་ས་མཚམས་ཞིག་ལ་ཐོན་མི་འདུག
རྒན་གནམ་ལོ་ཡག་ནི་ནམ་རྒྱུན་ང་རང་གིས་གུས་བཀུར་དང་ཡིད་ཆེས་བྱེད་ཡུལ་ཞིག་ཡིན། ཡིན་ཡང་། དེ་རིང་ངས་དད་མོས་བྱེད་ཡུལ་འདིས་རྩ་མི་ཚང་བའི་སྐད་ཆ་ཞིག་བཤད་འདུག ཁོང་གིས་ན་རེ། ངྷ་རམ་ས་ལས་བཙན་བྱོལ་བོད་གཞུང་དམར་གསོད་ལ་བཏང་ཚར་བ་རེད་ཟེར། རྒྱ་གར་གཞུང་གི་རྩ་ཁྲིམས་འོག་ཏུ་བཙན་བྱོལ་བོད་གཞུང་ཞེས་གཞུང་ཞིག་འཛུགས་ཆོག་གི་ཡོད་པ་རེད་དམ། དངོས་ཡོད་གནས་ལུགས་འདི་མཁྱེན་བཞིན་དུ་སྐད་ཆ་དེ་འདྲ་བརྗོད་དགོས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཅི་ཞིག་ཡིན། ངས་ནི་དོན་དངོས་སུ་བཙན་བྱོལ་བོད་གཞུང་ཞེས་པ་དམར་གསོད་གཏོང་མཁན་ཁྱོད་ཚོ་རང་ཉིད་རེད་བསམ་གྱི་འདུག ད་ལྟའི་གནས་སྟངས་འདི་འདྲའི་འོག་བཙན་བྱོལ་བོད་གཞུང་ཞེས་བ་ཞིག་རྒྱ་གར་གྱི་རྩ་ཁྲིམས་འོག་གནས་པའི་ཐོབ་ཐང་མེད་རུང་འུ་ཚོས་རང་གི་སེམས་པའི་གཏིང་ནས་འདི་མུ་མཐུད་གསོན་པོར་གནས་སུ་འཇུག་དགོས་པ་རེད། ཡོད་བསམ་པའི་འདུ་ཤེས་འདིའི་འོག་ནས་ཚང་མས་ཧུར་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག བོད་མི་སུ་ཞིག་གིས་འདུ་ཤེས་འདི་བརླག་ཏུ་བཅུག་ན་དོན་དངོས་སུ་མཚན་བྱང་འདི་དམར་གསོད་གཏོང་མཁན་ཁོང་རང་ཉིད་ལས་མ་འདས་སོ།།
ཁྱོད་ཚོ་དོན་དམ་པའི་ཤེས་ཡོན་པ་དང་རྩོམ་པ་པོ་ཡིན་ན། བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་དག་ལ་དཔྱད་ཞིབ་དཔྱད་པ་ལས་ད་ལྟའི་གནས་བབ་འདི་ལས་སྐྱོབས་ཐབས་ཀྱི་རིག་པ་ཡང་དག་དང་ཐབས་བྱུས་སྟོན་དང་། འདས་ཟིན་པ་ནི་འདས་ཟིན་པ་རེད། ང་ཚོར་གལ་ཆེ་ཤོས་ནི་ད་ལྟ་རེད། ད་ལྟའི་གནས་སྟངས་འདི་དག་ཐག་གཅོད་བྱེད་ཐུབ་ན་མ་འོངས་བ་འགྲིག་འགྲོ་གི་རེད། གང་ཡིན་ཞེ་ན་མ་འོངས་བ་དེ་རིང་ལ་རག་ལས་ཡོད་པས་རེད།༼ འཛིན་གྲྭའི་བར་གསེང་ནས་མཆན་འགའ་བམ་ཀློག་རེ་བྱས་བ་ཡིན། སྤོབས་པ་མཐའ་ཡས་མཆོག་དང་གཞོན་ནུ་ཟླ་མེད་མཆོག་གཉིས་ཀས་དངོས་ཡོད་དང་མཐུན་པའི་མྱི་སྐད་བཤད་ཀྱི་འདུག་བསམ།༽
རེད་ཡ། ཚང་མས་བོད་ཅེས་པའི་མིང་དོན་གཉིས་ཀ་མ་བརླག་པ་ཞིག་ཡོང་ཐབས་ཐད་བསམ་བློ་གཏོང་གི་ཡོད་པ་རེད། བགྲོ་གླེང་གནང་གི་ཡོད་པ་རེད། དེ་བས། འདི་ལྟ་བུའི་འཇིག་ཉེན་ཞིག་ཇི་ལྟར་སླེབས་པར་ངོས་ཟིན་དགོས་ཀྱི་ཡོད་པ་རེད། ཕྱིའི་བཙན་འཛུལ་གཙོ་བོ་རེད་དེ། བོད་རང་སྟེང་གི་གནད་དོན་གང་དག་ཡིན་ནམ། དེ་གཅིག་རེད་བསམ།
ཆོས་ལུགས་པར་ནུས་པ་ཡོད་པ་རེད་ལ། དེ་ནི་མི་སྤྱི་ཡི་སྤུས་ཀ་མཐོར་འདེགས་ལ་འབྲེལ་ཡོད་པས། ནུས་པ་དེ་རིགས་ཀྱིས་བོད་ཀྱི་མ་འོངས་པ་བསྐྲུན་པར་ནུས་པ་ག་ཚད་ཅིག་ཐོན་མིན་དོགས་པ་རེད། དཔེར་ན། དེང་སྐབས་བན་བོན་གཉིས་ཀྱི་རྒྱ་བླ་མང་བོ་ཞིག་ཡོད་པ་རེད། དེའི་ཁྲོད་ནས་རྙིང་མ་བས་གཙོ་ཤུགས་དང་། དེ་ནས་ཇོ་ནངས་དང་བཀའ་བརྒྱུད། བོན་དང་དགེ་ལུགས་སོགས་རེད། ཡིན་ནའང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་རྒྱ་ནང་ལ་སྤེལ་བ་ནི་བྱས་རྗེས་རེད་དེ། བན་བོན་ཕྱོགས་རིས་དང་གྲུབ་མཐའི་རྩོད་རྙོག་མཉམ་སྤེལ་གནང་བཞིན་པས། ཕན་ཚུན་བར་ལྐོག་བཤད་བརྒྱབ་རེས་ཀྱིས་སྡོད་ཀྱིན་པས། རྒྱ་དམར་གཞུང་གིས་དེའང་བེད་སྤྱོད་གཏོང་བཞིན་པར་ལྟ་སྐབས། བོད་སྤྱིའི་མ་འོངས་པ་བསྐྲུན་པར་གཞོགས་འདེགས་ཆེར་མི་ཐུབ་པར་སྣང་། དེ་བཞིན་དུ་ནུབ་བླ་ལྷན་རྒྱས་ཀྱང་གཅིག་པ་རེད། ཡིན་ནའང་། རྒྱ་བླ་དང་ནུབ་བླའི་ཁྲོད་དུ་བོད་ཀྱི་ས་ཆ་བྱེ་བྲག་པར་ཕན་ཕྲན་བུ་ཐོགས་མཁན་མི་འདུག་ལབ་ཀྱི་མེད། པཎ་ཆེན་རིན་པོ་ཆེ་ལྟ་བུའི་བོད་ནང་ལ་ཕན་ཐོགས་མཁན་ཞིག་གཅིག་ལས་གཉིས་བྱུང་མི་སྲིད་པ་ཞིག་རེད།
མདོར་བསྡུས་ན། བོད་ཀྱི་མ་འོངས་པ་བསྐྲུན་ཐུབ་མིན་གོ་རྟོགས་སད་མིན་ལ་ཐུག་ཡོད་པ་དང་། གོ་རྟོགས་སད་རྗེས་དཀའ་ངལ་མཐའ་དག་ལ་གདོང་ལེན་དང་སེལ་ཐབས་བརྙེད་ངེས་པས། ལས་འགན་འདི་བཞིན་ཆོས་དད་ཡོད་མེད་གཉིས་ཀར་ཡོད་པ་ཞིག་རེད་ལ། སྒོས་སུ་བོད་ཀྱི་མིང་ཁུར་ནས་ཡོད་མཁན་ཚོར་ལྡབ་འགྱུར་གྱི་འགན་ཡོད་པ་རེད། ད་དུང་གཞན་ནས་ཀྱང་དཔེར་མཚོན་མེད་པ་མ་རེད། ད་རེས་ཀྱི་ཐེ་ཝན་ནས་བྱུང་བའི་སློབ་མའི་ཡར་ལངས་ཀྱང་གོ་རྟོགས་སྤེལ་བའི་ལས་འགུལ་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད། ང་ཚོས་ཀྱང་དྲ་ལམ་དང་སྐད་འཕྲིན། ངོ་དེབ་དང་QQལ་སོགས་པ་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀར་གོ་རྟོགས་སྤེལ་བའི་ལས་འགུལ་ལམ། བགྲོ་གླེང་འདི་རིགས་བརྒྱུད་གཏོང་ཆོག་གི་རེད་ལ། གཏོང་འོས་པ་ཞིག་ཀྱང་རེད།
ཕྱི་ནང་གི་གྱོད་ཁ་སྦྲེལ་ནས་བོད་གཞིས་བྱེས་གཉིས་ཀྱི་ཆོས་དད་པའི་ཟམ་པ་གཏོར་མཁན་གྱི་གཏེ་བོ་ཅོ་རི་དང་ལྷ་སྡེ་སོགས།
རང་དོན་ཙམ་གྱི་སྐོག་ཇུས་བཤད་ནས་བོད་གཞིས་བྱེས་གཉིས་ཀྱི་མཛའ་བརྩེ་ཡི་ཕྱི་ཐག་གཅོད་མཁན་གྱི་གཏེ་བོ་ཅོ་རི་དང་ལྷ་སྡེ་སོགས།
བཙན་བྱོལ་ན་གྲོང་ཆོག་ཙམ་ལས་བྱས་བ་མེད་པ་མཐོང་མཁན་གྱི་ཆབ་སྲིད་པ་དགྱ་བོད་ཡིག་ངག་གསུམ་གྱི་ཐག་ནས་བོད་ནང་གི་ཤེས་ཡོན་པའི་སྡེ་ལ་འཆལ་རྫིན་ངན་པའི་བག་ཆགས་སྟེར་བའི་ཉེས་ཅན་པའི་གཏེ་བོ་ལྷ་སྡེ་བ་སོགས།
བཙན་བྱོལ་ནས་༧རྒྱལ་བ་མཆོག་གིས་ཁོང་དོ་རྒྱལ་ལ་འབྲེལ་བ་གཅད་པ་ཡིན་པའི་རང་མོས་གསལ་བསྒྲགས་ལ་རྡོག་རོལ་དུ་བཏང་ནས། རྒྱལ་བ་མཆོག་གིས་གཞན་གྱི་ཆོས་དད་རང་མོས་འཕྲོག་རབས་དང་མ་སྤྲད་རབས་བཤད་པའི་དགྱའི་གཡོ་རྫུན་བཤད་ཤེས་པའི་གཏེ་བོ་ཅོ་རི་བ་སོགས།
བོད་ཕོངས་བྱེད་ཀྱི་རྒྱུ་ལ་མི་བུ་འདི་ཚོ་འདྲ་བ་ལས་གཞན་སུ་དགོས། འདི་ཚོ་ནི་དུས་ད་ལྟའི་གསོན་ཐག་མངོན་ཐག་རང་ན་ཡོད་པའི་བོད་ཕོངས་བྱེད་ཀྱི་རྒྱུ་གཙོ་བོ་དེ་ཚོ་ཡིན་པ་སུས་ཀྱང་མི་ཤེས་སམ།
ལྷ་སྡེ་གནམ་ལོ་ཡག་ལགས། ཆོས་དང་ཆབ་སྲིད་ཀྱི་ཚོགས་པ་གང་དང་གང་ཞིག་ཡིན་ན་ཡང་། སྐྱོན་མེད་པ་ཞིག་ག་ལ་ཡོད། སྐྱོན་ཟད་ཡོན་ཏན་ལྡན་པའི་མི་དཀོན། འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། ཟེར་བའི་དཔེ་རེད། ཡར་ཐོན་དམངས་གཙོའི་སྲིད་གཞུང་ལ་ཡང་སྐྱོན་མེད་པ་ག་ལ་སྲིད། ལྷ་སྡེ་གནམ་ལོ་ཡག་ཁྱེད་རང་བཞུགས་སའི་ཡུལ་དུ་ངལ་རྩོལ་ཚོགས་པའི་མི་སྣ་གནད་ཡོད་དེ་འདྲས་ཚོགས་པའི་དངུལ་འབོར་ཆེན་བེད་སྤྱད་ནས་སྨད་ཚོང་མ་གླས་པའི་ལོ་རྒྱུས་ཐོན་སོང་བ་དེ་འདྲ་རེད། བོད་ལ་ཡང་དེ་མཚུངས་རེད། བོད་ཀྱི་བླ་གྲྭ་ཡང་དེ་མཚུངས་རེད། ནང་འཁྲུགས་སོགས་སྐྱོན་གཏན་ནས་མེད་མཁན་ཞིག་དཀོན་པོ་རེད། བན་བོན་གྱི་སྐོར་ལ་འཁྲུགས་རྩོད་ཆེན་པོ་དེ་འདྲ་ལངས་གི་ཡོད་པ་ངས་གོ་མ་མྱོང་མོད་ཁྱེད་ཀྱིས་མཐོང་ཡོད་ངེས་པས་ལས་ཀ་དེ་རིགས་ཡག་པོ་ཞིག་མ་རེད། འཁྲུགས་རྩོད་བྱ་རྒྱུ་དེ་བན་བོན་གཉིས་ཀའི་འཚེ་བ་མེད་པའི་ལྟ་གྲུབ་སྤངས་བླངས་དང་འགལ་ཡོད་པ་རེད། སྤྱིར་ན་འཁྲུགས་རྩོད་ཅེས་པ་དེ་ནི་སྤྱི་ཚོགས་གང་ཞིག་གི་ལོ་རྒྱུས་ཡིན་རུང་ཤོག་ལྷེ་རེ་རེ་བཞིན་དུ་མཐོ་རྒྱུ་ཡོད་པ་ཞིག་རེད། བོ་དཀྱི་ཆོས་ལུགས་པས་འཁྲུགས་རྩོད་བྱས་པ་ཙམ་གྱིས་དེ་ཙམ་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་པ་ཞིག་མ་རེད་བསམ། མདོར་ན་རང་རང་གིས་འཐབ་རྩོད་དེས་ཆ་ཤས་མ་བླངས་ན་དེས་འགྲིགས་ཡོད། མ་གཞི་ངའི་དྲི་བ་ཆེ་ཤོས་དེ་ནི། བོད་ཀྱི་བླ་མ་གྲྭ་བས་སྣེ་ཁྲིད་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་སྒྲིག་གཞི་འདི་མེད་པ་ཡིན་ན་དེ་ནས་སུས་དེའི་ཚབ་བྱེད་ཐུབ་ཀྱི་རེད་ཅེས་པ་དེ་ཡིན། བླ་མ་གྲྭ་བ་མིན་པ་དང་། ནང་འཁྲུགས་སོགས་ཀྱི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྣེ་ཁྲིད་མཁན་ཞིག་ཡོད་ན་ཐོན་རན་འདུག
དུས་རབས་བཅུ་དགུ་པའི་མཇུག་ཏུ་ཤྲི་ལང་ཁའི་ཡུལ་དེ་ཧ་ཅང་གི་ཉག་ཕྲ་བོ་ཞིག་ལ་སླེབས་ཡོད་འདུག་ཕལ་ཆེར་དེང་དུས་ཀྱི་བོད་དང་འདྲ་བའི་ཉག་ཕྲ་བོ་ཞིག་རེད། འདས་པའི་ལོ་མང་པོའི་རིང་ལ་ནུབ་ཕྱོགས་པའི་མི་སེར་སྤེལ་མཁན་གཅིག་གི་རྗེས་ལ་གཅིག་སླེབས་ནས་ཁོང་ཚོའི་བཀོལ་སྤྱོད་གང་བྱས་ཉན་དགོས་ས་ཞིག་ལ་སླེབས་ཡོད་འདུག གཉུག་མར་གནས་པའི་མི་ཚོས་རང་གིས་རང་ཉིད་དམན་པར་ལྟ་བའི་གོམས་གཤིས་ཆགས་ཡོད། ཡིན་ན་ཡང་། ནང་པ་སངས་རྒྱས་པའི་སློབ་དཔོན་ཆེན་པོ་གུ་ཎ་ན་ཐ་དང་། དྷརྨ་པ་ལ་སོགས་ཀྱིས་སྣེ་ཁྲིད་ནས་ནང་པ་སངས་རྒྱས་པའི་ཤེས་ཡོན་ལམ་ལུགས་དང་། ཡུལ་གྱི་མི་རྣམས་ཀྱིས་ཀྱང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཡ་རབ་བཟང་སྤྱོད་ཀྱི་ལུགས་སྲོལ་བསྐྱར་གསོ་བྱས། ཐ་མར་ནུབ་ཕྱོགས་པའི་བཙན་འཛུལ་བ་ཚོ་ལྟ་གྲུབ་དང་ཀུན་སྤྱོད་གཉིས་ཆར་གྱི་ཐོག་ནས་ཕམ་ཁ་ཉོས་ནས་ངོ་ཚ་ཁ་སྐྱེངས་བཞིན་རང་ཡུལ་དུ་ལོག་དགོས་པ་ཞིག་བཟོས་པ་རེད། ང་ཚོ་བོད་ལ་ནང་པ་སངས་རྒྱས་པའི་ཆོས་ལྟ་བུའི་ལྟ་གྲུབ་ཟབ་མོ་དང་དེའི་སྤྱོད་པ་བཟང་པོའི་སྲོལ་རྒྱུན་ནུས་ཤུགས་ཡོད་པ་དེ་རྒྱུན་འཛིན་དང་། དེའི་ཞན་ཆ་ལ་དག་ཐེར། དེའི་ནུས་ཤུགས་བེད་སྤྱོད་མི་བྱེད་པར་ག་ཤེད་ཅིག་ནས་གསར་བརྗེ་བྱས་ནས་ཞེད་པོ་ཞིག་བཟོ་གི་ཡིན་ཟེར་བ་དེ་སྟོང་བསམ་འཁྲུལ་སྣང་ངོ་མ་རེད། གསར་བརྗེ་དང་གསར་བཏོད་དེ་ཚོ་མ་སླེབས་གོ་ནས་བོད་འདི་མེད་ཤི་བའི་དུ་བ་ཙམ་དུ་འགྱུར་ངེས་རེད། གཟབ་གཟབ་གྱིས།
་་་་་་་ ཡིན་ན་ཡང་། ནང་པ་སངས་རྒྱས་པའི་སློབ་དཔོན་ཆེན་པོ་གུ་ཎ་ན་ཐ་དང་། དྷརྨ་པ་ལ་སོགས་ཀྱིས་སྣེ་ཁྲིད་ནས་ནང་པ་སངས་རྒྱས་པའི་ཤེས་ཡོན་ལམ་ལུགས་དང་། ཡུལ་གྱི་མི་རྣམས་ཀྱིས་ཀྱང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཡ་རབ་བཟང་སྤྱོད་ཀྱི་ལུགས་སྲོལ་བསྐྱར་གསོ་བྱས། ཐ་མར་ནུབ་ཕྱོགས་པའི་བཙན་འཛུལ་བ་ཚོ་ལྟ་གྲུབ་དང་ཀུན་སྤྱོད་གཉིས་ཆར་གྱི་ཐོག་ནས་ཕམ་ཁ་ཉོས་ནས་ངོ་ཚ་ཁ་སྐྱེངས་བཞིན་རང་ཡུལ་དུ་ལོག་དགོས་པ་ཞིག་བཟོས་པ་རེད། ་་་་་་་
བོད་འདི་བླ་མ་གྲྭ་བས་སྣེ་ཁྲིད་པའི་སྤྱི་ཚོགས་ཤིག་རེད་དམ། སྐྱ་སེར་གཉིས་ཀྱིས་སྣེ་ཁྲིད་པའི་སྤྱི་ཚོགས་ཤིག་རེད། ངས་ནམ་རྒྱུན་ཕྱི་མ་གཙོར་བཟུང་གིས་བཤད་ཀྱི་ཡོད། གལ་སྲིད་སྐྱ་བོའི་ཚོགས་སྡེ་ཆེན་པོ་འདི་མེད་པ་ཡིན་ན། ཆོས་ལུགས་གནས་བཅའ་ས་ཡོད་པ་མ་རེད། ཆོས་ལུགས་གནས་བཅའ་བར་ཡུན་རིང་གི་གོམས་སྲོལ་ཞིག་རྨང་གཞིར་བཟུང་ཡོད་པ་རེད་ལ། རྨང་གཞི་དེ་སྐྱ་བོའི་ཚོགས་སྡེའམ། ཞིང་འབྲོག་མང་ཚོགས་ཁྲོད་ཡོད་པས། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་རེད། ཡིན་ནའང་། ད་ལྟ་འབྲོག་པ་གྲོང་སྡེ་ཅན་ལ་འགྱུར་བཞིན་པ་དང་ཞིང་བ་གྲོང་ཁྱེར་ནང་ལ་སྤོ་བཞིན་པར་ལྟ་སྐབས། སྐྱ་སེར་ཕན་ཚུན་བར་བསྐྲུན་རེས་ཀྱི་ཤུགས་རྐྱེན་དེར་ཚད་བཀག་ངེས་ཅན་ཞིག་ཐེབས་རྒྱུ་རེད། རྒྱུ་མཚན་ནི་འཚོ་གནས་འགྲན་རྩོད་ཅན་ལ་འགྱུར་བཞིན་པས་རེད་ལ། ཆོས་ལུགས་པས་རང་ཉིད་ཀྱི་ཤུགས་རྐྱེན་འགྲན་རྩོད་དེའི་ནང་ཚུད་ཨེ་ཐུབ་ལྟ་བཞིན་པར་ཡང་འབྲེལ་བ་ཡོད། དཔེར་ན། མཚོ་སྔོན་གྱི་ཧྲུའུ་ཅིའམ་སྤྱི་ཁྱབ་བློན་ཆེན་སྔ་མ་དེས་ལོ་ཁ་ཤས་ནང་ཞིང་ཆེན་ཡོངས་ཀྱི་བརྙེད་ཟིན་པའི་གཏེར་ཁ་ཆ་ཚང་ཚོང་བསྒྱུར་བྱས་ཡོད་ལ། ཁོས་ཆོས་དད་ཡོད་མདོག་གིས་དགོན་པ་དང་བླ་མ་མང་བོ་བེད་སྤྱོད་བཏང་འདུག་ཅིང་། དེང་སྐབས་མང་ཚོགས་མང་ཆེ་བས་རང་ཉིད་མགོ་བསྐོར་འོག་ཐེབས་ཟིན་པ་ཤེས་བཞིན་པས། རང་བཞིན་གྱིས་སྐྱ་སེར་བར་དུ་གས་ཀ་བྱུང་ཡོད། འདིའང་བླ་མ་གྲྭ་བ་ཁོ་ནས་བོད་ལ་མ་འོངས་པ་བསྐྲུན་ཁག་པོ་མཐོང་བའི་རྒྱུ་རྐྱེན་གཅིག་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ལག་ལེན་ཁྲོད་གང་ལྟར་ཡང་གཞུང་ལུགས་སྟེང་ནས་བླ་མ་གྲྭ་བ་ནི་མ་གྱུར་སེམས་ཅན་རྒྱུད་ལ་བསྒོམ་མཁན་ཞིག་ལས་བྱེ་བྲག་མི་རིགས་སམ། རྒྱལ་ཁབ་ལ་ཕྱོགས་ཞེན་གནང་རུང་གི་མེད་ལ། སྒོས་སུ་བོད་ཆོས་ཕྱི་ལ་སྤེལ་མི་ཚོས་ལྟ་གྲུབ་དེ་གཙོར་འདོན་གནང་བཞིན་པས། དམིགས་བསལ་བོད་ཅེས་ཕྱོགས་ཞེན་བྱེད་ཡུལ་ཞིག་ཡོད་ཆོག་མིན་ནི་ཆོས་སྤེལ་བའི་མཛད་པ་རྒྱས་མིན་ལ་ཐུག་ཡོད། དེ་བས། བོད་ཀྱི་མ་འོངས་པ་བསྐྲུན་པར་ཐད་ཀར་ཤུགས་རྐྱེན་བསྐྲུན་མི་ཐུབ་པ་ཞིག་རེད། ཡིན་ནའང་། བྱ་བཏང་བས་བརྟུལ་ཞུགས་བཟུང་བ་འདིས་བོད་ལ་དགའ་མོས་བྱེད་མཁན་གང་མང་བྱུང་བར་རོགས་འདེགས་ཡོད་ངེས་རེད།
ང་ནོར་མེད་ན། ཕལ་ཆེར་བགྲོ་གླེང་འདིའི་ནང་དུ་༼གསར་བརྗེ༽སླེབས་ཡོད་པ་མ་རེད། ད་ལྟ་བགྲོ་གླེང་གནང་བཞིན་པ་ནི་བོད་ཇི་ལྟར་ཕོངས་པ་རེད་དམ་ཞེས་པ་འདི་རེད། རྒྱུ་རྐྱེན་དེ་དག་བརྙེད་རྗེས། ད་གཟོད་ཐབས་ལམ་སྒང་ལ་བགྲོ་གླེང་བྱེད་དགོས་པ་རེད། དེ་བས། གོ་རིམ་ལྟར་བགྲོ་གླེང་བྱེད་འོས་པར་འདོད།
ཡུལ་ལུང་སྤྱི་ཚོགས་གང་དང་གང་ཞིག་ཡིན་ན་ཡང་། དེའི་ཐུན་མོང་མིན་པའི་འཚོ་གནས་ཀྱི་ནུས་པ་དང་། སྤྱི་ཚོགས་དེ་དང་འཚམས་པའི་ལམ་ལུགས། དེ་ལ་སྔར་ཡོད་ཀྱི་སྒྲིག་འཛུགས་ལམ་སྲོལ་ཡོད་པ་དེ་དག་ལ་གཅེས་སྤྲས་བྱ་རྒྱུ་གལ་ཆེན་ཡིན། བོད་མིས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཡ་རབ་བཟང་སྤྱོད་ཀྱི་ལམ་ལུགས་རྒྱུན་འཛིན་དང་། དར་སྤེལ། ཉམས་གསོ། དག་ཐེར་བཅས་ལ་འབད་དགོས་ཀྱིན་འདུག
དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་སྐབས་སུ་ཡང་མི་མང་པོས་ཆོས་ལུགས་དང་། གོམས་སྲོལ། བླ་གྲྭ་ལ་དགག་རྒྱག་གིས་མཚོན་པའི་གསར་བརྗེ་དང་། གསར་བཏོད། འདྲ་མཉམ། དམངས་གཙོ་ཡིན་ཟེར་ནས་ཐ་མར་མུག་ཤི་ཐེབས་པའི་ཚོད་དུ་ལྷུང་བ་རེད། ད་དུང་ཡང་བོད་མི་གཞོན་སྐྱེས་ཚོ་འདུག་མ་ཤེས་ན་སྔར་མེད་པའི་དཔལ་ཡོན་ཞིག་བསྐྲུན་ཐུབ་པ་ལས་ལྡོག་སྟེ་ད་ལྟ་མ་ཤི་ཙམ་དུ་ཡོད་པའི་བོད་ཅེས་པ་དེ་མིང་གི་ལྷག་མ་ཙམ་དུ་འགྱུར་ཉེན་ཆེན་པོ་འདུག
ངས་ཀྱང་ཁྱོད་ཚོས་བསམ་པ་དེ་བསམ་མྱོང་། ཁྱོད་ཚོས་བཤད་པ་དེ་བཤད་མྱོང་། ཡིན་ན་ཡང་། བཤད་པ་དང་བསམ་པ་དེ་ཚོ་སྟོང་བཤད་སྟོང་བསམ་མ་གཏོགས་ད་ལྟའི་ང་ཚོའི་གནས་སྟངས་འདིའི་སྟེང་དུ་ལག་ལེན་ལ་འཁྱོལ་བ་ཞིག་མ་རེད། ད་ནི་བླ་རྒན་གྲྭ་རྒན་ཚོར་སྐྱབས་གནས་རེ་ལྟོས་ཞུ་བ་དང་། ཁོང་ཚོའི་མཛད་པ་འཕྲིན་ལས་ལ་རྒྱབ་སྐྱོར་བྱེད་པ། ཁོང་ཚོས་བཞག་པའི་ལྷ་སྡེ་མི་སྡེའི་ཁྲིམས་སྲོལ་དེ་ཚོར་ཅི་གསུངས་བཀའ་སྒྲུབ་བྱེད་པ་འདི་ལས་ལྷག་པའི་བོད་སྐྱོབ་ཐབས་ཞིག་མཐོང་མ་སོང་ལགས། འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་གནད་དོན་སྟེང་ནས་བཤད་པ་ཡིན།
བོད་ལ་ཡང་བཙན་འཛུལ་བ་ཚོ་ལྟ་གྲུབ་དང་ཀུན་སྤྱོད་གཉིས་ཆར་གྱི་ཐོག་ནས་ཕམ་ཁ་ཉོས་ནས་ངོ་ཚ་ཁ་སྐྱེངས་བཞིན་རང་ཡུལ་དུ་ལོག་དགོས།
བོད་ལ་ཡང་བཙན་འཛུལ་བ་ཚོ་ལྟ་གྲུབ་དང་ཀུན་སྤྱོད་གཉིས་ཆར་གྱི་ཐོག་ནས་ཕམ་ཁ་ཉོས་ནས་ངོ་ཚ་ཁ་སྐྱེངས་བཞིན་རང་ཡུལ་དུ་ལོག་དགོས།
བོད་ལ་ཡང་བཙན་འཛུལ་བ་ཚོ་ལྟ་གྲུབ་དང་ཀུན་སྤྱོད་གཉིས་ཆར་གྱི་ཐོག་ནས་ཕམ་ཁ་ཉོས་ནས་ངོ་ཚ་ཁ་སྐྱེངས་བཞིན་རང་ཡུལ་དུ་ལོག་དགོས།
་་་་ བླ་མ་གྲྭ་བ་མིན་པ་དང་། ནང་འཁྲུགས་སོགས་ཀྱི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྣེ་ཁྲིད་མཁན་ཞིག་ཡོད་ན་ཐོན་རན་འདུག ་་་་
་་་་་ བླ་མ་གྲྭ་བ་མིན་པ་དང་། ནང་འཁྲུགས་སོགས་ཀྱི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྣེ་ཁྲིད་མཁན་ཞིག་ཡོད་ན་ཐོན་རན་འདུག ་་་་
་་་་་ བླ་མ་གྲྭ་བ་མིན་པ་དང་། ནང་འཁྲུགས་སོགས་ཀྱི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྣེ་ཁྲིད་མཁན་ཞིག་ཡོད་ན་ཐོན་རན་འདུག ་་་་
བོད་གང་གིས་ཕུང་པ་རེད་ཟེར་བའི་ལན་དེ་གོང་དུ་བཏབ་ཡོད། དཔེར་ན། དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེའི་སྐབས་སུ་ཡང་མི་མང་པོས་ཆོས་ལུགས་དང་། གོམས་སྲོལ། བླ་གྲྭ་ལ་དགག་རྒྱག་གིས་མཚོན་པའི་གསར་བརྗེ་དང་། གསར་བཏོད། འདྲ་མཉམ། དམངས་གཙོ་ཡིན་ཟེར་ནས་ཁ་ཕྱོགས་མ་རྙེད་བཞིན་དུ་འཐབ་རྩོད་བྱས་ཁུལ་བྱས་ནས་ཐ་མར་མུག་ཤི་ཐེབས་པའི་ཚོད་དུ་ལྷུང་བ་རེད། དེ་འདྲ་བྱས་ན་བོད་ཕུང་པ་རེད། མ་འོངས་པར་ཡང་མ་གཟབ་ན་དེ་འདྲ་ཡོང་སྲིད་པ་རེད།
བླ་མ་དང་གྲྭ་བས་བོད་ཀྱི་མ་འོངས་པ་བསྐྲུན་པར་གཞོགས་འདེགས་ལས་ཐད་ཀར་བསྐྲུན་ཐུབ་ཀྱི་མ་རེད། དཔེར་ན།
ད་ལྟ་བོད་ནང་གི་དགོན་པ་མཐའ་དག་གི་དབུ་ཁྲིད་ཏང་གིས་བསྐོས་ཡོད་པ་དང་། བླ་མའང་ཏང་གིས་བསྐོ་འཛུགས་དགོས་པའི་ཁྲིམས་ཀྱི་གཏན་འཁེལ་འོག་ཡོད་པར་མ་ཟད། ཕྱི་ལོ ༢༠༠༩ལོ་ནས་གཞི་རིམ་གྱི་ཤང་རེ་རེའང་ཆེད་དུ་ཆོས་ལུགས་པར་སྣེ་ཁྲིད་བྱེད་པའི་ཧྲུའུ་ཅུ་གཞོན་པ་རེ་བསྐོས་ཡོད་པས། དགོན་པ་ནང་ཁུལ་དུ་གསང་ཉུལ་བའང་མང་བོ་བསྐྱེད་བསྲིངས་བྱེད་ཀྱིན་འདུག་སྟབས། གནད་དོན་འདི་བཞིན་གཙང་སེལ་མ་གྲུབ་མཚམས་བདག་གཞན་མཉམ་བརྗེ་ཇི་ལྟར་བྱེད་དམ།
དགོན་པའི་ནང་ལ་གཞུང་གི་གསང་ཉུལ་བ་ཡོད་རུང་སྐྱོན་མེད། དགོན་པའི་ནང་ལ་གསང་ནས་ཉུལ་ཡོང་རྒྱུ་ཅི་ཡང་མེད། ༢༠༠༨ལོའི་ངོ་རྒོལ་སྐབས་ལ་ཡང་དགོན་པ་གྲྭ་ཚང་གི་ནང་དུ་གསང་བ་ཅི་ཡང་མ་རྙེད་པར་མང་ཚོགས་ཀྱིས་འཚེ་མེད་དམ་བཅའ་བླངས་ནས་དགོན་པར་ཕུལ་བའི་མེ་མདའ་དང་གྲི་རྙིང་པ་ཁ་ཤས་ཁྱེར་ནས་འདི་བོད་ཀྱི་དགོན་པའི་ནང་དུ་དྲག་སྤྱོད་ཀྱི་སྒྲིག་འཛུགས་ཡོད་པའི་དཔང་རྟགས་ཡིན་ཟེར་ནས་སྟོན་དགོས་ཐུག་སོང་ང་། སྔོན་མ་གོ་མིན་ཏང་གིས་སེ་འབྲས་དགེ་གསུམ་ལ་གསང་ཉུལ་དུ་བཏང་བའི་མི་མང་པོས་གསང་ཉུལ་གྱི་ལས་ཀ་མ་བྱས་པར་ཆོས་པ་ཆགས་པའི་ལོ་རྒྱུས་ཡོད་རེད།
དགོན་པའི་མགོ་གཙོ་ཏང་གིས་བསྐོས་ཀྱང་སྐྱོན་མེད། ཏང་བསྐོས་དགོན་དཔོན་ཚོས་ཏང་དོན་བསྒྲུབ་པ་དང་བླ་གྲྭ་རྣམ་དག་ཚོས་དད་ལྡན་མང་ཚོགས་ཀྱིས་དོན་བསྒྲུབས་པས་དེ་གཉིས་ཀྱི་དབྱེ་བ་དེ་འབྱེད་པར་དཀའ་ངལ་མེད། དཔེར་ན། པཎ་ཆེན་ཡང་སྲིད་རྒྱལ་མཚན་ནོར་བུ་དེ་ཏང་གི་པཎ་ཆེན་ཡིན་ཡང་དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་མིན་པ་ལྟ་བུ་རེད།
དེ་དག་ཡོད་ཆོག་མིན་དང་ཡིན་མིན་ལབ་ཀྱི་ཡོད་པ་མ་རེད། དེ་དག་ལ་བརྟེན་ནས་མ་འོངས་པར་བོད་འདི་ཡར་ལངས་ཐུབ་མིན་ལ་ནུས་པ་ག་རེ་ཐོན་མིན་བཤད་ཀྱི་ཡོད་པ་རེད། དེ་མིན་སྔར་བྱུང་བའི་དགག་རྒྱག་ཀྱང་སྐྱ་སེར་གཉིས་ཀའི་ནང་བྱུང་བ་ཞིག་རེད་མ་གཏོགས་བླ་གྲྭ་གཅིག་པུའི་ནང་བྱུང་བ་ཞིག་མ་རེད་ལ། བླ་གྲྭའི་ནང་གི་འཐབ་རྩོད་ཀྱང་ཕན་ཚུན་ནང་ཁུལ་གྱི་ཞེ་འཁོན་ཁོག་བཅིངས་ཀྱིས་ཕན་ཚུན་ལ་འཐབ་རྩོད་བརྒྱབ་པ་ཞིག་རེད། དཔེར་ན། འཕགས་པ་ལྷས་པཎ་ཆེན་རིན་པོ་ཆེར་འཐབ་རྩོད་བྱས་པ་ལྟ་བུ་རེད།
ཁྱེད་ཀྱིས་པཎ་ཆེན་རྫུན་མ་གླེང་བ་ཡག་བྱུང་། སྔར་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས། སྡེ་བ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བར་ངོས་ལེན་ཡོད་པ་མ་རེད། སྐབས་དེར་གྲོས་མཐུན་ཁྲོད་ཀྱི་རྩོད་གཞི་གཙོ་བོའང་སྡེ་བ་གཞུང་དེ་བཞིན་ས་གནས་སྲིད་གཞུང་ལ་བསྒྱུར་བ་དེ་མ་ཡིན་པར་པཎ་ཆེན་སྐུ་ཕྲེང་བཅུ་བ་ངོས་ལེན་ཡོད་མེད་བརྩད་ནས་ཟླ་ཁ་ཤས་འགོར་བ་རེད། དེའང་སྐབས་དེར་ཁོང་ཚོས་པཎ་ཆེན་རིན་པོ་ཆེ་ཡི་ཕྱག་ལ་བོད་ལ་དབང་བསྒྱུར་བྱེད་པའི་དབང་ཆ་རེག་པར་དོགས་པ་ཞིག་རེད་ལ། དོགས་པ་དེ་བཞིན་རྒྱུན་བསྲིངས་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་པཎ་ཆེན་རིན་པོ་ཆེ་ཡིས་བཏོན་པའི་༼བོད་ཁུལ་རང་སྐྱོང༽ལ་གཞོགས་འདེགས་མི་བྱེད་དོན་ཡང་དེ་རེད་ལ། དེང་གི་བར་གྲུབ་འབྲས་རྐང་གཅིག་ལེན་མ་ཐུབ་པའང་ནང་ཁུལ་གྱི་འཐེན་འཁྱེར་དེ་རིགས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད། འདིའང་ངས་རྒྱུན་དུ་སེར་མོ་བ་ནི་མི་སྤྱི་ཡི་ཀུན་སྤྱོད་མཐོར་འདེགས་གཏོང་མཁན་ཞིག་ཡིན་པ་ལས་ཡུལ་ལུང་བྱེ་བྲག་པ་ཞིག་གི་སྲིད་དོན་གནང་མཁན་དུ་མི་འོས་པར་འདོད་ཀྱིན་པའི་རྩ་བ་གཅིག་ཡིན། ཞིབ་ཏུ་ཤེས་འདོད་མཁན་ཚོས་མཁས་དབང་འཇམ་དཔལ་རྒྱ་མཚོ་མཆོག་གི་རྒྱ་ཡིག་དེབ་གསར༼མའོ་ཙེ་ཏུང་། ཏཱ་ལའི་དང་པཎ་ཆེན༽ཞེས་པར་གཟིགས་རོགས།
རིག་ལོ་ལགས་ཕེབས་ནས་དོགས་འདྲི་གནང་བར་དགའ་བསུ་ཡོད། བཙན་བྱོལ་བོད་གཞུང་ཟེར་བ་དེ་བཞིན་རྒྱལ་བ་རིན་པོ་ཆེ་ནས་༼ང་དང་ངོས་ཀྱི་གཞུང་གང་དུ་ཡོད་ན་དེ་ལ་བོད་གཞུང་ཟེར་གྱི་རེད༽ནས་བརྒྱུད་ཡོང་བ་རེད་ལ། རྒྱ་གར་གཞུང་སོགས་ཀྱིས་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་གཞུང་འབྲེལ་ཡིག་ཆ་དང་དྲིལ་བསྒྲགས་ཡིག་ཆ་སོགས་ཀྱི་སྟེང་དུ་བཀོད་ཡོད་པས། རྒྱ་གར་གསར་ལམ་དང་འཛམ་གླིང་གསར་ལམ་ཁག་ཏུ་དེ་ལྟར་ཁྱབ་པ་རེད་ལ། འཛམ་གླིང་མི་དམངས་ཀྱིས་ཀྱང་དེ་ལྟར་ངོས་ལེན་ནས་རྒྱུན་འབྱམས་སུ་གྱུར་བ་ཞིག་རེད། ཡིན་ནའང་། ལོ་ཤས་སྔོན་ནས་རྡ་རམ་ས་ལས་གཞུང་དེ་བཞིན་ཚོགས་པ་སྐྱིད་སྡུག་གི་ངོ་བོར་བསྒྱུར་བར་མ་ཟད། འཛམ་གླིང་ལ་དེ་ལྟར་བསྒྲགས་པ་རེད། འོ་ན། འདི་ནི་དམར་གསོད་མ་རེད་དམ། རྒྱལ་བ་རིན་པོ་ཆེ་ཁ་ཞེ་མི་མཚུངས་པར་བསྒྱུར་བ་མ་རེད་དམ། གལ་སྲིད་བཙན་བྱོལ་བ་ཆགས་པ་ནས་གཞུང་དེ་བཞིན་མེད་པ་ཡིན་ན། ཅིའི་ཕྱིར་དེ་ལྟར་ཁྱབ་བསྒྲགས་བྱས་པ་རེད་དམ། བྱ་སྤྱོད་འདི་བཞིན་རྫུན་གྱི་གྲས་སུ་མི་འགྲོའམ། རེ་རེ་བཞིན་ལན་འདེབས་ཡོང་བ་ཞུ།
