ཅོ་རི་ཉི་མ།
(རྒྱ་གཞུང་གི་ལས་བྱེད་བོད་མི་རྣམས་དང་བོད་མི་བྱིངས་ཀྱི་བར་མཐུན་ཐབས། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་དང་ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་འགྲིག་ཐབས། རང་བཙན་པ་དང་དབུ་མའི་ལམ་པའི་བར་གྱི་འགལ་བ་སེལ་ཐབས་བཅས་བསམ་ཚུལ་གླེང་བ།)
ཁྱོད་ཀྱི་ཟུངས་ཁྲག་བཙན་པོའི་ཁྲག་རྒྱུད་རེད།
།
ང་ཡི་རུས་རྐང་བཙན་པོའི་རུས་རྒྱུད་རེད།
།
ང་ཚོ་ཚང་མ་རིགས་གཅིག་སྤུན་ཟླ་རེད།
།
སྤུ་རྒྱལ་བཙན་པོའི་རྒྱལ་གཞིས་འཛིན་མཁན་རེད།།
ཟླ་ཤས་རིང་དུ་བོད་མི་ཤེས་ཡོན་ཅན་མང་པོས་དྲ་ཐོག་ཏུ་བོད་ཀྱི་གནད་དོན་གླེང་མོལ་བྱས། གླེང་བྱ་གཙོ་བོ་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་སྐོར་ལ་གླེང་བས་བོད་ཉམས་རྒུད་དུ་ཕྱིན་པ་དང་རང་ཡུལ་དགྲ་ལ་ཤོར་བའི་རྒྱུ་རྐྱེན་མང་པོ་ངོས་འཛིན་ཐུབ་པ་བྱུང་།
ངོས་འཛིན་བྱུང་བ་ནི་འདི་དག་རེད། རྨོངས་དད། རྙིང་ཞེན་བག་འཁུམས། གསར་གཏོད་བྱས་མ་ཐུབ་པ། མི་ཆོས་རིག་གནས་རྗེས་ལུས་ཤོར་བ། ཆོས་ལུགས་པའི་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས། བག་ཆགས་རྙིང་པ། གཞན་གྱིས་མགོ་སྐོར་འོག་ཏུ་ཚུད་པ། ནང་འཁྲུག་བརྒྱབས་པ། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་གྱི་ནང་འཁྲུག དགོན་པ་དང་དགོན་པའི་བར་གྱི་ནང་འཁྲུག བླ་བྲང་དང་བླ་བྲང་གི་བར་གྱི་ནང་འཁྲུག སྡེ་བ་དང་སྡེ་བའི་བར་གྱི་ནང་འཁྲུག ས་རྩོད་ཆུ་རྩོད་བྱས་པའི་ནང་འཁྲུག སྲིད་དབང་འཕྲོག་རེའི་བྱས་པའི་ནང་འཁྲུག རང་ཉིད་ཀྱིས་རྒྱལ་ཁ་འཐོབ་ཆེད་དུ་སོག་དམག་བོད་ལ་དྲངས་པའི་ནང་འཁྲུག རྒྱ་དམག་དང་གོར་དམག་བོད་ལ་དྲངས་ནས་ནང་མགོ་བརྡུངས་བ། བོད་མི་ཁ་ཅིག་གིས་བཙན་འཛུལ་བའི་ལམ་ཁྲིད་དང་སྐད་སྒྱུར་བྱས་པ་སོགས་ལས་ངན་བརྒྱ་ཕྲག་དང་ནོར་འཁྲུལ་སྟོང་ཕྲག་བཟོས་མྱོང་བར་དྲ་གྲོགས་རྣམ་པས་ལོ་རྒྱུས་ལ་ཕྱི་མིག་བལྟས་ནས་ཁ་གཅིག་གྲག་གིས་ངོས་བཟུང་སོང་། ནོར་འཁྲུལ་ལ་ནོར་འཁྲུལ་ཡིན་པར་ངོས་ཟིན་ནས་ལམ་ནོར་ལྡོག་ཤེས་བྱེད་དགོས་པ་ནི་གནད་འགག་ཆེ་ཤོས་ཤིག་ཡིན་པས། འགྱེལ་ས་ནས་ལངས་ཐུབ་པའི་རྩ་དོན་ཞིག་དང་ཤི་ས་ནས་གསོན་ཐུབ་པའི་ཐབས་ཇུས་ཤིག་བཏོད་དགོས་པར་ངོས་འཛིན་གནང་སོང་།
དེར་བརྟེན་སྔོན་བྱུང་གི་ནོར་འཁྲུལ་དང་ཕམ་ཁ་ལས་བསླབ་བྱ་བླངས་ཏེ་མ་འོངས་བོད་རྒྱལ་ཁབ་ཀྱི་རྒྱལ་ཁ་འཐོབ་ཐུབ་པའི་ཐབས་ཇུས་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡིན། དེ་ཡང་ཐབས་ཇུས་བཟང་ཤོས་དབྱེ་བ་གསུམ་དུ་ཕྱེས་ནས་རེ་རེ་བཞིན་བགྲོ་གླེང་བྱེད། གོང་གི་ནོར་འཁྲུལ་དེ་དག་ངོས་ཟིན་པའི་ཐོག་ནས་མ་འོངས་བོད་རྒྱལ་ཁབ་ཀྱི་རྒྱལ་ཁ་འཐོབ་ཐུབ་པའི་ཐབས་ཇུས་ནི་ཆིག་སྒྲིལ། གསར་བཏོད། རང་མགོ་རང་ཐོན་གསུམ་ཡིན་པར་སྲིད་འཛིན་སེང་གེ་མཆོག་གིས་གསུངས་པ་ལྟར་ང་ཚོས་ངོས་ནས་ཀྱང་འདི་དག་ངོས་འཛིན་བྱུང་། གོང་གི་སྲིད་འཛིན་དང་འོག་གི་མི་སེར་གཉིས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་བ་ནི་བྱ་བ་བཟང་པོ་ཞིག་ཡིན་པས་དགའ་འོས་པའི་གནད་དོན་ཞིག་ཀྱང་རེད།
དེ་ཡང་རྩོམ་ཡིག་འདིའི་ནང་དུ་ཆིག་སྒྲིལ་གྱི་སྐོར་གླེང་གི་ཡིན། བོད་མི་ས་ཡ་དྲུག་གི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ནི་བོད་རྒྱལ་ཁབ་ལ་རྒྱལ་ཁ་འཐོབ་ཐུབ་པའི་རྩ་དོན་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་བྱུང་། མ་ཟད་རང་ལུས་མེ་ལ་བསྲེགས་ནས་རང་སྲོག་བློས་བཏང་མཁན་གྱི་བོད་མི་རྒྱལ་གཅེས་པ་དེ་དག་གི་ཁ་ཆེམས་ཀྱང་ཡིན། དེར་བརྟེན་ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དངོས་དང་སྦྱར་ནས་ཆིག་སྒྲིལ་གྱི་སྐོར་གླེང་བ་ལ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་དུ་ཡོད་བཞིན་པའི་འགལ་བ་ཆེ་ཤོས་གསུམ་ལས་འཕྲོས་ནས་གླེང་།
དེ་ཡང་། རྒྱ་གཞུང་གི་ལས་བྱེད་པ་ཡིན་པའི་བོད་མི་གུན་ཁྲན་ཏང་ཡོན་རྣམས་དང་བོད་མིའི་བར་གྱི་འགལ་བ། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་གྱི་འགལ་ཟླ་དང་ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་བར་གྱི་འགལ་བ། རང་བཙན་དང་དབུ་མའི་ལམ་གྱི་བར་གྱི་འགལ་བ་བཅས་སོ།
1 བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་ལྷ་ལགས་གཙོ་བོ་གྱུར་པའི་བོད་མི་ཏང་ཡོན་རྩམ་གཟན་པ་ཡོངས་རྫོགས་དང་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་དགོས་པ་ནི་བོད་མི་རིགས་ཆིག་སྒྲིལ་གྱི་ཕྱོགས་སྣེ་ཞིག་རེད། བོད་མི་གུན་ཁྲན་ཏང་ཡོན་དེ་དག་གི་ནང་དུ་བོད་རྒྱལ་ཁབ་དང་བོད་སྤྱི་པའི་ཆེད་དུ་བོད་མི་ཡག་པོ་མང་པོ་ཡོད་ངེས། དཔེར་ན། སྔོན་མ་དམངས་གཙོའི་བཅོས་སྒྱུར་གྱི་སྐབས་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་སྡེ་གཏོར་བཤིག་བཏང་སྐབས་སུ་བོད་མི་གུང་ཁྲན་ཏང་ཡོན་མང་པོ་ཞིག་གིས་སྐུ་འདྲ་རྙིང་པ་དང་ཐང་ཀ་རྙིང་པ་སོགས་རིན་ཐང་ཆེ་བའི་དངོས་པོ་མང་པོ་རྒྱ་གཞུང་གི་ལག་ཏུ་མ་ཤོར་བར་སྦས། རྗེས་སུ་ཆོས་དད་རང་མོས་ཀྱི་ཐོབ་ཐང་སྤྲད་སྐབས་སུ་དགོན་པ་ལ་ཕྱིར་སྤྲད་པ་སོགས་བོད་རིགས་གུན་ཁྲན་ཏང་ཡོན་དེ་དག་གིས་བྱས་རྗེས་ཆེན་པོ་བཞག་པ་སོགས་དངོས་ཡོད་གནས་ཚུལ་དང་མིག་མཐོང་ལག་ཟིན་བྱུང་བའི་གནད་དོན་ཡང་ཡིན།
དེང་སང་གི་བོད་མི་གུང་ཁྲན་ཏང་ཡོན་དེ་དག་ནི་ཤེས་ཡོན་ཡོད་མཁན། གོ་གནས་ཡོད་མཁན། དཔལ་འབྱོར་ཡོད་མཁན། ནུས་པ་ཡོད་མཁན། ཁ་གཏད་དགྲ་བོ་གུང་ཁྲན་ཏང་ལ་རྒྱུས་མངའ་ཡོད་མཁན་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་མེད་ན་ཐབས་མེད་རེད། ཁོ་ཚོ་དང་ཆིག་སྒྲིལ་མ་བྱུང་ན་བོད་མི་རིགས་ལ་རྒྱལ་ཁ་འཐོབ་པར་དཀའ། དྲ་གྲོགས་ཚོས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པའི་ཐབས་ལམ་གསུང་རོགས། གྲོས་བསྡུར་བྱ་རོགས།
2 ཆོས་ལུགས་དང་ཆོས་རྒྱུད་ཀྱི་བར་དུ་མཐུན་ལམ་རྡོག་རྩ་སྒྲིལ་ཡོང་དགོས་ཀྱི་འདུག སེང་གེའི་བཀའ་ཤག་གིས་ཆོས་ལུགས་རིས་མེད་ཡིན་ཟེར་གྱི་ཡོད། ཡིན་ཀྱང་གནད་དོན་མང་པོ་ཞིག་གི་ཐོག་ཏུ་འདྲ་མཉམ་མེད་པ་དང་། དབང་ཆེ་ཆུང་གི་ཐོག་ནས་འགྲོ་བཞིན་ཡོད་པའི་ཟོལ་མཐོང་གི་འདུག དཔེར་ན། བོད་རྒྱལ་ཁབ་ལ་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན། ཇོ་ནང་དང་ཁ་ཆེ་བཅས་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་མི་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་གདམ་ཆོག་པའི་ཐོབ་ཐང་སྤྲོད་དགོས་ངེས་རེད་བསམས་ཀྱི་འདུག
དེ་ནས་བཙན་བྱོལ་གཞུང་གི་ངོས་ནས་ཤཱཀྱའི་ཆོས་ལུགས་འདི་གཞུང་འབྲེལ་ཆོས་ལུགས་ཤིག་ཡིན་པའི་ཟོལ་འདྲ་ཞིག་དང་། དེ་ཡང་དགེ་ལུགས་པ་ཡིན་པའི་ཟོལ་འདྲ་ཞིག་སྟོན་བསྡད་པ་འདི་ཡང་དྲང་བདེན་མ་རེད། སློབ་གྲྭ་ཁག་ལ་ཆོས་དགེ་རེ་བཞག་ཡོད་པ་དེ་ཡང་དགེ་ལུགས་པའི་ཆོས་སློབ་མཁན་ཡིན་པའི་ཟོལ་ཞིག་མཐོང་གི་འདུག འདི་དག་སྒྱུར་བཅོས་བཏང་ནས་ཆོས་ལུགས་རིས་མེད་ངོ་མ་ཞིག་བྱེད་དགོས་ཀྱི་འདུག་བསམ་གྱི་ཡོད། དྲ་གྲོགས་ཚོས་གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་གང་མང་གསུང་རོགས།
དེ་ནས་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་སྐོར་བཤད་ཀྱི་ཡིན། འདི་ནི་ང་ཚོའི་སྤྱི་ཚོགས་ནང་དུ་འགལ་ཟླ་ཆེ་ཤོས་ཤིག་རེད། འདི་གཉིས་ཀྱི་བར་གྱི་འགལ་ཟླ་ནི་ཤུགས་ལྡན་བསྟེན་དང་མི་བསྟེན་དེ་ཡིན་པས་རྨོངས་དད་ཅན་གྱི་ངོས་ནས་བལྟས་ན་དཀའ་ངལ་ཆེན་པོ་ཞིག་རེད། ངའི་བསམ་ཚུལ་ལ་༧གོང་ས་མཆོག་གི་ངོས་ནས་ཤུགས་ལྡན་བསྟེན་མཁན་རྣམས་དང་མཐུན་ལམ་བྱས། ཤུགས་ལྡན་ཚོགས་པའི་ངོས་ནས་སོ་སོའི་དབུ་ཁྲིད་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཞུ་བ་ཕུལ་ནས་མཐེ་མོ་སློང་ན་བསམས་ཀྱི་འདུག Cསོ་སོའི་དབུ་ཁྲིད་ཀྱི་མདུན་དུ་མཐུན་ལམ་ཡོང་ཆེད་དུ་ཞུ་བ་འབུལ་བ་ངོ་ཚ་དགོས་པའི་གནད་དོན་ཞིག་མ་རེད། ངོ་ཚ་དགོས་པ་ངོ་མ་དེ་ཞུ་བ་མ་ཕུལ་པར་ཁ་གཏད་བཅག་ན་ངོ་ཚ་དགོས་པ་དེ་རེད། རྡོ་རྗེ་ཤུགས་ལྡན་བློས་གཏོང་ཐུབ་ཐབས་མི་འདུག་ཟེར་ནས་ཞུ་བ་ཕུལ་ན་ལུགས་མཐུན་རེད་བསམས་ཀྱི་འདུག གཞན་‘ཏཱ་ལའི་བླ་མ་སྐྱག་རྫུན་མཚམས་ཞོག’་ཟེར་ནས་ངོ་རྒོལ་བྱས་ན་ཡག་པོ་མི་འདུག
ཕྱོགས་གཉིས་ཀས་གཉིས་ཕན་གྱི་ཐོག་ནས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་ངེས་རེད། བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སེམས་ལ་བཞག་ནས་གྲོས་མོལ་བྱེད་དགོས་པ་འདི་ཚོ་ཐབས་ལམ་ངོ་མ་དེ་རེད་བསམས་ཀྱི་འདུག ༧གོང་ས་མཆོག་གི་ངོས་ནས་ཀྱང་བོད་མི་དམངས་ང་ལ་དད་པ་ཡོད། བོད་མི་མང་ཤོས་ངའི་རྗེས་སུ་ཡོད། ཤུགས་ལྡན་ཚོགས་པ་མི་ཉུང་ཤོས་ཤིག་རེད་བསམས་ནས་གཉའ་གནོན་བྱས་ན་ཡག་པོ་མ་རེད། འཛམ་གླིང་འདིའི་ཐོག་གི་ལྷ་བསྟེན་མཁན་དང་འདྲེ་བསྟེན་མཁན། དམར་མཆོད་ཕུལ་མཁན། ཁ་ཆེ་ཡེ་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ཀྱི་མཉམ་དུ་ཁྱེད་མཐུན་གྱི་འདུག་ལ། ཆོས་ལུགས་ཀྱི་བར་དུ་མཐུན་ལམ་བྱེད་དགོས་ཟེར་ནས་གཞན་ལ་བསླབ་བྱ་ཡང་གནང་བཞིན་འདུག དེ་འདྲ་ཡིན་དུས་ཤུགས་ལྡན་ཚོགས་པ་དང་མཐུན་ལམ་བྱ་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་མཐུན་ལམ་གནང་དགོས་ཀྱི་འདུག དྲ་གྲོགས་ཚོས་༧གོང་ས་མཆོག་དང་ཤུགས་ལྡན་ཚོགས་པའི་བར་དུ་མཐུན་ལམ་ཡོང་ཐུབ་པའི་ཐབས་ཇུས་གསུང་རོགས། བོད་མི་རིགས་ལ་བསམ་པ་དཀར་བའི་བོད་མི་ཡོངས་ཀྱིས་འདི་གཉིས་ཀྱི་བར་དུ་མཐུན་ལམ་ཡོང་ཆེད་དུ་འབད་བརྩོན་གནང་རོགས་ཅེས་རེ་བ་ཞུ་རྒྱུ་ཡིན།
3 བོད་རང་དབང་རང་བཙན་གྱི་ལྟ་གྲུབ་དང་དབུ་མའི་ལམ་གྱི་ལྟ་གྲུབ་གཉིས་ཀྱི་བར་དུ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད། འདི་ནི་འགལ་ཟླ་སྡུག་པོ་ཞིག་དང་ཁྱོད་ཤི་ང་གསོན་གྱི་གཞིར་འགྱུར་སྲིད་པའི་འགལ་ཟླ་ཞེད་སྣང་ཚ་ཤོས་ཡིན། དབུ་མའི་ལམ་པ་བ་ཚོས་མུ་མཐུད་ནས་བོད་རྒྱ་ཁོངས་སུ་སྡོད་ཀྱི་ཡིན། རང་དབང་རང་བཙན་རྩོད་ཀྱི་མིན་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་ན་ཡང་། བོད་རྒྱལ་ཁབ་དང་རང་བཙན་གྱི་ཆེད་དུ་ཤི་ཐུབ་མཁན་སྔར་ཡང་མང་པོ་བྱུང་སོང་ལ་རྗེས་སུ་ཡང་མང་པོ་ཡོང་རྒྱུ་ཡིན་པ་ནི་རིགས་པས་གྲུབ། མ་ཟད་བོད་ཀྱི་རྒྱལ་གཅེས་ལྷག་བསམ་ཅན་གྱི་གཞོན་སྐྱེས་མང་པོས་རང་དབང་རང་བཙན་སྲོག་ལས་གཅེས་པར་འཛིན་བཞིན་ཡོད། བོད་རང་བཙན་གྱི་ཆེད་དུ་རང་ལུས་མེ་ལ་སྲེག་བཞིན་ཡོད་པ་ནི་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་ཡིན།
གཅིག་ནས་རང་བཙན་དང་དབུ་མའི་བར་གྱི་འགལ་ཟླ་འདིས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཐོན་པ་ལ་འགོག་རྐྱེན་བཟོ་བཞིན་ཡོད། བོད་མི་རྒྱལ་གཅེས་པ་ཚོས་‘བོད་རང་བཙན་གྱི་ཆེད་’དུ་རང་སྲོག་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་བཙན་བྱོལ་བའི་ཆབ་སྲིད་པ་ཚོས་རྒྱལ་སྤྱིའི་ནང་དུ་ཁྱབ་བསྒྲགས་གཞན་ཞིག་བྱས་ཡོད། དེ་བཞིན་ཨ་རིའི་གྲོས་ཚོགས་ནང་དུ་ཡིན་ནའང་འདྲ། ཡུ་རོབ་གྲོས་ཚོགས་ནང་དུ་ཡིན་ནའང་འདྲ། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་དང་ཚོགས་པ་ཡོངས་ལ་བོད་རང་བཙན་གྱི་ཆེད་དུ་གཞིས་ལུས་བོད་མི་རྒྱལ་གཅེས་པ་ཚོས་རང་ལུས་མེ་ལ་བསྲེགས་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་སྙན་ཞུ་འབུལ་གྱིན་མེད། ‘བོད་ལ་རང་དབང་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་དུ་རང་སྲོག་དོར་ནས་ངོ་རྒོལ་གནང་བཞིན་ཡོད་’པ་བཤད་ཡོད། འདི་ནི་དྲང་བདེན་ཡོད་པའི་སྐད་ཆ་ཞིག་མིན། དྲང་བདེན་མིན་པའི་གནད་དོན་འདི་དག་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་ཤེས་ཀྱི་ཡོད། དེར་བརྟེན་རྒྱབ་སྐྱོར་གྱི་ནུས་པ་ཡག་པོ་ཐོན་གྱིན་མེད།
གཉིས་ནས་ང་ཚོའི་སྤྱི་ཚོགས་ནང་དུ་མི་དང་མིའི་བར་ལ་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། བོད་རང་བཙན་འདོད་མཁན་ཀྱི་བོད་མི་ཤེས་འཇོན་ཅན་རྣམས་ལ་དམའ་འབེབ་དང་མ་ཉེས་ཁ་གཡོག་བྱེད་ཀྱི་ཡོད། དཔེར་ན། ཀརྨ་ཆོས་འཕེལ་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། ཀླུ་མཁར་བྱམས། གཞོན་ནུའི་ཚོགས་གཙོ་ཟུར་པ་ཚེ་དབང་རིག་འཛིན་དང་དོན་གྲུབ་ལྷ་དར་སོགས་བོད་མི་རྒྱལ་གཅེས་ལྷག་བསམ་ཅན་མང་པོ་ལ་སྐྱོན་བརྗོད་དང་དམའ་འབེབ་ཉེས་འཛུགས་སོགས་བྱས་ནས་འགལ་ཟླ་བཟོ་བཞིན་ཡོད། དེ་དང་དེ་བཞིན་རང་བཙན་དང་དབུ་མའི་ལྟ་གྲུབ་མ་མཐུན་ནས་གྲོགས་པོ་དང་གྲོགས་པོའི་བར། ཕ་མ་དང་ཕྲུ་གུའི་བར། དགེ་རྒན་དང་དགེ་ཕྲུག་བར། ཚོགས་པ་དང་ཚོགས་པའི་བར་དུ་འགལ་ཟླ་ཕྱིན་ཅིང་གཅིག་གིས་གཅིག་ལ་བརྩེ་སེམས་ལ་རྒྱ་ཡང་ཐག་ཇེ་རིང་ལ་འགྲོ་བཞིན་ཡོད། ཚོགས་པ་ནུས་པ་ཅན་གཞོན་ནུ་ཚོགས་པ་ཡང་དུམ་བུ་ཁ་བྲལ་དུ་འགྲོ་བཞིན་ཡོད། ལྟོ་ཕོར་བཙན་བྱོལ་སྒྲིག་འཛུགས་ལ་བཟེད་མཁན་དགུ་བཅུ་གསུམ་ཚོགས་པ་ཡང་འགྱུར་བ་ཕྱིན་ཅིང་ནུས་པ་ཉམས་ཡོད།
གསུམ་ནས་གོང་དུ་བཤད་པའི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་མི་ཐུབ་པའི་འབྱུང་རྐྱེན་འདི་དག་༧གོང་ས་མཆོག་གིས་་དགོངས་པ་ཞུས་ཀྱང་ཁོང་སྒེར་གྱི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་དེར་ཐུག་ཡོད། ཁོང་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དབུ་འཛིན་གོ་གནས་ལས་དགོངས་པ་ཞུས་ཤིང་བོད་མི་དམངས་ཀྱིས་འོས་བསྡུ་བྱས་པའི་དབུ་ཁྲིད་ལ་སྲིད་སྐྱོང་གི་གོ་གནས་རྩིས་སྤྲད་ཡོད། དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་ནས་ཁོང་རང་ལ་བླ་བྲང་ཆུང་ཆུང་ཞིག་དགོས་ཀྱི་འདུག་ཅེས་གསུངས་ཡོད་ལ་ཐག་གཅོད་བྱས་ཡོད་མོད་ཁོང་སྒེར་ངོས་ནས་བཏོད་པའི་དབུ་མའི་ལམ་ཕྱིར་བསྡུ་བྱས་མེད། ཁོང་གི་ཆབ་སྲིད་ལམ་ཕྱོགས་དབུ་མའི་ལམ་གྱིས་དགོངས་པ་ཞུས་མེད་ལ་བཙན་བྱོལ་སྒྲིག་འཛུགས་ཀྱང་ཁོང་གི་དབུ་མའི་ལམ་གྱི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐོག་ཏུ་འགྲོ་བཞིན་པ་ཡིན། ཁོང་གི་ཆབ་སྲིད་ལམ་ཕྱོགས་ཀྱི་ཐོག་ཏུ་བོད་མི་དམངས་ཤར་སྐྱོད་བྱེད་དགོས་པ་གནོན་ཤུགས་ཆེན་པོ་ཆགས་ཡོད། ‘བཙན་བྱོལ་བོད་གཞུང་’གི་མཚན་བྱང་‘བོད་མིའི་སྒྲིག་འཛུགས་’ལ་བསྒྱུར་ཡོད། ༢༠༡༡ལོར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་འཇོག་དགོས་པར་མང་མོས་བྱུང་། ཡིན་ཀྱང་སྒེར་གཅོད་པ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ངོས་ནས་མང་མོས་ལ་རྡོག་རོལ་བཏང་ནས་‘གཞུང་’ཞེས་པ་འདི་‘སྒྲིག་འཛུགས་’ལ་བསྒྱུར་ཡོད། མ་ཟད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་‘བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་’ཅེས་པ་དེ་ཡང་བསྒྱུར་ནས་བཅའ་ཁྲིམས་ནང་དུ་‘བོད་རྒྱལ་ཁབ་’ཅེས་པའི་ཚིག་ཙམ་ཡང་མེད་པ་བཟོས་ཡོད།
ལས་སྟངས་བྱེད་སྟངས་འདི་དག་གིས་བོད་མི་མང་པོའི་སྙིང་ལ་རྨ་ཁ་བཟོས་ཡོད་ལ་མཐུན་ལམ་ཆིག་སྒྲིལ་ལ་གཏོར་བཤིག་བཏང་ཡོད། མ་འོངས་ཕུགས་རྒྱང་རིང་པོའི་བོད་དོན་འཐབ་རྩོད་ཀྱི་རྨང་གཞི་བཞག་ས་མེད་པ་བཟོས་ཡོད།
དེར་བརྟེན་༧གོང་ས་མཆོག་གིས་སོ་སོའི་སྒེར་ངོས་ནས་བཏོན་པའི་དབུ་མའི་ལམ་གྱི་ཆབ་སྲིད་ལམ་ཕྱོགས་འདི་ངེས་པར་ཕྱིར་བསྡུ་བྱེད་དགོས་ངེས་ཆགས་ཡོད། དབུ་མའི་ལམ་གྱིས་དགོངས་པ་ཞུ་རོགས། དབུ་མའི་ལམ་དེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཆུང་ཆུང་དེས་སྐྱོང་བའི་ཆབ་སྲིད་ལམ་ཕྱོགས་བྱས་ན་ཡག་ཤོས་རེད་བསམས་ཀྱི་འདུག ཆོས་མིང་སྲིད་ལ་བཏགས་པའི་ལམ་ཕྱོགས་འདི་བླ་བྲང་ཞིག་ལ་འཚམ་པོ་ཡོད་པ་ལས་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཚམ་པོ་མི་འདུག་ཅེས་སྙིང་ཐག་པ་ནས་ཞུ་བ་འབུལ་བཞིན་ཡོད། བོད་མི་རིགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་དུ་ཞུ་བ་འབུལ་བཞིན་ཡོད། བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་སྡོད་མེད་ནས་ཞུ་བ་འབུལ་བཞིན་ཡོད། དྲ་གྲོགས་ཚོས་གནད་དོན་འདིའི་ཐོག་ཏུ་བཀའ་སློབ་གསལ་པོ་གསུང་རོགས།
མཇུག་སྡོམ། མུ་མཐུད་ནས་བྲིས་ན་རྩོམ་ཡིག་རིང་དྲགས་པ་དང་། གླེང་གཞི་མང་དྲགས་པ། བགྲོ་གླེང་བྱ་དཀའ་བ་འདུག་པས་གསར་གཏོད་དང་རང་མགོ་རང་ཐོན་གྱི་སྐོར་རྗེས་སུ་འབྲི་རྒྱུ་ཡིན། རྗེས་སུ་བགྲོ་གླེང་བྱ་རོགས་བྱོས། བོད་མི་ཏང་ཡོན་དེ་དག་ཚུར་བོད་ཀྱི་ཕྱོགས་སུ་འགུག་དགོས་པ་དང་གཅིག ༧གོང་ས་མཆོག་དང་ཤུགས་ལྡན་ཚོགས་པ་གཉིས་མཐུན་དགོས་པ་དང་གཉིས། རང་བཙན་དང་དབུ་མ་གཉིས་ཀྱི་འགལ་ཟླ་སེལ་ནས་འབབ་སའི་རྩ་དོན་གཅིག་གི་ཐོག་ཏུ་རྨང་གཞི་བརྟན་པོ་དགོས་པ་དང་གསུམ་གྱི་ཐོག་ཏུ་བགྲོ་གླེང་གཙོ་བོ་གནང་རོགས། ངས་བོད་རྒྱལ་ཁབ་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་བྲིས་པ་མ་གཏོགས་ཕྱོགས་ཞེན་དང་སྒེར་དོན་སྤུ་ཙམ་ཡང་མེད་པར་དཀོན་མཆོག་གསུམ་དང་ཉི་ཟླ་སྐར་གསུམ་དཔང་དུ་བཙུགས།
ཕོ་རབ་དམ་པའི་ཁོག་ན་མདའ་དང་གྲི་ཡང་ཤོང་།
།
མི་ངན་ཕོ་མཐའི་ཁོག་ན་ཚིག་ངན་ཤོང་ས་མེད།
།
གངས་རིའི་ལས་དབང་བསམས་པའི་སྐྱེས་པ་ཕོ་རབ་ཚོས།།
གདོང་དམར་བོད་མི་ཡོངས་རྫོགས་ཆིག་སྒྲིལ་བཟོ་རོགས་བྱོས།།
སེམས་ཤུགས་ཡོད་པའི་ཉམས་ཤིག་འདུག མ་གཏོགས་གང་གསུང་པའི་ཐབས་ལམ་དེར་ལྗི་ཁོག་མི་འདུག
བརྡ་སྤྲོད་ལ་སྦྱངས་པའི་ཉམས་ཤིག་འདུག མ་གཏོགས་ཆབ་སྲིད་ཀྱི་གོ་རྟོག་ཡོད་པའི་རྣམ་པ་མི་གསལ།
བརྗོད་བྱེད་ཐ་སྙད་ལ་མི་ཐོགས་པ་འདྲ་འདུག མ་གཏོགས་བརྗོད་བྱར་བཅུད་སྙིང་དེ་ཙམ་མ་མཐོང་།
ག་རེ་རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་ཚོགས་པའི་མགལ་བ། བོད་མི་ཡོངས་ཀྱི་དགྲ་བོ་རེད་མ་གཏོགས་རྒྱལ་བ་རིན་པོ་ཁོང་མི་གཅིག་ལ་ཁོང་ཚོ་དང་མགལ་བ་ཅི་ཞིག་ཡོད་པ་རེད། ཅོ་ཉི་སྐད་ཆའི་གཏིང་མི་དཔོགས་ན་ཧོབ་བཤད་མ་རྒྱག
ངར་མ་ཞིག་བྲིས་འདུག འགའ་ཤས་རྒྱུ་མཚན་ལྡན་པ་རེད། རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་སྐོར་དེ་སྙིང་མ་བཀའ་བརྒྱུད་ཇོ་ནང་དེ་བཞིན་དགེ་ལུགས་མང་པོས་སྔོན་ནས་བཀག་ཡོད། དེ་རྒྱལ་བ་དང་ཤུགས་ལྡན་གཅིག་པུའི་གནད་དོན་མ་རེད།གཙོ་བོ་ཆིག་སྒྲིལ་ལ་གནོད། དེ་ཁྱེད་ཀྱི་དམིགས་ཡུལ་གཙོ་བོ་ཡིན་སྟབས་ད་དུང་ཞིབ་པར་བརྟག་དགོས།
སྔར་བྱུང་མྱོང་མེད་པའི་རྩོམ་ཡིག་ཅིག་སྤེལ་འདུག འདི་ནི་དུས་རབས་ཀྱི་ཁ་བརྡ་ཞིག་རེད་ལ། དམངས་ཁྲོད་ཀྱི་བསམ་འདུན་གཙོ་བོར་བཟུང་བའི་བགྲོ་གླེང་ཞིག་ཀྱང་རེད། ཅོ་རི་ཉི་མ་ལགས་ཀྱི་བློ་ཁོག་དང་ལྷག་བསམ་ནི་བོད་མི་ཡིན་ནོ་ཅོག་གི་མིག་དཔེ་ཅིས་མ་ཡིན། རྩོམ་པ་པོས་དོན་ཚན་གསུམ་རྩལ་དུ་བཏོན་ཡོད་པས། དེའི་ཐད་བསམ་ཚུལ་ཞུ་གི་ཡིན།
དང་པོ། བོད་ནང་གི་དཔོན་རིགས་ཀྱི་ཐད་ནས་ཞུས་ན། ཁོང་ལྷན་རྒྱས་ནི་བོད་ཀྱི་གཙོ་ཤུགས་མི་སྣ་རེད་ལ། འབྱུང་འགྱུར་ཡང་དམར་ཤོག་ཚོགས་པ་སོར་འཇོག་གིས་བོད་ལ་ཞབས་འདེགས་ཞུ་བའམ། དམར་ཤོག་ཚོགས་པ་ནས་སྤྱི་ཚོགས་ཚོགས་པ་ལྟ་བུའི་ངོ་བོར་འགྱུར་ནས་བོད་ཀྱི་མ་འོངས་པའི་བྱ་བཞག་ཐད་ནུས་པ་འདོན་དགོས་པ་དང་འདོན་པར་འོས་འགན་ཡོད་པ་ངོ་འཕྲོད་ཐབས་གནང་ན། ད་གཟོད་འཐབ་ཕྱོགས་གཅིག་གྱུར་གྱི་གོང་བུ་ཞིག་ཡོང་ངེས་ཡིན། དེ་ལས་ལྡོག་ན། བོད་ཀྱི་གནད་དོན་སེལ་བའི་འགོག་རྐྱེན་དུ་འགྱུར་མི་སྲིད་པའང་མིན། ཞིབ་ཕྲའི་ཐབས་ལམ་ལག་ལེན་ཁྲོད་ནས་འཐུས་ཚང་དུ་གཏོང་དགོས།
གཉིས་པ། ཆོས་ལུགས་ཕན་ཚུན་དང་ཤུགས་ལྡན་གནད་དོན་ཐད་ནས་བསམ་བློ་ཁ་ཤས་བཏང་ཆོག་པ་འདྲ། ཡིན་ནའང་། འདིར་ཤུགས་ལྡན་གནད་དོན་གཙོ་བོར་བརྗོད་རྒྱུ་ཡིན།
༡ བདེ་སྲུང་བཀའ་བློན་མཆོག་གིས་གྲོས་ཚོགས་ནང་ལན་བསྐྱོན་པ་སྟེ། ཤུགས་ལྡན་བསྟེན་མིན་རང་དབང་དང་བསྟེན་མཁན་དག་ལའང་བོད་པའི་ཐོབ་ཐང་ཁྱབ་མཉམ་དུ་ཡོད་པ། དེ་ག་ནང་བཞིན་རྒྱལ་བ་རིན་པོ་ཆེ་ཡིས་ཤུགས་ལྡན་མི་བསྟེན་པས། ཤུགས་ལྡན་བསྟེན་མཁན་དག་རྒྱལ་བ་རིན་པོ་ཆེ་ལ་ཆོས་འབྲེལ་མི་གནང་བ་སོགས་རེད། འདི་ནི་ཧ་ཅང་གི་ཐག་གཅོད་གནང་སྟངས་ཡག་པོ་ཞིག་ཏུ་མཐོང་གི་འདུག
༢ གལ་སྲིད་གོང་གསལ་གྱི་ཐབས་ལམ་འདིར་འཐད་པ་མེད་ན། ལམ་ཁ་གཉིས་པ་ཞིག་ལྷག་ཡོད་པ་ནི་དགའ་ལྡན་ཕོ་བྲང་དང་ཤུགས་ལྡན་ཚོགས་པའི་ཡོངས་གྲགས་ཀྱི་རྩོད་པའི་ཚོགས་འདུ་ཞིག་བསྡུ་འོས་ཤིང་། དེའི་སྟེང་ནས་ཟམ་གདོང་རིན་པོ་ཆེ་དང་དགེ་བཤེས་སྐལ་བཟང་རྒྱ་མཚོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་སྣེ་ཁྲིད་ནས་ཤུགས་ལྡན་བསྟེན་པའི་དགེ་སྐྱོན་གྱིས་མཚོན་པའི་ཕྱོགས་འདུས་རང་བཞིན་གྱི་རྩོད་པ་བརྒྱུད་ནས་རྒྱལ་ཕམ་དབྱེ་སྟེ་ཐག་གཅོད་བྱེད་དགོས་པར་སྣང་།
༣ ཡང་ན། འཇིག་ཉེན་གྲོགས་སུ་བསྒྱུར་བའི་ཐབས་ལམ་གཞན་དག་ཡོད་དམ། ཞི་བདེ་མཉམ་གནས་ཡོང་ཐབས་བརྙེད་དམ། འདི་དག་བསམ་བློ་གཏོང་གཞི་རེད།
གསུམ་པ། རང་བཙན་ལྟ་བ་དང་དབུ་མའི་ལམ་ལས་འཕྲོས་པའི་རྩོད་གཞི་ནི་བོད་ཀྱི་གནད་དོན་སེལ་ཐབས་ཐད་ཀྱི་ཐབས་ལམ་མ་འདྲ་བའི་རྩོད་པ་ཞིག་ལས་ཕྱོགས་གཉིས་ཀ་སུ་ཡིན་ཡང་བོད་ཀྱི་གནད་དོན་སེལ་དགོས་པའི་ཐད་རྩོད་པ་མི་འདུག་སྙམ། ཡིན་ནའང་།
དེང་སྐབས་བཤད་སྟངས་ཤིག་ལ་རང་བཙན་ལས་རང་སྐྱོང་རེག་ཡོང་ཅེས་པ་དེ་རེད་ལ། རང་སྐྱོང་རེག་པའི་ཁེག་ཐག་གང་དུ་ཡོད་མེད་སུས་ཀྱང་མཐོང་མེད། དེ་བས། དབུ་མའི་ལམ་གྱི་མཐར་ཐུག་གི་དགོངས་དོན་ནི་བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་དབང་ཆ་བོད་མི་རིགས་ལ་ཡོད་ཅེས་པ་དེར་འགྱུར་བ་ཕྱིན་ཡོད་མེད་དྲི་བ་གཅིག་རེད། གལ་སྲིད་འགྱུར་བ་ཕྱིན་མེད་ན། རང་ཐག་རང་གཅོད་ཀྱི་དགོངས་དོན་ལ་འགལ་མེད། དཔེར་ན། རང་ཐག་རང་གཅོད་ལག་བསྟར་གནང་དགོས་པའི་རྒྱལ་སྤྱིའི་ཡིག་ཆ་ཁག་ལ་རྒྱ་དམར་གཞུང་གིས་ཀྱང་མཚན་རྟགས་བསྐྱོན་ཚར་ཡོད་པས། དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་ཐོབ་ཐང་དེ་ང་ཚོར་རེག་ངེས་ཡིན། དེ་ལྟ་ནའང་། ཕ་རོལ་ལ་ངོས་ལེན་མེད་བཞིན་དུ་རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་གྲབས་གནང་བཞིན་པ་ནི་རང་ཐག་རང་གཅོད་ཀྱི་བསྙོན་འབྱིན་ཡིན་པས། དབུ་མའི་ལམ་ཡིན་ན་འདྲ། རང་བཙན་གྱི་ལམ་ཡིན་ནའང་ཆོག བོད་མི་ཡོངས་ཀྱི་མ་འོངས་པའི་ལམ་ཁ་མེད་པར་གཏོང་བའི་དབང་ཆ་སུ་གང་ལའང་ཡོད་པ་མ་རེད།