ལྷ་སྡེ་ཡི་སྐད་ཆ་དག་ལ་ཞིབ་འཇུག་བྱས་དང་ཚང་མས་ཤེས་ཡོང་། ཁོང་ལ་བོད་དང་བླ་མ་དང་གྲྭ་བ་དང་སྐུ་དཔོན་རྒྱལ་རྒྱུད་ཀྱི་ཕྱོགས་ན་སྐྱོན་གང་ཞིག་ཡོད་པ་དེ་འཚོལ་རྒྱུ་དང་འཚོལ་ཁུངས་ཡང་དགྱ་ཡིག་གི་གཏེར་བརྫིན་ན་ག་ཚད་དགོས་དགོས་ཡིན་པས། མྱི་འདི་ཚོའི་རང་གཤིས་ནི་རྫུན་ཚིག་ཡང་ཡང་ཀློག་དང་ཡང་ཡང་གོ་བས། མྱི་གཞི་ཤོར་ཚར་བ་རེད། ཁོས་ཆོས་དང་བོད་དཔོན་ཚོ་ཡག་པོ་མེད་པའི་མེད་སྟངས་ཀྱི་རྫུན་བསྒྲིགས་ཕྱོགས་བསྡུས་རྣམས་དགྱའི་ཁ་ལྟ་ཚོ་ལ་བཤད་ནས་ངོ་འཚོལ་དགོས་བ་རེད། དེ་ཚང་མས་ཤེས་དགོས་བ་རེད། ཁོས་དགྱ་ནག་དམར་པོ་གཞུང་གི་མྱི་སྣ་ཁ་ཤས་ཤིག་ལས་དགག་རྒྱག་བྱེད་མི་ཕོད། ཁོང་ལ་བཙན་བྱོལ་ན་ཙི་ཙིར་བབ་པའི་ཙིག་ཚང་ཞིག་ཡོད་བཞིན་དུ་ནུབ་ཕྱོགས་སུ་༧རྒྱལ་བ་མཆོག་གི་མཛད་འཕྲིན་དགྱ་མི་ལ་ངོམ་འདོད་ཡོད་རབས་བཤད་ནས་བྲོས་ཕྱིན་པ་རེད། བཙན་བྱོལ་དང་བོད་མི་རིགས་ཀྱི་བདེ་སྡུག་གཡུག་དགོས་ན་གནམ་གྲུའི་འཛིན་བྱང་ཉོ་སྤྱད་ཙམ་རེད། ཁོས་སྐྱོན་མཚང་བསྔོག་སྟངས་འདི་འདྲ་ཞིག་རེད། ཆོས་ལ་དོགས་སློངས་ཟེར་བའི་མིང་ཞིག་གཡར་ནས་སྐྱོན་འདོན་བྱེད། སྲིད་ལ་མེས་བོའི་རྨོངས་མཚང་ཐར་འདོན་ཟེར་ནིའི་མིང་ཞིག་གི་འོག་ནས་སྐྱོན་བརྗོད་བྱེད། ཚང་མས་ཤེས་དགོས་བ་གལ་ཆེན་པོ་རེད། མྱི་འདིས་བོད་ལ་ཕན་ཐོག་པའི་ལས་ཞིག་དང་སྐད་ཆ་ཞིག་བཤད་མི་ཡོང་བསམ་པའི་དོགས་པ་ཉིན་རེ་ནས་ཇེ་ཆེ་རེད། དྲང་མོ་ཡིན།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་ཀྱི་དབང་ཆ་ཟིན།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་ཀྱི་དབུ་ཁྲིད་བྱས།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་ཀྱི་སྲིད་དབང་འཛིན།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་ཀྱི་ལམ་སྟོན་བྱས།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་མི་ལ་གཞན་ཕུན་བཤད།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པས་བོད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་བྱས།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པའི་བཀའ་དགོངས་འོག་ཏུ་སཡ་དྲུག་པོ་ཤར་སྐྱོད་བྱས།
མི་ལོ་སྟོང་གི་རིང་དུ་བླ་མ་དང་ཆོས་ལུགས་པ་གསོ་སྐྱོང་བྱས།
ཡིན་ཀྱང་མཐའ་མ་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་། བོད་མི་རིགས་རང་དབང་མེད་པའི་བཙོན་པ་ལྟ་བུ་ཆགས། དཔལ་འབྱོར་ཡར་རྒྱས་མེད། ཤེས་ཡོན་མེད། འཕྲོད་བསྟེན་བལྟ་སྐྱོང་མེད། ཚན་རིག་ལག་རྩལ་མེད། འཚོ་བའི་སྲུང་སྐྱོབ་མེད། རྒྱལ་སྲུང་དམག་མེད། སློབ་གྲྭ་མེད། སྨན་ཁང་མེད། རྒད་གསོ་ཁང་མེད། བོད་མི་རིགས་མགོ་བོ་ལ་ཤིག་ཙར་རེ་དང་རྐུབ་ལ་སྐྱག་པ་ཙར་རེ་བྱས་ནས་རྩ་བའི་བླ་མའི་སྐུ་མདུན་དུ་པུས་མོ་ས་ལ་བཙུགས་ནས་ཕྱག་འཚལ་བསྡད་པ་རེད། དུ་དུང་་་་གནས་སྟངས་འདི་བོད་མི་རིགས་ཀྱི་མགོ་ཏུ་མུ་མཐུད་ཀྱི་ཡིན་ཟེར་ན་བྱང་ཆུབ་སེམས་དཔའ་ཁྱོད་ཚོའི་སེམས་མི་འཕམ་མམ། སྙིང་མི་རྗེ་འམ། ཤ་མི་ཚ་འམ།
བཙན་བྱོལ་བོད་གཞུང་ཡོད་དང་མེད་ཟེར་བ་འདི་བཅའ་ཁྲིམས་ནང་དུ་ཡོད་མེད་རེད། སེམས་ཀྱིས་ཡོད་བསམ་པའི་འདུ་ཤེས་ཙམ་གྱིས་ཡོད་གོ་ཆོད་ནི་མ་རེད།
དྲ་གྲོགས་བོན་པོ་ལགས།
ང་ཚོས་གསར་གཏོད་དང་གསར་བརྗེ་དགོས་ཟེར་བ་འདི་དག་ནུབ་ཕྱོགས་པའི་དམངས་གཙོའི་ལྟ་གྲུབ་གཞིར་བཟུང་ནས་རང་ཐག་རང་གཅོད་ཀྱིས་འཐབ་རྩོད་བྱ་འདོད་པ་དང་། དཔལ་འབྱོར་ལམ་ལུགས་དང་འཚོ་བའི་སྲུང་སྐྱོབ། འཚོ་བའི་སྲུང་སྐྱོབ་ཟེར་དུ་་་་ལས་ཀ་མེད་ན་ལས་མེད་གླ་ཕོག དེ་ལས་སྐྱོབ་བ་རྣམས་ལ་སྐྱབས་གསོ། རྒད་གསོ། སྨན་རིན་སོགས་ལ་གོ་དགོས། ཁྱད་ལས་རིག་གནས། ཞིང་ལས་དང་འབྲོག་ལས་བཅས་ནུབ་ཕྱོགས་ནས་དཔེ་ལེན་ནས་བོད་ཡར་རྒྱས་གཏོང་འདོད་པ་ཡིན།
ངའི་རྨི་ལམ་ནང་གི་མ་འོངས་པའི་བོད་རྒྱལ་ཁབ་འདི་སུད་སི་རྒྱལ་ཁབ་ལྟ་བུ་འཛེས་སྡུག་ལྡན་པའི་རྒྱལ་ཁབ་ཤིག་ཡིན།
གནམ་ལགས་ཕེབས་པར་དགའ་བསུ་ཡོད། ཁྱོད་ཀྱི་སྐད་ཆར་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་སྐད་ཆ་བཤད་པའི་ཐོབ་ཐང་ལ་བརྩི་བཀུར་ཞུ་ངེས་ཡིན། ཡིན་ནའང་། མཁས་དབང་འཇམ་དཔལ་རྒྱ་མཚོ་མཆོག་ནི་གཞན་མ་ཡིན་པར་ཕྱི་ལོ ༡༩༥༤ལོར་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས་ཀྱི་ཡིན་ཞེས་ཐེངས་མང་ཞུ་སྐབས་ཀྱི་གསུང་བསྒྱུར་བ་རེད་ལ། ལོ་རྒྱུས་དུམ་རིམ་དེའི་དཔང་མིའང་ཡིན་པས། ད་ཁྱེད་རང་གིས་ག་རེ་གནང་གི་ཡིན་ནམ།
༄༄།ཆོས་ལུགས་ཀྱིས་བོད་ཕུང་པ་དང་ཆོས་ལུགས་ཀྱིས་བོད་སྐྱོབ་པ་ཡང་ཡོད། མཐའ་མ་རྒྱ་ལག་ཏུ་ཤོར་བ་དེ་སྐུ་དྲག་མི་ཆེན་འགའ་དང་། ཆོས་ལུགས་ཁག་གི་བླ་ཆེན་འགའ་རྒྱ་རོས་སླུས་ནས་མིང་འདྲ་མིན་༼ཧོཐོག་ཐོག་དང༽ ཞྭ་འདྲ་མིན་གཡོག་ནས་བྱུང་བ་གསར་ལ། ད་དུང་བླ་ཆེན་འགས་འཐོམ་ཞྭ་གནམ་ལ་འཕུར་དྭོགས་ཀྱི་ཕྱག་གིས་འཇུས་ནས་བཞུགས་ཡོད། ཡང་ཆོས་ལུགས་ཀྱི་བླ་ཆེན་ཚོས་བོད་སྐྱོབ་པ་ཡང་མི་ཉུང། ད་ལྟར་འཛམ་གླིང་འདིར་བོད་ཅེས་པའི་འབོད་སྒྲ་དང་རྒྱབ་་སྐྱོར་སྐད་གྲགས་སོགས་ཆོས་ལུགས་ཀྱིས་བཀའ་དྲིན་ཡིན་ན། གང་ལྟར་ངས་ཆོས་ལུགས་ཀྱིས་བོད་ཕན་པ་དང་གནོད་པ་ཡང་ལྕི་བཤད་དཀའ་བའི་གནས་སུའོ།
གཞོན་ནུ་ཟླ་མེད་ལགས། ང་ཚོས་ཀྱང་རྨོངས་དད་ཀྱི་ལྕགས་སྒྲོག་གཏོར་དགོས་ཟེར་འདི་དེ་རིང་རྐང་པ་འདི་སང་ཉིན་གྱི་མདུན་དུ་སྤོ་ཐུབ་ཆེད་དུ་ཡིན། བོད་མི་རིགས་ཀྱི་རྐང་པ་གཉིས་པ་ལ་རྨོངས་དད་ཀྱི་ལྕགས་སྒྲོག་བརྒྱབས་ཡོད་དུས་མདུན་བསྐྱོད་བྱེད་པར་དཀའ་ངལ་ཆེ་བས་ཡིན།་
ཆོས་ལུགས་ལ་མ་འདྲ་ས་ཡོད་པ་ལས་ཡག་བཙོག་དང་བཟང་ངན་ཡོད་པ་མ་རེད། འོན་ཀྱང་ལག་ལེན་བསྟར་མཁན་ཚོས་ཇི་ལྟར་བེད་སྤྱོད་བཏང་ཡོད་མེད་དང་དེས་བསྐྱེད་པའི་མཇུག་འབྲས་ཕན་གནོད་གང་ཡོད་ནི་བགྲོ་གླེང་གི་རྩ་བ་ཡིན་ཞུ་རྒྱུ་ཡིན།
སུད་སུ་རྒྱལ་ཁབ་ལས་བོད་སྐྱིད་པ་ཡོད་པ་རེད། ཁྱིམ་མི་གཅིག་གིས་ནང་མི་ཡོངས་ཀྱི་ཁ་རྒྱབ་ལ་སྡུག་མེད་པའི་བདེ་སྐྱིད་སྒྲུབ་ཐུབ་ས་ཡིན་པ་རེད།
ལོ་ལོན་རྒན་མགོར་ཆགས་དུས་མི་རིགས་གཞན་པའི་སྒོར་རྔམ་གྱི་གླ་གཡོག་པ་ཚོའི་ཁ་ངོ་ལ་ལྟ་མི་དགོས་བར་རང་གི་ཤ་ནས་ཆད་པའི་བུ་ཕྲུག་གིས་སྐྱོང་ཐུབ་ས་ཡིན་པ་རེད།
ས་ཁྲལ་དང་ནོར་ཁྲལ། མི་ཁྲལ་དང་ཧམ་ཁྲལ་སོགས་མ་བྱུང་ན་བོད་འདི་ལྷ་ཡུལ་ལྟ་བའི་དལ་དལ་ལྷོད་ལྷོད། རང་དགའ་གང་སྐྱིད་ཡིན།
ནད་བཅོས་གསོ་ཐབས་རིགས་པ་ཞིག་ལག་ལ་རག་སོང་ན། དེ་ནས་ནུབ་ཕྱོགས་ན་དཔེ་ལེན་དཔེ་ལྟ་བྱེད་སའི་སྐྱག་སྒོང་ཙམ་ཡང་མེད།
སྤྲང་ཕྲུག་གཅིག་གི་མྱིག་ལམ་གྱི་མ་འོངས་བའི་བོད་ནི་སྡུག་ལ་མཚན་ལས་བྱེད་དགོས་ས་ཞིག་ཡིན་སྐྱོ་བ་ལ།
འཇམ་དཔལ་རྒྱ་མཚོ་ཟེར་ནི་ཞིག་གིས་དེ་འདྲ་བྲིས་ནས་དཔར་སྐྲུན་བྱེད་ས་དེ་ང་ལ་གསལ་པོ་ཤོད་དང་དེ་ནས། སྐད་ཆ་དེ་ལ་བདེན་ཤ་འདུག་གམ། ག་རེ་འདུག། འུ་ཚོ་ཚང་མས་ཤེས་ཡོང་གི་རེད།
རང་གི་སྐྱག་པ་གཏོང་སྟངས་མི་ཤེས་མཁན་ཞིག་གིས་བོད་ཀྱི་ཕུང་རྐྱེན་བཤད་ཁུལ
བོད་པའི་མི་ཡི་འཚོ་བ་་ལས་སུད་སི་ལུང་པའི་ཁྱི་ཡི་འཚོ་བ་ཡག་བ་ཡོད།
བོད་པའི་མི་ལ་ལུས་ཁྲུས་སའི་ཆུ་ཚ་པོ་ཡོད་པའི་ཁྲུས་ཁང་མེད་ཀྱང་སུད་སི་ལུང་པའི་ཁྱི་ལ་ཆུ་ཚ་པོའི་ནང་དུ་ལུས་ཁྲུས་སའི་ཁྲུས་ཁང་ཡོད།
བོད་པའི་མི་ལ་དགོན་ཁ་ཚ་ཀློག་ཡོད་པའི་ཉལ་ཁང་མེད་ཀྱང་སུད་སི་ལུང་པའི་ཁྱི་ལ་དགོན་ཁ་ཉལ་ཁང་ནང་དུ་ཚ་ཀློག་ཡོད།
སྙིང་རྗེ་་་དཀོར་གཟན་བདུད་རྒན་འདྲ་བའི་གནམ་ཞེས་པ་ཁྱོད། བོད་མི་རིགས་ལ་ཤ་ཚ་ཟེར་བ་སྤུ་ཙམ་མེད་པ་འདི་ནི་དུད་འགྲོ་ལས་སྐྱོ་གི་རེད། ད་དུང་ཁ་ནས་གཞན་ཕན་དང་སྙིང་རྗེ་རང་བཤད་བ་་་་་དུད་འགྲོ
བོད་པའི་མི་ལ་དགུན་ཁ་ཚ་ཀློག་ཡོད་པའི་ཉལ་ཁང་མེད་ཀྱང་སུད་སི་ལུང་པའི་ཁྱི་ལ་དགུན་ཁ་ཉལ་ཁང་ནང་དུ་ཚ་ཀློག་ཡོད།ཅེས་བཅོས་རོགས།
བོད་པའི་མི་ཡིས། ཛམ་གླིང་ཞི་བདེའི་གཟེངས་རྟགས་བླངས། སུད་སི་ཁྱི་དང་ཕར་ཞོག སུད་མི་ཡིས་འཇོན་མི་འདུག ༡༩༥༩འི་བར། བོད་མིས་ཁོར་ཡུག་སྲུངས་ནས་མི་ཛར་འཁྱོལ་འདུག ཡོ་རོབ་པས་དེ་ལྟར་མིན། བོད་པའི་ཁྱི་ཡིས་མ་ཎི་གོ་ཐོས་མྱོང་ཡང་། སུད་སི་དུད་འགྲོ་གཅིག་གིས་ཀྱང་། དེ་ལྟར་ཐོས་པའི་གོ་སྐབས་མེད། གང་ཡིན་ཟེར་ན། ཁྱི་དེ་དག ཅི་རི་ཉི་མ་དངཉེ་དྲགས་པས་ཡིན་སྲིད་པ་རེད། ཧཧཧ།། །།
ཅོ་རི་ལོ་ལོ། ཁྱོས་ཆུ་ཚ་བོ་དང་གློག་ཚ་བོ་ཡོད་ཟེར་ཚུལ་ལ་བལྟས་ན། རང་གཅེ་རང་ཙམ་གྱི་མི་བུ་ཕལ་བའི་ཤེས་སྤྱོད་ལས། ཁྱོད་ལ་རྡོ་སོལ་དང་རྡོ་སྣུམ་གྱིས་འཇིག་རྟེན་གོ་ལ་སྤྱི་ཡོངས་ལ་བདེ་བཅོས་མེད་པའི་གོད་ཆག་སྤྲོད་བཞིན་པའི་སྐོར་ལ་ཀླད་གོར་ཡིན་ས་རེད་ཨ། ཆབ་སྲིད་པ་ཚད་ལྡན་ཞིག་བྱེད་ན་འདི་མ་ཤེས་ཐབས་མེད་ཀྱི་མགོ་ཐོག་གི་ཉི་མ་ཡིན་ནི་རེད་ཡ། དགའ་དགའ།
ཀརྡོ་དང་གནམ་ལགས།
སུད་སི་རྒྱལ་ཁབ་ཟེར་བ་འདི་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ཞི་བདེའི་རྒྱལ་ཁབ་ཚད་དང་ལྡན་པ་ཞིག་རེད། དམག་ཆེན་གཉིས་པའི་སྐབས་སུ་སུད་སི་རྒྱལ་ཁབ་ཀྱིས་ནད་པ་དང་རྨས་རྣམས་སྐྱོབ་ནས་འགྲོ་བ་མིའི་རིགས་ཞབས་ཞུ་ཞུས་པ་ནི་འཛམ་གླིང་ཐོག་ཏུ་སྐད་གྲགས་ཡོད་པ་རེད། སོ་སོའི་མི་རིགས་ལ་ཞི་བདེ་མེད་པ་གཟེངས་རྟགས་སྐམ་པོ་ཞིག་གིས་ཕན་ཐོགས་ག་རེད་འདུག་གམ།
རྡོ་སོལ་དང་རྡོ་སྣུམ་གྱི་སྐད་ཆ་དང་ཁོར་ཡུག་སྲུང་སྐྱོབ་བཤད་ཀྱི་ཕར་ཞོག་ཤོག དུས་་ད་ལྟའི་བར་དུ་ཐབ་ཚང་ནང་དུ་ལྕི་བས་མེ་བཏང་ནས་འཚོ་བ་སྐྱེལ་བཞིན་པ་རེད། ཐབས་འདི་ལས་སྐྱོ་བ་ག་རེ་དགོས་ཀྱི་འདུག་གམ། ཁྱིམ་ཚང་རེའི་ཐབ་ཚང་ནང་དུ་ལྕི་བས་མེ་རེ་བཏང་དུས་ཡུལ་ལུང་ཁོ་རང་དུ་དྲི་ཁ་ཡི་ཡོད་པ།
ནུབ་ཕྱོགས་སུ་ཐ་མ་འཐེན་པའི་དུ་བ་ཙམ་གྱི་མིའི་འཕྲོད་བསྟེན་ལ་གནོད་ཀྱི་འདུག་ཟེར་ནས་བཀག་སྡོམ་ག་ཚོད་བྱེད་ཀྱི་མི་འདུག་གམ། བོད་པའི་ཁྱིམ་ཚང་ནང་དུ་ལྕི་བའི་དུ་བ་འཐེལ་ནས་མིག་ཚ། སྣ་ཚ། དཀའ་ངལ་ག་ཚོད་མེད་དམ། འཕྲོད་བསྟེན་ལ་ག་ཚོད་ཤིག་གནོད་ཀྱི་མ་རེད་དམ། སོ་སོའི་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་དེ་དག་ལ་ཐུགས་བསམ་ཏོག་ཙམ་རེ་བཞེས་ན་སྡིག་པ་དང་ཡོད་ཀྱི་མ་རེད་བ།
རང་གཅེས་འཛིན་བྱས་ཀྱི་འདུག་པས་མི་ཡག་པོ་མ་རེད་ཨེ་་་ཧཧཧཧ བདེན་པ་རེད། ཁྱོད་ཚོ་རང་གཅེས་འཛིན་གྱི་འདུ་ཤེས་མེད་མཁན་ཤ་སྟག་ཡིན་ནམ། ངས་བལྟས་ན་ཁྱོད་ཚོ་ལས་རང་གཅེས་འཛིན་དང་བདག་འཛིན་ཆེ་བ་ཞིག་མི་འདུག ཤི་ན་རོ་ཡང་གསེར་དངུལ་ནང་དུ་བཅུག་གི་ཡོད་པ། ཁྱོད་ཚོས་བཤད་ཀྱི་ཡོད་པ འཁོར་བ་སྤང་དགོས་རེད། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་འཁོར་བ་རེད། འདི་སྤང་དགོས་རེད་ཅེས་བཤད་ཀྱི་ཡོད་པ། ཁྱོད་རང་ཚོའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་གསེར་དངུལ་ནང་་བཅུག་བཞག་གི་ཡོད་པ། བདག་འཛིན་མེད་ནས་ཨེ་རེད། འཁོར་བ་ལ་ཆགས་ཞེན་མེད་མེད་ཀྱིས་ཨེ་རེད།་་ཧཧཧཧ་་་མ་བྷན་ཚོ།
ང་ནི་རང་གཅེས་འཛིན་གྱི་བློ་རྒྱུད་ལྡན་གྱི་གང་ཟག་ཞིག་ཡིན་པ་མ་ཟད་་་བོད་མི་རིགས་གཅེས་འཛིན་ཅན་གྱི་མི་ཞིག་ཡིན། ང་རང་ལ་མཐུན་རྐྱེན་འཛོམས་པ་ལྟར་བོད་མི་རིགས་ཡོངས་ལ་འཛོམ་ན་བསམས་མཁན་ཞིག་ཡིན། སུད་སི་ལུང་པའི་མི་ལས་བོད་ནང་གི་བོད་མིའི་འཚོ་ལ་ཡག་བ་ཡོད་ཨེ་་་གནམ་ལགས། བོད་ནང་གི་བོད་མི་རྒྱ་ཆ་བཅུ་ཙམ་སྤྲང་ལུས་ལེན་ནས་ལྟོ་སློང་ནས་འགྲོ་བཞིན་འདུག་ད། རྒྱ་ནག་ལ་ལྟོ་སློང་ནས་འགྲོ་མཁན་མང་པོ་འདུག་ད། ཁོག་ན་སྙིང་དང་སྙིང་ལ་བོད་བཙན་པོའི་མི་རིགས་ཀྱི་ཟུངས་ཁྲག་ཡོད་པའི་མི་ཞིག་ཡིན་ན་མིག་ནས་མཆི་མ་ཤོར་བའི་སྐད་ཆ་རེད་མ་གཏོགས་སྐྱིད་གཏམ་རྒྱག་གཏམ་བཤད་པའི་དུས་ཚོད་རེད་མི་འདུག་ད་་་་ཁྱོད་རང་ཚོས་བོད་མི་ཉམ་ཐག་ཚོའི་ཕྱོགས་ལ་ཐུགས་བསམ་ཏོག་ཙམ་རེ་བཞེས་རོགས་བྱོས། བྱང་ཆུབ་སེམས་དཔའ་ཚོ། ཐུགས་རྗེ་གཟིགས།།
དྲྭ་གྲོགས་ཅོ་རི་ཉི་མ་ལགས། །
དྲི་ལན་གནང་བར་བཀའ་དྲིན་ཆེ་ཞུ། སྐུ་ཉིད་ཀྱིས་་་ནུབ་ཕྱོགས་པའི་དམངས་གཙོའི་ལྟ་གྲུབ་གཞིར་བཟུང་ནས་་་གསུངས་པ་ལ་བསམ་བློ་ཞིག་གཏོང་དགོས་པ་ཆགས་སོང་། ང་ཡི་བསམ་པར་བོད་ལ་གསར་རྗེ་དང་གསར་གཏོད་གང་ཞིག་གཏོང་འདོད་པ་ཡིན་ནའང་། ཏན་ཏན་དང་ཏིག་ཏིག་གི་ལམ་ནས། བོད་མི་རིགས་རང་གི་གོམས་གཤིས་བཟང་པོ་གང་ཡོད་རྣམས་གཞི་རྩར་བཟུང་དགོས་པ་དེ་གལ་ཆེན་པོ་རེད་དྲན། བོད་མི་རིགས་ཕུགས་དང་རྩ་བ་ནས་སྐྱོབས་མཁན་དངོས་གནས་དེ་ནི། བོད་མི་རིགས་རང་གི་གོམས་གཤིས་བཟང་པོ་གང་ཡོད་པ་འདི་རྣམས་རེད། འདིས་བོད་མི་རིགས་བསྐལ་པ་མ་སྟོང་གི་བར་དུ་སྐྱོབས་ཐུབ་པར་ངེས། གཞན་ནུབ་ཕྱོགས་དང་རྒྱ་དཀར་ནག་སུ་དང་གང་གིས་ཀྱང་། བོད་མི་རིགས་ཀྱི་བསམ་པའི་འདུ་ཤེས་ཡོངས་རྫོགས་དུས་ནམ་ཡང་ཚིམས་པར་བྱེད་མི་ཐུབ་བོ། མི་ཞེས་པའི་འགྲོ་བ་འདི་ལ་བསམ་པའི་དཔལ་ཡོན་དགོས་པ་དེ་ནི་ཤིན་ཏུ་གལ་ཆེན་པོ་རེད། ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་སྒྲུབ་པར་བྱེད་པའོ། དེ་ནི་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་འདི་ཤོད་ཕོད་པ་ཡིན། ཡིན་ནའང་དཔེ་ལྟ་ཆོག་པ་རེད། མཐུན་གྲོགས་བཟོ་ཆོག་པ་རེད། སློབ་སྦྱོང་བྱེད་ཆོག་པ་རེད། རེ་ལྟོས་འཆའ་ཆོག་པ་རེད། རྩ་བ་ཐུག་ས་དེ་རང་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་བཟང་པོ་གང་ཡོད་པ་འདིས་སྟེང་ནས་ཡར་ལངས་དགོས་པ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་ངོ། །
གཅིག
ངས་ལྟས་ན་མང་པ་ཞིག་གིས་ནད་རྟགས་རྩོད་ཀྱིན་ཡོད་པ་ལས་ནད་ཀྱི་འབྱུང་རྐྱེན་རྩོད་ཀྱི་མི་འདུག ན་ཚ་དེ་གང་ནས་བྱུང་མིན་ལ་ཞིབ་འཇུག་མི་བྱེད་པ་ན་ཚ་བྱེད་ལས་གླེང་བཞིན་འདུག དེ་ལྟར་བྱས་ན་ཞིབ་འཇུག་བྱེད་ས་འཁྲུགས་ནས་ནད་ཀྱི་འབྱུང་རྐྱེན་རྟོགས་པ་འགོག་རྐྱེན་ཡོད་པས་ཡིན།
བླ་མ་དགོན་པ་དང་དད་པ་ཡོད་མཁན་ཚོས་ནས་བོད་ཀྱི་ལ་རྒྱལ་ཡོད་མཁན་རེ་ཟུང་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་དད་པ་འདི་ཡག་པོ་ཡིན་ཚུལ་སྒྲུབ་ཐུབ་ཀྱི་མ་རེད་ལ། རེ་ཟུང་ཞིག་ངན་པ་ཡོད་པས་དད་པ་དེ་ངན་པ་ཡིན་པ་སྒྲུབ་ཐུབ་ཀྱི་མ་རེད། གལ་སྲིད་དད་པ་འདི་མ་ཡོད་ཅིང་གཙོ་བདག་ཟེར་བ་ཞིག་མེད་ན་བོད་ཀྱི་རིགས་ཞེན་དང་རྒྱལ་ཞེན་ལ་གནོད་པ་བཏང་མཁན་ཡོད་པ་མ་རེད། བོད་ཀྱི་ཆོས་གཞུང་གང་ཞིག་ཡིན་ཡང་རྒྱལ་ཞེན་དང་རིགས་ཞེན་ལ་རྒོལ་རྒོལ་མཁན་ཁོ་ན་ལས་ཞབས་འདེབས་བྱེད་མཁན་མེད། དེ་ནི་ཞིབ་འཇུག་པ་ཚོས་ངེས་བར་དུ་ཤེས་དགོས་བའི་གནད་དོན་གལ་ཆེན་ཞིག་རེད། རིགས་ཞེན་དང་རྒྱལ་ཞེན་ཟེར་བ་ཞིག་མི་དགོས་ན་མི་རིགས་ཀྱི་འཐབ་རྩོད་ཟེར་བ་ནི་ཡོང་སྟངས་མེད་པས་ཡིན། མི་བདེན་ན། ཆོས་གཞུང་ཁག་ལ་གསལ་བོ་ཀློག་དང་། དེའི་ནང་ནས་དད་པ་དམ་ཚིག་ཅེས་བ་མང་དུ་ཡོད་བ་ལས་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་། འདྲ་མཉམ་ཟེར་བ་ཞིག་ཟུར་ཙམ་མེད་ལ། དེ་ལས་ལྡོག་སྟེ་གྲལ་རིམ་རིང་ལུགས་ཀྱི་ལྟ་བ་ཁོ་ན་ཡོད།
དེ་མིན་བླ་གྲྭ་ཁ་ཅིག་ལ་བོད་དོན་གྱི་ཞེན་ཁོག་ཡོད་ཚུལ་གྱིས་དད་པ་རིང་ལུགས་པ་ཡག་པོ་སྒྲུབ་མི་ཐུབ། རིགས་ཞེན་དང་མི་རིགས་ཀྱི་ལ་རྒྱལ་ཟེར་བ་ནི་མི་རྣམས་ལ་ལྷན་སྐྱེས་སུ་ཡོད་པས། དེ་ལ་ཆོས་ལུགས་དང་དད་པ་རིང་ལུགས་པ་ཚོས་ཅི་ཙམ་རྒོལ་ཡང་། བོད་མི་ཡོད་ཚད་ཀྱི་སེམས་ཁམས་སྒྱུར་ཐབས་མེད་ལ་མིའི་ཞེན་ལྷན་སྐྱེས་སུ་ཡོད་པའི་ཞེན་ཁོག་ཀྱང་རྩ་མེད་བཟོ་ཐབས་མེད། མེད་པས་ཆོས་ལུགས་ཀྱི་དད་པ་རིང་ལུགས་པས་ཅི་ཙམ་རིགས་ཞེན་དང་ལ་རྒྱ་སོགས་ཀྱི་་ཚབ་ཏུ། བཟོད་སྒོམ་དང་འགྲོ་བ་མ་ལྟའི་བསམ་བློ། བདག་ལས་གཞན་གཅེས་སོགས་ཀྱིས་བསམ་བློ་སྒྱུར་ཐབས་བྱས་ཀྱང་། བོད་མི་ཀུན་གྱིས་དང་ལེན་བྱེད་མི་ཐུབ་ཅིང་ལྷག་པར་དུ་གཏུམ་དྲག་ཆེ་ཞིང་དྲང་བདེན་མ་ཡིན་པའི་བཙན་འཛུལ་བ་ལ་བཟོད་སྒོམ་བྱེད་མ་ཐུབ་པས། རིགས་ཞེན་དང་ལ་རྒྱལ་བཟུང་ནས་ངོ་རྒོལ་དག་བྱས་བ་རེད། དེ་དག་ནི་མི་རྣམས་་ལྷན་སྐྱེས་སུ་རང་དབང་དང་འདྲ་མཉམ་ལ་དུང་བའི་མཚོན་དོན་ཞིག་ཡིན་པ་པས། དད་པ་ཡིས་ཕན་ཐོགས་བྱས་པ་མིན། དེ་ལས་ལྡོག་སྟེ་གཙོ་བདག་མང་པོ་ཞིག་གིས་རང་མཚན་དང་སྙན་གྲགས་ཀྱི་ཆེད་དུ་བོད་མི་རྣམས་ལ་ངོ་རྒོལ་མ་བྱེད་ཟེར་ནས་འབོད་སྐུལ་ཞུ་དང་ཞུ་བཞིན་ཡོད་པ་མཐོང་ཆོས་རེད།
ད་ལྟ་བོད་མི་མང་པོ་ཞིག་ལ་ལ་རྒྱལ་དང་སྙིང་སྟོབས་ཡོད་པ་འདི་ཡང་རྒྱ་ནག་གི་མ་དྲང་བའི་སྲིད་བྱུས་ལས་བྱུང་བ་ལས་དད་པ་ལས་བྱུང་བ་མིན། དད་པ་ལས་བྱུང་བ་ཡིན་ཚེ་དད་འདུན་གྱི་དབང་སྒྱུར་བྱེད་པའི་སྤྲུལ་སྐུས་རྒྱལ་ཁབ་སྐྱོང་སྐབས་བོད་ལ་རྒྱལ་ཞེན་ཅན་དང་མི་རིགས་རིང་ལུགས་པ་མང་དུ་ཡོད་དགོས་ཀྱང་། དེ་ལས་ལྡོག་སྟེ་ཧ་ཅང་གི་ཉུང་བ་ནི་མི་རབས་རྒན་པ་རྣམས་དང་། ལོ་རྒྱུས་ཀྱི་ཡིག་ཚང་ཀློག་ན་གསལ་བོ་ཤེས་ངེས་རེད།
གོང་དུ་སྤོབས་མཆོག་མཐའ་ཡིས་ཀྱིས་བོད་དང་ཡི་གུ་གཉིས་དད་པའི་སྟོབས་ཀྱིས་གནས་བ་ཟེར་བ་ནི་ལྟར་སྣང་གི་རྒྱུ་མཚན་ལས་ཡང་དག་ཅིིག་ཏུ་མ་མཐོོང་། ༼གཅིག་བྱས་ནས་ཁོས་ཆེད་མངགས་ཀྱི་དེ་ལྟར་བྱས་ཤས་ཆེ༽གལ་སྲིད་ཡི་གུ་དང་བོད་པ་རྣམས་དད་པ་ཡི་འདམ་དུ་མ་ལྷུང་བར་འཇིག་རྟེན་འཁོར་ཕྱོགས་སུ་ཕྱིན་པ་ཡིན་ན། ད་ལྟའི་གནས་སྟངས་འདི་བྱུང་དགོས་དོན་མེད། བོད་ཡི་གཉིས་ཀྱིས་ཆོས་ལུགས་ལ་བརྟེན་ནས་སྔོན་ཆད་མི་རིགས་དུ་མ་ལ་ཤུགས་རྐྱེན་སྤྲད་ཅིང་ལམ་ལྷོང་མི་ཉུང་བ་ཞིག་བྱུང་ཡོད་ཀྱང་། དུས་རབས་འགྱུར་ཟིན་ཞིང་དད་པ་དང་ཆོས་ལུགས་ཀྱིས་འཇིག་རྟེན་སྐྱོང་བའི་དུས་རབས་རྫོགས་ཟིན་པས་རེད། འོན་ཀྱང་། ཆོས་ལུགས་དང་དད་པ་ཡི་འདུཤེས་ཆེ་མཁན་གྱི་མི་དང་། མི་རིགས་རྣམས་ད་དུང་ཡང་དད་པ་ཡི་སྒྲོག་ཏུ་ཚུད་པས་སྔོན་ཆད་འཇོན་པ་ད་དུང་འཇོན་པ་འདོད་པས། ཡར་རྒྱས་ལ་འགོག་རྐྱེན་ཐེབས་ཤིང་རྗེས་ལུས་ཐེབས་པ་རེད། འོན་ཀྱང་། བོད་ཀྱི་སངས་ཆོས་ཀྱིས་ཁ་ཆེ་དང་ཡི་ཤུ་ལྟར་སྔོན་ཆད་འཇོན་མེད་ཅིང་། ཁོ་གཉིས་ལྟར་འཛམ་གླིང་ལ་ཤུགས་རྐྱེན་སྤྲད་ཐུབ་མེད། ཡིན་ཡང་།་བོད་པ་རྣམས་ཁེར་རྐྱང་ཟུར་སྡོད་དུ་ལྷག་པས་དེ་ལྟར་འཇོན་པ་འདོད་ཅིང་། གཞན་གྱི་ཆབ་སྲིད་ཀྱི་ངོ་བསྟོད་དང་བསླུ་བྲིད་ལ་མགོ་བོ་འཁོར་ནས་བཙན་རྫོང་ལྟ་བུའི་བོད་ཀྱི་ས་ཆ་བརླགས་པ་རེད།
ས་སྐྱའི་སྐབས་སུ་སོག་པོའི་དབུ་བླ་དང་རྗེས་སུ་རྒྱ་ནག་གོང་དུ་མའི་དབུ་བླ་བྱེད་དགོས་དོན་ནི་བླ་མ་ཚོས་འཇོན་པ་ཁོ་ན་མིན་ཞིང་། དུས་དེར་འཛམ་གླིང་གི་གང་སར་ཆོས་ལུགས་ཀྱིས་འཇིག་རྟེན་སྐྱོང་བའི་སྐབས་ཡིན་པས། ཆབ་སྲིད་པ་ཚོས་ཆོོས་དཔོན་ཚོ་ལག་ཆ་འམ་མཉམ་འབྲེལ་བྱས་ཏེ་དབང་སྒྱུར་བྱེད་པ་རྒྱུན་ལྡན་རེད། དེ་ནི་ཆོས་དཔོན་ཚོས་འཇོན་པ་མིན་པ་སྐབས་དེ་དུས་ཀྱི་སྤྱི་ཚོགས་དེ་ལྟར་ཡིན་པས་ཡིན་ཡང་། བོད་ཀྱི་ཆོས་དཔོན་ཚོས་གནད་དོན་དེ་མ་རྟོགས་པ་ནམ་རྒྱུན་དེ་ལྟར་ཡིན་པ་འདོད་ནས་སྦྱིན་བདག་རྒྱ་ནག་ལ་མགོ་འབུལ་ལུས་འབུལ་བྱས་ཕྱིན། སོག་པོའི་སྟོབས་ཤུགས་ཉམས་པ་དང་ལྷན་དུ་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་ཁུལ་དུ་མན་ཇུས་དང་། ཁ་ཆེའི་བཙན་འཛུལ་བྱས་བ་མཚམས་ཆད་མྱོང་མེད། དེ་དུས་དད་པ་ཡི་སྐྱོབ་མཁན་མེད་ལ་ཤར་མཐའི་ས་མཚམས་ཀྱི་བོད་པ་རྣམས་ཀྱི་བཙན་པོའི་གོམས་སྲོལ་ལས་ཆད་པའི་དཔའ་བོའི་གཤིས་སྤྱོད་ཀྱིས་རྒྱ་དམག་དང་ཁ་ཆེ་ལ་གདུང་ལེན་བྱས་ཡོད། འོན་ཀྱང་། ཕམ་ཁ་མྱོང་ས་ཡི་ས་ཁུལ་སྐུ་འབུམ་དང་འབའ་ཐང་སོགས་སུ་རྒྱ་དང་ཁ་ཆེས་གང་ཐུབ་ཀྱིས་དབང་སྒྱུར་བྱས་བ་ལས། དད་པ་ཡི་གདོང་ལ་ལྟོས་ནས་ཕྱི་འཐེན་བྱས་མྱོང་མེད། དེ་ལས་ལྡོག་སྟེ་བོད་ཀྱི་གཙོ་བདག་མང་པོ་ལག་ཆ་བྱས་ཏེ་བོད་ཀྱི་རི་གྲོང་གི་དང་བླངས་དམག་མི་ཕམ་ཉེས་བཏང་ཡོད།
བོད་འདི་གུང་ཁྲན་མ་ཡོང་བར་དུ་ད་ལྟ་ནང་བཞིན་རྒྱལ་ཁབ་སུ་ཞིག་གིས་དབང་སྒྱུར་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། བོད་འདི་འགྲོ་ལམ་དཀའ་ཞིང་ས་མཐོ་བ། གྲང་ངར་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་ས་མགོ་དམའ་སའི་མི་ཞིག་ཡོང་ན་དམག་འཁྲུག་བྱེད་པ་ལྟ་ཅི་རྫ་དུག་དང་། ཁ་དབུགས་མི་འདང་བའི་དཀའ་ངལ་ཡོད་ཁར། བོད་མི་རྣམས་བཙན་པའི་གོམས་གཤིས་ལས་ཆད་པའི་སྙིང་སྟོབས་དང་དཔའ་རྩལ་ཡོད་པས། དེང་རབས་ཀྱི་མཚོན་ཆ་མ་སླེབས་བར་དུ་སུ་ཞིག་གིས་ཀྱང་བོད་ལ་ལས་སླ་བོ་དཔུང་འཇུག་བྱེད་ཐུབ་མེེད། བཙན་འཛུལ་བས་ཀྱང་དབང་སྒྱུར་བ་ལ་འགྲོ་སོང་ལས་དེ་ཙམ་ཡོང་འབབ་མེད་པས་རེད།
དུས་རབས་བཅུ་གཉིས་བའི་འཇུག་ཏུ་ནང་ཏུར་ཁས་རྒྱ་གར་གྱི་ས་ཆ་མང་པོ་དབང་སྒྱུར་བྱས་རྗེས་བོད་ལ་བཙན་འཛུལ་དུ་ཡོང་ཡང་། ཧི་མ་ལ་ཡི་གངས་ཞོད་དང་རྫ་དུག་གིས་མི་དམག་མི་མང་པོ་གྲོངས་ཁར་དམག་དཔོན་ལག་ཁི་དྲི་ཡ་ཁ་ཡིས་ཀྱང་ནད་ཀྱིས་མནར་ནས། མཐའ་འུ་ཐུག་ནས་རྡི་ལི་ལ་ཕྱི་ལོག་ཅིང་གྲོངས་བའི་ལོ་རྒྱུས་ཡོད།
དེ་བཞིན་ཀ་སྨིར་གྱིས་ལ་དྭགས་རྒྱུད་ནས་མངའ་རིས་ལ་བཙན་འཛུལ་བྱས་སྐབས། དགུན་གྱི་གྲང་ངར་གྱི་སྟབས་་དང་སྟུན་ནས་ཀ་དམག་ཕམ་པ་བརྒྱབས་ཤིང་། ཡ་སོ་མིག་དམར་གྱིས་བཙན་འཛུལ་བའི་དམག་དཔོན་དམར་གསོད་བཏང་ཐུབ་ཡོད། དེ་དག་ནི་གནམ་གཤིས་ཀྱི་བཀའ་དྲིན་རེད། དབྱིན་དམག་བོད་དུ་ཡོང་སྐབས་ཀྱང་དགུན་ཁར་སླེབས་ཚེ་་ཁོང་ཚོ་ཕྱིར་རྒྱ་གར་ཕྱིར་འཐེན་བྱས་མྱོང་ཡོད།
གལ་སྲིད་དད་པ་ཡིས་མི་རིགས་ཀྱི་དངོས་བོ་རྒྱུན་གནས་བྱེད་ཐུབ་ཉམས་ན་བོད་ཀྱི་ནུབ་ཕྱོགས་དང་ཧི་རྒྱབ་ཡང་སྟེང་གི་མི་མང་དག་གི་ལོ་རྒྱུས་ལ་ཉམས་ཞིབ་བྱོས་དང་། མཁྱེན་ངེས་རེད། ཁོང་ཚོས་ཆོས་ལུགས་གཅིག་བུ་ལས་མི་རིགས་ཀྱི་ཆད་ཁུངས་བརྗེད་ཟིན་འདུག་ལ། ལ་རྒྱལ་ལྟ་ཅི་དོ་སྣང་ཡང་མི་འདུག འོན་ཀྱང་། བོད་ཤར་ཕྱོགས་པ་རྣམས་ཀྱིས་ག་དུས་ཡིན་ཡང་རང་ས་སྲུང་ཤིང་བོད་རིགས་ཡིན་པའི་འདུ་ཤེས་མ་བརླགས་དོན་དགོས་དོན་ནི་ཆོས་ལུགས་ཀྱིས་མིན། དད་པ་ཡིས་མིན། དེ་ནི་བོད་བཙན་པོ་ནས་རྒྱུད་པའི་དཔའ་བོའི་གོམས་གཤིས་དང་། རང་རིགས་ལ་དུང་པའི་རྟོགས་སད་ཀྱི་ལ་རྒྱལ་ལས་བྱུང་བ་མིན་ན་ཅི་ཞིག་རེད། ཡིན་ཏེ། སངས་ཆོས་ཀྱི་ཁྲོད་དུ་མི་རིགས་ཀྱི་ལ་རྒྱལ་དང་ཐོབ་ཐང་ཟེར་བའི་ཚིག་འབྲུ་གཅིག་ཀྱང་མཐོང་ཡ་མེད་པ་གསལ་བོ་རེད།
གཉིས།
རྒྱ་ནག་གིས་བོད་འདི་དབང་སྒྱུར་བྱས་ནས་ལོ་ལྔ་བཅུ་དྲུག་བཅུ་ལས་འགྲོ་བཞིན་མེད་པས། རྒྱལ་ཁབ་ཅིག་གིས་གནས་ཚད་ལས་བལྟས་ནས་ཧ་ཅང་གི་དུས་ཡུན་ཐུང་ཐུང་རེད། དེ་བཞིན་ཡུ་གུར་ལ་ཡང་རྒྱ་ནག་གི་ཤུགས་ཆེན་དངོས་སུ་ཐེབས་ནས་ལོ་བརྒྱ་དང་ལྷག་གི་ལོ་རྒྱུས་ལས་མེད་ཁར། རྒྱ་ནག་ཀྱང་གཞན་རིགས་རྩ་མེད་བཟོ་བར་དེ་ལྟར་འཇོན་མེད་པས་རེད། རྒྱ་ནག་གིས་ཝེ་ཐི་ནམ་ལ་ལོ་སྟོང་གཅིག་ཙམ་ལ་ཤུགས་རྐྱེན་བཟོས་ཀྱང་ད་ལྟ་རང་སྐྱ་འཕེལ་བའི་རྒྱལ་ཁབ་ཅིག་ཡོད་པ་མཐོང་ཆོས་རེད་ལ། མན་ཇུས་ཀྱང་དུས་རབས་བཅུ་བདུན་ནས་བཅོ་བརྒྱད་ཀྱི་འཇུག་བར་ག་དུས་ཡིན་ཡང་སོོག་པོའི་སྟོབས་ཤུགས་ལ་ཞེད་སྣང་སྐྱེས་ནས་བསྡད་ཡོད། དེ་བརྟེན། མན་ཇུས་ཀྱིས་ག་དུས་ཡིན་ཡང་བོད་དང་སོག་པོ་མོས་སའི་སངས་ཆོས་བེད་སྤྱོད་བཏང་ནས་རྒྱལ་ཁབ་དེ་གཉིས་ལ་འབྲེལ་བ་དང་ཤུགས་རྐྱེན་སྤྲད་ཡོད།
ཚངས་རྒྱམ་གྱི་ཡང་སྲིད་སྐལ་བཟང་རྒྱ་མཚོ་ཡང་མན་ཇུས་ཀྱི་ལྐོག་གཡོ་ཡིས་རྒྱབ་སྐྱོར་བྱས་ཤིང་། ཡང་སྲིད་ལྷ་སར་ཁྲིད་པ་ལ་ཁ་གཡར་ནས་བོད་དུ་སླེབས་ཤིང་འཇུན་སྒར་བ་རྒྱང་ཕུད་བཏང་ཐུབ་ཡོད། དེ་བཞིན་འཇུན་སྒར་བས་ཀྱང་ཚངས་རྒྱམ་ལ་རྒྱབ་སྐྱོར་བྱེད་པར་ཁ་གཡར་ནས་བོད་དུ་སླེབས་ཤིང་ལྷ་བཟང་ཁང་དཀྲོངས་ཐུབ་ཡོད། རྙིང་དགོན་མང་པོ་གཏོར་ཡང་ཡོད། ལྷ་བཟང་གིས་ཀྱང་ཚངས་རྒྱམ་ཁྲིམས་རྒོལ་རིང་ལུགས་པའི་ཀུན་སྤྱོད་ཡོད་པ་ངོས་འཛིན་གྱིས། དེ་ནི་ཡག་པོ་མེད་ཚུལ་གྱི་རྒྱབ་སྐྱོར་བཙལ་ཞིང་སྡེ་སྲིད་སངས་རྒྱམ་དཀྲོངས་ཐུབ་ཡོད། སངས་རྒྱམ་གྱིས་ཀྱང་རང་གི་སྲིད་དབང་བརྟན་ཆེད་རྒྱལ་དབང་ལྔ་བའི་ཡང་སྲིད་ངོས་འཛིན་གྱིས་སྤྲུལ་སྐུའི་རྒྱལ་སྲིད་སྐྱོང་རྒྱུའི་ལམ་སྲོལ་བཏོད་ཡོད། འོན་ཀྱང་། བཀྲ་མི་ཤིས་བའི་ལམ་ལུགས་དེའི་གསར་བཏོད་བྱས་པ་དང་མཉམ་དུ་དོན་མི་འགྲུབ་པའི་གནད་དོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་གོང་བཀོད་ལྟར་རེད་ལ། དེ་ལ་བརྟེན་ནས་ཕྱི་དམག་བོད་དུ་ཡོང་བ་གོང་བཀོད་ལྟར་རེད།
ཆོས་རྒྱུད་རྣམས་ལ་གཙོ་བདག་སོ་སོར་ཡོད་ཁར་དགེ་ལུགས་པའི་བླ་བྲང་དང་གཞུང་གི་བར་དུ་འགལ་ཟླ་བྱུང་ཞིང་། མཐའ་མར་པན་ཆེན་བླ་བྲང་གིས་ཀྱང་རྒྱ་ནག་རྒྱབ་རྩ་བླངས་ཏེ་མཉམ་ལས་བྱས་མཐར། རྒྱ་དམག་བོད་དུ་པན་ཆེན་གྱི་སྐུ་སྲུང་གི་ཚུལ་དུ་སླེབས་ཐུབ་ཡོད། དེ་ནི་མན་ཇུ་ཡི་དམག་མི་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་སྲུང་དུ་ཡོང་བ་དང་གཉིས་སུ་མེད་ལ། དེ་ནས་བཟུང་རྒྱལ་བ་བཅུ་གསུམ་པའི་སྐབས༡༩༡༢-༡༩༥༠བར་མ་གཏོགས་རྒྱ་དམག་རྣམས་བོད་དུ་གཏན་སྡོད་བྱས་ཡོད། དེ་དག་ནི་གཙོ་བདག་རྣམས་ཀྱི་སྐུ་སྲུང་དུ་ཡོང་བའི་རྒྱ་དམག་རྣམས་རེད་ལ། སྐུ་སྲུང་དུ་ཡོང་བའི་རྒྱ་དམག་རྣམས་དོན་གྱིས་བོད་ས་བདག་བཟུང་བྱེད་མཁན་གྱི་དྲག་པོའི་དམག་དཔུང་རེད། རྒྱ་ནག་གནས་ཚུལ་སྤྲད་མཁན་གྱི་གསར་འགོད་པ་དང་། ལས་དོན་སྒྲུབ་མཁན་གྱི་ས་གནས་དོན་གཅོད་ཁང་རེད། དེ་དག་དད་པ་ཡི་གཟི་བརྗིད་དུ་བརྩིས་ན་གནས་ལུགས་གོ་ལྡོག་རེད།
སོག་པོ་ཕམ་དགོས་དོན་ནི་སོག་པོ་དང་རྒྱ་ནག་གཉིས་ཀྱིས་ལོ་བརྒྱད་བརྒྱ་ཙམ་གྱི་རིང་ལ་ཕན་ཚུལ་ལ་དབང་སྒྱུར་བྱེད་རེས་བྱས་བའི་ལོ་་རྒྱུས་ཡོད་ལ། སོག་པ་རྣམས་ཀྱི་བོད་ཀྱི་སངས་ཆོས་བླངས་རྗེས་དྲག་ཤུགས་ཀུན་ཁ་བ་བཞིན་ཉམས་ནས། བོད་པ་ལྟར་སིལ་བུར་ཐོར་ཞིང་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། དེའི་སྐོར་མོའོ་ཡིས་ཀྱང་སྐུ་མདུན་ལ་གསལ་བོ་བཤད་ཡོད། དྲག་ཤུགས་ཆེ་བའི་བོད་དང་སོག་པོ་གཉིས་ཕམ་དགོས་དོན་ཡང་སངས་ཆོས་ཡིན་པ་གསལ་བོ་བཤད་ཡོད། ཡིན་ཡང། མོའོ་ཡིས་སངས་ཆོས་མི་ཤེས་བས་གྲུབ་འབྲས་ལས། སངས་ཆོས་ཀྱི་ནང་ནས་གནད་དོན་གང་ཞིག་གིས་རྩ་བའི་རྒྱུ་རྐྱེན་བྱས་ནས་ཕམ་ཚུལ་རྟོགས་མེད།
བོད་སོག་ལ་ཕམ་དགོས་དོན་ནི་སྤྲུལ་སྐུ་ལམ་ལུགས་ཀྱི་དད་འདུན་ལམ་ལུགས་ཡིན་ལ། སྤྲུལ་སྐུ་རྣམས་ཀྱིས་ཆོས་ལས་སྤྱི་ཚོགས་ཀྱི་འགྲོ་སྟངས་མི་ཤེས་ཁར། འཚོ་བ་གཞན་རྟེན་ཡིན་པས་ཕྱི་རྒྱལ་ཁབ་ནས་གང་ཐུབ་ཀྱི་སྦྱིན་བདག་བཙལ་དགོས་ཤིང་། དེ་ལྟར་ཡོང་བ་ལ་སྦྱིན་བདག་གི་ངོ་སོ་སྲུང་དགོས་བས། སྦྱིན་བདག་གི་དགོས་འདོད་བཞིན་ག་དུས་ཡིན་ཡང་དམག་ཤུགས་དང་ཕྱུག་པོར་ཆགས་རྒྱུའི་ཀུན་སློང་ལ་འགོག་རྐྱེན་སྤྲད་དགོས་ཡོད། མ་སྤྲད་པ་ཡིན་ན་ཁོ་ཚོས་སྦྱིན་བདག་འཚོལ་སའི་ཁོར་ཡུག་ལ་གནོད་སྐྱོན་བྱེད་པས་སྦྱིན་བདག་བྱེད་མཁན་དཀོན་པས་རེད། སྤྲུལ་སྐུ་རྣམས་ལ་སྦྱིན་བདག་ཐོབ་ཆེད་དུ་བོད་རྣམས་ཀྱིས་སྤྲུལ་སྐུའི་བཀའ་གསུངས་ཅི་སྒྲུབ་བྱེད་དགོས་ཤིང་། མ་བྱས་བ་ཡིན་ན་དད་པ་དང་འགལ་བས། དད་པ་དང་འགལ་མཁན་ཞིག་དད་པ་རིང་ལུགས་པའི་སྤྱི་ཚོགས་ཁྲོད་གནས་ཐབས་མེད་པས་རེད།
འོན་ཀྱང་། ཁ་ཆེ་རྣམས་འཚོ་བ་རང་རྐང་ཡིན་ཞིང་སྦྱིན་བདག་ལ་རྟེན་པའི་ལམ་སྲོལ་དཀོན་པས་བོད་དང་བསྡུར་ཐབས་མེད་ལ། ཁོང་ཚོའི་བྱིས་པའང་ཅི་འདོད་དུ་སྐྱེས་རྒྱུའི་ཆོས་ཁྲིམས་ཡོད་པས། ཁ་ཆེའི་ཆོས་ལུགས་ནི་མི་སེར་སྤེལ་བའི་ཆོས་ལུགས་ཡིན་པས་བོད་ཀྱི་སངས་བསྟན་དང་བསྡུར་ཐབས་མེད་ལ།་གསལ་བོ་བཤད་ན་ལྡོག་ཕྱོགས་རེད། དེ་བརྟེན། ཁ་ཆེ་རྣམས་ཀྱི་མཚན་སྙན་དེ་ལ་ད་ཙམ་དོ་སྣང་མེད་པ་དྲག་པོས་ངོ་རྒོལ་བྱེད་ཀྱིན་ཡོད་ལ། དེ་ལྟར་བྱེད་དགོས་དོན་ཡང་འཚོ་བ་རང་རྟེན་ཡིན་པས་རེད། དེའི་ཕྱིར། ཁ་ཆེའི་དད་པ་དང་སྤྲུལ་དད་གཉིས་མི་འདྲ་ལ། དམར་དད་དང་སྤྲུལ་དད་གཉིས་མི་འདྲ། ཁ་ཆེ་དད་པ་དང་དམར་པོའི་དད་པ་གཉིས་ཀྱིས་མིའི་རང་དབང་དང་སྒེར་གྱི་ཐོབ་ཐང་། དཔལ་འབྱོར་ལ་འགོག་རྐྱེན་མི་དམག་པ་ཞིག་བྱེད་ཀྱིན་ཡོད་ཀྱང་། རིགས་རིས་རྩ་མེད་དུ་མི་བཟོ། རྒྱུ་མཚན་ནི་ཁོ་གཉིས་ལ་མི་སེར་སྤེལ་བའི་ཆབ་སྲིད་ལམ་ལུགས་ཀྱི་ཤུགས་རྐྱེན་ཡོད་པས་རེད། འོན་ཀྱང་། སྤྲུལ་དད་ནི་དེ་ལྟར་མིན་པ་ཚང་མ་གཞན་བརྟེན་དུ་སྒྱུར་ལ། ཐ་ན་གཙོ་བདག་རང་ཉིད་ཀྱང་ཚེ་གང་གི་འཚོ་བ་སྦྱིན་རྟེན་བཟོ་བས། སྤྲུལ་དད་ཀྱིས་མི་རིགས་འཕེལ་རྒྱས་ལ་གནོད་ལ་དྲག་ཤུགས་ལ་གནོད། དཔལ་འབྱོར་ལ་གནོད་ལ་མི་རྣམས་རང་རྐང་སྒང་ལངས་ཡ་གནོད་པས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་མཚོན་ན་རྩ་མེད་དུ་འགྲོ་བའི་རྒྱུ་རྐྱེན་བྱེད་ངེས་རེད། ཕན་ཐོགས་གཅིག་ཡོད་པ་ནི་ལས་ཀ་དང་འགྲན་རྩོད་ལ་མི་མོས་མཁན་ཚོ་ལ་བསྡད་སའི་ཁོར་ཡུག་སྐྲུན་བྱེད་དང་། ཕམ་ཁ་མྱོང་མཁན་ལ་སེམས་གསོ་བཏང་བྱེད། སྦྱིན་བདག་འཚོལ་མཁན་རྣམས་ལ་ལག་ཆར་བྱེད་པ་ཕན་ངེས་རེད།
ཅོ་རིས།
ཡོ་རོབ་དང་། ཨ་རིའི་གྲོང་གསེབ་དང་། དེ་དག་གི་སྤྲང་པོ་དང་། ཁྱིམ་མེད་སྤྲང་འཁྱམས་པའི་སྐོར་ལ། རྩ་བ་ཉིད་ནས་མི་ཤེས་པའམ། མཁྱེན་བཞིན་དུ་དེ་དག་གི་དཀའ་ངལ་ཐུགས་སེམས་བཞེས་མི་འདུག་སྙམ་ལགས། དེ་མིན། བོད་ཆོས་ལྡན་ཞིང་ཁམས་སུ། ཛམ་གླིང་འདི་ནང་ལ། རང་ཁ་རང་གསོ་བྱས་ནས་འཚོ་ཐུབ་མཁན་བོད་རིགས་སོགས་མི་རིགས་འགའ་ཤས་མ་གཏོགས་ལྷག་མེད་དེ་ཡང་མཁྱེན་མི་འདུག་སྙམ་ལགས།
ད་ལྟ་འགྲོ་བཞིན་པ་ནི་བོད་ཕོངས་བྱེད་འཚོལ་བཞིན་པའི་སྒང་ཡིན་ཞིང་། ཕལ་ཆེར་བོད་ཕོངས་བྱེད་ནི་རྨོངས་དད་དང་། བཙན་འཛུལ། དད་ལོག་ཚོའི་བྱེད་བབས། ཆོས་སྲིད་འགོ་གཙོའམ་ལག་ལེན་བསྟར་མཁན་རྣམས་མ་དྲང་བ་ལས་བསྐྱེད་པའི་མཐའ་འབྲས་བཅས་ཁག་གསུམ་ནང་བསྡུས་ཡོད་པ་འདྲ། དེ་བས། ཚང་མས་མཐའ་བསྡོམས་འདི་བཞི་གཞིར་བཟུང་ནས་བསམ་ཚུལ་ལྷུག་བརྗོད་གནང་རོགས། ཁྱེད་ཀྱི་མཉམ་ཞུགས་ནི་དུས་རབས་ཤིག་གི་གཟི་བརྗིད་དམ་ཁ་ཆེམས་ཡིན། ཐུགས་རྗེ་ཆེ།
ཁག་བཞི་ལ་བཅོས་རོགས།
དྲ་གྲོགས་བོན་པོ་ལགས། སྐུ་ཉིད་ཀྱིས་བོད་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་འདི་དང་དེ་ཟེར་ནས་རེ་རེ་བཞིན་གཅིག་བཀོད་རོགས་བྱོས་དང་། ཉན་འདོད་ཆེན་པོ་ཡོད། ངས་ངོས་ནས་བོད་ལ་གོམས་གཤིས་དོར་དགོས་པ་མང་ལས་འཛིན་དགོས་པ་དེ་ཙམ་མང་པོ་མཐོང་གི་མེད། ཁྱོད་ལ་དུས་ཚོད་ཡོད་ན་་་ང་རང་ཚོའི་ཕ་མེས་དམ་པ་ཚོས་གོམས་གཤིས་བཟང་པོ་རྣམས་གཅིག་བཀོད་རོགས་ཞུ་རྒྱུ་ཡིན།
དྲྭ་གྲོགས་ཅོ་རི་ཉི་མ་ལགས།
བོད་བཙན་པོའི་རྒྱལ་ཁབ་་་ཅེས་པའི་གཡེར་གྲགས་ཆེན་པོ་དེ་ཡང་བསམ་བློའི་གོམས་གཤིས་ཅིག་གི་སྟེང་ནས་བཙུགས་པ་རེད་ད། དེ་དེང་སང་བཙུགས་བཞག་པ་དེ་འདྲ་མ་ཡིན། དེ་དུས་རྒྱ་དཀར་ནག་དང་ནུབ་ཕྱོགས་པ་སུ་དང་གང་ཡང་ལག་འབྲེལ་ཡོད་མ་རེད། དེ་ཧ་གོ་དགོས། བོད་མི་རིགས་ཟེར་བ་མི་རིགས་གཞན་ལས་འབུར་དུ་ཐོན་བསྡད་པ་འདི་ཡང་བསམ་བློའི་གོམས་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བ་ཡིན་པར་སྙམ། ད་དུང་རྗེས་སུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཞུ་ཆོག །
བཙན་འཛུལ་བ་བཀག་འགོག་བྱས་མ་ཐུབ་ནས་བོད་ཕུང་ཟེར་ན་རྒྱུ་མཚན་ཞིག་རེད། བཙན་འཛུལ་བ་བཀག་འགོག་བྱས་མ་ཐུབ་པའི་རྒྱུ་མཚན་ཡང་ཡར་ཡར་བཙལ་ནས་སོང་ན་མ་བྱུང་མཁན་མཐའ་ཐུག་ཞིག་རྙེད་ཡོང་བ་ནི་རྨོངས་དད་རེད།
དཔེར་ན། བཙན་འཛུལ་བ་བཀག་མ་ཐུབ་པའི་རྒྱུ་མཚན་བོད་ལ་དམག་དང་གོ་མཚོན་ཡག་པོ་་མེད། མི་འབོར་ཉུང་། འོ་ན་་་ཅིའི་ཕྱིར་་་དམག་དང་གོ་མཚོན་ཡག་པོ་མེད། མི་འབོར་ཉུང་ཉུང་ག་རེ་བྱས་ནས་ཆགས་སོང་བ་རེད་དམ་ཞེས་རང་གི་རང་ལ་དྲི་བ་བཏོན་དུས། ཆོས་ལ་རྨོངས་དད་བྱས་ནས་གྲྭ་པ་དང་ཨ་ནེ་མང་པོ་བྱས་པས་མི་འབོར་འཕེལ་རྒྱས་མ་ཕྱིན་པ་རེད། ཆོས་པ་ལ་རིན་ཐང་ཆེ་བ་ལས་དམག་མི་ལ་རིན་ཐང་མེད་པ་དང་། བོད་མི་ཚོས་ཚེ་འདི་ཕྱི་གཉིས་ཀྱི་ཆེད་དུ་དམག་མི་བྱེད་པ་ལས་གྲྭ་པ་བྱེད་ན་དགའ་བ་བརྩི་གི་རེད། གོ་མཚོན་བཟོ་མཁན་གཙོ་བོ་མགལ་བ་རེད། མགལ་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་ནས་སྡུག་སྐྱ་བརྩི་གི་རེད། མགལ་བའི་ལག་རྩལ་ཡར་རྒྱས་མ་ཕྱིན་པ་ལ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ངན་པ་བཞག་ཡོད། བོད་མི་ཚོས་རྨོངས་དད་བྱས་ནས་དེ་འདྲ་བྱུང་བ་རེད། བཙན་འཛུལ་བ་བསླེབས་དུས་རྩམ་པའི་པག་གྱིས་བཟོས་པའི་གཏོར་མ་རྒྱག་མདོག་མདོག་བྱས་པ་རེད་ཧཧཧཧ
གཞན་་་བཙན་འཛུལ་བ་འགོག་མ་ཐུབ་པ་ཡང་མི་ལོ་མང་པོའི་རིང་དུ་ཆོས་ལ་རྨོངས་དད་བྱས་ནས་ལས་ངན་བསགས་བཞག་པའི་འབྲས་བུ་རེད། དེང་སང་ཡང་བོད་ཀྱིས་་དམག་དང་གོ་མཚོན་གྲལ་སྒྲིག་བཟོ་དགོས་ཀྱི་འདུག་ཅེས་ལབ་དང་། གཙོ་བདག་དང་རྨོངས་དད་ཅན་ཚོས་འཛམ་གླིང་ཞི་བདེ་བཤད་ནས་ང་ཚོ་མགོ་ཡར་བཀྱག་བཅུག་གི་མ་རེད།
ཨོ་ཡ་་་ཀརྡོ་ལགས། གུན་ཁྲན་ཏང་གིས་བོད་ལ་ཡར་རྒྱས་བཏང་ཡོད། བཅིངས་གྲོལ་བཏང་ཡོད། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གྱི་ཡོད་ཟེར་བའི་སྐད་ཆ་དེ་དག་ཁྱོད་ཚོས་ཁས་ལེན་གྱི་ཡིན་ནམ།
ད་ལྟའི་བོད་ལ་བདེ་སྐྱིད་ཡོད་པ། ང་ཚོ་ཆོས་ལ་རྨོངས་དད་ཡོད་མཁན་ཚོས། དེ་ལྟར་ཁས་བླངས་དཀའ་ཡང་། ཅོ་རི་སོགས་ཀྱིས། དེ་ལྟར་མི་འདོད་པ་ཅི་ནམ། ལགས། ཅི་རི་ལགས།
དྲ་གྲོགས་བོན་པོ་ལགས་ཅོ་རི་ཉི་མ་ཞུ་བ་ནི་སེམས་རྒྱུད་མདའ་ལྟར་དྲང་ཤིང་གཉའ་གནོན་བཤུ་བཤོག་ལ་ངོ་རྒོལ་བྱེད་མཁན་དང་ཉམས་ཆུང་ལ་རྒྱབ་སྐྱོར་ཆོས་ལུགས་ཆགས་སྡང་གིས་བཟི་བ་རྣམས་ལ་མཐའ་གཅིག་ཏུ་དགག་པ་རྒྱབ་མཁན་དང། རང་མི་རིགས་ཀྱི་ལ་རྒྱ་ལྕགས་ལས་ཀྱང་སྲ་བ། རང་གི་རྒྱལ་ཁབ་ཀྱི་དོན་དུ་རང་གི་ཆོས་ལུགས་ཡིན་ཀྱང་འདོར་ཕོད་མཁན། གང་བསམ་པ་རྣམས་མདུན་རྒྱབ་མེད་པར་ཤོད་ཕོད་མཁན་གྱི་མི་བུ་ཞིག་ཡིན་ཅིང། དེས་ན་དྲ་གྲོགས་བོན་པོས་ཀྱང་མ་དགོངས་པ་ཡོད་མདོག་མེད་ཀྱང་གསལ་འདེབས་ཀྱི་ཆེད་དུ་ཞུས་པ་ཡིན།
དྲྭ་གྲོགས་བན་དེ་བ་ལགས། །
གསལ་འདེབས་གནང་བར་བཀའ་དྲིན་ཆེ་ཞུ། དྲྭ་གྲོགས་ཅོ་རི་ཉི་མ་ལགས་ནི་ང་རང་སྣང་བར་འགྲོ་ཤོས་ཀྱི་མཆན་བུ་བ་ཞིག་ཡིན། ཁོང་གིས་མཆན་གཅིག་བྲིས་པ་དང་ངས་ཀློག་རྐྱང་བྱེད་ཀྱི་ཡོད། མི་རིགས་ལ་ལྷག་བསམ་དཀར་བ་ནི་དངོས་གནས་ཡིད་སྨོན་ཤོར་དགོས་པ་དེ་འདྲ་རེད། ཁོང་གིས་བོད་ཡུལ་འདིར་གསར་གཏོད་ཀྱི་ཡར་རྒྱས་ཤིག་གཏོང་འདོད་པའི་འདུན་པ་ཆེན་པོ་ཡོད་པའང་ཤེས་སོང་། དེང་དུས་ཀྱི་་འཛམ་གླིང་གཞན་དང་འདྲ་བར་ཉམས་ཐག་བོད་མི་རྣམས་ལའང་ཁ་རྩ་དགོས་བཏུགས་ཀྱི་ཉེར་མཁོའི་རིགས་བསྐུན་དགོས་པའི་འདུན་པ་ཡོད་པ་ཡང་ཤེས། ཡིན་ནའང་ང་རང་གིས་བྲིས་པ་ཁག་ཁོང་ལ་བསམ་བློ་གཏོང་སའི་མཐུན་འགྱུར་དུ་འགྲོ་བར་དམིགས་ནས་བྲིས་པ་ཡིན། འགག་པ་དང་སྐྱོན་འཛུགས་དེ་འདྲ་རྩ་བ་ཉིད་ནས་མིན། འོན་ཀྱང་སྔ་རབས་ཡབ་མེས་གོང་མ་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལེགས་པའི་བྱ་བ་བཟང་པོ་གང་བྱས་འདུག་ཞིབ་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེང་སང་གི་མཁས་པར་གྲགས་པ་ཚོས་གང་བཤད་འདུག་རྐྱང་རྐྱང་བལྟས་པ་ཡིན་ན་གང་ཞིག་བདེན་པ་ཡིན་སྲིད་ལ་གང་ཞིག་ཁྱད་མཚར་པོ་དེ་འདྲ་ཡང་མང་པོ་འདུག་གོ །
སྙིང་ཉེ་བའི་དྲ་གྲོགས་གཉིས། མི་གཤིས་བཟང་བའི་དྲ་གྲོགས་གཉིས། བོན་པོ་འདྲ་བ་ཞིག་གིས་བོད་མི་རིགས་ཀྱི་རང་གཤིས་བཟང་པོ་རྣམས་འགྲེལ་བཤད་རེ་རྒྱག་རོགས་བྱས་ན་སྐོམ་པ་ཆུ་འདོད་ལྟར་བསླབ་བྱ་ལེན་འདོད་ཀྱི་འདུན་པ་དྲག་པོ་ཡོད། ཚེ་རིང་རྒྱུ་གཉིས་་་ཐུགས་བདེ་པོ་གནང་རོགས་བྱོས།
དཔལ་དོན་ལགས་ཀྱིས་སྐད་ཆ་དེ་ལ་བསམས་བློ་མང་བཏང་པ་ཡིན། ཁྱོད་ཀྱིས་་་་ངས་བསམ་པ་ལ་བོད་ཕོངས་བྱེད་དང་ཡར་རྒྱས་གཉིས་ཀའི་རྒྱུ་རྐྱེན་ནི་ང་ཚོ་རང་ཉིད་རེད། ང་ཚོས་རང་ཉིད་ལ་རེ་བ་ཆེན་པོ་འཛིན་རྒྱུ་ནི་དེ་ལས་སྐྱོབ་པའི་ཐབས་མཆོག་ཅིག་ཡིན་པ་ལས། སྐྱོན་བརྗོད་དང་སུན་འབྱིན་བྱས་ནས་བསྡད་ཚེ་དུས་ཚོས་འཕྲོ་བརླག་ལས་ཅང་མེད་པ་འདྲ་ཡང་། བཤད་རྒྱུན་དུ་ཆོས་ལམ་རིམ་ཤེས་སླ་ཡང་ཉམས་ལེན་དཀའ་ཟེར་བ་བདེན་པ་འདྲ། ཧ་ཧ་ཧཧ་ཞེས་གསུངས་འདུག
༡་་་ང་ཚོས་རང་ཉིད་ལ་རེ་བ་ཆེན་པོ་འཛིན་རྒྱུ་ནི་དེ་ལས་སྐྱོབ་པའི་ཐབས་མཆོག་ཅིག་ཡིན་ཞེས་གསུངས་པ་འདི་ནི་རྒྱུ་མཚན་ལྡན་པའི་་བཀའ་མོས་ཤིག་རེད་བསམས་ཀྱི་འདུག ངས་དུས་རྒྱུན་དུ་བོད་མི་འདི་དག་གིས་སྤོབས་པ་མཐོ་ཙམ་བྱེད་རོགས་བྱས་ན་བསམས་ཀྱི་ཡོད། རང་གིས་རང་ལ་ཡིད་ཆེས་ཆེ་ཙམ་བྱེད་རོགས་བྱེད་ན་བསམས་ཀྱི་ཡོད། མ་ཟད་བློ་བཟང་སེང་གེས་སྤོབས་པ་མཐོ་ཙམ་བྱོས་ཟེར་ནས་རྩོམ་ཡིག་ཞིག་ཀྱང་བྲིས་མྱངས་ཡོད། ང་འདོད་པ་རྩ་བ་ནས་ཁེངས་ཀྱི་མི་འདུག བོད་མི་ཚོས་རང་ཉིད་ལ་རེ་བ་ཆེན་པོ་དང་སྤོབས་པ་མཐོ་མི་བྱེད་པ་འདི་ཡག་པོ་རྩ་བ་མ་རེད།
༢་་་བོད་མི་མང་ཤོས་ཀྱིས་རང་གིས་རང་ལ་ཡིད་མི་ཆེས་ནས་ལྷ་པ་དང་མོ་པ་ལ་ལུང་བསྟན་ཞུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་་ལས་བླ་སྤྲུལ་རྣམས་ཀྱིས་ཅིག་འཇོན་ཡོང་བསམས་ནས་རེ་བ་བྱེད། དཀོན་མཆོག་ལ་འདི་ཕྱི་གཉིས་ཀྱི་རེ་བ་བཅོལ། རང་ཉིད་ནུས་མེད་དང་འཇོན་སྟངས་མེད་མཁན་ཞིག་ལ་སོ་སོས་བརྩི།
༣་་་རང་ཉིད་ཀྱིས་རང་ཉིད་ལ་རེ་བ་དང་སྤོབས་པ་མེད་པའི་མི་ཞིག་ཡིན་ན་དམངས་གཙོ་ལོངས་ཡག་པོ་སྤྱོད་ཐུབ་ཀྱི་མི་འདུག རང་ཉིད་ལ་སྤྱི་དོན་ཐག་གཅོད་བྱེད་པའི་བློ་སྟོབས་དང་སྤོབས་པ་མེད་ན་དམངས་གཙོ་ལ་ལོངས་སྤྱོད་ཐབས་མེད་པ་རེད།
དཔལ་དོན་ལགས་ཀྱིས་་་བསམ་ཚུལ་གསུངས་པར་དགའ་པོ་བྱུང་།
ཁྱི་དད་ན་ཁྱི་ལུད་ཟེར་བའི་འཇིག་རྟེན་རྒན་པོར་གཏམ་དཔེ་ཞིག་ཡོད། དེ་རིང་དེ་དྲན་ནས་བསྡད་ཡོད། མགར་བ་ཡིན་པ་ཙམ་གྱིས་དུག་རྫས་དང་འགད་རྫས་བཟོ་ཤེས་ལེ་མ་རེད། དམག་གྲངས་མང་བ་ཙམ་གྱིས་དམག་འཐབ་ཐོབ་འགྲོ་བ་དེ་འདྲ་ཡང་ཡིན་ལེ་མ་རེད། སུད་སུ་ན་གཞུང་གི་སྐྱོབས་གསོའི་ལག་ཡོང་ལ་ཁ་ཕུད་ནས་འདུག་མཁན་གྱི་མི་གྲངས་ཀྱི་འབོར་ག་ཚོད་ཡོད། འདྲ་མཉམ་ཀྱི་ཐོབ་ཐང་ཡོད་ས་ནས། འདྲ་མཉམ་གྱི་ལས་ཀ་མ་ལས་བར། ཕྱུག་པོའི་རྔུལ་ཁྲག་གི་གཞུང་ཁྲལ་ལ་ཁ་གདེངས་ནས་འདུག་པ་དེ་ཡང་རྒྱུ་འབྲས་ཞིག་ཡིན་ནམ།
ངས་བལྟས་ན། ཁྱོས་སུད་སའི་ཁྲ་ཁྲ་ཟིང་ཟིང་གི་མཐོང་ཐོས་ཙམ་ལས། དཔྱའ་ཁྲལ་གྱི་བསྡུ་ཕྱོགས། མི་མང་གི་བསམ་ཚུལ། འདོད་པ་ཁེངས་བསྡད་པའི་མི། མ་ཁེངས་བའི་ཁྱི། ད་ལྟ་ཕྲད་བཞིན་པའི་གདོང་ལེན། མ་འོངས་ཤར་སྲིད་པའི་ཉིན་ནག། ག་ཚོད་དང་ག་རེ་ཡིན་པའི་ཕྱོགས་ཙམ་ཡང་ཤེས་མི་འདུག་ཞུས་བ་ཡིན།
ཅོ་རིས་འདིར་དགེ་ཆོས་ཀྱི་ལུང་འདྲེན་དུམ་བུ་ཞིག་བཀོད་ནས་འགྲེལ་བཤད་འདྲ་མིན་རེ་བརྒྱབ་པ་ནི་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་སྙམ། དགེ་ཆོས་ནི་བོད་རང་བཙན་མ་ཤོར་གོང་གི་རང་དབང་ཅན་གྱི་རྒྱལ་ཁབ་དང་མི་རིགས་ཤིག་ལ་འགན་ཁུར་བའི་བོད་མི་ཞིག་རེད། སྐབས་དེ་དུས་རྒྱལ་ཁབ་དང་མི་རིགས་ཡར་རྒྱས་གཏོང་ཕྱོགས་ལ་ནི་བསམ་བློ་དེ་འདྲ་ཞིག་གཏོང་དགོས་པ་རེད། ཡིན་ནའང་དེང་སང་བོད་རྒྱལ་ཁབ་མི་རིགས་དང་བཅས་པ་རྒྱ་ལག་ལ་ཤོར་ཚར་བ་མ་ཟད། བོད་ཕྱི་ནང་གཉིས་ཀ་ན་རང་རྐྱང་ཐུབ་པའི་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་ཀྱི་ངོ་བོ་དང་ནུས་པ་ཡང་ཉམས་དམས་འགྲོ་བཞིན་པ་འདི་རེད། དེས་ན་བོད་མི་རིགས་རིག་གཞུང་དང་བཅས་པ་འཇིག་ལ་ཉེ་བའི་ཆེས་ཛ་དྲག་གི་ས་མཚམས་འདིར་དམངས་གཙོ་དང་རང་གཙོ་ཞིག་རྩོད་ས་མེད་པ་འདྲ་བོ་ཆགས་འདུག། འོ་ན་ག་རེ་གནང་དགོས་རེད་ལབ་ན། གཙོ་བོ་བོད་མིའི་རང་དབང་རང་བཙན་གྱི་རྩ་དོན་དེ་སྲ་བརྟན་དང་མི་ཉམས་རྒྱུན་འཁྱོངས་ཤིག་ཡོང་ཐབས་ལ་འབད་རྩོན་བྱེད་དགོས་པ་དེ་གནད་དོན་གཙོ་བོ་ཞིག་རེད་སྙམ།
དྲ་གྲོགས་ཚོ། ད་འགྲིགས་སོང་། ཚང་མས་བོད་ཕུང་བའི་རྒྱུ་དང་རྐྱེན་གསུངས་སོང་། ད་གཤམ་ལ་བོད་འདི་ཇི་ལྟར་སྐྱོབ་ཐབས་ཡོད་ན་གསུངས་རོགས། འདི་དགོས་པ་གཙོ་བོ་སྟེ་འབྲས་བུ་ཡོད་པའི་ཕྱིར། ངའི་རེ་བར་ཅོ་རི་ལགས་ཀྱིས་རྩོམ་ཡིག་གསར་པ་ཞིག་སྤེལ་ནས། ཇི་ལྟར་བོད་འདི་སྐྱོབ་ཐབས་ཀྱི་གླེང་གཞི་བསུ་བ་ཞུ་ཐུབ་ན་དེ་བས་ལེགས། འདི་ལ་ང་ཚོའི་ནུས་པ་ཚང་མ་གཏོང་དགོས་ཀྱི་འདུག་ལ་གཏོང་རིན་ཆོག་པ་རེད།
དྲ་གྲོགས་ཅི་རི་ལགས་ཀྱིས་འགན་འཁུར་ནས། བོད་འདི་སྐྱོབ་ཐབས་ལ་རྩོམ་ཡིག་གསར་པ་ཞིག་འགོ་འཛུགས། ང་ཚོས་དེ་ལ་ཞོགས་འདེགས་བྱས་ནས་མཆན་བཀོད་ན་ང་ཚོའི་བགྲོ་གླེང་འདི་དོན་དང་ལྡན་པར་འགྱུར།
ཅི་འདྲ་རེད་དྲ་གྲོགས་ཚོ།
བསམ་ཤེས་ལགས་ཀྱིས་མ་འོངས་བོད་མི་རིགས་ཀྱི་སླད་དུ་ང་ཚོས་ཇི་ལྟར་བྱེད་དེ་བསམ་བློ་གཏོང་དགོས་ཚུལ་གསུངས་པར་རྒྱབ་སྐྱོར་དང་དེ་ལ་གྲོགས་ཅོ་རི་ལྟ་བུས་རྩོམ་ཞིག་བསྐུར་གནང་དགའ་བསུ་ཡོད།
མ་འོངས་བོད་མི་རིགས་འདི་ཉིད་གླིང་འདིར་གནས་ཐུབ་དང་མི་ཐུབ་ནི་ཆིག་བསྒྲིལ་ཡོད་མེད་རེད། ཆིག་བསྒྲིལ་ཡོང་བར་བསམ་བློ་གུ་ཡངས་ཙམ་དང་བཟོད་སྒོམ་ཆེ་ཙམ་ཕུགས་རྒྱང་རིང་ཙམ་དང་། རང་སྒེར་ཁོག་བཅུག་མིན་པར་སེམས་གཏིང་ནས་ཕན་ཚུན་མཐུན་ལམ་དགོས་ངེས་རེད། དེ་ཡང་ཆོས་ལུགས་ཀྱི་ཕྱོགས་རིས་དང་གྲུབ་མཐའི་རིས་འཛིན་དེ་དང་པོར་འདོར་དགོས། བོད་མི་རིགས་ཀྱི་རྩ་དོན་ངོ་མ་ནི་བོད་མི་རིགས་ཀྱི་སྐད་ཡིག་གཉིས་ཡིན། བོད་རྒྱུད་ནང་བསྟན་འདི་བོད་མི་རིགས་ཀྱི་རྩ་དོན་མིན། བོད་མི་རིགས་ལ་བསམ་བློ་གཏོང་དུས། ཆོས་ཁས་ལེན་དང་མི་ལེན་ནམ་ཆོས་མེད་ཆོས་སེམས་ཅན་ཡོངས་ལ་ཁྱབ་པའི་བསམ་བློ་གཏོང་དགོས། དེ་མིན་དེང་བོད་ཀྱི་འགན་ཡོད་མི་སྣ་དག་གིས་སྐད་ཆ་ཤོད་དུས། བོད་མི་ཐམས་ཅད་རྩམ་ཟན་དང་བོད་མི་ཐམའ་ཅད་མ་ཎི་འདོན་མཁན་ཤ་སྟག་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། བོད་མི་རིགས་འདི་ལ་ཆོས་ལུགས་ཅན་དང་ཆོས་མེད་ཅན། མ་ཎི་འདོན་མཁན་དང་མི་འདོན་མཁན་སྣ་ཚོགས་ཡོད་པས་དེས་ན་འགན་ཡོད་པའི་མི་སྣས་བྱ་བ་དང་བསམ་བློ་དེ་ལྟར་གཏོང་མི་འོས། དེ་ནས་སློབ་ཚན་དེ་དག་གི་ནང་དུ་ཆོས་ལུགས་གྲུབ་མཐའ་ཡན་འགར་བའི་ལྟ་གྲུབ་ཉམས་ལེན་དེ་རིགས་ནམ་ཡང་འཇུག་མི་འོས། སེམས་དང་དངོས་པོ་གཉིས་ལས་དངོས་པོ་གཙོ་ཆེར་བཟུང་སྟེ་སློབ་གསོ་གཏོང་དགོས། རྨོངས་དད་ཀྱི་སྟོབས་ཤུགས་དེ་རིགས་བཅོམ་སྟེ་རྨོངས་དད་ལས་སད་དགོས། དེ་འདྲ་ཞིག་འབྱུང་ཐུབ་པ་ཡིན་ན་གཞི་ནས་བོད་མི་རིགས་འདི་སྐྱོབས་ཐུབ།
བོད་དང་བོད་མི་སྐྱོབས་སྟངས།
བོད་ཀྱི་ཁོར་ཡུག བོད་ཀྱི་ཞིང་འབྲོག བོད་ཀྱི་གཏེར་ཁས། བོད་རིགས་རྣམས་ཀྱི་ཁ་གསོ་ཐུབ་ལ། བོད་ཀྱི་སྐད་ཡིག བོད་ཀྱི་རིག་གཞུང་། བོད་མིའ་ི་མཐུན་སྒྲིལ་གྱིས། བོད་རིགས་རྣམས་རང་གི་ངོ་རྟགས་འཕྲོད་ཐུབ་ལ། བོད་ཀྱི་ཆོས་དང་། བོད་ཀྱི་རང་ཁྲིམས་ཀྱིས། བོད་རྣམས་སེམས་བེད་བར་འཁོད་ཐུབ་ལ། དེའི་སྟེང་དུ་བོད་རིགས་རྣམས་ལ། རང་མཁོར་ཆབ་སྲིད་ཀྱི་གོ་རྟོག་སད་ཐུབ་ན། བོད་དང་བོད་མི་རྣམས་རང་བཞིན་གྱིས། སྐྱོབས་འགྲོ་བ་རེད་སྙམ་ལགས།
བོད་ཆོས་དར་རྒྱས། དཔལ་འབྱོར་ཡར་རྒྱས། རིག་གཞུང་སྲུང་སྐྱོབས། སྐད་ཡིག་ལ་དོ་སྣང་། ཆིག་སྒྲིལ་དང་འཆམ་མཐུན། ཁོར་ཡུག་དང་བདེ་འཇགས། ཆབ་སྲིད་དང་གོ་རྟོག རང་དབང་དང་ཆོས་སེམས་ཀྱིས། བོད་རྣམས་བདེ་བར་འཚོ་ཐུབ་པས་་་་་་་་་་་་
བོད་སྐད་བཤད་ཤེས་རུང་བོད་ཡིག་ཡག་པོ་འབྲི་མི་ཤེས་མཁན་ཚོས་ཡར་རྒྱས་ཀྱི་སྐོར་གླེང་མོལ་བྱས་པ་འདི་ལ་ཅིག་བལྟས་ན་རེ་ཟུང་ལ་བློ་སྐྱེད་ཕྲན་བུ་རེ་ཡོང་སྲིད།
http://www.youtube.com/watch?v=r5DLgrTbJjE
ཆབ་སྲིད་དང་གོ་རྟོག རང་དབང་དང་ཆོས་སེམས་ཀྱིས། བོད་རྣམས་བདེ་བར་འཚོ་ཐུབ་པས་་་་་་་་་་་་
འདི།
ཆབ་སྲིད་དང་གོ་རྟོག རང་དབང་དང་ཆོད་སེམས་ཀྱིས། བོད་རྣམས་བདེ་བར་འཚོ་ཐུབ་པས་་་་་་་་་་་་
བོད་མི་རིགས་ཀྱི་དམངས་ཁྲོད་ཀྱི་གོམས་གཤིས་ཁག་སྡེ་ཚན་དུ་བཀོད་ན་འདི་ལྟར།
བོད་མི་རིགས་ཀྱི་དམངས་ཁྲོད་སྐད་ལུགས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཡིག་རིས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཆས་གོས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཟས་རིགས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་འབྲོག་ལས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཞིང་ལས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ལག་ཤེས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཚོང་ལས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཁྱིམ་སྐྱོང་གི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་རོལ་རྩེའི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་གཟོ་ལས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཁོར་སྲུང་གི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་གླུ་བྲོའི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་བརྩི་བཀུར་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་དད་མོས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཆབ་སྲིད་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ལོ་རྒྱུས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་བདེ་སྐྱིད་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་གཞན་ཕན་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་དཔའ་རྩལ་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ངལ་རྩོལ་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་སྤྱང་གྲུང་གི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་སློབ་བརྩོན་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་སེམས་སྟོབས་ཀྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་མཐུན་སྒྲིལ་གྱི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་བྱམས་བརྩེའི་གོམས་གཤིས།