ད་སེམས་ཤར་ཚད་ཅིག་བྲིས་ཡོད། དེའི་འཕྲོས་ག་ལེར་ཞུ་ཆོག་པ་གནང་རོགས།
ཁ་བརྡ་ཚང་ལ་ཀརྡོ་གཉེར་ཕྱག་པས་དྲ་མཆན་གྱི་ཁྲལ་དགོས་ཀྱི་ཡོད་པ་འདྲ། ཁ་བརྡ་དྲ་མཆན་བཙོག་པ་བཟོ་མཁན་ཨ་ཁ་ཁཁ་་་་་་་་
དམངས་ཁྲོད་ཀྱི་ཚོར་འདུའི་མདའ་མོ། ཆེ་རྒུ་ཡི་སྣ་ལ་འཕོག་སྲིད་ཀྱང་། ཇི་མི་སྙམ་པའི་ཅོ་རི་ཉི་མས། དྲང་བདེན་གྱི་གཏམ་བཤད་ལ། བཀུར་འོས་ཀྱི་རིན་ཐང་ལྡན། ཨེ་མ་ཧོ།
ཕྱོགས་གཉིས་ཀས་གཉིས་ཕན་གྱི་ཐོག་ནས་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་ངེས་རེད། བོད་མི་རིགས་ཀྱི་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སེམས་ལ་བཞག་ནས་གྲོས་མོལ་བྱེད་དགོས་པ་འདི་ཚོ་ཐབས་ལམ་ངོ་མ་དེ་རེད་བསམས་ཀྱི་འདུག ༧གོང་ས་༼མཆོག་གི་ངོས་ནས་ཀྱང་བོད་མི་དམངས་ང་ལ་དད་པ་ཡོད། བོད་མི་མང་ཤོས་ངའི་རྗེས་སུ་ཡོད། ཤུགས་ལྡན་ཚོགས་པ་མི་ཉུང་ཤོས་ཤིག་རེད་བསམས་ནས་གཉའ་གནོན་བྱས་ན་ཡག་པོ་མ་རེད། འཛམ་གླིང་འདིའི་ཐོག་གི་ལྷ་བསྟེན་མཁན་དང་འདྲེ་བསྟེན་མཁན། དམར་མཆོད་ཕུལ་མཁན། ཁ་ཆེ་ཡེ་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ཀྱི་མཉམ་དུ་ཁྱེད་མཐུན་གྱི་འདུག་ལ། ཆོས་ལུགས་ཀྱི་བར་དུ་མཐུན་ལམ་བྱེད་དགོས་ཟེར་ནས་གཞན་ལ་བསླབ་བྱ་ཡང་གནང་བཞིན་འདུག དེ་འདྲ་ཡིན་དུས་ཤུགས་ལྡན་ཚོགས་པ་དང་མཐུན་ལམ་བྱ་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་མཐུན་ལམ་གནང་དགོས་ཀྱི་འདུག དྲ་གྲོགས་ཚོས་༧གོང་ས་མཆོག་དང་ཤུགས་ལྡན་ཚོགས་པའི་བར་དུ་མཐུན་ལམ་ཡོང་ཐུབ་པའི་ཐབས་ཇུས་གསུང་རོགས། བོད་མི་རིགས་ལ་བསམ་པ་དཀར་བའི་བོད་མི་ཡོངས་ཀྱིས་འདི་གཉིས་ཀྱི་བར་དུ་མཐུན་ལམ་ཡོང་ཆེད་དུ་འབད་བརྩོན་གནང་རོགས་ཅེས་རེ་བ་ཞུ་རྒྱུ་ཡིན། ༽ འདི་ནི་གནད་འགག་ཅིག་རེད། མོས་མཐུན་ཡོད། དེ་དག་ཚང་མ་དད་པས་བཟོས་བ་མ་ཡིན་ནམ། དད་པས་བླ་མ་ཚོ་སྐྱག་ལངས་སུ་བཏང་ཡ་མང་དྲགས་པས་གང་བྱུང་གནང་བའི་འབྲས་བུ་རེད། མུ་མཐུད་དུ་དད་རྗེས་འབྲང་ན་དེ་འདྲ་བརྒྱ་ཕྲག་་མང་པོ་ཡོང་ངེས་རེད།
རྣམས་པ་ཚོས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། ལྷག་པ་ཏུ་ལྷ་སྡེ་གནད་ལོ་ཡག་དང་ཨ་ནུ་བསོད་ནམས་ཐང་རྣམས་པ་གཉིས་ཕེབས་པར་ལེགས། ཁྱོད་རྣམས་པ་གཉིས་ནི་བགྲོ་གླིང་འདིའི་ནང་གི་མི་སྣ་གལ་གཉིས་རེད། སྔོན་ནས་དཀའ་ལས་པོ་བརྒྱབས་ཡོད་རེད་ལ་བསམ་ཚུལ་མང་པོ་གསུངས་ཡོད་རེད། དྲ་གྲོགས་བན་དེ་བ་དང་བསམ་ཤེས་ལགས་རྣམས་པ་གཉིས་ཀྱིས་ཅོ་རི་ངས་གླེང་གཞི་ཞིག་འབྲི་དགོས་གསུངས་པ་ལྟར་འདི་བྲིས་པ་ཡིན། འདི་ལ་སྐྱོན་དང་ནོར་ཡོད་ངེས་པས་ཁ་གསལ་པོའི་ཐོག་ནས་བསམ་ཚུལ་གསུང་རོགས་བྱོས།
རེ་བ་ཆེ་ཤོས་མི་མང་པོའི་བསམ་ཚུལ་ཡག་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་དངོས་ཀྱི་ནང་དུ་ཁ་ཡོད་ཁ་ལག་གྱི་ཐོག་ནས་ལག་ལེན་བསྟར་ཐུབ་པའི་ཐབས་ཇུས་ཤིག་བྱུང་ན་བསམས་ཀྱི་འདུག ཐུགས་རྗེ་ཆེ། མུ་མཐུད་ནས་བསམ་ཚུལ་གསུང་རོགས།
བློ་བཟང་ལགས། ཁྱོད་བདེན་པ་རེད། ང་ལ་ཡོན་ཏན་མེད་པ་དང་གཅིག སྲིད་ཆབ་ཀྱི་ཐོག་ཏུ་ཁྱད་ལས་སློབ་སྦྱོང་བྱས་མྱོང་མེད་པ་བཅས་ཀྱིས་ཐབས་ཇུས་འདི་ལས་ལྕི་ཁོག་ཡོད་པ་ཞིག་འབྲི་ཐུབ་མ་སོང་བས་དགོངས་འགལ་མེད་པར་བྱོས། ཁྱོད་ཀྱིས་བོད་རྒྱལ་ཁབ་འགྱེལ་ས་ནས་ལང་ཐུབ་པ་དང་ཤི་ས་ནས་གསོན་ཐུབ་པའི་ཐབས་ཇུས་ལྕི་ཁོག་ཡོད་པ་ཞིག་གསུང་རོགས་བྱོས་དང་། ང་ཅོ་རིས་སྙིང་ཐག་པ་ནས་དགའ་བསུ་དང་གུས་བཀུར་བྱ་ངེས་ཡིན། ང་རང་ཚོ་ཚང་མས་ཉམས་ལེན་བྱ་ཆོག་གི་རེད། དེ་འདྲ་བཏོན་ཡ་མེད་ན་་ཁ་རྒྱག་པ་བཤད་མ་འོང་།
དངོས་གནས་ཡག་པོ་གསུང་བར་ལེགས་པར་བསྟོད་རྒྱུ་ལས་མ་འདས། ད་དུང་གཞིས་ཆགས་ཁག་གི་ས་གཞི་ལ་ཡིག་ཆ་གཙང་མ་མེད་པ། ལོ་གསུམ་གྱི་སྔོན་ཆད་ནས་འབྱོར་བའི་གསར་འབྱོར་པ་རྣམས་ལ་R.Cབཟོ་མ་ཐུབ་པའི་དཀའ་ངལ་ཕྲད་པ། བོད་མི་ཕྱི་རྒྱལ་དུ་བསྐྱོད་མཁན་རྣམས་ཀྱིས་འབུམ་མང་པོ་འགྲོ་སོང་བཏང་དགོས་པ་སོགས་ལ་བོད་གཞུང་ནས་རོགས་རམ་གནང་ཐུབ་ན་དགེ་མཚན་ཆེ།
དེ་རིང་ཁ་བརྡ་དྲ་བ་བརྒྱུད་ནས་བཀུར་འོས་ལྷ་སྡེ་གནམ་ལོ་ཡག་ལ་སེམས་ཁུངས་རུས་གཏིང་ནས་རེ་སྐུལ་ཞིག་ཞུ་འདོད་བྱུང་། སྤྱིར་ཁྱེད་རང་གིས་མ་འཁྱེན་པའི་ཤེས་བྱ་གང་ཡང་མེད་མོད་དེ་རིང་འདི་ལྟར་ཁྱེད་ལཞེན་སྐུལ་འདི་ཞུ་བཞིན་ཡོད་་། སྤྱིའི་ཆ་ནས་དྲ་ཐོན་གང་བྱུང་མི་བྱུང་བཤེད་མཁན་རྣམས་ནི་གྲྭ་ས་ཁག་གི་གྲྭ་ཞེན་ཁོགས་ཅན་རྣམས་དང་གྲྭ་ས་ནས་ས་མ་ཟིན་པར་སྤྱི་ཚོགས་འགྲུམས་པའི་གྲྭ་ལོག་རྣམས་ཡིན་པས་ཁོ་བ་ཚོས་ཅི་ཡང་མི་ཤེས་ལ་ཅི་ཡང་མི་འཇོན་པས་གང་ཐོ་ཅོ་བྱེད་བཞིན་ཡོད་བས་ཁྱེད་རང་ཁོ་ཚོ་དང་ལྷན་དུ་འཐོམ་འཆོངས་མ་བརྒྱབ་རོགས་། ཁྱེད་རང་ལ་ཡོན་ཏན་ཡོད་ལ་འཇོན་ཐང་ཡོད་མཁན་ཞིག་ཡིན་པས་འདི་ལྟར་ཕོངས་ན་ང་ཚོ་ལ་བློ་འཕམ་ཀྱི་གནས་འཁུམ་།
མཁྱེན་ཡངས་ཅོ་རི་ཉི་མས་ད་ལྟའི་ཆར་ལ་མཚོན་པ་ཡིན་ན་བོད་རྒྱ་ཆེའི་མི་མང་དམངས་ཀྱི་རེ་བ་དང་མངོན་འདོད་འགྲུབ་མིན་གྱི་འགག་རྩ་ཆེ་ཤོས་སུ་གྱུར་བའི་དོན་གནད་གསུམ་ངོས་འཛིན་འདུག་པ། འདིའི་ཐད་བསམ་ཚུལ་གང་མང་དང་ཁོང་ལ་རོགས་འདེགས་གང་མང་གནང་བའི་དུས་ལ་བབས་འདུག་པར་སེམས། སྐབས་འདི་ནས་ཆོས་ཞེན་དང་དེད་ཞེན། ཆོལ་ཞེན་ཅན་ཚོ་མ་དགའ་ཤི་ན་ང་ཚོས་གདོང་མཆོངས་བྱེད་དགོས་པ་ནི་དུས་རབས་ཀྱིས་བཀལ་བའི་འོས་འགན་ཞིག་ཡིན། ཁོང་གིས་༼དེ་ནས་བཙན་བྱོལ་གཞུང་གི་ངོས་ནས་ཤཱཀྱའི་ཆོས་ལུགས་འདི་གཞུང་འབྲེལ་ཆོས་ལུགས་ཤིག་ཡིན་པའི་ཟོལ་འདྲ་ཞིག་དང་། དེ་ཡང་དགེ་ལུགས་པ་ཡིན་པའི་ཟོལ་འདྲ་ཞིག་སྟོན་བསྡད་པ་འདི་ཡང་དྲང་བདེན་མ་རེད། སློབ་གྲྭ་ཁག་ལ་ཆོས་དགེ་རེ་བཞག་ཡོད་པ་དེ་ཡང་དགེ་ལུགས་པའི་ཆོས་སློབ་མཁན་ཡིན་པའི་ཟོལ་ཞིག་མཐོང་གི་འདུག འདི་དག་སྒྱུར་བཅོས་བཏང་ནས་ཆོས་ལུགས་རིས་མེད་ངོ་མ་ཞིག་བྱེད་དགོས་ཀྱི་འདུག་བསམ་གྱི་ཡོད།༽ཅེས་གསུངས་པ་ནི་ལེགས་པར་བཤད་པའི་གཏམ་དུ་གོ་བས་དེ་དེ་བཞིན་ནོ་ཞུ་རྒྱུ་དང་། ད་དུང་༼འཛམ་གླིང་འདིའི་ཐོག་གི་ལྷ་བསྟེན་མཁན་དང་འདྲེ་བསྟེན་མཁན། དམར་མཆོད་ཕུལ་མཁན། ཁ་ཆེ་ཡེ་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ཀྱི་མཉམ་དུ་ཁྱེད་མཐུན་གྱི་འདུག་ལ། ཆོས་ལུགས་ཀྱི་བར་དུ་མཐུན་ལམ་བྱེད་དགོས་ཟེར་ནས་གཞན་ལ་བསླབ་བྱ་ཡང་གནང་བཞིན་འདུག དེ་འདྲ་ཡིན་དུས་ཤུགས་ལྡན་ཚོགས་པ་དང་མཐུན་ལམ་བྱ་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་མཐུན་ལམ་གནང་དགོས་ཀྱི་འདུག༽ཅེས་བཤད་པ་ནི་གནད་ལ་ཁེལ་པོ་འདུག་པར་སྙམ།
༼བོད་རིང་ལུགས༽ལས་མ་འོངས་ལམ་སྟོན་འདི་འདྲ་ཞིག་གནང་འདུག་པས། ལྷན་རྒྱས་སྤྱན་ཕུལ་ཞུས་པ་ལགས་སོ།
བོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག ཆབ་སྲིད་ཚོགས་པ་ཁག ཆོས་ལུགས་གྲུབ་མཐའ་ཁག སྤྱི་ཚོགས་གྲལ་རིམ་གྱི་རིམ་པ་སོ་སོ་སོགས་ཀྱི་བྱེ་བྲག་པའི། རེ་འགའི། དམིགས་བསལ་བ་ཡོད་ཚད་ཀྱི་ཁེ་ཕན་ཚང་མ་བོད་ཀྱི་མི་རིགས་ཧྲིལ་བོའི་ཆེས་གཞི་རྩའི་ཁེ་ཕན་གྱི་གྲུབ་ཆའི་ཆ་ཤས་ཡིན་པའི་ཆ་ནས། བོད་རིང་ལུགས་ཀྱི་གཞུང་ལུགས་ཀྱི་མ་ལག་ནང་དུ་འདུས་ཡོད། བོད་རིང་ལུགས་ཀྱི་གཞུང་ལུགས་བོད་གངས་ཅན་ཡུལ་ཁམས་ཡོངས་སུ་མངོན་གྱུར་བྱུང་ཚེ། བོད་ཀྱི་མི་རིགས་ཧྲིལ་བོའི་ཆེས་མཐོའི་ཆེས་མ་གཞིའི་ཁེ་ཕན་ད་བཟོད་མངོན་དངོས་སུ་འགྱུར་སྲིད། བོད་ཀྱི་མི་རིགས་ཧྲིལ་བོའི་ཆེས་མ་གཞིའི་ཁེ་ཕན་རྦད་དེ་མངོན་དངོས་སུ་གྱུར་དུས། ཚོགས་པ་སྐྱིད་སྡུག་གྲུབ་མཐའ་གྲལ་རིམ་ཁག་གི་བྱེ་བྲག་པའི་ཁེ་ཕན་ད་བཟོད་དུས་མཉམ་གྱིས་མངོན་དངོས་སུ་གྱུར་སྲིད། དེ་བས་ན། བོད་མི་རིགས་ཧྲིལ་བོ། ཚོགས་པ་སྐྱིད་སྡུག་དང་ཆབ་སྲིད་ཚོགས་ཁག་ཅེས་དབྱེ་འབྱེད་མེད་ལ། ཆོས་ལུགས་གྲུབ་མཐའི་དབྱེ་བའང་མེད་ཅིང་། འབྲོག་པ་ཞིང་བས་ཀྱང་མི་དབྱེ་བར་མ་ཟད། ཕྱི་དང་ནང་གིས་མི་འབྱེད། ཕོ་མོ་རྒན་གཞོན་མེད་པར། སྐྱ་སེར་གྱི་དབྱེ་བའང་མེད་པར། བོད་གཞུང་གི་དཔོན་རིགས་དང་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་ལག་འོག་ཏུ་གླ་ལས་བྱེད་ཀྱིན་པའི་དཔོན་རིགས་ཀྱིས་མི་བཀར་བར། ཚང་མས་མི་རིགས་ཀྱི་ཐུན་མོང་ཁེ་ཕན་དེ་ཆེས་མཐོའི་ཁེ་ཕན་དུ་བསམ་ནས། བློ་བརྟན་འགྱུར་མེད་ཀྱིས་བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་མཐུན་སྒྲིལ་དམ་པོ་བྱས་ཚེ། ང་ཚོ་བོད་མི་རིགས་ལ་ད་བཟོད་རང་བཙན་གཙང་མ་ཞིག་དང་བཅིངས་འགྲོལ་མཐར་ཕྱིན་པ་ཞིག་ཐོབ་རྒྱུའི་རེ་བ་ཡོད།
བོད་ཀྱི་ཆོས་ལུགས་གྲུབ་མཐའ་སོ་སོའི་བསྟན་པའི་བདག་པོའམ་བླ་ཆེན་དག་ནི་གཙོ་ཤོས་དེ་ཡིན་པའི་ཆ་ནས། གང་ཉིད་ཀྱིས་སྩོལ་ཞིང་སྤེལ་གྱིན་པའི་ཆོས་ཀྱི་སྙིང་བོ་དང་གྲུབ་མཐའ་དེ་མུ་ནས་མུ་རུ་གནས་པ་དང་རྒྱུད་འཛིན་བྱ་འདོད་ན། ཐོག་མར་རང་གི་གྲུབ་མཐའ་དེ་གནས་ཐུབ་རྒྱུའི་རྨང་གཞི་སྟེ་བོད་མི་རིགས་སྐྱོབ་སྲུང་བྱེད་དགོས། དར་རྒྱས་གོང་འཕེལ་དུ་གཏོང་དགོས། བླ་མ་རིན་པོ་ཆེ་སུ་ཡིན་ཡང་། གང་ཉིད་དངོས་ཡོད་ཀྱི་བོད་མི་དམངས་ཀྱི་མགྲིན་ཚབ་པར་གྱུར་དུས། བདེན་དོན་དང་དྲང་བདེན་གྱི་མགྲིན་ཚབ་པར་གྱུར་དུས། ད་བཟོད་སངས་རྒྱས་ཀྱི་མགྲིན་ཚབ་པར་གྱུར་སྲིད་པ་དང་། འཇིག་རྟེན་གྱི་ཁམས་སུ་གནས་པའི་འགྲོ་བ་མི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་འབད་བརྩོན་ཁུར་ལེན་བྱས་ན། ད་བཟོད་འགྲོ་བ་རིགས་དྲུག་སེམས་ཅན་ཐབས་ཅད་སྡུག་བསྔལ་ལས་སྒྲོལ་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་དྲངས་པའི་ཐོབ་ཐང་འོས་བབ་ཡོད་པ་གླེང་རིན་ཡོད། གལ་ཏེ་རང་ཉིད་གཏོགས་སའི་གྲུབ་མཐའ་ཁོ་ནའི་ཁེ་ཕན་བསམ་ཚེ། དེ་ནི་འཇིག་རྟེན་ཁམས་ཡོངས་རྫོགས་མེའི་གོད་ཆག་ནང་འབར་གྱིན་པའི་སྐབས་སུ། རང་ཉིད་ཀྱི་དགོན་པ་གཅིག་པུ་སྐྱོབ་འདོད་ཀྱི་སེམས་པ་དང་གཉིས་སུ་མ་མཆིས་པས་དེ་ནི་དཔེ་མི་སྲིད་པ་ཞིག་མ་རེད་དམ། གྲུབ་མཐའ་སོ་སོའི་བླ་ཆེན་དང། དེ་མིན་པའི་བླ་མ་རིན་པོ་ཆེ་ཚང་མས་ཐོག་མར་བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆ་དགུང་དུ་འཕྱར་ནས་དད་ལྡན་ཡོངས་རྫོགས་བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་ཆིག་སྒྲིལ་ཡོང་རྒྱུར་སྐུལ་འདེད་དང་བསླབ་བྱ་གནང་ན། དུས་མཉམ་དུ་ནང་ཆོས་ཀྱི་རྩ་བའི་དམིགས་བྱའང་འཁྲི་སྒྲུབ་བྱས་ཡོད། འདི་ལྟར་བཤད་དོན་ནི། བྱ་སྤྱོད་འདི་ནི་ཕྱོགས་གཅིག་ནས་སྡུག་བསྔལ་གྱིས་ཀུན་ནས་མནར་གྱིན་པའི་སེམས་ཅན་ཐམས་ཅད་དངོས་སུ་སྐྱོབ་ཐབས་བྱས་པའི་ལས་དོན་བླ་ན་མེད་པ་ཞིག་ཡིན་པ་དང་། ཡང་དེ་དང་དུས་མཉམ་དུ་འཛམ་གླིང་ཡོངས་སུ་བདེན་དོན་དང་དྲང་བདེན་སྤེལ་བ། འགྲོ་བ་མིའི་ཡོངས་ཁྱབ་བདེན་པའི་རྩ་དོན་སྲུང་སྐྱོབ་བྱས་ཡོད། དེའི་སྟབས་ཀྱིས། གྲུབ་མཐའ་གང་གི་བླ་ཆེན་ཡིན་ཡང་། དེ་མིན་པའི་བླ་མ་རིན་པོ་ཆེ་སུ་ཡིན་ཡང་། དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་བདེན་དོན་དང་དྲང་བདེན་གྱི་ཕྱོགས་སུ་ལངས་ན། ད་བཟོད་སངས་རྒྱས་ཀྱི་རྗེས་འབྲང་བའི་མཚན་སྙན་ཁུར་ཆོག ད་བཟོད་སངས་རྒྱས་བསྟན་པའི་དམིགས་བྱ་སྒྲུབ་མཁན་དང་ཡང་ན་སངས་རྒྱས་ཀྱི་མགྲིན་ཚབ་པ་བྱས་ཆོག མི་སྒེར་གྱི་ཁེ་ཕན་ཆུང་ཙག་རིགས་གཉེར་བ་དང་། གྲུབ་མཐའ་ཁོ་ནའི་ཁེ་ཕན་བསྒོམ་ནས་དཀའ་ལས་སྡུག་བསྔལ་མྱོང་གིན་པའི་མི་རིགས་ལྟག་རྒྱབ་ཏུ་བསྐྱུར་བ། ད་དུང་བདེན་དོན་དང་དྲང་བདེན་ལ་རྒྱབ་འགལ། མི་རིགས་ཧྲིལ་བོའི་ཁེ་ཕན་འཚོང་ནས་རང་ཉིད་ཀྱི་གོ་ས་ཉོ་བ་དང་སྲུང་བ། ཡང་ན་རང་ཉིད་དང་རང་ཉིད་གཏོགས་པའི་གྲུབ་མཐའ་དེ་གཅིག་པུ་སྲུང་སྐྱོབ་བྱེད་པའི“བླ་མ”དང“རིན་པོ་ཆེའི”མིང་ཅན་དེ་ཚོས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་བསམ་དགོངས་བཞེས་ལ་ཁྱད་གསོད་བྱས་ཡོད་པར་མ་ཟད། དངོས་ཡོད་འགྲོ་བ་མིའི་རིགས་ཀྱི་ཉེས་ཅན་ཡང་ཡིན། དེ་ནས་རེ་འདུན་འདོན་རྒྱུར། བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག བོད་ཡུལ་ཀྱི་ཆོས་ལུགས་གྲུབ་མཐའ་སོ་སོས་ངེས་པར་དུ་ཕན་ཚུན་ལ་བཟོད་སྒོམ། ཕན་ཚུན་ལ་བརྩི་བཀུར་བྱེད་རྒྱུའི་མཛའ་གཅུགས་ཀྱི་ངང་ཚུལ་འཛིན་དགོས། གྲུབ་མཐའ་ཚང་མ་མཉམ་གཅིག་ཏུ་འདྲ་མཉམ་ངང་གནས་རྒྱུའི་ལུགས་མཐུན་རང་བཞིན་ལ་ངོས་ལེན་བྱེད་དགོས། བློ་ཐག་ཆོད་པོས“ང་ཆེ་ང་མཆོག”“ ང་བདེན་ང་དྲང་།” ངའི་གྲུབ་མཐའ་ལས་གཞན་རྣམས་མི་སྟེགས་ཆོས་ལོག་དང་དམ་སྲི་རུ་ལྟ་བའི་སྲོལ་རྒྱུན་གྱི་ཐལ་དྲགས་པའི་བློ་ཁ་དང་ཕྱོགས་སུ་ལྷུང་བའི་ལྟ་ཚུལ་ཅན་གྱི་བསམ་བློའི་འཛིན་སྟངས་དེ་འདོར་དགོས།
རྟོགས་དགོས་པ་ཞིག་ནི། ང་ཚོའི་མི་རིགས་འདི་ཕལ་ཆེར་འབངས་ཡོངས་དད་པ་ཅན་ཡིན། ང་ཚོ་ལ་ཆོས་ལུགས་གྲུབ་མཐའ་འདྲ་མིན་ཡང་སྣ་ཚོགས་ཤིག་ཡོད་ལ། དེའི་དབང་གིས་སོ་སོའི་ཁྱད་ཆོས་ཅན་གྱི་སྐོར་ཁག་ཀྱང་མང་བོ་ཞིག་གྲུབ་ཡོད། དེར་བརྟེན། མི་རིགས་ཧྲིལ་བོ་རྡོག་རྩ་གཅིག་ཏུ་སྒྲིལ་བར་བསམ་ན། ཐོག་མར་ངེས་པར་དུ་གྲུབ་མཐའ་སོ་སོའི་བར་ལྷག་བསམ་ཟོལ་མེད་ཀྱི་མཐུན་སྒྲིལ་ཡོང་དགོས། ཡང་གྲུབ་མཐའ་སོ་སོ་མཐུན་སྒྲིག་གཙང་མ་དམ་པོ་ཞིག་ཡོང་དགོས་ན། ཐོག་མར་གྲུབ་མཐའ་སོ་སོའི་བླ་ཆེན་དང་གྲུབ་མཐའ་དེར་གཏོགས་པའི་བླ་མ་མཁན་པོ་དགེ་བཤེས་སོགས་ཀྱི་བར་ལ་ངེས་པར་དུ་རང་འགུལ་ལྷག་བསམ་རྣམ་དག་ངང་ཕན་ཚུལ་བརྩི་བཀུར། ཕན་ཚུན་བཟོད་བསྲན། ཕན་ཚུན་གུ་ཡངས། ཕན་ཚུན་ཡིད་ཆེས་ཡོང་དགོས། བོད་མི་རིགས་ཀྱི་ཁེ་ཕན་ཆ་ཚང་གི་སླད་དུ། བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་ཏུ་དོན་དངོས་ཀྱི་མཐུན་སྒྲིལ་ཡོང་དགོས། འདི་ལྟར་བྱས་ན། ཕྱིའི་དགྲ་བོར་ལག་པ་འཇོག་ས་མེད་ལ། མི་རིགས་ཀྱི་ཁེ་ཕན་ཆ་ཚང་སྲུང་སྐྱོབ་བྱེད་ནུས། མི་རིགས་ཀྱི་རང་བཙན་བཅིངས་འགྲོལ་ལ་ད་བཟོད་རེ་བ་ཡོད། བོད་མི་རིགས་ཧྲིལ་བོར་བཅིངས་འགྲོལ་ཐོབ་ཚེ། ཆོས་ལུགས་གྲུབ་མཐའ་སོ་སོ་ལ་ད་བཟོད་དོན་གྱི་རང་དབང་ཐོབ་ངེས་ཡིན།
སྲིད་ཚོགས་དང་ཚོགས་པ་སྐྱིད་སྡུག་ཁག་སོ་སོ་དང་། སྐྱེས་ཆེན་དམ་པ་དང་རྒྱལ་གཅེས་འདུན་ཆེའི་མི་སྣའི་ངོ་བོ་འཛིན་མཁན་ཞིག་གི་ཆ་ནས། རང་ཉིད་བོད་མི་རིགས་ཀྱི་སྐུ་ཚབ་བྱ་འདོད་ཡོད་ན། བོད་མི་རིགས་ཀྱི་མགྲིན་ཚབ་པ་ངོ་མ་ཞིག་བྱ་འདོད་ཡོད་ཚེ། བོད་རིང་ལུགས་གཞུང་ལུགས་དེ་ངེས་པར་དུ་རང་ཉིད་ཀྱི་སྤྱོད་ལམ་གྱི་ལམ་སྟོན་ཡིན་དགོས། བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆ་དགུང་དུ་འཕྱར་ན་ད་བཟོད་གང་གི་སྲིད་ཚོགས་དེ་བོད་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་གྱི་འཐུས་ཚབ་ངོ་མ་ཡིན། ཡིན་ན་ཡང་། བོད་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་ཐད་སྲིད་ཚོགས་གཅིག་དང་གྲུབ་མཐའ་གཅིག་གི་ནུས་ཤུགས་ཀྱིས་ཕན་ཐོགས་གང་ཡང་མེད། སྲིད་ཚོགས་དང་གྲུབ་མཐའ་འགའི་ཁ་འཐོར་ཀྱི་ཁེར་རྐྱང་གི་བྱ་བ་སྤྱོད་པས་ཀྱང་ཕན་ཐོགས་གང་ཡང་ཡོང་མི་སྲིད། བོད་རིང་ལུགས་གཞུང་ལུགས་ཀྱི་གཞི་རྩའི་རྩ་འཛིན་འོག སྲིད་ཚོགས་སོ་སོ་དང་གྲུབ་མཐའ་སོ་སོ་མཐུན་སྒྲིལ་བྱས་ཏེ། མཉམ་གཅིག་ཏུ་འབྲེལ་ནས། ནུས་པ་དང་སྟོབས་ཤུགས་ལྡན་པའི་བོད་ནང་གི་འཐབ་ཕྱོགས་གཅིག་གྱུར་དང་རྒྱལ་སྤྱིའི་སྟེང་གི་འཐབ་ཕྱོགས་གཅིག་གྱུར་ཞིག་ཕྱོགས་སྒྲིག་བྱ་རྒྱུ་དང་། མཉམ་འབྲེལ་གྱི་སྟོབས་ཤུགས་ཤིག་ཏུ་གྲུབ་ཚེ། ད་བཟོད་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་བོད་རྒྱལ་ཁབ་ནས་མཇུག་མཐའི་མཐར་སྐྲོད་གཏོང་ཐུབ་ལ། བོད་མི་རིགས་ཧྲིལ་བོར་དོན་གྱིས་རང་བཙན་དང་བཅིངས་འགྲོལ་ཐོབ་ངེས་ཡིན། དེ་ཡིས་གངས་ཅན་བོད་རྒྱལ་ཁབ་ཀྱི་སྲིད་ཚོགས་དང་ཚོགས་པ་སྐྱིད་སྡུག་ཚང་མ་དང་དབུ་ཁྲིད། སྐྱེས་ཆེན་དམ་པ། ཤེས་འཇོན་མི་སྣ། རྒྱལ་གཅེས་མི་སྣ་ཚང་མས་ངེས་པར་དུ་བོད་ཀྱི་མི་རིགས་ཧྲིལ་བོའི་གཞི་རྩའི་ཁེ་ཕན་གྱི་རྩ་དོན་འོག བོད་རིང་ལུགས་ཀྱི་དར་ཆ་ཆེན་པོའི་འོག ཁ་ཁོག་མེད་པར། གློ་སྙིང་བྲང་གསུམ་གཏོད་ནས། སྔོན་ཆད་ཀྱི་འཁོན་སེམས་དང་སྡང་སེམས་རྙིང་བ་ཡོད་ཚད་རྒྱང་དུ་འདོར་ནས། ཕན་ཚུན་བར་གྱི་དོགས་སེམས་དགྲར་འཛིན་གཅིག་ཀྱང་མ་ལུས་པར་འདོར་ནས། བསམ་པ་རྣམ་དག་གིས་ལག་གདང་འཐེན་ནས་རུ་ཁག་གཅིག་ཏུ་སྦྲེལ་ཏེ། ཁུ་ཚུར་གཅིག་བཅིངས་རྒྱུའི་རེ་བ་བཏོན་ཡོད། བོད་ཀྱི་གཞི་རྩའི་ཁེ་ཕན་ཆེས་མཐོའི་ཁེ་ཕན་དུ་འཛིན་པའི་སྲིད་ཚོགས་དང་གྲུབ་མཐའ། རྒྱལ་གཅེས་མི་སྣ་ཡོངས་ཀྱིས་འདི་ལ་བསམ་ཤེས་བྱ་ངེས་ཡིན་ལ། འདི་ལྟར་བྱ་རྒྱུར་འབོད་སྐུལ་ཡང་བྱ་ངེས་ཡིན།
དེར་བརྟེན། དོན་དངོས་སུ་བོད་མི་རིགས་ཀྱི་འབངས་མི་ཡོངས་རྫོགས་མཉམ་གཅིག་ཏུ་སྦྲེལ་ནུས་པ། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནུས་པ། གོང་བུ་གཅིག་ཏུ་སྒྲིལ་ནུས་པའི་གཞུང་ལུགས་དེ་བོད་མི་རིགས་ཧྲིལ་བོར་དབང་བའི་གཞུང་ལུགས་དེ་ཡིན་དགོས། དངོས་འབྲེལ་གྱི་ལམ་ནས་བོད་མི་རིགས་ཧྲིལ་བོའི་མི་དམངས་ཡོངས་ཀྱི་བསམ་བློ་གཅིག་གྱུར་བྱེད་ནུས་མཁན། སྲ་ཞིང་མཁྲེགས་པ་ཁྲོ་ལྕགས་ཇི་བཞིན་གཅིག་གྱུར་གྱི་འདུ་ཤེས་ལུགས་མ་ནང་བཞིན་བླུག་ནུས་པའི་གཞུང་ལུགས་དེའང་བོད་མི་རིག་ཧྲིལ་བོར་དབང་བའི་གཞུང་ལུགས་དེ་ཡིན་དགོས། བོད་རིགས་མི་དམངས་ཡོངས་རྫོགས་རང་བཙན་རང་བདག་ངང་འཚོ་གནས་དང་རང་དབང་ཡོངས་ཁྱབ་ངང་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་འགོ་ཁྲིད་ཐུབ་པའི་དར་ཆ་དེའི་སྟེང་དུ་བོད་མི་རིགས་ཧྲིལ་བོའི་གཞི་རྩའི་ཁེ་ཕན་བྲིས་ཡོད་དགོས་ལ། དེ་ནི་བོད་མི་རིགས་ཧྲིལ་བོར་དབང་པའི་རླབས་ཆེན་གྱི་དར་ཆ་དེའང་ཡིན་དགོས། དེ་བས། བོད་རིང་ལུགས་ཀྱི་གཞུང་ལུགས་ནི་འདི་ལྟ་བུའི་གཞུང་ལུགས་ཤིག་ཡིན་ལ། བོད་རིང་ལུགས་ཀྱི་དར་ཆ་དེའང་འདི་ལྟ་བུའི་དར་ཆ་ཞིག་ཡིན།
… …
དེའི་རྐྱེན་གྱིས། བོད་རིང་ལུགས་ཀྱི་ལམ་སྟོན་འོག་གི་བོད་མི་རིགས་རང་བཙན་དང་བཅིངས་འགྲོལ་ཀྱི་འཐབ་རྩོད་ནི་བོད་མི་རིགས་ཧྲིལ་བོའི་བླ་ན་མེད་པའི་ལས་དོན་ཡིན།
རླབས་ཆེན་གྱི་ལས་དོན་འདི་ལ་དགྲ་བོ་གཅིག་ཁོ་ན་ཡོད། དེ་ནི་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་ཡིན།
བོད་མི་རིགས་ལ་ཁ་གཏད་གཅིག་ཁོ་ན་ཡོད། དེ་ནི་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་ཡིན།
དེའི་རྐྱེན་གྱིས། དགྲ་བོ་འདི་གཅིག་པུ་ལས་གཞན་ཚང་མར་མཐུན་སྒྲིལ་བྱེད་དགོས། དཔེར་ན་རྒྱ་ཆེའི་རྒྱ་རིགས་མི་དམངས་དང་། བོད་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་ལ་རྒྱབ་སྐྱོབ་གནང་མཁན་རྒྱ་ནག་ཀྲུང་གོའི་ཡར་ཐོན་ཅན་གྱི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་ལྟ་བུ། དེ་དག་ལས་གཞི་རྒྱ་ཆེ་བའི་གཅིག་གྱུར་གྱི་འཐབ་ཕྱོགས་གྲུབ་ཐབས་སུ་འབད་བརྩོན་བྱེད་དགོས། འདི་ལྟ་བུའི་ཁྱབ་ཁོངས་དང་གཞི་རྒྱ་ཆེ་བའི་གཅིག་གྱུར་གྱི་འཐབ་ཕྱོགས་མེད་ཚེ། “གུང་ཁྲན་ཏང”དང“སྤྱི་ཚོགས་རིང་ལུགས”ཀྱི་ཕྱི་ཤུན་གྱོན་ཞིང་། ཕྱི་ཕྱོགས་སུ་མི་སེར་སྤེལ་བའི་རིང་ལུགས་གསར་བ་བཀོལ་སྤྱོད་དང་། ནང་ཁུལ་དུ་སྲིད་དབང་སྒེར་གཅོད་གསར་བས་དབང་བསྒྱུར་བྱེད་མཁན་ལོག་སྤྱོད་སྲིད་གཞུང་དེ་རྩ་གཏོར་བྱེད་རྒྱུར་དཀའ་ངལ་མང་བོ་ཡོད། དེའི་ཕྱིར། བོད་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་གྱིས་མཚོན་པའི་བླ་ན་མ་མཆིས་པའི་ལས་དོན་དེ་རྩོད་ལེན་སླད་དུ། ངེས་པར་དུ་སོག་ཡུལ་མི་དམངས་དང་མཉམ་དུ་རྒྱལ་ཁབ་གཅིག་གྱུར་གྱི་བླ་ན་མེད་པའི་འཐབ་རྩོད་རྩོད་ལེན་བྱེད་དགོས། ཁོ་རི་ཡ(རྒྱས་སྐད་དུ་ཁྲོ་ཞན་ཟེར།)མི་དམངས་དང་མཉམ་དུ་མི་རིགས་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་གི་བདེན་པའི་འཐབ་རྩོད་མཉམ་ལས་བྱེད་དགོས། ཤར་ཏིར་ཀི་སི་ཐན(རྒྱས་དེ་ལ་ཞིན་ཅང་ཟེར། )མི་དམངས་དང་མཉམ་དུ་རང་བཙན་དང་བཅིངས་འགྲོལ་གྱི་བླ་ན་མེད་པའི་ལས་དོན་རྩོད་ལེན་བྱེད་དགོས། དེ་མིན་རྒྱ་ནག་ཀྲུང་གོ་ནང་ཁུལ་གྱི་ཡར་ཐོན་ཅན་གྱི་མི་དམངས་དང་མཉམ་དུ་སྲིད་དབང་སྒེར་གཅོད་ལམ་ལུགས་རྩ་རྫོགས་དང་། ཡང་དག་པའི་དམངས་གཙོ་ཐོབ་རྒྱུའི་གསར་བརྗེའི་ལས་དོན་རིགས་ལ་སོགས་པ་དང་མཉམ་ལས་དང་རྩོད་ལེན་བྱེད་དགོས། འཛམ་གླིང་སྟེང་གི་དྲང་བདེན་ལ་མོས་ཤིང་། མི་ཐོབ་ལ་རྒྱབ་སྐྱོབ་བྱེད་མཁན་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས། ད་དུང་རྒྱལ་སྤྱིའི་སྒྲིག་འཛུགས་དང་མཐུན་སྒྲིལ་བྱས་ཏེ། མི་ཐོབ་ལ་སྲུང་སྐྱོབ། འགྲོ་བ་མིའི་ཡོངས་ཁྱབ་བདེན་པའི་རྩ་དོན་ལ་སྲུང་འཛིན་བྱེད་པའི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་འཐབ་ཕྱོགས་གཅིག་གྱུར་སྐྲུན་དགོས། འདི་ལྟར་བྱས་ན། ད་བཟོད་རྒྱ་ནག་ཀྲུང་གོ་སྲིད་དབང་སྒེར་གཅོད་དབང་བསྒྱུར་འོག་གི་རྒྱ་ནག་ཀྲུང་གོའི་མི་དམངས་ལ་མིང་དོན་མཚུངས་པའི་མི་རིགས་རང་དབང་ཐོབ་སྲིད་པ་དང་། རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་གི་གཉའ་གནོན་འོག་གི་རིགས་སོ་སོའི་མི་དམངས་ལའང་དུས་མཉམ་དུ་ཡང་དག་པའི་དམངས་གཙོ་ཐོབ་སྲིད།——-མི་རིགས་རང་ཐག་རང་གཅོད་ཀྱིས་རང་བཙན་དང་བཅིངས་འགྲོལ་ཐོབ་པ། དེའི་སྟབས་ཀྱིས། བོད་རིང་ལུགས་ལམ་སྟོན་འོག་གི་བོད་མི་རིགས་ནང་ཁུལ་དུ་དེ་བས་ཀྱང་དགྲ་འཛིན་འགལ་ཟླ་གཅིག་ཀྱང་ཡོད་མི་རུང་ལ། རང་གི་ནུས་སྟོབས་གཞོག་འབྲིད་དང་། རང་གི་དཔུང་ཁག་ཐོར་ཞིག རང་གི་ནང་ཁུལ་ཀྱི་གཅིག་གྱུར་སྙིང་སྟོབས་ཞེ་ལྷོད་རྣམ་གཡེང་ཡོང་རྐྱེན་གཅིག་ཀྱང་གནས་ས་མེད། དེ་བས། བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆ་དེ་ནི་བོད་མི་རིགས་ཧྲིལ་བོ་མཐུན་སྒྲིལ་འབད་བརྩོན་གྱི་དར་ཆ་དེ་ཡིན་ལ། སྙིང་སྟོབས་དང་འདུན་པ་གཅིག་གྱུར་གྱི་དར་ཆ་དེ་ཡིན་ཞིང་། རང་བཙན་བཅིངས་འགྲོལ་གྱི་དར་ཆ་དེའང་ཡིན།