བོད་མི་རིགས་ཀྱི་དམངས་ཁྲོད་ཚན་རིག་གི་གོམས་གཤིས།
འདི་ཚོ་གཞི་རྩར་བཞག་ན་ག་འདྲ་ཡོང་ངམ།
ཨ་ནུ་ཐང་གིས་མཆན་རིང་པོ་དེའི་ནང་དུ་དོན་གནད་མང་པོ་ཞིག་བཤད་ཡོད་ངེས་རེད། ངས་དོ་སྣང་བྱུང་ས་དེ་ནི་ཤག་འགྱེད་ཀྱི་ཆེད་དུ་བོད་དུ་གནའ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་མང་པོ་བསྒྲུབས་འདུག དཔེར་ན། རྒྱ་སོག་གི་གོང་མ་ཚོའི་དུས་ནས་ཆོས་ལུགས་བེད་སྤྱད་ནས་བོད་རྒྱ་ཁོངས་སུ་བཅུག་ཟིན་ཚུལ་བཤད་པ་དང་། མན་ཇུ་གོང་མའི་དམག་དཔུང་བོད་དུ་བཏང་བ་དེ་བོད་ས་བཟུང་དུ་བཏང་བ་ཡིན་ཟེར་བའི་སྐད་ཆ་འདི་རིགས་ནི་ལོ་རྒྱུས་རྫུན་བཟོ་ཁོ་ན་རེད། མན་ཇུ་གོང་མས་བོད་ས་བཟུང་ཚུལ་སོགས་ནི་རྒྱ་དམར་གྱི་རྫུན་གཏམ་མ་གཏོགས་དོན་དུ་མན་ཇུས་བོད་ས་བཟུང་མྱོང་མེད། རང་མགོ་རྡུང་བའི་ཐོ་བ་ཟེར་ན་སྐད་ཆ་དེ་རིགས་རེད། དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་སྟོད་ཙམ་བར་ལ་བོད་རྒྱ་ཁོངས་ཡིན་ཚུལ་ཚིག་གཅིག་ཀྱང་ཡིག་ཆར་འཁོད་པ་མཐོང་མ་མྱོང་། ཁྱེད་ཚོས་མཐོང་ན་སྟོན་རོགས་ཀྱིས། རྒྱ་དམར་གྱི་རྫུན་བཤད་པའི་རྗེས་སུ་ཁྱེད་རང་ཚོས་ཀྱང་རྫུན་གཞུག་སྐྱོར་མི་འདུག་པར་རང་ཚུགས་ཐུབ་པའི་བསམ་བློ་གཏོང་རོགས།
དོན་དངོས་གནས་དེ་ཁྱེད་རང་གིས་བཤད་པ་དེ་དག་ལྡོག་ཕྱོགས་སུ་གྱུར་ཡོད། སོག་པོ་ཇིང་གིར་གྲོངས་པའི་རྗེས་ཐོག་ཙམ་ལ་སོག་དམག་གིས་བོད་ས་བཟུང་མྱོང་། ཡིན་ན་ཡང་། ས་སྐྱ་པའི་ཆོས་ཀྱི་ནུས་ཤུགས་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྲིད་གཞུང་འཛུགས་ཐུབ་པ་བྱུང་འདུག སྐབས་དེར་ས་སྐྱའི་མི་སྐྱ་དཔོན་རིགས་ཚོ་ནི་རྒྱ་ནག་གི་མི་དམངས་ཀྱི་ག།འ་གནོན་བྱེད་མཁན་དུ་གྱུར་མྱོང་ཚུལ་འདུག ས་སྐྱའི་དཔོན་རིགས་རིན་ཆེན་རྒྱལ་མཚན་སོགས་གར་འགྲོ་གར་བསྡད་ལ་རྒྱ་མིར་བཙན་གནོན་ཆེན་པོ་བྱས་ཚུལ་ཡོད། དེ་ནས་ཏའ་ཡི་སི་ཏུའི་རིང་ལ་རྒན་མོ་གསེར་ཁུར་གྱི་དུས་ཞེས་བོད་འདི་སྟོབས་འབྱོར་མངའ་ཐང་ཞི་བདེ་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཅིག་ཡིན།
རྗེས་སུ་མན་ཇུ་དང་འབྲེལ་བ་བྱུང་ན་ཡང་དེ་ནི་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས་གཅིག་འོག་ཏུ་གཅིག་ཡོད་པ་ལྟ་བུ་གཏན་ནས་མིན། ཡིན་ན་ཡང་། ཞི་དྲག་གི་མཉམ་ལས་མང་པོ་བྱེད་མྱོང་འདུག ལྷ་སར་རྒྱ་དམག་ཉུང་ངུ་ཞིག་སྡོད་མྱོང་ཡོད་པ་དེ་ནི་མན་ཇུའི་གཞུང་ཚབ་ཀྱི་ཆ་ཤས་ཤིག་ཡིན།
དེ་བཞིན་དུ་ཨ་ནུ་ཐང་གིས་བླ་མས་སྦྱིན་བདག་གི་ངོ་སྲུང་དགོས་པས་ཆོས་ལུགས་ལ་ནུས་པ་མེད་པར་བཤད་པ་དེ་ནི་རྦད་དེ་ལྡོག་ཕྱོགས་སུ་གྱུར་ཡོད། སྦྱིན་བདག་གིས་བླ་མའི་དྲུང་དུ་པུས་བཙུགས་ཐལ་སྦྱར་བྱས་ནས་ཚེ་འདི་ཕྱིའི་སློབ་སྟོན་ཞུ་བ་མ་གཏོགས་བླ་མས་སྦྱིན་བདག་ལ་པུས་བཙུགས་ཐལ་སྦྱར་གྱིས་ཚེ་འདི་ཕྱིའི་སློབས་ཞུ་བ་མཐོང་མ་མྱོང་། ལོ་རྒྱུས་ཀྱི་སྟེང་དུ་ཡང་འགྲོ་མགོན་འཕགས་པས་སེ་ཆེན་ཁན་ལ་དབང་ཞུ་ན་བླ་མའི་བཀའ་བསྒྲུབས་དགོས་ལུགས་ནན་བཤད་བྱས་ཡོད།
བླ་མ་ལ་སྦྱིན་བདག་དགོས་པ་བདེན། མཆོད་ཡོན་གྱི་འབྲེལ་བ་དེ་ནི་དེང་རབས་ཀྱི་ལྟ་སྟངས་བྱས་ན་ཚོང་ལས་ཡག་ཤོས་ཤིག་ཡིན། རིག་གནས་ཀྱི་ཚོང་ལས་རེད། བླ་མས་སྦྱིན་བདག་ལ་ཚེ་འདི་ཕྱིའི་ལམ་སྟོན་བྱས་པ་དང་། སྦྱིན་བདག་གིས་བླ་མའི་འཚོ་བ་སོགས་ཀྱི་མཐུན་རྐྱེན་སྦྱར་བ་རེད། འདི་ནི་དོན་དུ་གཅིག་ཕན་གཅིག་གྲོགས་ཀྱི་ཚོང་ལས་ཤིག་ལས་གཅིག་འོག་ཏུ་གཅིག་ཚུད་པའི་སྐྱོན་མེད། དགེ་རྒན་ལ་སློབ་ཡོན་ཕུལ་བ་ཙམ་ལས་བླ་མས་སྦྱིན་བདག་གིས་ངོ་སྲུང་དགོས་དོན་མེད།
དེ་བཞིན་དུ་ཆོས་ལུགས་ཀྱིས་ཡུལ་ཁམས་སྐྱོང་བའི་དུས་རབས་ཡོལ་ཟིན་ཟེར་བ་དེ་ཡང་དོན་དངོས་དང་མི་མཐུན། ཆོས་ལུགས་ཀྱིས་རྒྱལ་ཁབ་སྐྱོང་དང་མི་སྐྱོང་དེ་ཡུལ་མི་ཚོར་ཆོས་དད་ཡོད་མེད་ལ་རག་ལས་པ་མ་གཏོགས་དབྱར་དགུན་བརྗེ་བ་ལྟ་བུའི་འགྱུར་བ་ཅི་ཡང་སོང་མེད། འཛམ་གླིང་ཤར་ནུབ་གང་སར་ད་དུང་ཡང་སྲིད་གཞུང་མང་པོའི་ནང་ན་ཡང་ཆོས་ལུགས་ཀྱིས་རྐང་རྩ་བཟུང་བའི་སྲདི་གཞུང་དང་ཆབ་སྲིད་ཚོགས་པ་མང་པོ་ཡོད། Chritian Democratic Partyཟེར་བ་དང་། Islamic republic ལྟ་བུ་མང་པོ་ཡོད། བོད་ལ་ཡང་ནང་བསྟན་དམངས་གཙོའི་ཚོགས་པ་ལྟ་བུ་བཙུགས་མི་ཆོག་དོན་མི་འདུག གལ་སྲིད་བོད་ལ་རང་བཙན་བྱུང་ན་བོད་ནང་བསྟན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས་མི་རུང་དོན་མི་འདུག
ངས་ཨ་ནུ་ཐང་གི་མཆན་རིང་པོ་དེ་ཀློག་སྐབས་ནང་འགལ་ཡ་མཚན་པོ་འདི་མཐོང་སོང་། མི་རིགས་རིང་ལུགས་དགོས་ཟེར་ཞོར་ན་སྔོན་མ་ཞིག་ནས་ང་ཚོའི་ཡུལ་ལུང་འདི་རྒྱ་ནག་གི་མངའ་ཁོངས་སུ་ཚུད་ཡོད་ལུགས་རྒྱ་དམར་གྱི་རྗེས་རྗོད་བྱས་པ་དང་། བོད་ས་བབ་མཐོ་ནས་བཙན་འཛུལ་བ་སླེབས་མ་ཐུབ་ལུགས་བཤད་ཞོར་དུ་སྔོན་དུས་སུ་རྒྱ་སོག་གོར་ཁའི་བཙན་འཛུལ་བ་མང་པོ་སླེབས་མྱོང་ལུགས་སོགས་འགལ་བ་མང་པོ་ཤོར་ཡོད་པ་འདི་རེད།
ནང་བསྟན་ན་འདྲ་མཉམ་བཤད་ཡོད། གཞི་བདེ་བར་གཤེགས་པའི་སྙིང་པོ་ཡོད་པས་ན་སེམས་ཅན་ཚང་མ་འདྲ་མཉམ་བཤད་ཡོད། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་ན་ཐམས་ཅད་འདྲ་མཉམ་བཤད་ཡོད། ནམ་ཞིག་སངས་རྒྱས་པའི་དུས་ན་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག་ཅེས་འདྲ་མཉམ་བཤད་ཡོད། ནང་བསྟན་གྱི་འབྱུང་ཁུངས་རྒྱ་གར་ཡིན་ན་ཡང་། རྒྱ་གར་གྱི་རིགས་རུས་འབྱེ་བའི་ལུགས་རྩིས་མེད་ཐོག་མར་གཏོང་མཁན་དེ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན།
ནང་ཆོས་བསྒྲུབ་པ་དང་བོད་དོན་བསྒྲུབ་པ་གཉིས་ལ་འགལ་བ་གང་ཡང་མེད། ནང་ཆོས་ན་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་ཚུལ་བཤད་ཡོད། བོད་མི་ཡང་སེམས་ཅན་ཡིན་པས་ན་བོད་དོན་བསྒྲུབ་ན་ནང་ཆོས་བསྒྲུབས་པ་རེད། དམངས་གཙོ་ཚད་ལྡན་ཞིག་འཚོལ་དགོས་ན་ནང་བསྟན་གྱི་འདུལ་བའི་ལས་སྣེ་བསྐོ་སྟངས་དེ་མིག་དཔེར་འོས་པ་ཞིག་ཡིན།
ནང་ཆོས་ན་དཔལ་འབྱོར་བསྒྲུབ་དགོས་ཞེས་བཤད་མེད་ཟེར་བ་རྫུན་ཡིན། དབུ་མ་ལ་འཇུག་པ་ལས། མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ།།ཞེས་མི་རྣམས་བདེ་མོ་སྐྱིད་པོ་ཡོང་དགོས་ན་རྒྱུ་ལོངས་སྤྱོད་དགོས་པ་རེད་ཅེས་ལམ་སྟོན་གནང་ཡོད། སྤྱོད་འཇུག་ལས་ཀྱང་། བསྟན་པ་རྙེད་དང་བཀུར་སྟི་དང་། བཅས་ཏེ་ཡུན་རིང་གནས་ཀྱུར་ཅིག ཅེས་དང་། དགེ་སློང་མ་རྣམས་རྙེད་ལྡན་ཞིང་།།ཞེས་སོགས་རྒྱུ་ནོར་དགོས་པར་བཤད་ཡོད།
སོག་པོའི་ནུས་ཤུགས་ཉམས་རྐྱེན་ནང་ཆོས་ལ་ཐུག་ཡོད་ཟེར་བ་དེ་དང་ལྡོག་ཕྱོགས་སུ་གྱུར་ཡོད། སོག་པོ་ཕམ་དོན་ནི་ཆོས་མེད་དམར་ཤོག་པའི་བཙན་འཛུལ་ཐེབས་ནས་སོག་པོ་ཕྱི་ནང་གཉིས་སུ་གྱེས་པ་སོགས་ཆག་ཆེ་ཉམ་ང་བྱུང་བ་མ་གཏོགས་ནང་ཆོས་ལ་བརྟེན་ནས་སོག་པོ་ཉམས་མེད།
འབྲུག་པ་ནི་མི་ཆེ་ཆུང་ཚང་མས་ཁ་གཅིག་གྲག་གིས་ཁོ་རང་ཚོའི་རང་དབང་རང་བཙན་མ་ཤོར་བར་གནས་ཐུབ་པ་དེ་ནང་ཆོས་ཀྱི་ནུས་པ་ཡིན་པ་དང་ལྷག་པར་སློབ་དཔོན་ཆེན་པོ་པདྨ་བྱུང་གནས་ལ་དད་པ་བྱས་པའི་ནུས་མཐུ་ཁོ་ན་ཡིན་པར་འདོད།
དེང་སང་ཨེ་ཤེ་ཡའི་འབྲུག་ཆུང་བཞི་ཞེས་གྲགས་པའི་དཔལ་འབྱོར་ཡར་རྒྱས་ཆེ་བའི་ཡུལ་འདི་དག་ཀྱང་ཆོས་ལུགས་སྤྱི་དང་ལྷག་པར་ནང་ཆོས་ལ་དད་མོས་ཆེན་པོ་བྱེད་པ་དང་། བླ་གྲྭ་ཚོའི་སྦྱིན་བདག་ཡོད་ན་མེད་ན་འདི་ཚོ་ནས་ཡོང་གིན་ཡོད། དེའི་ཁོང་ཚོའི་དཔལ་འབྱོར་ལ་གནོད་པ་ལས་ལྡོག་སྟེ་དཔལ་འབྱོར་དབྱར་མཚོ་བཞིན་དུ་རྒྱས་ཀྱིན་ཡོད།
་་་་ དེ་ནས་ཏའ་ཡི་སི་ཏུའི་རིང་ལ་རྒན་མོ་གསེར་ཁུར་གྱི་དུས་ཞེས་བོད་འདི་སྟོབས་འབྱོར་མངའ་ཐང་ཞི་བདེ་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཅིག་ཡིན། ་་་་
་་་་་་ ནང་ཆོས་ན་དཔལ་འབྱོར་བསྒྲུབ་དགོས་ཞེས་བཤད་མེད་ཟེར་བ་རྫུན་ཡིན། ་་་་་་་
སྤོབས་མཐས།
མཆན་མང་བོ་ཞིག་འདུག་ལ། རོབ་ཙམ་ཀློག་པ་ཡིན། བསམ་ཚུལ་སྣ་མང་རེད་དེ། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་བོད་ཕོངས་མིན་གྱི་བསམ་ཚུལ་ཤུགས་ཆེ་ཤོས་སུ་མཐོང་གི་འདུག ངས་བལྟས་ན་ཆོས་དང་ཆོས་པ་གཉིས་ལོགས་སུ་བཀར་ནས་བཤད་དགོས་པར་སྣང་། སྤྱིར་ཆོས་ལུགས་རང་ངོས་སུ་སྐྱོན་མེད་ཀྱང་ཆོས་པ་ཚོས་ལག་ལེན་བྱེད་སྟངས་ལས་མཇུག་འབྲས་མ་འདྲ་བ་མང་བོ་ཐོན་ཡོད་པ་རེད། དཔེར་ན། བོད་ཀྱི་འགོ་ཁྲིད་མཁན་དག་བར་ལམ་ཞིག་ནས་སྟོབས་ཤུགས་གཞན་ནས་འཚོལ་བའི་ལམ་ཁར་ཞུགས་པ་ནི་བོད་ཕོངས་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་རེད་ལ། ས་སྐྱ་སྲིད་གཞུང་ནས་འགོ་བཙུགས་ཤིང་། དགའ་ལྡན་ཕོ་བྲང་ནས་ཤུགས་ཆེ་རུ་ཕྱིན་པ་ཞིག་རེད། དེ་བཞིན་དུ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འོག་མི་སེར་མཐའ་དག་གཡོག་ལ་བསྐུལ་རྐྱང་ལས་མ་གྱུར་སེམས་ཅན་གྱི་ཐོབ་ཐང་གནང་མི་འདུག་ལ། སྒོས་སུ་དབུས་གཙང་ཕྱོགས་སུ་མང་ཚོགས་ལ་བརྡབ་གསིག་གཏོང་བྱེད་དུ་བཀོལ་འདུག ཐ་ན་རྭ་སྒྲེང་སྲིད་གཞུང་གིས་ལུང་ཤར་ལགས་ཀྱི་མིག་བཏོན་པ་ནི་ཆོས་པ་ཚད་ལས་བརྒལ་བའི་དཔེ་མཚོན་ཡིན། ད་དུང་ཆོས་ལུགས་བེད་སྤྱོད་བྱེད་ཡུལ་་ནི་དབང་བསྒྱུར་ལས་མང་ཚོགས་ལ་གོ་རྟོགས་སྤེལ་བའི་ཕྱོགས་སུ་བཀོལ་མེད་པར་མ་ཟད། ཆོས་ལུགས་ལ་གོ་རྟོགས་སད་པའི་མི་སེར་དཀྱུས་མ་ནས་བྱུང་བའི་མི་སྣ་མང་བོ་ཐབས་བརྒྱ་ཇུས་སྟོང་གིས་ཕམ་ཉེས་བཏང་ཡོད། དཔེ་མཚོན་ཡག་ཤོས་ནི་དགེ་ཆོས་བཙོན་ལ་བཅུག་པ་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་རྒྱང་འཕུད་བཏང་བ་ལྟ་བུ་རེད། དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་ཐད་ཆོས་ལུགས་བེད་སྤྱོད་ལོག་གཏོང་བྱས་ཡོད་པས། བོད་རྒྱལ་ཁབ་ཤོར་སྐབས་ཀྱང་བསྟན་སྲུང་དམག་ཅེས་པ་ལས་རྒྱལ་སྲུང་དམག་ཅེས་བོས་མེད། དེ་བས། ཆོས་དང་ཆོས་པ་གཉིས་ལོགས་སུ་དབྱེ་ནས་དཔྱད་བསྡུར་གནང་རྒྱུ་ཧ་ཅང་གི་གལ་ཆེན་དུ་འདོད།
འདི་ན་མི་རིགས་ཤིག་གི་གནད་དོན་གླེང་གི་ཡོད་པའི་ཆ་ནས་ངས་ཆོས་ལུགས་རང་སྟེང་གི་ལེགས་ཉེས་བདེན་རྫུན་གཏན་ནས་བཤད་གི་མེད། ངས་ཆོས་ལུགས་འདི་བོད་སྐྱོབ་སྤྱད་ལ་བེད་སྤྱོད་ཅི་འདུག་ཁོ་ན་ལ་བསམ་གི་ཡོད། ལོ་རྒྱུས་སྟེང་དུ་ཆོས་ལུགས་ཀྱིས་བོད་བསྐྱབས་ཚུལ་གང་ཡོད་ལ་བལྟས། ད་ལྟའི་བོད་ཀྱི་གནས་སྟངས་དང་སྦྱར་ནས་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་དར་སྤེལ་ཐད་ལ་ཆོས་ལུགས་དང་ཆོས་ལུགས་པ་ཚོར་ནུས་པ་ཅི་ཡོད་ལ་བསམ་བློ་བཏང་ནས་སྐད་ཆ་འདི་ཚོ་བཤད་གི་ཡོད།
ལུང་ཤར་གྱི་མིག་བཏོན་པ་དང་། དགེ་ཆོས་བཙོན་དུ་བཅུག་པ་སོགས་ཀྱི་སྟེང་ནས་གང་མཐོང་གི་འདུག་ཟེར་ན་ནང་ཆོས་འདིས་སྲིད་གཞུང་གི་ཆབ་སྲིད་བསྒྲུབས་པ་ལ་འགོག་རྐྱེན་བྱེད་ཀྱི་མེད་པའི་དཔེ་མཚོན་ཡག་ཤོས་རེད། ནང་བསྟན་པ་ཚོས་རྒྱལ་ཁབ་ཀྱི་གནད་དོན་ལ་ཐུག་དུས་མར་གྱུར་སེམས་ཅན་ཟེར་ནས་མིག་ཟུམ་ཟུམ་མ་བྱས་པར་མཁས་པ་དགེ་ཆོས་དང་གྲུང་པོ་ལུང་ཤར་སོགས་ཀྱང་ཏག་ཏག་བཟོ་གི་འདུག དམག་རྒྱག་ས་ལ་དམག་བརྒྱབ་འདུག ཁྲིམས་གཅོད་དགོས་ས་ལ་ཁྲིམས་བཅད་འདུག དེ་ཡིན་དུས་ཁྱེད་ཚོས་ནང་བསྟན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོན་འཇོན་མི་ཡོང་བསམ་པའི་ཞེད་སྣང་དགོས་ས་མ་རེད། ཆོས་ལུགས་བེད་སྤྱད་དགོས་ཀྱི་འདུག་ཟེར་གི་ཡོད། ཆོས་ལུགས་འདི་ཆབ་སྲིད་ཀྱི་ཆེད་དང་དཔལ་འབྱོར་གྱི་ཆེད་གང་ཡིན་ཡང་བེད་སྤྱོད་ཡོད་པ་ཞིག་རེད་ཟེར་གི་ཡོད།
བསྟན་སྲུང་དམག་དང་རྒྱལ་སྲུང་དམག་གང་བཏགས་ཀྱང་ཁྱད་པར་མི་འདུག འཐབ་མཁན་བོད་མི་རེད། འཐབ་ས་བཙན་འཛུལ་བ་རེད། དམིགས་ཡུལ་བཙན་འཛུལ་མཐར་སྐྲོད་གཏང་རྒྱུ་དེ་རེད། ཡོས་ལ་འབབ་རྒྱུ་རྩམ་པ་མ་གཏོགས་མེད་དུས་རྙོགས་དྲ་བཤད་མི་དགོས་ས་ལ་རྙོགས་དྲ་བཤད་དོན་མི་འདུག ཆོས་དད་མང་ཚོགས་ཤིག་ལ་མཚོན་ན་རྒྱལ་སྲུང་དམག་ཅེས་བཏགས་པ་ལས་ཀྱང་བསྟན་སྲུང་དམག་ཅེས་བཏགས་ན་རང་ཕྱོགས་ཀྱི་སེམས་འཕངས་བསྟོད་པ་དང་ཕ་རོལ་པོ་ལ་འཇིགས་སྣང་སྐུལ་བའི་ནུས་པ་ཆེ་བ་ཡོད། ནང་བསྟན་པ་འདི་ཚོས་འཐབ་མི་འཐབ་མེད་ཡ། ཁ་དཔེ་ལ་ཡང་། བསྟན་པ་ལ་དགྲ་བྱུང་ན། མཁར་སིལ་གྱིས་མདུང་ཚབ། ཟེར་བའི་གཏམ་དཔེ་འདུག རྒྱལ་སྲུང་དམག་ཟེར་ནས་མིང་མ་བཏགས་པདེ་ཡག་པོ་བྱུང་ནབ་རེད་མ་གཏོགས་དམག་ལ་ཞུགས་མཁན་ཁ་ཤས་ཤིག་ལས་རག་གི་མ་རེད། བསྟན་སྲུང་དམག་ཟེར་ནས་མིང་བཏགས་པའི་ནུས་པ་ལ་བརྟེན་ནས་དགེ་བཤེས་སྤྲུལ་སྐུ་ཚུད་པའི་བོད་མི་མང་པོ་ཞུགས་པ་རེད། དེ་འདྲ་ཞིག་ལ་ཆོས་ལུགས་ཀྱི་རྒྱལ་སྲུང་ནུས་པ་ཟེར་བ་རེད།
སྤོབས་མཐས་དགོངས་ཚུལ་མང་པོ་གསུངས་འདུག ཐུགས་རྗེ་ཆེ། མན་ཇུས་དམག་བོད་ནང་དྲངས་ཚུལ་དེ་རྒྱ་ནག་གིས་བཤད་པ་མ་རེད། སྲིད་དོན་རྒྱལ་རབས་ནས་གསལ་བོ་ཡོད་བ་རེད།
གཞན་ཁྱེད་་གྱིས་སྔ་ཕྱི་བར་གསུམ་དུ་ཡི་གུ་དང་བོད་གཉིས་གཅིག་མཚུངས་སུ་བསྡུར་གྱི་འདུག དེ་ནི་བསྡུར་ཐབས་ཡོད་བ་མ་རེད། བོད་འདི་བོད་ས་འཛིན་མཁན་དང་པོ་དེ་རེད་ལ། ཡི་གུ་བ་ནི་ཕྱི་མི་གནས་སྤོ་བ་རེད། ཁ་ཆེའི་ཆོས་ལུགས་ཀྱི་མི་སེར་སྤེལ་མཁན་རེད། ད་ལྟ་སྡོད་ཁོ་ཚོ་སྡོད་ས་དེའང་བོད་བཙན་པོའི་མངའ་ཁོངས་རེད། རྗེས་སུ་ཁ་ཆེ་བ་གནས་དེ་རུ་འབྱོར་ཞིང་བཏང་འཛིན་བྱས་ཀྱང་། སོག་པོའི་སྟོབས་ཤུགས་རྒྱས་བ་དང་མཉམ་དུ་ས་ཁུལ་དེ་སོག་པོས་དབང་སྒྱུར་ལག་ཏུ་ཤོར། ཡིན་ཡང་། ཁ་ཆེའི་མི་འབོར་་གྱི་འཕེལ་ཤུགས་དྲག་ཏུ་རྒྱས་ཤིང་། སོག་པོ་མཉམ་པའི་འགྲོས་དང་སྟུན་ནས་ཡུལ་དེར་ཁ་ཆེ་ལ་དབང་བ་མ་ཟད་ད་ལྟ་ཀུན་གྱིས་གནས་དེར་ཁ་ཆེའི་ཡིན་ཤག་བྱས་བ་འདི་རེད། མ་ཟད་ཁོ་ཚོས་ཀྱང་རང་གི་ཡིན་ཤག་གིས་རང་བཙན་ནམ་རང་དབང་རྩོད་ཀྱིན་ཡོད་པ་མཐོང་ཆོས་རེད། དོན་དངོས་བྱེད་ན་གནས་དེར་ཐོག་མ་ཁ་ཆེའི་མ་རེད། ཁ་ཆེ་མ་སླེབས་པའི་སྔོན་བོད་ཀྱི་རེད། བོད་རིགས་ཀྱི་རེད། འདི་དག་སངས་ཆོས་བོད་དུ་དར་ནས་བོད་པའི་ཉམས་ཤིང་། ས་མཚམས་ཁག་གཞན་ལག་དུ་ཤོར་བ་རེད། དེ་བཞིན་ད་ལྟ་ཧོར་གཙང་གི་འཇུག་ཏུ་ཡོད་པའི་ཀ་ཅི་ཡང་དེ་ལྟར་རེད། གནས་དེར་དང་པོ་བོད་ས་རེད། ཁ་ཆེ་ཡོད་བ་མ་རེད། རིམ་བཞིན་ཚོང་པ་རྣམས་གནས་དེ་རུ་འབྱོར་ཞིང་། ད་ལྟ་ཀ་ཅི་ཁ་ཆེའི་རང་སྐྱོང་ལྗོངས་སུ་ཆགས་པ་རེད། བོད་པ་ལ་མི་འབོར་གྱིས་མ་འདང་བས་རེད། མི་འབོར་གྱིས་མི་འབོར་དགོས་དོན་ཡང་། ཚོད་མེད་དུ་གྲྭ་བཙུན་བཟོས་བས་རེད། རྒྱ
་གར་གྱི་དེར་རྒྱས་གླིང་ཡང་དེ་ལྟར་རེད། དང་པོ་འབྲས་ལྗོངས་ཀྱི་རེད། ད་ལྟ་གནས་དེར་འབྲས་མི་ཉུང་ཤས་ལས་མེད་ཅིང་། གཞན་ལ་བདག་པ་རེད།
དགེ་ཆོས་དང་ལུང་ཤར་བའི་གནད་དོན་ནི་དཔེ་མཚོན་ཆུང་ཚགས་ཤིག་ཡིན་ཞིང་། ཁོ་གཉིས་དེ་ལྟར་ཆགས་པའང་གཙོ་བོའི་དད་པ་དང་ཆོས་ལུགས་ལ་ཐུག་ཡོད། ལུང་ཤར་བ་བདུག་རེད་ཟེར་དགོས་དོན་དང་དགེ་ཆོས་ལྟ་ལོག་རེད་ཟེར་དགོས་དོན་ཡང་། མཐའ་ཐུག་ན་དད་པ་ལ་ཐུག་ཡོད། ཁོ་གཉིས་ལ་གཞན་ལྟར་དད་པ་མེད་པས་དད་པ་རིང་ལུགས་པ་ཚོས་དེ་ལྟར་བཤད་པ་རེད།
དཔྱོད་ལྡན་ཨ་ནུ་ཐང་ལགས། ཁྱེད་བླ་མ་གྲྭ་བ་ལ་མི་དགའ་བ་ཙམ་གྱིས་བོད་ཀྱི་ཆབ་སྲིད་དེ་ལོ་རྒྱུས་རྒྱ་དམར་གྱི་རྫུན་མཇུག་སྐྱོང་མཁན་ཞིག་མ་བྱེད་རོགས། ཚིག་པ་ཤིག་ལ་ཟ་ནས་སློག་ཧྲུལ་མེ་ལ་བསྲེགས། ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། སྲིད་དོན་རྒྱལ་རབས་ན་མན་ཇུའི་དམག་གིས་བོད་ས་བཟུང་ཚུལ་ཞིག་མེད་བསམ་སོང་། ཡོད་ན་ཁུངས་དེའི་ཚིག་དང་ཤོག་གྲངས་སོགས་འདྲེན་རོགས། མན་ཇུའི་དམག་བོད་དུ་ཡོང་བ་དེ་རྒྱལ་བ་རིན་པོ་ཆེའི་སྦྱིན་བདག་ཡིན་པའི་མཆོད་ཡོན་འབྲེལ་བ་ལ་བརྟེན་ནས་དམག་རོགས་སུ་ཡོང་བ་རེད། དེང་སང་ཡང་རྒྱལ་ཁབ་གཅིག་གིས་གཅིག་ལ་རོགས་བྱས་ནས་དམག་གཏོང་སྲོལ་མང་པོ་འདུག དེ་ཙམ་ལ་ཡིད་ཡུལ་དུ་མི་ཤོང་རྒྱུ་མི་འདུག ཨ་མེ་རི་ཁས་ཨབ་རྒན་རྒྱལ་ཡོངས་དམག་མི་དང་མཉམ་འབྲེལ་གྱིས་ཊ་ལི་བྷན་ལ་འཐབ་པ་དང་གཅིག་མཚུངས་རེད། མཚམས་མཚམས་ལ་མཐུན་ཕྱོགས་རྒྱལ་ཁབ་ཀྱི་དམག་མིའི་བར་ལ་ཡང་མ་འགྲིགས་པ་ཡོང་སྲིད་པ་རེད། དེ་ཙམ་མ་ཤེས་རྒྱུ་མི་འདུག མ་གཞི་ནས་ཁྱོད་ཚོའི་ཁ་འདྲེ་བགེགས་འདྲ་ཡིས་བསྒུལ་བ་མིན་ན་རང་མགོ་ཆུ་འདྲེན་གྱི་སྐད་ཆ་དེ་ཚོ་ང་ཚོའི་ཕྱོགས་ནས་སྤེལ་དགོས་དོན་མི་འདུག ‘མན་ཇུ་གོང་མས་རང་གི་མངའ་ཁོངས་སྲུང་སྐྱོབ་ཀྱི་ཆེད་དུ་གོར་ཁའི་བཙན་འཛུལ་མཐར་བསྐྲད་’ཟེར་བ་དེ་རིགས་བཙན་འཛུལ་བས་ལོ་རྒྱུས་ལོ་རྒྱུས་རྫུན་བཟོ་བྱས་པ་རེད་ཟེར་ནས་གོང་དུ་ཞུས་ཡོད།
བོད་རྒྱ་ཁོངས་ཡིན་པའ་གླེང་རྙོགས་ཐོག་མར་སྤེལ་མཁན་དང་། མདོ་ཁམས་ཕྱོགས་ལ་སི་ཁྲོན་དང་། མཚོ་སྔོན། ཀན་སུའི་ཡི་དམག་ཤེད་ཅན་གྱི་དཔོན་རིགས་ཀྱིས་དབང་བསྒྱུར་བྱས་པ། དེ་ནས་ལུའུ་ཅུན་རྒྱ་དམག་ལྷ་སར་ལྷགས་པ་སོགས་ནི་མན་ཇུའི་གཞུང་ནུས་མེད་ཆགས་པའི་དུས་སུ་མཐའ་མཚམས་ཀྱི་དམག་ཤེད་ཅན་གྱི་དཔོན་རིགས་ཇག་པ་ཚོ་ཡིན་པ་དང་། རྒྱ་གར་དབྱིན་གཞུང་གིས་མན་ཇུའི་སྲིད་གཞུང་ལ་བོད་དུ་ལུའུ་ཅུན་རྒྱ་དམག་གིས་བཙན་འཛུལ་བྱས་པ་དེ་ཁྲིམས་འགལ་ཡིན་པས་ཕྱིར་འཐེན་བྱེད་རོགས་ལབ་འདུག སྐབས་དེར་མན་ཇུའི་གཞུང་གིས། དེ་ཁྲིམས་འགལ་ཡིན་ན་ཡང་། མཐའ་མཚམས་ཀྱི་དམག་ཤེད་ཅན་གྱི་དཔོན་རིགས་ཚོར་མན་ཇུས་གཞུང་གི་བཀའ་བཀོད་འགྲོ་གི་མེད་ཅེས་སྐད་ཆ་བདེན་པ་བཤད་ཡོད་ཚུལ་ལོ་རྒྱུས་སུ་འཁོད་འདུག དེ་ནས་དབྱིན་ཇིའི་བོད་ལ་དམག་གིས་རོགས་རམ་གྱིས་ལུའུ་ཇུན་རྒྱ་དམག་མཐར་སྐྲོད་བྱེད་པའི་གྲབས་བཤོམ་བྱས་པར་རྒྱ་ཇག་གི་ཕྱོགས་གཏོགས་ཀྱིས་བོད་རྒྱ་ཁོངས་ཡིན་ལུགས་གཞི་ནས་སྒྲོགས་མགོ་བཙུགས་པ་རེད། སྐབས་དེར་རྒྱ་ནག་གཞུང་ཡང་ནུབ་ཕྱོགས་པའི་བརྙས་བཅོས་དང་ནང་ཁུལ་གྱི་ངོ་ལོག་སོགས་ལ་བརྟེན་ནས་ཧ་ཅང་ཉག་ཕྲ་པོ་ཆགས་ཡོད། དབྱིན་ཅིའི་གནོན་ཤུགས་སྔར་ནས་ཡོད་ཐོག་ཕྱོགས་མང་པོ་ནས་སླེབས་པའི་འཇིགས་སྣང་གིས་བོད་རྒྱ་ཁོངས་ཡིན་ཚུལ་གྱི་རྫུན་མཇུག་བསྐྱངས་འདུག དེ་མཙ་མ་གཏོགས་མན་ཇུའི་གཞུང་འདི་རང་ཚུགས་ཐུབ་པ་ཡིན་དུས་རྒྱལ་བ་རིན་པོ་ཆེའི་སྦྱིན་བདག་ཁ་ཞེ་གཉིས་མེད་ཅིག་རེད། གོང་མ་ཆན་ལུང་ནི་ཆོས་རྒྱལ་ཡིན་ཞིང་ཐུགས་ཀྱི་སྨོན་འདུན་དང་རྟེན་འབྲེལ་བསྒྲིགས་ཆེད་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བའི་ཐང་ཁ་སོགས་ཀྱང་བྲིས་འདུག
༼ཚངས་རྒྱམ་གྱི་ཡང་སྲིད་སྐལ་བཟང་རྒྱ་མཚོ་ཡང་མན་ཇུས་ཀྱི་ལྐོག་གཡོ་ཡིས་རྒྱབ་སྐྱོར་བྱས་ཤིང་། ཡང་སྲིད་ལྷ་སར་ཁྲིད་པ་ལ་ཁ་གཡར་ནས་བོད་དུ་སླེབས་ཤིང་འཇུན་སྒར་བ་རྒྱང་ཕུད་བཏང་ཐུབ་ཡོད༽ ངས་གོང་དུ་བཀོད་པ་དེ་རེད། དེ་ནི་མན་དམག་བོད་ནང་དུ་ཡོང་བའི་གོ་བཙུགས་ཚུལ་ལས་བོད་ཀྱི་བདག་དབང་ཡོད་ཚད་མན་བྱུས་ཀྱིས་སྒྱུར་ཚུལ་བཤད་མེད། དེ་ནས་བཟུང་ཇན་དམག་གིས་སོག་པོའི་དབང་ཤུགས་བོད་ནས་མཐའ་སྤྲོད་བཏང་བའི་འགོ་ཚུགས་པ་ཡིན་ལ། བོད་སོག་གི་སྤྲུན་ཟླའི་མནའ་འབྲེལ་ལ་འགྱུར་བ་བཏང་བའི་དུས་ཚོད་ཡིན། དེ་ནི་གསལ་བཤད་ཙམ་ཡིན།
སྐལ་བཟང་རྒྱ་མཚོའི་སྐུ་སྲུང་དུ་ཡོང་མན་དམག་བོད་དུ་ཡོང་བ་ནི་སྲིད་རྒྱལ་གྱི་ཚངས་རྒྱམ་སྐོར་གྱི་རྙོགས་དྲ་དང་སྐལ་བཟང་རྒྱ་མཚོའི་ཡང་སྲིད་སྐོར་ལ་གཟིགས་དང་ཤེས་ངེས་རེད། ད་ལྟ་ང་ལས་ཁང་ནས་ཡོད་ཅིང་སྲིད་རྒྱལ་མེད་པས་ཤོག་གྲངས་ཞུ་ཐུབ་ཀྱི་མི་འདུག ཡིན་ཡང་། དགོས་ན་ཞུ་ཆོག
གཞན་ཡང་། མན་དམག་གིས་བོད་ལ་རྒྱབ་སྐྱོར་བྱས་ཏེ་གོར་དམག་མཐའ་སྤྲད་བཏང་བའི་དུས་ཚོད་ནི་༡༧༩༢ལོར་ཙམ་རེད། དེ་ནི་རྗེས་སུ་བྱུང་བའི་ལོ་རྒྱུས་རེད།
གསལ་བཤད། ང་ནི་བླ་གྲྭ་ལ་མི་དགའ་དགོས་ཅི་ཡང་མེད་ཅིང་ང་མི་སྒེར་ལ་མཚོན་ན་བླ་གྲྭས་གནོད་པ་སྐྱེས་མྱོང་མེད། ཡིན་ཡང་། བཤད་པ་བཞིན་པ་ནི། ང་ཚོས་རང་ཉིད་འགྲོ་སའི་ལམ་ཁ་དེ་ནོར་བ་ཡིན་པ་ཤེས་ཤིང་བགྲོད་ལམ་གསར་བ་ཞིག་རྙེད་པ་རེ་བ་བྱས་བས་ཡིན། རྒྱུ་མཚན་ནི། དེ་ལྟར་མུ་མཐུད་དུ་ཁྱོད་བདེན་ང་བདེན་གྱིས་ད་ལྟའི་བོད་ཀྱི་ཆོས་ལུགས་སམ་གོམས་སྲོལ་འདི་ལྟར་ཕྱིན་པ་ཡིན་ན། བོད་འདི་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ཡ་ལས་མེད་པས། ལམ་འདི་ཤེས་ནས་བཅོས་སྒྱུར་བྱེད་རྒྱུའི་རེ་བ་ཡོད་པས་ཡིན། དེ་ནི་བོད་ཀྱི་ཆེད་དུ་ཡིན་པ་ལས་ང་མི་སྒེར་གྱི་ཁེ་ཕན་དང་འབྲེལ་སྤུ་ཙམ་མེད་ཅེས་ངས་ཁྱེད་ལ་དམ་བཅའ་ཆོག
ངའི་རེ་བ་ལ་དགེ་འདུན་པ་རྣམས་དགོན་པའི་མཁར་ནང་ཁོ་ན་ལས་མ་བཞུགས་པར་ཡུལ་ཕྱོགས་ཀུན་ལ་ཉམས་ཞིབ་ཀྱི་ཆེད་དུ་ཕེབས་རྒྱུ་དང་། ཆོས་དཔོན་ཚོ་དང་བླ་མ་ཚོའང་སྦྱིན་བདག་ཁོ་ན་དང་གནས་སྐབས་སུ་ཆོས་ལུགས་སྤེལ་ཆེད་ཁོ་ནར་མ་འབད་པར་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱིའི་འཁོར་ཕྱོགས་ལ་དོ་སྣང་བྱེད་གལ་ཤུན་ཏུ་ཆེ་བ་མཐོང་།
སྤོབས་པ་ལགས་ཕེབས་པ་བཟང་། འོ་ན། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་ངོམས་སོ་གནང་བཞིན་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཟེེར་བ་དང་ཁྱེད་ཀྱིས་གོ་བ་ལེན་བཞིན་པའི་སངས་རྒྱས་ཆོས་ལུགས་གཉིས་འགལ་གྱི་མེད་དམ། གལ་སྲིད་འགལ་གྱི་ཡོད་ན། རི་བོང་དང་སྡོམ་པ་མཉམ་ཤོར་མ་རེད་དམ།
གནམ་ལོ་ཡག་ལགས། ཐེག་པ་ཆེན་པོའི་ལུགས་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་ལུས་ངག་གི་མི་དགེ་བ་བདུན་པོ་གནང་ཡོད། དེ་གནང་བ་ཙམ་དུ་མ་ཟད་དོན་ལ་དགེ་བ་ཡིན་ཞེས་གསུངས་ཡོད་རི་བོང་སྡོམ་པ་གཉིས་ཆར་ཟིན་བསྡད་ཡོད།
དེ་ན་བོད་བརྒྱུད་སངས་རྒྱས་ཆོས་ལུགས་སྤྱོད་པ་འཚེ་བ་ཅན་དུ་གྱུར་འདུག་པས། དེང་གི་བར་བསྒྲགས་ཀྱིན་པའི་སྤྱོད་པ་འཚེ་མེད་ནི་རྫུན་དུ་གྱུར་སོང་བ་མ་རེད་དམ།
སྨན་པ་མཁས་པས་ནད་པ་སྲོག་བསྐྱབ་ཆེད་དུ་ལུས་ཀྱི་ཆཤས་གཤག་གཏུབ་བྱས་པ་ལྟ་བུ་རེད། དེ་ལ་འཚེ་བ་ཟེར་ས་ཞིག་མི་འདུག