རླབས་ཆེ་བའི་དར་ཆ་འདིའི་འོག་ཏུ། བོད་མི་རིགས་སྤུན་ཟླ་ཚང་མ་ནི་ཤ་མདོག་སྐྲ་མདོག་གཅིག་པ། རུས་རྒྱུད་ཁྲག་རྒྱུན་གཅིག་པ། ཆོས་ལུགས་རིག་གཞུང་གཅིག་འདྲ། མདོར་ན་ཤ་རུས་གདུང་རྒྱུད་གཅིག་པའི་མི་རིགས་སྤུན་ཟླ་ཡིན། དེ་ལ་རྟོགས་སད་ཀྱི་སྔ་རྗེས་མེད་པར་མཇུག་མཐར་དར་ཆ་འདིའི་འོག་ཏུ་འགྲེང་མཁན་ཞིག་ཡིན་ན་ཚང་མ་རྒྱལ་གཅེས་པ་ཡིན——བཙན་པོ་གཉའ་ཁྲི་ནས་བཟུང་གངས་ཅན་བོད་དུ་འབོད་པའི་མེས་རྒྱལ་ལ་དགའ་ཞེན་ཅན་དུ་ངོས་འཛིན་བྱ་རྒྱུ། དེའི་ཁྲོད་དུ་གནས་སྐབས་རིང་བོད་རང་གི་ལོ་རྒྱུས་ལ་རྒྱུས་མངའ་མེད་པས་བོད་རང་གི་མི་རིགས་ཀྱི་བདེན་པའི་ལས་དོན་ལ་བསམ་ཤེས་མི་བྱ་བར་ལུགས་མིན་ནམ་བོད་ཀྱི་རྩ་དོན་དང་འགལ་བའི་བྱ་བཞག་འགའ་རེ་བྱེད་མཁན་བྱུང་ཡོད་སྲིད་ཀྱང་། བོད་རིང་ལུགས་ཀྱིས་ཁོག་ཡངས་བྱམས་བརྩེའི་སྤུན་ཟླའི་བློ་རྒྱས་གང་ཉིད་མཇུག་མཐར་བོད་ཀྱི་འདུ་ཤེས་སྐྱེས་ནས་རང་གི་མི་རིགས་སྤུན་ཟླའི་ནང་ཡོང་རྒྱུ་དང་། རང་གི་མི་རིགས་སྤུན་ཟླའི་བདེན་པའི་ལས་དོན་ནང་ཞུགས་རྒྱུ་དང་། བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་འགྲེང་རྒྱུར་ཡིད་ཆེས་བརྟན་པོ་ཡོད། དེར་བརྟེན། བོད་རིང་ལུགས་ཀྱི་གཞུང་ལུགས་ཀྱིས་བོད་མི་རིགས་ཧྲིལ་བོའི་མཇུག་མཐའི་རང་བཙན་དང་བཅིངས་འགྲོལ། འགྲོ་བ་མིའི་ཡོངས་ཁྱབ་དྲང་བདེན་གྱི་རྩ་དོན་སྤེལ་རྒྱུ་དང་། རྣམ་པ་ཐམས་ཅད་ཀྱི་མི་སེར་སྤེལ་བའི་རིང་ལུགས་རྩ་གཏོར་བྱ་རྒྱུ་དམིགས་ཡུལ་དུ་བཅངས་ནས་བོད་མི་རིགས་ཧྲིལ་བོའི་མི་དམངས་ལ་སྐུལ་འདེད་དང་མཐུན་སྒྲིལ་བྱས་ཏེ། རྔམ་བརྗིད་ལྡན་པའི་བདེན་པའི་ལས་དོན་གྱི་རུ་ཁག་རྩ་འཛུགས་ཀྱིས་རང་ཉིད་ཀྱི་གཞུང་ལུགས་མངོན་གྱུར་དང་། རང་གི་བླ་ན་མ་མཆིས་པའི་དམིགས་ཡུལ་མངོན་པར་གྱུར་ཆེད་ཧུར་བརྩོན་མཐར་ཐུག་བྱེད་རྒྱུ།
འཇིགས་པ་བྲལ་བའི་ལྷ་སའི་གྱེན་ལངས་བསླངས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་གྱི་སྐབས་འདི་རུ། གོང་བརྗོད་ཡི་གེ་དེ་དག་བྲིས་པ་ཡིན། རྗེས་དྲན་ཞིག་དང་མཉམ་དུ་བོད་མི་རིགས་ཀྱི་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལ་ཕྱི་མིག་དང་འདས་པའི་ལོ་ངོ་སུམ་ཅུའི་རིང་གི་བྲན་བཀོལ་དང་། མཚུངས་སྒྱུར། ངན་གསོད་བྱས་པའི་ཡ་ངའི་དངོས་ཡོད་གནས་སྟངས་ལ་བསམ་ཞིབ་ནན་མོ་ཞིག་བཏང་བའི་སྲོལ་ཡང་ཡིན། རྩོམ་པ་པོར་བོད་རིང་ལུགས་གཞུང་ལུགས་ཀྱི་འགྲན་ཟླ་བྲལ་བའི་གཞུང་ལུགས་ནུས་སྟོབས་ཀྱིས་བོད་མི་རིགས་ཧྲིལ་བོ་གོང་བུ་གཅིག་ཏུ་སྒྲིལ་བའི་གཅིག་གྱུར་གྱི་འཐབ་ཕྱོགས་ཤིག་དང་། བོད་རིང་ལུགས་ཀྱི་དར་ཆའི་འོག་མ་བསྐུལ་ངང་གིས་འདུས་ནས། རང་གི་ཆེས་བླ་ན་མ་མཆིས་པའི་ལས་དོན་དེའི་ཆེད་དུ་འབད་འབད་འབུང་འབུང་བྱ་རྒྱུར་ཡིད་ཆེས་བརྟན་པོ་བཅངས་ཡོད།
ཅོ་རི་ཉི་མ་ལགས་ཀྱིས་བློ་སྟོབས་ཆེན་པོས་བསམ་ཚུལ་གསུམ་ཞིག་གཙོ་བོར་བཏོན་ཏེ་རྒྱས་བཤད་གནང་འདུག གསུམ་དེ་དག་ནི་།
༡རྒྱ་གཞུང་གི་ལས་བྱེད་པ་ཡིན་པའི་བོད་མི་གུན་ཁྲན་ཏང་ཡོན་རྣམས་དང་བོད་མིའི་བར་གྱི་འགལ་བ།
༢ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་གྱི་འགལ་ཟླ་དང་ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་བར་གྱི་འགལ་བ།
༣རང་བཙན་དང་དབུ་མའི་ལམ་གྱི་བར་གྱི་འགལ་བ་བཅས་སོ།
གོང་གསལ་ཁྱོད་རང་གི་བཏོན་པའི་འགལ་བ་གསུམ་པོ་དེ་དག་ལ་ང་རང་གི་བལྟ༌ཚུལ་ཞུས་ན་བསམ་ཚུལ་གྱི་སྡོམ་ཚིག་དེ་དག་ནི་དོན་དག་དངོས་དང་རྦད་དེ་རྒྱབ་འགལ་འགྲོ་གི་འདུག
དང་པོ། བོད་ནང་རྒྱ༌ནག་གཞུང་གི་སྔར་ནས་ད་བར་དྲག་གནོན་དང་གཉའ་གནོན་བཙན་དབང་འཇིགས་སྐུལ་དྲག་ཤུགས་ཀྱིས་བོད་མི་རྣམས་ལ་དྲང་བདེན་དང་ཁྲིམས་མཐུན་མིན་པའི་སྲིད་བྱུས་བཟུང་སྟེ་མི་རིགས་དབྱེ་འབྱེད་གཙོ་བོར་བྱས་ཏེ་བོད་ཀྱི་ས་ཁུལ་གང་སར་རྒྱའི་དབང་བསྒྱུར་འོག་བསྣན་ཏེ་བོད་མི་དང་རྒྱ༌ནག་གཞུང་གིས་དབང་འཛིན་པ་ཡོད་དོ་ཅོག་དང་འགལ་བར་འགྱུར་ཡོད་པ་ལས་བོད་མི་ཏང་ཡོན་དང་བོད་མིའི་དབར་འགལ་བ་བྱུང་སྟེ་བོད་ཤོར་བ་དང་བོད་མིས་དཀའ་སྡུག་མྱངས་པ་གཙོ་དོན་མ་ཡིན་པས་དེར་ཡང་བསྐྱར་དཔྱད་རོགས།
གཉིས་པ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཤུགས་ལྡན་ཚོགས་པའི་དབར་གྱི་འགལ་ཟླ་ཟེར་བ་དེ་ཡང་ངོས་ལེན་མེད། ཤུགས་ལྡན་ཚོགས་པ་ཡིན་ཟེར་མཁན་དེ་དག་གིས་རང་ཉིད་ལྷ་དང་འདྲེ་གང་ཡིན་བསྟེན་ནས་ཁ་ཚུམས་སྡོད་འདོད་མེད་པར་ཆེད་མངགས་དགྲ་བོ་རྒྱ༌དམར་གྱི་རྒྱུགས་ཁྱི་བྱས་ཏེ་སྐད་ངན་བརྒྱབ་སྟེ་འགལ་ཟླ༌བཟོ་ཐབས་བྱེད་པ་ལས་ཁོང་ཚོ་ཏཱ་ལའི་བླ་མ་མཆོག་ལ་དད་པ་མེད་ན་ཁ་ཚུམས་ནས་རང་རང་སོ་སོའི་གནས་ལ་འདྲེ་བསྟེན་ནས་བསྡད་ན་མ་འགྲིག་པ་ག་རེ་ཡོད་རེད། ཁོང་ཚོས་དོལ་རྒྱལ་བསྟེན་པ་ཙམ་མ་ཟད་དེ་ལག་ཆར་བཟུང་ནས་དགྲ་བོ་རྒྱ༌དམར་གྱི་ལས་ཀ་བྱས་ཏེ་ད་ཆ་བོད་སྤྱིའི་ཆིག་བསྒྲིལ་གཏོར་བཤིགས་གཏོང་གི་ཡོད་པ་གསལ་པོ་འདུག་པས་དེ་ཏཱ་ལའི་བླ་མ་གཅིག་པུ་དང་འགལ་བ་བྱུང་བ་རེད་དམ། ་ཡང་བསྐྱར་དཔྱད་རོགས།
གསུམ་པ། རང་བཙན་དང་དབུ་མའི་འགལ་བ་གང་ཞིག་ཡོད་པ་རེད་དམ། སོ་སོའི་དམིགས་ཡུལ་དང་ལྟ༌བ་བཟུང་སྟེ་བོད་སྤྱིའི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་དཀའ་ལས་རྒྱག་མཁན་དེ་ཚོས་དེ་གཉིས་དབར་འགལ་བ་ཡོད་པའི་ལས་ཀ་བྱ་གི་འདུག་གམ། བྱ་གི་ཡོད་མ་རེད། ཡིན་ནའང་ཁྱོད་ལྟ༌བུ་བྱ༌བ་དངོས་ནང་སྐད་འབོད་ཉིན་གཅིག་ཀྱང་འགྲོ་འདོད་མི་བྱེད་པར་དྲ་རྒྱའི་ནང་ཁ་རྐྱང་རྐྱང་བཤད་མཁན་དེ་ཚོས་འགལ་བ་བཟོ་གི་ཡོད་རེད། རང་བཙན་འཐབ་རྩོད་པ་དང་དབུ་མའི་འཐབ་རྩོད་པ་གཉིས་ཀྱི་བོད་སྤྱི་དོན་རྩོད་པ་ལས་དེ་གཉིས་དབར་གྱི་འགལ་བ་སེལ་ཏེ་དགྲ་བོ་སྣང་མེད་དུ་བཞག་ན་དེ་ནི་འཐབ་རྩོད་པ་མིན་པས་དེ་གཉིས་ཐོག་དངོས་ཡོད་ལས་ཀ་བྱ་མཁན་དེ་དག་ལ་འགལ་ཟླ༌མི་འདུག་པས་དེ་ལ་ཡང་དཔྱད་རོགས།
གཤམ་དུ་ལྷ་སྡེ་གནམ་ལོ་ཡག་ཟེར་བའི་མི་དེ་ཡང་ཉོན་ཅིག ཁྱོད་རས་དཔྱད་པ་བྱ་ཁུལ་གྱིས་དགའ་ལྡན་ཕོ་བྲང་དང་སྐལ་བཟང་རྒྱ༌མཚོ་མཉམ་དུ་ཚོགས་དགོས་པ་བཤད་པ་དེའང་གང་འདྲ༌རེད་དམ། སྐདལ་བཟང་རྒྱ༌མཚོས་ཏཱ་ལའི་བླ་མར་དད་པ་རྩ་བ་ནས་མེད་པའི་རྣམ་པ་བཏོན་གྱི་ཡོད་པས་ཁོ་ག་རེ་བྱས་ཀྱང་ཁོའི་འདོད་པ་རེད། དགའ་ལྡན་ཕོ་བྲང་དང་ཁོའི་དབར་ག་རེ་བྱས་ཏེ་ཚོགས་དགོས་པ་རེད། སྐལ་བཟང་རྒྱ༌མཚོ་དོལ་རྒྱལ་ཚོགས་པའི་ག་རེ་རེད། དེའི་བར་ན་ཟམ་གདོང་རིན་པོ་ཆེ་ཡང་འདྲུས་ཏེ་ག་རེ་བྱ་འདོད་པ་རེད་དམ། སྔ༌རྗེས་བཀའ་སློབ་གསལ་གསལ་ཐིང་ཐིང་གནང་ཡོད་ལ་བདེ་སྲུང་བཀའ་བློན་ནས་གསལ་བཤད་ཡག་ཐག་ཆོད་གནང་ཡོད་པ་དེ་ལྷག་བར་ཐག་ཉེ་ས་ཞིག་ནས་བདེན་པ་གང་ཞིག་སུ་ལ་རྙེད་རྒྱུ་ཡོད་རེད། དོལ་རྒྱལ་བསྟེན་ན་བསྟེན། དེར་རྒྱབ་སྐྱོར་བྱས་ན་བྱོས། ཁོང་ཚོས་བཅའ་ཁྲིམས་ཀྱི་གོང་དུ་བཀུར་བའི་བོད་མིའི་དབུ་ཁྲིད་ས་གནས་གང་དུ་ཕེབས་ཀྱང་དགྲ་བོ་རྒྱ་དམར་གྱི་རྒྱུགས་ཁྱི་དེ་དག་དང་འདྲེས་ནས་ངོ་རྒོལ་བྱ་གི་འདུག ཁོང་ཚོས་ལྷ༌འདྲེ་བསྟེན་རྒྱུའི་སྐོར་རེད་མི་འདུག དམངས་ཁྲོད་ཁ་བརྡ་ཉོན་ནས་ད་ལྟའི་དྲུང་ཆེ་གསར་པ་འདིས་རྒྱ་ནག་གཞུང་ནས་བོད་ནང་འཛུགས་སྐྲུན་བྱས་པ་ངོས་ལེན་བྱ༌དགོས་རེད་ཅེས་སོགས་རྒྱ་ནག་གཞུང་གི་དཔོན་ངན་ཚོའི་ཚབ་བྱས་ཏེ་གཏམ་བཤད་བྱ་གི་འདུག་པས་ད་ཁོང་ཚོས་དོལ་རྒྱལ་བསྟེན་མ་བསྟེན་གྱི་དོན་དུ་རྩོད་ཀྱི་མི་འདུག་པས་བསམ་བློ་ཡག་པོ་བཏང་སྟེ་དཔྱད་རོགས། འོ་ཡ་་་་ད་ལན་མེད་དོ་་
ཀརྨ་བློ་གསལ་ལགས། ཁྱོད་དང་བསམ་བློ་ཧང་ཅང་མཐུན་གྱི་འདུག བློ་མཐུན་ལགས་ཞེས་ཞུ་རྒྱུ་ཡིན། ཁ་མ་ཡིན་དོན་དང་ཞེ་མ་ཡིན་གཏིང་ནས་དགའ་པོ་བྱུང་། སྤོབས་པ་སྐྱེས་བྱུང་། ཐུགས་རྗེ་ཆེ།
དང་པོ་གལ་ཆེ་ཤོས་དེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་འདི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་གི་འགྲེལ་བཤད་རྫིག་པོ་དེ་མ་ཡིན་པར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་ངོ་བོར་གྱུར་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། འདིའི་ཆ་རྐྱེན་ཨང་དང་པོ་བོད་མི་རིགས་སྤྱི་བོ་གནམ་བསྟན་ཡོངས་ལ་དམངས་གཙོ་དང་རང་དབང་། འདྲ་མཉམ་བཅས་ཀྱི་གོ་རྟོགས་ཆ་ཚང་ཡང་དག་པ་ཞིག་སད་དགོས་པ་དེ་མེད་དུ་མི་རུང་བ་ཞིག་རེད། དེ་ལྟའི་རྟོགས་སད་ཀྱི་སྤྱི་ཚོགས་ཞིག་བསྐྲུན་ཐུབ་ན་ད་གཟོད་བོད་མི་རིགས་འདི་འགྱེལ་ས་ལངས་ཐུབ་ངེས་ལ་དེང་རབས་ཅན་གྱི་བོད་གསར་འཛུགས་བསྐྲུན་དང་ཡར་རྒྱས་ལ་དཀའ་ཁག་འཕྲད་མི་སྲིད།
དེ་དང་ཆབས་ཅིག་མ་རྩོམ་གྱི་བརྗོད་གཞི་བོད་ཕམ་ཉེས་ལས་བླངས་པའི་བསླབ་བྱ་དང་ཐབས་ཇུས་ཀྱི་རྩ་དོན་གསུམ་པོ། ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན་བཅས་གསུམ་པོ་བོད་ཀྱི་སྲིད་སྐྱོང་མཆོག་གི་རྩ་བའི་དམ་བཅའ་གསུམ་པོ་དེ་རེད། རྩ་བའི་དམ་བཅའ་གསུམ་པོ་སྲོལ་གཏོད་ནས་དུས་ཡུན་གང་ཙམ་ཕྱིན་ཡོད་ཀྱང་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་ད་དུང་ཡང་ཐོན་མེད། དེ་ལ་རྒྱུ་རྐྱེན་མང་དག་ཞིག་ཡོད་ཀྱང་གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་འདི་དམངས་གཙོ་བརྩོད་ཀྱིན་མེད་པས། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ཐུབ་བམ་ཡང་ན། མུ་མཐུད་ནས་ཡུལ་བགྱར་ལ་བསྡད་དགོས་ཁ་ཕྱོགས་གསལ་པོ་ཞིག་དང་གདེངས་ཚོད་ངེས་ཅན་ཞིག་མེད་པར་མག་མོག་ཏུ་ལྷག་ཡོད་པ་དེ་རེད་ལ། ནང་ཁུལ་ལྟ་གྲུབ་གཉིས་ཀྱི་འགལ་ཟླ་རང་བཞིན་ཅན་དུ་གྱུར་ནས་དགྲ་འཛིན་གྱི་འདུ་ཤེས་འོག་ལྟ་གྲུབ་གཞན་སྨྲ་བ་ཚོ་མཚན་སྨོད་ཀྱི་ངོ་བོར་གྱུར་ནས་༧རྒྱལ་བའི་དགོངས་པ་ལས་འགལ་ཚུལ་གྱིས་སྤྱི་ཚོགས་ལས་ཐག་རིང་དུ་བུད་ཐབས་ཀྱིས་ཆིག་སྒྲིལ་རྨངས་ནས་གཏོར་གྱིན་པ་དེ་རེད། དེས་ན་བསམ་བློ་གུ་ཡངས་པོའི་ཐོག་ལྟ་གྲུབ་སྣ་མང་ཤོང་ནུས་པའི་འཁོར་ཡུག་དགོས་ངེས་རེད། མ་ཟད་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། བོད་མི་རིགས་ཀྱི་རུས་རྐང་དུ་ཟུག་ཡོད་པའི་བཙན་པོའི་སྙིང་སྟོབས་དང་ཁྲག་རྒྱུན་ཆད་མེད་ན་ཆིག་སྒྲིལ་ལ་དཀའ་ངལ་ཆེར་མེད་མོད། ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་དད་མོས་སོགས་ཀྱི་འགལ་འདུ་ཆུང་ཚག་རིགས་དེ་ཚོ་ག་ལེར་ཞི་འཇགས་འགྲོ་རྒྱུ་གདོན་མི་ཟའོ། རྒྱུ་མཚན་དེང་དུས་ཤེས་ཡོན་གྱི་སློབ་གསོས་གསོ་སྐྱོང་བྱས་པའི་མི་རབས་གསར་པ་ཚར་ལོངས་བྱུང་དང་འབྱུང་བཞིན་པ་རེད། ཁོ་ཚོས་དངོས་ཐོག་བདེན་འཚོལ་གྱི་དཔྱད་ཞིབ་བརྒྱུད་བླང་རྡོར་འབྱེད་ནུས་པའི་བློ་ཁོག་ལྡན་ཡོད་པ་རེད།
ནུབ་ཕྱོགས་རང་བཞིན་གྱི་ལས་བྲེལ་གྱི་བར་ནས་འགྲོས་དགོས་བྱུང་བས་དུས་ཁོམས་བྱུང་རིགས་མུ་མཐུད་རྒྱུ་ཡིན།
རྣམ་དཔྱོད་ཆེས་ཆེར་ལྡན་པ་སྐུ་ཞབས་ཅོ་རི་ལགས་ནས་གནད་ལ་ཁེལ་ཞིང་ལ་དོན་དང་ལྡན་པའི་གཏམ་བཤད་ངར་པོ་གནང་འདུག་པས་ཐོག་མར་གུས་འདུད་དང་འཚམ་འདྲི་ཞུ་བཞིན་ཡོད། ཁྱེད་ཀྱིས་གནད་དོན་གསུམ་གྱི་སྒང་ལ་རིགས་པ་རྩལ་དུ་བཏོན་ནས་གསུངས་གནང་འདུག་པ་དེ་ཡང་རང་གི་མི་རིགས་ལ་ཞེ་གཏིང་ནས་ཤ་ཞེན་དང་ལ་རྒྱ་སེམས་ཤུགས་ཡོད་པ་མཚོན་ཐུབ། གནད་དོན་འདི་དག་ལ་འདིར་ཕེབས་ཀྱིས་མཁས་པ་དག་གིས་མཁས་རྟགས་དང་། བླུན་པོ་རྣམས་ཀྱིས་བླུན་རྟགས་མི་གནང་བར་གནད་ཁེལ་གྱིས་རྒྱབ་སྐྱོར་དང་དགོངས་འཆར་གནང་རོགས་ཞུ་ཞེས་ཞུ་བཞིན་ཡོད།
མཐུན་བློ་འབྲོང་ལགས་་་ཕེབས་པ་ལེགས། སྤྱི་ཚོགས་དངོས་ཀྱི་ནང་དུ་ཆིག་སྒྲིལ་ལག་བསྟར་ཐུབ་ཐབས་གསུང་རོགས་བྱོས་ཅེས་ཞུ་རྒྱུ་ཡིན།
དེ་ནས་་བཀྲ་ཤིས་བསམ་འགྲུབ་ལགས་ཀྱི་གསུངས་པར་ཡག་བྱུང་ཞུ་རྒྱུ་ཡིན། བསམ་ཚུལ་མ་མཐུན་པ་ནི་ཕ་དང་བུའི་བར་དུ་ཡང་ཡོད་པས་ང་ཚོའི་བར་དུ་ཡོང་སྲིད་པ་ནི་ཆོས་ཉིད་རེད།
དེ་ནས་་་མིག་དམར་ལགས་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། དགའ་པོ་བྱུང་།
དོན་དགའ་དང་བཀྲ་ཤིས་བསམ་འགྲུབ་ལགས་ཁྱོད་གཉིས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཤུགས་ལྡན་ཚོགས་པའི་བོད་མི་རྣམས་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་འདོད་ཡོད་དམ་མེད།
རོང་བཙན་ལགས་ཀྱིས།
ཁ་བརྡ་ཚང་ལ་ཀརྡོ་གཉེར་ཕྱག་པས་དྲ་མཆན་གྱི་ཁྲལ་དགོས་ཀྱི་ཡོད་པ་འདྲ། ཁ་བརྡ་དྲ་མཆན་བཙོག་པ་བཟོ་མཁན་ཨ་ཁ་ཁཁ་་་་་་་་
ཟེར།
སྤྱི་དོན་དང་སྒེར་དོན་གཉིས་ཀྱི་ལྕི་ཡང་མཁྱེན་དགོས་པ་གལ་མི་ཆེའམ། ལགས།
ཐོག་མར་ཅོ་རི་ཉི་མ་ལགས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཕུགས་བསམ་སླད་། འདས་པའི་ཉམས་མྱོང་དང་ད་ལྟའི་གནད་དོན་མ་འོངས་པའི་ཁ་ཕྱོགས་སོགས་རང་བློའི་དཔག་ཚོད་དང་ནུས་ཚོད་ཀྱིས་འདི་ལྟར་མ་གླེང་ཐབས་མེད་དང་ངེས་པར་གླེང་དགོས་པའི་གླེང་གཞི་དག་རེ་རེ་བཞིན་ཀུན་གྱི་མིག་མདུན་སྤོངས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབ་གཅིག། ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཐའ་གཉིས་དང་བྲལ་བའི་འདས་མ་ད་གསུམ་གྱི་སྐྱོ་གར་མག་མོག་དག་ཤེས་རབ་གྱི་སྒྲོན་མེའི་འོག་ངོགས་གསལ་བར་བཤམས་པ་སྙིང་ནས་གུས་འདུད་གྲངས་མེད་ཞུ། བདག་ནི་ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེན་གསེར་གྱི་ཐིགས་པའི་བརྟུལ་ཞུགས་འཆངས་མཁན་གྱི་མི་བུ་ཞིག་སྟེ་ལོ་ཟླ་དང་ཉིན་ཞགས་ཀྱི་འཁོར་འགྲོས་བར་ཟ་འཐུང་དང་འགྲོ་འདུག་གྱི་འཚོ་བའི་ཁྲོད་མི་རིགས་འདིའི་སྐྱོ་གར་ཁོ་ན་གླེང་མཁན་ཞིག་ལས་གཞན་ཅི་ཡང་མི་ཤེས་ལ་གང་ཡང་མི་འཇོན། དེ་ཡང་ལས་ཀྱིས་བརྐོས་ཐེངས་ཤིག་གིས་ངོ་གདོང་དམར་ལ་སྨུག་པའི་མཐོ་སྒང་གི་རྒད་པོ་དཔུང་རྗེན་ཞིག་གི་བུ་རུ་སྐྱེས་ཏེ་རུམས་ཀྱི་མཚར་ལོངས་བྱུང་དུས། ཨ་མྱེས་དང་ཨ་ཕའི་གཏམ་བརྒྱུད་ཡོད་ཚད་སྐྱོ་གར་རེད། དེ་བས་ངས་ངེད་ཚང་གི་སྐྱོ་གར་འདི་མི་གླེང་ག་མེད་བྱུང་། དགོངས་དག་འདི་ནི་ཞོར་འཕྲོས་ཀྱི་སྐད་ཆ་ཙམ་དང་ཚོར་བ་ཙམ་ཡིན། ད་ནི་གླེང་གཞི་དངོས་ལ་བསམ་ཚུལ་ཐོར་བུ་ཞིག་ཨེ་ཤོད་ལྟ་རྒྱུ་ཡིན། གཅིག། མཐུན་སྒྲིལ་སྐོར་རེད། ང་ནི་སྤྱི་ཚོགས་ཀྱི་གནད་དོན་གང་ཞིག་ཡིན་ན་གྲོས་མོལ་ཟེར་བ་འདི་གཙིག་ཆེན་འཛིན་མཁན་ཞིག་ཡིན། དེ་ཡང་འགེག་ས་ཐོགས་ས་ལྟ་བ་ལངས་ཕྱོགས་མི་གཅིག་པའི་སྤུན་ཟླ་ནང་ཁུལ་གྱི་འགལ་ཟླ་ཡོད་ཚད་རྩོམ་ཡིག་དང་སྐད་བསྐུར་བརྡ་འཕྲིན་གྱི་བརྒྱུད་ལམ་ཙམ་མ་ཡིན་པར་ཕན་ཚུན་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུ་ནི་ཆེས་གལ་གནད་དང་དུས་རབས་ཉེར་གཅིག་པའི་ཁྱད་འཕགས་ཀྱི་ཤེས་བར་ཞིག་རེད་འདོད། བདག་ལ་བསམ་བློ་འདི་གང་ནས་རྙེད་བྱུང་ཟེར་ན། གཅིག། ༧གོང་ས་མཆོག་གི་རྒྱུན་ཏུ་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་གིན་ཡོད་པ་དང་། གཉིས། རང་ཉིད་ཀྱི་མིག་མཐོང་ལག་ཟིན་ཏུ་གྲུབ་པའི་དབྱིན་ཇིའི་རྒྱལ་ཁབ་ན་་་དབྱིན་ཇིའི་རྒྱལ་བསྲུང་ཚོགས་པ་ཟེར་བའི་མི་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ཆེན་འཛིན་མཁན་ཞིག་དང་ཁ་ཆེ་ཆོས་ལུགས་ཀྱི་ལྟ་བ་ཁྲེགས་འཛིན་མཁན་གྱི་ཚོགས་པ་གཉིས་ཡོད་རེད། ཁོང་གཉིས་བར་ལོ་མང་འཁྲུགས་འཛིངས་དང་མི་གསོད་ཁྲག་སྤྱོར་བྱས་ཡོད་པ་མ་ཟད་རྒྱུན་ཏུ་ཕན་ཚུན་བར་ངོ་རྒོལ་སྐད་འབོད་དང་སྐྱོན་བརྗོད་རྐྱང་རྐྱང་བྱས་མཐར་ཁ་ཆེའི་ཚོགས་པའི་སྣེ་ཁྲིད་པ་དང་ཤེས་ཡོན་ཅན་ཕོ་གསར་ཞིག་གིས་གྲོས་མོལ་གྱི་བསམ་བློ་རྙེད་ཏེ་དབྱིན་ཇིའི་རྒྱལ་སྲུང་ཚོགས་པའི་ཚོགས་གཙོ་ལ་ཐོག་མར་ཡིག་འབྲེལ་བྱས། དེ་ནས་ཁ་པར་ཐོག་འབྲེལ་བ་བྱས་ཏེ། ངེད་གཉིས་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་དགོས་བའི་རེ་འདུན་ཐེངས་བཏོན་མཐར་ཇ་ཁང་ཞིག་གི་ནང་ནས་ཐུག་ཏེ། ཕན་ཚུན་ལ་གྲོས་མོལ་བྱས་པ་དང་རུམས་ཀྱི་ཁོའི་ནང་ལ་སྐད་བཏངས་ཏེ་ཁ་ལ་མཉམ་ཏུ་ཟོས། དེ་ནས་ཁ་ཆེའི་ལྷ་ཁང་སོགས་ནང་སྐད་བཏངས་ནས་རྒྱུས་ལོན་དང་གསལ་བཤད་བྱས་མཐར་ཕྱོགས་གཉིས་ཀྱི་ཚོགས་མི་དང་རྒྱབ་སྐྱོར་བ་མི་མང་ལྷན་བགྲོ་གླེང་གང་མང་བྱས་ཏེ་འགྲིག་མཐུན་བྱུང་པ་རེད། གཉིས། ང་ཚོས་གླེང་བཞིན་པ་ནི་ཁ་སང་གི་ཕམ་ཁ་ལས་ཕྱིན་པའི་དེ་རང་གི་ན་ཟུག་དང་སང་ཉིན་གྱི་རྒྱལ་ཁ་ཇི་ལྟར་བསུ་མིན་ཡིན་པ་ལས་སང་ཉིན་ལ་ཕྱིར་ལོག་རྒྱགས་ས་མེད་། དེ་བས་ང་ཚོས་ང་ཚོའི་སྤུན་ཟླ་ཚོ་ལ་རྗེས་ལས་དང་བག་འཁུམས་་རྨོང་དད་་རྙིང་ཞེན་ཟེར་བའི་རིག་གསར་སྐབས་ཀྱི་སྐད་ཆ་རྙིང་པ་འདི་ཡང་ནས་བསྐྱར་ཏུ་བཤད་ཏེ་མི་སེམས་དམར་གསོད་གཏོང་བའི་ཚིག་མཚོན་འདི་དག་རེ་ཞིག་མཚམས་འཇོགས་བྱས་ཏེ་ཕན་ཚུན་བར་གུ་ཡངས་རང་བཞིན་གྱི་བགྲོད་ལམ་ཞིག་འཚོལ་རྒྱུ་ནི་གལ་འགེངས་ཆེ་བར་འདོད། གསུམ། ང་ཚོ་ནམ་མཁར་འཕུར་མཚམས་བཞགས་ཏེ་རྐང་པ་ས་བཙུགས་ནས་སྐད་ཆ་ཞིག་བཤད་ན། ང་ཚོའི་སྤུན་ཟླ་ནང་ཁུལ་ལ་དགོས་མེད་དོན་མེད་ཀྱི་རྙོགས་དྲ་དང་འགལ་འདུ་མང་པོ་ཞིག་ཡོད་པ་བདེན་པ་རེད་ཏེ་ཡང་སྐབས་རེ་རྙོགས་དྲ་འགའ་ཤེས་ཞི་འཇམས་དང་ཁུ་སིམ་མེར་ཡོད་དུས། འགའ་རེས་དོན་མེད་གླེང་ནས་ཡོང་གིན་འདུག། དཔེར་ན་ཆོས་ལུགས་གྲུབ་མཐའི་རྩོད་གཞི་དང་ཆུ་སྒང་གསར་རྙིང་དང་ཐེ་ཕོག་གི་རྩོད་གླེང་ལྟ་བུ་རེད། འདི་ཚོར་ངས་དགོས་མེད་ཀྱི་རྙོགས་དྲ་ཟེར་ཀྱིན་ཡོད། མ་གླེང་ན་ཡག་པོ་འདུག་ཟེར་རྒྱུ་ཡིན། དེ་ནས་དབུ་ལམ་རང་བཙན་གྱི་ལྟ་གྲུབ་དང་ལངས་ཕྱོགས་རེད་། འདི་ནི་ངེས་པར་གླེང་དགོས་པ་དང་གླེང་ཤེས་དགོས་ཀྱིན་འདུག། ཅི་ཞིག་ལ་གླེང་དགོས་པ་རེད་ཟེར་ན། གདོང་དམར་པ་ཚང་གི་མ་འོངས་པའི་ཤུ་གསོན་གྱི་གནད་དོན་རེད། ཅི་ཞིག་ལ་གླེང་ཤེས་དགོས་ཀྱིན་འདུག་ཟེར་ན། རང་བཙན་ལངས་ཕྱོགས་འཛིན་མཁན་ཚོར་ལྟ་ལོག་དང་དབུ་ལམ་འདོད་མཁན་ཚོར་རྨོང་དད་པ་ཡིན་པར་ངོས་འཛིན་བྱེད་པ་ནི་གླེང་མ་ཤེས་བར་ངོས་འཛིན་བྱེད་ཀྱིན་ཡོད། གུ་ཡངས་དང་གནས་ལུགས་གཙིགས་སུ་བཀུར་ཏེ་ཕན་ཚུན་གདོང་ཐུག་གི་བགྲོ་གླེང་ས་གནས་གང་སར་བྱས་ན་ལེགས་སམ། ཤུགས་་ལྡན་བརྟེན་གསོལ་སྐོར་གྱི་རྙོགས་དྲ་རེད། འདི་ནི་རྙོགས་དྲ་མགོ་རྙོགས་ཤིག་རེད། ཡིན་ཡང་གྲོས་མོལ་བྱེད་མི་ཐུབ་པ་དང་མི་འོས་པ་ཞིག་ཡིན་མི་སྲིད། དེ་ནི་གོང་ནས་གནམ་ལོ་ཡག་གྱིས་བཤད་པ་བཞིན་ཟམ་གདོང་བླ་མ་དང་དགེ་བཤེས་སྐལ་བཟང་ལྟ་བུའི་སྣེ་ཁྲིད་བྱེད་རྒྱུ་ལས་ཨ་རི་ན་ཡོད་པའི་དགའ་ལྡན་སྙན་རྒྱུད་འཛིན་སྐྱོང་ཚོགས་པ་ཟེར་བའི་ནང་གི་ཀླད་པ་ཁྲེགས་པོ་ཅན་དེ་ཚོའི་ལྷན་གྲོས་མོལ་ཞིག་བྱེད་ས་མི་འགྲོ་པ་དང་བྱེད་འདོད་ཡོད་མེད་ཡང་བཤད་དཀའ། རྒྱུ་མཚན་ཁོང་ཚོས་བཤད་སྟངས་ལས་སྟངས་ཀྱིས་བོད་མི་ཚོའི་སེམས་པ་གསོན་བསྲེགས་བྱས་ཡོད། མདོར་བསྡུས་ན་ང་ཚོ་མི་སྒེར་རེ་རེའི་ནུས་པ་ཕྱོགས་གཅིག་ལ་སྤོང་བ་དང་འཕགས་ཚུགས་ཇི་ལྟར་རྒྱགས་མིན་ལས་ཁ་བཤད་ཙམ་ལས་མི་ཕན་པས་རེ་ཞིག་འདིར་མཚམས་འཇོགས་།
བརྗོད་གཞི་འདི་བཞིན་བགྲོ་གླེང་གི་ཚུལ་དུ་གླེང་སློང་གནང་བ་ཤིན་ཏུ་སྨོན་ དེ་སྔ་གནད་དོན་འདིའི་སྐོར་སྤྱི་ཚོགས་ནང་མངོན་གསལ་མིན་པའི་སྒོ་ནས་དྲ་ཐོག་ཏུ་ཤོད་རེས་མང་པོ་བྱུ་ཡོད་ བོད་ཤོར་བའི་འགལ་རྐྱེན་དང་མ་འོངས་མདུན་ལམ་སྐོར་གླེང་རྒྱུ་ནི་ད་ལྟའི་མི་རབས་ལ་བབས་པའི་འགན་འཁྲི་ཆེ་ཤོས་དང་འགལ་གནད་ཆེ་ཤོས་ཡིན་ ཅོ་རི་ཡིས་ལས་སླ་པོར་བློ་སེང་གི་གཟུང་བསྔགས་ལ་འཐམས་འཇུ་བྱས་ཏེ་ཁ་ཐོག་གི་རྩོད་གཞི་ཅན་གྱི་གནད་དོན་འགའ་གླེང་བ་ནི་དོན་ནུ་མ་གནས་ ཤུགས་ལྡན་་དབུ་མའི་ལམ་ ཏ་ལའི་བླ་མ་སོགས་ནི་གནད་དོན་ཙམ་རེད་ དོན་ངོ་མ་བོད་རང་བཙན་བྱེད་འདོད་ན་བོད་མི་དཀྱུས་མར་སློབ་སྦྱོང་དང་འདེངས་སྤོབས་ ངོ་ལོག་དོན་ཐུབ་མཁན་དང་དེ་བཞིན་རྒྱ་མི་མཐར་སྐྲོད་བྱེད་པའི་ལྟ་བ་དང་ཐབས་བྱུས་འབུར་དུ་ཐོན་པ་དགོས་པ་རེད་ འདི་ལྟ་བུའི་ལས་འགུལ་བྱུང་ན་བོད་གཙོ་བོར་འགྱུར་རྒྱུ་དང་ཏ་ལའི་བླ་མ་དང་ཆོས་ལུགས་ ཆོལ་ཁ་ ཆབ་སྲིད་ལྟ་བ་དང་ལངས་ཕྱོགས་སོགས་གཉིས་པར་འགྱུར་ནས་རང་ས་རང་བདག་བྱེད་པའི་ལམ་དུ་བསྐྱོད་ཐུབ་
ང་ཚོས་འདམ་ཁ་གཏོང་རྒྱུ་ནི་
སྒེར་དོན་དང་བོད་དོན་
རེ་སྒུག་དང་ཐབས་ཤེས་
ཏ་ལའི་བླ་མ་དང་བོད་
བག་ཁུམས་དང་གདེངས་སྤོབས་
ཚོད་ལྟ་དང་མདུན་མཆོངས་
བཅས་ཡིན་
འདི་དག་རྒྱུར་འགྱུར་ན་གནད་དོན་གཞན་རྣམས་ཆུང་ཚགས་ཆགས་རྒྱུ་རེད་
བོད་མི་མང་པོ་ཞིག་ལ་སློབ་སྦྱོང་མེད་པའི་དབང་གིས་སྐབས་དོན་རང་ཉིད་མི་ཚེ་སྐྱེལ་རྒྱུ་ཙམ་དང་རྨོངས་དད་དབང་གིས་ཆོས་ལུགས་ལ་མགོ་བོ་འཁོར་རྒྱུ་ཙམ་རེད་
དོན་དངོས་དགྲ་རྒོལ་བྱེད་དགོས་ན་ལངས་དགོས་པ་རེད་ མི་རིགས་ལྟ་བ་དང་ཕ་ས་ཟིན་པའི་ཐབས་བྱུས་དགོས་པ་རེད་ བོད་ཕྱི་ནང་གི་སྤྱི་ཚོགས་ནང་གི་དབང་ཆར་རྔམས་པའི་སྐབས་འཚོལ་བ་དེ་ཚོར་ཆ་འཇོག་བྱེད་མི་ཉེན་
ཆུ་བ་འཕྲིན་བཟང་དང་སྲིད་པ་རྡོ་རྗེ་ལགས་ཀྱིས་བཀའ་མོས་གསུངས་པར་བཀའ་དྲིན་ཆེ། ཁྱོད་གཉིས་ཀྱི་་ཕྱོགས་ནས་ལེན་རུང་བའི་བསླབ་བྱ་རེ་འདུག་པས་དགའ་པོ་བྱུང་།
ཀརྡོ་གཉེར་ཕྱག་པ་ལགས་་་སྤྱི་དོན་དང་ཆོས་དོན་གང་དགའ་འམ།་་ཧཧཧ་སྐུ་རྩེད་ཡིན་ད་་་སེམས་ཤུགས་ཅན་ཁྱོད་ཆོས་ཞེན་ཆེ་དྲགས་པ་མ་གཏོགས་ཡག་པོ་ཡོད།
ཅོ་རི་དང་རྣམ་ལོ་སོགས་ཀྱིས་བསམ་ཚུལ་དེ་ནང་བཞིན་ང་ལའང་ཡོད། དེང་ཆར་གནས་ཚུལ་དངོས་ངན་ཤོས་དོལ་རྒྱལ་སྐོར་དེ་རེད་། རྨོང་དད་གཡང་མཆོང་གི་དོལ་རྒྱལ་བ་ཚོས་གནམ་འོག་ལ་མི་ཤོང་བའི་ནག་ཉེས་ཚབ་ཆེན་བསག་ཡོད་པ་དེ་ནི་ཁོ་རང་ཚོའི་དམངས་ཁྲོད་ཁ་བརྡའི་ནང་གླེང་བ་བཞིན་དོལ་རྒྱལ་ཟེར་བ་ཞིག་དོན་དངོས་ཐོག་ཡོད་མེད་ཁོ་ཚོར་ཁག་ཐེག་མེདཀྱང་ རྨོང་དད་ལ་ཕྱོགས་ཞེན་ཆེ་དྲག་ནས་མི་རེ་གཉིས་ཤིག་གིས་ཁ་ཕྱོགས་བསྒྱུར་བཞིན་ཡོད། རྨོང་དད་ནི་ཆོས་ལུགས་ཚང་མའི་ཁྱད་ཆོས་རེད་ལ་ཞེན་ཆ་་རེད་ཟེར་ན་ཆོག ཆོས་ལུགས་གང་འདྲ་ཞིག་་གི་རྗེས་འབྲང་པ་ཡིན་ན་ཟེར་སྲོལ་ལམ་བཤད་བརྒྱུན་ཁོ་ནའི་དབང་ད་སོང་ནས་དད་པའམ་ཡིད་ཆེས་བྱེད་པ་ལས་སངས་རྒྱས་དང་དཀོན་མཆོག་ཨ་ལ་དབང་ཕྱུགས་སོགས་སུ་དང་གང་གིས་དངོས་མཐོང་བྱུང་ནས་དད་པ་བརྙེད་པ་སུ་ཡང་མེད་པས་ཚང་མ་རྨོང་དད་པ་ཞིག་ཏུ་ཁུམས། དེ་ལྟར་ན་རྨོང་དད་ནི་ནུས་ལྡན་གྱི་སྐྱེ་བོ་རེ་གཉིས་ཀྱིས་རང་དགར་ཁ་ཕྱོགས་བསྒྱུར་ཐུབ་ནི་དོལ་རྒྱལ་གྱི་བྱུང་རབ་ལས་གསལ། གང་ལྟར་ང་ཚོའི་སེམས་ནང་དྲི་བ་ཞིག་ཡོད་པ་ནི་གོང་ས་མཆོག་གིས་དོལ་རྒྱལ་གྱི་ཁ་ཕྱོགས་དེ་རྒྱ་བ་གོང་མ་ཚོ་ནང་བཞིན་ནེམ་ནུར་ཞིག་ལ་མ་བཞག་པར་མཐའ་བཀར་རི་བཀར་བྱ་དོན་གང་ཡིནམ། བོད་ཀྱི་བསྟན་སྲིད་ཐོག་བསམ་ན་དོལ་རྒྱལ་ཟེར་བའི་འདྲེ་ཞིག་གིས་གནོད་པ་གང་ཡང་མེད་ལ་གནས་ཆུང་ཆོས་སྲུང་ཟེར་བས་བསྲུང་དང་ཕན་པ་གང་ཡང་མེད། གང་ལ་ཟེར་གནས་ཆུང་ཟེར་ལ་དེས་༡༩༨༦ ཡས་མན་ནས་ནས་ལོ་གསུམ་དང་བཞི་ཡི་ནང་ལ་བདེན་མཐའ་གསལ་ཟེར་བའི་ལུང་བསྟན་དེ་གོང་ས་མཆོག་རང་གི་སྙན་དབང་དུ་ག་ཚད་བསྒྲོན་ཡོད་གོང་ས་མཆོག་ནས་གསལ་མཁྱེན་ཡང་ད་དུང་དེ་ཚོའི་ཁ་ལ་ཉན་པ་དེས་གང་མཚོན་? ང་ཚོའི་སྤྱི་ཚོགས་ནི་ཆུང་ཆུང་རེད་ལ་དོལ་རྒྱལ་གྱི་རྙོག་དྲ་ནི་དེ་བས་ཆུང་ཆུང་རེད་ཟེར་ན་ཆོག་མོད་གཅིག་བསྒྲིལ་ལ་འགག་རྡོ་ཆེན་པོ་ཞིག་རེད་ཟེར་ནའང་ཆོག ཡིནའང་རྙོག་དྲ་དེ་སེལ་བ་རྒྱ་བོད་ཀྱི་རྙོག་དྲ་སོགས་དང་མི་འདྲ་བར་དབུ་མའི་ལམ་གྱིས་ནུས་པ་སྟོན་ཐུབ།