ཨོ་ཡ་་་དྲ་གྲོགས་རྣམས་ཚོ། བོད་མི་རིགས་ཀྱི་རྩ་དོན་ལ་ཐུགས་ཁུར་གནང་མཁན་ཚོ། སྐུ་ཚེ་རིང་རྒྱུ་ཚོ། རང་རང་སོ་སོའི་ཕྱོགས་ནས་བསམ་ཚུལ་གསལ་པོ་གསུངས་སོང་བས་དགའ་སྤྲོ་ཆེན་པོ་བྱུང་།
བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་མང་པོ་གསུངས་སོང་། ནོར་འཁྲུལ་མང་པོ་ངོས་ཟིན་ཐུབ་པ་བྱུང་སོང་། ད་་་་སྔོན་མ་བྱས་ཟིན་པའི་ནོར་འཁྲུལ་རྣམས་གླེང་མཚམས་བཞག་ནས་ལམ་ནོར་ལྡོག་ཤེས་ཀྱི་ཐབས་ཇུས་འཚོལ་དགོས་པར་འདོད།
དཔེར་ན། སྔོན་མ་བོད་ཕུང་སོང་བའི་རྒྱུ་རྐྱེན་་་ནང་འཁྲུག་བརྒྱབས་པ་དང་ཕྱིའི་དགྲ་ནང་འདྲེན་བྱས་པ། བཙན་འཛུལ་བ་བསླེབས་སྐབས་སུ་དམག་དང་གོ་མཚོན་ཡག་པོ་མེད་པ། ཆིག་སྒྲིལ་མེད་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་ཤོར་སོང་བ་རེད་འདུག
ད་ནི་ནོར་འཁྲུལ་དེ་དག་བསླབ་བྱ་ནས་མ་འོངས་བོད་སྐྱོབ་པའི་ཐབས་ཇུས་སྐོར་ལ་བགྲོ་གླེང་བྱེད་དགོས་ངེས་རེད་བསམས་ཀྱི་འདུག་ལ་་་གོང་དུ་དྲ་གྲོགས་བན་དེ་བ་དང་བསམ་ཤེས་གཉིས་ཀྱིས་གསུངས་པ་ལྟར་ངས་ངོས་་ནས་བགྲོ་གླེང་བྱེད་སའི་གླེང་གཞི་ཞིག་འབྲི་འདོད་ཡོད། ཨ་ཁུ་སྤོབས་པས་་ཁ་བརྡའི་ནང་འགོད་རོགས་བྱེད་ན་མུ་མཐུད་ང་ཚོས་་བགྲོ་གླེང་བྱ། མཐའ་མ་ལག་ལེན་གྱི་རྩ་ལ་སླེབས་སླེབས་བར་དུ་བགྲོ་གླེང་ཡང་དག་བྱེད་ན་ག་འདྲ་འདུག་གམ།
བྱས་ཟིན་པའི་ནོར་འཁྲུལ་དེ་དག་ལ་བལྟས་ནས་ག་ཆེན་ཤོས་མ་འོངས་བོད་སྐྱོབ་པ་ལ་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་དགོས་ངེས་རེད་འདུག་པས་་་ང་ཚོའི་སྲིད་འཛིན་སེང་གེ་ནོར་མེད་པ་ཤེས་ནས་ང་ནི་མདང་དགོང་མཚན་མོར་དགའ་དགའ་སྤྲོ་སྤྲོ་ཡིས་་སེང་གེ་ལགས་བསམ་བློ་འཁོར་ནས་གཉིད་ཡང་ཡག་པོ་ཞིག་ཁུག་ཐུབ་མ་སོང་། སེང་གེ་ལགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་རྩ་དོན་གསུམ་གསུངས་པ་དེ་ནི་གལ་ཆེན་རེད་འདུག་པས་དགའ་ཆོག་པ་ཞིག་ཀྱང་རེད་འདུག
ད་ནི་་་ང་རང་ཚོའི་སྤྱི་ཚོགས་དངོས་དང་སྦྱར་ནས་ཆིག་སྒྲིལ་གྱི་སྐོར་གླེང་དགོས་ཀྱི་འདུག སེང་གེས་ཆིག་སྒྲིལ་བྱེད་སྟངས་་གསུམ་གསུངས་འདུག་པ་དེ་དག་ལག་ལེན་དངོས་ཀྱི་ཐོག་ཏུ་ཇི་ལྟར་བྱ་དགོས་མིན་དང་། དེ་དག་ནང་མེད་པའི་གནད་དོན་གལ་ཆེ་དེ་འདྲ་ལྷག་འདུག་པས་བགྲོ་གླེང་བྱ་དགོས་པ་འདུག
སེང་གེའི་་་ཆོས་ལུགས་རིས་མེད། ཆོལ་ཁ་དབྱེ་མེད། ཕོ་མོ་འདྲ་མཉམ་གསུལ་ལ་ཆིག་སྒྲིལ་བྱེད་སྟངས་ཡིན་ཞེས་གསུངས་འདུག
ངས་བསམ་ཚུལ་བྱས་ན་་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་བ་ལ་་་དབྱེ་ན་་་གུན་ཁྲན་ཏང་གི་ཕྱོགས་སུ་ཡོད་པའི་བོད་མི་ཏང་ཡོན་ལས་བྱེད་པ་རྣམས་དང་ང་ཚོའི་བར་གྱི་འགལ་ཟླ། ཆོས་ལུགས་བར་གྱི་འགལ་ཟླ། ཆབ་སྲིད་ལྟ་གྲུབ་ཀྱི་བར་གྱི་འགལ་ཟླ་འདི་གསུམ་སེལ་ཐུབ་པ་བྱ་དགོས་ཀྱི་འདུག་བསམས་ཀྱི་འདུག འགལ་ཟླ་འདི་གསུམ་སེལ་ཐུབ་པའི་ཐབས་ཇུས་གླེང་དགོས་ཀྱི་འདུག་འདོད།
དྲ་གྲོགས་ཚོས་བསམ་ཚུལ་བྱས་ན་ག་འདྲ་འདུག་གམ། ངས་བསམ་ཚུལ་བྱས་ན་གལ་ཆེན་ཤོས་ཐབས་ཇུས་རེད་བསམ་གྱི་འདུག བོད་ཀྱི་རྒྱལ་ཁ་འཐོབ་ཐུབ་མིན་ཐབས་ཇུས་ལ་རག་ལུས་ཡོད་པ་དང་ཐབས་ཇུས་དེ་དག་ལག་ལེན་དངོས་ཀྱི་ཐོག་ཏུ་ཡོང་མི་ཐུབ་མིན་རག་ལུས་ཡོད་པར་འདོད།
དྲ་གྲོགས་བོན་པོ་ལགས། བཀའ་དྲིན་ཆེ། ཁྱོད་ཀྱི་གསུངས་པ་དེ་དག་རྗེས་སུ་སྐབས་དང་དུས་ལ་བབ་དུས་གླེང་གི་ཡིན། དགའ་པོ་བྱུང་།
ཡ་ཡ། མུ་མཐུད་དུ་ཉན་འདུན་ཤིན་ཏུ་ཆེ། ཁྱེད་ཀྱི་འགྲེལ་བཤད་ལྟར་ན། སེར་མོ་བས་མི་བསད་པ་དང་དམག་མིས་མི་བསད་པ་གཉིས་ལ་ཁྱད་པར་མེད་པ་འདྲ། དགོས་པའི་ཆེད་དུ་སྲོག་གཅོད་ཀྱི་ཡོད་པས་རེད། དེ་འདྲ་ཞིག་རེད་དམ།
ཨོ་རེད་་་གསལ་བཤད་ཤིག་བྱས་དགོས་པ་འདུག ང་ཚོས་ཆོས་ལུགས་ཀྱི་ནོར་འཁྲུལ་ལ་དགག་པ་རྒྱག་པ་ཡིན། ཆོས་ལུགས་པའི་བྱས་པའི་ནོར་འཁྲུལ་ལ་དགག་རྒྱག་པ་ཡིན། ཡིན་ཀྱང་་་ང་ཚོ་ཆོས་དང་ཆོས་ལུགས་པ་གཉིས་དང་ཁ་བྲལ་ཐབས་མེད། ཆོས་ལུགས་པ་མེད་ན་ང་ཚོས་འཇོན་གྱི་མི་འདུག ཆོས་ལུགས་པ་མེད་ན་བོད་རྒྱལ་ཁབ་འཛུགས་སྐྲུན་བྱ་ཐུབ་ཐབས་མི་འདུག ཆོས་ལུགས་པ་རྣམས་ལ་དགག་པ་བཏང་འོང་དུས་ཁོང་ཁྲོ་ལངས་མི་ཉན། ནོར་འཁྲུལ་གླེང་འོང་དུས་བཟོད་པ་སྒོམ་རོགས་བྱོས།
ང་ཚོའི་བོད་མི་རིགས་ནི་ཆོས་ལུགས་པ་ཤ་འདྲེས་པགས་འདྲེས་ཡིན། ང་རང་སྒེར་ངོས་ནས་བཤད་ན་མི་ཚེའི་ནང་གི་གྲོགས་པོ་ཡག་ཤོས་ཚང་མ་དགེ་བཤེས་དང་བླ་མ་ཤ་སྟག་ཡིན། མི་སྐྱའི་ནང་དུ་གྲོགས་པོ་ཡག་པོ་ཁྱོད་ཚོ་ནང་བཞིན་རེ་གཉིས་ལས་མེད། གྲྭ་པ་བླ་མ་ལ་མ་དགའ་ནས་རྩ་བ་ནས་མིན། སྔོན་བྱས་ཀྱི་ནོར་འཁྲུལ་མ་གླེང་རང་གླེང་རེད། བོད་སྐྱོབ་འདོད་ཡོད་ཡོད་ཀྱིས་ཡིན།
ནོར་བཅོས།
# 121 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
April 13th, 2014 at 4:20 AM
༼ཚངས་རྒྱམ་གྱི་ཡང་སྲིད་སྐལ་བཟང་རྒྱ་མཚོ་ཡང་མན་ཇུས་ཀྱི་ལྐོག་གཡོ་ཡིས་རྒྱབ་སྐྱོར་བྱས་ཤིང་། ཡང་སྲིད་ལྷ་སར་ཁྲིད་པ་ལ་ཁ་གཡར་ནས་བོད་དུ་སླེབས་ཤིང་འཇུན་སྒར་བ་རྒྱང་ཕུད་བཏང་ཐུབ་ཡོད༽ ངས་གོང་དུ་བཀོད་པ་དེ་རེད། དེ་ནི་མན་དམག་བོད་ནང་དུ་ཡོང་བའི་འ་གོ་བཙུགས་ཚུལ་ལས་བོད་ཀྱི་བདག་དབང་ཡོད་ཚད་མན་བྱུས་ཀྱིས་སྒྱུར་ཚུལ་བཤད་མེད། དེ་ནས་བཟུང་ཇན་དམག་གིས་སོག་པོའི་དབང་ཤུགས་བོད་ནས་མཐའ་སྤྲོད་བཏང་ཞིང་བོད་ལ་ཤུགས་རྐྱེན་སྤྲད་འགོ་ཚུགས་པ་རེད་ལ། བོད་སོག་གི་སྤྲུན་ཟླའི་མནའ་འབྲེལ་ལ་འགྱུར་བ་བཏང་བའི་དུས་ཚོད་ཤར་བ་རེད། དེ་ནས་མན་དམག་གི་དབང་ཤུགས་བོད་དུ་ཇེ་ཆེ་རུ་ཕྱིན་ཏེ་སྐུ་དྲག་ཚོའི་ཁྲོད་ནས་མན་བྱུས་ལ་མི་མོས་མཁན་རྣམས་འདུག་བཟོད་མེད་པ་བཟོས་ཤིང་། སྲིད་སྐྱོང་དབང་འཇིག་མེད་རྣམ་རྒྱལ་ཡང་མན་བྱུས་ཡིས་དམར་བསད་བྱས་བ་རེད། དེ་ནི་གསལ་བཤད་ཙམ་ཡིན
སྐལ་བཟང་རྒྱ་མཚོའི་སྐུ་སྲུང་དུ་ཡོང་མཁན་མན་དམག་སྐོར་ནི་སྲིད་རྒྱལ་གྱི་ཚངས་རྒྱམ་སྐོར་གྱི་རྙོགས་དྲ་དང་སྐལ་བཟང་རྒྱ་མཚོའི་ཡང་སྲིད་རྩད་གཅོད་ཀྱི་སྐོར་ལ་གཟིགས་དང་ཤེས་ངེས་རེད། ད་ལྟ་ང་ལས་ཁང་ནས་ཡོད་པས་སྲིད་རྒྱལ་ལག་ཏུ་མེད་པས་ཤོག་གྲངས་ཞུ་ཐུབ་ཀྱི་མི་འདུག ཡིན་ཡང་། དགོས་བ་བྱུང་ན་རྗེས་སུ་ཞུས་ཆོག
གཞན་ཡང་། མན་དམག་གིས་བོད་ལ་རྒྱབ་སྐྱོར་བྱས་ཏེ་གོར་དམག་མཐའ་སྤྲད་བཏང་བའི་དུས་ཚོད་ནི་ཚ་རྡོར་ངག་ཚུལ་ཁྲིམས་ཀྱི་སྐབས་རེད་ལ་དེ་ནི༡༧༩༢ལོར་ཙམ་རེད། དེ་ནི་རྗེས་སུ་བྱུང་བའི་ལོ་རྒྱུས་རེད།
གསལ་བཤད། ང་ནི་བླ་གྲྭ་ལ་མི་དགའ་དགོས་ཅི་ཡང་མེད་ཅིང་ང་མི་སྒེར་ལ་མཚོན་ན་བླ་གྲྭས་གནོད་པ་སྐྱེས་མྱོང་མེད། ཡིན་ཡང་། བཤད་པ་བཞིན་པ་ནི། ང་ཚོས་རང་ཉིད་འགྲོ་སའི་ལམ་ཁ་དེ་ནོར་བ་ཡིན་པ་ཤེས་ཤིང་བགྲོད་ལམ་གསར་བ་ཞིག་རྙེད་པ་རེ་བ་བྱས་བས་ཡིན། རྒྱུ་མཚན་ནི། དེ་ལྟར་མུ་མཐུད་དུ་ཁྱོད་བདེན་ང་བདེན་གྱིས་ད་ལྟའི་བོད་ཀྱི་ཆོས་ལུགས་སམ་གོམས་སྲོལ་འདི་ལྟར་ཕྱིན་པ་ཡིན་ན། བོད་འདི་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ཡ་ལས་མེད་པས། བོད་མི་ཡོངས་ཀྱིས་གསལ་བོ་ཤེས་ནས་བཅོས་སྒྱུར་བྱེད་རྒྱུའི་རེ་བ་ཡོད་པས་ཡིན། དེ་ནི་བོད་ཀྱི་ཆེད་དུ་ཡིན་པ་ལས་ང་མི་སྒེར་གྱི་ཁེ་ཕན་དང་འབྲེལ་སྤུ་ཙམ་མེད་ཅེས་ངས་ཁྱེད་ལ་དམ་བཅའ་བྱས་ཆོག
ངའི་རེ་བ་ལ་དགེ་འདུན་པ་རྣམས་དགོན་པའི་མཁར་ནང་ཁོ་ན་ལས་མ་བཞུགས་པར་ཡུལ་ཕྱོགས་ཀུན་ལ་ཉམས་ཞིབ་ཀྱི་ཆེད་དུ་ཕེབས་རྒྱུ་དང་། ཆོས་དཔོན་ཚོ་དང་བླ་མ་ཚོའང་སྦྱིན་བདག་ཁོ་ན་དང་གནས་སྐབས་སུ་ཆོས་ལུགས་སྤེལ་ཆེད་ཁོ་ནར་མ་འབད་པར་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱིའི་འཁོར་ཕྱོགས་ལ་དོ་སྣང་བྱེད་གལ་ཤུན་ཏུ་ཆེ་བ་མཐོང་། དེ་ལྟར་བྱས་ན་རང་ཉིད་སྡོད་སའི་ཁོར་ཡུག་དེ་འཛམ་གླིང་ཡིན་སྙམ་པའི་ལྟ་སྟངས་ལ་འགྱུར་བ་འགྲོ་ངེས་ལ། བོད་ཀྱི་ཕུགས་རྒྱང་རིང་བོའི་མ་འོངས་བ་ལ་ཕན་པའི་ལམ་ཁ་འདེམས་ཐུབ། དེ་ལྟར་མིན་པ་ག་དུས་ཡིན་ཡང་སྤྱིན་བདག་ཐོབ་ཆེད་དང་། དེ་ཚོར་རྒྱུད་ནས་སངས་བསྟན་སྤེལ་ཆེད་ཁོ་ན་བསམ་ན་གཞན་རྟེན་ལས་ནམ་ཡང་རང་རྐང་སྒང་ལངས་ཐུབ་ཅིང་། སྦྱིན་བདག་ཐོབ་ཆེད་ཉིན་མཚན་དུས་དྲུག་ཏུ་ཆོས་དཔོན་ཚོས་གཞན་ཡུལ་གྲོང་མཆོད་དང་གསུངས་ཆོས་གནང་བར་འགྲོ་དགོས། དེ་ལྟར་ཕྱིན་ན་གྲོང་མཆོད་དང་སྦྱིན་བདག་གི་ཁོར་ཡུལ་ལས་འཇིག་རྟེན་གྱི་གནས་སྟངས་མཐོང་ནམ་ཡང་མི་སྲིད། ཡིན་ཏེ། ཁོང་ཚོར་ཐོབ་པའི་དངུལ་དངོས་དེ་དག་འགྲན་རྩོད་དང་ངལ་རྩོལ་ལས་བླངས་བར་མིན་པ་གཞན་ཞིག་གིས་སྤྲད་པས་རེད། གཞན་སྤྲད་ཀྱི་དངོས་བོ་འམ་སྦྱིན་རྟེན་གྱི་དངོས་བོ་ཡིས་རང་རྐང་སྟེང་ལངས་བར་འགོག་རྐྱེན་ཐེབས་ངེས་ཡིན། དེ་བརྟེན། སྦྱིན་བདག་གི་དངོས་དང་གཞན་སྤྲད་ཀྱི་དངོས་བོ་འདི་དག་རང་རྐང་སྟེང་ལངས་ཐུབ་པའི་ས་བོན་དུ་བཏང་གལ་ཧ་ཅང་གི་ཆེ། རང་རྐང་སྟེང་ལངས་དགོས་ན་ལས་ཀ་བྱེད་དགོས་བ་ལས་ལས་མེད་ཀྱིས་འདི་ལྟར་བསྡད་པ་ཡིན་ན་ནམ་ཡང་རང་རྐང་སྒང་ལངས་མི་ཐུབ། མ་ཐུབ་པ་ཡིན་ན་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་སྦྱིན་བདག་བཙལ་ཡ་ལས་ཐབས་ཅི་ཡོད།
ལྷག་པ་ཏུ་་་དྲན་དཀར་དཔལ་ཡོན་དང་ལུང་རྟོགས། གནམ་དང་འཇམ་གཅེས་ལགས་རྣམས་པ་བཞི་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་ཡིན། ཁྱོད་རྣམས་པ་བཞི་ཡིས་ང་ཅོ་རིའི་བཤད་སྐད་ཆ་དོ་སྣང་བྱས་སོང་བས་དགའ་པོ་བྱུང་། བལྟ་ཚུལ་མཐུན་དང་མ་མཐུན་གནས་ཚུལ་ཁ་ཁར་རེད། སྣང་མེད་བཏང་ནས་གཡུགས་མ་བཞག་པར་བཀའ་དྲིན་ཆེ།
ངས་རེ་བ་ལ་མུ་མཐུད་ནས་ང་ལ་དགག་པ་རྒྱག་གྱི་དང་ཁྱི་འབོད་འཐེན་རོགས་བྱོས་ཞུ་རྒྱུ་ཡིན། བོད་མི་རིགས་ཀྱི་ཆེད་དུ་མི་ཚེ་འདི་ཁྱི་ངོ་མའི་སྐྱེ་བ་ལེན་དགོས་བྱུང་ནའང་ལེན་ཕོག་པའི་སྙིང་སྟོབས་ལ་འགྱུར་བ་ནམ་མེད། ཁྱོད་རྣམས་པ་ཚོས་ང་ལ་སྐྱོན་བརྗོད་བྱེད་ན་ང་ཡར་རྒྱས་འགྲོ་གི་རེད། མུ་མཐུད་རོགས་བྱོས། ཐུགས་རྗེ་ཆེ།
ཅོ་རི་ཉི་མ་ལགས། ཡིན་དང་ཡིན། ཁྱེད་་ཀྱིས་བྲིས་དང་ངས་ཡར་འགོད་རྐྱང་བྱེད། ཁ་བརྡའི་སྒྲིག་ལམ་ནི་ཚང་མས་ཤེས་བཞིན་པ་རེད།
གྲྭ་བས་ངལ་རྩོལ་མི་བྱེད་ཟེར་བ་ནི་ཆ་རྒྱུས་མེད་པའི་གཏམ་རེད། ཁྱོད་ཀྱིས་ཉི་མ་ཉིན་གང་ལ་ཨ་མཆོད་བྱས་ནས་གཟུང་འདུས་ཤིག་ཀློག་དང་ད་གྲྭ་བས་དཀའ་ལས་ག་ཚོད་རྒྱག་གིན་ཡོད་པ་ཤེས་ངེས་ཡིན། ལྷག་པར་ཡང་གྲྭ་བ་སློབ་གཉེར་བ་ཚོ་ནི་འམ་གླིང་སྟེང་གི་སློབ་བ་གཉེར་བ་སྡུག་རུས་ཚ་ཤོས་ཡིན་གྱི་རེད་ཡ།
ཅོ་རུ་ཉི་མ་ལགས་ཀྱི་མཐའ་བསྡོམས་འགོད་སྟངས་འདི་དུས་རབས་ཀྱི་འགྲོས་ལ་མཐུན་ཞིང་། དེང་གི་བར་བོད་པ་ནི་ཡག་པོ་ཞིག་ཞེས་པ་དོན་ལ་གནས་པ་ཞིག་ཏུ་བཏང་ཡོད་པར་མ་ཟད། དྲ་བར་འཇུག་མཁན་སྤྱི་ལ་མིག་དཔེར་གྱུར་ཡོད་པས། དུས་རབས་དང་ལོ་རྒྱུས་གཉིས་ཆའི་ངོས་ནས་ཐུགས་རྗེ་ཆེ་ཞུ་འོས་པ་ཞིག་རེད། བཀའ་དྲིན་ཆེ།
ཡ་ཡ་མང་པོ་བཤད་འདུག བོད་དོན་སྐོར་ལྷག་བསམ་ཡིན་ན། བསྔགས་བརྗོད་ཡོད། ཡིན་ཡང་། སོ་སོས་ཐུབ་པ་ཐམས་ཅད་གཞན་མགོ་ལ་གཡོགས་ན་ཅི་ཞིག་ཕན།
ལྷག་པར་ནང་ཆོས་ཀྱི་མགོ་ལ་གཡོགས་པ་ནི། ཆེས་མ་རུང་པ་ཞིག་མཐོང་། ངས་བསམ་ན། སྐབས་སུ་བབ་པ་ང་ཚོས་གང་ཡང་བྱས་མ་ཐུབ་པའི་སྐྱོན་རེད་སེམས།
ང་མི་སྒེར་ངོས་ནས་སྤྲུལ་སྐུ་ཚོར་མི་དགའ། ངས་སྤྲུལ་སྐུ་མང་པོ་དང་གྲོགས་པོ་སྒྲིག་ཁུལ་བྱས་མོད། དེ་ཚོ་རང་འདོད་ཆེན་པོ། རྒྱུ་ནོར་རྒྱས་སྤྲོས་ལ་དགའ་བ། མཐོ་ལྟོས་དམན་སྡང་ཚ་བ་་ལྟ་བུར་མཐོང་སོང་།
ནས་འབྲུ་དང་མྱུ་གུ་ལ་བསམ་ན་ནས་འབྲུ་ནི་ལྗང་བུའི་རྒྱུ་དེ་རེད། རྐྱེན་ནི་ཆུ་ལུད་དྲོད་གཤེར་སོགས་ཀྱི་མཐུན་རྐྱེན་ཚང་དགོས་པ་རེད།
དཔེ་དེ་ལྟ་བུར་བཞག་ནས་བོད་ཕུང་བྱེད་ཀྱི་དང་པོ་རྒྱུ་དེ་གང་ཡིན་དང་། དེ་ནས་རྐྱེན་དེ་ཚོ་གང་རེད་འདུག་ཞིབ་དགོས་པར་སེམས། རྒྱུ་དང་རྐྱེན་གཉིས་མཉམ་བསྲེས་བྱས་ནས་བཤད་ན་མགོ་འཐོམ་རྒྱུའི་ཉན་ཁ་འདུག། རྒྱུ་འདི་དང་འདི་ལྟ་བུ་ཞིག་ལ་ཐུག་འདུག རྐྱེན་འདི་དང་འདི་ལྟ་བུ་ཞིག་ལ་རགས་ལུས་འདུག་ཟེར་ནས་བཤད་ན་ཁ་གསལ་པོ་མི་ཡོང་ངམ། །
བོད་ཤོར་སྤྱད་ཀྱི་རྒྱུ་མཚན་གཙོ་བོ་ནི། བུ་མ་དཔའ་བ། གོ་མཚོན་མེད་པ། གྲྭ་བ་མང་སོང་བ། ཆོས་དད་ཆེ་སོང་བ། རྒྱུ་འབྱོར་མ་འདང་བ་དེ་འདྲ་རྩ་བ་ནས་མ་རེད། ཡིན་རྒྱུ་བོ། བོད་མི་ཡོད་དོ་ཅག་གི་སྟོབས་ཤུགས་གཅིག་བསྡུད་བྱེད་ཐུབ་པའི་ཁ་བ་མགོ་བ་མེད་པས་ཡིན་པ་ནི། རང་རེའི་དྲིན་ཅན་གྱི་རྒན་མགོ་ཚོ་ལ་དྲིས་དང་ཤེས་ངེས་རེད།
དེ་ན་དགྲ་བོར་ཁ་གཏད་བཅོག་ཕོད་པའི་མྱི་སྣ་ཞིག་ལ་གློ་སྙིང་བྲང་གསུམ་གཏན་ནས། དུས་རབས་ཞིག་གི་དཀྱོག་མཚམས་འདིར། རྒྱལ་སྤྱིའི་འགྲོ་བའི་ཁྲིམས་ཁ་ནས། དཀར་ཕྱོགས་ལ་བརྩེ་བའི་གངས་ཅན་པ། ནག་ཕྱོགས་ལ་ཁྲོ་བའི་རྩམ་གཟན་པ་ཞིག་ཡིན་པའི་དམ་བཅའ་འཇོག་ཐུབ་ན། ཤི་དགོས་ན་ཡང་རྒྱལ་སྤྱིའི་འགྲོ་བའི་ཁྲིམས་ཁ་ནས་ཤི་དགོས་བ་དང་། འཐོར་དགོས་ན་ཡང་རྒྱལ་སྤྱིའི་འགྲོ་བའི་ཁྱིམ་ཚང་ནས་འཐོར་དགོས་བས། ཤི་བ་ལ་ལོ་རྒྱུས་དང་ལྡན་པ། ཐོབ་པ་ལ་རྒྱབ་རྩ་དང་ལྡན་པ་ཞིག་ལས་ཡིན། ང་དགྲ་དམག་ཚོ་ལ་རྩ་བ་ནས་མི་དགའ། ལག་དམར་པའི་ལག་ཟས་དང་ལག་ཆུ་ལ་ཧེབ་ལངས་ནས། ལག་དམར་བའི་ཁ་ངོ་དཀར་ནག་གི་འཇིགས་སྐུལ་ལ་མགོ་སྒུར་ནས་འདུག་ཚོད་ཞིག་མི་འདུག་པས། གངས་ཅན་པའི་རེ་བ་གཅིག་དུ་བཞག་ནས། བདེན་སྟོབས་གཅིག་དུ་སྤོངས་ན། དུས་སྐབས་འདི་ཚོ་ལ། མི་ཞིག་ལ་མི་རིན་རག་པའི་རྒྱལ་ཚོང་ཡོད་རྒྱུ་རེད་ཡ།
མེ་ལ་འཚིག་བཞིན་པའི་དཔའ་པོ་ཚོར། སྣང་ཆུང་བྱས་བས་མ་ཚད། ཉེས་རྡུང་བཏང་བྱུང་བ་སུ་ཞིག་གིས་མ་རིག་གམ།
རྒྱལ་ཁམས་གང་དང་གང་ཕུང་བའི་རྒྱུ་ནི། འགྲིག་འཛུགས་ལེགས་པ་མེད་པ་དང་། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བ་དེ་ཡིན་པར་ཐེ་ཚོམ་མེད། དེ་དག་གི་རྐྱེན་གྱིས་བོད་རྒྱལ་ཁམས་སྟོད་མངའ་རིས་སྐོར་གསུམ་རྫིང་དང་། བར་དབུས་གཙང་རུ་བཞི་གཡུར་བ་དང་། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་བའི་རྒྱལ་ཁབ་ཆེན་པོ་སིལ་བུར་སོང་བས་ཕུངས། དགེ་ཆོས་ཀྱིས་སླར་གསོ་བར་དགོངས་པས་རང་གི་བཀའ་རྩོམ་ཡིག་ཆ་བྲིས་པ་དེ་དག་ལ་རྩི་མཁན་ཞིག་ནི་གོང་གི་རྒྱུ་གསུམ་དབང་གིས་མེད་པ་ཡིན་ནོ།
རྒན་ལ་དྭགས་པ་་་ཕེབས་པ་དང་བཀའ་སློབ་གནང་བར་དགའ་པོ་བྱུང་། སྐུ་གཟིགས་བདེ་པོ་ཡིན་ནམ།
ཡ་ཡ་་་གནམ་ལགས་་་རྩ་བའི་དོན་དག་གྱི་ཐོག་ཏུ་བསམ་པ་གཅིག་མཐུན་ཆགས་བཞིན་འདུག་པས་དགའ་པོ་བྱུང་། ལྷག་པ་ཏུ་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་མའི་བརྗོད་བྱ་དང་མཐུན་པའི་སྐད་ཆ་བཤད་བྱུང་བས་སྤྲོ་་་་་ཡུམ་དུམ་པ་་་ཧཧ
ཉིན་མོ་ཅོ་རིས་བྱོས་དང་མི་མང་གིས་མཉམ་རུབ་བྱས་ནས་བརྡུང་གི་རེད་དོ།
བོད་འདི་ད་ལྟའི་གནས་བབ་ལས་སྐྱོབས་ཐབས་སྐོར་ལ་དོན་དངོས་དང་མཐུན་པའི་ཐབས་བྱུས་སྟོན་དང་ཨ་མའི་བུ་རེད། དེ་མིན་ཆུ་དཀྲོགས་ནས་འོ་མ་ལེན་གི་ཡིན་ཟེར་ན་མཆན་བཀླག་པའི་ཡི་ག་འགག་ས་རེད།
རེད་ཡ། ཅི་རི། ཁྱོད་གདོན་འདྲེ་ལ་མ་ཆགས་ན། ངེད་གཉིས་ལ་མི་མཐུན་པ་ཅི་ལ་ཡོད། ཁྱོད་རྩམ་གཟན་རེད། ང་ཤ་གཟན་རེད། ངེད་གཉིས་ཀ་མགོ་ནག་བོད་པ་རེད། དགྱ་དམག་གིས་བཅོམ་པའི་ཕ་ཤུལ་ནས་སྐྱེས་བ་གཅིག་པ་རེད། དགྱ་འདྲེ་ལ་རྒོལ་ཕྱིར་ཕྱི་ཕྱོགས་སུ་བྱོལ་བ་གཅིག་པ་རེད། ཁ་དོན་ཚིག་ལ་གནས་ན། ད་དུང་ཡང་། རྒྱལ་ཁ་མེད་པར་ཕམ་ཁ་ཉོ་མཁན་ཡང་གཅིག་པ་རེད། གཞུང་འདི་བྱ་ཞིག་ཡིན་ན་འདྲ། བྱིའུ་ཞིག་ཡིན་ན་ཡང་འདྲ། ཁྱོད་དང་ངེད་གཉིས། ཁོང་ཚོ་དང་དེ་ཚོ། གནམ་འཕང་ཡིན་གྱིས་བསྟོད་ན། གཤོག་པ་གཡས་གཡོན་བྱེད་ན། ཁྱེད་དང་ངེད་གཉིས་མ་མཐུན་ས་ག་ལ་འགྲོ།
ཉིན་ཤས་ཕྱོགས་བསྐྱོད་ཀྱི་བྲེལ་གཡེང་ཁོ་ནས་དྲ་རྒྱ་མྱུལ་བའི་དུས་ཁོམས་མ་བྱུང་། དུས་ཡུན་ཐུང་ཐུང་འདིའི་ནང་བློ་མཐུན་ཅོ་རི་ལགས་ཀྱིས་ཟིང་གང་ཙམ་བརྒྱབས་འདུག་ག། ཨ་ལ་ཀུ་རེ་ཡིན།
ད་འདི་ན་ངས་ཞོགས་དུང་གིས་གནམ་ས་གོ་འབྱེད་ཀྱི་ལེའུ་དང་པོ་༼དགའ་བ་སྙིང་སྟོབས་དགུ་འགྱུར་༽ནང་གི་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་དོན་གནད་འགའ་འདིར་འགོད་རྒྱུ་ཡིན། མ་གཞི་གོང་ལུང་འདྲེན་མང་པོ་གནང་འདུག་པ་མ་ཟད་གནམ་ས་གོ་འབྱེད་གཟིགས་མྱོང་ཡོད་མཁན་ཕལ་ཆེར་ཡིན་ཚོད། འོན་ཀྱང་། གལ་པོ་ཅན་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པ་ལྟར།
དེ་ཡང་། ཕྱིར་དྲན་ཞིག་བྱས་ན། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། བོད་མི་ཚོའི་ཤེས་རབས་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེས་སེམས་ཀྱི་དེ་བཙལ་ཅིང་ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར། དུས་ཡུན་རིང་པོ་དེ་འདྲའི་ནང་ལ། ཁོང་ཚོས་དེ་སྔའི་བཙན་པོའི་སྐབས་ཀྱི་ས་ཁོངས་འདུ་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་རྣམས་རིང་དུ་སྤངས་ཏེས། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཚང་རྒྱ་བའི་གདམས་པ་གཅིག་པུ་དེ་གཞི་རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་ལྷུར་བླངས་སྟེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱིས་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཕྱག་རྒྱ་བཞི་སོགས་བཤད་ཅིང་བསྒྲུབས་ཏེ་འོངས་པ་དེ་འདྲ་རེད། དེ་ཡང་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་གཉིས་དང་། འཇིག་རྟེན་རིག་གནས་དང་འཇིག་རྟེན་ལས་འདས་པའི་རིག་གནས་གཉིས། སྲིད་པའི་རིག་གནས་དང་ཞི་བའི་རིག་གནས་གཉིས། མངོན་གྱུར་རིག་གནས་དང་ལྐོག་གྱུར་རིག་གནས་གཉིས་བཅས་ལས་སྔ་མ་རྣམས་སྤངས་ཏེས་ཕྱི་མ་རྣམས་བླངས་པ་དང་། མ་མཐར་ཡང་ཕྱི་མ་གཙོ་ལ་སྔ་མ་ཕལ་པར་བསྐྱུར་བཞག་པ་རེད། དེ་བས། སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་ཡང་ཡང་བཟླས་ཤིང་བསྒོམས་ཏེ་ཆོས་ལུགས་བསྒྲུབས་པ་མ་གཏོགས། རང་དབང་དང་འདྲ་མཉམ་ཐོབ་ཐང་དང་དམངས་གཙོ་ཞེས་སྲིད་ཀྱི་དོན་ཅི་ཡང་བྱས་མི་འདུག། ༼ཟམ་གདོང་བླར་རྒན་གྱིས་བོད་ཀྱི་རྩ་དོན་འཐབ་རྩོད་འགྲེལ་བཤད་བརྒྱགས་སྟངས་འདི་ག་རང་རེད།༽
ཁྱིམ་སྲིད་བརླག་མི་རུང་ཞེས་པའི་བཙན་པོའི་སྐབས་ཀྱི་ཁྱིམ་སྲིད་ཀྱི་འདུ་ཤེས་ཀྱི་རྒྱུན་ཞིག་ཡོད་པའི་དབང་དུ་བཏང་ནའང་། ཕྱི་ཕྱིར་སླེབས་དུས་༼ཆོས་སྲིད་ཟུང་འབྲེལ་༽ཞེས་པའི་ཕལ་པའི་གནས་སུ་དེད་སསོང་བས། མི་རྣམས་མཚོན་ན་རང་དབང་ཞེས་པ་དང་འདྲ་མཉམ་ཞེས་པ་དང་ཐོབ་ཐང་ཞེས་པ་དང་དམངས་གཙོ་ཞེས་པའི་ཁྱིམ་སྲིད་ཀྱི་དོན་རྣམས་ནི་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་མིན་ཡང་ཧ་གོ་མེད་པའི་ཚོད་རེད། རང་དབང་དང་འདྲ་མཉམ། ཐོབ་ཐང་དང་དམངས་གཙོ་སོགས་ནི་གཞི་རྩའི་ཆ་ནས་ཆབ་སྲིད་ཀྱི་བརྡ་ཆད་ཅིག་ཡིན་ནའང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ས་ཁོངས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས་དབེན་པའི་ཡུལ་དུས་སུ་བརྡ་ཆད་དེ་དག་ལ་ཤེས་རྟོགས་འབྱུང་བ་ནི་དཔེ་མི་སྲིད་པ་ཞིག་རེད། འདུ་ཤེས་དེ་ཡོད་མ་མྱོང་བའི་རྟགས་ནི་ལོ་ཚིགས་སྐོར་ཞིག་གཞན་དང་བསྡུར་བས་ཀྱང་ཤེས་ཏེ། སྤྱི་ལོ་༡༢༡༥ ལོར་དབྱིན་ཇི་པ་རྣམས་ཀྱིས་(རང་དབང་རྩ་འཛིན་ཆེན་མོ་)བཟོས་ཤིང་། དེར་རང་དབང་དང་ཐོབ་ཐང་གི་གོ་དོན་རྩ་འཛིན་དུ་ཕབ་པའི་དུས་རབས་སུ། བོད་རྣམས་སིལ་བུར་ཐོར་ཏེ་སིལ་བུར་གནས་ཤིང་སོ་སོའི་ས་ནས་ཡོན་རྒྱལ་པོ་དང་རྒྱལ་སྲས་ལ་མགོ་བཏགས་ཞུས་ཞོར་ཆོས་སྡེ་གསར་རྒྱག་ལ་བྲེལ་བའི་གནས་སྐབས་སུ་ལུས་སོང་།
དེ་ནས་མི་ལོ་མང་པོ་ཕྱིན་པ་སྟེ་མུན་ནག་ལྟ་བུའི་དུས་རབས་བར་མ་མཇུག་རྫོགས་ནས་ཡུན་རིང་མ་ལོན་པའི་སྤྱི་ལོ་༡༦༨༩ ལོར། དབྱིན་ཇི་པ་རྣམས་ཀྱིས་ཡང་སྐྱར་(ཐོབ་ཐང་ཁྲིམས་འཆར་)བཟོས་ཏེ་རང་དབང་དང་འདྲ་མཉམ་དག་ཁྲིམས་ཀྱི་འཆར་ཟིན་དུ་བཅས་དུས་སུ། བོད་རྣམས་སིལ་བུ་ནས་སིལ་བུར་འཐོར་བྱེད་ཀྱི་ལྟ་བའི་ནང་རྐྱེན་ཏེ། ཆོས་ལུགས་གྲུབ་མཐའ་རྩོད་པའི་སྒང་རེད། ཧམ་པ་སྟག་རྐྱང་གིས་ཟ་སེམས་ཆེ་བའི་གཞན་རིགས་ཀྱི་ཚུལ་དེ་ལ་གནས་དུས་ཚོད་རྩིས་ཀྱིས་སྲིད་དབང་གཡོ་འཛིན་བྱེད་པའི་སྦྱོར་བ་མངོན་ལྐོག་ཀུན་ནས་བསྟར་ནའང་། བོད་རྣམས་ཀྱིས་ཆོས་ལུགས་གྲུབ་མཐའ་ཙམ་བརྩད་དེ་རྩོད་རྙོག་གི་རྒྱལ་ཕམ་ཤན་མ་ཕྱེད་པར་ཡོད་ཚུལ་ནི་འཇམ་དབྱངས་བཞད་པའི་རྗེས་(གྲུབ་མཐའ་ཆེན་མོའི་རྩ་བ་)མཛད་པའི་དུས་ལ་ཁེལ་འདུག་པས་ཤེས་འོང་། དེ་ནས་མི་ལོ་ཆིག་བརྒྱ་མ་ལོན་པའི་དུས་ཏེ་སྤྱི་ལོ་༡༧༧༦ ལོར་ཨ་རི་པ་རྣམས་ཀྱིས་(རང་བཙན་གསལ་བསྒྲགས་)སྤེལ་ཅིང་། མི་བུའི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་རྣམས་ཟིན་ཐོར་བཀོད་དེ་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱས་དུས་ནི། སྐབས་དེར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཆིང་ཆན་ལུང་གིས་རྒྱ་ནག་པེ་ཅིང་དུ་གདན་ཞུའི་ཡི་གེ་འབྱོར་བའི་ལོ་ལ་ཁེལ་འདུག་ཅིག་། མི་འགྱངས་པར་སྤྱི་ལོ་༡༧༧༩ ལོ་ཕེབས་འབྱོར་བྱུང་ནས་གསུང་ཆོས་མང་པོ་བསྩལ་བའི་དུས་རེད། བོད་གཞུང་དབང་ཆ་ཚོད་འཛིན་དང་བོད་སྡོད་ཨམ་བན་གྱི་དབང་ཆ་སྲ་བརྟན་བཏང་བའི་༼ཆུ་གླང་རྩ་ཚིག་༽དོན་ཚན་ཉེར་དགུ་ཅན་གཏན་འབེེབས་བྱེད་མཁན་ནམ། སྲིེད་དོན་མགོ་མཇུག་གོ་ལྡོག་བྱེད་མཁན་དེ་རིགས་ལ་བོད་རྣམས་ཀྱིས་(གོང་མ་)ཞེས་འབོད་ཅིང་། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་ཟེར་ནས་བུ་སྟོར་མ་ལ་དུངས་པ་བཞིན་ཞབས་ལ་མགོ་བོས་ཕྱག་བྱེད་དུ་སོང་ངོ་། བྱོན་དོན་ནི་(མཆོད་ཡོན་འབྲེལ་བ་)ཟེར་བའི་བླ་མེད་ཀྱི་འབྲེལ་བར་རློམ་པ་དེའི་ཟམ་མཐུད་དུ་བྱོན་པ་ཡིན་ཟེར་ལས་ཆེ་མོད། དོན་དངོས་སུ་སོ་སོའི་བདག་པོས་འབངས་ལ་བསྩལ་བའི་ཐམ་ག་དང་འཇའ་ས། གོ་གནས། རྒྱུ་ནོར་སོགས་ཀྱི་ཕྱིར་དུ་རེད། གདན་ཞུས་ཕེབས་འབྱོར་དེ་ལྟ་བུ་ནི་(མཆོད་ཡོན་འབྲེལ་བ་)ཡི་བྱུང་བ་བརྒྱ་ལས་དཔེ་མཚོན་གཅིག་སྟེ། དེས་གོང་མ་དང་འོག་མ། སྟེང་མ་དང་འགབ་མའི་འབྲེལ་བ་མཚོན་པ་མ་གཏོགས། འདྲ་མཉམ་དང་རང་དབང་མཚོན་མེད་པ་མངོན་གསལ་རེད།