ཅོ་རི་མཆོག་གི་རྩོམ་ཡིག་འདི་ནི་ཁ་བརྡ་བའི་རྩོམ་པ་པོ་དང་མཆན་པ་རྣམས་ལ་མཚོན་ན། མདུན་སྐྱོད་ཆེན་པོ་ཞིག་རེད། འདི་ནི་འདས་པའི་ངེད་ཚོའི་བོད་མི་རིགས་ཀྱི་རྙོག་ཁྲ་དང་ཁ་མཆུའི་འདམ་ཉོག་ལས་བརྒལ་ནས། མ་འོངས་པའི་མདུན་ལམ་དང་གདོང་ལེན་ལ་ཁ་ཕྱོགས་པའི་བོད་དོན་དང་འབྲེལ་ཡོད་ཀྱི་ཐབས་ཤེས་འཚོལ་བའི་ཁ་བརྡའི་རྩོམ་ཡིག་དང་པོ་དེ་རེད།
མདུན་ལམ་དང་འབྲེལ་བའི་རྩོམ་ཡིག་གནད་འགག་ཅན་ཞིག་ད་བར་ཁ་བརྡའི་ནང་འཐོན་ཐུབ་མེད། ཐོན་པ་རྣམས་མང་ཆེ་བ་སྙན་ངག་གི་རྒྱན་བཤད་དང་། ཆོས་ལུགས་ཀྱི་ལྐོག་འགྱུར། དེ་བཞིན་སྒེར་གྱི་ཨ་སྒྲུང་དང་། འདས་པའི་ལོ་རྒྱུས་ཀྱི་ཆིག་ལབ་མང་ཆེ་བས་ཁ་བརྡའི་རྩོམ་ཡིག་གི་ས་ཆ་ཟད།
རྩོམ་འདིའི་ནང་དོན་ཇི་ལྟར་ཡང་ཁ་ཕྱོགས་ནི་ཤིན་དུ་ནས་བསྔགས་པར་འོས་ལ་དགའ་བ་ཡང་སྐྱེས་དགོས། རྒྱུ་མཚན་ནི་ཐབས་ཤེས་འཚོལ་བའི་རྩོམ་ཡིག་ལ་མདུན་ལམ་ཡོད་དེ་ང་ཚོར་ཕན་པའི་ཕྱིར།
རྩོམ་ཡིག་འདི་ལྟ་བུའི་ཁ་ཕྱོགས་འདིས་ང་ཚོ་འགྱེལ་བར་ཞུམ་པ་དང་འགྱོད་པ་ཅིག་པུ་མ་ཡིན་པར། ཡར་ལངས་པའི་འདུན་པ་དང་་བློ་སྐྱེད་སྤྲོད་པས་ལེགས་སོ་ཞུ་རྒྱུ་ལགས།
དོར་ན་འདི་ལྟ་བུའི་རྩོམ་ཡིག་ནི། ནད་པར་མཚོན་ན། སྨན་བཅོས་འཚོལ་རྒྱུ་འགོ་ཚུགས་པ་དང་གསོན་པོར་གནས་པའི་རེ་བ་སྤྲད་ཡོད། ད་བར་ང་ཚོའི་རྩོམ་ཡིག་མང་ཆེ་བ་ནི་འདས་པའི་བྱ་བར་ལེ་ལན་དང་། ཁ་གཡོག ཤ་འཁོན། གཏིང་ནད་སོགས་ཀྱི་གྲུབ་ཆ་གཙོ་བོར་འཛིན་ཡོད།
ཅོ་རིས་བཏོན་པའི་ཐབས་ཤེས་རྣམས་ལ་རིམ་བཞིན་དཔྱད་པ་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་འབུལ་གྱི་ཡིན།
དེ་རིང་དྲ་ལམ་འདིར་ཧོབ་ཏེ་ཁ་ལ་གཅིག་ལྟས་དུས་ཅོ་རི་ཉི་མ་ལགས་ཀྱིས་དོན་ཚན་མང་ཐག་ཆོད་ཅིག་བགྲང་པའི་ནང་ནས་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་གཉིས་ཀྱི་སྙོག་ཟིང་དེས་བོད་མིའི་རྡོག་རྩ་ཆིག་སྒྲིལ་ལ་གནོད་སྐྱོན་ཤིན་ཏུ་ཆེ་བས་མ་ཚད་སུས་ཀྱང་གདོང་ལེན་མི་ཐུབ་པའི་འགལ་རྐྱེན་ཞིག་ཏུ་མཐོང།
སྤྱིར་ཡིན་ན། ད་ལྟ་ང་ཚོ་ཚང་མ་མགོ་འབུལ་ལུས་འབུལ་གྱིས། དགྲ་པོ་དགྱ་རྒན་ཚང་གི་འོག་ན་རྒོད་པོ་རྙི་ལ་ཐེབས་ནས་༧པན་ཆེན་རིན་པོ་ཆེ་དང་འབའ་ཕུན་ལྟར་ཡོད་ཆགས་པ་ཞིག་ཡིན་ན་ཡང་།
སྐུ་དྲག་མི་དྲག་ཚོ་དང་༧རྒྱལ་བ་མཆོག་གི་བཀའ་དྲིན་གྱིས། བོད་བཙན་པོའི་རྒྱལ་ཁབ་འདི་སིལ་བུར་དུམ་པ་ག་ཚད་ལ་འཐོར་ན་ཡང་། སྟོབས་ཆེན་སྡུག་ཆེན་སུ་ཞིག་གི་མནན་ན་ཡང་། ད་ལྟ་རོ་ཞིག་ལ་མགོ་ཞིག་ཡོད་པའི་དབུ་འཕང་ཡོད་པ་ཆགས་པ་རེད། ང་ཚོ་ཡང་མགོ་དེ་ཡི་རྗེས་སུ་རང་སྲོག་དམར་པོ་དགྲ་ལ་གཏད་ནས་ཡོང་ཡིན་ཟེར་བཞིན་ཡོད་པ་རེད། བདེན་པ་ཡིན་རྒྱུ་རེད། དེ་ལས་ལྷག་པའི་སྐྱབས་ཞིག་འཚོལ་ས་མེད་པ་ལྟ་བུ་རེད། ཡིན་ན་ཡང་། བློ་ཕམ་པ་ཞིག་ལ། དངུལ་དངོས་དག་ཙམ་ཞིག་འབྱོར་བ་འམ་ཐོབ་པའི་གོ་སྐབས་རེ་མཐོང་ས་ནས། དྲིན་ཆེན་ལ་དྲིན་ལོག་དང་གཡང་ཟོག་ལ་རྡོ་བརྩགས་བཀོད་བསྡད་པ་ནི་དུས་བསྟུན་མར་ཡོང་བསྡད་པ་ཞིག་རེད།
གང་ལྟར་ངས་བཤད་འདོད་པ་ནི། བོད་ནང་ཕྱོགས་ན། བོད་མི་ང་ཡིན་ཁྱོད་ཡིན་ཚོས་དམར་བོའི་ལྟ་གྲུབ་གྱི་འོག་ནས་བོད་མི་དམངས་ལ་ཞབས་འདེགས་ཞུ་དང་ཞུས་བཞིན་པ་རེད། བོད་ཕྱི་ཕྱོགས་ན། བོད་མི་ཁོ་ཡིན་མོ་ཡིན་ཚོས་དམངས་གཙོའི་ལྟ་གྲུབ་གྱི་ལམ་ནས་བོད་མི་དམངས་ལ་ཞབས་འདེགས་ཞུ་བཞིན་པ་རེད། འདི་ནི་གནས་སྐབས་ཀྱི་འགྲོ་སྟངས་ཙམ་ལས། མ་འོངས་བའི་བོད་ལ་གང་དང་གང་ཞིག་དྲག་པ་དེ་ད་དུང་བཤད་ཤེས་བ་ཞིག་མ་རེད། བྱས་ཙང་། བཙན་བྱོལ་ན་དམངས་གཙོ་ཡང་དག་ཡོད་མེད་དང་ཡིན་མིན་གྱི་སྐད་ཆ་ནི། གནས་སྐབས་ཀྱི་ཕྱོགས་ལྷུང་དང་སྐབས་འཚོལ་བ་ཚོའི་སྐད་ཆ་ཙམ་ལས། མ་འོངས་བའི་བོད་ཀྱི་བདེན་དོན་དང་རྒྱལ་ཁབ་ཁོ་ན་རྩོད་མཁན་གྱི་མི་བུ་ཚོ་ལ་དེ་ཙམ་གྱིས་གལ་ཆེན་པོ་ཞིག་ཆགས་མེད་པ་སུ་ཡིན་ཡང་ཤེས་ནི་རེད།
ཤུགས་ལྡན་ཟེར་བ་འདི་ལ་བསྟེན་པའི་ཆེད་དུ་རང་གི་གདོང་པགས་དང་རྒྱལ་ཁབ་གྱི་འཐབ་རྩོད། མི་རིགས་ཀྱི་མཛའ་བརྩེ་ཆུ་ལ་གཡུག་ཕོད་པ་ཤིག་ཡིན་ན། གཡུག་དུ་འཇུག་པ་ལས། དེ་ལ་ཐབས་དང་ལམ་སྟོན་གང་ཡང་རོགས་པ་ཞིག་མ་རེད། འདི་ནི་མི་ཞིག་གི་སེམས་པའི་གཏིང་ན་སྐྱེ་བོ་རེ་རེ་ལ་ཡོད་པའི་བསམ་བློའི་འདུ་ཤེས་ཀྱི་ཐག་གཅོད་ཞིག་ཡིན་དུས། དེ་ལ་མི་བསྟེན་ཟེར་ནི་ཞིག་གིས་མི་བསྟེན་ཆོག་པ་དང་། བསྟེན་ནི་ཞིག་གིས་བསྟེན་ཆོག་པ་ཞིག་ཡིན་པ་ལས། བསྟེན་ནི་ཚོས་རྒྱལ་ཁབ་དང་འཐབ་རྩོད། མི་རིགས་ཀྱི་མཛའ་བརྩེ་ཉེར་དགོས་བ་དང་མི་བསྟེན་ནི་ཚོས་གཡུག་དགོས་བ་དེ་འདྲ་གང་ཡང་མིན་པས། དོལ་རྒྱལ་བ་ཚོས་ག་རེ་བྱེད་ན་ཡང་ཁོ་རང་ཚོའི་འདོད་པ་རེད།
༧རྒྱལ་བ་མཆོག་ལ་བསྟེན་འདོད་མེད་ནི་ཞིག་དང་བསྟེན་ན་མི་བཟང་ནི་ཞིག་དོལ་རྒྱལ་བས་འཇིག་སྐུལ་གྱིས་ཁོང་ལ་ཡིད་ཆེ་བྱེད་དུ་འཇུག་དགོས། ཡག་པོ་ཡོད་པར་བཤད་དགོས་ཟེར་ན། དེ་ནི་རྒྱལ་བ་མཆོག་ལ་མི་དམངས་དང་འཛམ་གླིང་སྔོན་ནས་ཞལ་རྫུན་ཤོད་ལབ་དང་གཅིག་པ་ལས་གནས་ལུགས་ཞིག་མི་འདུག་པས། ཡ་བྱེད་འདོད་ཁོ་རང་མི་འདུག།
རང་བཙན་དང་དབུ་མ་གཉིས་ལས་རང་བཙན་ནི་རང་བློའི་ཡིད་དུ་འཐེད་པ་གཅིག་པོ་དེ་ཡིན་ན་ཡང་། མང་གཙོའི་ལམ་ཁ་ན་མང་དམངས་ཁ་ཕྱོགས་བསྒྱུར་བའི་ལྟ་བ་དང་ཐབས་ཇུས་ནི་རང་བཙན་དགོས་ཡོད། ལོ་རྒྱུས་བདེན་པ་ཡོད། ཟེར་བའི་ཚིག་འབྲི་འགའ་ལས། མི་དམངས་སྙན་དཔང་འཕྲོག་པའི་ནུས་ཤུགས་ཞིག་དང་སྐད་ཆ་གསོན་པོ་དྲོན་པོ་ཞིག་ཞུ་རྒྱུ་གསལ་བོ་མི་འདུག་པས། སྔོན་ལ་གང་ཐོབ་ན་ཡང་དེ་ལ་མང་མོས་ཀྱིས་འགྲོ་བ་ལས། བྱ་བརྒྱའི་ཁ་ནག་ལ་འཁོར་ས་ནས་ཁྭ་ཏའི་ཁ་ནུབ་ལ་འཁོར་འདོད་མེད་པས། ཨ་མའི་བུ་ཚོ་དོན་ཤོག་ཨ་ཞུ་བ་ཡིན།
༧རྒྱལ་བ་མཆོག་གིས་ལམ་དབུ་མ་ཕྱིར་བསྡུ་བྱས་མེད་པས་ཟེར་བ་སོགས་ནི། རྒྱལ་བ་མཆོག་ལ་སྙིང་ནན་བཟུང་ཡོད་པའི་མི་ཞིག་གི་བསམ་བློ་མངོན་པ་ལས། མི་དམངས་ཀྱི་རང་མོས་འོས་ཤོག་དང་༧བླ་དཔོན་བཟང་པོའི་མཛད་རྗེས་ལ་བསམ་ཤེས་ཉན་ཤེས་གང་ཡང་མེད་པའི་མངོན་རྟགས་གསལ་རྒྱན་དུ་བཏོན་པ་ཙམ་དང་། ཆུ་མགོ་ཡོད་ཚད་ལ་ཉོག་དཀྲུག་བྱེད་འདོད་པ་ལས། བོད་འདི་འགྱེལ་ས་ནས་ལང་གི་འཇུག་འདོད་ཀྱི་གཏམ་གྱི་དྲི་མ་ཙམ་ཡང་མི་འདུག་པས། ཅོ་རིའི་སྐད་ཆ་ལ་ཆབ་སྲིད་ཀྱི་གོ་རྟོག་དང་། རྒྱལ་ཁབ་སླར་གསོའི་ལམ་རྒྱགས་ལ་ལེན་རྒྱུའི་ཚིག་གཅིག་ལ་མི་འདུག་ཞུས་བ་ཡིན།
རྒྱལ་ཁབ་འདི་ཚོས་བདག་རྩ་འཚོལ་སྟངས་འདི་འདྲ་ཞིག་རེད།
ནང་དགྲའི་མགོ་བོ་འབུས་བ་དང་ཕྱི་དགྲ་སྡང་བྱུང་ཟེར་ནས་དགྱ་ནག་པ་ཡིས་བདག་རྩ་གཅིག་དུ་བསྡུ།
ནང་དགྲའི་མགོ་བོ་འབུར་བ་དང་ནང་མགོ་གཙོ་བོ་བཅད་ནས་ཁ་ཆེ་བ་ཡིས་བདག་རྩ་གཅིག་དུ་བསྡུ།
ནང་དགྲའི་མགོ་བོ་འབུར་བ་དང་ཐོབ་ཐང་ཁྲིམས་སྒོར་བཞག་ནས་དབྱིན་མི་བ་ཡིས་བདག་རྩ་གཅིག་དུ་བསྡུ།
“མདུན་ལམ་དང་འབྲེལ་བའི་རྩོམ་ཡིག་གནད་འགག་ཅན་ཞིག་ད་བར་ཁ་བརྡའི་ནང་འཐོན་ཐུབ་མེད།”
ཡང་ “དགག་སྒྲ་བ” དེ་སླེབས་སོང་།
ཅོ་རི་ཉི་མ།
(རྒྱ་གཞུང་གི་ལས་བྱེད་བོད་མི་རྣམས་དང་བོད་མི་བྱིངས་ཀྱི་བར་མཐུན་ཐབས། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་དང་ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་འགྲིག་ཐབས། རང་བཙན་པ་དང་དབུ་མའི་ལམ་པའི་བར་གྱི་འགལ་བ་སེལ་ཐབས་བཅས་བསམ་ཚུལ་གླེང་བ།)
ཀརྡོས།
༡༽རྒྱ་གཞུང་གི་ལས་བྱེད་བོད་མི་རྣམས་དང་བོད་མི་བྱིངས་ཀྱི་བར་མཐུན་ཐབས་གསུང་དང་།
༢༽ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་མཐུན་ཐབས་ཡོད་ཀྱང་། ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་འགྲིག་ཐབས།་མེད།
༣༽རང་བཙན་པ་དང་དབུ་མའི་ལམ་པའི་བར་གྱི་འགལ་བ་མེད་པས་སེལ་ཐབས་གླེང་མི་དགོས།
༡༽རྒྱ་གཞུང་གི་ལས་བྱེད་བོད་མི་རྣམས་དང་། དམར་དད་ཆེ་བའི་བོད་མི་བྱིངས་ཀྱི་བར་མཐུན་ཚར་མེད་དམ།
༢༽ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་མཐུན་ཐབས་ཡོད་ཀྱང་། ལྷག་པར་དུ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་འགྲིག་ཐབས་མེད་དེ། དོལ་རྒྱལ་ཤུགས་ལྡན་འདྲ་རྒོད་དེ་བོད་པ་དམངས་ལ་མི་མཁོ་བའི་ཕྱིར།
༣༽རང་བཙན་པ་དང་དབུ་མའི་ལམ་པའི་བར་གྱི་འགལ་བ་མེད་དེ། སྤྱི་པ་རྣམས་ལམ་དབུ་མ་རྒྱུགས། སྒེར་པས་རང་བཙན་རྩོད་ན་མི་འགྲིགས་མི་འདུག་སྙམ་ལགས།
༡༽ འབའ་ཕུན་དང་། ཁོང་གི་རྗེས་འབྲངས་བོད་རིགས་རྣམས་དང་པོ་ཉིད་ནས་མཐུན་ཟིན་པ་མིན་ནམ།
༢༽ཆོས་རྒྱུད་མཐུན་འབྲེལ་རྩེ་མོར་སོན་ཡོད་ཀྱང་། དོལ་ཚོགས་རྣམས། ༸གོང་ས་མཆོག་གི་གྲིབ་ནག་ལ་འགྲོར་མ་བཅུག
༣༽ འཇམ་ནོར་དང་། ལྷག་བསམ་སོགས་ཀྱིས། རང་བཙན་རྩོད་ན་ཤིན་ཏུ་འོས་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་རྩོད་ན། མི་འགྲིགས་སྙམ་མོ། །
ཅོ་རི་ཉི་མས་བོད་མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅང་ནས་མ་འོངས་བོད་མིའི་མཐུན་སྦྲིལ་
གྱི་ཆེད་དུ་བསམ་འཆར་བགྲོ་གླེང་གནང་བ་དེ་ཚོར་ཤིན་ཏུ་དྲང་པོར་མཐོང་བས་ཐུགས་
རྗེ་ཆེ་བཞུ། ནམ་མཁའི་བླ་མ་དཀོན་མཆོག་ཟེར་ན་འདྲ། བདེན་པ་ཟེར་ན་འདྲ། ལས་
རྒྱུ་འབྲས་དཔང་དུ་བཞག་ནས་མི་དམངས་བདེ་སྐྱིད་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་ཞིག་
ཡོད་ན་དེ་ལ་ཚང་མས་རྒྱབ་སྐྱོར་དང་མོས་མཐུན་གནང་རྒྱུ་དེ་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་
བའམ་གལ་ཆེན་ཞིག་ཏུ་མཐོང།
ཉི་རྒན་ལགས་ཀྱིས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ།
དྲ་གྲོགས་བསམ་ཤེས་ལགས། ཁྱོད་ཀྱི་བསམ་ཚུལ་སྒུག་ནས་སྡོད་ཡོད།
བཀྲ་ཤིས་ལགས་ཀྱིས་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་།
བློ་མཐུན་ཅོ་རི་ལགས། སྤྱི་ཚོགས་དངོས་ནང་ཆིག་སྒྲིལ་ལག་བསྟར་ཐུབ་ཐབས་ལ་ཆིག་སྒྲིལ་གྱི་འགལ་རྐྱེན་འཚོལ་སྒྲུབ་ཀྱི་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེས་འགལ་རྐྱེན་བསེལ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཆགས་ཡོད་པ་རེད། དེ་ཡང་ཆོལ་ཁ་ཆོས་ལུགས་ཀྱི་ཕན་ཚུན་དབར་འགལ་འདུ་དང་། རང་དབུ་གཉིས་ཀྱི་ལྟ་གྲུབ་དབར་འགལ་འདུ། ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་དབར་འགལ་འདུ། གསར་རྙིང་དབར་འགལ་འདུ་བཅས་ཀྱི་རྒྱུ་རྐྱེེེེེན་འཚོལ་ཞིབ་བརྒྱུད་དུས་རབས་ཉེར་གཅིག་འདི་གྲོས་མོལ་གྱི་དུས་རབས་བཤད་བཞིན་ཡོད་པ་རེད་ལ། གོ་ལ་འདི་ཡང་ཆུང་དུ་ཕྱིན་ནས་འགྲོ་བ་མི་ཕན་ཚུན་སེམས་ཐག་ཉེ་རུ་ཕྱིན་ཡོད་པ་ཡིན་ཙང་ནང་འགལ་ཕན་ཚུན་བསམ་བློ་གུ་ཡངས་པོའི་ཐོག་ནས་ནང་ཕན་ཚུན་བྱང་བཤད་དང་བགྲོ་གླེང་གྲོས་མོལ་གནང་དགོས་པ་དེ་གནད་ཀྱི་དོན་པོ་རེད། དཔེར་ན་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པ་ལྟ་བུར་མཚོན་ན་སྤྱི་ཚོགས་ནང་ཆིག་སྒྲིལ་ཐད་ཤུགས་རྐྱེན་ཆེ་ཤོས་དེ་ཆགས་ཡོད་པ་རེད། འདི་ཤུགས་ལྡན་ཚོགས་པའི་བྱ་སྤྱོད་ཧ་ཅང་གི་ཐལ་ཆ་ཆེ་སོང་བ་རེད་ལ་ཟམ་གདོང་བཀའ་ཤག་སྐབས་ཁ་དང་ཁ་སྤུ་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་ཡང་ཡང་དག་ཞིག་མ་རེད། གང་ལྟར་སྲིད་དོན་པ་ཚོས་ཀྱང་ཆབ་སྲིད་ལག་ཆར་བེད་སྤྱོད་བྱས་པ་དེས་འགལ་འདུ་རྣོ་ངར་རང་བཞིན་ཅན་དུ་གྱུར་སོང་བ་འདྲ་ཞིག་རེད། དེས་ན་ཏཱ་ལའི་བླ་མས་སྔ་མོ་ནས་གང་ཟག་སྒེར་གྱི་བརྟེན་གྱི་ཡོད་ན་རང་མོས་རེད་ལ་ཤིང་ལ་མ་སོང་ན་སྒུར་སྒུར་ཆགས་ཚར་བ་དེ་བཅོས་ཐབས་མེད་པ་རེད། འོན་ཀྱང་ཚོགས་པ་དང་སྒྲིག་འཛུགས་བཟོས་ནས་བསྟན་ཤིག་སློང་ཡོང་ན་འགྲིགས་ཀྱི་མ་རེད་གསུངས་ཚར་བ་ཡོད། འདི་ཤུགས་ལྡན་པ་ཚོས་ཐུགས་འཇོགས་གནང་རྒྱུ་དེ་ཡང་གལ་ཆེན་པོ་རེད། ལྷག་པར་དུ་ཏཱ་ལའི་བླ་མ་ལོ་རྒྱུས་རང་བཞིན་གྱི་མི་སྣ་ཞིག་ཡིན་ཙང་གུས་བརྩི་གནང་རྒྱུ་དེ་ཡང་གལ་ཆེན་དོན་ཆེན་ཞིག་ཆགས་ཡོད་པ་རེད། ལྷ་འདྲེ་ག་རེ་བརྟེན་གྱི་ཡོད་ནའང་དད་མོས་རང་དབང་གཙང་མ་རེད། འོན་ཀྱང་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་སྟེང་དུ་དད་གཙོ་འཁྱེར་ཡོང་ནས་འཐབ་རྩོད་ལ་མཉམ་རུབ་མི་བྱེད་པ་འདི་ཧ་ཅང་ཧ་ཅང་གིས་ཐབས་སྐྱོ་བོ་རེད། དེ་ལྟ་བས་་ན་ཤུགས་ལྡན་ཚོགས་པའི་དམངས་ཁྲོད་ཀྱི་ཁ་བརྡའི་ལེ་ཚན་དེ་ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་དབར་བགྲོ་གླེང་གི་གླེང་སྟེགས་ཞིག་བསྐྲུན་ཐུབ་ན་ལྷ་དཀར་པོ་བརྟེན་མཁན་དང་ལྷ་ནག་པོ་བརྟེན་མཁན་གཉིས་ཀས་ཕན་ཚུན་བགྲོ་གླེང་བརྒྱུད་འགལ་འདུ་བསེལ་ཐུབ་པའི་དགེ་མཚན་ལྡན་ཡོད་པ་རེད། དེ་མིན་ཤུགས་ལྡན་ཚོགས་པ་རང་ཉིད་གཅིག་པུ་ཕན་ཚུན་བགྲོ་གླེང་གིས་ཏཱ་ལའི་བླ་མར་མཚན་སྨོད་ཞུས་མ་ཚར་བ་བསྡད་ན་དེ་ཡང་སྤྱི་ཚོགས་ཀྱིས་མཐོང་དང་ཆ་འཇོགས་ཞིག་དཀའ་མོ་ཡིན་རྒྱུ་རེད། ད་དུང་ཏཱ་ལའི་བླ་མ་ནུབ་ཕྱོགས་ཁག་ནང་ཕེབས་སྐབས་མགོ་སེར་གྱི་སྐྱ་སེར་འདྲེས་མའི་ཁྱུ་ཚོགས་ཞིག་མདུན་དུ་བུད་ནས་ངོ་རྒོལ་བྱེད་སྟངས་དེ་ཡང་ལན་པོ་ཞིག་དང་འདྲ་ཆགས་པོ་ཞིག་ཁྱོན་ནས་མི་འདུག།
ཚང་མར་འཚམས་འདྲི་ཡོད་ བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་བགྲོ་གླིང་བྱེད་འདོད་པ་ན་ རང་ཉིད་ཀྱི་ཕྱོགས་ནས་ལྷག་བསམ་རྣམ་དག་དགོས་ དེའི་བསམ་པ་དེར་ཕྱོགས་ཞེན་ཡོང་མི་སྲིད་ དེ་འདྲ་སོང་ཙང་ཟུར་ཟའི་ཚིག་ནམ་ཡང་སླེབས་མི་སྲིད་པ་རེད་ ཡིན་ཡང་ད་རེས་དེ་བཞིན་མི་འདུག་ལགས་
ཆོས་ལུགས་དང་ཆོས་ལུགས་པ་ཚོ་བོད་ཉམས་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་ཞིག་ཏུ་ངོས་འཛིན་བྱེད་བཞིན་དུ། ཤུགས་ལྡན་ཟེར་བ་དེ་ནི་བོད་སྐྱོབ་རྒྱུར་གལ་ཆེན་དོན་ཆེན་ཞིག་ཏུ་བགྲངས་བཞིན་པ་འདིས་ཅི་ཞིག་སྟོན་ནམ། ཤུགས་ལྡན་བསྟེན་མ་བསྟེན་ཁོ་ཚོའི་རང་དབང་རེད། ༧རྒྱལ་བ་རིན་པའི་ཆེའི་གདུལ་བྱར་འཛིན་རྒྱུ་ཡིན་མིན་༧རྒྱལ་བ་ཚང་གི་རང་དབང་རེད།
རྒྱལ་ཁབ་ཅིག་ཁྲིམས་དང་སྒྲིག་གཞིས་སྐྱོང་དགོས་ཞིང་། རྒྱལ་ཁབ་དེའི་ཁྲིམས་དང་སྒྲིག་གཞིར་འགལ་མཁན་ཚོར་བཙོན་ཆོད་གཅོད་རྒྱུ་ནི་རྒྱལ་སྲིད་སྐྱོང་ལུགས་ཤིག་རེད། ཡིན་ནའང་ང་ཚོའི་སྐྱབས་བཅོལ་དང་ཉམས་ཆུང་གི་ “སྒྲིག་འཛུགས” དེས་ཤུགས་ལྡན་བསྟེན་མཁན་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཏན་འབེབས་གནང་བའི་ཐོབ་ཐང་གང་ལའང་རྡོག་རོལ་གཏོང་གི་མེད།
སློབ་གྲྭའི་སྒྲིག་གཞི་དང་དགེ་རྒན་གྱི་བཀོད་སྒྲིག་ལ་འགལ་བའི་སློབ་མ་ཚོ་འཛིན་གྲྭ་ལ་མུ་མཐུད་ནས་ཡོང་ཆོག་དང་མི་ཆོག་སློབ་གྲྭ་དང་དགེ་རྒན་གྱི་ཐག་གཅོད་ཅིག་རེད་མ་གཏོགས། དེ་ལ་ཤེས་ཡོན་གྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ལ་སོགས་པའི་སྐད་ཆ་འགྲོ་ས་ག་ལ་ཡོད། འདི་ནི་ཆེས་མ་མཐའི་རྒྱུན་ཤེས་ཙམ་རེད། ཤུགས་ལྡན་མེད་སོང་ན་ནང་པ་སངས་རྒྱས་ཀྱི་ཆོས་མེད་སོང་བ་ཨེ་རེད།
ཤུགས་ལྡན་གྱི་སྐོར་ལ་ག་རེའི་ཐོག་ལ་ཕན་ཚུན་བགྲོ་གླེང་བྱེད་དགོས་རེད།
ང་ཚོའི་བཅའ་ཁྲིམས་ཀྱིས་ཤུགས་ལྡན་བསྟེན་མཁན་ཚོར་དྲང་བདེན་བྱས་མེད་པ་རེད་དམ།
ང་ཚོའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཀྱིས་ཤུགས་ལྡན་བསྟེན་མཁན་ཚོར་འགོག་རྐྱེན་བཟོས་ཡོད་པ་རེད་དམ།
ཤུགས་ལྡན་བསྟེན་མཁན་ཚོའི་དགོས་འདུན་ག་རེ་རེད། ཁོ་ཚོར་ག་རེ་འགྲིག་གི་ཡོད་མ་རེད།
ཤུགས་ལྡན་ལ་འདྲེ་རེད་ཅེས་ལབ་ཆོག་གི་མེད་ཟེར་གྱི་ཡོད་པ་རེད་དམ།
དེ་འདྲེ་རེད་ཅེས་ལབ་ན་ཁྱོད་ཚོར་ཕོག་གི་འདུག་ན། དེ་ལྷ་རེད་ཅེས་ལབ་ན་ང་ཚོར་ཕོག་གི་ཡོད་ཙང་། ཁྱོད་ཚོའི་ཚོར་པ་དེ་ང་ཚོའི་ཚོར་པ་ལ་གལ་ཆེ་བ་ཆགས་དགོས་ག་རེ་རེད།
ཁྱོད་ཚོའི་ཚོར་བ་དེ་ང་ཚོའི་ཚོར་བ་ལས་གལ་ཆེ་བ་ཆགས་དགོས་དོན་ག་རེ་རེད་ཅེས་ནོར་བཅོས་ཞུ།
གོང་དུ་བཙོན་ཆད་ལ་བཙོན་ཆོད་ཅེས་གཏགས་ནོར་ཤོར་བའང་ནོར་བཅོས་ཞུ།
༼1 བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་ལྷ་ལགས་གཙོ་བོ་གྱུར་པའི་བོད་མི་ཏང་ཡོན་རྩམ་གཟན་པ་ཡོངས་རྫོགས་དང་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་དགོས་པ་ནི་བོད་མི་རིགས་ཆིག་སྒྲིལ་གྱི་ཕྱོགས་སྣེ་ཞིག་རེད། བོད་མི་གུན་ཁྲན་ཏང་ཡོན་དེ་དག་གི་ནང་དུ་བོད་རྒྱལ་ཁབ་དང་བོད་སྤྱི་པའི་ཆེད་དུ་བོད་མི་ཡག་པོ་མང་པོ་ཡོད་ངེས། དཔེར་ན། སྔོན་མ་དམངས་གཙོའི་བཅོས་སྒྱུར་གྱི་སྐབས་དང་རིག་གནས་གསར་བརྗེའི་སྐབས་སུ་དགོན་སྡེ་གཏོར་བཤིག་བཏང་སྐབས་སུ་བོད་མི་གུང་ཁྲན་ཏང་ཡོན་མང་པོ་ཞིག་གིས་སྐུ་འདྲ་རྙིང་པ་དང་ཐང་ཀ་རྙིང་པ་སོགས་རིན་ཐང་ཆེ་བའི་དངོས་པོ་མང་པོ་རྒྱ་གཞུང་གི་ལག་ཏུ་མ་ཤོར་བར་སྦས། རྗེས་སུ་ཆོས་དད་རང་མོས་ཀྱི་ཐོབ་ཐང་སྤྲད་སྐབས་སུ་དགོན་པ་ལ་ཕྱིར་སྤྲད་པ་སོགས་བོད་རིགས་གུན་ཁྲན་ཏང་ཡོན་དེ་དག་གིས་བྱས་རྗེས་ཆེན་པོ་བཞག་པ་སོགས་དངོས་ཡོད་གནས་ཚུལ་དང་མིག་མཐོང་ལག་ཟིན་བྱུང་བའི་གནད་དོན་ཡང་ཡིན།
དེང་སང་གི་བོད་མི་གུང་ཁྲན་ཏང་ཡོན་དེ་དག་ནི་ཤེས་ཡོན་ཡོད་མཁན། གོ་གནས་ཡོད་མཁན། དཔལ་འབྱོར་ཡོད་མཁན། ནུས་པ་ཡོད་མཁན། ཁ་གཏད་དགྲ་བོ་གུང་ཁྲན་ཏང་ལ་རྒྱུས་མངའ་ཡོད་མཁན་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་མེད་ན་ཐབས་མེད་རེད། ཁོ་ཚོ་དང་ཆིག་སྒྲིལ་མ་བྱུང་ན་བོད་མི་རིགས་ལ་རྒྱལ་ཁ་འཐོབ་པར་དཀའ། དྲ་གྲོགས་ཚོས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ཚོ་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐུབ་པའི་ཐབས་ལམ་གསུང་རོགས། གྲོས་བསྡུར་བྱ་རོགས། ༽
འདི་ལྟར་བོད་རིགས་ཏང་ཡོན་པ་འགུག་དགོས་ན་གཙོ་བོ་ཡར་རྒྱས་ཕྱིན་པའི་མི་རིགས་གཞན་ལྟར་དད་པ་ཉུང་དུ་བཏང་ཞིང་། དེའི་ཚབ་ཏུ་མི་རིགས་ཀྱི་ལ་རྒྱལ་ཡར་རྒྱས་བཏང་ཏེ། ཚུལ་དང་མཐུན་པའི་མི་རིགས་རིང་ལུགས་དར་སྤེལ་བཏང་དགོས། དེ་ལྟར་བོད་མི་ཀུན་གྱི་གོམས་གཤིས་སུ་འཇགས་པ་ཡིན་ན་བོད་མི་དམར་ཕྱོགས་པ་ཚོ་ཡང་བོད་རིགས་ཡིན་པས། མི་རིགས་གཅིག་བུའི་ལ་རྒྱལ་བཟུང་ཞིང་། མི་རིགས་ཁེ་ཕན་ཆེད་དམར་ཕྱོགས་ཀྱི་དད་འདུན་བློས་བཏང་ཏེ་བོད་ཀྱི་རྩ་དོན་འགྲུབ་ཆེད་མཐུན་སྒྲིལ་དང་དཔུང་རོགས་བྱེད་ངེས་རེད། དེ་ལྟར་ཡོང་བ་ལ་བོད་ཀྱི་སྤྲུལ་དད་པ་རྣམས་ཀྱིས་སྐུ་ལོའི་དད་མོས་ཁྱེར་ནས་གཞན་ལ་འཇིགས་སྐུལ་མ་བཏང་ཞིང་། བོད་རིགས་ཏང་ཡོན་པ་དང་ཆོས་མེད་པ། ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ཚོ་ཡོང་ཐབས་ཀྱི་ཁོར་ཡུག་བསྐྲུན་དགོས། དེ་ལྟར་མིན་པ་ག་དུས་ཡིན་ཡང་སྤྲུལ་སྐུ་ཞིག་གི་དགོངས་བ་ལ་བརྟེན་ནས་བདེན་རྫུན་གྱི་ཁྲིམས་ཐག་གཅད་ཚེ། ཆོས་དད་མེད་མཁན་དང་དད་འདུན་གཞན་ཅན། ལྷག་པར་དུ་བོད་རིགས་ཏང་ཡོན་པ་ཚོས་བོད་ལ་རང་དབང་ཐོབ་ཉིན་ཁོང་ཚོའི་རང་དབང་འཕྲོག་པའི་ཞེད་སྣང་གིས་རྒྱབ་སྐྱོར་རྣམ་དག་ཅིག་བྱེད་མི་སྲིད་ལ། དེ་ལས་ལྡོག་སྟེ་འགོག་རྐྱེན་བཟོ་སྲིད།
༼2 ཆོས་ལུགས་དང་ཆོས་རྒྱུད་ཀྱི་བར་དུ་མཐུན་ལམ་རྡོག་རྩ་སྒྲིལ་ཡོང་དགོས་ཀྱི་འདུག སེང་གེའི་བཀའ་ཤག་གིས་ཆོས་ལུགས་རིས་མེད་ཡིན་ཟེར་གྱི་ཡོད། ཡིན་ཀྱང་གནད་དོན་མང་པོ་ཞིག་གི་ཐོག་ཏུ་འདྲ་མཉམ་མེད་པ་དང་། དབང་ཆེ་ཆུང་གི་ཐོག་ནས་འགྲོ་བཞིན་ཡོད་པའི་ཟོལ་མཐོང་གི་འདུག དཔེར་ན། བོད་རྒྱལ་ཁབ་ལ་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན། ཇོ་ནང་དང་ཁ་ཆེ་བཅས་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་མི་འདུག ཇོ་ནང་དང་ཁ་ཆེ་གཉིས་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་གདམ་ཆོག་པའི་ཐོབ་ཐང་སྤྲོད་དགོས་ངེས་རེད་བསམས་ཀྱི་འདུག
དེ་ནས་བཙན་བྱོལ་གཞུང་གི་ངོས་ནས་ཤཱཀྱའི་ཆོས་ལུགས་འདི་གཞུང་འབྲེལ་ཆོས་ལུགས་ཤིག་ཡིན་པའི་ཟོལ་འདྲ་ཞིག་དང་། དེ་ཡང་དགེ་ལུགས་པ་ཡིན་པའི་ཟོལ་འདྲ་ཞིག་སྟོན་བསྡད་པ་འདི་ཡང་དྲང་བདེན་མ་རེད། སློབ་གྲྭ་ཁག་ལ་ཆོས་དགེ་རེ་བཞག་ཡོད་པ་དེ་ཡང་དགེ་ལུགས་པའི་ཆོས་སློབ་མཁན་ཡིན་པའི་ཟོལ་ཞིག་མཐོང་གི་འདུག འདི་དག་སྒྱུར་བཅོས་བཏང་ནས་ཆོས་ལུགས་རིས་མེད་ངོ་མ་ཞིག་བྱེད་དགོས་ཀྱི་འདུག་བསམ་གྱི་ཡོད། དྲ་གྲོགས་ཚོས་གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་གང་མང་གསུང་རོགས། ༽
འདི་སྐོར་ལ་ལོ་གཉིས་གསུམ་གྱི་གོང་དུ་རྩོམ་ཡིག་བྲིས་མྱོང་ཡོད། དཀའ་ངལ་འདི་སེལ་ཐབས་སུ་ཡར་རྒྱས་ལྡན་པའི་རྒྱལ་ཁབ་གཞན་ལྟར་ཆོས་མེད་རིང་ལུགས་སམ་གཞུང་གི་ངོས་ནས་ཆོས་ལུགས་ལ་མཐུན་འགྱུར་དང་དགག་བྱ་མི་བྱེད་པའི་སྲིད་བྱུས་འཛིན་དགོས། ལྷག་པར་དུ་སློབ་ཆུང་ནས་བཟུང་ཏེ་ཆོས་དགེ་འཇོག་པ་འདི་བྱིས་བ་རྣམས་ཆོས་ལུགས་ག་གེ་མོ་དང་གྲུབ་མཐའ་ག་གེ་མོ་ཞིག་གི་ཁྱབ་ཁོངས་སུ་སྒྱུར་ཆེད་ཡིན་པས། མི་རིགས་ཤིག་ལ་མཚོན་ན་སྤྱི་ཡོངས་མཐོང་བའི་འགོག་རྐྱེན་དུ་འགྱུར་བས་ཧ་ཅང་གི་གྱོང་གུད་རེད། གནད་དོན་དེ་རིགས་གཞུང་ངོས་ནས་གཏན་འགོག་བྱེད་དགོས། མཐོ་འབྲིང་དང་སློབ་ཆེན་དུ་མ་སླེབས་གོང་དུ་སློབ་མའི་འདོད་མོས་ཡོད་མེད་དང་ཆོས་ལུགས་ཚན་ཁག་གི་སློབ་མ་ཡིན་མིན་ལ་མ་ལྟོས་བ། སློབ་མ་ཡོངས་ལ་ཆོས་ལུགས་ཁྲིད་པ་ནི་སྒེར་གཅོད་རེད་ལ། མི་རིགས་ཤིག་ལ་མཚོན་ན་ཡང་སར་ཁྲིད་བྱེད་རེད། གོང་ས་མཆོག་གིས་ཕྱི་རྒྱལ་ཁག་ཏུ་སྔོན་ཐོན་གྱི་རྒྱལ་ཁབ་རྣམས་ཀྱིས་གཞུང་ངོས་ནས་ཆོས་མེད་རིང་ལུགས་ཀྱི་སྲིད་གཞུང་བཙུགས་པར་མངགས་བརྗོད་ཞུ་ཡང་། བཙན་བྱོལ་སྤྱི་ཚོགས་ནང་དུ་དེ་ལྟར་གནང་གི་མི་འདུག རྒྱུ་མཚན་ཅི་ཡིན་མི་ཤེས།