ཡང་མི་ལོ་མང་པོ་མ་ཕྱིན་པའི་སྤྱི་ལོ་༡༧༨༩ ལོར། ཧྥ་རན་སི་པ་རྣམས་ཀྱིས་མི་བུའི་ཐོབ་ཐང་དེ་དག་ཁོ་ཚོའི་(མི་བུའི་ཐོབ་ཐང་གསལ་བསྒྲགས་)སུ་གསལ་པོར་བཀོད་དུས་སུ། བོད་རྣམས་ཀྱིས་རང་དབང་དང་འདྲ་མཉམ་ཞེས་པ་གོ་ཐོས་ལྟ་ཞོག་འཛམ་གླིང་ཞེས་པ་གང་འདྲ་ཡིན་པ་ཧ་གོ་མེད་པའི་ཚོད་རེད། རྒྱུ་མཚན་ནི། འཛམ་གླིང་ཞེས་པ་ངོ་སྤྲོད་རགས་རིམ་མཛད་མཁན་གྱི་བཙན་པོ་ནོ་མིན་ཧན་འའཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་འཁྲུངས་མ་ཐག་པའི་ལོ་རེད། ཁོང་གིས་ཕྱིས་སུ་(འཛམ་གླིང་རྒྱས་བཤད་)སྤྱི་ལོ་༡༨༣༠ ལོར་བརྩམས་གནང་ནའང་། འཛམ་གླིང་ཧྲིལ་པོ་མ་ཡིན་པའི་ཡུལ་གྲུ་སྐོར་ཞིག་གི་སྣོད་བཅུད་དག་ལྷ་སྒྲུང་དང་གནའ་ཐོས། མཚར་གཏམ་གྱིས་བཅིངས་ཏེ་ཆོས་ཀྱི་ཕྱག་མཛུབ་གཡོས་པ་ཙམ་ལས་མི་ཆོས་ཀྱི་བློ་མིག་སྤྱོད་ཐུབ་མེད་པ་འདྲ། དེ་འདྲ་ཡིན་ཕྱིན། འཛམ་གླིང་ཡུལ་གྲུ་གཞན་ན་ཆེས་གལ་ཆེན་གཙིགས་ཆེན་དུ་བརྩི་ཞིང་སྲིད་ཆོས་སུ་གྱུར་པའི་མི་བུའི་རང་དབང་དང་འདྲ་མཉམ་སོགས་ནི་བོད་རྣམས་ཀྱིས་སྣང་ལ་ཅི་ལྟར་ངེས་ཏེ་ངེས་སྲིད་པ་མ་རེད། སྲིད་ཆོས་རྩྭ་བཞིན་དོར་ལ་ལྷ་ཆོས་གསེར་བཞིན་བླངས་ཏེ་ལྷོད་གཡེང་འཐུས་ཤོར་གྱིས་མི་ལོ་སྟོང་ཕྲག་སོང་བ་སྟེ། སྤྱི་ལོ་༡༩༤༨ ལོར་སླེབས་པ་ན། འཛམ་གླིང་སྒང་དུ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ། རྒྱལ་ཁབ་དང་མི་རིགས་གང་ཡང་བཙན་གཉོམ་དང་དབུལ་ཕྱུག་ལ་མ་ལྟོས་པར་སོ་སོའི་གོ་ཐང་ཉེ་སྙོམས་བབ་འབྲེལ་འབྱུང་བའི་(འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས་)བྲིིས་ཏེ་འདྲ་མཉམ་དང་རང་དབང་གི་རྩ་དོན་སྐྱེ་འགྲོ་ཡོངས་ལ་བསྒྲགས་དུས་སུ། མར་འགྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཚང་རྒྱ་བར་འདོད་པའི་བོད་མི་ནི་དེ་དུས་ད་གཟོད་གཉིད་ལས་མ་སད་དུ་འཛམ་གླིང་ཞེས་པ་ངོས་འའཛིན་དུ་ཕྱི་རོལ་ལ་ལྟ་སྐོར་དུ་འགྲོ་ཁུལ་བྱས་པ་སྟེ། རལ་པོར་ལྷན་པའི་སྐྱོ་རོགས་ཀྱི་དཔེ་བཞིན་ཨ་རི་དང་དབྱིན་ཇིའི་རྒྱབ་སྐྱོར་འོག་ཚོང་དོན་སྐུ་ཚབ་ཚོགས་པ་ཞེས་པ་ཞིག་རྩ་འཛུགས་ཀྱིས་ཨ་རི་སོགས་ཕྱི་རྒྱལ་ཁག་ལ་བཏང་སོང་བ་དེ་ཙམ་རེད། བོད་ཀྱི་བརྟན་གཡོ་རྣམས་དེ་ལྟའི་མུར་ཅི་མིན་འདི་མིན་དུ་སྟག་གི་སྟེང་ལ་ཝ་མོ་བསྣན་པ་ལྟ་བུའི་གཞན་རིགས་ཀྱིས་རྡོག་བརྫིས་བྱེད་ས་ཞིག་ཏུ་གྱུར་ཅིང་། ད་ལྟའི་བར་དུ་ཅི་ཡིན་འདི་ཡིན་མེད་པར་ཕ་བསད་པ་ལ་རྒྱལ་རྔ་བརྡུངས་ནས་སོལ་དལ་བག་ཕེབས་སུ་བསྡད་སོང་བ་དེ་འདྲ་རེད། ང་ཚོས་གོང་གི་ལོ་ཚིགས་འདི་ཙམ་གཤིབ་བསྡུར་བྱས་པས་ཀྱང་བོད་ཀྱིི་ལོ་རྒྱུས་ཀྱི་གནད་འགའ་ཟིན་ཡོད་སྙམ་སྟེ། བོད་ཀྱི་ལོ་སྒྱུས་ནི་མགོ་འདོགས་རིང་ལུགས་དང་། གྲུབ་མཐས་འཐེན་འཁྱེེར། མཆོད་ཡོན་འབྲེལ་བ། ཁ་རུབ་སྒོ་བསྡམས་ཀྱི་ལོ་རྒྱུས་ལས་མ་འདས་པའི་ཚུལ་རེད། དེ་ནི་འཛམ་གླིང་ཡུལ་གྲུ་གཞན་དུ་མི་བུའི་མི་ངོ་ཤེས་ཏེ་སོ་སོའི་བདེ་སྡུག་གི་ཕྱིར་དུ་རང་དབང་དང་འདྲ་མཉམ་ལ་སོགས་སྲོལ་དུ་བཙུགས་ཤིང་ཁྲིམས་རྩར་བཅས་པའི་ལོ་རབས་སུ། བོད་རྣམས་ནི་སྔར་བཞིན་ཆོས་ཀྱི་ཐརར་ལམ་བགྲོད་ཀྱང་ལམ་སྣེ་མ་རྙེད་པ་དང་སྲིད་ཀྱི་མགོན་སྐྱབས་བཙལ་ཀྱང་སྲིད་དོན་མ་འཁྱོངས་པའི་ལོ་རྒྱུས་གནས་སྟངས་ཏེ། འདི་ཙམ་གྱིས་ཀྱང་བོད་ཀྱི་ལོ་རྒྱུས་ཕྱོགས་བསྡོམས་བྱེད་ནུས་པ་འདྲ། ཅེས་གསུངས་འདུག།
དེས་ན་ང་ཚོས་འདས་པའི་ཉམས་མྱོང་ལ་བསླབ་བྱ་བླངས་ཏེས་འབྱུང་གྱུར་གྱི་ཁ་ཕྱོགས་མ་ནོར་བ་བྱེད་རྒྱུ་དེ་གལ་ཆེན་དོན་ཆེན་རེད། དེ་ལྟ་བས་ན་ང་ཚོས་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་གླེང་ཡོང་དུས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་རང་བཞིན་གླེང་དགོས་པ་ལས་སེམས་གཙོ་སྨྲ་བའི་ལུགས་ཀྱི་མ་འགྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་གླེང་དགོས་པའི་རྒྱུ་མཚན་ཅང་མེད་པ་རེད། ལྷག་པར་དུ་རྒྱ་མི་རིགས་ལ་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་ཡིན་པ་གོ་བརྡ་གསལ་པོ་ཞིག་སྤྲོད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གོ་བརྡ་གསལ་པོ་ཞིག་མ་སྤྲད་ན་ཁོ་ཚོས་བོད་ཀྱི་གནད་དོན་འདི་ཞིང་ཆེན་གཅིག་གི་རྙོག་དྲ་རེད་བསམ་པ་དང་ཡང་ན་ཆོས་ལུགས་གཅིག་གི་རྙོག་དྲ་རེད་བསམ་པ་མ་གཏོག་མི་རིགས་གཅིག་རྒྱལ་ཁབ་གཅིག་གི་རྩ་དོན་ཡིན་པ་བསམ་བློར་འཁོར་རྒྱུ་མ་རེད།
དམངས་གཙོ་གླེང་བའམ། མ་གྱུར་སེམས་ཅན་ཐམས་ཅད་གླེང་བ་གཉིས། གཞི་རྒྱ་ཆེ་མ་ཆེ་བའི་གླེང་ཚུལ་ཙམ་ལས། ནང་དོན་གྱི་ཆ་ནས་འགྲོ་བ་མི་ལ་གཅེས་སྟངས་གཅིག་པ་ཡིན་ནི་རེད། འབྲོང་དུད་འགྲོ་ཡ། དེ་ལ་མ་འགྲིག་པ་ཞིག་ག་ལ་ཡོད་ན་ཡང་། དམངས་ཀྱི་བདེ་སྡུག་དང་མ་གྱུར་འགྲོ་བའི་སྐུ་དོན་ལ། བདུད་བཏུལ་ནས་ལྷ་གསོལ་དགོས་བ་ནི། དམངས་གཙོ་ལ་དད་ན་འདྲ། མ་གྱུར་ལ་དད་ན་འདྲ། ལས་དང་རྒྱུ་འབྲས་ཅན་གྱི་འགྲོ་སྟངས་ཡིན་ནི་རེད་ཡ། ཞོགས་དུང་གི་སྐྱག་ཁུག་ནས་མགོ་ཕྱི་ལོགས་ལ་བཏོན་དང་ཤེས་རྒྱུ་གོ་རྒྱུ་དེ་ལས་མང་ནི་རེད་ཡ། ཁོ་རེ།
༼བོད་རིང་ལུགས༽ཞེས་བའི་བརྩམས་ཆོས་གྲགས་ཅན་དེའི་ནང་དུ་བོད་ཕོང་བྱེད་ཐད་འདི་ལྟར་གསུངས་འདུག
རྒྱ་ནག་ཀྲུང་གོའི་བཙན་འཛུལ་ལ་ངོ་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཆེད། བོད་མི་ཡོངས་སུ་རྫོགས་པ་མི་བཤིག་རྡོ་རྗེ་བྲག་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་ནི་བོད་མི་ཡོངས་ཀྱི་འདུ་ཤེས་གཞི་གཅིག་གི་སྟེང་དུ་བསྡུ་རྒྱུའི་ཆབ་སྲིད་ཀྱི་གནད་དོན་ཡིན། ཡིན་ན་ཡང་། སྐབས་དེའི་ཆ་རྐྱེན་ངེས་ཅན་གྱི་འོག་ཏུ། མི་མང་བོ་ཞིག་དང་ཐ་ན་མཚན་སྙན་གྲགས་ཅན། གོ་ས་ཅན། རྒྱུ་སྟོབས་ཅན་སོགས་ཀྱང་རང་རང་གི་སྣ་འོག་གི་གྲུབ་མཐའི་འགལ་ཟླ་དང་། ས་ཁོངས་ཀྱི་འགལ་ཟླ། གྲལ་རིམ་གྱི་འགལ་ཟླའི་ཁྲོད། དུས་ཐོག་ཏུ་བོད་རྒྱལ་ཁབ་དང་མི་རིགས་ཧྲིལ་བོའི་ཁེ་ཕན་གཙོ་གལ་ཏུ་འཛིན་ནུས་མེད། དེ་བས། རྒྱ་ནག་ཀྲུང་གོར་བཙན་འཛུལ་བྱ་རྒྱུར་ཧ་ཅང་གི་སྟབས་བདེ་བཟོས་ཡོད། རྒྱ་ནག་བཙན་འཛུལ་དེང་གཞུང་གིས་འགལ་ཟླ་འདི་དག་བེད་སྤྱོད་གང་ལེགས་བྱས་ཡོད་པར་མ་ཟད། ད་དུང“ཞིང་བྲན་ས་ཡ་གཅིག་བཅིངས་འགྲོལ།”“ ཆོས་ལུགས་དད་མོས་རང་དབང་།”“ མི་རིགས་སོ་སོ་འདྲ་མཉམ།”“ མི་རིགས་ས་ཁོངས་རང་སྐྱོང”སོགས་ཡིད་དབང་འཕྲོག་པའི་དར་ཆ་འཕྱར་ནས། སྐུ་དྲག་མི་དྲག་ཁག་ཅིག་རྔན་སླུ་གཡོ་བྲིད་དང་མང་ཚོགས་ཁྲོད་ཀྱི་ལོ་རྒྱུས་ལ་མགོ་རྨོངས་པ། རིག་གནས་མེད་པ། བསམ་བློ་མེད་མཁན་སྐོར་ཞིག་ལ་མགོ་གཡོག་མགོ་སྐོར་བཏང་སྟེ་མི་གཞན་སྐོར་ཞིག་ལ་རྡུང་རྡེག་བཏང་། དེ་ནས་ནང་དཀྲུག་ཁ་གཏོར་གྱི་ཇུས་ངན་འཐེན་ནས་སྒོག་པ་སིལ་རྡུང་གི་དམིགས་ཡུལ་འགྲུབ་པ་དང་། ཡང“བོད་མིས་བོད་མིར་རྒོལ་བའི”ལོག་སྤྱོད་ཐབས་ཇུས་བཀོལ་ནས་བོད་རིགས་མི་དམངས་ལ་མགོ་སྐོར་དང་ངན་སྐུལ་བྱས་ཏེ་རང་ཉིད་ཀྱི་རང་བཙན་དང་བདག་དབང་མཚོན་པའི་དབུས་གཞུང་མགོ་རྟིང་སློག་རྒྱུ་དང་ངོ་རྒོལ་བྱེད་དུ་བཅུག་ནས། བཙན་འཛུལ་བ་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང“བཀའ་དྲིན་ཅན།”“ མགོན་སྐྱབས།”“ བཅིངས་འགྲོལ་གཏོང་མཁན”ཡིན་མདོག་གིས་གཙུག་ཏུ་བཀུར་ཡོད། བོད་མི་སྐོར་ཞིག་གིས་རང་རང་གི་རེ་བ་དང་དམིགས་ཡུལ་བཅངས་ནས་རང་དོན་སྒྲུབ། ཡང་བོད་མི་རེ་འགས་སྲོལ་རྒྱུན་གྱི་ལྟ་བ་བཟུང་ནས་རྒྱ་ནག་ཀྲུང་གོ་དེང་གཞུང་ལ་མགོ་བཏགས་ནས་རང་ཉིད་གཏོགས་སའི་གྲུབ་མཐར་རོགས་སྐྱོར་ཡོང་རྒྱུའི་རེ་སྟོང་བཅངས། ཡང་འགའ་ཤས་ཀྱིས་རྒྱ་ནག་ཀྲུང་གོ་དེང་གཞུང་གི་སྟོབས་ཤུགས་ལ་བརྟེན་ནས་རང་གི་དགྲ་ཟླ་དང་ཡང་ན་གྲུབ་མཐའ་གཞན་རྣམས་ཕམ་པར་རྒྱག་པའི་ངན་སེམས་བཟུང་། ཡང་རེ་འགས་རྒྱ་ནག་ཀྲུང་གོ་དེང་གཞུང་ལ་བརྟེན་ནས་རང་ཉིད་ལ་རྒྱུ་ལོངས་སྤྱོད་དང་ཐོབ་གོ་ས་རེག་རྒྱུའི་སྒེར་སེམས་བཅངས། དེ་དག་ལ་སོགས་ཀྱིས་མཚོན་པའི་རང་མི་རིགས་ཧྲིལ་བོའི་རྒྱལ་ཁབ་ཀྱི་གཞི་རྩའི་ཁེ་ཕན་དང་མ་འོངས་པར་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་། རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་གིས་ཀྱང་ཕྱི་རོལ་འཇིག་རྟེན་མཐོང་མྱོང་མེད་པའི་ཁྲོམ་པའི་སྦལ་བ་དེའི་རིགས་བེད་སྤྱད་ནས་བོད་རྒྱལ་ཁབ་ཡོངས་སུ་བཙན་འཛིན་གྱི་དམིགས་ཡུལ་འགྲུབ་རྗེས། ཁ་ལོག་ངོ་ལོག་གིས་དེང་ཐོག་གི་ཁས་ལེན་ཐམས་ཅད་ལྷམ་རྩྭ་ཇི་བཞིན་དོར་ནས་སྨྱོ་ཧམ་ཆེན་པོས་བོད་མི་རིགས་ཀྱི་རིག་གཞུང་ལ་གཏོར་བརླག་དང་། བོད་མི་ཤེས་ཡོན་ཅན་དང་འཇོན་ཐང་ཅན། སྤྱང་གྲུང་འདུན་ཆེའི་མི་སྣ་དམར་གསོད། བོད་ཀྱི་དགོན་སྡེ་ཁག་གཏོར་བཅོམ་དང་མེ་སྲེག མི་དམངས་ཀྱི་རྒྱུ་ནོར། དགོན་པའི་རྒྱུ་ནོར། རང་བྱུང་གཏེར་རྫས་སོགས་སྨྱོ་ཧམ་ཆེན་པོས་འཕྲོག་བཅོམ། ཕྱོགས་ཡོངས་སུ་མི་སེར་སྤེལ་ཡུལ་གྱི་བྲན་གཤིས་ཅན་གྱི་སློབ་གསོ་ལག་ལེན་དུ་བསྟར་བར་མ་ཟད། རྒྱ་ནག་ཀྲུང་གོ་དེང་གཞུང་ལ་མགོ་བསྒུར་མཁན་བོད་མི་རྣམས་དང་། བོད་རྒྱལ་ཁབ་ཀྱི་ཁེ་ཕན་བཙོང་མཁན“རྒྱལ་གཅེས་རིང་ལུགས་པ”དེ་དག་ལའང་ཐར་ལམ་རེག་མེད། ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་རྣམ་པ་གཉིས་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་གི་བཙོན་ཁང་དུ་སོ་སོར་ལོ་བཅུ་དང་ལོ་བཅོ་བརྒྱད་རིང་མནར་གཅོད་བཏང་བས་མཚོན་ཐུབ།
ཀརྨ་བློ་གསལ་གྱིས་གྲལ་རིམ་འཐབ་རྩོད་སོགས་གླེང་སྲོལ་ལ་ལྟོས་ན་རྒྱ་ཡིག་དག་རྒྱ་གནས་ཚུལ་ལ་ཞིབ་འཇུག་ཏོག་ཙམ་ཡོད་པའི་མངོན་རྟགས་རེད། ཡིན་ན་ཡང་འབའ་པ་ཕུན་དབང་བོད་ཀྱི་དོན་དུ་བཙོན་ཁང་ལ་སོང་བ་རེད་ཅེས་བཤད་ན་ཅུང་རྨོངས་བའི་གནས་སུ་སོང་། རིག་གནས་གསར་བརྗེ་ཡི་སྐབས་བོད་དོན་བསྒྲུབས་ཞིང་བཙོན་ཁང་དུ་འགྲོ་མ་དགོས་པའི་བོད་ཀྱི་མི་མཛངས་བློ་གྲོས་ཅན་གང་མང་བྱུང་ཡོད། ང་ཕོད་ལ་སོགས་པའོ། དེ་ཚོས་རྒྱ་གཞུང་གི་དེའི་སྐབས་ཀྱི་ངོ་བོ་ནི་མའོ་ཙད་དུང་རྒྱ་ནག་གི་རྒྱལ་པོ་གཏན་ཏུ་འདུག་འདོད་ཀྱི་བསམ་པ་དེ་རྟོགས་ཏེ་དེ་ལ་བསྟུན་ཅི་ཐུབ་བྱས་པས་བཙོན་ཁང་དུ་འགྲོ་མ་དགོས། པཎ་ཆེན་གཞོན་ཞིང་ཕུན་དབང་གླེན་པས་དེའི་དོན་མ་རྟོགས་པར་སྤྱི་མཐུན་རྒྱལ་ཁབ་དང་དམངས་གཙོ་སོགས་ཀྱི་རྙི་ཡི་ནང་དུ་འཛུལ་ནས་མའོ་ལ་མི་མཐུན་པའི་བསམ་སྦྱོར་སྤེལ་བའི་ལེ་ལན་གྱིས་བཙོན་ཁང་དུ་ལྷུང་བ་རེད། མདོར་དེད་ན་འཁྲབ་མ་ཤེས་པའི་དབང་གིས་སྡུག་སྦྱོང་རེག་པ་རེད། དེ་ནི་རྒྱ་ནག་ཆབ་སྲིད་ཀྱི་ལོ་རྒྱུས་རེད། རིག་གནས་གསར་བརྗེའི་སྐབས་སུ་ང་ཕོད་འདྲ་བ་ཁྲབ་མཁན་མང་ཙམ་བདོག་ན་ད་ལྟ་ཕལ་ཆེར་ཆེས་མཐོ་རང་བཙན་ལོན་ཚར་རེད། དེ་མིན་ན་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་༧རྒྱལ་དབང་སྐུ་ཕྲེང་༡༤བའི་བར་གྱི་མྱི་ཆེན་དག་ལ་ངན་ཁག་བཀལ་མ་བཀལ་ཡོད་པ་མ་རེད། སུ་ཞིག་གི་ཆེད་དུ་སུ་ཞིག་གི་ཁེ་ཕན་བཙོང་བ་ནི་འགྲོ་བ་མིའི་ལོ་རྒྱུས་རེད།
# 147 ཅོག་མྱི།་ལགས་ཀྱིས་མཆན་བཏབ་པ།:
April 13th, 2014 at 11:48 PM
ཀརྨ་བློ་གསལ་གྱིས་གྲལ་རིམ་འཐབ་རྩོད་སོགས་གླེང་སྲོལ་ལ་ལྟོས་ན་རྒྱ་ཡིག་དག་རྒྱ་གནས་ཚུལ་ལ་ཞིབ་འཇུག་ཏོག་ཙམ་ཡོད་པའི་མངོན་རྟགས་རེད། ཡིན་ན་ཡང་འབའ་པ་ཕུན་དབང་བོད་ཀྱི་དོན་དུ་བཙོན་ཁང་ལ་སོང་བ་རེད་ཅེས་བཤད་ན་ཅུང་རྨོངས་བའི་གནས་སུ་སོང་། རིག་གནས་གསར་བརྗེ་ཡི་སྐབས་བོད་དོན་བསྒྲུབས་ཞིང་བཙོན་ཁང་དུ་འགྲོ་མ་དགོས་པའི་བོད་ཀྱི་མི་མཛངས་བློ་གྲོས་ཅན་གང་མང་བྱུང་ཡོད། ང་ཕོད་ལ་སོགས་པའོ། ་་་་་་་་་་་་་་་་་་
འབའ་ཕུན་ཡང་་་་་
མའོ་ནི། གླེན་ལྐུགས་ལུག་དང་འདྲ།
མའོ་ནི། ཟེར་རྗེས་རྗེས་འབྲངས་པ་རེད།
མའོ་ནི། ཇག་དཔོན་ཐ་ཞལ་ཅིག་རེད།
མའོ་ནི། དམག་དཔོན་སྡུག་རྩུབ་ཅན་ཞིག་རེད།
མའོ་ནི། ཆོས་མེད་དད་མེད་ཅིག་རེད།
མའོ་ནི། ཚུལ་འཆལ་མ་རབས་ཅིག་རེད།
མའོ་ནི། མི་བསོད་ལག་དམར་ཅིག་རེད།
མའོ་ནི། སྡིག་ཆེན་གཤེན་པ་ཅིག་རེད།
མའོ་ནི། རྒྱལ་པོ་ཁྲོ་གཏུམ་ཅིག་རེད།
མའོ་ནི། ཤར་ཕྱོགས་པའི་ཧིཊ་ལར་ཅིག་རེད།
མའོ་ནི། བཙན་གཡེམ་རྒྱལ་པོ་ཅིག་རེད།
མའོ་ནི། རྫུན་རྒྱལ་ཁྲམ་པ་ཅིག་རེད།
མའོ་ནི། ལྐོག་ཟ་རུལ་སྲུངས་པ་ཅིག་རེད།
མའོ་ནི། གོ་སར་ཤི་འཐམ་རོ་འཐམ་པ་ཅིག་རེད།
མའོ་ནི། རྩོད་བྲལ་སྡུག་རྩུབ་པ་ཅིག་རེད།
མའོ་ནི། མིག་མེད་གཡང་འཆོངས་པ་ཅིག་རེད།
འབའ་ཕུན་ཡང་། ཆོས་མེད་དད་མེད་ཅིག་རེད།
བོད་ཀྱི་ཕུང་བྱེད་ངོ་མ་དེ་ནི། བོད་ཀྱི་སྐུ་དྲག་ངན་པ་ཚོ་དང་། མའོ་གུང་བྲན་པ་སྡུག་རྩུབ་ཅན་གཉིས་ལས། སུ་གང་ལ་ཡང་། ངན་ཁག་དཀྲིས་མི་ཐུབ་བོ།། ཧཧཧ།། །།
ཝ་ཡེ། གནམ་རྒན་མོ། ཆོས་རྒྱལ་རང་མགོ་མི་ཐོན་སྲིད་པའི་བྱ་ར་བྱེད་མི་ཉན་ཡ། ཨཱ་དྲིན་ཆེན་མོ། ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་སེམས་འཚོར་ཙམ་གྱི་མ་གྱུར་སེམས་ཅན་ཐམས་ཅད་ཞེས་པའི་གཏམ་སྙན་མོ་གཏམ་རྫིག་པོ་འདི་ཁ་ནས་རྒྱུན་ཆད་མེད་ཀྱང་། ལག་ལེན་དོན་འཁྱོལ་མེད་པའི་གཏམ་གཟི་བརྗིད་ཁོག་སྟོང་འདིས་རང་གི་བདེ་སྡུག་གི་རང་མགོ་ཡང་མི་ཐོན་ན་མ་གྱུར་སེམས་ཅན་གྱི་བདེ་སྡུག་ལ་བསམས་ཁུལ་བྱས་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། དེས་ན་དམངས་ཀྱི་བདེ་སྡུག་ཡང་འགོ་འདྲེན་མི་ཐུབ་པར་ཆག་ཆེ་ཉམས་ངའི་གནས་སུ་བསྐྱལ་ཡོད་ན་མ་གྱུར་འགྲོ་བའི་སྐུ་དོན་ནི་སྤྲོས་བྲལ། རང་རྒྱུད་ཀྱི་ཉོན་རྨོངས་དུག་གསུམ་གྱི་གཟུགས་མེད་བདུད་དེ་བཏུལ་ཐུབ་པའི་ནུས་པ་མེད་ནའང་། མངོན་སུམ་གྱི་བདུད་ཞིག་བཏུལ་རྒྱུ་ཡོད་མདོག་གིས་མནན་སྲེག་འཕངས་གསུམ་གྱི་བདུད་འདུལ་ལྷ་གསོལ་གྱི་ལས་ལ་བྲེལ་ནས་མི་ཚེ་བསྐྱལ་བའི་མཐའ་མཇུག་ཏེ། གོ་མཚོན་དངོས་སུམ་དུ་ཐོགས་པའི་གཟུགས་ཅན་གྱི་བདུད་ངོ་མ་དེ་སླེབས་དུས་ཁ་འཕོར་ཙམ་ཡང་འཁྱེར་དབང་མེད་པར་མགོ་ལ་སྦར་མོས་བཀབ་ནས་བྲོས་ཡོང་པ་མ་རེད་པས། འདི་ནི་རྒྱུ་འབྲས་རྣམ་གཞག་གི་འགྲོ་སྟངས་ཕྱིན་ཅི་ཏག་ཏག་ལོག་སོང་བའི་འབྲས་རྟགས་ཡང་དག་དེ་རེད།
ཝ་ཡེ། ཀརྡོ་གཉེར་ཕྱག་ལགས། བོད་ཕུང་བྱེད་དམ་ཆག་ཆེ་ཉམས་ངའི་བྱུང་རྐྱེན་ངོ་མ་དེ། བོད་ཀྱི་སྐུ་དྲག་ངན་པ་ཚོ་དང་། གུང་ཁྲན་གདུག་རྩུབ་གཅིག་པུ་ཨེ་ཡིན། དྲང་བདེན་གྱི་གཏམ་སྨྲ་བར་ཁྱོད་སྐྲགས་དགོས་དོན་ཨེ་ཡོད། ཁྱོད་ཀྱི་སྨྲ་བརྗོད་རང་དབང་ཡང་ཤོར་སོང་བ་ནི་ཡིན་རྒྱུ་མ་རེད། ཡང་ཅིག་མིན་ན་ཁྱོད་ཀྱི་ཀླད་པ་གཞན་གྱིས་བཀྲུས་སོང་བ་ནི་ཡིན་རྒྱུ་མ་རེད།
རབ་འབྱམས་པ་ཀ་རྡོ་ལགས་ཀྱིས་མའོ་ལ་དགུ་བཟློག་ཅིག་འཕེན་འདུག ཡིན་ནའང་དཀའ་སེ་མིན་ནམ། སྔོན་མ་ལྔ་བཅུ་ང་དགུའི་སྐབས་སུ་བཟློག་པ་མང་སེ་འཕེན་ཡོད་ཡིན་ནའང་མའོ་རླུང་རྟ་ཇེ་མཐོར་བཏང་སོང། ད་དུང་ཡིན་ནའང་རོ་བེམ་པོ་ཞིག་ལ་བཟློག་པ་འཕེན་མ་འཕེན་ཡོད་རྒྱུ་མ་རེད། མ་གཞི་ནས་སངས་ཆོས་ནས་མར་གྱུར་འགྲོ་བ་མཐའ་དག་ལ་བྱམས་སེམས་སྐྱེ་དགོས་གསུངས་དུས་མའོ་ཡང་ཚེ་རབས་སྔོན་མར་ངེད་ཚོའི་མར་རྒན་བྱས་མྱོངས་བ་ཐག་ཆོད། ངེད་ཚོའི་སྐྱེ་བ་ལ་ཐོག་མ་མེད་ཙང་། གཞན་ཡང་སྐྱེ་བ་རྗེས་མར་བོད་མི་རྣམས་རྒྱ་རིགས་སུ་སྐྱེ་བ་བླངས་ནས་བོད་པར་ཐུབ་ཚོད་གཏོང། རྒྱ་རིགས་རྣམས་བོད་རིགས་སུ་སྐྱེ་བ་བླངས་ནས་རྒྱ་རིགས་ལ་ཐུབ་ཚོད་གཏོང་རྒྱུའི་དུས་ཤིག་ཏན་ཏན་ཤར་སྲིད། གང་ལྟར་ཆོས་ལུགས་ཀྱི་དབང་དུ་བྱས་ན་བྱམས་སྡང་གཉིས་སུ་བཟུང་བ་ནི་རྦད་དེ་ལམ་ནོར་རེད་འདུག
བློ་མཐུན་འབྲོང་ལགས་ཕེབས་འདུག ང་ནི་སྒུག་ཡུན་འདྲ་ཞིག་རིང་བྱུང་། ཡོང་ཡ་མི་འདུག ཐུགས་ལ་མ་བབ་པའི་སྐད་ཆ་འདྲ་ཞིག་ཆགས་སོང་བ་ཨེ་ཡིན་བསམས་ནས་དོགས་པ་འདྲ་རེ་སྐྱེས་བྱུང་། ཡང་སྐབས་རེ་ལ་རང་གིས་རང་ལ་ལན་རེ་བརྒྱབས་ནས་བློ་མཐུན་ཁོང་དང་མ་མཐུན་པའི་སྐད་ཆ་ཞིག་ཡོད་སྲིད་ཟེར་ནས་ལན་རེ་ཡང་རྒྱག
ཁྱོད་མྱི་སྣང་བ་སྐྱིད་པོ་ཕྱོགས་བསྐྱོད་བྱས་བསྡད་པ་འདུག་ག འགྲོ་རོགས་སུ་ཡོད་ཨ། སྙིང་སྡུག་འདྲ་དང་ཡིན་གྱི་མ་རེད་་་ཧཧཧ སྐུ་རྩེད་ཡིན། དེ་རིང་ཕེབས་པར་དགའ་པོ་བྱུང་འ
ཅོག་རོང་གི་མྱི་དང་ཀརྨ་བློ་གསལ་གཉིས་ཕེབས་པར་ཡག་བྱུང་ཞུ་རྒྱུ་དང་་་ཀརྨ་ལགས་ཀྱིས་ཁུར་ནས་བསླེབས་པའི་རྩོམ་ཡིག་དེའི་ནང་དུ་ལེན་རིན་ཡོད་པའི་སྐད་ཆ་མང་པོ་འདུག་པས་ཐུགས་རྗེ་ཆེ། བསླབ་བྱ་ལེན་གྱི་ཡིན།
བློ་མཐུན་ཁོང་དང་མ་མཐུན་པའི་སྐད་ཆ་ཞིག་ཡོད་མི་སྲིད་ཟེར་ནས་ལན་རེ་ཡང་རྒྱག་་་ཅེས་བཅོས་རོགས
ཅོ་རི་ཉི་མའི་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ཞེས་འཁོད་པའི་མཆན་ངོ་མ་འོག་གི་དེ་ཡིན། འདིའི་ནང་དུ་འཇམ་ནོར་གྱི་ལུང་འདྲེན་ཡང་ཡོད། འོན་ཀྱང་སྤོབས་མཐས་ཕྱོགས་ལྷུང་གི་བསམ་པས་ལུང་འདྲེན་ཟུར་ཕུད་བྱས་འདུག འདི་ནི་གསལ་བཤད་ཙམ་ཡིན།
བོད་ཕུང་ལ་སྦྱར་བའི་རྒྱུ་རྐྱེན་ངོས་འཛིན་སྟངས་ལ་བཤད་ན་ཚིག་མ་འདྲ་བ་ཁག་ཤས་ཡོད།
༡་་་དམ་པ་དགེ་ཆོས་མཆོག་གིས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་་དུ་བསྒྲགས་པ་དང་གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་རེད་བསམ་པའི་འདུ་ཤེས་ཀྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་ཡོད་པ་དང་།
༢་་་མཁས་དབང་འཇམ་ནོར་ལགས་ཀྱིས་རྨོངས་དད་ཀྱིས་བོད་ཕུང་པར་ངོས་འཛིན་གནང་ཡོད་པ་དང།
༣་་་རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་ལགས་ཀྱིས་ཆོས་ལུགས་པས་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་ཀྱིས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད།
༤་་་སེམས་དཀར་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བག་ཆག་རྙིང་པས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད།
༥་་་་དེ་དེ་བཞིན་བོད་ཕྱི་ནང་གི་བོད་པའི་གཞོན་སྐྱེས་བསམ་བློ་བ་དང་ཤེས་ཡོན་ཅན་སྤྱི་ཡོངས་ཆ་ནས་རྨོངས་དད་དང་རྙིང་ཞེན་བག་ཁུམ་གྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་གི་ཡོད།
ཁོ་བོས་གོང་གི་མཆན་དེ་དག་རགས་ཀློག་བྱད་ཡིན། ཞིབ་ཀློག་བྱེད་རྒྱུར་ཁོམ་མ་བྱུང་། བསམ་ཚུལ་མི་མཐུན་པ་ཡོང་བ་ནི་ཆོས་ཉིད་ཡིན། ངོས་རང་གིས་བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་གསུམ་དུ་ངོས་འཛིན་བཞིན་ཡོད།
༡༽ སྐབས་དེར་རྒྱ་དམག་སྟོབས་ཤུགས་ཆེ་བ་དང་། མའོ་ལ་ཨེ་ཤི་ཡ་ཡོངས་རྫོགས་ལ་དབང་བསྒྱུར་བྱེད་པའི་འདོད་རྔམས་ཡོད་པ།
༢༽ ལྷ་སའི་བོད་གཞུང་དཔོན་རིགས་དང་། མཐའ་མཚམས་བོད་ཁུལ་གྱི་དཔོན་པོ་རྣམས་ལ་བོད་མི་རིགས་ཀྱི་ལ་རྒྱ་མེད་པ། དབང་ཆ་ཤོར་དོགས་ཁོ་ན་ངང་སྡད་པ་ལས་བོད་མི་རིགས་ལ་ཕན་པའི་བྱ་གཞག་ལ་བསམ་བློ་ཡེ་ནས་མ་བཏང་བ།
༣༽ བོད་མི་མང་ཚོགས་རྣམས་ས་ཁུལ་དེ་མུར་མགོ་འཁོར་བ་མ་གཏོགས་གཅིག་སྒྲིལ་གྱི་བསམ་བློ་མེད་པ་བཅས་ཡིན་པར་སེམས།
བཙན་བྱོལ་བའི་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ། བོད་ཤར་ཕྱོགས་ཀྱི་ས་ཁུལ་ཁག་གིས་བོད་མི་རྣམས་ཀྱིས་རྒྱ་དམག་དང་ཤི་གསོན་དམར་འཛིང་བྱས་པའི་ལོ་རྒྱུས་ཀྱི་རི་མོ་གངས་རིའི་སྟེང་དུ་བཞག་ཡོད་པ་ཡང་དངོས་ཡོད་གནས་ཚུལ་རེད། བོད་བསྟན་སྲིད་ཀྱི་ཆེད་དུ་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས་རང་སྲོག་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕུལ་ཡོད་པ་ཡང་དངོས་ཡོད་གནས་ཚུལ་རེད། འདི་དག་ནི་མི་རིགས་ཀྱི་ལ་རྒྱ་དང་བོད་ཀྱི་བདག་དབང་ཤོར་བར་བློས་མ་བཟོད་ནས་བྱས་པ་ཤ་སྟག་རེད། དེ་འདྲ་ཡིན་དུས་དབུས་ཀྱི་མི་ལས་མཐའ་མཚམས་ས་ཁུལ་ཁག་གིི་རྣམས་རྒྱལ་ཞེན་ཆེ་བ་དང་གཅེས་རྒྱལ་གྱི་འདུ་ཤེས་ཟབ་པ། མི་རིགས་ཀྱི་ལ་རྒྱ་ཡོད་པ་བཅས་དཔང་རྟགས་རེད་བསམས་ཀྱི་འདུག མ་ཟད་དེང་སང་ཡང་མཐའ་མཚམས་ཀྱི་ས་ཁུལ་ཁག་ནས་རང་ལུས་མེ་ལ་བསྲེགས་ནས་བོད་རང་དབང་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད། དབུས་ཕྱོགས་ཀྱི་མི་ལས་བོད་ཤར་ཕྱོགས་ཀྱི་མི་རྣམས་རྒྱལ་ཞེན་ཆེ་བ་དང་། ལ་རྒྱ་ཡོད་པ། སྙིང་སྟོབས་ཡོད་པ། ཤེས་ཡོན་ཡོད་པ། དཔལ་འབྱོར་ཡོད་པ། རང་གི་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་ཟབ་པ་སོགས་ཕྱོགས་གང་བལྟས་ཀྱང་དབུས་དང་མཐའ་མཚམས་གཉིས་གནམ་དང་སའི་ཁྱད་པ་ཡོད།
དེ་མིན་བྱང་ཕྱོགས་མཐའ་མཚམས་ཀྱི་བོད་རིགས་ཀློ་པ་དང་མོན་པ། དོ་པོ་དང་མུག་སྒམ། ལ་དྭགས་སོགས་ནི་རྒྱལ་ཁབ་གཞན་གྱི་མངའ་འོག་ཏུ་ཡོད་དུས་བོད་རྒྱལ་ཁབ་ལ་རང་རྒྱལ་གྱི་འདུ་ཤེས་ཆུང་བ་ཡོད་པར་བདེན་པ་རེད་བསམས་ཀྱི་འདུག ཆོས་ཞེན་ཙམ་ལས་རྒྱལ་ཞེན་གྱི་འདུ་ཤེས་བརླགས་ཚར་བ་འདྲ།
ད་མཆན་མང་བོ་འདུག ཁ་སང་གི་འཕྲོ་ནས་ཆ་ཚང་ཀློག་ཁོམ་བྱུང་མ་སོང་། ཡིན་ནའང་། གནད་ལ་ཇེ་འཁེལ་ཇེ་འཁེལ་ལྟ་བུར་མཐོང་གི་འདུག དགེ་བཤེས་ཀ་རྡོའི་ཟློག་པ་མ་གཏོགས་ཚང་མས་གནས་ལུགས་གཙོར་འཛིན་གྱིས་བསམ་ཚུལ་གསུང་འདུག་པས། བོད་པའི་དད་པ་བྱེད་ཡུལ་གནས་ལུགས་འཚོལ་སྟངས་ཡིན་པ་གང་ཞིག་ལ་ལག་ལེན་ནང་ཡོང་བཞིན་པར་སྣང་། འདི་དགའ་དགོས་པའི་དོན་ཆེན་གཅིག་རེད།
ཅོ་རི་ཉི་མ་ལགས་ཀྱིས་དྲངས་པའི་བོད་ཀྱི་མཁས་དབང་ལྷན་རྒྱས་ཀྱི་དགོངས་ཚུལ་དེ་གཞུང་ལུགས་ངོས་ནས་བོད་ཕོངས་བྱེད་དུ་འགྲེལ་གྱི་ཡོད་ན། ༼བོད་རིང་ལུགས༽ལས་དྲངས་པའི་མཆན་དེ་ནི་ལག་ལེན་ཁྲོད་ནས་བོད་ཕོངས་བྱེད་དུ་གྱུར་འདུག དེ་མིན་གོང་དུ་བཙན་བྱོལ་བས་གསུངས་པའི་བོད་ཕོངས་བྱེད་དོན་ཚན་གསུམ་ཡང་གནད་འགག་རེད་དེ། བོད་ཀྱི་རྒྱལ་ཁབ་ཤོར་བ་ནི་བོད་ཕོངས་པའི་མཐའ་འབྲས་ཡིན་པ་ལས་ཕོངས་བྱེད་དངོས་དེ་གཞུང་ལུགས་དང་ལག་ལེན་གཉིས་ཐད་ནས་བཙལ་འོས་པ་ཞིག་རེད། དེ་བཞིན་དུ་བོད་ཀྱི་རྒྱལ་ཁབ་ཤོར་བ་ནས་དེང་གི་གནས་སྟངས་ནི་ཕོངས་པའི་མཇུག་འབྲས་སམ། བོད་འདི་བཞིན་འཆི་བར་ཕྱོགས་ཟིན་པས་བཀག་རྒྱ་ཞེད་ཡུལ་མཐའ་དག་དོར་ནས་འཕོ་བའི་གདམས་པའི་ཐབས་ལམ་འོག་གསོན་ཐབས་གསར་བ་ཞིག་བཙལ་དགོས་པའང་མི་རབས་ཤིག་གི་ལས་འགན་ཡིན། དེ་བས། གཤམ་གྱི་ཕྱོགས་འདི་དག་ཟུར་ལྟར་ཕུལ་གྱི་ཡིན། བོད་ཕོངས་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི།