དེ་ལྟར་མ་བཙུགས་ཚེ་ཅོ་རིས་གསུངས་བ་བཞིན་ཆོས་རྒྱུད་ཀུན་དང་ཆོས་ལུགས་ཀུན་གྱི་ཐོབ་ཐང་རྩད་པས། བོད་ལ་དུས་བདེ་ལྷན་འཇགས་ཤིག་ཡོང་དུ་དཀའ། རབ་བྱུང་ན་འབྲུག་པ་ལྟར་སེར་མོ་བ་ཞིག་ཡིན་ཚེ་འོས་ཤོག་དང་ཆབ་སྲིད་ཀྱི་གོ་གནས་མ་སྤྲད་ན་ལེགས། ཡིན་ཏེ། ཁོང་ཚོ་རབ་ཏུ་བྱུང་བའང་ཆོས་བྱེད་ཆེད་ལས་སྲིད་སྐྱོང་ཆེད་མིན་པ་མ་ཟད། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འཇུག་སྒྲིལ་ཚར་བས་ཡིན།
༣༽ རང་བཙན་དབུ་མའི་སྐོར་གྱི་རྙོག་དྲའི་ལྟེ་བ་ནི་དད་པ་ཡིན། དད་པ་ཡོད་མཁན་ཚོར་བླ་མའི་བཀའ་ལས་ཅི་ཡང་མི་དགོས་བས་ཅི་ཞིག་སྒྲུབ་ཅིང་། ཅི་གསུངས་ལྟར་སྨྲས་ཀྱང་འདོད་མོས་ཡོད་བ་མ་རེད། མེད་པས་དབུ་མ་ལ་འདོད་པ་མེད་མཁན་ཚོར་བདུག་དང་ཁྲེལ་མེད། ལོག་ལྟ་ཅན་གྱི་སྐྱོན་འདོགས་བྱེད་ཀྱིན་ཡོད་བ་རེད། གང་ལྟར་དད་པ་འདི་མ་འཇིག་བར་དུ་མང་པོ་ཞིག་ལ་གཙོ་བདག་གི་གསུངས་ལས་ཅི་ཡང་མི་ཤིང་། མི་རིགས་དང་རྒྱལ་ཁབ་ཀྱང་དགོས་ཀྱི་མ་རེད། མེད་པས་དད་ཅན་ཁག་གིས་ཕྱི་ནང་གཉིས་ཀྱི་དགྲ་བོ་ལ་ཁྱད་པར་མེད་ཅེས་ཐེངས་མང་བརྗོད་ཀྱིན་ཡོད། བརྗོད་མཁན་གྱི་མི་ཚོ་ལ་ཞིབ་འཇུག་ཡག་པོ་བྱོས་དང་། ཚང་མ་དད་པ་ཅན་ཤ་སྟག་རེད། ཡིན་ཡང་། ཁག་ཅིག་གིས་དད་པ་ཡོད་ཁུལ་གྱིས་སྒེར་གྱི་སྙིང་ནད་རྩོད་ཐབས་དང་། བོད་མིའི་ནང་དུ་དཀྲུགས་ཤིང་རྒྱག་མཁན་ཡོད། དེ་བརྟེན། གོང་དུ་མཆན་པ་ཁག་གིས་དད་པ་ཡོད་མདོག་གིས་སྐད་ཆ་མང་དུ་བཤད་འདུག་ཀྱང་། གཅིག་བྱས་ན་་་་་
གང་ལྟར་བོད་ལ་འདི་ལྟར་དད་པ་མེད་ཚེ་རང་བཙན་དང་དབུ་མ་གཉིས་ཀ་འགལ་དེ་ཙམ་འགྲོ་དགོས་མེད་དེ། དད་པ་ཁ་ལ་ཁྱེར་ནས་གང་བྱུང་གིས་ལས་དོན་སྒྲུབ་པའི་ཁོར་ཡུག་མེད་པས་རེད། དེ་བརྟེན། རང་བཙན་དང་དབུ་མ་རྩོད་ཀྱང་དེ་ནི་རྩ་དོན་སྒྲུབ་པའི་ལངས་ཕྱོགས་མ་འདྲ་བ་གཉིས་ཆགས་ནས་ཕན་ཚུན་སྐྱོན་བརྗོད་བྱེད་རེས་བྱ་སྲིད་ཀྱང་། གཅིག་ཕན་གཅིག་གྲོགས་སུ་ཆགས་ངེས་རེད།
ང་ཚོ་ལ་སོ་སོའི་རྒྱལ་སྲུང་དམག་མི་དང་བཙོན་ཁང་མེད་སོང་བ་རེད་མ་གཏོགས། དགྲ་བོ་ལ་མགོ་འདོགས་མཁན་ཚོར་ རྭ་སྒྲེང་ ལ་བྱུང་རྒྱུ་དེ་ལས་ཅི་ཡོད།
ནང་ཁུལ་གྱི་འགལ་ཟླ་སེལ་ཐབས་སུ་ཕྱི་དགྲ་བོར་མགོ་འདོགས་པ་དེ་བོད་ཕུང་བྱེད་ཀྱི་རྒྱུ་ངོ་མ་རུ་ཁྱོད་ཚོས་བརྩི་གི་མེད་དམ།
གཅིག་བྱས་ན་ཞོལ་གཡག་གིས་གསུངས་བ་བཞིན་མི་རབས་གསར་བ་ལ་རེ་བ་བཅོལ་ཡ་ལས་ད་ལྟའི་མི་རབས་འདི་ལ་རེ་བ་བྱེད་ཡ་ཁག་པོ་ཡིན་ས་རེད།
ཅོ་རི་མཆོག་གི་རྩོམ་ཡིག་བཀླགས་པ་ཡིན་ལ། ངའི་བསམ་ཚུལ་ཡིག་ཚོགས་ལ་སྐྲག་ནས་རྡོག་རྡོག་ཞུ་བར་བྱ།
༡༽བོད་ཕྱི་ནང་གི་རིགས་སུ་མ་མཆིས་པ་དང་། ཆབ་སྲིད་དང་ཆོལ་ཁའི་དབྱེ་འབྱེད་མེད་པར་བོད་པ་ཡོད་དོ་ཅོག་དང་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་བསམ་འཆར་ཡག་པོ་འདུག་ལ་དེ་ལ་རྒྱབ་སྐྱོར་དང་། ཇི་ལྟར་མཐུན་སྒྲིལ་དེ་ལག་ལེན་དུ་ཁྱོལ་བར་ཐབས་ཤེས་དང་བློ་གྲོས་ཡོད་ན་ཚང་མས་མུ་མཐུད་གླེང་རོགས།
༢༽རྒྱལ་བ་རིན་པོ་ཆེ་དང་ཤུགས་ལྡན་ཚོགས་པའི་འགྲིགས་ཐབས་ཀྱི་འགྲེལ་བཤད་དང་ཐབས་ཤེས་དེ་བློ་ལ་བབ་མ་སོང་། རྒྱུ་མཚན་ནི་མང་བས་མདོར་བསྡུས་ནས་བཤད་ན།
ཀ༽ཤུགས་ལྡན་གྱི་རྙོག་ཁྲ་དེ་རྒྱལ་བ་རིན་པོ་ཆེ་གཅིག་པུ་མིན་པར་ཆོས་ལུགས་གཞན་པ་བཀའ་རྙིང་། ཐ་ན་བོན་པོ་སོགས་ལ་འབྲེལ་བ་ཡོད། གཙོ་བོ་དེ་ཤུགས་ལྡན་གསོལ་མཁན་ཚོས་ཆོས་ལུགས་གཞན་པ་དང་བོན་པོ་སོགས་ལྟ་བ་ཡང་དག་མིན་པས་བོད་མིའི་འགྲས་ནས་ཕུད་ཐབས་བྱས་ཡོད། དེའི་རྗེས་བྲངས་ལ་ཤུགས་ལྡན་གྱིས་གནོད་པ་སྐྱེལ་གྱི་ཡོད་པར་འདོད། དེ་ལྟར་ཡིན་ན་ཆོས་ལུགས་མཐུན་སྒྲིལ་ཡོང་མི་ཤེས་པས་ཇི་ལྟར་ཤུགས་ལྡན་ཁས་ལེན་བྱ་དགོས་སམ། དེ་ལ་བསམ་གཞིགས་ནན་མོ་བྱེད་དགོས་འདུག
ཁ༽ཤུགས་ལྡན་ལ་ངོ་རྒོལ་དེ་རྒྱལ་བ་རིན་པོ་ཆེ་ནས་ཡོང་བ་མིན་པར་ཐོག་མ་རྙིང་མའི་ཕྱོགས་ནས་ཡོང་བ་དང་། རྗེས་མ་རིམ་བཞིན་ཆོས་ལུགས་གཞན་པ་དང་། དགེ་ལྡན་ནང་ཁུལ་ནས་རེ་བ་ཞུས་ནས་གོང་ས་མཆོག་གིས་བཀག་སྡོམ་གནང་བ་རེད་འདུག རྫོང་གསར་མཁྱེན་བརྩེ་སྐུ་ཕྲེང་གོང་མ་དང་། བདུད་འཇོམས་རིན་པོ་ཆེ། དེ་བཞིན་དིལ་དགུ་མཁྱེན་བརྩེ་སོགས་ཀྱི་རྣམ་ཐར་ལས་ཤེས་ཐུབ་ལ། དགེ་ལྡན་པའི་སེ་ཀོང་མཚན་ཞབས་སོགས་ཀྱི་ལོ་རྒྱུས་ནས་ཤེས་ཐུབ། ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་ལས་ཀརྨ་པ་སྐུ་གོང་མ་འདིས་ཀྱང་ཤུགས་ལྡན་ལ་དགག་བྱ་ཡོད་པ་གསལ་པོར་གསུངས་འདུག བྱས་ཙང་འདི་རྒྱལ་བ་རིན་པོ་ཆེ་གཅིག་པུའི་གནད་དོན་མ་རེད། དེ་ལྟར་ཡིན་པར་འདོད་ན་དམངས་ཀྱིས་ཁས་ལེན་མི་བྱེད་པས་མཐུན་སྒྲིལ་གྱི་གཞི་རྩ་མེད་པར་གྱུར།
ག༽མཐུན་སྒྲིལ་གྱི་ཐབས་ལམ་ཞིག་ནི། ཤུགས་ལྡན་བསྟེན་མཁན་ཚོས་ཤུགས་ལྡན་བསྟེན། འོན་ཀྱང་ཤུགས་ལྡན་བསྟེན་མི་འདོད་མཁན་ཚོའི་ཆོས་ལུགས་རང་དབང་ལ་གུས་ཞབས་བྱས་ནས། ཤུགས་ལྡན་འདི་སྤྱི་པའི་རྩ་དོན་ལ་འཁུར་མི་འོང་པ་འདི་རེད།
གཤམ་ལ་མུ་མཐུད་རིམ་གྱིས་གླེང་བར་བྱ།
༣༽དབུ་མ་དང་རང་བཙན་གྱི་སྐོར་ལ། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་ཕྱིར་བསྡུ་བྱེད་ཟེར་བ་འདི་ཡོང་ཐབས་མེད། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་ལ་སྤྱི་འཐུས་དང་མང་ཚོགས་ཀྱི་འོས་བསྡུ་རྒྱ་ཆེ་ཤོས་དེ་བྱས་ནས་དབུ་མ་བདམས་པ་གསར་ཤོག་ཁག་ནས་བཤད། འོན་ཀྱང་། དབུ་མ་དགོས་མིན་ལ་སླར་ཡང་འོས་བསྡུ་དགོས་མིན་བསམ་འཆར་ལེན་ན་འགྲིགས། དེ་ལ་རྒྱལ་བ་མཆོག་གིས་ཐེ་བྱུས་མེད་པར་ཐད་ཀར་སྤྱི་འཐུས་ནས་འགན་ཁྱེར་ནས་དབུ་མའི་ལམ་ལ་སྐྱར་ཞིབ་བྱས་ནས་འགྲིགས། དེ་ལ་རྒྱལ་བ་རིན་པོ་ཆེས་ཕྱིར་བསྡུ་གནང་མི་ཐུབ་ལ་གནང་ན། རྩ་ཁྲིམས་ལས་འགལ་བ་སྟེ། ཕྱིར་བསྡུ་བྱེད་པ་དེས་རྒྱལ་བ་རིན་པོ་ཆེར་ཆབ་སྲིད་ཀྱི་སྐུ་དབང་ཡོད་པར་མངོན།
མཐའ་མཇུག་གི་བསམ་འཆར་སྙིང་པོ་ནི། བོད་མི་ཚང་མ། ཆབ་སྲིད་དང་ལྟ་བ། ཆོས་ལུགས། གོམས་སྲོལ་སོགས་རང་རང་གི་ཁྱད་ཆོས་བཟུང་ནས་འདྲ་མཉམ་ཐོག་གནས་ཐུབ་ན་དེ་མཐུན་སྒྲིལ་རེད།
ཚང་མ་ལྟ་བ་གཅིག་དང་བསམ་བློ་གཅིག་ཐོག་ལ་འགྲོ་མི་དགོས་པར། རང་རང་གི་སྲོལ་རྒྱུན་སྐྱོང་བཞིན་འདྲ་མཉམ་ཐོག་གནས་ཐུབ་ན། འདི་མཐུན་སྒྲིལ་རེད། ལྟ་བ་དང་། རང་རང་གི་ཁྱད་ཆོས་ལ་རང་མཆོག་གཞན་སྡུག་གི་སྐད་ཆ་མེད་པར། ང་ཚོ་མི་འདྲ་བ་དེ་ང་ཚོའི་ཁྱད་ཆོས་ལ་ངོས་འཛིན་ཐུབ་ན། འདི་ཆིག་སྒྲིལ་རེད།
ཆོས་ལུགས་དང་ཆོས་ལུགས་པས་སྲིད་ཇུས་ལ་ཐེས་ཇུས་གཏང་ན་ཡག་པོ་མེད་པའི་མེད་རབས་ཉི་མ་ནམ་ཤར་ལ་བཤད་མཁན་ཅོ་རི་ལ་སོགས་རེད། ཡང་ཆོས་ལུགས་ཆོས་བ་ཁ་ཆེ་སོགས་གང་ཡིན་ཚད་ཀྱི་ཐེས་ཇུས་དགོས་ཟེར་ནས་བཤད་མཁན་ཡང་ཅོ་རི་རེད། ཆུང་སློབ་གྲྭ་བ་ཚུན་ལ་ཆོས་གཅིག་གི་མ་ཚད་གཉིས་གསུམ་བཞི་ལྔ་དགོས་ཟེར་མཁན་ཡང་ཁོ་ཚོ་རེད། རྨོངས་དད་ཀྱི་ཤུགས་རྐྱེན་སྐྲུན་ན། བོད་མི་དགྲ་ལས་མི་རྒྱལ་བ་ཟེར་མཁན་ཡང་ཁོ་ཚོ་རེད།
སྐད་ཆ་འདི་ཚོ་ཚང་མ་ལ། བསམ་པ་གཏིང་ནག་པའི་གཡེན་དཀྲུག་ཙམ་ལས། གཞན་གང་ཡང་མི་འདུག་པ་ཤེས་ན་བཟང་། མཐུན་སྒྲིལ་བཤད་སྟངས་འདི་འདྲ་ཞིག་མ་རེད། འདི་ཉོག་སྒྲ་བཤད་སྟངས་རེད། ད་དུང་དཀོན་མཆོག་དཔང་དུ་བཙུགས་ཡོད་ཟེར། དཀོན་མཆོག་དེའི་ནང་ན་༧རྒྱལ་བ་མཆོག་མེད་པ་ཁ་གསལ་ཡིན་པ་ཡང་ཤེས་བྱུང་།
བོད་མི་རིགས་ཀྱི་དོན་དུ་སྐད་ཆ་བཤད་ན། འདི་ཚོའི་སྐོར་ལ་ཅིག་ཤོད་དང་། འཆར་གཞི་དང་ཕུགས་འདུན་ཡོད་མེད། ཁ་རྒྱགས་པ་ཡིན་མིན། ལྷག་བསམ་ཡོད་མེད་གཞི་ནས་ཤེས་ཡོང་གི་རེད།
བོད་དགྲ་ལག་ནས་ཐར་དགོས་ན། དཔལ་འབྱོར་གྱི་འཁོ་སྒྲུབ་དགོས་ནི་རེད། འདི་ག་འདྲ་བྱས་ནས་འཚོལ་རྒྱུ་ཡིན་ནམ། དང་དུས་ཀྱི་ལག་རྩལ་དང་ཀླད་པ་དགོས་ནི། འདི་གང་ཞིག་ནས་སྦྱང་རྒྱུ་ཡིན་ནམ། རྒྱལ་སྤྱིའི་མྱི་སྔུན་ནས་བཤད་ཐུབ་པའི་སྨྲ་བ་ཐོགས་མེད་དགོས་ནི་རེད། འདི་འདྲ་ཅི་ལྟར་གསོ་སྐྱོང་བྱེད་དམ། བཀའ་བཀོད་དབང་འདུ་ཡོད་པའི་དཔའ་བོ་དགོས་ནི་རེད། འདི་སུ་ཞིག་གིས་བྱེད་དམ། བདེན་དོན་རང་སྲོག་ལ་བརྗེས་ནིའི་འཆི་ཕོད་དགོས་ནི་རེད། འདི་དག་གང་ཞིག་ནས་དད་ཡོང་ངམ། ཉིན་དཀར་གྱི་ལྷ་ལྟར་རྒྱལ་སྤྱིའི་མྱིག་སྔུན་ནས་འཐབ་བམ། ནུབ་མོའི་འདྲེ་ལྟར་མྱི་རོ་རྟ་རོའི་ཁ་གྲངས་མི་ཤེས་ས་ནས་འཐབ་བམ། ཤོད་དང་། ཉིན་དང་པོར་ཕམ་སོང་ན། ཉིན་གཉིས་བར་ཐོབ་པའི་ཐབས་ཇུས་ཅི་ཞིག་ཡོད། རང་ས་ལག་མཐུལ་ཙམ་ཞིག་མེད་ས་ནས། ལྐོག་ཇུས་དང་ལྐོག་གཏམ། ལྐོག་དོན་སོགས་ལས་ལམ་དུ་འགྲོ་བའི་གཡུལ་ས་འདྲ་ཡོད་དམ། ཤོད་དང་།
གཅིག་གིས་གཅིག་ལ། བཤད་དང་ནི་སྐྱག་པ་འདྲ་ཞིག་མེད་པར། ཅིག་བཤད་སོང་། ཁྱོད་ངར་སོང་། ངས་རྒྱབ་སྐྱོར་ཡོད། གུས་བ་ཡོད་སོགས། སས་སྐྱག་པ་བཀྱོག། སྐྱག་པས་རྐུབ་བཀྱོག་ནས་བསྡད་ན། ཡོང་ཡ་ག་འདྲ་ཞིག་ཡོད་པ་རེད།
མེས་པོ་ཚོ་དང་༧རྒྱལ་བ་མཆོག་ལ་ནག་འདེད་བྱས་བ་ཙམ་གྱིས། མ་འོངས་སྔུན་དུ་བསུ་ཐུབ་ནི་མ་རེད། རང་སེམས་གནད་ལ་འབབ་མི་ཐུབ་པའི་དྲ་འབུ་ཚོ།
བསམ་ཤེས་ལགས། ཁྱེད་རང་གིས།
ཐ་ན་བོན་པོ་་་་་ཟེར་བ་དེ་ཁྱེད་ཀྱིས་ཅི་ཞིག་སྨྲས་པའི་ཁུལ་ཡིན་ནམ། ལེན་དགོས་པ་ཡིན། ཁ་ནས་དམངས་གཙོ་དང་འདྲ་མཉམ་བཤད། ཡང་བོན་པོ་ལ་ཐུག་དུས་་་ཐ་ན་་་ཟེར་བའི་ཚིག་ངན་ཁ་སྐྱག་འབུག་འདྲ་བ་དེ་ནས་ཐོན་ཡོང་སྟངས་ལ་བལྟས་ན། དགེ་རྒན་ཡག་པོ་ཞིག་གི་དགེ་ཕྲུག་ཡིན་པ་ཐག་ཆོད། ཡང་ན་ཁྱོད་ཀྱི་རང་ཤེས་ཡིན་ནམ། །
འདིར་མཆན་འགོད་མཁན་ཚང་མར་རེ་བ་གཅིག་ཞུ་རྒྱུ་ཡོད།
ང་ཚོས་ཤོད་བཞིན་པ་ནི་མ་འོངས་པའི་བོད་མི་དམངས་ཀྱི་མདུན་ལམ་རེད། བོད་མི་དམངས་ཀྱི་སྲོག་ལས་རྩ་ཆེ་བ་བྱེད་ཡུལ་གཅིག་ནི་རྒྱལ་བ་རིན་པོ་ཆེ་རེད། འདི་དངོས་ཡོད་རེད། བོད་ནང་ལ་མི་བརྒྱ་དང་སུམ་ཅུ་ལྷག་རང་ལུས་མེར་བསྲེགས་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཅེས་པ་གསལ་པོ་རེད།
དེས་གང་མཚོན་ཞེ་ན་བོད་མིའི་མངོན་འདོད་མཚོན། ང་ཚོས་བོད་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་བཞིན། བོད་མི་དམངས་ལ་ཡང་གུས་ཞབས་ཀྱིས་རྒྱལ་བ་རིན་པོ་ཆེ་ཞེས་མཚན་ནས་འབོད་ན་ལེགས། ཏཱ་ལའི་བླ་མ་ཞེས་པ་འདི་ཕྱི་མིས་འབོད་པ་ལས་བོད་པས་འདི་གུས་ཞབས་ཀྱི་མཚན་ལ་མི་གོ། ང་ཚོས་བོད་མི་དམངས་ཀྱི་སེམས་ལ་བསུན་སྣང་སྐྱེས་པའི་བྱ་སྤྱོད་སྤེལ་ན། བོད་མི་དམངས་ཀྱིས་ང་ཚོ་ངོས་ལེན་ལྟ་ཅི། ཁ་བརྡུང་གཏོང་བས། བསམ་བློ་རྒྱ་ཆེ་པོ་བཏང་ནས། རྒྱལ་བ་རིན་པོ་ཆེ་ཞེས་ལུགས་མཐུན་གྱི་མཚན་བཀོལ་ན་ལེགས་བྱར་མཐོང་། ཁྱེད་རྣམ་པ་རྒྱལ་བ་རིན་པོ་ཆེར་གུས་ཞབས་མེད་རུང་། བོད་ལ་གནས་པའི་བཙན་གནོན་འོག་གི་བོད་མི་ཚོའི་གནས་སྟངས་ལ་གཟིགས་ནས། ཁོང་རྣམ་པའི་མགོན་པོ་སྟེ། རྒྱལ་བ་རིན་པོ་ཆེར་བརྩི་འཇོག་བྱེད་པ་འདི་གནད་འགག་རེད།
དེ་ལྟར་མིན་ན། ང་ཚོའི་སྐད་ཆ་འདི་དག་ལ་བོད་མི་དམངས་ཀྱིས་ཁ་ཡ་མི་བྱེད།
Bonpoལགས་ཀྱི་མཆན་༤༥ལ་གསལ་བཤད་ཞུ་བ།
ཁྱེད་ཀྱིས་གསུངས་པའི་”ཐ་ན་བོན་པོ་”ཟེར་བ་འདི་ནན་བཤད་བྱེད་པའི་དོན་ཡིན་གྱི་མཐོང་ཆུང་མིན། ནན་བཤད་བྱེད་དགོས་པའི་རྒྱུ་མཚན་ནི།
༡༽ད་བར་ལ་ཤུགས་ལྡན་གྱི་རྙོག་ཁྲ་འདི་དགེ་ལུགས་དང་རྙིང་མ་གཉིས་ཀྱི་དབར་ལ་གཙོ་བོ་ངོས་འཛིན་བྱེད། བོན་པོ་ནི་ཤུགས་ལྡན་གྱི་རྙོག་ཁྲ་ལ་འབྲེལ་བ་མེད་པ་ལྟ་བུར་གཟིགས་མཁན་འདུག འོན་ཀྱང་། ཁྱེད་ཀྱི་ཞིབ་པར་གཟིགས་དང་། ཤུགས་ལྡན་གསོལ་བྱེད་ཀྱི་བསྐང་གསོ་དང་འཕྲིན་བཅོལ་དེ་དག་གི་ནང་དོན་ལ་གཟིགས་དང་། དེས་གང་མཚོན་ཞེས་ན་ཤུགས་ལྡན་གསོལ་མཁན་རྣམས་རྙིང་མ་གཅིག་པུ་མ་ཡིན་པར། ཤུགས་ལྡན་བསྟེན་མཁན་ལ་རྙོག་ཁྲ་ཤོད་མྱོང་མེད་མཁན་བོན་པོ་ལ་ཡང་ཕོག་སྡུག་གཏོང་གི་ཡོད་པ་བསྟན་གྱི་ཡོད། ཐ་ན་བོན་པོ་ཞེས་པ་འདི་ཐད་ཀར་འབྲེལ་མེད་ཀྱི་གཞན་ལ་ལྟ་བུ་མཚོན་བྱེད་ཡིན།
དེའི་ཚབ་ལ་ནན་ཚིག་གཞན་ཡོད་ན་གསུངས་རོགས། བསྐྱར་བཅོས་ཞུ་རྒྱུ་ལགས།
ཐ་ན་ཞེས་པའི་ནན་བཤད་ཀྱི་དཔེ་གཞན་ཞིག་ནི།
ལས་དོན་རུ་ཁག་དགོན་པར་ཡོང་ནས་དགོན་པའི་གྲྭ་དམངས་ལ་ཆབ་སྲིད་ཀྱི་སློབ་གསོ་དང་འཇིགས་སྐུལ་སྣ་ཚོགས་བྱས་པ་སྨྲོས་ཅི་དགོས། ཐ་ན་རི་ཁྲོད་ལ་ཞུགས་པའི་བྱ་བྲལ་བ་རྣམས་ལ་ཡང་ཉིན་ལྟར་ཚོགས་འདུར་འབོད་པར་བྱེད་ཅེས་པར། ཐ་ན་འདི་མཐོང་ཆུང་གི་ཚིག་ལྟ་ཅི། ནན་བཤད་ཁོ་ནར་འཇུག
གཅིག་ཕན་གཅིག་གྲོགས་དགོས་གལ་ཆེ་
བསམ་ཤེས་ཟེར་མཁན་དེས་༧གོང་ས་མཆོག་དང་ཤུགས་ལྡན་གྱི་ཐད་ནས་བསམ་ཤེས་ཀྱི་གཏམ་སྨྲས་པ་དེ་བཟང་།
སྐབས་འདིའི་བརྗོད་གཞི་འདི་ནི་ཐོག་མར་ཅོ་རིས་བོད་ཕུངས་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་ཞེས་པ་དེར་མཆན་བུའི་ཚུལ་དུ་བཏབ་སྟེ། སྤོབས་མཐའ་ལ་དེ་ཁ་བརྡའི་རྩོམ་ཡིག་གི་གྲས་སུ་འགོད་རོགས་ཞུས་པ་ཞིག་ཡིན་པ་གཤམ་གསལ་ལྟར་རེད།
# 175 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།: April 15th, 2014 at 10:31 AM
སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་དག་བཅོས་དང་ཆད་ལྷག་ཡོད་མེད་ཞིབ་འཇུག་ཞིག་བྱེད་ནས་བཀོད་རོགས་བྱོས།
སྤོབས་མཐས་རྩོམ་འདིའི་ཚིག་རིས་ཇེ་འཇམ་ལ་བཏང་བ་ནི། དཔེར་ན། ཅོ་རིས་༧རྒྱལ་བ་མཆོག་ལ་ “ཁྱོད” ཅེས་བྲིས་ཡོད་པ་ “ཁྱེད” ལ་བཅོས་པ་ལྟ་བུ་རེད། ཡིད་མི་ཆེས་ན་འབྲེལ་ཐག་འདིའི་ http://www.khabdha.org/?p=59856 མཆན་ཨང་ ༡༧༥ ལ་ལྟོས་དང་ཅོ་རིའི་ཚིག་རིས་ངོ་མ་དེ་ཀློག་ཐུབ།
“འཛམ་གླིང་འདིའི་ཐོག་གི་ལྷ་བརྟེན་མཁན་དང་འདྲེ་བརྟེན་མཁན། དམར་མཆོད་ཕུལ་མཁན་དང་ཁ་ཆེ་ཡེ་ཤུ་སོགས་ཆོས་ལུགས་ཡོངས་རྫོགས་ཀྱི་མཉམ་དུ་ཁྱོད་མཐུན་གྱི་འདུག་ལ་ཆོས་ལུགས་ཀྱི་བར་དུ་མཐུན་ལམ་བྱེད་དགོས་རེད་ཟེར་ནས་གཞན་ལ་བསླབ་བྱ་གནང་བཞིན་འདུག དེ་འདྲ་ཡིན་དུས་ཤུགས་ལྡན་ཚོགས་པ་དང་མཐུན་ལམ་བྱ་དགོས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་ཆེ་ཆགས་བསྡད་ཡོད་པའི་གནད་དོན་གལ་ཞིག་ཡིན་དུས་ངེས་པ་ཏུ་མཐུན་ལམ་གནང་དགོས་ཀྱི་འདུག”
ཚིག་ནི་ཚིག་རེད། དེ་ལ་ཁྱད་པར་མི་འདུག ཡིན་ནའང་ཉེ་ཆར་ནས་ཅོ་རི་ལ་བློ་མཐུན་དང་མཆོག་ཟེར་བ་ལྟ་བུའི་འབོད་ཚིག་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་དག་གི་མཆན་བུ་ལ་ཞིབ་ལྟ་ཅིག་བྱས་ཚེ། སེམས་གཏིང་ནས་༧གོང་ས་མཆོག་ལ་འཁོན་སེམས་བཅིངས་ཡོད་པ་གསལ་པོར་མཐོང་ཐུབ། འཁོན་སེམས་དེ་དག་ཡོང་སྟངས་ནི་སྣ་ཚོགས་ཤིག་ཡིན་སྲིད། དེ་དག་ལས་གཅིག་ནི་ཤུགས་ལྡན་གྱི་ཆ་ནས་རེད། དེ་མིན་པའི་རྒྱུ་རྐྱེན་གཞན་ཅི་ཞིག་ཡིན་རུང་། གཞིས་ལུས་སྤུན་ཟླ་ཚོར་༧རྒྱལ་བ་རིན་པོ་ཆེ་མ་གཏོགས། ཁྱོད་ཚོའི་ཐབས་ཇུས་དེ་མི་དགོས། ཐབས་ཇུས་ནི་༧རྒྱལ་པོ་རིན་པོ་ཆེ་མཆོག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་དང་བཅས་གཏན་འབེབས་བྱས་ཟིན་ཡོད།
བསམ་ཤེས་ལགས།
ངས་བོད་སྐད་གང་ལ་གང་མཚམས་ཕར་ལ་ཤོད་ཐུབ་ཀྱི་ཡོད་ལ། ངས་བོད་སྐད་གང་ལ་གང་མཚམས་ཚུར་ཡང་ཉན་ཤེས་ཀྱི་ཡོད་། ཐ་ན་ཟེར་བ་དེ་མཐོང་ཆུང་རྩིས་ཆུང་སྣང་ཆུང་སྟོན་པའི་ཚིག་གྲོགས་ཤིག་རེད། དང་པོ་་་ཐ་ན་་་ཞེས་པའི་པའི་ཚིག་དེའི་ཡོངས་ཁུངས་ཚིག་འདི་ཚོ་ལས་བྱུང་བ་རེད། ཐ་མལ། ཐ་ཤལ། ཐ་ཆད། ཐ་མ། ཐ་ན། དཔེར་ན་མིས་ལྟ་ཅི། ཐ་ན་དུད་འགྲོས་ཀྱང་མི་བྱེད། ཟེར་ནས་བཤད་དུས་མི་ནི་སྨྲ་ཤེས་དོན་གོ་བའི་འགྲོ་བ་ཁྱད་པར་བ་ཞིག་ཡིན་པ་གཞིར་བཞག་ནས། དུད་འགྲོ་ནི་དེ་ལ་ལྟོས་ཏེ་གང་ཡང་མི་ཤེས་མཁན་ཞིག་ཡིན་ཤུགས་ལ་སྟོན་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས། ཐ་ན་དུད་འགྲོས་ཀྱང་མི་བྱེད་ཟེར་ནས་བཤད་དུས། དུད་འགྲོ་རྣམས་མི་ལས་ཀྱང་སྣང་ཆུང་བའམ་མཐོང་ཆུང་བ་ཡིན་པ་ངང་ངམ་ཤུགས་ཀྱིས་སྟོན་གྱི་ཡོད་པ་རེད་དོ། །
ཐ་ན་ཟེར་བ་དེ་ནན་བཤད་ཡིན་ན་མཐོང་ཆུང་སྟོན་བྱེད་ཀྱི་ནན་ཚིག་ཅིག་ཡིན་འགྲོ་གཞན་གོ་བ་གང་ཡང་མི་འདུག་གོ།
ཁ་སང་ཞོགས་པའི་རྗེས་ཀྱི་མཆན་ཁ་ཚང་རོབ་ཙམ་བཀླགས་པ་ཡིན། དོན་དག་གསུམ་ཐད་བསམ་ཚུལ་བཤད་དགོས་པར་སྣང་།
༡ ཞི་དྲག་གཉིས་ཀྱི་ལམ་ནས་ང་ལ་རེ་བསྐུལ་བཞག་པའི་སྐོར། ༢ རྨོངས་དད་བོད་ཕོངས་བྱེད་དུ་བཤད་ཀྱིན་དུ་ཤུགས་ལྡན་གནད་དོན་གླེང་དོན། ༣ དབུ་མའི་ལམ། ༤ རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་དྲི་བ་ཁག་ཅིག་བཅས་རེད།
དང་པོ། མཆན་གཉིས་ནང་ང་རང་ལ་རེ་བསྐུལ་གནང་འདུག བཀའ་དྲིན་ཆེ། ཡིན་ནའང་། ང་རང་ཞིབ་འཇུག་པ་ཐེབས་ཆག་ཅིག་ཡིན་པས། དཔྱད་ཞིབ་ལྡན་པའི་བགྲོ་གླེང་གི་ཆ་ཤས་ལེན་རྒྱུ་ནི་ཞིབ་འཇུག་གི་སྤུས་ཚད་ཇེ་མཐོར་གཏོང་བའི་ལམ་ཁ་ཞིག་རེད་ལ། རང་ཉིད་ཀྱིས་གང་མཐོང་ཀློག་མཁན་ཚང་མར་མཉམ་རོལ་བྱེད་སའི་ས་ཆ་ཞིག་ཀྱང་རེད། དེ་བས། མི་ཚང་མར་མ་འདྲ་ས་ཡོད་པ ལས་མཐོ་དམན་དང་བཟང་ངན་ཡོད་པ་མ་རེད་ལ། དེ་འདྲ་ཡོད་པར་མཐོང་བ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། དེ་ལྟ་མིན་ན། ལེགས་བཤད་བྱིས་པས་ངག་ལས་ལེན་ཞེས་སྔ་རབས་མཁས་དབང་ཚོས་གསུང་མི་སྲིད་པ་ཞིག་རེད།
གཉིས་པ། བླ་མ་བེད་སྤྱོད་བཏང་ནའང་འདྲ། ལྷ་སྲུང་བེད་སྤྱོད་བཏང་ནའང་ཆོག རྩ་བའི་ཐུག་ས་དེ་མང་ཚོགས་ཀྱི་ཞན་ཆ་སྟེ། མ་རིག་པའི་ཆ་དེ་བེད་སྤྱོད་གཏོང་བཞིན་པས། རང་བཞིན་གྱིས་ཆིག་སྒྲིལ་གྱི་གོང་བུར་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད། དེ་བས། ཁ་སང་ཞུས་ཟིན་པ་ལྟར་ཤུགས་ལྡན་གནད་དོན་ཐག་གཅོད་ཡོང་ཐབས་བཤད་པ་ཡིན། དྲང་མོར་བཤད་ན། ཤུགས་ལྡན་གནད་དོན་ཛ་དྲག་ཏུ་སོང་བ་ཟམ་གདོང་རིན་པོ་ཆེར་འབྲེལ་བ་ངེས་ཅན་ཞིག་ཡོད་པས། མདུད་པ་རྒྱག་མཁན་གྱིས་མ་གཏོགས་མདུད་པ་གྲོལ་དཀའ་མོ་ཡོད། གཞན་དགེ་བཤེས་སྐལ་བཟང་རྒྱ་མཚོ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་གི་དགེ་ལུགས་པ་བསྟན་པ་ཕྱི་རྒྱལ་དུ་སྤེལ་མཁན་གཙོ་བོའམ། ཤུགས་རྐྱེན་ངེས་ཅན་ཡོད་མཁན་ཞིག་རེད་ལ། ཁོང་གིས་དབྱིན་ཡིག་ནང་བརྩམས་པའི་ལྟ་གྲུབ་དང་ཉམས་ལེན་འདུ་བའི་དེབ་དེར་རྒྱལ་བ་རིན་པོ་ཆེ་ཡིས་གླེང་བརྗོད་གནང་འདུག་པས། དགེ་བཤེས་ལགས་ཤུགས་ལྡན་ཚོགས་པའི་མི་སྣ་གཙོ་བོ་ཡིན་པ་གང་ཞིག་ལ་དགེ་ལུགས་པའི་ཆོས་པ་གཙོ་བོ་ཞིག་ཀྱང་རེད། དེ་བས། དགའ་ལྡན་ཕོ་བྲང་གི་འགན་འཛིན་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ཤུགས་ལྡན་ཚོགས་པའི་གཞུང་ལུགས་སྨྲ་བའི་དགེ་བཤེས་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་ཡོངས་གྲགས་སུ་ཤུགས་ལྡན་སྤང་བླང་ཐད་རྩོད་པ་གནང་ནས་ཐག་གཅོད་གནང་ན་ཡོངས་གྲགས་སུ་ངོས་ལེན་ཡོང་སྲིད་པ་ཞིག་རེད། འོན་ཀྱང་། ཕན་ཚུན་དགྲར་འཛིན་སྤང་བའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་མི་ཆོག་པའང་མ་རེད།
གསུམ་པ། རང་བཙན་ལམ་ནས་བོད་དོན་རྩོད་ན་འདྲ། དབུ་མའི་ལམ་ནས་བོད་དོན་རྩོད་ན་འདྲ། འབབ་ས་དེ་འགྲོ་བ་མི་ཡི་ཡོངས་ཁྱབ་རིན་ཐང་སྒང་འབབ་དགོས་ཀྱི་ཡོད་པ་རེད། དེའང་གཞན་མ་ཡིན་པར་༼རང་ཐག་རང་གཅོད་ཀྱི་ཐོབ་ཐང༽ལ་འཇུ་དགོས་པ་ནི་འདོད་མིན་ལ་མ་ལྟོས་པར་བོད་ལ་སྟོབས་ཤུགས་གཞན་མེད་པ་ལས་ཐག་གཅོད་བྱས་ཟིན་ཡོད་ལ། མི་རིགས་སྤྱིའི་སྲོག་འགོ་ཐོན་མིན་ཡང་དེ་ལ་ཐུག་ཡོད། དེ་བས། བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་བོད་མི་དམངས་ལ་ཡོད་ཅེས་པ་དེར་ག་དུས་ཀྱང་འགྱུར་བ་གཏོང་རུང་གི་མེད་ལ། དེ་ནི་བོད་ཀྱི་སྲུང་མདུད་ཡིན། དེ་ལས་ལྡོག་ནས་རང་ཐག་རང་གཅོད་དོར་བ་དང་དམངས་གཙོའི་དགོས་འདུན་དོར་བ་ནི་རྡ་རམ་ས་ལས་རང་ཉིད་ཀྱི་སྲོག་གཅོད་ཀྱིན་པ་ལས་བོད་ནང་གོ་རྟོགས་འཕེལ་བཞིན་པས། གནོད་པ་ཆེར་བྱེད་མི་ཐུབ། འོན་ཀྱང་། གཞོགས་འདེགས་ལས་འགོག་རྐྱེན་དུ་མི་འགྱུར་བ་གནང་གལ་ཤིན་ཏུ་ཆེ།
དེ་མིན་བོད་ལ་ཆེད་ལས་པ་མེད་པ་དང་དཔལ་འབྱོར་མེད་པ་འདུ་བའི་མེད་མུག་མཐའ་དག་བཙན་བྱོལ་བར་གྱུར་བ་ནས་འཚོ་བ་གཞན་བརྟེན་ཁོ་ན་གཉེར་བ་ལས་བསྐྱེད་པ་ཞིག་ཡིན་པས། གནད་དོན་ངོ་འཕྲོད་དགོས་པ་དང་དེང་ཕྱིན་ཡོ་བསྲང་ཐུབ་མིན་ལ་རག་ལས་ཡོད། ཡང་ལ་ལ་ཞིག་གིས་བོད་ལ་དམག་མི་འདུག་ལབ་ཀྱི་འདུག དེའང་ཡང་དག་ཅིག་མ་རེད། ཧིན་བོད་དམག་སྒར་ནི་བོད་དམག་གི་རྨང་གཞི་རེད། ཐེག་ཆེན་ལུགས་ལྟར་ན་སེར་དམག་ཀྱང་རྩ་འཛུགས་བྱེད་ཆོག་པ་མ་རེད་དམ།
བཞི་བ། རྒྱལ་བ་རིན་པོ་ཆེ་ཡི་སྐོར་ནས་ཅུང་ཞུ་དགོས་པ་འདྲ། མི་ཁག་ཅིག་གིས་བོད་དང་རྒྱལ་བ་རིན་པོ་ཆེ་མགོ་མཇུག་ལྡོག་ནས་གླེང་བཞིན་འདུག དོན་ལ་བོད་ནི་རྒྱུ་དང་རྒྱལ་བ་རིན་པོ་ཆེ་ནི་འབྲས་བུ་རེད་ལ། བོད་ཅེས་པ་ཞིག་མེད་ན་རྒྱལ་བ་རིན་པོ་ཆེ་ཡི་མཛད་པ་འཕྲིན་ལས་ཀྱང་ཡོད་མི་སྲིད། དེ་བས། བོད་ཤོར་མེད་ན། རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བོད་མི་མང་བོ་ཕྱི་ལོགས་སུ་ཡོང་གི་མ་རེད་ལ། རྒྱལ་བ་རིན་པོ་ཆེའང་སྐུ་གོང་མ་དག་ནང་བཞིན་རེད། བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མེད་ན། རྒྱལ་བ་རིན་པོ་ཆེ་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གྱུར་གནས་ལྷག་ཡོད་པ་མ་རེད། དེ་བས། རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་བརྩམས་ཆོས་ཡིན་པ་ལས་བོད་ནི་རྒྱལ་བ་རིན་པོ་ཆེ་ཡི་བརྩམས་ཆོས་མ་རེད། འདི་གཅིག་ཡིན།
བོད་ཀྱིས་རྒྱལ་བ་རིན་པོ་ཆེ་བརྩམས་པའང་བསྲེག་བཅད་བརྡར་གསུམ་ཆོག་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་འགོག་ཐོན་ཡོད་པ་ལས་དོགས་འདྲི་མི་ཆོག་པའི་དཀོན་མཆོག་ལྟ་བུའི་ལམ་ནང་ཞུགས་མེད། དེ་བས། དེང་སྐབས་མི་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེ་ནི་དཀོན་མཆོག་ལྟ་བུ་ཞིག་ལ་སྒྲུབ་བཞིན་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་བསྙོན་འབྱིན་ཡིན་ལ། རྒྱལ་བ་རིན་པོ་ཆེ་ཡི་བསྙོན་འབྱིན་ཡང་ཡིན། དེ་བས། འདིའི་རིགས་ནི་ཉེན་ཁ་ངོ་མ་དེ་ཆགས་ཡོད།
བོད་ནང་རྒྱལ་བ་རིན་པོ་ཆེ་ནི་གནམ་ས་ཁ་ལོ་བསྒྱུར་ནུས་པའི་སྐྱེས་བུ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པས། དེང་སྐབས་བོད་ནང་ཛ་དྲག་འོག་འཚོ་བཞིན་པས། སྐབས་འདིར་ཁོང་ཕེབས་ཐུབ་པ་ཡིན་ན་འགྱུར་བ་ཞིག་ཡོང་ངེས་རེད་བསམ་བཞིན་པས། མེར་བསྲེག་དཔའ་བོ་ཚོས་སྐད་འབོད་ཁྲོད་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་རང་བཙན་དགོས་འདུན་གཉིས་འབུར་དུ་བཏོད་ནས་ཐོན་ཡོད།
ད་རེས་འདི་ཙམ་ཡིན། དེ་ནས་རིམ་པས་བགྲོ་གླེང་བྱེད་ཆོག
ཡིག་ནོར་ཁ་ཤས་འདུག་པས། དེ་ལུགས་དགོངས་འཇགས་ཡོད་པ་ཞུ།
ང་ཚོ་བོད་རིགས་འདི་རིགས་ངན་ཐ་ཤལ་ཅིག་མིན་ན། གང་རེད། འདིར་གཟིགས་དང་། ང་བོད་རིགས་ཡིན་ཟེར་རྒྱ་ངོ་བགྱིད།
https://www.youtube.com/watch?v=HwRKu8rgLwQ
ངོ་ཚ་བགྱིད་མི་འདུག་གེ
༸གོང་ས་མཆོག་གིས་ནི། དོལ་རྒྱལ་བསྟེན་མཁན་ཚོ་ལ། སྙིང་གཅེས། ཁོ་ཚོས་མི་ཤེས་པའི་ཐོག་ནས་བྱུང་བ་རེད།
https://www.youtube.com/watch?v=Ofrj6JjPWpI
ཅོ་རིས་བཤད་པའི་གནད་དོན་དེ་ཚོ་སྤྱིར་ན་ཧ་ཅང་གནད་འགག་ཅན་ཡིན་ཡིན་པ་རེད། ཡིན་ན་ཡང་། ཅོ་རི་ཁོ་རང་གིས་གནད་འགག་དོན་ཚན་དང་པོར་བཞག་པའི་རྒྱ་གཞུང་གི་ལས་བྱེད་བོ་དམི་དམར་ཤོག་པ་དང་བོད་མི་བྱིངས་མཐུན་དགོས་ཟེར་བ་དེ་ཡ་མཚན་པོ་ཞེད་པོ་ཆགས་སོང་། ཉེ་སྔོན་འབའ་པ་ཕུན་དབང་སྐུ་གཤེགས་དུས་སྐུ་ཞབས་ཅོ་རིས་འབའ་པ་ཕུན་དབང་ལ་གཤེ་གཤེ་ཚད་མེད་བཏང་སོང་། འབའ་པ་ཕུན་དབང་ནི་རྒྱ་གཞུང་གི་འོག་ཏུ་ལས་ཀ་བྱེད་མཁན་ཀྱི་བོད་མི་གནད་ཅན་ཞིག་དང་། གྲག་འགུལ་ཅུང་མང་བའི་བོད་མི་དམར་ཤོག་པའི་ཚབ་མཚོན་ལྟ་བུ་ཞིག་ཡིན་པས་དེ་ལ་དམའ་འབེབས་གང་ཐུབ་ཐུབ་ཅིག་བྱས་པ་དེས་བོད་མི་དམར་ཤོག་པ་གཞན་དག་རྣམས་ཀྱིས་ཅོ་རིས་བཤད་པ་ལྟ་ཡིད་ཆེས་ཁག་པོ་བྱས་སོང་བསམ། དེ་ལ་སྐུ་ཞབས་ཅོ་རིས་ལན་ཅི་བརྒྱབ་རྒྱུ་ཡིན།
བོད་རིགས་དམར་ཕྱོགས་པ་ཚོར་མཐུན་དགོས་བ་གལ་ཆེ་ཡང་། དེ་དང་མཐུན་ཆེད་ཁོང་ཚོས་སྒྲུབ་པའི་ཚུལ་མིན་གྱི་ལས་དོན་རྣམས་ནམ་ཡང་ཚུལ་མིན་ཡིན་པ་ལས་ཚུལ་མཐུན་དུ་འགྱུར་ཐབས་མེད། དེ་ལྟར་ཡིན་ན། རྒྱལ་ཚོང་བ་ཀུན་ལ་གོ་སྐབས་སྤྲད་པས་བོད་ཀྱི་རྩ་དོན་ལ་ཕན་ལས་གནོད་དུ་ངེས་བས་རེད། དེ་བརྟེན། དམར་ཕྱོགས་པ་ཚོར་མཐུན་ཐབས་སུ་ཁོ་ཚོའི་བྱས་ཉེས་ལ་སྐྱོན་བརྗོད་མི་བྱེད་རྒྱའི་དོན་མིན་པ། ལྷག་བསམ་རྣམ་དག་གིས་སྐྱོན་ལ་སྐྱོན་དང་ཡོན་ཏན་ལ་ཡོན་ཏན་ཞེས་བརྗོད་དགོས་ཀྱི་ཡོད། དེ་ནི་བོད་འདི་ཡར་རྒྱས་ཀྱི་ཆེད་ཡིན་པས་ཚད་ལྡན་གྱི་བོད་རིགས་དམར་ཕྱོགས་པ་ཚོས་དབྱེ་འབྱེེད་ཤེས་ངེས་རེད།
བོད་རིགས་དམར་ཕྱོགས་པ་དང་དད་འདུན་གཞན་ལ་བྱེད་མཁན། དད་མེད་རིང་ལུགས་པ་ཚོར་ཞི་མཐུན་ཡོང་ཐབས་སུ་དད་པ་གཅིག་གི་སྒེར་གཅོད་ཀྱི་ལས་མཚམས་བཞག་སྟེ། རྒྱ་གར་དང་ཨ་རི་ལྟར་ཆོས་མེད་ཀྱི་སྲིད་གཞུང་འཛུགས་རྒྱུ་དེ་རེད། དེ་ལྟར་བྱས་ན་དད་པ་བྱེད་མཁན་དང་མི་བྱེད་མཁན། དད་འདུན་གཞན་ལ་བྱེད་མཁན་ཀུན་སྡད་སའི་ཁོར་ཡུག་ཅིག་ཡོད་པས། བོད་ཀྱི་རང་དབང་ཐོབ་རྒྱུ་ཐམས་ཅད་ཀྱི་ཁེ་ཕན་དང་འབྲེལ་བས་ཀུན་གྱིས་འབད་ངེས་རེད། དེ་ལྟར་མིན་པ་དད་པ་གཅིག་གིས་སྒེར་གཅོད་བྱས་བ་ཡིན་ན། བོད་ལ་རང་དབང་ཐོབ་ཚེ་དད་པ་མེད་མཁན་དང་དད་འདུན་གཞན་ལ་བྱེད་མཁན་ཚོའི་མནར་གཅོད་མྱོོང་ངེས་བས་ཐམས་ཅད་ཀྱིས་བོད་དོན་ཆེད་འབད་བརྩོན་བྱེད་དཀའ། ཡིན་ཡང་། དམར་ཕྱོགས་བོད་རིགས་ཀུན་གྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་མི་སྲིད་པས་མང་ཤོས་ཀྱི་རྒྱབ་སྐྱོར་བྱས་ན་དེ་ཡིས་འགྲིག་པ་འདོད།
ཆོས་མེད་དང་ཆོས་དང་མ་འབྲེལ་བའི་སྲིད་གཞུང་འཛུགས་རྒྱུར་ལ་འབད་ཚེ་བོད་དོན་ལ་མི་མོས་མཁན་གྱིི་བོད་རིགས་དམར་ཕྱོགས་པ་དང་དད་འདུན་གཞན་གྱི་ཆོས་ལུགས་པ་ཚོ་ལ། བོད་ལ་རང་དབང་ཐོབ་ཚེ་ཁོང་ཚོའི་མནར་གཅོད་མྱོང་ངེས་ཡིན་ཚུལ་གྱི་སྒྲུབ་བྱེད་དང་དཔང་རྟགས་འདང་ངེས་མེད་པས། ཁོང་ཚོས་རྗེས་འཇུག་པ་སྐྱེད་སྲིང་བྱེད་པ་ལ་དཀའ་ངལ་འཕྲད་ངེས་རེེད།
ཆོས་དཔོན་ཚོའི་ཕྱོགས་རིས་ནི་ཧ་ལས་བ་རེད། དཔེར་ན་ང་འདྲ་བ་ཞིག་གིས་ཆོས་རྒྱུད་གཞན་དང་བོན་གྱི་ལོ་རྒྱུས་སྨྲས་ཚེ་ཕྱི་གླིང་བའི་བོད་ཆོས་དོན་གཉེར་བ་སུ་ཞིག་ཡིན་ཡང་། ང་སྐྱེས་སའམ་སྦྱངས་སའི་ཆོས་རྒྱུད་ཀྱི་ལོ་རྒྱུས་མིན་ཚེ། ཁོང་ཚོས་ངས་ཕྱོགས་རིས་ཀྱིས་སྐད་ཆ་བཤད་པ་འདོད་ཀྱི་འདུག ང་ལ་མཚོན་ན་དོན་དངོས་སུ་ཆོས་ལུགས་ཀུན་ལ་ཁ་ཞེ་གཉིས་ཀྱིས་མེད་ཀྱིས་ཕྱོགས་ལྷུང་མེད་ཀྱང་དེ་ལྟར་ལྟ་གི་འདུག བོད་ཀྱི་ཆོས་དང་ཆོས་རྒྱུད་ཁག་གི་གནད་དོན་མི་ཤེས་མཁན་དང་ལྷག་པར་དུ་བོད་ཀྱི་ཆོས་པ་མ་བརྟེན་མཁན་ཚོར་ངས་གང་བཤད་རེད། ཁོ་ཚོའི་བོད་ཀྱི་ནང་དུ་དེ་འདྲིའི་དཀའ་རྙོགས་ཡོད་པ་འཚོར་གྱི་མི་འདུག་ལ། ཆོས་པ་གཞན་གྱིས་ཁོང་ཚོའི་བསམ་བློ་མ་སྒྱུར་བས་རེད།
མདོར་ན། ཆོས་པ་ཚོས་ཕྱོགས་རིས་སྤངས་དགོས་ཟེར་ནས་ག་ཚོད་གསུངས་ཀྱང་མང་པོ་ཞིག་གིས་ཟུར་ཙམ་ཡང་སྤངས་བ་ལྟ་ཅི། ཆོས་ལུགས་ཀྱི་གནད་དོན་ལ་ཐུག་ཚེ་ཕྱོགས་རིས་དང་མཁྲེགས་འཛིན་བྱེད་མཁན་ཁོ་ན་རེད།
ལྷག་བསམ་ཅན་གྱི་ཅོ་རི་ཡིས་བོད་ཀྱི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་བསམ་ཚུལ་མང་དུ་བརྗོད་ཅིང་། དཀའ་ངལ་ལ་མ་ལྟོས་བ་འདི་ལྟར་བྲིས་བ་ལ་ཡིད་སྨོན་དང་མངགས་བརྗོད་ཡོད། འདི་ལྟར་བཤད་མཁན་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཉི་མོའི་སྐར་མ་བཞིན་ཡིན་པས་ཡིན།
དྲ་གྲོགས་རྣམས་པ་ཚོ་སྔ་དྲོ་བདེ་ལེགས། བསམ་ཤེས་ལགས་གཙོ་བོ་གྱུར་པའི་དྲ་གྲོགས་ཁ་ཅིག་གིས་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཤུགས་ལྡན་ཚོགས་པའི་བོད་མི་རྣམས་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་མེད་ཅེས་གསུངས་ལུགས་ལ་བལྟས་ན་བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཆིག་སྒྲིལ་གལ་ཆེན་ཡིན་པར་ཁས་མི་ལེན་པར་འདྲ།
ང་ཚོས་སྔོན་མའི་ལོ་རྒྱུས་ཀྱི་ནོར་འཁྲུལ་གླེངས། ཆོས་ལུགས་ཆོས་རྒྱུད་ཚོས་ནང་འཁྲུག་བརྒྱབས་རབས་དང་རྒྱ་དམག་སོག་དམག་གོར་དམག་གསུམ་བོད་ལ་དྲངས་ནས་བོད་མི་ནང་ཁུལ་དུ་བསད་རེའི་བྱས་རབས་སོགས་ནོར་འཁྲུལ་རེད་ཟེར་ནས་ཁ་བདེ་བདེ་དང་ལྕེ་རྣོ་རྣོ་བྱས་ནས་གླེངས། ཡིན་ཀྱང་སྔོན་བྱུང་གི་ལོ་རྒྱུས་ལྟར་དེང་སང་ང་རང་ཚོའི་མིག་མདུན་གྱི་ཤུགས་ལྡན་བརྟེན་མཁན་ཚོ་དང་འགལ་ཟླ་ཡོད་བཞིན་པ་འདིར་སེལ་འདོད་མེད་པ་དང་། མཐུན་ལམ་བྱེད་འདོད་མེད་པ་འདིས་ལམ་ནོར་ལྡོག་ཤེས་བྱ་མི་ཐུབ་དཔང་རྟགས་སྟོན་པ་རེད། བོད་རྒྱལ་ཁབ་འགྱེལ་ས་ནས་ལང་མི་ཐུབ་པ་དང་ཤི་ས་ནས་གསོད་མི་ཐུབ་པའི་དཔང་རྟགས་རེད།
ང་དང་ང་ལྟ་བུ་རྨོངས་དད་མེད་མཁན་ཞིག་གིས་ངོས་ནས་བཤད་ན་ལྷ་གསོ་འདྲེ་བརྟེན་འདི་དག་དཔལ་ནྭ་ལེན་དྲའི་ཆོས་རྒྱུད་དྲི་བ་མེད་པ་དང་འབྲེལ་བ་ཡོད་པ་ཡང་ཁས་ལེན་གྱི་མིན། བོད་མིས་རང་བཟོས་བྱས་པའི་ལྷ་འདྲེ་རེད་བསམས་ཀྱི་ཡོད།
ཤུགས་ལྡན་ལ་རྨོངས་དད་ཡོད་མཁན་ཚོས་ངོས་ནས་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གི་ཡིན་ཟེར་མཁན་མི་འདུག་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་ཡང་བྱེད་བཞིན་མི་འདུག ཡིན་ཀྱང་ཤུགས་ལྡན་ཆེད་དུ་རང་སྲོག་བློས་གཏོང་གི་ཡིན་ཟེར་བཞིན་འདུག ཏ་ལའི་བླ་མའི་རྗེས་འབྲངས་པ་ཚོས་ཡང་བོད་མི་ས་ཡ་དམར་གསོད་བཏང་མཁན་དང་བོད་ཡུལ་བཙན་འཕྲོག་བྱས་མཁན་གུན་ཁྲན་ཏང་དང་མཐུན་ལམ་ཡོང་ཐབས་དང་གུན་ཁྲན་ཏང་གི་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་འདོད་བྱེད་བཞིན་འདུག ཡིན་ཀྱང་བོད་རིགས་ནང་ཁུལ་དུ་མཐུན་ལམ་ཡོང་ཐབས་མེད་ཅེས་བཤད་བཞིན་འདུག
ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀ་་་དགྲ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་རྒྱག་མཁན་རེད་འདུག ང་ཚོས་སྔོན་ནས་མང་པོ་བཤད་ཡོད་ལ་རྨོངས་དད་འདིས་བོད་ཕོངས་སོང་ཟེར་ནས་བཤད་ཀྱི་ཡོད། མ་འོངས་པ་རྨོངས་དད་ཀྱིས་བོད་ཕུང་ལ་སྦྱར་བཞིན་ཡོད་པ་ཡང་མིག་མཐོང་ལག་ཟིན་རེད།
ང་ལྟ་བུ་ཚོས་ངོས་ནས་ལྷ་རེད་ཟེར་ནས་བོད་སྐྱོབ་འོང་མཁན་ཞིག་ཡོད་པ་མི་འདོད་ལ་འདྲེ་རེད་ཟེར་ནས་བོད་ཕུང་ལ་སྦྱར་འོང་མཁན་ཞིག་ཡོད་པར་མི་འདོད། དེང་རབས་༢༡་ནང་བསླེབས་ནའང་ལྷ་འདྲེའི་རྨོངས་དད་འོག་ཏུ་ལྷུང་སྡོད་ན་བོད་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་བྱེད་ཐུབ་ཐབས་མེད།
ཁྱོད་ཚོ་ཤུགས་ལྡན་ཚོགས་པའི་བོད་མི་རྣམས་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་ཀྱི་མིན་ཟེར་མཁན་ཚོས་ངོས་ནས་བྱས་ན་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་ཆིག་སྒྲིལ་གལ་ཆེན་ཡིན་ནམ་མིན། དགོས་དང་མི་དགོས། དགོས་ན་དགོས་སྟངས་ག་འདྲ་རེད། ཆིག་སྒྲིལ་བྱེད་སྟངས་ག་འདྲ་རེད། འདི་དག་གསལ་པོ་རེ་གསུང་རོགས་བྱོས། ཐུགས་རྗེ་གཟིགས།
དྲ་གྲོགས་རྣམས་པ་ཚོ་སྔ་དྲོ་བདེ་ལེགས།
སྤོབས་པ་མཐའ་ཡས་ལགས། ཨ་ནུ་བསོད་ནམས་ཐང་ལགས་ཀྱིས་ལན་གསལ་པོ་རྒྱག་ཟིན་འདུག་ཀྱང་ངས་ཡང་བསྐྱར་ཁྱོད་ལ་གསལ་བཤད་ཤིག་བྱེད་འདོད་ཡོད། ངས་ངོས་ནས་བོད་རིགས་གུན་ཁྲན་ཏང་ཡོན་དེ་དག་གི་མཉམ་དུ་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་འདོད་ཀྱི་ཡོད། ངས་ཁྱོད་ལ་སྔོན་མ་ཞིག་ལ་ལན་གཅིག་བཤད་མྱངས་ཡོད། ལྟ་བ་ཁ་འཐོར་དང་སྤྱོད་པ་རུལ་སུངས་ཟེར་བ་ཞིག་འབྲི་གི་ཡོད་ཞུས་པ་ཡིན། དེར་དུས་ཁྱོད་ཀྱིས་ཁ་བརྡ་ཐོག་ཏུ་འགོག་ནས་ང་ཚོས་བགྲོ་གླེང་བྱ་ཞེས་གསུངས་བྱུང་།
རྒྱལ་བཙོང་བ་ལ་མི་རིགས་དཔའ་བོ་ཅེས་མཚན་སྙན་འདོགས་པ་དང་སྔགས་བརྗོད་བྱེད་ན་བོད་རྒྱལ་ཁབ་ལ་ཕན་ལས་གནོད་ཆེ་བ་འདོད་ཀྱི་ཡོད། བོད་རིགས་གུན་ཁྲན་ཏང་ཡོན་དེ་དག་གི་མཉམ་དུ་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་ཟེར་བ་འདི་བོད་མི་ཚང་མ་ཁོ་ཚོའི་རྗེས་སུ་འབྲང་དགོས་ཅེས་པའི་དོན་མིན་ལ་ཁོ་ཚོས་བྱས་པའི་ནོར་འཁྲུལ་ལ་བཟང་ཕྱོགས་ཀྱི་འགྲེལ་བཤད་རྒྱག་དགོས་ཅེས་པའི་དོན་ཡང་མིན།
བོད་རིགས་ཡོངས་ཀྱི་མཉམ་དུ་བོད་རིགས་རིང་ལུགས་ཟེར་ནའང་འདྲ། བོད་གཅེས་རིང་ལུགས་ཟེར་ནའང་འདྲ། རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས་ཡར་རྒྱས་བཏང་ནས་རང་དོན་རང་གཅེས་དང་བོད་དོན་བོད་གཅེས་བྱེད་ནས་འཐབ་རྩོད་བྱ་དགོས་ཅེས་པའི་དོན་ཡིན། ཆིག་སྒྲིལ་བྱ་དགོས་ཅེས་པའི་དོན་ཡིན།
གནམ་ལགས་་་ཁྱོད་ལ་ངའི་ལྟ་གྲུབ་གསལ་བཤད་ཤིག་དགོས་པ་འདུག
ཁྱོད་ཀྱིས་་་ཆོས་ལུགས་དང་ཆོས་ལུགས་པས་སྲིད་ཇུས་ལ་ཐེས་ཇུས་གཏང་ན་ཡག་པོ་མེད་པའི་མེད་རབས་ཉི་མ་ནམ་ཤར་ལ་བཤད་མཁན་ཅོ་རི་ལ་སོགས་རེད།ཅེས་བཤད་འདུག
ཆོས་ལུགས་པས་བོད་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་དགོས་ཀྱི་ཡོད་ཟེར་མཁན་གྱི་གྲལ་ཡིན། ཆོས་ལུགས་པ་མེད་ན་བོད་དོན་བསྒྲུབ་ཐུབ་ཐབས་མི་འདུག་བསམས་མཁན་གྲལ་ཡིན། ཆོས་རྒྱུད་ཀྱི་སྤྱི་འཐུས་དགོས་ཟེར་མཁན་གྲལ་ཡིན། སྔོན་མ་་བོན་རྒྱལ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་༢༠༠༩་ལོར་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་གནད་ལུགས་དམར་ཧྲ་མ་ཞེས་པའི་རྩོམ་ཡིག་བསླེསབ་དུས་་མཐའ་གཅིག་ཏུ་དགག་པ་རྒྱག་མྱངས་ཡོད།
དེ་ཡང་་བོད་པའི་གྲྭ་བཙུན་གྱིས་བོད་ཀྱི་མི་འབོར་གྱི་སུམ་ཆ་གཅིག་ཟིན་བསྡད་ཡོད། བོད་ཀྱི་མི་འབོར་སུམ་ཆ་གཅིག་གིས་བོད་ཀྱི་སྲིད་ཆབ་གནད་དོན་ཐོག་ཏུ་ཐེ་ཇུས་མ་བྱེད་ན་བོད་མི་རིགས་ཀྱིས་རྩ་དོན་བསྒྲུབ་ཐུབ་ཀྱི་མ་རེད་བསམས་པས་ཡིན། རྒྱུ་མཚན་དེ་འདྲ་རེད།
ཁྱོད་ཀྱིས་གང་དྲན་དྲན་བཤད་མ་འོང་རོགས་བྱོས། དེ་མིན་ན་་་ངས་ཆོས་ལུགས་པས་བོད་ཀྱི་ཆབ་སྲིད་ལ་ཐེ་ཇུས་བྱེད་ན་མི་འགྲིག་ཅེས་ག་པ་ལབ་འདུག་གམ། སྟོན་གྱི་ཡོད་དམ། ཡོད་ན་སྟོན་ཤོག བོད་མི་ཡོངས་ཀྱིས་བོད་ཀྱི་ཆབ་སྲིད་ཐོག་ཏུ་འགན་ཁུར་དགོས་པ་ངའི་རྩ་བའི་དམ་བཅའ་ཞིག་ཡིན་པས་ཁྱོད་ཀྱི་རྫུན་བཤད་ལ་ལན་ཞིག་མི་འབྲི་དཀའ་མེད་བྱུང་། མ་གཏོགས་སྤྱིའི་ཆ་ནས་རྨོངས་དད་ཀྱིས་ཀླད་པ་རུལ་བསྡད་ཡོད་པའི་མི་ཁྱོད་ལ་ལན་རྒྱག་རིན་མི་འདུག
ང་ཚོས་འདས་པའི་བོད་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་བཤད་ཅིང་ངོས་འཛིན་ནས་དེ་ལ་སྐྱར་ལོག་མི་འབྱུང་བའི་ཆེད་མ་འོངས་བོད་གསར་པ་མཛུགས་བསྐྲུན་ཇི་ལྟར་དགོས་མིན་གྱི་ལྷག་བསམ་རྣམ་དག་ཤོད་སར། ཡང་མི་རེ་ཟུང་གིས་རང་ཕྱོགས་དང་གཞན་ཕྱོགས་གཉིས་སུ་བཟུང་ནས་གཞན་ཕྱོགས་ལ་དམའ་འབེབས་བྱེད་སྟངས་འདི་ནི་བོད་ཕམ་ཉེས་སླར་ནས་སླར་ལོག་རྒྱུར་སྟ་གོན་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཐ་ན་བསམ་ཤེས་ཟེར་མཁན་གྱི་མཆན་བུ་དག་ལའང་བསམ་གཞིགས་ཞིག་གནང་དང་གང་བཤད་འདུག། འདི་འདྲའི་རྐྱེན་བྱས་ནས་ང་ཚོས་བོད་ཕམ་ཉེས་དེ་ཆོས་ལུགས་ཀྱིས་བྱས་འདུག ཆོས་ཁ་ལ་ཁྱེར་ནས་བོད་ཕུང་སོང་ཟེར་གྱི་ཡོད་རེད། བོད་མི་ནང་ཁུལ་ལ་གསོད་རེས་དང་བོད་རང་གི་རིག་གཞུང་གཏོར་མཁན་རྒྱ་མི་ལས་བོད་མི་ནང་ཁུལ་ལ་ཉུང་བ་མེད་པའི་ཚོད་ཅིག་འདུག
སྙིང་ཉེ་བའི་དྲ་གྲོགས་བན་དེ་བ་ཕེབས་པར་ལེགས། ཁྱོད་ཀྱིས་གསུངས་པ་ལྟར་ངས་རང་བློས་དཔག་ཚོད་ཀྱི་བསམ་ཚུལ་ཞིག་བྲིས་ཁུལ་བྱས་ཡོད། སྐྱོན་དང་ནོར་འཁྲུལ་ཡོད་ངེས་པས་ཁ་ཐུག་མཛུབ་མོ་བཙུགས་ནས་གསུངས་རོགས་བྱོས། ནོར་འཁྲུལ་ཡོད་ན་སྒྱུར་བཅོས་བྱ་ངེས་ཡིན།
ངས་ནི་ཁྱོད་རྨོངས་དད་རང་མོས་དང་། བླ་མ་དགེ་བཤེས། དམ་པའི་ལྷ་ཆོས། མི་དྲག་དཔོན་པོ་དེ་ཚོར་ལྡང་ནིའི་མྱི་ངན་ཁྱི་འདྲ་ཞིག་ཡོད་པའི་ངོས་འཛིན་བྱས་ཡིན། ཁྱོད་ལ་དོན་སྣང་བྱུང་ནས་ཡིན་རང་པོ་མིན། ངའི་མྱིག་གིས་རིག་དུས་ནས། ཁྱོས་དགེ་ནི་ཡག་ནི་ཅང་བཤད་པ་མཐོང་མ་མྱོངས། ལན་རྒྱག་རིན་ཡོད་ན་འདྲ་ལ་མེད་ན་འདྲ། དེ་ལ་ཁྱད་པར་ཆེན་པོ་མི་འདུག། གཙོ་བོ་ཁྱོས་མི་དང་མིའི་བར་གྱི་འབྲེལ་བ་སྐད་ཆ་བཤད་ནས་སེལ་རྒྱུ་ཡིན་ཟེར་ནི་ཞིག་གི་ང་ལ་ལན་མི་སྟེར་ཟེར་ན། ཁྱོད་ཚིག་ཐོག་ན་མེད་ནིའི་མི་བུ་ཡ་མ་བརླ་འདྲ་ཡིན་པ་མི་ཚོར་རམ།
སོག་དམག་དང་གོར་དམག་སོགས་ཁྲིད་ཡོང་མཁན་ནི་མི་རུང་བ་ཞིག་དང་། ཤུགས་ལྡན་པ་ཚོས་རྒྱལ་ཁབ་ལྔ་བཅུ་དྲུག་བཅུ་ཁྲིད་ནས་བོད་མི་ཉམ་ཆུང་ལ་ཐུབ་ཚོད་བཏང་ནས་དམར་གསོད་བྱེད་པ་དང་། ༧བླ་མ་བཟང་པོར་གར་འགྲོ་རང་འདུག་གི་ལམ་སྣེ་མི་སྤྲད་པར་དགྲ་བོ་དགྱ་དམར་གྱི་ལག་པའི་ནང་ལ་ལག་པ་བཞག་ནས་སོང་ན་ཁྱོས་མི་རིག་མ་གོ་མདོག་མདོག་བྱེད་དགོས་དོན་ཅི་ཡིན། བཤད་དགོས་ན་ཁོང་ཚོའི་སྒོ་ཁར་སོང་ནས་སྐད་ཆ་ཤོད། ཁྱོད་ལ་ཉན་མདོག་ཁ་བོ་རེད།
ཁྱེད་རང་དྲང་མོ་བྱེད་ས་ནས་མཆན་པ་ཁྲམ་པའི་ལག་རྡོ་ལ་མ་ཆགས་ན། གནམ་ང་ལ་ནི་ཅོ་རི་གང་ནས་གསོན་ན་འདྲ། གང་ནས་ཤི་ན་ཡང་ཁྱད་པར་མི་འདུག། ངས་ཡང་ང་དྲང་མོ་ཞིག་ཡིན་བསམ་པའི་སྐད་ཆ་ཡིན།
དྲ་གྲོགས་བློ་ཐག་ཉེ་བོ་ཅོ་རི་ལགས་ཁྱེད་ཀྱི་རྩོམ་དེ་ཚོ་ཆ་ཚང་ཞིག་བཀླགས་ཡིན་ངོ་མ་བློར་བབས་པོ་བྱུང་བཀའ་དྲིན་ཆེ། ང་ཚོ་བོད་མི་རིགས་འདི་ཡི་ནང་དུ་མི་དྲང་པོ་ཁྱེད་འདྲ་བ་ཞིག་ཡོད་པར་སེམས་པ་དགའ་ནས་བསྡད་ཡོད། ང་ཚོའི་གཞུང་དང་བསྒྲིག་འཛུགས་ལས་ཀྱི་སྣེ་མོ་མགོ་ཁྲིད་དུ་ཁྱེད་འདྲ་བ་ཞིག་འབྱུང་བའི་སྨོན་ལམ་ཞུ་གི་ཡོད།
དྲ་གྲོགས་བློ་ཐག་ཉེ་བོ་ཅོ་རི་ལགས་ཁྱེད་ཀྱི་རྩོམ་དེ་ཚོ་ཆ་ཚང་ཞིག་བཀླགས་ཡིན་ངོ་མ་བློར་བབས་པོ་བྱུང་བཀའ་དྲིན་ཆེ། ང་ཚོ་བོད་མི་རིགས་འདི་ཡི་ནང་དུ་མི་དྲང་པོ་ཁྱེད་འདྲ་བ་ཞིག་ཡོད་པར་སེམས་པ་དགའ་ནས་བསྡད་ཡོད། ང་ཚོའི་གཞུང་དང་བསྒྲིག་འཛུགས་ལས་ཀྱི་སྣེ་མོ་མགོ་ཁྲིད་དུ་ཁྱེད་འདྲ་བ་ཞིག་འབྱུང་བའི་སྨོན་ལམ་ཞུ་གི་ཡོད། འོན་ཀྱང་མི་འགའ་ཞིག་ད་དུང་ཡིན་ནའང་ཐ་ན་ཟེར་ནས་གཞན་ལ་དམའ་འབེབས་རང་བྱས་དེ་སྡོད་ཀྱིན་འདུག་པས་དེ་ཚོར་བསམ་དུས་ཡིད་ཐང་ཆད་ཡོང་གི་འདུག
ཧཧཧ་་་གནམ་་་་ཁྱོད་ཚོའི་ང་རྒྱལ་དེ་ཨ། རྒྱ་དམར་པོ་མཐོང་དུས་སྡར་མ་ཝ་མོའི་རྔ་ཅན་དང་བོད་མི་རིགས་མཐོང་དུས་དམར་ཡག་སྟག་གི་མཆེ་བ་ཅན་ཁྱོད་ཚོ་ཨ། ཕོ་རྒོད་པོ་རེད་བ། ཤུགས་ལྡན་ཚོགས་པའི་བོད་མི་རྣམས་གསོད་མཁན་རྒྱུགས། མི་ངན་གླུད་རྫས་འདྲ་བ་ཁྱོད་ཚོ་བོད་མི་ཉམ་ཆུང་ཚོས་ཐོག་ཏུ་དཔའ་བོ་ཡོད་པ།
སྔ་ནས་ད་ལྟའི་བར་དུ་ནང་གསོད་གཏོང་རེའི་མ་གཏོགས་ག་རེ་འཇོན་ཡོད། སྐབས་རེ་བླ་མ་ཆེད་དུ་ནང་གསོད་རེའི་བྱས། སྐབས་རེར་ལྷ་འདྲེའི་ཆེད་དུ་ནང་གསོད་གཏོང་རེའི་བྱས། སྐབས་རེར་གྲུབ་མཐའི་ཆེད་དུ་ནང་གསོད་རེའི་བྱས། སྐབས་རེར་ཆོས་རྒྱུད་ཀྱི་ཆེད་དུ་ནང་གསོད་རེའི་བྱས། ངར་མ་ཡོད་པ་་་གླུད་རྫས་ཚོ། ཕུང་རྒན་ཚོ། བོད་མི་དམངས་ཕོངས་ལ་སྦྱར་མཁན་དུད་འགྲོ་ཚོ། ཁག་མེད་་་བོད་མི་རིགས་ཁུལ་དུ་མཐུན་ལམ་བྱེད་དགོས་ཟེར་དུས་ཁྱོད་ཚོ་ངར་དང་ངར། ཁྱོད་ཚོའི་ཕ་བསད། ཕ་ས་ཕྲོགས་མཁན་རེད་བ། འགྲོ་བ་མིའི་རིགས་ཀྱི་གད་རྙིགས་ཁྱོད་ཚོ།
གད་སྙིགས་ཚོས་ཉོན། ཁྱི་ཞིག་ཡིན་ན་ཁྱིའི་མཉམ་དུ་མཐུན་སྒྲིལ་བྱེད་ཀྱིན་རེད། ཁྱི་ཞིག་དང་ཕག་ཞིག་འཛིངས་གི་ཡོད་ན་ཁྱི་གཞན་དེ་ཚོས་མཉམ་རུབ་ཀྱིས་ཐོག་ནས་ཕག་པ་ལ་འཛིངས་གི་རེད། ཁྱི་ལས་སྐྱོ་བའི་བོད་མི་དེ་ཚོས་མཉམ་རུབ་ཀྱིས་ཐོག་ནས་དགྲ་བོ་ཁ་གཏད་བཅག་གི་མ་རེད། དགྲ་བོ་དཔུང་རོགས་བཀུག་ནས་བོད་མི་ཉམ་ཆུང་ཚོ་གསོད་ཀིན་རེད། བྱས་སྟངས་འདི་དག་དུད་འགྲོ་ཁྱི་ཡི་སྤྱོད་པ་ལས་ཐབས་སྐྱོ་བ་རེད། ད་དུང་མྱི་ཡིན་མདོག་མདོག་འདྲ་ཞིག་སྟོན་ནས་་་་་ཧཧཧ དུད་འགྲོ་ཚོ།
བློ་མཐུན་ཅོ་རི་ལགས། རླུང་ལངས་དགོས་དོན་ཡོད་པ་མ་རེད། གནམ་ཟེར་བ་འདི་མིང་རྫུན་འགའ་ཤས་འོག་མྦས་ནས་ད་རེས་ཀྱི་བགྲོ་གླེང་འདིར་གནོད་པ་བཟོ་བཞིན་པས། བསམ་ངན་ཅན་གྱི་འདོད་ཐོག་ཏུ་འགྲོ་མི་རུང་ལ། གཟུགས་མེད་དག་ནི་གསོན་འདྲེ་ངོ་མ་དེ་ཡིན་པ་རེད། གཟབ་གཟབ་གནང་རོགས།
བློ་མཐུན་ཀརྨ་བློ་གསལ་ལགས། ལམ་སྟོན་གནང་བར་བཀའ་དྲིན་ཆེ། ཁྱོད་ཀྱིས་གསུངས་པ་ལྟར་བྱས་ཆོག
ཁྱེད་བློ་མཐུན་ཚོས་ཁ་བླ་ཤོག་ཨ། ང་ཁྱེད་ཚོའི་མྱིག་ལམ་གྱི་ཚར་མ་ཡིན་ན། ང་འགྲོ་ཆོག། ངས་ངའི་སྨྲ་བརྗོད་རང་དབང་དེ་ཁྱེད་ཚོས་སད་སོང་བར་ཆ་བཞག། ངས་ཡང་ཁྱེད་ཚོའི་གཡེན་དཀྲུག་གི་ཚིག་ཉོག་རིགས་མི་ཀློག་རྒྱུ་བྱ།
ཅོ་རིས་རང་མདོག་བསྟན་སོང་། སྐད་ཆ་སྦོམ་པོ་བཤད་པ་ཙམ་རེད་མ་གཏོགས། ལག་ལེན་གྱི་ཐོག་ནས་ཐ་ན་རང་གི་ཁ་གཏད་གནམ་ལགས་དང་ཡང་ཆིག་སྒྲིལ་བྱེད་ཐུབ་མ་སོང། ཁ་ནས་ཚིག་རྒྱགས་པ་བཤད་དུས་རྩོམ་འདིའི་མཇུག་ཏུ།
“ཕོ་རབ་དམ་པའི་ཁོག་ན་མདའ་དང་གྲི་ཡང་ཤོང་། །
མི་ངན་ཕོ་མཐའི་ཁོག་ན་ཚིག་ངན་ཤོང་ས་མེད། །”ཅེས་བྲིས་སོང་།
ཡིན་ནའང་ལག་ལེན་གྱི་ཐོག་ནས་
“གད་སྙིགས་ཚོས་ཉོན། ཧཧཧ དུད་འགྲོ་ཚོ།”ཞེས་གོང་དུ་བཤད་སོང་། ཚིག་ངན་འདི་དག་གི་ཐོག་ནས་ཅོ་རི་ཁྱོད་མི་ངན་ཕོ་མཐའ་ཞིག་ཆགས་སོང་བ་ར་སྤྲོད་བྱས་པ་མ་རེད་དམ།
ཁ་གསོན་པོ།
ལག་ཤི་བོ།
བློ་མཐུན་ཞེས་པིའི་ཚིག་དེ་བཞིན་བོད་སྤྱོད་མང་ཤོས་སུ་གཏོང་མཁན་ནི་རྒྱ་གུང་ཁྲན་རིགས་དེ་ཚོ་རེད་ ཡིན་ན་ཡང་ཁ་ནས་འབོད་པ་དང་ལག་ལེན་གཉིས་ནི་འབད་དེ་ཁོ་རང་ཁག་ཁག་རེད་ དེ་ནི་ཁོ་ཚོའི་ལྟ་བ་དང་མཐུན་གྱི་ཡོད་བཟོ་འདུག་ གང་ཡིན་ཟེར་ན་དུས་རྒྱུན་དུ་ཁོ་ཚོ་གུང་ཁྲན་རིང་ལུགས་པ་ཡིན་ཟེར་བཞིན་དུ་བྱ་སྤྱོད་ཚང་མ་དེ་དང་རྩ་བ་གཉིས་ནས་མཐུན་གྱི་མེད་ དེ་ལ་རྒྱུ་མཚན་གཅིག་རང་ལས་མེད་ དེ་ནི་དམར་པོའི་རིང་ལུགས་ལ་སྦྱངས་པ་ཞན་པའི་རེད་ དེ་ནང་བཞིན་པའི་བོད་མི་རང་བཙན་གཙང་མའི་ལྟ་བ་འཛིན་མཁན་ཉུང་ཤས་ཞིག་གིས་རྒྱུན་དུ་ནས་༸གོང་ས་མཆོག་དང་བོད་མིའི་འགྲིགས་འཛུགས་ལ་ཟུར་ཟའི་གཏམ་ཤད་དང་རྩོམ་ཡིག་སོགས་འབྲི་བཞིན་ཡོད་ མ་ཟད་རྩོམ་ཡིག་ཁ་ཤས་ནི་རྒྱ་གུང་ཁྲན་གྱིས་ལག་ཆ་ཡང་བྱེད་འཐུབ་པ་བྱུང་ཡོད་ དེ་འདྲ་སོང་ཙང་ལྟ་བ་གང་ཞིག་འཛིན་རུང་མཆོག་གི་ཡིན་ཀྱང་ལྟ་བ་འཛིན་སིའི་ཡུལ་དེ་གཞི་ལ་ཞག་ནས་ཕེབས་ན་ཡག་པོ་འདུག་བསམ་གི་ཡོད་ དེ་འདྲ་སེ་ཕེབས་དུས་ཞི་ནས་ཁྱེད་རང་གིས་ལྷག་བསམ་དེ་ཡང་གསལ་པོར་མངོན་ཐུབ་
ད་རེས་གཞོབ་དྲི་ཏོག་ཙམ་སླེབས་འདུག འོན་ཀྱང་། གཏམ་དཔེར། ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་འཁྲིས་པའི་སྨན་ལ་ཞིམ་པོ་མེད་ཅེས་པ་རང་རེད། ཞེ་དྲག་བློ་ཕམ་མདོག་ཁ་བོ་སྟོན་དགོས་ཀྱི་མ་རེད་བསམ། བསམ་ཚུལ་མི་མཐུན་པ་དག་གིས་ཀྱང་བོད་ཀྱི་འཆི་གསོན་ལ་དམིགས་པའི་བསམ་ཚུལ་ཁུར་ཤོག དེ་ནས་བགྲོ་གླེང་བྱེད་ཆོག་གི་རེད། དེ་མ་གཏོགས་བཀའ་བཀྱོན་ཁོ་ན་ལས་མེད་ན། དེའང་གནད་དོན་ཞིག་རེད་མ་གཏོགས་དཔྱོད་ཤེས་པ་ཞིག་གི་ལས་ཀ་མ་རེད། རེ་བར་དགག་ལན་ཁུར་ཤོག གོ་སླ་བོར་བཤད་ན་གཤམ་གསལ།
དམ་བཅའ་འདུག་པ་ནི་བོད་དོན་མི་རེར་འཁྲི་བའི་སྟ་གོན་ཡིན།
དགག་བཞག་ཤགས་འགྱེད་ནི་རྣམ་དཔྱོད་སྣ་མང་འདུ་བའི་ཁྲོམ་ར་ཡིན།
ཕྱོགས་འདུས་རིགས་ལམ་འདྲ་མིན་ཡོད་ན་ཀུན་ལ་རེག་པའི་ལམ་སྟོན་ཡིན།
ལམ་སྟོན་ལག་ལེན་བསྟར་མིན་གངས་ཅན་པ་ཡི་ཤི་གསོན་གཉིས་ཀྱི་ཐག་གཅོད་ཡིན།
ཅོ་རི་ཉི་མའི་རྣམ་དཔྱོད་ཀྱིས་བརྩམས་པའི།
བོད་ཀྱི་སྲིད་ལུགས་སྐྱོང་སྟངས་འོ་མའི་མཚོ།
སྲིད་ལུགས་ཤེས་པ་མང་པོའི་སྲུབ་མོ་ཡིས།
བསྲུབས་ལས་སྲིད་གཞུང་སྐྱོང་ལ་མར་གསར་འཐོན།
བོད་མི་རིགས་ཀྱི་མདུན་ལམ་འཚོལ་སྐབས། གཞན་གྱི་ཚིག་ཚོན་དང་ཁ་གཤགས། མཐོང་ཆུང་དང་ཕྱ་སྨོད་སོགས་ཡོང་རྒྱུ་ནི་ངེས་གཏན་རེད། འདི་དག་བསུན་སྣང་ལྟ་ཅི། ང་རང་ཚོ་འཚོལ་ཞིབ་པ་རྣམས་ཀྱི་སྐྱོ་རོགས་དང་སེམས་ཤུགས་སྤེལ་མཁན་ཡིན་པར་ངོས་འཛིན་གྱིས་མུ་མཐུད་ང་ཚོའི་དམ་བཅའ་དང་པོ་སྟེ།་རང་གི་མི་རིགས་ལ་མདུན་ལམ་འཚོལ་བའི་དམིགས་ཡུལ་དེ་བརླག་རྒྱུ་མེད།
ང་རང་ཚོ་མི་ལུས་ཐོབ། ཡི་གེ་དང་བསམ་བློ་བཏང་ཤེས། ཕྱི་ནང་གི་གནས་ཚུལ་མང་པོ་མཐོང་ཐོས་བྱུང་བའི་ནོར་རྫས་འདི་ཆོས་ལུགས་ཆུང་ཆུང་ཞིག་དང་། ཕ་ཡུལ་སྡེ་པ་ཆུང་ཆུང་ཞིག དེ་བཞིན་སྤུན་ཉེ་བཅུ་འཁོར་ཙམ་གྱི་ཆེད་དུ་མིན་པར། ས་ཡ་དྲུག་གི་གྲངས་འབོར་ལྡན་པའི་བོད་མི་མང་པོ་ཞིག་གི་མདུན་ལམ་ལ་བསམ་བློ་གཏོང་གི་ཡོད་པས། དེ་ལས་ལྷག་པའི་དོན་ལྡན་ཞིག་མཐོང་རྒྱུ་མིན་འདུག
ང་ཚོ་ཡི་གེ་ཤེས་པ་མང་པོ་འདིར་ཕེབས་ཀྱི་ཡོད་པའི་ནང་ནས། མང་པོ་ཞིག་རང་གི་ཆོས་རྒྱུད་དང་ཆོལ་ཁའི་གཏིང་ནད་ཅིག་འདི་ལ་ཤོད་ཨེ་ཐུབ་ལྟ་བཞིན་ཡོད་པ་ལ། ང་ཚོ་འགའ་ཤས་ནི་བོད་མི་རིགས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགན་ལེན་གྱི་ཡིན། དེ་དག་གི་བདེ་བ་སྒྲུབ་ཀྱི་ཡིན་ཞེས་ཁས་ལེན་བྱས་ནས་ཡི་གེ་བྲིས་པ་གཉིས་ལ་དོན་དང་བསམ་བློ་སྟེང་ལ་ཁྱད་པར་ཆེན་པོ་ཡོད་པ་འདི་བརྗེད་མི་རུང་།