༡ སངས་རྒྱས་ཆོས་ལུགས་ཁོ་ན་ལས་གནས་མི་ཆོག་པའི་སྲིད་བྱུས་ལག་བསྟར་གནང་བར་བརྟེན་ནས་ལྟ་བ་སྣ་མང་གནས་པའི་སྤྱི་ཚོགས་ཤིག་གི་སྒྲོམ་གཞིར་གཡོ་འགུལ་ཐེབས་ནས་མཐའ་མཇུག་བཙན་པོའི་སྲིད་དབང་འཐོར་བ། འདི་ལ་ལྟ་བ་གཅིག་ཅན་ཟེར་གྱི་(unified;centralised)ཡོད་ཅིང་། མཐར་ཐུག་གི་དམིགས་འབེན་ནི་དབང་ཆ་གཅིག་སྡུད་ཡིན་པས། ཕམ་ཉེས་བྱུང་བ་རེད།
༢ ས་སྐྱ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དབུ་བརྙེས་པས། གནས་སྐབས་རིང་ཧོར་དམག་གི་འཇིགས་པ་ལས་བོད་འདི་ཐར་ཐུབ་ཡོད་ནའང་། དབང་བསྒྱུར་མཁན་ཕྱི་མ་ཁག་ལ་སྟོབས་ཤུགས་གཞན་ནས་འཚོལ་བའི་ལམ་ཁ་བསྟན་ཡོད་པས། འཚོ་བ་གཞན་བརྟེན་ནས་སྟོབས་ཤུགས་གཞན་བརྟེན་ཅན་དུ་བགྲོད་པ་ནི་ཕམ་ཁའི་གཡབ་མོར་གྱུར་ཡོད།
༣ ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཡིག་ཐོག་ནས་ལྷག་ཅིང་། བསྲེག་བཅད་བརྡར་གསུམ་རྒྱང་རིང་དུ་དོར་ནས་བླ་མ་མི་བསླུ་བར་བཀུར་ཞིང་། བསྟན་པའི་ཆེད་སྲོག་གཅོད་ཆོག་པའི་ལྟ་བ་ཤུགས་ཆེར་སྤེལ་བས། མང་ཚོགས་བླུན་བསྒྱུར་དང་ཆོས་ལུགས་ལས་ཆོས་ལུགས་གནས་བཅའ་སའི་རྒྱལ་ཁབ་རིམ་པས་བརྗེད་པ།
༤ བླ་མ་དང་སྐུ་དྲག་གིས་རང་དོན་རང་གཅེས་ལས་གཞན་དོན་དོར་ཟིན་པས། ད་དུང་གཅིག་མགོ་གཅིག་གནོན་གྱི་གཡོ་ཐབས་ཁོ་ནར་མགོ་འཁོར་བ་དང་ཆོས་ལུགས་བེད་སྤྱད་ནས་མི་མཐུན་པའི་ཕྱོགས་ཁག་རྩ་མེད་བཟོས་པ། ཐ་ན་བོད་དམག་རྒྱ་བསྐྱེད་དང་དབྱིན་ཡིག་སློབ་གྲྭ་གསར་འཛུགས་ལའང་ལམ་འགྲོ་བྱུང་བཅུག་མེད། འོན་ཀྱང་། སྐུ་དྲག་རང་ཉིད་ཀྱི་ནང་མིས་ཀ་སྦུག་སོགས་ལ་བསྐྱལ་ནས་དབྱིན་ཡིག་སྦྱོང་བཞིན་ཡོད། འདི་ནི་གཞན་མ་ཡིན་པར་མི་ཉུང་ཤིས་ཤིག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ལ་དབང་བསྒྱུར་ལ་དམིགས་པ་ཞིག་ཡིན། སྲོལ་ངན་འདི་བཞིན་རྡ་རམ་ས་ལ་ན་ད་དུང་མཐོང་ཐུབ་ཀྱི་ཡོད།
ཅོ་ཉིས་ཁོ་བོའི་མཆན་ལ་གོ་ནོར་ཐེབས་པ་འདྲ། ངས་བཤད་པ་ནི་མཐའ་མཚམས་ཀྱི་དཔོན་ངན་ཁག་ལ་བཤད་བཞིན་ཡོད། བསྐྱར་གཟིགས་བྱེད་རོགས།
༢༽ ལྷ་སའི་བོད་གཞུང་དཔོན་རིགས་དང་། མཐའ་མཚམས་བོད་ཁུལ་གྱི་དཔོན་པོ་རྣམས་ལ་བོད་མི་རིགས་ཀྱི་ལ་རྒྱ་མེད་པ། དབང་ཆ་ཤོར་དོགས་ཁོ་ན་ངང་སྡད་པ་ལས་བོད་མི་རིགས་ལ་ཕན་པའི་བྱ་གཞག་ལ་བསམ་བློ་ཡེ་ནས་མ་བཏང་བ།
ངོས་རང་གི་བསམ་པར། བོད་དབུས་དང་ཕྱོགས་ཀྱི་ཁྱད་པར་མེད་པར་བོད་མི་རིགས་རྣམས་ལ་ལ་རྒྱ་ཡོད་པ་འདྲ་བ་ཡིན། འོན་ཀྱང་མངོན་ཆེ་ཆུང་དང་བསྒྲགས་མ་བསྒྲགས་ཙམ་གྱི་ཁྱད་པར་ཙམ་མོ།
ད་དུང་ཁ་སྣོན་གཅིག་ཡོད། བོད་ཤོར་བ་ནི་གཞན་མ་ཡིན་པར་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱིས་འཛམ་གླིང་ལ་ཁ་ལོ་སུས་བསྒྱུར་རྒྱུའི་འགྲན་རྩོད་ཁྲོད་ཕམ་ཉེས་བྱུང་ཡོད། དོན་ལ་སྐབས་དེའི་རྒྱ་དམར་གཞུང་ལ་བོད་ཟ་བའི་སྟོབས་ཤུགས་ལྡན་མེད། ཡིན་ནའང་། ཕྱི་ལོ ༡༩༥༠ལོའི་ཟླ༡ཚེས༢ཉིན་མའོ་ཙེ་ཏུང་གིས་ར་ཤི་ཡ་དམར་བོའི་རྒྱལ་ས་ནས་ནུབ་ལྷོ་ཅུད་ལ་ཏར་བཏང་ནས་བོད་དབུས་ལ་བཙན་འཛུལ་བྱེད་པའི་བཀའ་རྒྱ་བཏང་ཡོད། དེའང་མའོ་སི་ཏ་ལིན་དགུང་ལོ་བདུན་ཅུ་བཞེས་པའི་སྐྱེས་སྐར་མཛད་སྒོར་བཅར་ནས་གྲོས་མོལ་བརྒྱུད་དེ་ར་ཤི་ཡས་རྒྱ་དམར་ལ་དམག་མིའི་གནམ་གྲུ་བཅུ་བདུན་སྤྲད་ཡོད། དེ་མིན་དམག་མིའི་ལག་ཆ་སོགས་སྣ་མང་གི་གཞོགས་འདེགས་བྱས་ཡོད། སྐབས་དེར་ཚན་རིག་ལག་རྩལ་ཆེར་དར་མེད་པས། བོད་སྒང་བ་འདི་བཞིན་འཛམ་གླིང་གི་ཡང་རྩེ་ཡིན་པས། འཐབ་ཇུས་ཀྱི་ས་མདུད་མཆོག་གྱུར་ཞིག་རེད་ལ། མ་རྩ་རིང་ལུགས་ཀྱི་ལག་པར་ཤོར་དུ་མི་འཇུག་རྒྱུ་ནི་སྤྱི་ཚོགས་རིང་ལུགས་སམ། རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་དར་སྤེལ་གཏོང་བའི་སྟོབས་ཤུགས་ཀྱི་རྒྱབ་རྟེན་དུ་གྱུར་ཡོད།
གོ་ནོར་ཤོར་བར་དགོངས་འགལ་མེད་པ་བྱོས། ཤེས་ཡོན་ཅན་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་གསུངས་པའི་སྐད་ཆ་དེ་དག་བདེན་པ་རེད་བསམས་ཀྱི་འདུག་ བསླབ་བྱ་ལེན་དགོས་པ་ཡང་མང་པོ་འདུག ཐུགས་རྗེ་ཆེ། ང་རང་ཚོས་བཤད་སྟངས་མ་འདྲ་བ་རེ་བཤད་བསྡད་པ་ལས་ཚང་མའི་བབ་ས་གཅིག་གི་ཐོག་ལ་བབ་ཡོང་འདུག
རྒན་ཅོ་རི་ལགས། ཐུགས་རྗེ་ཆེ། ད་རེས་ཁྱེད་རང་གིས་སྣེ་ཁྲིད་ཡོད་པས། གོང་གི་གཏམ་གླེང་མཐའ་དག་རིགས་དབྱེ་ནས་དེབ་བཟོ་བར་གྲ་སྒྲིག་གནང་དགོས་ཀྱི་ཡོད་པ་རེད། བསམ་ཚུལ་མ་མཐུན་པ་ཁག་གཉིས་ཡོད་པ་གཞིར་བཞག་གིས་ས་བཅད་དབྱེ་བ་དང་། དེ་ནས་རྒྱུ་རྐྱེན་རིགས་མ་འདྲ་བ་ག་ཚོད་འདུག ས་བཅད་རེ་ལ་བསྡོམས་རེ་འབྲི་དགོས་པ་རེད། དེ་གཅིག་རེད།
ད་དུང་བོད་ཇི་ལྟར་གསོན་དགོས་མིན་ལ་གཞི་ནས་བགྲོ་གླེང་འགྲོ་དགོས་པས། རིགས་དབྱེ་སྟངས་སོགས་གོང་མཚུངས་ལྟར་རེད། དེ་ནས་དེབ་གཟུགས་སུ་འགོད་རྒྱུ་དེ་རེད། འོན་ཀྱང་། ངེས་པར་དུ་ཐུགས་ལ་འཛིན་དགོས་པ་ནི་གོ་ལ་ཟླུམ་པོ་འདི་མ་འཇིག་བར་དུ་དེབ་ལ་ཤི་བ་ཡོད་པ་མ་རེད། དེ་བཞིན་དུ་འགན་ཡང་ཅུང་ལྕི་མོ་རེད་ལ། གང་ཐུབ་གནང་དགོས་ཀྱི་ཡོད་པ་རེད།
གནམ་ལོ་གཡག་གི་རྩོམ་སྔ་ཕྱི་གཉིས་ཕྱོགས་བསྡོམས་བྱས་ན།
༡༽ དབང་བསྒྱུར་གཅིག་བསྡུས་ཀྱི་འདུ་ཤེས་ཆེ་བ།
༢༽ གཞན་བརྟེན་གྱི་ངན་གོམས།
༣༽ བླ་མ་དང་ཆོས་ཀྱི་རིང་ལུགས།
༤༽ རང་གཅེས་འཛིན་ཤུགས་ཆེ་བ།
༥༽ མར་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲན་རྩོད།
བཅས་ལ་བབ་འདུག་པར་སེམས། དེའི་སྟེང་དུ་གལ་ཆེན་བསྣན་དགོས་པ་ནི། ཤེས་ཡོན་དང་ཆབ་སྲིད་ཀྱི་གོ་རྟོགས་དམན་པ་དེ་རེད་འདུག །འོན་ཀྱང་ཁོ་བོས་བོད་ཕོང་བྱེད་ཟེར་དུས་བོད་རྒྱའི་དབང་བསྒྱུར་འོག་ཏུ་ཤོར་བ་རང་ལ་གོ་བཞིན་ཡོད། གང་ལྟར་རྩོམ
པ་པོ་ཅོ་ཉི་རང་ལ་ཐད་ཀར་དྲི་ན་ལེགས།
སྐུ་ཞབས་གནམ་ལོ་ཡག་ལགས་ཀྱིས་དཔྱད་ཞུབས་གནད་ལ་ཁེལ་པ་དག་གནང་འདུག་པར་རྗེས་སུ་ཡིད་རིངས་ཡོད། འོན་ཀྱང་ཁོང་གིས་བོད་ཀྱི་སེར་མོ་པའི་སྡེ་ཡིས་ཆབ་སྲིད་སྐྱོང་སྟངས་ཐད་ཀྱི་ནོར་འཁྲུལ་ངོས་འཛིན་བྱེད་ཕྱོགས་གཅིག་ནི་དེ་ཙམ་རྒྱུ་མཚན་ལ་ཕྱོགས་མི་འདུག་སྙམ་པའི་ཚོར་སྣང་བྱུང་། གང་ཡིན་ཞེ་ན་་་ཁོང་གིས་སྔར་གྱི་སྡེ་བ་གཞུང་དང་དེ་རང་གི་བཙན་བྱོལ་གཞུང་གཉིས་ཀྱི་ནོར་བ་ནི་གཞན་བརྟེན་སྟོབས་ཤུགས་ལ་ངོས་འཛིན་བྱེད་ཀྱིན་པ་འདི་རེད། གཞན་བརྟེན་སྟོབས་ཤུགས་ནི་གནའ་དེང་གི་རྒྱལ་ཁབ་སུ་ལའང་ཡོད་བསྡད་པ་ཞིག་ལས་བོད་ཀྱི་སེར་མོ་པའི་གསར་གཏོད་བྱས་པ་ཞིག་ལ་ཡིན། དཔེར་ན་་་འདས་པའི་ལོ་འགའི་རང་ལའང་ང་ཚོས་མིག་མདུན་ཏུ་གསར་རྗེས་ཀྱིན་ལོག་གྱི་རྒྱལ་ཁབ་ཨེ་རྗབ་དང་ལེ་བྷེ་ཡ་་སེའུ་རེ་ཡ་་་ཡོའུ་ཁིའུ་རིན་་་་འབར་མ་སོགས་ལ་མིག་བལྟས་ཙམ་གྱིས་ཀྱང་ཤེས་ངེས། ཕར་དགྲ་འཐབས་ན་་་ཚུར་ནང་ལ་འཐབས་ན་དཔུང་རོགས་འཚོལ་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་མ་རེད་དམ་ཞེས་དྲི་བ་འདི་་་སྐུ་ཞབས་གནམ་ལོ་ཡག་ལ་འདྲི་འདོད་བྱུང་།
བོད་མིའི་ཁ་བཅོག་སྤྱད་དང་སྣ་གཅོག་སྤྱད་ཀྱི་སྐད་ཆ་རྐྱང་བཤད་མཁན་གྱི་མི་བུ་གནམ་ལོ་ལྷ་སྡེ་ལྟ་བུ་ལ། གཟབ་གཟབ་མ་བྱས་ན། ཁོ་ཁག་པ་ངན་པ་རེད་ཡ། ནམ་ཡིན་ན་ཡང་། ཆོལ་ཁ། ཆོས་རྒྱུད། སྐུ་དྲག། བླ་མ། དགེ་བཤིས་སོགས་མཐོ་རུ་མཐོ་ཚད་དང་། ཆོས་ཚིག་ཆེ་རུ་ཆེ་ཚད་ལ་འབྱར་ནས། ནང་འགལ་དང་འགལ་འཛོལ་ཙམ་མ་རིག་མ་གོ་བར་ཤི་བསྡད་ཡོད་པ་ཚང་མོས་ཤེས་དགོས། འདི་ཚོ་ཡག་པོ་མ་རེད། ངོ་གནས་མ་རེད།
སྤྱིར་ཡིན་ན། ཁོས་རྒྱ་ཡིག་ཤེས་རབས་དང་། ཞིབ་འཇུག་པ་ཡིན་རབས་བཤད་སྡོད་མཁན་རེད། དེ་འདྲ་ཡིན་དུས། དགྱ་རྒན་ཚང་གིས། ལྐོག་གཡོ་ལྐོག་ཇུས། མ་རུང་མི་སྡུག་པའི་ལས་ཅི་འདྲ་ཞིག་བརྩམས་ནས་བོད་འདི་ཟས་ཡོད་མེད་སོགས་བཤད་རྒྱུ་ལས་ཡོད་དེ། བཤད་བཞག་པ་གཅིག་ལ་ཡང་སྟོན་རྒྱུ་མེད། མཐའ་ན་དགྱ་འདྲེ་ཚང་གིས་རང་གི་ལྷ་སྡེ་ལ་སྤྲད་པའི་བཙན་གནོན་དང་བཙན་གཡབ།་བཙན་འཕྲོག་དང་བཙན་བཤད་བཙན་གསོད་བྱས་བ་ཙམ་ཡང་བཤད་བཞག་པ་མེད། ཁོ་འདྲ་མོ་ནི་ཡིག་རྨོངས་བ་མ་ཡིན་པར་དགེ་མཚན་ཞིག་འདུག་གམ།
གྱོད་ཁ་ནང་ལ་སྐོར་ནས། བྱེད་ཁ་རུམ་ལ་བཅུག་ནས་འདུག་མཁན་འདི་ཚོ་ལ་གཟབ་དགོས་ཨ། ཁོས་ཡར་ནང་གི་གཞན་གྱིས་མཆན་གྱིས་མར་ནང་ནས་བོད་མི་ལ་འགྲམ་ལྕག་སྟེར་སྤྱད་བྱེད་པ་ནི་རིག་རིག་པ་རེད། དོགས་སློངས་དང་བློ་དཀར་ཡིན་མིན་ཚང་མོས་ཤེས་དགོས་བ་ཞིག་རེད། ཚང་མས་ཁོ་ལ་རེ་ཞིག་ཉན་ལྟ་བྱོས་དང་། ང་ལ་ཚོར་བ་ཡག་པོ་ཞིག་ཁྱོན་ནས་སྟེར་གྱིན་མི་འདུག།
བྱད་ཁ
རང་ཉིད་ཀྱིས་ཀྱང་སྒང་བ་བོད་པ་ཚང་ཅི་ལྟར་ཕོངས་མིན་དང་རྒུད་མིན་ཐད་བསམ་ཚུལ་འགའ་བཤད་འདོད་བྱུང་། གཅིག། ནང་བསྟན་ཆོས་ལུགས་བོད་ལ་དར་མགོ་ཚུགས་པ་དང་བོད་ཉམས་མགོ་ཚུགས་པ་ཕལ་ཆེར་དུས་མཉམ་རེད་ལབ་ན་མ་འགྲིག་པ་མི་འདུག་སྙམ། དེ་བས་་་རྒྱལ་ཁབ་འཛིགས་བསྐྲུན་དང་རྒྱལ་དམག་རྒྱ་བསྐྱེད་ཀྱི་བསམ་བློ་དང་ནུས་ཤུགས་ཡོད་ཚད་ཆོས་ཕྱོགས་སུ་བསྒྱུར་ཏེ། མི་རིགས་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཡོད་ཚད་རིམས་ཀྱི་ཉམས་པ་དང་བོད་ཡུལ་འདི་ཕལ་ཆེར་དགོན་སྡེ་ཞིག་གི་ངོ་བོར་འགྱུར། གཉིས་། སྐབས་དེ་ནས་བཟུང་མཐོ་དཔོན་པོ་དང་དམའ་འབངས་མི་ཡོད་ཚད་ཀྱིས་བསམ་བློའི་ནང་རྒྱལ་ཁབ་སྲུང་སྐྱོབ་ཀྱིས་འདུ་ཤེས་ཀྱི་ཁ་ཕྱོགས་སངས་རྒྱས་བསྟན་པ་སྲུང་སྐྱོབ་ཀྱིས་འདུ་ཤེས་ངོ་བོར་འགྱུར། གསུམ། དེ་ནས་བཟུང་བོད་འདི་གནས་མིན་ནི་སངས་རྒྱས་ཀྱི་གནས་བསྟན་པ་གནས་མིན་ལ་རེག་ལས་དང་ངོས་འཛིན་གྱི་བསམ་བློ་བོད་མི་ཡོད་ཚད་ཀྱི་ཤ་དང་ཁྲག་ལ་འཐིམས་པ་དང་ཡར་རྒྱས་དང་འཛིགས་བསྐྲུན་གང་ཞིག་བྱས་ན་ནང་བསྟན་ཆོས་ལུགས་མ་འབྲེལ་བ་གང་ཡང་མེད་པ་ལྟ་བུ་ཆགས་འདུག་པའི་གནས་སྟངས་འོག་བོད་འདི་ཕུངས་བ་རེད་འདོད། དཔེར་ན་་་ ཆུ་བཞི་སྒང་དྲུག་གི་དམག་ལ་་་བསྟན་སྲུང་དེངས་བླངས་དམག་ཟེར་བ་ལྟ་བུ་་་་་
ཆུ་བ་འཕྲིན་བཟང་ལགས་ཕེབས་པར་དགའ་པོ་བྱུང་། ཁྱོད་ཀྱིས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་གསུངས་པ་རྣམས་ལ་ངོས་ལེན་ཡོད། ཡག་པོ་གསུངས་བྱུང་། དྲ་གྲོགས་མང་པོ་གནད་དོན་དེ་དག་གི་ཐོག་ཏུ་བསམ་ཚུལ་གཅིག་མཐུན་འདུག ལོ་རྒྱུས་ལ་ཕྱི་བལྟས་བྱས་མྱངས་བའི་མི་ཞིག་ཡིན་པར་ཤེས་སོང་། དགའ་པོ་བྱུང་།
བཙན་བྱོལ་བ་ལགས་་ཁྱོད་ཀྱི་དྲི་བ་ངས་ཤེས་མ་སོང་བས་དགོངས་འགལ་མེད་པ་བྱོས།
གཞི་རྩའི་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་གོང་དུ་ཚད་ལྡན་མཁས་པའི་ལུང་འདྲེན་མང་པོ་གནང་སོང་ལ་དྲ་གྲོགས་མང་པོས་དགོངས་ཚུལ་ལྷུག་པོ་ཞེ་དྲག་བྱུང་འདུག། སྤྱིར་བོད་བཙན་པོའི་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་མཇུག་མ་བསྒྲིལ་གོང་རྒྱལ་ཁབ་ཀྱི་མངའ་ཐང་ཚད་མཐོ་པོ་ཡིན་བཟོ་འདུག་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་ཀྱང་། ས་ཁོངས་འདུག་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་དང་ཁ་བྲལ་མ་མྱོང་ལ་དེ་དག་གཙོར་འདོན་གནང་གི་ཡོད་པ་འདྲ། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལག་དམར་བ་ལྷ་ལུང་དཔལ་རྡོར་གྱིས་ཆོས་ལུགས་གྲུབ་མཐའ་ཁ་ལ་འཁྱེར་ནས་ལྷ་སྲས་དར་མ་དཀྲོངས་པ་ནས་བཟུང་། བཙན་པོའི་རྒྱལ་རྒྱུད་ཀྱི་དབང་བསྒྱུར་མཇུག་སྒྲིལ་པ་རེད་ལ་བོད་རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར་དེ་རྦད་དེ་རྩ་མེད་བཏང་བ་རེད། དུས་དེ་ནས་བཟུང་བོད་བཙན་པོའི་དབང་བསྒྱུར་གྱི་གོང་བུ་གཅིག་གྱུར་སྐྱར་གསོ་བྱེད་ཐུབ་མེད་ལ་ཆོས་ལུགས་འཐེན་འཁྱེར་དང་སྡེ་གཟར་རྒྱུན་མི་ཆད་པར་བོད་འདི་ཕུང་འགོ་དེ་ནས་ཚུགས་པ་རེད། དེ་ནས་མར་བརྒྱུད་པའི་ཆོས་ལུགས་ཀྱི་མི་སྣ་མང་པོས་ཆབ་སྲིད་ཀྱི་སྡིང་ཆའི་སྟེང་དུ་སྐྱོ་གར་གྱི་འཁྲབ་བསྟོན་འཁྲབ་ཀྱིན་འཁྲབ་ཀྱིན་ལྷ་ཆོས་རིག་གནས་བསྲུང་སྐྱོབས་ཙམ་ལས། འཇིག་རྟེན་མི་ཆོས་རིག་གནས་ལ་བྱས་རྗེས་སྣེ་གཅིག་ཀྱང་བསྟོན་རྒྱུ་མེད་པ་དེ་རེད། འདི་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་བསྲུང་སྐྱོབས་དང་མངའ་ཐང་རྒྱས་པར་སྣ་མང་རང་བཞིན་ལྡན་པའི་འཇིག་རྟེན་མི་ཆོས་རིག་གནས་ཀྱི་ཤེས་བྱ་དེ་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་ལྷ་ཆོས་རིག་གནས་ཀྱི་ཤེས་བྱའི་འཁོར་ཡུག་ལས་འཇིག་རྟེན་མི་ཆོས་རིག་གནས་ཀྱི་ཤེས་བྱའི་འཁོར་ཡུག་སྣེ་གཅིག་མེད་པས་རྒྱལ་ཁབ་བསྲུང་སྐྱོབས་དང་འཛུགས་སྐྲུན་གྱི་བྱ་གཞག་ག་ནས་འཁྱོངས། རྒྱུ་མཚན་ཆོས་ལུགས་ཀྱི་མི་སྣར་འཇིག་རྟེན་སྲིད་ལུགས་སྐྱོང་བའི་ཉམས་མྱོང་དང་དམིགས་ཡུལ་ཁ་ཕྱོགས་སོགས་སྒོ་ཀུན་ནས་རྦད་དེ་ཐ་དད་རེད། ཆོས་པ་ཞིག་ཡིན་ན་དགེ་བའི་ལས་མ་གཏོགས་སྡིག་པའི་ལས་མི་གསོག་རྒྱུ་དེ་ཆོས་པའི་ལས་འགན་རེད། དཔེར་ན་རྒྱལ་ཁབ་གཅིག་གི་མཐའ་བསྲུང་དམག་ལ་སེར་མོ་བ་ཞིག་གིས་བཀོད་འདོམས་ཇི་ལྟར་བྱེད་དམ། བྱས་ཙང་སེར་མོ་བས་རྒྱལ་ཁབ་ཀྱི་དབང་ཆ་འཇུས་པའི་ལམ་ལུགས་འདི་ལྷ་ཆོས་རིང་ལུགས་བསྲ་བརྟན་དང་ལྷ་ཆོས་རིང་ལུགས་ཀྱི་ལྟོ་འཕོར་གཅིག་པུའི་འདུ་ཤེས་ལས་མེད་པ་གསལ་པོ་དག་པོ་རེད།
དེས་ན་གོ་ལ་ཧྲིལ་པོར་དམངས་གཙོ་དང་རང་དབང་། འདྲ་མཉམ་སོགས་ཀྱི་ཉི་མ་ཤར་ཡོང་དུས་བོད་མི་རིགས་འདི་མིག་བཀབ་ཏེས་ཀླད་རྙིང་མཁྲེག་འཛིན་དང་རྙིང་ཞེན་བག་ཁུམས། རྨོངས་དད་ཀྱི་ལྕགས་སྒྲོག་གིས་དམ་པོར་བཅིངས་ཏེས་མུང་ཁུངས་སུ་དེད་སོང་བ་དེ་རེད། དེ་འདྲའི་ངང་ལ་གོ་མཚོན་རང་བཞིན་ལྡན་ལ་དེང་དུས་ཤེས་ཡོན་དང་མཚན་རྩལ་ལ་ཁ་ཕྱོགས་ཟིན་པའི་རྒྱ་མི་གུང་ཁྲན་གྱི་བོད་སྐྱོད་བཅིངས་གྲོལ་དམག་གིས་དཔུང་འཇུག་བདེ་བླགས་ངང་ལས་སླ་པོར་རྒྱལ་ཁ་བླངས་པ་རེད། དེས་ན་གུང་ཁྲན་གྱིས་ཆེས་རྗེས་ལུས་དང་ཆེས་ཀླ་ཀློ་ཟེར་བའི་དམའ་འབེབ་འདི་གོ་ལ་ཧྲིལ་པོར་རྒྱུགས་ཆེ་བའི་དེང་དུས་ཤེས་ཡོན་དང་མཚན་རྩལ་སོགས་དེང་རབས་ཅན་ལ་མ་གྱུར་བར་རྗེས་ལུས་སུ་གྱུར་བསྡད་པ་འདི་རེད། དྲང་པོར་བཤད་ན་བོད་ས་མ་ཤོར་གོང་བོད་མི་རིགས་ཀྱི་བརྒྱ་ཆ་མང་ཤོས་ཡིག་རྨོངས་བ་རེད། ལྷ་ཆོས་རིག་གནས་ཤེས་མཁན་སེར་མོ་བའི་སྡེ་ཚོགས་ནང་ཡང་བོད་ཡིག་ཀློག་ཤེས་ཀྱང་བྲིས་མི་ཤེས་པ་དང་། དཔེ་ཆར་མཁས་ཀྱང་བརྡ་དག་སོགས་ཀྱི་འགྲོ་སྟང་མི་ཤེས་མཁན་སོགས་མང་པོ་འདུག། འཇིག་རྟེན་མི་ཆོས་རིག་གནས་ནི་ཀླད་ཀོར་རང་རེད། དཔེར་ན་གོ་ཧྲིལ་པོར་བལྟོས་དང་གོ་མཚོན་སྟོབས་ཤུགས་དང་དཔལ་འབྱོར་འཛུགས་བསྐྲུན་སོགས་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དེ་ཚོ་དེང་དུས་ཤེས་ཡོན་དང་མཚན་རྩལ་ལག་རྩལ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཕལ་ཆེར་རེད། འོན་ཀྱང་བོད་མི་རིགས་བརྒྱ་ཆ་མང་ཤོས་ཞིང་འབྲོག་གཉིས་ལས་གྲུབ་ཡོད་ཀྱང་ཞིང་པར་སྐྱེ་དངོས་རིག་པའི་ཡི་གེ་ན་ཀྱོག་གཅིག་མཐོང་རྒྱུ་མེད་ལ། འབྲོག་པར་ཕྱུགས་རིགས་སྨན་པ་མགོ་ཀྱོག་གཅིག་ཀྱང་བསྟན་རྒྱུ་མེད་པ་དེས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་འདི་ཚོས་འགྲེལ་བཤད་གསལ་པོ་དག་པོ་བརྒྱབས་ཡོང་གི་རེད། འོན་ཀྱང་སེམས་གཙོ་སྨྲ་བའི་ལྐོག་གྱུར་གྱི་རིག་པའི་གཞུང་ལུགས་བསྟོན་ཤོག་ཟེར་ན་པོ་ཏི་སྟོང་ཕྲག་བརྒལ་བ་བཏོན་ཡོང་གི་རེད། འོན་ཀྱང་འདི་ཚོས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ཆབ་སྲིད་སྐྱོང་བའི་བྱ་གཞག་ལ་འགན་ལེན་ནུས་པ་སྣེ་གཅིག་ཀྱང་ཡོད་ཚོད་མ་རེད།
བགྲོ་གླེང་ཡག་པོ་གནང་འདུག ཧ་ཅང་དགའ་པོ་བྱུང་།
ཆུ་བ་འཕྲིན་བཟང་ལགས་ཕེབས་དྲི་བ་གནང་བར་ཐུགས་རྗེ་ཆེ། མ་གཞི་འཇིག་རྟེན་གཅིག་ལ་གཅིག་བརྟེན་ཡིན་དུས་མ་བརྟེན་པར་བསྡད་ཐུབ་ཡོད་པ་མ་རེད་དེ། རྒྱལ་གང་ཞིག་ཡིན་ནའང་ཕྱི་དགྲ་འགོག་པར་ཕྱིའི་སྟོབས་ཤུགས་བེད་སྤྱོད་གཏོང་བཞིན་པ་མ་གཏོགས་ནང་ཟིང་ཐད་ཕྱིའི་སྟོབས་ཤུགས་བཀོལ་བ་ནི་སྤྱང་ཀི་ཁྱིམ་ལ་བསུས་པ་ལྟ་བུ་རེད། དཔེར་ན། བོད་དང་མན་ཇུའི་འབྲེལ་ལམ་བརྒྱུད་ནས་བོད་ཀྱི་ཤར་ཕྱོགས་མཐའ་མཚམས་ཡུལ་ལུང་ཡག་པོ་མཐའ་དག་རིམ་པས་མན་ཇུའི་སྟོབས་ཤུགས་འོག་ཤོར་ཡོད་ལ། རོགས་འདེགས་དང་དབང་བསྒྱུར་གཉིས་གཅིག་མཚུངས་སམ་དབྱེ་འབྱེད་བྱེད་དཀའ་བའི་ངོ་བོར་བསྐྲུན་ཡོད། ཐོག་མར་བོད་དང་མན་ཇུའི་དབུ་ཁྲིད་ཕན་ཚུན་ལ་ཆོ་ལོ་ཕུལ་རེས་ཀྱི་འབྲེལ་བ་ཞིག་ནས་མཐའ་མར་གོང་ས་བཅུ་གསུམ་པར་སླེབས་སྐབས། མན་ཇུའི་རྒྱལ་མོ་ཚི་ཞིས་ལ་པུས་མོ་གཅིག་ས་ལ་བཙུགས་ནས་གུས་ཕྱག་ཕུལ་དགོས་པའི་མཇུག་འབྲས་བྱུང་ཡོད། དེ་མིན་ཕྱིའི་སྟོབས་ཤུགས་བེད་སྤྱད་ནས་ནང་འཁྲུག་བསླངས་པ་སོགས་ཞིབ་ཏུ་ལོ་རྒྱུས་ཁག་ཏུ་མང་། ཡིན་ནའང་འདིར་ཞིབ་འབྲི་མི་བྱེད།
ཕྱོགས་གཞན་ཞིག་ནས་བཤད་ན། བོད་ཀྱི་རྒྱལ་ཁབ་ཤོར་བ་ནི་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་འགྲན་རྩོད་ལ་འབྲེལ་བ་ཆགས་ཡོད། དེ་བས། ཨ་རི་གཙོ་བྱས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་མི་བཙན་བྱོལ་བར་རོགས་བསྐྱོར་དང་བོད་ཀྱི་གནད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་ཡོད། ཡིན་ནའང་། བཙན་བྱོལ་བར་རོགས་བསྐྱོར་ལ་དེང་གི་བར་འགྱུར་བ་ཧ་ལམ་བྱུང་མེད་པ་མ་གཏོགས་བོད་ཀྱི་གནད་དོན་ལ་རོགས་འདེགས་བྱེད་སྟངས་ནི་ནུབ་ཕྱོགས་པའི་དུས་རབས་ཀྱི་དགོས་མཁོར་བརྟེན་ནས་འགྱུར་བ་བྱུང་ཡོད། དེ་མ་གཏོགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་གི་རང་སྐྱོང་གནས་བབ་དོར་ནས་ཚུར་བྲོས་རྗེས། དེང་སྐབས་སླར་ཡང་ཐོག་མའི་གནས་སྟངས་དེར་རེ་བ་རྒྱག་གིན་པ་ནི་ཕྱིའི་སྟོབས་ཤུགས་ལ་ཡིད་ཆེས་བློ་འགེལ་མེད་པ་དང་ཆེས་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པའི་གསལ་བཤད་ཡག་ཤོས་དེ་མ་རེད་དམ།
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་དག་བཅོས་དང་ཆད་ལྷག་ཡོད་མེད་ཞིབ་འཇུག་ཞིག་བྱེད་ནས་བཀོད་རོགས་བྱོས།
བོད་ཕམ་ཉེས་ནས་ལེན་པའི་བསླབ་བྱ་དང་ཐབས་ཇུས།
ཁྱོད་ཀྱི་ཟུངས་ཁྲག་བཙན་པོའི་ཁྲག་རྒྱུད་རེད།
ང་ཡི་རུས་རྐང་བཙན་པོའི་རུས་རྒྱུད་རེད།
ང་ཚོ་ཚང་མ་རིགས་གཅིག་སྤུན་ཟླ་རེད།
སྤུ་རྒྱལ་བཙན་པོའི་རྒྱལ་གཞིས་འཛིན་མཁན་རེད།།།
ཟླ་ཤས་རིང་དུ་བོད་མི་ཤེས་ཡོན་ཅན་མང་པོས་དྲ་ཐོག་ཏུ་བོད་ཀྱི་གནད་དོན་གླེང་མོ་བྱས། གླེང་བྱ་གཙོ་བོ་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་སྐོར་ལ་གླེངས་། བོད་ཉམས་རྒུད་དུ་ཕྱིན་པ་དང་རང་ཡུལ་དགྲ་ལ་ཤོར་སོང་བའི་རྒྱུ་རྐྱེན་མང་པོར་ངོས་འཛིན་ཐུབ་པ་བྱུང་།
ངོས་འཛིན་བྱུང་བ་ནི་འདི་དག་རེད། རྨོངས་དད། རྙིང་ཞེན་བག་འཁུམས། གསར་གཏོད་བྱས་མ་ཐུབ་པ། མི་ཆོས་རིག་གནས་རྗེས་ལུས་ཤོར་བ། ཆོས་ལུགས་པའི་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས། བག་ཆགས་རྙིང་པ། གཞན་གྱིས་མགོ་སྐོར་འོག་ཏུ་ཚུད་པ། ནང་འཁྲུག་བརྒྱབས་པ། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་གྱི་ནང་འཁྲུག དགོན་པ་དང་དགོན་པའི་བར་གྱི་ནང་འཁྲུག བླ་བྲང་དང་བླ་བྲང་གི་བར་གྱི་ནང་འཁྲུག སྡེ་བ་དང་སྡེ་བའི་བར་གྱི་ནང་འཁྲུག ས་རྩོད་ཆུ་རྩོད་བྱས་པའི་ནང་འཁྲུག སྲིད་དབང་འཕྲོག་རེའི་བྱས་པའི་ནང་འཁྲུག རང་ཉིད་ཀྱིས་རྒྱལ་ཁ་འཐོབ་ཆེད་དུ་སོག་དམག་བོད་ལ་དྲངས་པའི་ནང་འཁྲུག རྒྱ་དམག་དང་གོར་དམག་བོད་ལ་དྲངས་ནས་ནང་མགོ་བརྡུངས་བ། བོད་མི་ཁ་ཅིག་གིས་བཙན་འཛུལ་བའི་ལམ་ཁྲིད་དང་སྐད་སྒྱུར་བྱས་པ་སོགས་ལས་ངན་བརྒྱ་ཕྲག་དང་ནོར་འཁྲུལ་སྟོང་ཕྲག་བཟོས་མྱངས་བ་ནི་ལོ་རྒྱུས་ལ་ཕྱི་བལྟས་བྱས་དུས་དྲ་གྲོགས་རྣམས་པ་ཚོས་ཁ་གཅིག་གྲགས་ཀྱིས་ངོས་འཛིན་གནང་སོང་།
ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ངོས་ཟིན་ནས་ལམ་ནོར་ལྡོག་ཤེས་བྱེད་དགོས་པ་ནི་གནད་འགག་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་སོང་། འགྱེལ་ས་ནས་ལང་ཐུབ་པའི་རྩ་དོན་ཞིག་དང་ཤི་ས་ནས་གསོན་ཐུབ་པའི་ཐབས་ཇུས་ཤིག་བཏོད་དགོས་པར་ངོས་འཛིན་གནང་སོང་།
དེར་བརྟེན་སྔོན་བྱུང་གི་ནོར་འཁྲུལ་དང་ཕམ་ཁ་ནས་བསླབ་བྱ་ལེན་སྟེ་མ་འོངས་བོད་རྒྱལ་ཁབ་ཀྱི་རྒྱལ་ཁ་འཐོབ་ཐུབ་པའི་ཐབས་ཇུས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན། དེ་ཡང་ཐབས་ཇུས་བཟང་ཤོས་དབྱེ་བ་གསུམ་ཕྱེས་ནས་རེ་རེ་བཞིན་བགྲོ་གླེང་བྱེད་ཀྱི་ཡིན། གོང་གི་ནོར་འཁྲུལ་དེ་དག་ངོས་ཟིན་པའི་ཐོག་ནས་མ་འོངས་བོད་རྒྱལ་ཁབ་ཀྱི་རྒྱལ་ཁ་འཐོབ་ཐུབ་པའི་ཐབས་ཇུས་ནི་ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན་གསུམ་ཡིན་པར་སྲིད་འཛིན་སེང་གེ་མཆོག་གིས་གསུངས་པ་ལྟར་ང་ཚོས་ངོས་ནས་ཀྱང་འདི་དག་ངོས་འཛིན་བྱུང་། འདི་ནི་དགའ་འོས་་པའི་གནད་དོན་ཞིག་རེད། གོང་གི་སྲིད་འཛིན་དང་འོག་གི་མི་སེར་གཉིས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་བ་ནི་བྱ་བ་བཟང་པོ་ཞིག་རེད་བསམས་ཀྱི་འདུག
དང་པོར། ཆིག་སྒྲིལ་གྱི་སྐོར་གླེང་གི་ཡིན། བོད་མི་ས་ཡ་དྲུག་གི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ནི་བོད་རྒྱལ་ཁབ་ཀྱིས་རྒྱལ་ཁ་འཐོབ་ཐུབ་པའི་ཆེད་དུ་རྩ་དོན་ཧང་ཅང་གལ་ཆེན་ཞིག་ལ་ངོས་འཛིན་བྱུང་། མ་ཟད་རང་ལུས་མེ་ལ་བསྲེགས་ནས་རང་སྲོག་བློས་བཏང་མཁན་གྱི་བོད་མི་རྒྱལ་གཅེས་པ་དེ་དག་གི་ཁ་ཆེམས་ཀྱང་ཡིན། དེར་བརྟེན་ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དངོས་དང་སྦྱར་ནས་ཆིག་སྒྲིལ་གྱི་སྐོར་གླེང་གི་ཡིན། སྤྱི་ཚོགས་དངོས་ཀྱི་ནང་དུ་ཡོད་བཞིན་པའི་འགལ་ཟླ་གསུམ་ངོས་འཛིན་ནས་བཤད་ཀྱི་ཡིན།
དང་པོར།་་་རྒྱ་གཞུང་གི་ལས་བྱེད་པ་ཡིན་པའི་བོད་མི་གུན་ཁྲན་ཏང་ཡོན་རྣམས་དང་བོད་མིའི་བར་གྱི་འགལ་ཟླ།
གཉིས་པ་་་ཆོས་རྒྱུད་དང་ཆོས་་རྒྱུད་ཀྱི་བར་གྱི་འགལ་ཟླ་དང་ལྷག་པ་ཏུ་ཏ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་བར་གྱི་འགལ་ཟླ།
གསུམ་པ།་་་རང་བཙན་དང་དབུ་མའི་ལམ་གྱི་བར་གྱི་འགལ་ཟླ།