ཅོ་རིའི་ལྷག་བསམ་དང་སེམས་ཤུགས་ལ་ཧ་ལས་ཡོད། ཡི་རངས་ཞུ་བཞིན་ཡོད། ཁོང་ལྟ་བུའི་བོད་པ་རྐྱང་པ་ཡོད་ན་ཅི་མ་རུང་། རྡ་སའི་གཞུང་གི་དཀོར་ཟན་དེ་ཚོ་ལ་རྣམ་དཔྱོད་འདི་འདྲ་མེད་པ་གང་གིས་ལན་ནམ། ཡང་བོད་པའི་ལས་དབང་ཞེས་པ་དེ་ཡིན་ནམ།
ཁོང་གི་དོན་ཚན་གསུམ་ལ་དངོས་གནས་ཧངས་སངས་པ་རྩལ་བཏོན་གྱིས་གནང་འདུག ཁོང་གི་གཏམ་བཤད་རྩོམ་ཡིག་འདི་གངས་ཅན་སྐྱག་གཞུང་གི་དཀོན་ཟན་དེ་ཚོས་མཐོང་ན་ཅི་མ་རུང་། སྤྲེལ་ལད་ལ་མཁས་ཤིང་རང་བཙན་ལྟ་བ་ཅན་ལ་འདྲེ་རུ་ལྟ་བའི་བོད་པ་དེ་ཚོས་མཐོང་ན་ཅི་མ་རུང་། ཆོས་ལུགས་རིས་མེད་དང་ཆིག་སྒྲིལ་ཁ་ནས་མ་ནི་འདོན་འདོན་བྱེད་བཞིན་རི་བོ་དགེ་ལྡན་མ་ཡིན་པའི་ཆོས་ལུགས་པ་འདྲེ་རུ་ལྟ་བའི་བོད་པ་དེ་ཚོས་མཐོང་ན་ཅི་མ་རུང་། ཤ་དང་རུས་རྒྱུད་གཅིག་པ་ཡིན་ཟེར་བཞིན་ཤ་རུས་ཁག་ཅིག་ལོགས་སུ་བསྐྲ་བཞིན་པའི་བོད་པ་དེ་ཚོས་མཐོང་ན་ཅི་མ་རུང་་་་་་་་་་་་་་་་་་་་་་་་
ཅོ་རི་རྒྱལ་གྱུར་ཅིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དཔྱོད་ལྡན་ལྷ་སྡེ་གནམ་ལོ་ཡག་དང་བསམ་ཤེས། མིག་དམར་ལགས་བཅས་ཀྱིས་བསླབ་བྱ་གནང་བར་བཀའ་དྲིན་ཆེ། ལྷག་པ་ཏུ་བཀུར་འོས་རྒན་ལ་དྭགས་པ་ཕེབས་ནས་རྒྱབ་སྐྱོར་གྱི་སྙན་ཚིག་ཞིག་བྲིས་པ་ནི་དགའ་སྤྲོ་ཧང་ཅང་ཆེན་པོ་བྱུང་་། ཐུགས་རྗེ་ཆེ། སྐུ་ཚེ་རིང་བར་ཤོག
ཨོ་ཡ་་་དེ་རིང་བློ་མཐུན་ཞེས་པའི་སྐོར་གྱི་ལོ་རྒྱུས་ཤིག་བཤད་ཀྱི་ཡིན། ངས་ནི་དྲ་ཐོག་ཏུ་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་རྩོམ་ཡིག་དང་མཆན་བུ་བྲིས་ནས་ལོ་མང་པོ་ཡིན། དུས་ཡུན་དེ་དག་གི་ནང་དུ་རང་དང་བློ་ཁ་མཐུན་པའི་མཆན་པ་བ་དང་རྩོམ་བྲིས་པ་སེམས་པ་དགའ་ས་དེ་འདྲ་དང་ཐུག
དེ་དག་གི་ནང་ནས་ཐོག་མ་བློ་མཐུན་ཞེས་འབོད་མཁན་གཞོལ་ཡག་འབྲོང་རྒྱུད་ལགས་ཡིན། ཁོང་གི་མཆན་བུ་བཏབ་པ་རྣམས་ང་ཅོ་རི་དང་བརྒྱ་ཆ་དགུ་བཅུ་གཅིག་མཐུན་ཡོང་གི་ཡོད། དེར་བརྟེན་ངས་ཁོང་ལ་བསམ་ཚུལ་མཐུན་སྟངས་ཞུས་པ་ཡིན། དེའི་རྗེས་ནས་ཁོང་གིས་ང་ལ་བློ་མཐུན་ཅོ་རི་ལགས་ཅེས་འབོད་ཀྱི་རེད།
ཁོང་དང་ཁོང་འདྲ་བའི་ཡུན་རིང་གི་བློ་མཐུན་དྲ་གྲོགས་བན་དེ་བ་ལགས་རེད། ང་ཚོས་གཅིག་གིས་གཅིག་མཐོང་མྱོང་དང་ཐུག་མྱོང་མེད་པ་མ་ཟད་འཛམ་གླིང་རྒྱ་ཆེན་པོ་འདིའི་ནང་དུ་ས་ཕྱོགས་ག་པ་བསྡད་མཁན་ཡིན་ཡང་ཤེས་ཀྱི་མེད། གྲྭ་པ་ཡིན་དང་མི་སྐྱ་ཡིན། ཕྱུག་པོ་ཡིན་དང་སྤྲང་པོ་ཡིན། གནས་སྟངས་ཅི་འདྲ་ཡོད་ཙམ་ཡང་ཤེས་ཀྱི་མེད། ང་ཚོས་ཤེས་པ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཕུགས་བསམ་ཅི་ཡོད། ཐབས་ཇུས་ཅི་ཡོད། ལྷག་བསམ་ཅི་ཡོད་སོགས་གཅིག་གིས་གཅིག་ཕྱོགས་ཤེས་པའི་བློ་མཐུན་རྣམས་གཤམ་གསལ།
༡་་་་བློ་མཐུན་རྒན་པ་གཞོལ་གཡག་འབྲོང་རྒྱུད་ལགས།
༢་་་བློ་མཐུན་དམ་པ་བན་དེ་བ་ལགས།
༣་་་བློ་མཐུན་མཁས་པ་ཨ་ནུ་བསོད་ནམས་ཐང་ལགས།
༤་་་བློ་མཐུན་དཔྱོད་ལྡན་ལྷ་སྡེ་གནམ་ལོ་ཡག་ལགས།
༥་་་བློ་མཐུན་གསར་པ་ཀརྨ་བློ་གསར་ལགས།
༦་་་བློ་མཐུན་ཅོ་རི་ཉི་མ།
ང་ཚོ་བློ་མཐུན་དྲུག་པོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཕུགས་བསམ་དང་ཁེ་ཕན། འཐབ་རྩོད་དང་ཐབས་ཇུས། གསར་གཏོད་དང་བསྒྲུབ་བྱ་བཅས་ཀྱི་ཐོག་ཏུ་བརྒྱ་ཆ་དགུ་བཅུ་བསམ་ཚུལ་གཅིག་མཐུན་ཡོང་གི་ཡོད། འདི་ནི་ང་ཚོའི་སྟོབས་ཤུགས་ཡིན་ལ་ནུས་པ་ཡིན། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་བློ་མཐུན་འདི་དག་ནུས་པ་ངེས་ཅན་ཞིག་ཡོད་པ་ངོས་ལེན་བྱས་ནའང་འགྲིག
བློ་མཐུན་འདི་དག་མ་གྲོས་བསམ་པ་གཅིག་མཐུན་བྱུང་བའི་བློ་མཐུན་ཡིན། བློ་མཐུན་འདི་དག་ཕྱོགས་ཞེན་གྱིས་ཐོག་ནས་བློ་ཁ་མཐུན་སོང་བ་མིན་པར་རུས་མེད་ཀྱི་ཐོག་ནས་བློ་ཁ་མཐུན་སོང་བ་དེ་འདྲ་ཡིན། བློ་མཐུན་པ་རྣམས་པ་ལགས། ང་ཅོ་རིས་འདི་ནས་རེ་བ་ཆུང་ཆུང་ཞིག་ཞུ་རྒྱུ་ཡིན། བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དང་བོད་རྒྱལ་ཁབ་ཀྱི་ཐོབ་ཐང་བདག་དབང་རྩོད་དུས་བློ་མཐུན་རྣམས་པས་རྡོག་རྩ་གཅིག་སྒྲིལ་དང་གཅིག་རྒྱབ་གཅིག་ལངས་བྱས་ནས་ཤི་གསོན་ག་པ་ཐུག་ན་འཐབ་རྩོད་བྱེད་ཀྱི་དམ་བཅའ་འཇོག་འདོད་ཡོད།
ང་ཅོ་རི་མི་རྐྱང་རྟ་རྐྱང་ཡིན། ཤི་ན་ཅོ་རི་རོ་ཆུང་ཡིན། འཛམ་གླིང་འདིའི་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་ཐོབ་ཐང་བདག་དབང་འཐབ་རྩོད་བྱེད་དུས་ཁྱོད་རྣམས་པ་ལས་ལྷག་གཅིག་ང་ཅོ་རི་ལ་སུ་ཡང་མེད། ཁྱོད་རྣམས་པ་ལས་བློ་ཁ་མཐུན་སའི་མྱི་ཞིག་སུ་ཡང་མེད། ངས་རེ་བ་བྱས་ན་བོད་བཙན་པོའི་མི་རིགས་ཀྱི་དཔའ་བོའི་ལ་རྒྱ་སླར་གསོ་དང་། བློ་མཐུན་མང་པོ་ཕྱོགས་གཅིག་ཏུ་བསྡུ་ནས་བོད་རྒྱལ་ཁབ་སླར་གསོ་བྱེད་འདོད་ཡོད། བློ་མཐུན་རྣམས་པས་ལེན་རེ་སྤྲོད་རོགས་བྱོས། བཀྲ་ཤིས་བདེ་ལེགས།
གསལ་བཤད། གོང་དུ་བྲིས་པའི་རྩོམ་ཡིག་འདི་ནི་ང་ཅོ་རི་རྣམ་དཔྱོད་ཆེ་དྲགས་པ་དང་མཁས་དྲགས་ནས་བྲིས་པ་ཞིག་མ་རེད། བོད་མི་རིགས་ལ་ལྷག་བསམ་དུང་ལྟར་དཀར་བའི་དམ་པ་དགེ་ཆོས་དང་། མདའ་སྨྱུག ཞོགས་དུང་། བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་དང་བློ་མཐུན་རྣམས་པའི་བསམ་ཚུལ་ཕྱོགས་སྡོམ་བྱས་ནས་བྲིས་པ་ཞིག་ཡིན། མ་གཏོགས་ང་ཅོ་རིས་གསར་གཏོད་དང་གསར་བྲིས་ཤིག་མིན།
རྩོམ་ཡིག་འདི་ལ་རྒྱབ་སྐྱོར་གནང་མཁན་ཚོས་གོང་གི་བོད་ཀྱི་མཁས་དབང་དེ་དག་ལ་རྒྱབ་སྐྱོར་གནང་བར་ཡིན། རྩོམ་ཡིག་འདིའི་རྒྱལ་ཁ་འཐོབ་མིན་ནི་གོང་གི་མཁས་དབང་དེ་དག་གིས་ཕུགས་བསམ་འགྲུབ་མིན་ཡིན། རྒྱབ་སྐྱོར་གནང་མཁན་རྣམས་པ་ཐུགས་རྗེ་ཆེ།
བློ་མཐུན་ཅོ་རི་ལགས། སྐལ་མེད་སར་སྐེ་བསྲིངས་ཡོང་མཁན་རིགས་ལ་ཁ་ཡ་བྱེད་དགོས་མ་རེད་ལ། ཁོ་ཚོས་ནམ་རྒྱུན་ནས་བོད་དང་བོད་མི་རིགས་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་སྐོར་གཅིག་བཤད་ཀྱིན་འདུག་ན། སྙིང་རླུང་སྟོད་ལ་འཚང་འགྲོ་ལ་མ་འདོད་ས་མི་བདེ་མ་སྐྱིད་ཆགས་སྟངས་འདི་སུ་ཞིག་ལ་བློ་མཐུན་པ་དང་སུ་ཞིག་ལ་བློ་མི་མཐུན་པ་གསལ་པོ་དག་པོ་ཆགས་ཟིན་པ་རེད། གཞི་རྩའི་བློ་མཐུན་ཞེས་པའི་ཐ་སྙད་འདི་གཞིས་ལུས་མཁས་དབང་ཚོས་གསར་གཏོད་དང་བེད་སྤྱོད་བཏང་དང་གཏོང་གྱིན་པ་རེད། རྒྱ་གུང་ཁྲན་གྱིས་ཐཱུང་ཊི་ཟེར་བ་ལས་བློ་མཐུན་ཟེར་གྱི་མ་རེད། དེས་ན་བསམ་བློའི་འདུ་ཤེས་དང་ལྟ་བ་མཐུན་པ་ཞིག་ལ་བློ་མཐུན་མི་ཟེར་ན་བོད་སྐད་ཀྱི་་ཐ་སྙད་སྐད་དོད་གཞན་ཅི་ཞིག་ཡོད་པ་རེད། ཁ་བ་རི་པས་ཐ་སྙད་གསར་པ་ཞིག་གསར་གཏོད་བྱེད་འདོད་དང་བྱེད་ནུས་ཞིག་ཨེ་ཡོད་དམ། དེ་དང་ཆབས་ཅིག་བློ་མཐུན་བོས་པ་ཙམ་གྱིས་གུང་ཁྲན་གྱི་རིགས་སུ་འགྲོ་བ་དང་ལྟ་བ་མཐུན་གྱི་ཡོད་ན། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ལ་མགོ་འབུལ་ལུས་འབུལལ་གྱིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ནས་རྒྱ་བོད་མི་རིགས་གཉིས་མཉམ་གནས་བྱེད་ཀྱི་ཡིན་ཟེར་མཁན་དེ་ཚོ་ཀྲུང་གོའི་བློ་མཐུན་མིན་པའི་རྒྱུ་མཚན་ཡང་དག་ཞིག་འགྲེལ་བཤད་ལ་སྒུག་རྒྱུ་ཡིན། གལ་ཏེ་རྒྱུ་མཚན་ཡང་དག་འགྲེལ་བཤད་མེད་ན་དགོས་མེད་ཀྱི་ཉོག་གཏམ་མི་སྨྲ་རྒྱུའི་རེ་བས་བལྟས་ཡོད།
དེ་དེ་བཞིན་རང་བཙན་ལྟ་གྲུབ་སྨྲ་བ་འགས་དུས་རྒྱུན་༧རྒྱལ་བ་རིན་པོ་ཆེ་དང་སྒྲིག་འཛུགས་གཞུང་ལ་ཟུར་ཟའི་རྩོམ་ཡིག་བྲིས་རབས་དང་རྩོམ་ཡིག་འགའ་གུང་ཁྲན་གྱིས་ལག་ཆར་བེད་སྤྱོད་བྱས་རབས་བཤད་འདུག། འདི་དད་གཙོ་སྨྲ་བ་ཚོས་བལྟ་སྟངས་བཤད་སྟངས་ཀླད་པའི་ཤོངས་རྒྱ་ཙམ་ལས་དངོས་ཐོག་བདེན་འཚོལ་གྱི་གཏམ་ཞིག་མ་རེད། སྤྱིར་ཟུར་ཟ་ཟེར་བའི་ཚིག་འདི་ཁྲིམས་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་མི་ཐུབ་པའི་ཚིག་གཅིག་རེད། དེས་ན་རང་བཙན་ལྟ་གྲུབ་སྨྲ་བ་འགའི་ཟུར་ཟའི་རྩོམ་ཡིག་གུང་ཁྲན་གྱི་བེད་སྤྱོད་བཏང་ཡོད་ན་ཁུངས་སྐྱེལ་ར་སྤྲོད་ཀྱིས་འདིར་གནས་ལུགས་རྒྱུ་མཚན་ཡང་དག་དང་བཅས་འདྲེན་བཀོད་བྱེད་རོགས། དེ་དུས་དེ་དང་མཐུན་པའི་བགྲོ་གླེང་བྱས་ཆོག་གི་རེད། གཞི་རྩའི་རང་བཙན་ལྟ་གྲུབ་སྨྲ་བ་ཚོའི་རྩོམ་ཡིག་མགོ་མཇུག་མེད་པར་ཞིབ་མོར་བཀླགས་ཡོད་ན་དེ་ཚོའི་ནང་བོད་ཀྱི་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་མི་འདུག་ལ། ལྷག་པར་དུ་དམངས་གཙོ་དང་སྨྲ་བརྗོད་རང་དབང་། འདྲ་མཉམ་མི་དམངས་ལ་མར་གསོལ་བསྩལ་གནང་ཟིན་པའི་རྒྱ་ལས་བརྒལ་ཚོད་མི་འདུག།
དེ་ལྟ་བས་ན་བོོད་དང་བོད་མི་རིགས་འདི་འགྱེལ་ས་ནས་ལངས་ཐབས་ཀྱི་འདུ་ཤེས་ཡོད་ན། བློ་མཐུན་ཅོ་རི་ལགས་ཀྱིས་ཐབས་ཇུས་རང་བཞིན་ཐབས་ལམ་འདོན་ཐབས་བགྲོ་གླེང་འདིའི་ཆ་ཤས་བླངས་ནས། བོད་མི་རྩམ་ཟན་པའི་འགན་འཁྲི་རང་བཞིན་ཕྲག་ཏུ་ལེན་དགོས་པའི་བསམ་བློའི་འདུ་ཤེས་དང་བཅས། རང་ཉིད་ཀྱི་བསམ་ཚུལ་འཁོན་འཁོན་ཐོགས་ཐོགས་མེད་པར་མཉམ་སྤུངས་བྱེད་དགོས་པ་དེ་རྩོམ་པ་པོའི་དགོངས་དོན་དང་བརྗོད་བྱ་འདི་ལགས་ན་ཚངས་མས་ཆ་ཤས་ལེན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
http://www.youtube.com/watch?v=cwGsorZb4IY
རྒྱ་གར་གྲོས་ཚོགས་གོང་མའི་བརྙན་འཕྲིན་ནང་བསྟན་པའི་བཙན་བྱོལ་བོད་མིའི་སྐོར་གྱི་བརྙན་འཕྲིན་འདི་གཟིགས་རོགས།
ཧ་ཅང་རང་གི་འཛུགས་བཀྲུན་དང་བཟོ་གྲྭ་སོགས་མང་སོང་ན་སྐྱོན་འདི་འདྲ་ཡོང་བར་སེམས། ང་ཚོའི་མིག་དཔེ་ལྟ་ས་རྒྱ་ནག་ཚང་ལ་དཀའ་ངལ་འདི་འཕྲད་བཞིན་འདུག དཀའ་ངལ་འདི་ཆེན་པོ་ཞིག་ཡིན་ས་རེད། རང་འབྱུང་ཁམས་སྲུང་སྐྱོབས་མ་ཐུབ་ན་སྐྱེ་འགྲོའི་གཟུགས་ཁམས་ལ་བདེ་སྐྱིད་ཡོང་ཁག་པོ་ཡིན་པར་ངེས། །
http://www.bbc.com/news/world-asia-china-27076645
ཅོ་རི་ཉི་མ་འདི་མི་དྲང་པོ་ཞིག་མིན་པ་འདྲ། ཁོའི་རྩོམ་འདིའི་ནང་ལ་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ལ་འདོད་ཚུལ་མི་འདྲ་བ་མང་པོ་བྱུང་ཚུལ་དྲངས་འདུག ཁོ་དང་ངེད་ཚོ་བགྲོ་གླེང་བྱེད་དུས་ངས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་ཁ་ཤས་ཤིག་བཤད་ཡོད། ཡིན་ན་ཡང་། རྩོམ་པ་པོ་ཅོོ་རི་ཉི་མ་ཁོ་རང་གི་འདོད་ཚུལ་དང་མི་མཐུན་སྟབས་ངའི་འདོད་ཚུལ་དེ་རྩོམ་ཡིག་ནང་དུ་གཏན་ནས་དྲངས་མི་འདུག ངས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་དེ་ཆོས་མེད་པ་བཟོས་པ་དང་། ཆོས་དད་དང་འབྲེལ་བའི་སྤྱོད་བཟང་ཉམས་པར་གྱུར་པ། དཔལ་འབྱོར་ལ་འདོད་རྔམ་ཆེན་པོར་གྱུར་པ་སོགས་ཡིན་ཚུལ་བསྒྲུབས་ཡོད་མོད་ཁོས་དེ་མ་གོ་མདོག་མདོག་བྱས་ནས་བཞག་འདུག འོན་ཀྱང་། ཅོ་རི་ཉི་མའི་བསམ་ཚུལ་འདོན་པའི་ཐོབ་ཐང་ལ་ངས་ནམ་ཡིན་ཡང་རྒྱབ་སྐྱོར་ལ་ཉམས་རྒུད་མེདཉ ཡིན་ན་ཡང་། མི་ཁོ་རང་གི་གཏམ་ལ་ཆ་འཇོག་ག་ཚོད་བྱེད་མིན་དེ་ད་ནས་ཡ་རེ་ཡོར་རེ་ཆགས་ཡོང་གི་འདུག
ཐོག་མར་བློ་མཐུན་ཅོ་རི་ལགས་ལ་ཐུགས་རྗེ་ཞུ། དེ་ནས་མཉམ་ཞུགས་གནང་མཁན་ཡོངས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཆན་གོང་མ་ཞིག་གི་ནང་དུ་ཞུས་ཟིན་པ་ལྟར། ༼རང་ཐག་རང་གཅོད༽ནི་རྒྱལ་སྤྱི་རིམ་པའི་སྲིད་དོན་རྩེད་མོའི་འབབ་ས་ཞིག་ཡིན་པའི་ཁར། རྒྱ་དམར་གཞུང་གིས་ཀྱང་དེ་ལ་ཁྲིམས་ཐོག་ནས་ངོས་ལེན་གནང་ཡོད་པས། བོད་མིའི་ངོས་ནས་ཐོབ་ཐང་དེ་གློད་ཡ་ཡོད་པ་མ་རེད། ཡིན་ནའང་། འདི་ལ་འགོག་རྐྱེན་མེད་པའང་མ་རེད། འགོག་རྐྱེན་ཁག་བཞི་ནས་ཡོང་གི་རེད།
༡ རྒྱ་དམར་གཞུང་ནས་འགོག་རྐྱེན་ཡོང་གི་རེད་ལ། བོད་ནི་བདེ་སྐྱིད་འཚོ་བར་ལོངས་སུ་སྤྱོད་ཀྱིན་པས། རང་ཐག་རང་གཅོད་ལག་ལེན་ནང་འདེབས་དོན་མི་འདུག་གཙོར་འདོན་གནང་ངེས་པས། བོད་ནང་བདེ་སྐྱིད་འཚོ་བ་མེད་པ་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ། འདི་ནི་ཞིབ་འཇུག་གི་ལས་གཞི་རྒྱ་ཆེན་པོ་ཞིག་རེད་ལ། གྲ་སྒྲིག་ད་ལྟ་ནས་དགོས་པ་རེད།
༢ རྒྱ་ནག་མང་ཚོགས་ཀྱི་ངོས་ནས་འགོག་རྐྱེན་ཡོང་གི་རེད། འདིའི་ནང་དུ་དམངས་གཙོ་ལས་འགུལ་གྱི་མི་སྣའང་འདུ། གཙོ་བོ་རྒྱ་ནག་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་དང་བོད་ནང་གི་རྒྱ་མིའི་ཐོབ་ཐང་དར་ཆར་ཕྱར་ནས་དགག་པ་ཤུགས་ཆེན་བྱེད་ངེས་ལ། དེའི་རྒྱབ་ལོགས་སུ་རྒྱ་དམར་གཞུང་བསྐུང་ཡོད་པ་ཞིག་དང་མི་རིགས་རུང་ལུགས་བེད་སྤྱོད་ཀྱི་བསམ་བློ་བེད་སྤྱོད་ཀྱི་རིམ་པ་ཞིག་ཡིན། གནད་དོན་འདི་དཀའ་ལས་ཆེས་ཤོས་དེ་ཡིན་པས། ཐབས་ལམ་ཅི་ཞིག་དང་བཤད་སྟངས་གང་ཞིག་བཀོལ་ན་ད་གཟོད་འགོག་རྐྱེན་སེལ་ཐུབ་བམ། ཡིན་ནའང་། ༼རང་ཐག་རང་གཅོད༽མ་དོར་བའི་ལམ་ནས་འགོག་རྐྱེན་སེལ་ཐུབ་པ་གནང་དགོས་ཀྱི་ཡོད་པ་རེད།
༣ བོད་མིའི་ནང་ཁུལ་དུ་སླེབས་པའི་འགོག་རྐྱེན། དཔེར་ན། རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་འདུན། དམངས་གཙོ་དོར་ནས་རྒྱ་དམར་གཞུང་གི་དབང་བསྒྱུར་ངོས་ལེན་སོགས་ཡིན་པས། ཚང་མས་ངེས་པར་དུ་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རྒྱ་དམར་རྩ་ཁྲིམས་འོག་ཏུ་ཡོད་བཞིན་དུ་རྒྱ་དམར་གཞུང་གི་དབང་སྒྱུར་འོག་ཏུ་འཚོ་བཞིན་དུ་ཅིའི་ཕྱིར་ཕྱི་ལ་བྲོས་བྱོལ་གནང་བར་ཞིབ་འཇུག་མཐའ་ནན་དང་རྡ་རམ་ས་ལས་བོད་མི་དམངས་ལ་ངོ་སྤྲོད་གནང་ནས་བོད་མི་དེ་འདྲའི་མང་བོ་ཞིག་རྐྱེན་ལམ་དུ་སོང་བའི་འགན་སུ་ལ་ཡོད་མེད་གསལ་བོ་བཟོ་དགོས་པའི་དུས་ལ་སླེབས་འདུག གལ་སྲིད་རྒྱལ་བ་རིན་པོ་ཆེ་བཞུགས་མེད་དུས་འདི་དག་གླེང་བ་ཡིན་ན། ཆ་ཚང་ཁོང་གི་སྒང་ལ་གཡུགས་རྐྱང་བྱེད་ངེས་པས། དེའང་དྲང་བདེན་ཞིག་མ་རེད།
༤ རྒྱལ་སྤྱིའི་ངོས་ནས་འགོག་རྐྱེན། འདིའང་ཁག་གཉིས་རེད། གཅིག་ནས་རྒྱ་དམར་གཞུང་གིས་དངུལ་དངོས་ཀྱི་དབང་དུ་གྱུར་བ། གཉིས་ནས་དེ་ལྟ་བའང་དབུ་མའི་ལམ་ལ་ཁག་དཀྲི་བ། དཔེར་ན། ཕྱི་ལོ ༢༠༠༨ལོར་དབྱིན་གཞུང་གིས་རྒྱ་དམར་གཞུང་ལ་བོད་ཐོག་བདག་དབང་ཡོད་ཚུལ་གསར་དུ་ངོས་ལེན་བྱས་ཡོད། དེ་ནས་གླེང་ཕྱོགས་ཡོང་སྐབས་འགན་ཆ་ཚང་རྒྱལ་བ་རིན་པོ་ཆེ་ལ་ཡོད་ཚུལ་གྱིས་མཇུག་བསྡུས་ཡོད། ཞིབ་ཏུ་བསམ་བློ་ཐོངས་དང་། དབྱིན་གཞུང་གི་ངོས་ལེན་བྱས་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་དམར་གཞུང་གིས་རྒྱ་གར་གྱི་རྒྱལ་ཁོངས་བདེ་འཇགས་ལ་ཉེན་ཁ་བཟོ་འགོ་བརྩམས་ཡོད། ཐོག་མར་ཨ་རི་ན་ཅལ་གྱི་མི་སེར་ལ་ཐོངས་མཆན་སྤྲད་སྟངས་ནས་ལྭ་དགས་ལ་བཙན་འཛུལ་བྱེད་འཆར། ཐ་ན་འབྲུག་རྒྱལ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལའང་མི་བདེ་བ་བཟོས་ཡོད། གལ་སྲིད་མ་འོངས་པར་རྒྱ་དཀར་ནག་བར་མི་ཤི་རྟ་འགྱེལ་ཆེན་པོ་བྱུང་ན། གོ་སྐབས་གང་ལེན་དགོས་ཀྱི་འདུག་གམ། ཉེན་ཁ་གང་ལ་གཡོལ་(གཙོ་བོ་སྐབས་དེར་དབྱིན་གཞུང་སོགས་ཀྱིས་ཡང་བསྐྱར་འགན་ཆ་ཚང་རྒྱལ་བ་རིན་པོ་ཆེ་ལ་ཡོད་ཚུལ་གླེང་ངེས་ཡིན། དེ་ནས་རྒྱ་གར་མང་ཚོགས་ཀྱིས་བོད་པ་དགྲ་རུ་འཛིན་མི་སྲིད་པའང་མིན)དགོས་ཀྱི་འདུག་གམ། དེ་ནས་བོད་ལ་རང་ཐག་རང་གཅོད་མངོན་འགྱུར་ཡོང་ཐབས་སུ་ག་འདྲ་ཞིག་བསྒྱུར་དགོས་ཀྱི་འདུག་གམ།
ད་ཚང་མ་ལོས་ཆ་ཤས་བླངས་ནས་དབྱེ་ཞིབ་ཀྱིས་ཐབས་ལམ་ལ་ཕྱོགས་པའི་མཆན་འགོད་རོགས། དུས་ཚོད་ཀྱི་དབང་གིས་ཡིག་ནོར་ཡོད་སྲིད་པས། དེ་ལུགས་དགོངས་འཇགས་དང་ཡོ་བསྲིངས་གནང་རོགས་ཞུ།་
་་་་་་་ ངས་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་དེ་ཆོས་མེད་པ་བཟོས་པ་དང་། ཆོས་དད་དང་འབྲེལ་བའི་སྤྱོད་བཟང་ཉམས་པར་གྱུར་པ། དཔལ་འབྱོར་ལ་འདོད་རྔམ་ཆེན་པོར་གྱུར་པ་སོགས་ཡིན་ཚུལ་བསྒྲུབས་ཡོད་་་་་་་་
སྤོབས་མཐས།
ཅོ་རིས་ཆོས་ཀྱིས་བོད་ཕོངས་དང་བཤད། སྤོབས་མཐས་ཆོས་ཡང་དག་པ་མ་བྱས་པས། བོད་ཕོངས་སྟངས་བཤད་འདུག སུ་བདེན་སྔར་གྱི་དེ་ལྟ་བུའི་བྱུང་བ་ལ་བལྟས་ན་ཤེས། ངས་ནི་སྤོབས་ལ་རྒྱབ་སྐྱོར་བྱེད་ཐུབ་པ་ལས། ཅི་རི་ཉི་མ་ལགས་ལ། རྒྱབ་སྐྱོར་བྱ་དཀའ་ཙམ་འདུག ཧ་ཧ་ ཧོ་ཧོ།། །།
འདས་པ།
བོད་རྣམས་ཁེར་རྐྱང་བསྡད་པ་དང་། །
དིང་དུས་ཤེས་བྱས་ཕོངས་པ་དང་། །
དད་དང་ཞི་བདེས་དམག་དཔུང་ཆུང་། །
གྲུང་བྲན་ཏང་གི་བདུག་རྩུབ་སོགས། །
དུས་སུ་སྨིན་པའི་ལས་ཀྱིས་མནར། །
ད་ལྟ།
ད་དུང་ནང་འཁྲུགས་གཏམ་འཆལ་གྱིས། །
འགྱེལ་ནས་ལངས་འདོད་མེད་དམ་ཅི། །
སྦྱངས་ནས་མཁས་འདོད་མེད་དམ་ཅི། །
མཁས་ནས་ཕན་འདོད་མེད་དམ་ཅི། །
བོད་པས་བོད་དོན་གཡུག་འདོད་དམ། །
འབྱུང་འགྱུར།
བོད་ཀྱི་མི་འབོར་མི་སྤེལ་ལམ། །
བོད་སྐད་བོད་ཡིག་མི་སྦྱོངས་སམ། །
ཕྱི་སྐད་སྤྱི་སྐད་མི་སློབས་སམ། །
ཆོས་དང་རིག་གཞུང་དར་སྤེལ་གྱིས། །
བོད་ས་ཡོངས་རྫོགས་འཛུགས་བསྐྲུན་གྱིས། །
རྒྱ་ཡིས།
སྐད་ཡིག་ཆོས་ལ་བརྙས་གྱུརད་ཀྱང་། །
ཆུ་གློག་ལམ་ཁའི་འཛུགས་བསྐྲུན་འདུག །
བོད་པས།
སྐད་གཉིས་སོགས་ལ་སྦྱངས་བྱས་ནས། །
རང་གི་ནང་ཆོས་རང་གིས་སྤེལད། །
ཛམྦུ་གླིང་གིས།
སྔར་སྲོལ་སྲོལ་བཟང་སྲུངས་བའི་ཐོག །
ཀུན་གྱིས་འགྲོ་ས་ལྟ་སར་སྐྲུནད། །
སྐུ་མཁྱེན། ་གཉེར་ཕྱགས་འདི་གད་སྙིགས་སྤུངས་མཁན་ཞིག་རེད། ཐབས་ལམ་གསུང་ཡ། སྙན་ངག་འདྲ་འབྲི་ས་འདི་མ་རེད།
སྤྱང་ཀི་སྤྱང་ཀིར་སྡང་། ཀར་བློས་ཀརྡོར་སྡང་།
བོད་ལ་ནང་ཆོས་དར་བ་དང་བཙན་པོའི་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་གོང་དུ་འཕེལ་བ་དུས་མཉམ་རེད། ལྷ་སྲས་དར་མས་ཆོས་བསྣུབས་པ་དང་བོད་ལ་མུ་གེ་བྱུང་འདུག དེའི་རྗེས་སུ་རྒྱ་དམར་གུང་ཁྲན་གྱིས་བོད་དུ་ཆོས་བསྣུབས་པས་བོད་རྒྱལ་ཡོངས་ལ་མུག་ངན་སྔ་ན་མ་གྲག་པ་བྱུང་ཡོད། དེ་ཙམ་ལས་ལོ་རྒྱུས་ཀྱི་དཔང་རྟགས་གཞན་དགོས་པ་འདུག་གམ། རྒྱ་དམར་གུང་ཁྲན་གྱི་འབོད་ཚིག་རྗེས་རྗོད་བྱེད་འདུག་མཁན་གྱི་བོད་མི་འདི་ཚོའི་སེམས་ཁམས་གཙང་སེལ་བྱུང་ནས་སྔར་ཡོད་བོད་ཀྱི་དམ་པའི་ཆོས་ཀྱིས་རིག་གཞུང་བསྐྱར་གསོ་བྱུང་ཉིན་ནས་བོད་ལ་རང་དབང་དང་རང་བཙན་ཡོང་རྒྱུ་དུས་མཉམ་རེད། བོད་ལ་མཐུན་སྒྲིལ་དགོས་ན་ནང་ཆོས་དར་སྤེལ་གཏང་ཐུབ་དགོས། སྟོན་པ་གཅིག་གི་སློབ་མ་ཡིན་པ་ངོ་ཤེས་པའི་ཉིན་ནས་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱུང་ཚར་བ་རེད། བོད་ལ་རྒྱ་དམར་གུང་ཁྲན་གྱི་བཙན་འཛུལ་མ་བྱས་བར་དུ་སྤྱིའི་ཆ་ནས་དམ་ཚིག་རྡོད་རྩ་གཅིག་སྒྲིལ་རེད། དེ་ནས་བོད་གཞིས་བྱེས་གཉིས། ཞིང་ལྗོངས་ལྔ། བོད་རང་སྐྱོངས་ལྗོངས་དང་བོད་ཁུལ་གཞན་པ། ཆོལ་ཁ་གསུམ། ཀླད་རྙིང་པ་དང་གཡམ་རྒྱུག་པ་སོགས་ཀྱི་དབྱེ་བ་མང་པོ་ཕྱེས་ནས་མཐུན་སྒྲིལ་ལ་གས་ཆག་ཤོར་མགོ་ཚུགས་པ་རེད། བོད་མིའི་ནང་དུ་དམར་ཤོག་པ་ཚོ་ནང་པ་ལ་བསྒྱུར་ཐབས་བྱེད་དགོས། ཁོང་ཚོ་ནང་པ་ཆགས་སོང་ན་དེ་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བ་རེད།
བློ་མཐུན་ཨ་ནུ་བསོད་ནམས་ཐང་ལགས་ཀྱིས།
འདི་ལྟར་བོད་རིགས་ཏང་ཡོན་པ་འགུག་དགོས་ན་གཙོ་བོ་ཡར་རྒྱས་ཕྱིན་པའི་མི་རིགས་གཞན་ལྟར་དད་པ་ཉུང་དུ་བཏང་ཞིང་། དེའི་ཚབ་ཏུ་མི་རིགས་ཀྱི་ལ་རྒྱལ་ཡར་རྒྱས་བཏང་ཏེ། ཚུལ་དང་མཐུན་པའི་མི་རིགས་རིང་ལུགས་དར་སྤེལ་བཏང་དགོས། དེ་ལྟར་བོད་མི་ཀུན་གྱི་གོམས་གཤིས་སུ་འཇགས་པ་ཡིན་ན་བོད་མི་དམར་ཕྱོགས་པ་ཚོ་ཡང་བོད་རིགས་ཡིན་པས། མི་རིགས་གཅིག་བུའི་ལ་རྒྱལ་བཟུང་ཞིང་། མི་རིགས་ཁེ་ཕན་ཆེད་དམར་ཕྱོགས་ཀྱི་དད་འདུན་བློས་བཏང་ཏེ་བོད་ཀྱི་རྩ་དོན་འགྲུབ་ཆེད་མཐུན་སྒྲིལ་དང་དཔུང་རོགས་བྱེད་ངེས་རེད།
བློ་མཐུན་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས།
དང་པོ། བོད་ནང་གི་དཔོན་རིགས་ཀྱི་ཐད་ནས་ཞུས་ན། ཁོང་ལྷན་རྒྱས་ནི་བོད་ཀྱི་གཙོ་ཤུགས་མི་སྣ་རེད་ལ། འབྱུང་འགྱུར་ཡང་དམར་ཤོག་ཚོགས་པ་སོར་འཇོག་གིས་བོད་ལ་ཞབས་འདེགས་ཞུ་བའམ། དམར་ཤོག་ཚོགས་པ་ནས་སྤྱི་ཚོགས་ཚོགས་པ་ལྟ་བུའི་ངོ་བོར་འགྱུར་ནས་བོད་ཀྱི་མ་འོངས་པའི་བྱ་བཞག་ཐད་ནུས་པ་འདོན་དགོས་པ་དང་འདོན་པར་འོས་འགན་ཡོད་པ་ངོ་འཕྲོད་ཐབས་གནང་ན། ད་གཟོད་འཐབ་ཕྱོགས་གཅིག་གྱུར་གྱི་གོང་བུ་ཞིག་ཡོང་ངེས་ཡིན། དེ་ལས་ལྡོག་ན། བོད་ཀྱི་གནད་དོན་སེལ་བའི་འགོག་རྐྱེན་དུ་འགྱུར་མི་སྲིད་པའང་མིན། ཞིབ་ཕྲའི་ཐབས་ལམ་ལག་ལེན་ཁྲོད་ནས་འཐུས་ཚང་དུ་གཏོང་དགོས།
བློ་མཐུན་ཀརྨ་བློ་གསལ་ལགས་ཀྱིས།
བོད་གཞུང་གི་དཔོན་རིགས་དང་རྒྱ་ནག་མི་སེར་སྤེལ་མཁན་དེང་གཞུང་ལག་འོག་ཏུ་གླ་ལས་བྱེད་ཀྱིན་པའི་དཔོན་རིགས་ཀྱིས་མི་བཀར་བར། ཚང་མས་མི་རིགས་ཀྱི་ཐུན་མོང་ཁེ་ཕན་དེ་ཆེས་མཐོའི་ཁེ་ཕན་དུ་བསམ་ནས། བློ་བརྟན་འགྱུར་མེད་ཀྱིས་བོད་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་མཐུན་སྒྲིལ་དམ་པོ་བྱས་ཚེ། ང་ཚོ་བོད་མི་རིགས་ལ་ད་བཟོད་རང་བཙན་གཙང་མ་ཞིག་དང་བཅིངས་འགྲོལ་མཐར་ཕྱིན་པ་ཞིག་ཐོབ་རྒྱུའི་རེ་བ་ཡོད།
༡་་་གོང་དུ་བློ་མཐུན་རྣམས་པ་གསུམ་གྱིས་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མི་གུན་ཁྲན་ཡོན་རྣམས་དང་མཐུན་ལམ་ཡོང་བའི་ཐབས་ཇུས་གསུངས་པ་རེད། བློ་མཐུན་རེ་རེའི་ཕྱོགས་ནས་རྒྱུ་མཚན་རེ་རེ་འདུག ལེན་དགོས་པ་དང་བསྒྲུབ་དགོས་པ་དེ་འདྲ་རེད་བསམས་ཀྱི་ཡོད།
༢་་་སྤོབས་པ་མཐའ་ཡས་ལགས་ཀྱིས་་་་བོད་མིའི་ནང་དུ་དམར་ཤོག་པ་ཚོ་ནང་པ་ལ་བསྒྱུར་ཐབས་བྱེད་དགོས། ཁོང་ཚོ་ནང་པ་ཆགས་སོང་ན་དེ་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བ་རེད།ཅེས་གསུངས་འདུག འདི་ལའང་རྒྱུ་མཚན་རྩ་བ་ནས་མི་འདུག་ཞུ་མི་ནུས། ཡིན་ཀྱང་་་བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཞིའི་འཕགས་པ་དགེ་ལེགས་རྣམ་རྒྱལ་རིན་པོ་ཆེན་ལགས་ནང་པ་རེད་དམ་མ་རེད། སྤྲུལ་སྐུ་རེད་དམ་མ་རེད། སྤོབས་པ་ལགས་་་གོད་དུ་བློ་མཐུན་ཚོས་གསུངས་པ་ལྟར་བོད་རིང་ལུགས་ཀྱི་འདུ་ཤེས་དང་བོད་བཙན་པོའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དགོས་པ་ལས་ནང་པ་ལ་བསྒྱུར་དགོས་མིན་གྱི་གནད་དོན་ཞིག་ཡིན་ནམ། ངས་ངོས་ནས་བྱས་ན་་བོད་མི་དམར་ཕྱོགས་པ་དེ་དག་ནང་པ་རེད་ལ་ཆོས་དད་ཆེན་པོ་འདུག ཆོས་དད་མེད་མཁན་ཕུན་དབང་ཁོ་ན་ཡིན་ས་ཡོད། ཁོ་ནི་ཤི་ཚར་བ་རེད། ད་ཆོས་དད་མེད་པའི་བོད་མི་དམར་ཕྱོགས་པ་ཞིག་སུ་འདུག་གམ།