1 བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་ལགས་གཙོ་བོ་གྱུར་པའི་བོད་མི་ཏང་ཡོན་རྩམ་གཟན་པ་ཡོངས་རྫོགས་དང་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་དགོས་པ་ནི་བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་ཕྱོགས་སྣེ་ཞིག་རེད། བོད་མི་གུན་ཁྲན་ཏང་ཡོན་དེ་དག་གི་ནང་དུ་བོད་རྒྱལ་ཁབ་དང་བོད་སྤྱི་པའི་ཆེད་དུ་བོད་མི་ཡག་པོ་མང་པོ་ཡོད་ངེས་ཡིན། སྔོན་མ་དམངས་གཙོའི་བཅོས་སྒྱུར་གྱི་སྐབས་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་སྡེ་གཏོར་བཤིག་བཏང་སྐབས་སུ་གུན་ཁྲན་ཏང་ཡོན་ཡིན་པའི་བོད་མི་མང་པོ་ཞིག་གིས་སྐུ་འདྲ་རྙིང་པ་དང་ཐང་ཀ་རྙིང་པ། རིན་ཐང་ཆེ་བའི་དངོས་པོ་མང་པོ་རྒྱ་གཞུང་གི་ལག་ཏུ་མ་ཤོར་བ་བྱས་ནས་སྦས་སྐུང་བྱས། རྗེས་སུ་ཆོས་དད་རང་མོས་ཀྱི་ཐོབ་ཐང་སྤྲད་སྐབས་སུ་དགོན་པའི་རྒྱུ་དངོས་དགོན་པ་ལ་ཕྱི་སྤྲད་བྱས། བོད་རིགས་གུན་ཁྲན་ཏང་ཡོན་དེ་དག་གིས་བྱས་རྗེས་ཆེན་པོ་བཞག་ཡོད། འདི་ནི་དངོས་ཡོད་གནས་ཚུལ་ཡིན། མིག་མཐོང་ལག་ཟིན་བྱུང་བའི་གནད་དོན་ཡང་ཡིན། དེང་སང་གི་བོད་མི་གུན་ཁྲན་ཏང་ཡོན་དེ་དག་ནི་ཤེས་ཡོན་ཡོད་མཁན། གོ་གནས་ཡོད་མཁན། དཔལ་འབྱོར་ཡོད་མཁན། ནུས་པ་ཡོད་མཁན། ཁ་གཏོད་དགྲ་བོ་གུན་ཁྲན་ཏང་ལ་རྒྱུས་མངའ་ཡོད་མཁན་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་མེད་ན་ཐབས་མེད་རེད། ཁོ་ཚོ་དང་ཆིག་སྒྲིལ་མ་བྱུང་ན་བོད་མི་རིགས་ལ་རྒྱལ་ཁ་འཐོབ་པར་དཀའ་མོ་རེད། དྲ་གྲོགས་ཚོས་་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པའི་ཐབས་ལམ་གསུང་རོགས་བྱོས། གྲོས་བསྡུར་བྱ་རོགས་བྱོས།
2 ཆོས་ལུགས་དང་ཆོས་རྒྱུད་ཀྱི་བར་དུ་མཐུན་ལམ་རྡོག་རྩ་སྒྲིལ་ཡོང་དགོས་ཀྱི་འདུག སེང་གེའི་བཀའ་ཤག་གིས་ཆོས་ལུགས་རུས་མེད་ཡིན་ཟེར་གྱི་ཡོད། ཡིན་ཀྱང་གནད་དོན་མང་པོ་ཞིག་གི་ཐོག་ཏུ་འདྲ་མཉམ་མེད་པ་དང་། དབང་ཆེ་ཆུང་གི་ཐོག་ནས་འགྲོ་བཞིན་ཡོད་པའི་ཟོལ་མཐོང་གི་འདུག དཔེར་ན། བོད་རྒྱལ་ཁབ་ལ་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན། ཇོ་ནང་དང་ཁ་ཆེ་བཅས་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་མི་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་གདམ་ཆོག་པའི་ཐོབ་ཐང་སྤྲོད་དགོས་ངེས་རེད་བསམས་ཀྱི་འདུག
དེ་ནས་བཙན་བྱོལ་གཞུང་གི་ངོས་ནས་ཤཀྱའི་ཆོས་ལུགས་འདི་གཞུང་འབྲེལ་ཆོས་ལུགས་ཤིག་ཡིན་པའི་ཟོལ་འདྲ་ཞིག་དང་དེ་ཡང་དགེ་ལུགས་པ་ཡིན་པའི་ཟོལ་འདྲ་ཞིག་སྟོན་བསྡད་པ་འདི་ཡང་དྲང་བདེན་མ་རེད། སློབ་གྲྭ་ཁག་ལ་ཆོས་དགེ་རེ་བཞག་ཡོད་པ་དེ་ཡང་དགེ་ལུགས་པའི་ཆོས་སློབ་མཁན་ཡིན་པའི་ཟོལ་ཞིག་མཐོང་གི་འདུག འདི་དག་སྒྱུར་བཅོས་གཏོང་ནས་ཆོས་ལུགས་རིས་མེད་ངོ་མ་ཞིག་བྱེད་དགོས་ཀྱི་འདུག་བསམས་ཀྱི་ཡོད། དྲ་གྲོགས་ཚོས་གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་གང་མང་གསུང་རོགས་བྱོས།
༡་་་དེ་ནས་ཏ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་སྐོར་བཤད་ཀྱི་ཡིན། འདི་ནི་དེང་སང་གི་སྤྱི་ཚོགས་ནང་དུ་འགལ་ཟླ་ཆེ་ཤོས་ཡོད་མཁན་འདི་གཉིས་རེད། འདི་གཉིས་ཀྱི་བར་གྱི་འགལ་ཟླ་ནི་ཤུགས་ལྡན་བརྟེན་དང་མི་བརྟེན་གྱི་དཀའ་ངལ་རེད། རྨོངས་དད་ཅན་གྱིས་ངོས་ནས་བྱས་ན་དཀའ་ངལ་ཆེན་པོ་ཞིག་རེད་འདུག ངས་བསམ་ཚུལ་བྱས་ན་༧གོང་ས་མཆོག་གིས་ངོས་ནས་ཤུགས་ལྡན་བརྟེན་མཁན་རྣམས་དང་མཐུན་ལམ་བྱེད་ན་བསམས་ཀྱི་འདུག ཤུགས་ལྡན་ཚོགས་པས་ངོས་ནས་སོ་སོའི་དབུ་ཁྲིད་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཞུ་བ་འབུལ་ན་བསམས་ཀྱི་འདུག མཐེ་མོ་སློང་ན་བསམས་ཀྱི་འདུག སོ་སོའི་དབུ་ཁྲིད་ཀྱི་མདུན་དུ་མཐུན་ལམ་ཡོང་ཆེད་དུ་ཞུ་བ་འབུལ་ཡ་ལ་ངོ་ཚ་དགོས་པའི་གནད་དོན་མ་རེད་བསམས་ཀྱི་འདུག ངོ་ཚ་དགོས་པ་ངོ་མ་ཞུ་བ་མ་ཕུལ་པར་ཁ་གཏོད་བཅག་ན་ངོ་ཚ་དགོས་པའི་གནད་དོན་རེད་བསམས་ཀྱི་འདུག རྡོ་རྗེ་ཤུགས་ལྡན་བློས་གཏོང་ཐུབ་ཐབས་མི་འདུག་ཟེར་ནས་ཞུ་བ་འབུལ་ན་ལུགས་མཐུན་རེད་བསམས་ཀྱི་འདུག གཞན་་་་་ཏ་ལའི་བླ་མ་སྐྱ་རྫུན་མཚམས་ཞོག་་་་ཟེར་ནས་ངོ་རྒོལ་བྱེད་ན་ཡག་པོ་མི་འདུག ཕྱོགས་གཉིས་ཀས་གཉིས་ཕན་གྱི་ཐོག་ནས་གྲོས་མོལ་བྱེད་ནས་ཐག་གཅོད་བྱེད་དགོས་ངེས་རེད། བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སེམས་ལ་བཞག་ནས་གྲོས་མོལ་བྱེད་དགོས་ངེས་རེད། འདི་ཐབས་ལམ་རེད་བསམས་ཀྱི་འདུག ༧གོང་ས་མཆོག་གིས་ངོས་ནས་ཀྱང་མི་དམངས་ཀྱིས་ང་ལ་དད་པ་ཡོད། བོད་མི་མང་ཤོས་ངས་རྗེས་སུ་ཡོད། ཤུགས་ལྡན་ཚོགས་པ་མི་ཉུང་ཤོས་ཤིག་རེད་བསམས་ནས་གཉའ་གནོན་བྱེད་ན་ཡག་པོ་མ་རེད། འཛམ་གླིང་འདིའི་ཐོག་གི་ལྷ་བརྟེན་མཁན་དང་འདྲེ་བརྟེན་མཁན། དམར་མཆོད་ཕུལ་མཁན་དང་ཁ་ཆེ་ཡེ་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ཀྱི་མཉམ་དུ་ཁྱོད་མཐུན་གྱི་འདུག་ལ་ཆོས་ལུགས་ཀྱི་བར་དུ་མཐུན་ལམ་བྱེད་དགོས་རེད་ཟེར་ནས་གཞན་ལ་བསླབ་བྱ་གནང་བཞིན་འདུག དེ་འདྲ་ཡིན་དུས་ཤུགས་ལྡན་ཚོགས་པ་དང་མཐུན་ལམ་བྱ་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་ཆེ་ཆགས་བསྡད་ཡོད་པའི་གནད་དོན་གལ་ཞིག་ཡིན་དུས་ངེས་པ་ཏུ་མཐུན་ལམ་གནང་དགོས་ཀྱི་འདུག དྲ་གྲོགས་ཚོས་༧གོང་ས་མཆོག་དང་ཤུགས་ལྡན་ཚོགས་པའི་བར་དུ་མཐུན་ལམ་ཡོང་ཐུབ་པའི་ཐབས་ཇུས་གསུང་རོགས་བྱོས་ཅེས་ཞུ་རྒྱུ་ཡིན།། བོད་མི་རིགས་ལ་བསམ་པ་དཀར་བའི་བོད་མི་ཡོངས་ཀྱིས་འདི་གཉིས་ཀྱི་བར་དུ་མཐུན་ལམ་ཡོང་ཆེད་དུ་འབད་བརྩོན་གནང་རོགས་ཅེས་རེ་བ་ཞུ་རྒྱུ་ཡིན།
3 བོད་རང་དབང་རང་བཙན་གྱི་ལྟ་གྲུབ་དང་དབུ་མའི་ལམ་གྱི་ལྟ་གྲུབ་གཉིས་ཀྱི་བར་དུ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད། འདི་ནི་འགལ་ཟླ་སྡུག་སྐྱ་ཞིག་དང་ཁྱོད་ཤི་ང་གསོན་གྱི་གཞི་འགྱུར་སྲིད་པའི་འགལ་ཟླ་ཞེད་སྣང་ཚ་ཤོས་ཡིན། དབུ་མའི་ལམ་པ་བ་ཚོས་མུ་མཐུད་ནས་བོད་རྒྱ་ཁུངས་སྡོད་ཀྱི་ཡིན། རང་དབང་རང་བཙན་རྩོད་ཀྱི་མིན་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་ན་བོད་རྒྱལ་ཁབ་དང་རང་བཙན་གྱི་ཆེད་དུ་ཤི་ཐུབ་མཁན་སྔར་ཡང་མང་པོ་བྱུང་སོང་ལ་རྗེས་སུ་ཡང་མང་པོ་ཡོང་རྒྱུ་ཡིན་པ་ནི་རིག་པས་གྲུབ། མ་ཟད་བོད་ཀྱི་རྒྱལ་གཅེས་ལྷག་བསམ་ཅན་གྱི་གཞོན་སྐྱེས་མང་པོས་རང་དབང་རང་བཙན་སྲོག་ལས་གཅེས་པ་འཛིན་བཞིན་ཡོད། བོད་རང་བཙན་གྱི་ཆེད་དུ་རང་ལུས་མེ་ལ་སྲེག་བཞིན་ཡོད་པ་ནི་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་ཡིན།
༡་་་རང་བཙན་དང་དབུ་མའི་བར་གྱི་འགལ་ཟླ་འདིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཐོན་པ་ལ་འགོག་རྐྱེན་བཟོ་ཡི་ཡོད། བོད་མི་རྒྱལ་གཅེས་པ་ཚོས་བོད་རང་བཙན་གྱི་ཆེད་དུ་རང་སྲོག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་བཙན་བྱོལ་བའི་ཆབ་སྲིད་པ་ཚོས་རྒྱལ་སྤྱིའི་ནང་དུ་ཁྱབ་བསྒྲགས་གཞན་དག་ཞིག་བྱས་ཡོད། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་དུ་ཡིན་ནའང་འདྲ། ཡུང་རོབ་གྲོས་ཚོགས་ནང་དུ་ཡིན་ནའང་འདྲ། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་དང་ཚོགས་པ་ཡོངས་ལ་བོད་རང་བཙན་གྱི་ཆེད་དུ་གཞི་ལུས་བོད་མི་རྒྱལ་གཅེས་པ་ཚོས་རང་ལུས་མེ་ལ་བསྲེགས་ནས་ངོ་རྒོལ་བྱས་ཀྱི་ཡོད་ཅེས་སྙན་ཞུ་ཕུལ་གྱི་མེད། བོད་ལ་རང་དབང་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་དུ་རང་སྲོག་དོར་ནས་ངོ་རྒོལ་གནང་བཞིན་ཡོད་པ་བཤད་ཡོད། འདི་ནི་དྲང་བདེན་ཡོད་པའི་སྐད་ཆ་ཞིག་མིན། དྲང་བདེན་མིན་པའི་གནད་དོན་འདི་དག་བོད་དོན་རྒྱབ་སྐྱོར་བ་ཚོས་ཡང་ཤེས་ཀྱི་ཡོད། དེར་བརྟེན་རྒྱབ་སྐྱོར་གྱི་ནུས་པ་ཡག་པོ་ཐོན་པ་ཞིག་ཡོང་བཞིན་མེད།
༢་་་སྤྱི་ཚོགས་ནང་དུ་མི་དང་མིའི་བར་ལ་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། བོད་རང་བཙན་འདོད་མཁན་ཀྱི་བོད་མི་ཤེས་འཇོན་ཅན་རྣམས་ལ་དམའ་འབེབ་དང་མ་ཉེས་ཁ་གཡོག་བྱེད་ཀྱི་ཡོད། དཔེར་ན། ཀརྨ་ཆོས་འཕེལ་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་དང་ཀླུ་མཁར་བྱམས། གཞོན་ནུའི་ཚོགས་གཙོ་ཟུར་པ་ཚེ་དབང་རིག་འཛིན་དང་དོན་གྲུབ་ལྷ་དར་སོགས་བོད་མི་རྒྱལ་གཅེས་ལྷག་བསམ་ཅན་མང་པོ་ལ་སྐྱོན་བརྗོད་དང་དམའ་འབེབ་ཉེས་འཛུགས་སོགས་བྱས་ནས་འགལ་ཟླ་བཟོ་བཞིན་ཡོད། དེ་དང་དེ་བཞིན་རང་བཙན་དང་དབུ་མའི་ལྟ་གྲུབ་མ་མཐུན་ནས་གྲོགས་པོ་དང་གྲོགས་པོའི་བར་དུ་འགལ་ཟླ་ཕྱིན་ཡོད་ལ་ཕ་མ་དང་ཕྲུ་གུའི་བར་དུ་འགལ་ཟླ་ཕྱིན་ཡོད། དགེ་རྒན་དང་དགེ་ཕྲུག་བར་དུ་འགལ་ཟླ་ཕྱིན་ཡོད། ཚོགས་པ་དང་ཚོགས་པའི་བར་དུ་འགལ་ཟླ་ཕྱིན་ཡོད། གཅིག་གིས་གཅིག་ལ་བརྩེ་སེམས་ལ་རྒྱ་ཡང་ཐག་ཇེ་རིང་ལ་འགྲོ་བཞིན་ཡོད། ཚོགས་པ་ནུས་པ་ཅན་གཞོན་ནུ་ཚོགས་པ་ཡང་དུམ་བུ་ཁ་བྲལ་འགྲོ་བཞིན་ཡོད། ལྟོ་ཕོར་བཙན་བྱོལ་སྒྲིག་འཛུགས་ལ་བརྟེན་མཁན་དགུ་བཅུ་གསུམ་ཚོགས་པ་ཡང་འགྱུར་བ་ཕྱིན་ཡོད་ལ་ནུས་པ་ཉམས་ཡོད།
༣་་་གོང་གི་ཆབ་སྲིད་ཀྱི་འགལ་ཟླ་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་མི་ཐུབ་པ་འདི་དག་དབུ་མའི་ལམ་ལ་བརྟེན་ནས་བྱུང་། ༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་སྲིད་དབང་འཛིན་གྱི་དགོངས་པ་ཞུས་ནས་བོད་མི་དམངས་ཀྱི་འོས་བསྡུ་བྱས་པའི་སྲིད་འཛིན་ལ་སྲིད་སྐྱོང་གི་གོ་གནས་རྩིས་སྤྲད་བྱས་ཡོད། དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་ནས་ཁོང་རང་ལ་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་འདུག་ཅེས་གསུངས་ཡོད་ལ་ཐག་བཅོད་བྱས་ཡོད། ཡིན་ཀྱང་༧གོང་ས་མཆོག་སྒེར་ངོས་ནས་བཏོད་པའི་དབུ་མའི་ལམ་ཕྱིར་བསྡུ་བྱས་མེད། ཁོང་གི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པའི་གནོན་ཤུགས་ཆེན་པོ་ཆགས་བསྡད་ཡོད། ཁོང་གི་ཆབ་སྲིད་ལམ་ཕྱོགས་དབུ་མའི་ལམ་གྱིས་དགོངས་པ་ཞུས་མེད་ལ་དབུ་མའི་ལམ་གྱི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐོག་ཏུ་བཙན་བྱོལ་སྒྲིག་འཛུགས་འགྲོ་བཞིན་པ་ཡིན། བཙན་བྱོལ་བོད་གཞུང་གི་མཚན་བྱང་བཙན་བྱོལ་སྒྲིག་འཛུགས་ལ་བསྒྱུར་ཡོད། ༢༠༡༡ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་དམངས་མོས་བྱུང་ཡོད། ཡིན་ཀྱང་སྒེར་གཅོད་པ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་ངོས་ནས་དམངས་མོས་ལ་རྡོག་རོལ་བཏངས་ནས་གཞུང་ཞེས་པ་འདི་སྒྲིག་འཛུགས་ལ་བསྒྱུར་ཡོད། མ་ཟད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པ་དེ་ཡང་བསྒྱུར་ནས་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་པའི་ཚིག་ཙམ་ཡང་མཐོང་ཡ་མེད་པ་བཟོས་ཡོད། ལས་སྟངས་བྱེད་སྟངས་འདི་དག་གིས་བོད་མི་མང་པོའི་སྙིང་ལ་རྨ་ཁ་བཟོས་ཡོད་ལ་མཐུན་ལམ་རྩ་ཆིག་སྒྲིལ་ལ་གཏོར་བཤིག་བཏང་ཡོད། མ་འོངས་ཕུགས་རྒྱང་རིང་པོའི་བོད་དོན་འཐབ་རྩོད་ཀྱི་རྨང་གཞི་བཞག་ས་མེད་པ་བཟོས་ཡོད།
དེར་བརྟེན་༧གོང་ས་མཆོག་གིས་སོ་སོའི་སྒེར་ངོས་ནས་བཏོན་པའི་དབུ་མའི་ལམ་གྱི་ཆབ་སྲིད་ལམ་ཕྱོགས་འདི་ངེས་པ་ཏུ་ཕྱིར་བསྡུ་བྱེད་དགོས་ངེས་ཆགས་ཡོད། དབུ་མའི་ལམ་གྱིས་དགོངས་པ་ཞུ་རོགས་བྱོས། དབུ་མའི་ལམ་དེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཆུང་ཆུང་དེར་སྐྱོང་བའི་ཆབ་སྲིད་ལམ་ཕྱོགས་བྱེད་ན་ཡག་ཤོས་རེད་བསམས་ཀྱི་འདུག ཆོས་མིང་སྲིད་ལ་བཏགས་པའི་ལམ་ཕྱོགས་འདི་བླ་བྲང་ཞིག་ལ་འཚམ་པོ་ཡོད་པ་ལས་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཚམ་པོ་མི་འདུག་ཞུ་ཡ་ཡིན། སྙིང་ཐག་པ་ནས་ཞུ་བ་འབུལ་བཞིན་ཡོད། བོད་མི་རིགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་དུ་ཞུ་བ་འབུལ་བཞིན་ཡོད། བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་སྡོད་མེད་ནས་ཞུ་བ་འབུལ་བཞིན་ཡོད། དྲ་གྲོགས་ཚོས་གནད་དོན་འདིའི་ཐོག་ཏུ་བཀའ་སློབ་གསལ་པོ་གསུང་རོགས་བྱོས་ཞུ་རྒྱུ་ཡིན།
མཇུག་སྡོམ། མུ་མཐུད་ནས་བྲིས་ན་རྩོམ་ཡིག་རིང་དྲག་པ་དང་། གླེང་གཞི་མང་དྲག་པ། བགྲོ་གླེང་བྱ་དཀའ་བ་འདུག་པས་་གསར་གཏོད་དང་རང་མགོ་རང་ཐོན་གྱིས་སྐོར་རྗེས་སུ་བྲིས་གི་ཡིན། རྗེས་སུ་བགྲོ་གླེང་བྱེད་རོགས་བྱོས། བོད་མི་ཏང་ཡོན་དེ་དག་ཚུར་བོད་ཀྱི་ཕྱོགས་སུ་འགུག་དགོས་པ་དང་གཅིག ༧གོང་ས་མཆོག་དང་ཤུགས་ལྡན་ཚོགས་གཉིས་མཐུན་དགོས་པ་དང་གཉིས། རང་བཙན་དང་དབུ་མ་གཉིས་ཀྱི་འགལ་ཟླ་སེལ་ནས་བབ་སའི་རྩ་དོན་གཅིག་གི་ཐོག་ཏུ་རྨང་གཞི་གཏན་པོ་དགོས་པ་དང་གསུམ་གྱི་ཐོག་ཏུ་བགྲོ་གླེང་གཙོ་བོ་གནང་རོགས་བྱོས། ངའི་བྲིས་པ་འདི་དག་བོད་རྒྱལ་ཁབ་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་བྲིས་པ་མ་གཏོགས་ཕྱོགས་ཞེན་དང་སྒེར་དོན་སྤུ་ཙམ་ཡང་མེད་པར་དཀོན་མཆོག་གསུམ་དང་ཉི་ཟླ་སྐར་གསུམ་ལ་དཔང་དུ་བཙུགས།
ཕོ་རབ་དམ་པའི་ཁོག་ན་མདའ་དང་གྲི་ཡང་ཤོང་།
མི་ངན་ཕོ་མཐའི་ཁོག་ན་ཚིག་ངན་ཤོང་ས་མེད།
གངས་རིའི་ལས་དབང་བསམས་པའི་སྐྱེས་པ་ཕོ་རབ་ཚོས།
གདོང་དམར་བོད་མི་ཡོངས་རྫོགས་ཆིག་སྒྲིལ་བཟོ་རོགས་བྱོས།
སྐུ་ཞབས་གནམ་ལོ་ཡག་ལགས་ཀྱིས་བདག་ལ་དྲིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཞོར་འདྲི་ཞིག་ལ། ཁྱོད་ཀྱིས་ལྷ་སྲས་ཨི་དམ་བཙན་པོ་འམ་གླིང་དར་ངོས་འཛིན་ཅི་འདྲ་ཞིག་བྱེད་ཀྱིན་ཡོད་དམ? དུས་རབས་འདིའི་ངོས་ཐད་ནས་བལྟས་ན་ཁོང་ནི་སྒེར་གཅོད་པ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་དང་མི་འགྲིག་་་དེ་མིན་ལྷ་ལུང་དཔའ་རྡོར་དྲག་སྤྱོད་པ་ཞིག་ལ་ངོས་འཛིན་བྱ་འོས་སམ?
མཁས་དབང་རྣམ་པ་ལགས། བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ངོ་མ། ཞེས་པ་དང་། བོད་རྒྱལ་ཁབ་ཕུང་བྱེད་ཀྱི་རྒྱུ་རྐྱེན་ངོ་མ། ཞེས་པ་གཉིས་ཀྱི་ཚིག་གི་ནུས་པ་གང་ཆེ་ས་རེད་དམ།
བོད་རང་གི་གོམས་གཤིས་བཟང་པོ་གང་ཡོད་པ་རྣམས་ཕ་མེས་ཡང་མེས་ནས་བོད་མི་རང་ལ་རང་ཆས་སུ་གནས་པ་ཞིག་ཡིན།
དེ་འཛམ་གླིང་གི་ས་ཕྱོགས་གཞན་གང་ནས་ཀྱང་དངུལ་དངོས་སྤྲད་ནས་ཉོ་རྒྱུ་དང་རིག་པ་སྦྱང་ནས་བསྒྱུར་རྒྱུ་བཅས་དུས་ནམ་ཡང་མི་རྙེད། གལ་སྲིད་བརླགས་དང་པ་ཡལ་བར་གྱུར་སོང་ན་སུ་དང་གང་གིས་ཀྱང་རོགས་སྐྱོར་བྱེད་ཐུབ་ཀྱི་མ་རེད། དཔེར་ན་བོན་ལུགས་བཞིན་ནོ།
ཕྱི་རྒྱལ་གྱི་རི་ལིའི་ལྕགས་ལམ་དང་མོ་གྲའི་སྣུམ་ལམ། གནམ་གྲུའི་འབབ་ཐང་བཅས་བཟོ་རྒྱུའི་རྒྱུ་ཆ། དེ་བཞིན་ཚ་གློག་དང་གྲང་གློག་གི་འཕྲུལ་ཆ་སོགས་དེང་སང་དངུལ་དངོས་སྤྲད་ནས་ཉོ་རྒྱུ་དང་ལེན་རྒྱུ་གང་སར་ཡོད་པ་རེད། འདི་ཚོའི་སྐོར་ལ་ཤེས་མཁན་ཡང་མང་པོ་ཡོད་པ་དེ་འདྲ་རེད། དཔེར་ན་བན་ལུགས་བཞིན་ནོ། །
ཧ་ཧ་ཧ་བསམ་ཚུལ་ཙམ་ཡིན་ནོ། །
བོད་ཕུང་བྱེད་རྐྱེན་དེ་་་་ཆོས་ལུགས་དང་་དད་པ་་གོམས་སྲོལ་རྙིང་བ་བཅས་ཁྱོན་ནས་རེད་མི་འདོད།
གང་ཡིན་ཟེར་ན་་་སྔར་བཙན་པོའི་སྐབས་ནས་ཆོས་ལུགས་དང་་དད་པ་་་གོམས་སྲོལ་བཅས་ཡོད་ཡོད་པ་ཡིན་ཡང་སྟོད་རྒྱ་གར་ནས་་་སྨད་རྒྱ་ནག་བར་སྐད་གྲགས་ཆོད་འདུག་པ་འདིས་ཡིན། རྒྱུན་རྐྱེན་གང་ཞིག་གིས་བོད་ཕུང་སོང་བ་རེད་ཟེར་ན་་་་མདོ་དབུས་ཁམས་གསུམ་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ལམ་ལུགས་གཏན་འབེབས་གནང་མ་ཐུབ་པ་འདིས་ཕུང་བ་རེད་དྲན།
བོན་པོ་ལགས། ཁྱོད་ཀྱི་བཤད་པ་དེ་དག་གི་སྐོར་ལ་གསར་གཏོད་བཤད་དུས་གྲོས་བསྡུར་བྱེད་འདོད་ཡོད། དེ་དུས་ཕན་ཐོགས་པའི་བཀའ་མོས་གསུང་རོགས་བྱོས་ཞུ་རྒྱུ་ཡིན།
གླག་རྒོད་ལགས། བོད་བཙན་པོའི་སྐབས་སུ་བོད་ཆེན་པོ་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་དང་ཁྲིམས་ལུགས། དམག་དོན་བསྟན་བཅོས། མི་ཆོས་རིག་གནས་སོགས་ཡོད་པ་རེད། ཡིན་ཀྱང་རྗེས་སུ་མེད་པ་ཆགས་སོང་བ་རེད། དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་བྱོས།
བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་ནི་བོད་པ་རང་གིས་མ་འཇོན་པ་མ་གཏོགས་གཞན་ལ་ཁག་དཀྲི་བྱེད་ས་མེད། ཆོས་པ་ཚོས་ཆོས་སྤེལ་ནས་འཇོན་པ་དེ་འདྲ་ཞིག་ སྲིད་དོན་པ་ཚོས་སྲིད་སྤེལ་ནས་མ་འཇོན་པ་རེད། ད་དུང་ཡང་དེ་འདྲ་རེད། ཕྱི་རྒྱལ་ཁག་ཏུ་བོད་ཀྱི་ཆོས་པ་ཚོས་ཆོས་ཚོགས་བཙུགས་ནས་འཇོན་པ་དེ་འདྲ་ཞིག་བོད་མི་གཞན་དག་སུས་ཟ་ཁང་དང་ཡང་ན་ཚོང་ཁང་ཟིན་ནས་འཇོན་གྱི་འདུག འཇོན་མ་འཇོན་ཙམ་རེད། རང་སྣང་སྐྱིད་པོའི་སྐད་ཆ་ལྷག་མ་དེ་ཚོ་བཤད་ནས་མ་སྡོད་པར། ལག་ནས་ལས་ཀ་ཞིག་ཨེ་འཇོན་ལྟོས་དང་དེས་དགའ་གི་མ་རེད་དམ།
འཇོན་ཐང་གི་སྐད་ཆ་བཤད་ན། བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ནི་ཆོས་ལ་ཐུག་པ་རེད་ཟེར་ནས་སྡུག་སྨྲེ་འདོན་རྒྱུར་ཡང་བོད་མི་ཁ་ཤས་འཇོན་པོ་འདུག
ལོ་ག་ཚད་ཀྱི་རིང་ལ་ “ལང་ཚོའི་རྦབ་ཆུ” དེ་བཤད་ནས་བསྡད་པ་རེད་ཨང་། ད་ནི་བོད་ནང་དུ་དེ་ལ་ “ལང་ཚོའི་” དྲི་ཙམ་ཡང་མ་བྲོ་བར་ཡི་ག་གཅུ་བཞིན་པའི་སྐབས་སུ། བཙན་བྱོལ་དུ་ད་དུང་ཡང་དེའི་ཟས་ལྷག་འཐུང་ལྷག་སྒུམ་ནས་ལྡག་ནས་འདུག་པ་འདི་ཐན་ལྟས་རེད།
༧རྒྱལ་བ་རིན་པོ་ཆེ་ཚང་གིས་ཅིག་མ་འཇོན་མདོག་མདོག་བཤད་མཁན་ཡང་འདུག སོ་སོས་བོད་ཀྱི་ཆེད་དུ་ག་རེ་འཇོན་འདུག་བསམ་བློ་ཞིག་ཐོངས་དང་། ཚང་མ་མི་རེད་ཅེས་བསམ་བློ་ཆེན་པོ་གཏོང་གི་ཡོད་མདོག་མདོག་རེད། རང་ཉིད་ཀྱི་དུས་རབས་དང་རང་ཉིད་ཀྱི་ཁོར་ཡུག རང་ཉིད་ཀྱི་འཇོན་ཐང་ལ་བསམ་བློ་བཏང་ནས་སྐད་ཆ་ཞིག་ཤོད་དང་།
ཅོ་རི་ལགས།
བོད་བཙན་པོའི་སྐབས་དེར་ཆབ་སྲིད་དང་ཁྲིམས་ལུགས་སོགས་ཡོད་དུ་ཆུགས་ཀྱང་་་མདོ་དབུས་ཁམས་གསུམ་གཅིག་སྒྲིལ་གྱི་ནུས་པ་འདོན་མ་ཐུབ་པ་དང་། ལྷག་པར་དུའང་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡོད་མཁན་ཉུང་ཤས་དེ་ཚོའི་ཁ་ལ་མ་ཉན་པའི་རྐྱེན་གྱིས་ཕུང་བ་རེད་འདོད། མདོར་དྲིལ་ན་་་ཆབ་སྲིད་དང་ཁྲིམས་ལུགས་བཅས་ཡོད་པས་མི་ཕན་ལ་ལག་ལེན་དུ་བསྟར་རྒྱུ་གལ་ཆེ་བར་མ་ཤེས་པས་ཕུང་བ་རེད་པ།
ག་དུས་ཡིན་རུང་ཤི་བོའི་བླ་སྒུལ་ཞིང་གསོན་པོར་སྡུག་སྨྲེ་བཏོན་ནས་འདུག་མཁན་འདི་ཚོའི་བྱེད་སྟངས་གཅིག་ནི།
ཐོག་མར་གླང་དར་བཤད་གི་རེད།
དེའི་རྗེས་ལ་དགེ་ཆོས་དྲངས་ཀྱི་རེད།
དེ་ནས་དོན་གྲུབ་རྒྱལ་དྲངས་ཀྱི་རེད།
དེ་ནས་ཞོགས་དུང་།
དེ་ནས་ཚ་བ་མདའ་སྨྱུག
ཁྱོད་ཚོས་རྒོལ་བཞིན་པའི་ཆོས་པ་ཚོས་ཀྱང་ཐོག་མར།
སྟོན་པ་བཅོམ་ལྡན་འདས་དྲངས་ཀྱི་རེད།
དེ་ནས་ཀླུ་སྒྲུབ།
དེ་ནས་རྗེ་རིན་པོ་ཆེ།
དེ་ནས་ངའི་བླ་མ།
རིགས་ལམ་དང་བསམ་སྦྱོར་འདི་གཉིས་ཡོངས་སུ་ཆ་མཚུངས་མ་རེད་དམ། འདིས་ང་ཚོ་ལ་ག་རེ་སྟོན་གིན་འདུག་གམ་ཟེར་ན། བོད་ཕུང་བྱེད་ཀྱི་ “རྒྱུ་ཚོགས” སྟོན་གིན་འདུག
ད་དུང་ད་ནི་རྒྱུ་རྐྱེན་ཤོད། དེའི་རྗེས་ལ་གསར་གཏོད་བཤད་ཟེར། གསར་གཏོད་ཟེར་བ་དེ་བཤད་རྒྱུ་ཞིག་མ་རེད། ལས་རྒྱུ་ཞིག་རེད།
རེད་ཡ། ཤི་བོའིི་ཞལ་ཆེམས་དང་གསོན་པོའི་རེ་བ་དེ་ཙི་ཙིའི་རྔ་མ་བཞིན་སྦོམ་ས་ནས་ཕྲ་རུ་ཕྲ་རུ་འགྲོ་སྟངས་འདི་སྨྲེ་སྔགས་ཀྱི་རྒྱུ་ཞིག་མ་རེད་པས།
བོད་མི་རིགས་འདི་ལ་མི་གཅིག་དབང་འཛིན་ལམ་ལུགས་དང་ལྷ་ཆོས་དབང་བསྒྱུར་ལམ་ལུགས། བཀས་བཀོད་རྒྱུད་འཛིན་ལམ་ལུགས། བྲན་གཡོག་ལམ་ལུགས་ཀྱིས་གཉའ་གནོན་བཤུ་གཞོག་ལམ་ལུགས་ཡོངས་སུ་དོར་ནས། དམངས་གཙོ་དང་རང་དབང་འདྲ་མཉམ་རང་བཞིན་འོག་འཇོན་ཐང་འདོན་རྒྱུའི་སྣ་མང་རང་བཞིན་ཅན་གྱི་ཤེས་བྱའི་འཁོར་ཡུག་ཡང་དག་ཞིག་བསྐྲུན་ཡོད་ན། ད་གཟོད་བོད་དང་བོད་མི་རིགས་འདིིའི་མགོ་ཐོག་ཏུ་བབས་པའི་ཆག་ཆེ་ཉམས་ང་འདི་བྱུང་མི་སྲིད་པ་རེད།
དེས་ན་ལྷ་ཆོས་དབང་འཛིན་ལམ་ལུགས་འོག་ཆོས་པ་ཚོས་ཆོས་སྤེལ་བའི་འཇོན་ཐང་དེ་འདྲ་ཞིག། ཁྲིམས་ལུགས་རང་བཞིན་གྱི་དབང་བསྒྱུར་ལམ་ལུགས་ལག་བསྟར་གྱིས་མི་ཆོས་རིང་ལུགས་ལ་ཆབ་སྲིད་རང་དབང་རང་བཞིན་གྱི་གོ་སྐབས་དེ་རག་ཡོད་ན་སྲིད་དོན་པ་ཚོས་སེར་མོ་བའི་འཇོན་ཐང་ལས་ལྷག་གཅིག་མ་གཏོགས་སྐྱོ་ཡོད་རྒྱུ་མ་རེད།
ད་དུང་བོད་མི་རིགས་འདིར་དམངས་གཙོ་དང་རང་དབང་། འདྲ་མཉམ། ཆབ་སྲིད་རང་བཞིན་གྱི་གོ་རྟོགས་ཡང་དག་པ་ཞིག་སད་མེད་ཙང་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་འཇོན་ཐང་འདོན་རྒྱུ་ཞིག་ཁག་པོ་བྱས་པ་རེད།
མི་རིགས་རྩ་དོན་འཐབ་རྩོད་ཐད་མགོ་མཇུག་མེད་པ་ཚང་མས་མ་འཇོན་པ་ནི་དངོས་ཡོད་ཡིན་པས་སྤམ་མདོག་གིས་དེ་ལས་གཡོལ་ཐབས་ཁོ་རང་མེད་པ་རེད།
མཆན་འདི་མ་གཞི་ཨ་ནུ་ཐང་བསོད་ནམས་ལགས་ཀྱི་རྩོམ་མཇུག་ཏུ་བཀོད་ཀྱང་ངའི་མིང་གི་དག་ཆ་ནོར་བའི་རྐྱེན་ནམ་ཐད་ཀར་འབྲི་ཐུབ་མ་སོང་། དེ་བས་འདིར་བཀོད་པ་ཡིན།
མཆན་ཁ་ཤས་བཀླགས་རྗེས། ང་ལ་སྒྲུང་ཞིག་བཤད་འདུན་ཡོང་སོང་། སྔར་མན་ཇུའི་གོང་མ་མཐའ་མ་དང་དབྱིན་གཞུང་གི་ཕྱི་འབྲེལ་དཔོན་རིགས་མཇལ་མོལ་གནང་སྐབས། གོང་མའི་འགྲམ་དུ་ཉུག་རུམ་པ་གཉིས་ནས་ཞབས་ཞུ་བའི་ཚུལ་དུ་ཡར་ལངས་ནས་བསྡད་ཡོད་པས། དབྱིན་གཞུང་གི་དཔོན་རིགས་དེས་མན་ཇུ་གོང་མར་ཞུ་དོན། དེང་སྐབས་དུས་རབས་ཉི་ཤུ་བར་སླེབས་ཟིན་སྟབས། མི་ལུས་པོ་བདེ་ཐང་ཅན་ཞིག་ཉུག་རུམ་པར་བཟོ་བ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་ཐོབ་ཐང་གང་ལའང་མཐུན་གྱི་མེད། མཆོག་གི་སྲིད་གཞུང་ནས་ཀྱང་དེའི་དགོངས་པ་ཆེར་བཞེས་གནང་བའི་དུས་ལ་སླེབས་ཡོད་ཅེས་ཞུས་མ་ཐག མན་ཇུ་གོང་མས་བརྡ་ལན་མ་སྤྲད་གོང་དུ་ཉུག་རུམ་པ་དེ་གཉིས་ལ་ངར་ལངས་ནས་དབྱིན་གཞུང་དཔོན་རིགས་དེར་བཤད་དོན། ང་ཚོ་ཉུག་རུམ་པར་གྱུར་བ་ནི་བསོད་ནམས་ཆེན་པོ་དང་ནང་མིའི་གཟི་བརྗིད། མངའ་བདག་གོང་མས་གསོལ་རས་སོང་ཙང་། འདིའི་ཐད་ཕྱི་གླིང་བ་ཚོར་སྐད་ཆ་བཤད་ས་ལྷག་མེད་ཅེས་བཤད་པ་རེད།
ད་ཚང་མས་བསམ་བློ་ཞིག་ཐོངས་དང་། སྒྲུང་འདི་དུས་རབས་ཉེར་གཅིག་པའི་བོད་ལ་ད་དུང་ཡང་འཚམས་པོ་ཡོད་པ་རེད་དམ། ཡང་ན། མི་ཁག་ཅིག་གིས་འཐབ་རྩོད་ཀྱི་སླད་དུ་བསམ་བློ་དེ་རིགས་བེད་སྤྱོད་གཏོང་འདུན་ཡོད་པ་རེད་དམ།