སྤོབས་པ་ལགས། ལྷ་སྲས་དར་མས་ཆོས་བསྣུབས་ནས་བོད་ལ་མུ་གེ་བྱུང་ཟེར་བ་དང་། རིག་གནས་གསར་བརྗེ་སྐབས་སུ་གུན་ཁྲན་ཏང་གིས་ཆོས་བསྣུབས་ནས་བོད་ལ་མུ་གེ་བྱུང་གསུངས་འདི་གཉིས་ནི་རྒྱུ་མཚན་ཡོད་པའི་བཀའ་མོས་ཤིག་མ་རེད། སྔོན་ནས་ཁྱོད་ལ་ལན་མང་པོ་བརྒྱབས་ཚར། ཡིན་ཀྱང་ཁྱོད་ཀྱིས་ཡང་བཤད་བསྐྱར་བཤད་བྱེད་འདུག ད་ནི་་་གནས་སྐབས་རིང་གནད་དོན་འདིའི་ཐོག་ཏུ་ཁྱོད་ལ་གོ་བརྡ་འཕྲད་པའི་རེ་བ་ཡང་མེད། རྗེས་སུ་རང་ངོ་རང་གིས་ཤེས་པའི་དུས་ཤིག་ཁྱོད་ལ་ཡོང་ངེས་ཡིན། ཐུགས་རྗེ་གཟིགས།
སྤོབས་པ་ལགས།
ཁྱོད་ཀྱིས་་་བོད་ཕུང་བྱེད་ཀྱི་རྒྱུ་རྐྱེན་དེ་ཆོས་མེད་པ་བཟོས་པ་དང་། ཆོས་དད་དང་འབྲེལ་བའི་སྤྱོད་བཟང་ཉམས་པར་གྱུར་པ། དཔལ་འབྱོར་ལ་འདོད་རྔམ་ཆེན་པོར་གྱུར་པ་སོགས་ཡིན་ཚུལ་བསྒྲུབས་ཡོད་མོད་ཁོས་དེ་མ་གོ་མདོག་མདོག་བྱས་ནས་བཞག་འདུག་་ཅེས་གསུངས་འདུག
སྐད་ཆ་འདི་དག་ཁྱོད་རང་གི་ལྟ་གྲུབ་མཐར་ཐུག་ཞིག་ཡང་རེད་བསམས་ཀྱི་མེད། ཁྱོད་ཀྱིས་ད་རིང་གི་བགྲོ་གླེང་སྐབས་སུ་ལྡོག་ཕྱོགས་ནས་མང་པོ་བཤད་སོང་། ཁྱོད་ཀྱིས་བཤད་པ་དེ་དག་ཁྱོད་ཀྱིས་ང་ཚོ་ལ་རྩོད་པ་ལོངས་བ་ཙམ་རེད་བསམས་བསྡད་ཡོད།
མ་ཟད་གོང་གི་འདོད་ཚུལ་དེ་དག་ང་ཅོ་རི་སྒེར་གྱི་འདོད་ཚུལ་དང་མི་མཐུན་པ་ཙམ་མ་རེད། བློ་མཐུན་ཡོངས་ཀྱི་ལྟ་གྲུབ་དང་མི་མཐུན་པ་ཞིག་རེད་འདུག་པས་རྩོམ་ཡིག་ནང་དུ་འགོད་སྟངས་ཤེས་མ་བྱུང་། གལ་སྲིད་འགོད་པའི་དབང་དུ་བཏངས་ན་རྩོམ་ཡིག་ནང་འགལ་ཆགས་འགྲོ་གི་རེད། དགོངས་འགལ་མེད་པ་བྱོས།
ཨ་ལས། ལྷ་སྲས་དར་མས་བོད་རྒྱུད་ནང་བསྟན་བསྣུབས་ནས་བོད་ལ་མུ་གེ་ལན་གཅིག་བྱུང་བ་དང་ལག་དམར་བ་ལྷ་ལུང་དཔལ་རྡོར་གྱིས་ལྷ་ཆོས་རིང་ལུགས་གཅིག་པུ་ཁ་འཁྱེར་ནས། བོད་རྒྱལ་ཁབ་དང་བོད་མི་རིགས་རྩ་མེད་དང་བསིལ་ཐོར་འགྲོ་རྒྱུར་ཇི་མི་སྙམ་པར་བོད་བཙན་པོའི་གདུང་རྒྱུད་ལྷ་སྲས་དར་མ་དཀྲོངས་ནས། བོད་བཙན་པོའི་དབང་བསྒྱུར་གྱི་གོང་བུ་གཅིག་གྱུར་རྩ་གཏོར་བཏང་བ་གཉིས་དགེ་སྐྱོན་སུ་ཆེ་བ་འདུག་ཨ་ཁུ་སྤོབས་པས། ལྷ་ཆོས་རིང་ལུགས་ཀྱི་ལྟོ་ཕོར་གཅིག་པུའི་སྡུག་སྐད་མི་འདོན་པར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ལས་དབང་དང་འབྲེལ་ནས་དྲང་གཏམ་ཞིག་བཤོད་དང་།
དེས་ན་ལག་དམར་བ་ལྷ་ལུང་དཔལ་རྡོས་ལྷ་ཆོས་རིང་ལུགས་ཀྱི་ལྟོ་ཕོར་གཅིག་པུའི་དོན་དུ་ལྷ་སྲས་དར་མ་དཀྲོངས་མེད་ན། བོད་བཙན་པོའི་དབང་བསྒྱུར་གྱི་གོང་བུ་གཅིག་གྱུར་རྩ་ཐོར་དང་བོད་བསིལ་བུའི་གནས་སྟངས་ཡ་ང་། གུང་ཁྲན་གྱིས་བོད་་ལ་བཙན་འཛུལ་དང་མུ་གེ་དེ་བྱུང་སྲིད་དམ།
མ་གཞི་བོད་རྒྱུད་ནང་བསྟན་རང་ངོས་ཀྱི་སྐྱོན་ཆ་ཞིག་ཡིན་མི་སྲིད་ཀྱང་དེ་འཛིན་གྱི་གང་ཟག་གིས་བེད་སྤྱོད་ལོག་པར་བཏང་བའི་ངན་འབྲས་དེ་སེར་མོ་བ་ལ་རྡུང་བརྡེག་དང་པོ་ཕོག་པ་རེད་ལ་དེའི་ཞོར་ལ་སྐྱ་བོ་ཚོ་ལ་ཡང་ངན་པའི་རྗེས་ལ་རྒྱུག་བརྡུང་རག་པ་རེད་དོ།
བློ་མཐུན་ཞོལ་གཡག་འབྲོང་རྒྱུད་དང་བན་དེ་བ་རྣམས་པ་གཉིས་ཀྱིས་བོད་རིགས་གུན་ཁྲན་ཏང་མི་རྣམས་དང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐུབ་པའི་ཐབས་ཇུས་ཁ་གསལ་རེ་གསུང་པའི་རེ་བ་ཡོད། ངས་བསམ་ཚུལ་བྱས་ན་བློ་མཐུན་རྣམས་པའི་བསམ་ཚུལ་ཕྱོགས་སྡོམ་བྱེད་ནས་དོན་ཚན་འདི་གཅིག་པོའི་ཐོག་ཏུ་རྩོམ་ཡིག་ཤིག་འབྲི་འདོད་ཡོད། སྤོབས་པ་ལགས་ཀྱིས་ཀྱང་ཁ་གསལ་པོའི་ཐོག་ནས་བོད་རིགས་གུན་ཁྲན་ཏང་མི་་་་ནང་པ་མིན་མཁན་འདི་དང་དེ་འདུག དེ་དག་ལ་ཆོས་ལུགས་ཀྱིས་བསླབ་བྱ་འདི་འདྲ་དང་དེ་འདྲ་རྒྱག་ནས་ནང་པ་ལ་བསྒྱུར་དགོས་པའི་སྐོར་གསལ་པོ་གསུངས་རོགས་བྱོས། ཕན་ཐོགས་འདུག བསམ་ཚུལ་ཕྱོགས་སྡོམ་བྱེད་དུས་ཕན་ཐོགས་འདུག་་་་སྤོབས་པ་ལགས།
སྤོབས་པ་ལགས། སྤྲུལ་སྐུ་ཟམ་གདོང་ལགས་ཀྱང་ནང་པ་རེད། ཆོས་དད་དང་རྨོངས་དད་ཧང་ཅང་ཚོད་མཐོ་པོ་བསླེབས་པའི་མི་ཞིག་རེད། ཁོའི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་མེད་པ་རེད། མི་ལོ་བཅུའི་རིང་དུ་བཀའ་བློ་ཁྲི་པའི་གོ་གནས་བཟུང་སྐབས་སུ་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་བསམ་བློ་བཏངས་མྱོང་མེད་པ་རེད། ནང་པ་ཡིན་ན་ཅི་ཕན་གྱི་འདུག་གམ། ཟམ་གདོང་གིས་བོད་བཙན་པོའི་རྒྱལ་ཁབ་ལ་དགའ་ཞེན་དང་བོད་རང་བཙན་འགྲུབ་པ་ལ་དཔུང་རོགས་བྱེད་ཀྱི་རེད་དམ།
བོད་རིགས་གུང་ཁྲན་ཏང་ཡོན་པ་དང་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་རིམ་པའི་འགོ་འཁྲིད་ཚོ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འགོག་རྐྱེན་ཡིན་པར་ངོས་འཛིན་བྱེད་མཁན་རྒྱ་བོད་ཞིབ་འཇུག་པ་མང་པོས་འདོད་ཀྱིན་འདུག། འོན་ཀྱང་འདོད་ཚུལ་འདི་ལྟར་ལ་མི་ལྟོས་པར་ཆུ་ངོགས་གཏམ་རྒྱུད་ནང་གི་སུང་ཅཱང་གིས་གནད་ཡོད་མི་སྣ་བློ་འགུགས་ཀྱིས་སྤུན་གྲོགས་ལ་བསྒྱུར་བའི་ཐབས་ཚུལ་ལ་བསླབ་བྱ་ལེན་རྒྱུ་མེད་དམ་སྙམ། དེས་ན་ནང་ཆོས་ལུགས་ལྟ་གྲུབ་ཀྱི་ལམ་ནས་བོད་རིགས་ཆིག་སྒྲིལ་བཟོ་རྒྱུ་ཞིག་ཡོད་ཚོད་མ་རེད། རྒྱུ་མཚན་བོད་རིགས་ས་ཡ་དྲུག་ཆ་ཚང་ནང་པ་མ་རེད་ལ་ཁ་ཆེ་བོན་པོ་སོགས་ད་དུང་ལྷ་མེད་སྨྲ་བའི་དངོས་གཙོ་རིང་ལུགས་པ་ཡང་མང་པོ་ཡོད་པ་རེད། འོན་ཀྱང་བོད་རིགས་ཀུན་ལ་ཁྱབ་པའི་གཅིག་མཐུན་གྱི་འདུ་ཤེས་རང་བཞིན་ཅན་ཞིག་ཡོད་པ་ནི་མི་རིགས་ཀྱི་ལྟ་བ་དང་། མི་རིགས་ཀྱི་འདུ་ཤེས། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་གདུང་ཞེན་ཁོ་ན་ལ་བརྟེན་ནས་ཆིག་སྒྲིལ་ཡོང་ཐབས་ཀྱི་ཐབས་ཚུལ་འདི་ལས་ལྷག་ཅིིག་ཡོད་པ་མ་རེད། དེས་ན་མི་རིགས་ཀྱི་ལྟ་བ་དང་མི་རིགས་ལ་རྒྱ། མི་རིགས་ཀྱི་གདུང་ཞེན། མདོར་ན་སྙིང་སྟོབས་དགུ་འགྱུར་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་རྨངས་ནས་བསད་དགོས་པ་དེ་ཆིག་སྒྲིལ་གྱི་སྟོབས་ཤུགས་ཡོད་ན་མེད་ན་གཅིག་དེ་རེད།
གྲོགས་ཅོ་རི་ཉི་མའི་མཆན་༡༠༠ ནང་དུ་ངོས་ལའང་བོད་མི་རིགས་ཀྱི་མ་འོངས་པར་ཕན་ཅིང་རྩ་དོན་འགྲུབ་པའི་ཕྱིར་དུ་བསམ་ཚུལ་ཞིག་ཤོད་རོགས་གསུངས་པར་བཀའ་དྲིན་ཆེ། སྤྱིར་སྟངས་ངོས་ནས་དེ་སྔར་ཁྱེད་ཀྱི་དགོངས་ཚུལ་ལ་༡༠༠% རྒྱབ་སྐྱོར་ཞུས་ཡོད། ད་དུང་ཡང་ཁྱེད་ཀྱི་དགོངས་ཚུལ་དེ་ཚོར་རླབས་ཆེན་ཞིག་ཏུ་སེམས་བཞིན་ཡོད། ཕ་རོལ་གྱི་གཡུལ་ངོར་ཟིལ་གྱིས་གནོན་་དགོས་པ་ཡོད་ན་རང་གི་མཛུབ་མོ་ལྔ་ཀར་བསྡམ་ལར་བཅིངས་དགོས། དེ་ནས་ཕ་རོལ་གྱི་མགོ་ལ་བཞུས་པ་ཡིན་ནའང་འདྲ་འགྲམ་པར་བཞུས་ནའང་འདྲ། ལུས་གནས་གང་ལའང་བཞུས་ཀྱངགནད་ལ་འཁེལ་བ་ཞིག་ཡོང། དཔེ་དེ་བཞིན་བོད་མི་ནང་ཁུལ་མཐུན
ལམ་དམ་ཟབ་དང། ཆོས་ལུགས་ནང་ཁུལ་དག་སྣང། ཆོལ་ཁ་ཕན་ཚུན་མཐུན་བསྒྲིལ་དགོས་པ་རེད། དེ་ལྟར
མ་བ
གོང་གི་འཕྲོས་ནས་ཞུ་རྒྱུར། དེ་ལྟར་བྱུང་ན་བོད་ཀྱི་གཏམ་དཔེར། ཕྱི་རུ་ཞབས་བྲོ་རྒྱབ་པར། ནང་དུ་རྡོག་གྲ་འགྲིག་དགོས། ཟེར་བ་ལྟར་རེད། དེས་ན་ཆོས་ལུགས་རྨོངས་ཞེན་རིང་ལུགས་པ་ཚོས་བོད་མི་རྣམས་ཆོས་ལུགས་གཅིག་ཏུ་བསྒྱུར་དགོས་ཟེར་བ་དེ་ཚོ་ནི་་་་ཁ་ཆེའི་དྲག་སྤྱོད་པའི་རིང་ལུགས་པའམ་་་་འཇིག་བསྐུལ་རིང་ལུགས་པའི་སྐད་ཆ་བཤད་སྟངས་དེ་ཚོ་ནི་བོད་མི་རྣམས་དུས་རབས་བརྒྱད་པ་དགུ་པར་ཕྱིར་ལོག་བྱེད་རྩིས་རང་རེད། བོད་མི་རྣམས་ཆོས་ལུགས་གཅིག་གམ་ནང་པར་བསྒྱུར་རྒྱུའི་འཆར་གཞི་མང་པོ་བྱས་ཟིན་མ་ཟད་ལག་ལེན་དུའང་མང་པོ་བྱས་ཟིན། འོན་ཀྱང་དེས་མཐར་བོད་འདི་བྱ་སྒྲོ་རླུང་གིས་གཏོར་བ་བཞིན་བོད་ཕུང་བར་བྱས་ཡོད། དེ་དག་ལ་ལམ་ལོང་སྣེ་གཅིག་བྱུང་མེད་ཀྱང་་་་བོད་ཡུལ་འདི་ཕུང་བའི་རྒྱུ་རྐྱེན་ཙམ་བྱས་ཡོད། ཁ་ཆེ་དྲག་སྤྱོད་པ
དེ་ཚོས་ཀྱང་འཛམ་གླིང་འདི་ཁ་ཆེར་བསྒྱུར་ཐུབ་རྒྱུའི་རྨི་ལམ་གཏོང་གི་ཡོད། དེ་ཚོ་ནི་རྨི་ལམ་གྱི་ནང་གི་རྨི་ལམ་རང་རེད། འདི་འདྲའི་བསམ་བློས་བོད་འདི་ཕུང་བར་བྱས་ཡོད། ད་ལྟའང་ནང་ཁུལ་རྒྱུག་གཅིག་མཆོང་གཅིག་མི་བྱེད་པའང་རྒན་རབས་པ་དེ་ཚོས་ང་ཚོའི་ཆོས་ལུགས་སུས་རྩ་མེད་བཟོ་རྩིས་བྱས་ཡོད་མེད་དང། ང་ཚོའི་དགོན་པ་སུས་ཆོས་ལུགས་གཞན་གྱི་དགོན་པར་བསྒྱུར་བ་རེད་དམ། ཟེར་ནས་དྲི་རྟགས་མང་པོ་ཞིག་རང་གི་ཕྲུག་གུ་ཚོར་བཀོད་བཞིན་ཡོད། དཔེར་ན་རྒྱལ་རོང་གཡུང་དྲུང་ལྷ་སྟེང་བོན་དགོན་དེ་དང་པོར་རྙིང་མར་བསྒྱུར་དེ་ནས་དགེ་ལུགས་སུ་བསྒྱུར། མཐར་ང་ཚོའི་བསྟན་པ་བསྣུབ་སོང་དགོན་པ་བཤིག་སོང་ཟེར་སའི་ཀྲུང་གོའི་གཞུང་ནས་བརྒྱད་ཅུ་གྱ་གྲངས་ནང་དུ་ཆོས་སྒོ་དབྱེ་དུས་ཕྱིར་རང་ཅག་བོན་པོར་ཕྱིར་སློག་བྱས་ནས་དགོན་པ་ཡང་ཀྲུང་གོའི་གཞུང་ནས་མཛུགས་སྐྲུན་བྱས་ནས་གསར་བཞེངས་ཐུབ་འདུག བོད་མི་རིགས་འདི་ཡི་ནང་ལ་མི་རིགས་སྣ་ཚོགས་ཆོས་ལུགས་སྣ་ཚོགས་ཡོད་མཁན་ཞིག་ཡིན་པ་ལས་ཐམས་ཅད་བློ་གཅིག་སེམས་གཅིག་ཅིག་གང་ནས་ཡིན། བོད་རིགས་ཁ་ཆེ། བོད་རིགས་རྒྱ་གར་ནང་ཆོས། བོད་རིགས་བོད་ཀྱི་བོན་པོ། བོད་རིགས་ཡེ་ཤུ། བོད་རིགས་ཏང་ཡང། བོད་རིགས་ཆོས་མེད། སྣ་ཚོགས་འདྲ་མིན་ཡོད་པས། ནམ་ཡང་ཁ་ཆེ་དྲག་སྤྱོད་པའི་ལྟ་བ་དེ་རིགས་བཟུང་མི་ཉན། དེ་ལྟར་བཟུང་ན་འཛམ་གླིང་མི་མང་གིས་ནང་བསྟན་འདི་ལ་ཁ་ཆེའི་དྲག་སྤྱོད་པ་དང་ལྷན་དུ་བཟློག་པ་རྒྱབ་ངེས་རེད། ཤུགས་ལྡན་བཀག་པ་ཙམ་ལའང་ཆོས་དད་རང་མོས་སྤྲད་མ་སོང་ཟེར་ནས་ཅི་ཞིག་བསྒྲགས་མ་སོང་ངམ། གང་ལྟར་བོད་རིགས་ཏང་ཡང་ཡིན་ནའང་འདྲ། ཐམས་ཅད་ནང་མི་གཅིག་ཏུ་བཟུང་ནས་མཛུབ་མོ་ལྔ་དམ་དུ་བཅིང་དགོས། མཛུབ་མོ་རེ་རེ་ཡིས་ཕ་རོལ་ལ་ནོན་པ་ཞིག་ནམ་ཡང་མི་འབྱུང།
སྤོབས་པ་ལགས་ལ་བསམ་ཚུལ་ཁ་ཤས་འདོན་གྱི་ཡིན། བོད་འདི་བཞིན་གདོད་མ་ནས་ཆོས་ལུགས་དང་འགྲོགས་ནས་ཡོང་བ་ཞིག་རེད་ལ། བཙན་པོའི་སྲིད་དབང་ལ་ཆོས་ལུགས་ཀྱི་གཞོགས་འདེགས་ཡོད་ཡོད་པ་ཞིག་རེད། ཉུང་མཐར་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་བར་དུ་ལོ་ངོ་གཅིག་སྟོང་ལྷག་བརྒྱུད་ཡོད་འདུག དེ་ནས་སྲོང་བཙན་སྒམ་པོ་ནས་སངས་རྒྱས་ཆོས་ལུགས་ནང་འདྲེན་གནང་ནའང་། སྲོལ་རྒྱུན་བོན་ཆོས་ཀྱི་ལྟ་བ་ནི་སྐྱེ་དངོས་སྲོག་ལྡན་དང་རི་ཆུ་ནམ་མཁའ་ཉི་ཟླ་གཟའ་སྐར་བཅས་པ་མཆོད་ཡུལ་ཡིན་པས། ཆོས་ལུགས་གཞན་ཞིག་རྐང་ཚུགས་པར་གནོད་པ་བྱས་མི་འདུག་པའི་ཁར། རྒྱལ་རབས་ཁ་ཤས་མཉམ་གནས་རྒྱུན་མཐུད་ནས་ཡོང་ཡོད། ཡིན་ནའང་། བཙན་པོ་ཁྲི་སྲོང་སྡེ་བཙན་ནས་བོད་དེ་བཞིན་སངས་རྒྱས་ཆོས་ལུགས་ཁོ་ནའི་འོག་ཏུ་བཅུག་པ་ལས་འགལ་བ་སྣ་མང་གི་རྒྱུ་བསགས་ཡོད་པར་མ་ཟད། རྒྱུ་དེས་འབྲས་བུ་མི་རབས་གཉིས་ནང་སྨིན་ནས་རིམ་པས་བཙན་པོའི་སྲིད་དབང་མགོ་རྟིང་སློག་ཡོད།
དེ་མཚུངས་སུ་སངས་རྒྱས་ཆོས་ལུགས་ཀྱང་ལོ་གསུམ་རིང་གི་རྩོད་པ་བརྒྱུད་ནས་ཅིག་ཅར་འཇུག་པའི་སྒོ་མནན་དེ་རིམ་གྱིས་འཇུག་པའི་སྒོར་ཞུགས་ཡོད། ཡིན་ནའང་། ཕྱི་ལོ ༡༩༩༨ལོར་ནེའུ་ཡོག་ཏུ་འཛམ་གླིང་རང་བཞིན་གྱི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་དང་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་བར་བགྲོ་གླེང་སྐབས། རྒྱལ་བ་རིན་པོ་ཆེ་མཆོག་གིས་ལམ་དེ་གཉིས་ཐབས་ལམ་མ་འདྲ་བ་ཙམ་ལས་རྩ་བའི་དོན་གཅིག་ཡིན་པར་གསུངས་ཡོད། དོན་ལ་དུས་རབས་བརྒྱད་པའི་ནང་གི་བཙན་པོས་ཐག་གཅོད་ལ་བསྙོན་འབྱིན་བྱས་ཡོད་པས། བྱ་དངོས་མཐའ་དག་འགྱུར་བའི་རང་བཞིན་ཅན་དང་དོན་དག་ཆེ་མ་ཆུང་གསུམ་ལྟོས་བཅས་ཡིན་པ་ར་འཕྲོད་ཐུབ་པ་ཞིག་རེད། དེ་བས། སངས་རྒྱས་ཆོས་ལུགས་བསྣུབས་པ་ཁོ་ན་བོད་ཕོངས་བྱེད་དུ་འདོད་པ་ནི་ཁྱབ་ཆུང་དྲགས་པར་སྣང་།
ནང་ཆོས་བསྣུབས་ནས་བོད་ཕོངས་པ་ཞེས་ཤོད་དཀའ་ཡང་། ནང་ཆོས་ནུབ་ཞོར་དུ་ཡ་རབས་སྤྱོད་བཟང་བརླགས་ནས། རྒྱལ་སྲིད་ཀྱང་རྩ་གཏོར་དུ་ཕྱིན་པ་ལ་རྩོད་པ་ཡོད་མ་རེད་སྙམ་ལགས།
ཞོལ་གཡག་དང་ཅོ་རི་གཉིས་ཀས་ཡག་པོ་གསུངས་འདུག རྒྱབ་སྐྱོར་ཡོད། བོད་རིགས་ཀུན་གཅིག་སྒྲིལ་བཟོ་བ་ལ་བོད་ཅེས་བའི་ཚིག་དང་། དེའི་སྐད་ཡིག་ལས་ལྷག་གི་བོད་པ་ཚོ་གཅིག་སྒྲིལ་བཟོ་བྱེད་ཅིག་མེད། དེ་གཉིས་ནི་དཀྲུས་ན་དག་ཡ་མེད་པའི་ངོ་བོ་རེད། ངོ་བོ་དེ་གཉིས་ཀྱིས་བོད་མི་ཀུན་གྱི་ཚེ་སྲོག་གཅིག་པར་བཟོས་ཡོད། ཚེ་སྲོག་དེ་གནས་ཆེད་དུ་བོད་པ་རྣམས་གཅིག་སྒྲིལ་མི་བྱེད་ཐབས་མེད་ཡིན་ཞིང་། མ་བྱས་ན་ཕྱིའི་རིག་གཞུང་དང་སྲིད་བྱུས། བཙན་འཛུལ་གྱི་ནུས་བས་བོད་འདི་རྩ་མེད་བཟོ་པས་རེད། ཚང་མས་གནས་ལུགས་འདི་ཤེས་བ་བྱས་ནས་གྲུབ་མཐའ་ག་གེ་མོ་དང་ཆོས་ལུགས་བྱེ་བྲག་པ༼ལྷག་པར་དུ་ནང་པ་ཚོས་རང་ཉིད་གྲངས་མང་ཡིན་པའི་རྒྱུ་མཚན་དུ་བྱས་ནས་བོད་པ་ཡོད་ཚད་སངས་ཆོས་སུ་སྒྱུར་ཐབས་ཀྱི་སྒེར་གཅོད་པ་མི་བྱེད་རྒྱུ་གནད་དུ་ཁུམས། དེ་ལྟར་བྱས་ན་བོད་རང་དབང་ཐོབ་ཀྱང་། གྲངས་ཉུང་གི་བོད་པ་ཚོ་ལ་མཚོན་ན་དེ་ལས་སྡུག་པའི་བཙན་འཛུལ་བ་གཞན་ཞིག་་སླར་གསོ་བྱེད་པས་བོད་དོན་ལ་མཐུན་རྐྱེན་སྒྲུབ་པར་དཀའ་ངལ་འཕྲད་ངེས་རེད།༽་ཞིག་གིས་སྒེར་གཅོད་ཀྱི་ལྟ་བ་འཁུར་ནས་བོད་མི་ཡོངས་ལ་བཙན་འགེལ་མི་བྱེད་པའི་རེ་བ་ཡོད།
ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རིན་ཐང་ནི་ཇི་སྲིད་བར་དུ་ཉམས་མི་སྲིད་པ་དང་། ཇི་སྲིད་མི་རྣམས་ཀྱི་སློབ་སྦྱོང་གི་གནས་ཚད་ཅི་ཙམ་མཐོ་བར་གྱུར་པ་དེ་ཙམ་གྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆེ་བ་དང་ཟབ་ཚད་ལ་གདེངས་འཇོག་ཚད་མཐོན་པོ་ཐོབ་པར་གདོན་མི་ཟ་བ་ཡིན།
འཛམ་གླིང་ན་ཆོས་ལུགས་མང་། ལྟ་གྲུབ་དངོས་ཡོད་ཀྱི་བདེན་པ་དང་མཐུན་པ་ལ་ནང་པ་སངས་རྒྱས་པའི་ཆོས་དང་བསྡུར་ཐུབ་པའི་ཆོས་ཤིག་དཀོན། ནང་པ་སངས་རྒྱས་པའི་ཆོས་ཀྱིས་འཇིག་རྟེན་བྱེད་པ་པོ་མི་འདོད་པར་འཇིག་རྟེན་ལས་ཀྱི་བསྐྱེད་ཅིང་བདེ་སྡུག་ཀྱང་ལས་ཀྱིས་བསྐྱེད་པར་འདོད་པས་ཅར་སི་ཌར་ཝིན་གྱི་སྣོད་བཅུད་རིམ་འགྱུར་སྨྲ་བའི་ལྟ་བ་དང་མཐུན་ཐོག་དེ་ལས་བརྒྱ་འགྱུར་གྱི་གཏིང་ཟབ། སྣོད་བཅུད་ཐམས་ཅད་རྟེན་འབྲེལ་འབྲེལ་ལྟོས་གྲུབ་ཀྱི་རང་བཞིན་དུ་འདོད་པས་ཨ་ཡིན་སི་ཐན་གྱི་ལྟོས་བཅས་ལྟ་གྲུབ་དང་མཚུངས་མོད་དེ་ལས་སྟོང་འགྱུར་གྱིས་རིགས་ལམ་ཞིབ། དཀར་ནག་གི་ལས་ཀྱི་དབྱེ་བ་ཀུན་སློང་གིས་འབྱེད་པར་འདོད་པས་ཨི་མ་ཉུལ་ཁན་ཊིའི་ཀུན་སྤྱོད་མཚན་ཉིད་རིག་པ་དང་མཐུན་ཤས་ཆེ་ཡང་དེ་ལས་ཁྲི་འགྱུར་གྱིས་རྒྱ་ཆེ། དེ་དག་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་ནུབ་ཕྱོགས་ཀྱི་རིག་པ་བསྡུར་བ་ཙམ་ཡིན།
མདོར་ན་ནང་པ་སངས་རྒྱས་པའི་ཆོས་འདི་ལ་གྲུབ་ཆ་ཆེན་པོ་གསུམ་ཡོད། ནང་པ་རང་གི་ཆོས་སྐད་ཀྱི་དབང་དུ་བྱས་ན། བརྗོད་བྱའི་ཆ་ནས་བསླབ་པ་གསུམ་དང་དེ་རྗོད་བྱེད་ཀྱི་ཆ་ནས་སྡེ་སྣོད་གསུམ་དུ་བསྡུ། དེ་གསུམ་པོའི་ནང་གི་ཚུལ་ཁྲིམས་ཀྱི་བསླབ་པ་ལས་ཀུན་སྤྱོད་སཏོན་པ་དང་། ཏིང་ངེ་འཛིན་གྱི་བསླབ་པས་སེམས་ཁམས་རིག་པ་སྟོན། ཤེས་རབ་ཀྱི་བསླབ་པས་མཚན་ཉིད་རིགས་པ་སྟོན་པས་འདི་དག་ནི་དེང་དུས་ཀྱི་སྣ་འཛོམ་སློབ་ཆེན་ཚོའི་སློབ་ཚན་ཡོད་ན་མེད་ན་ཤ་སྟག་ཡིན། འདི་དག་ནི་དགོས་མཁོ་ཅེ་ཆེར་འགྱུར་རྒྱུ་མ་གཏོགས་མི་དགོས་པའི་ཉིན་ཞིག་ཤར་མི་སྲིད་པར་ཐག་ཆོད།
དུས་རབས་བཅུ་དགུ་པའི་མཇུག་ནས་ནུབ་ཕྱོགས་པའི་མཁས་པ་མང་པོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆེ་བ་དང་རིན་ཐང་མཐོང་ནས་ཤར་ཕྱོགས་ཀྱི་ནོར་བུ་ཞེས་པའི་མཚན་གསོལ་ནས་ནང་པའི་མཚན་ཉིད་རིག་པ་ནུབ་ཕྱོགས་ཀྱི་མཁས་པའི་ཁྲོད་དུ་དར་མགོི་ཚུགས་ཡོད། ཤར་ཕྱོགས་ཀྱི་སུ་དཔལ་འབྱོར་འཚོལ་སྒྲུབ་ལ་མགོ་འཁོར་ནས་ནང་ཆོས་ལ་དོ་སྣང་ཆུང་དུ་འགྲོ་བཞིན་ཡོད་མོད། མི་རིང་བར་མིའི་དགོས་མཁོ་ཡོད་ཚད་དཔལ་འབྱོར་གྱི་སྐོང་མི་ཐུང་བར་ངོ་འཕྲོད་པའི་ཉིན་ནས་སླར་ཡང་ཤར་ཕྱོགས་མི་མང་གིས་ནང་པ་སངས་རྒྱས་པའི་ཆོས་ལ་སོ་སྣང་སྔར་ལས་ལྷག་པ་ཞིག་སླེབས་རྒྱུ་ཡིན་པར་མཁས་པ་མང་པོས་སྔོན་དཔག་བྱེད་བཞིན་འདུག
ཉེ་བའི་ལོ་འགའི་རིང་ལ་རྒྱ་གར་ནག་གཉིས་ཀས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རིན་ཐང་མཐོང་ནས་ཆོས་ལུགས་འདི་དར་སྤེལ་གྱི་ཐད་ལ་འགྲན་བསྡུར་བྱེད་ཀྱིན་ཡོད།
སོག་པོ་བོད་ལ་གྱོང་སྤྲད་པ་སྣང་གཅིག་ཀྱང་མེད། སོག་པོའི་བཀའ་དྲིན་ལ་བརྟེན་ནས་ཐེངས་གཉིས་ལ་བོད་སྤྱི་ལ་དབང་བསྒྱུར་བའི་སྲིད་གཞུང་འཛུགས་ཐུབ་པ་བྱུང་ཡོད། ཐེང་དང་པོར་ལྷ་སྲས་དར་མའི་སྲས་གཉིས་པོ་སྲིད་ལ་མ་འཆམས་པར་བཙན་པོའི་སྲིད་གཞུང་གི་ནུས་པ་ཉམས་པས་འབངས་གྱེན་ལོག་བྱུང་ནས་བོད་སིལ་བུར་འཐོར་ནས་ལོ་བཞི་བརྒྱར་ཉེ་བའི་རྗེས་སུ་ས་སྐྱ་པས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱིན་རླབས་ནུས་ཤུགས་ཁོ་ནར་བརྟེན་ནས་ས་སྐྱའི་སྲིད་གཞུང་བཙུགས་ཐུབ་ཡོད། དེ་ནས་རི་བོ་དགེ་ལྡན་པའི་མཚན་མཐོང་བྱིན་མཐུན་ལ་བརྟེན་ནས་སླར་ཡང་བོད་སྤྱི་ལ་དབང་བསྒྱུར་བའི་དགའ་ལྡན་ཕོ་བྲང་གི་སྲིད་གཞུམ་བཙུགས་ཡོད། དེ་གཉིས་ཀ་ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་དང་དེའི་སྦྱིན་བདག་སོག་པོའི་རྒྱབ་སྐྱོར་ལ་བརྟེན་པ་ཡིན། སོག་པོ་དང་འབྲེལ་བ་བྱུང་བ་ནི་བོད་ཀྱི་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན། མདོར་ན་བོད་འདི་སྐྱོབ་དགོས་ན་ནང་པ་སངས་རྒྱས་པའི་ཆོས་ལས་ལྷག་ཅིག་སྔར་ཡང་མ་བྱུང་། ད་ལྟ་ཡང་མེད། མ་འོངས་པར་སྲིད་མཐའ་མ་བཀག་ཙམ་རེད།
དོལ་རྒྱལ་ཚོགས་པ་དང་ཏཱ་ལའི་བླ་མའི་འགལ་བ་ཟེར་བ་ཞིག་མེད། དོལ་རྒྱལ་ཚོགས་པའི་བྱེད་སྟངས་དེ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འགལ་ཡོད་པས་ན་པ་སངས་རྒྱས་པ་དང་ཤུགས་ལྡན་ཚོགས་པའི་འགལ་བ་ཞེས་བརྗོད་འོས། བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་ན་དེའི་ལྷ་སྲུང་གི་ལྟ་གྲུབ་དེ་བོད་བརྒྱུད་གསང་སྔགས་རིག་པའི་གཞུང་ལུགས་དང་མཐུན་དགོས། བོད་བརྒྱུད་གསང་སྔགས་རིག་པའི་ལྷ་སྲུང་གི་གྲས་སུ་ཚུད་དགོས་ན་རབ་ན་རྒྱུད་སྡེ་ནས་དངོས་སུ་གསལ་བའི་ལྷ་སྲུང་ཡིན་དགོས། དེ་མ་བྱུང་ན། བླ་མ་མཚན་ཉིད་དང་ལྡན་པས་བཀའ་བསྒོས་དམ་ལ་བཞག་པའི་ལོ་རྒྱུས་ཚད་ལྡན་ཡོད་དགོས། ཆ་རྐྱེན་དེ་གཉིས་ཀ་མ་ཚང་ན་ལྷ་སྲུང་གི་གྲས་སུ་ཚུད་མེད། ཆ་རྐྱེན་དེ་གཉིས་མ་ཚང་བའི་ལྷ་སྲུང་བརྟེན་ན་བོད་བརྒྱུད་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་རྒྱབ་འགལ་ཆགས་ཡོད། རགྱལ་བ་རིན་པོ་ཆེ་ཡིན་ན་ཡང་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ཀྱི་འོག་ལ་འགྲོ་དགོས་པ་མ་གཏོགས་ཁོང་གིས་ཤུགས་ལྡན་ཚོགས་པ་ལ་མཐུན་ཐབས་ཟེར་བ་ཞིག་བྱེད་ཐབས་ག་ལ་ཡོད། དེ་ཆོས་ལུགས་ཀྱི་ཕྱོགས་ནས་བཤད་པའི་འགལ་བ་ཡིན། ཆབ་སྲིད་ཀྱི་ཕྱོགས་ནས་གངས་ཅན་སྤྲུལ་སྐུ་དང་། ང་བླ་མ། ཐ་ན་མ་རིར་གནས་སྡོད་ལི་ཐང་པ་ཨ་དར་ཚེ་རིང་ཡན་ཆོད་ཀྱིས་རྒྱ་དམར་དང་ལག་འབྲེལ་ག་ཚོད་བྱེད་ཀྱིན་ཡོད་མེད་ཤེས་ཀྱིན་ཡོད། དེ་ཡིན་དུས་ཤུགས་ལྡན་ཚོགས་པ་འགལ་ཡོད་ས་དེ་ཏཱ་ལའི་བླ་མ་གཅིག་པོ་མིན་པར་རྒྱ་ཆེན་པོ་ཞིག་ལ་འགལ་ཡོད་པ་ཤེས་དགོས།
བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ལ་ཆོས་དགེ་གཏོང་ཕྱོགས་དེ་ཡང་རིས་མེད་ཀྱི་ལམ་དུ་གོམ་སྟབས་ཆེན་པོ་སྤོས་ཟིན། དགེ་ལུགས་པ་ཁོ་ན་ཡིན་ཟེར་བ་མི་བདེན། ཆོས་དགེ་འོས་སྦྱོང་ནང་དུ་ནང་དུ་བོན་རྙིང་ས་བཀའ་ཇོ་དགེ་སུ་ཡིན་ཡང་ཞུགས་ཆོག་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆོས་བརྒྱུད་ཚང་མའི་ཕྱོགས་ནས་ཆོས་དགེར་ཞུགས་པའི་འབོད་སྐུལ་ཞུས་པ་དང་འོས་སྦྱོང་སྤྲད་ཡོད། དགེ་ལུགས་མ་ཡིན་པའི་རྒྱུ་མཚན་གྱིས་ཆོས་དགེའི་འོས་སྦྱོང་དུ་ཞགས་པར་བཀག་འགོག་བྱས་པའི་གནས་ཚུལ་ཁ་གསལ་ཡོད་ན་སྟོན་ཤོག ད་ལྟ་བཙན་བྱོལ་བའི་སློབ་གྲྭ་ཁག་ན་ཆོས་དགེ་གནང་བཞིན་པའི་གྲས་སུ་ཡང་དགེ་ལུགས་མ་ཡིན་པ་མང་པོ་ཡོད། མང་ཆེ་བ་དགེ་ལུགས་པ་ཡིན་པ་བདེན། དེ་ནི་མི་འབོར་གྱི་ཆ་ནས་དགེ་ལུགས་པ་མང་སོང་བས་ཆོས་བརྒྱུད་གཞན་གྱི་ཕྱོགས་ནས་མང་པོ་སླེབས་མ་ཐུབ་པ་ཙམ་རེད། ཁ་ཆེ་དང་། ཇོ་ནང་། ཡེ་ཤུ་སོགས་ལ་ཐོབ་ཐང་འདྲ་མཉམ་དགོས་ཟེར་བ་དེ་ནི་སྤྱི་འཐུས་མང་མོས་བྱུང་ན་སྤྲད་རྒྱུ་མེད། དེ་མ་བྱུང་ན་དམངས་གཙོའི་སྤྱི་ཚོགས་སུ་སུ་དང་གང་ལ་ཡང་སྒེར་གཅོད་བྱེད་དབང་མེད། སུས་སུ་ལ་ཐོབ་ཐང་ག་རེ་སྤྲད་དང་མི་སྤྲད་དེ་ཡང་སྤྱི་འཐུས་མང་མོས་ཀྱིས་འགྲོ་དགོས་པ་རེད། དེ་ནི་མཚམས་མཚམས་སུ་བལྟས་ན་དམངས་གཙོའི་ལམ་ལུགས་ཀྱི་སྐྱོན་ཞིག་ཀྱང་རེད། ཇོ་ནང་ལ་སྤྱི་འཐུས་འདེམས་མ་ཐུབ་པ་དེ་ཡང་སྤྱི་འཐུས་མང་མོས་ཀྱིས་རྒྱབ་སྐྱོར་མ་ཐོབ་པ་རེད། ཆོས་བརྒྱུད་ཅིག་ལ་ཆོས་བརྒྱུད་ཅིག་གི་ལོ་རྒྱུས་དགོས་པ་རེད། ས་སྐྱའི་ཕྱོགས་ནས་ཇོ་ནང་ས་སྐྱའི་ཁོངས་གཏོགས་རེད་ཅེས་བཤད། དེབ་ཀྱང་བརྩམས། སྒྲུབ་བྱེད་མང་པོ་བཀོད། ཇོ་ནང་ཏཱ་ར་ན་ཐ་རང་གིས་ང་སྐྱ་པ་ཡིན་ཞེས་གསུངས་ཡོད་པའི་ལུང་ཡང་དྲངས། ས་སྐྱ་པ་ཡིན་པ་ཙམ་དུ་མ་ཟད་ཁོང་རང་ས་སྐྱ་པ་ལ་ཞེན་ཁོགས་ཡོད་ཚུལ་སོགས་ཀྱང་གསུངས་ཚུལ་ལུང་དྲངས་ཡོད། ལོ་རྒྱུས་ཀྱི་བདེན་པ་ལ་བརྩི་འཇོག་དགོས་པ་རེད།
བོད་མི་ཁ་ཆེ་ཉུང་ཤས་ཤིག་ཡོད་པ་བདེན། དེ་ཡང་ཤྲི་ན་གར་གྱི་ཉེ་འགྲམ་ན་གཞིས་གྲོང་གཉིས་གསུམ་ཞིག་ཡོད་པ་དེ་རེད། ཡིན་ན་ཡང་། ཉེ་ཆར་བར་དུ་ཁོང་ཚོས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་ཡང་མ་བྱས་པ་རེད། ཁོ་ཚོའི་ཕ་མེས་ཀ་ཤི་མིར་ནང་ཡོང་བ་ཡིན་སྟབས་རྒྱ་གར་མི་སེར་ཡིན་ཞེས་ཡུན་རིང་པོར་ཨུ་ཚུགས་བརྒྱབ། རྒྱ་གར་གཞུང་གིས་ངོས་ལེན་མ་བྱས་པས་དེང་སང་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་འདྲ་བོ་ཡོད་ཚུལ་ཐོས། ཁོང་ཚོ་་སྤྱི་འཐུས་དགོས་ཞེས་གསུངས་ན་སྤྱི་འཐུས་འདེམས་པའི་ཐོབ་ཐང་ལ་སྤྱི་འཐུས་མང་མོས་ཐོབ་གི་རེད་བསམ་གི་འདུག
ནང་པ་སངས་རྒྱས་པ་ལ་ཁྱད་ཆོས་ཤིག་ཡོད་པ་དེ་ཆོས་ལུགས་གཞན་ལ་གུས་བཀུར་དང་མཐུན་ལམ་བྱེད་པ་དེ་རེད། སྟོན་པ་སངས་རྒྱས་རང་ཉིད་ཀྱིས་ཀྱང་། ཟླ་བ་སྒྲོན་མེའི་མདོ་ལས་འདི་འདྲ་གསུངས་འདུག འཇིག་རྟེན་ཁམས་ན་མུ་སྟེགས་ཅན་གཞན་དག །འཁོད་པ་དེ་དག་རྣམས་ལ་ཡིད་མི་སྡང་།།དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་པ།།དེ་ནི་བཟོད་པ་དང་པོའི་ཁྱད་པར་ཡིན།།ཞེས་གསུངས་ཡོད།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་ཡས་མས་སུ་རྡོར་གདན་དུ་ཆོས་ལུགས་སྒེར་སྤྱོད་པ་ཁག་ཅིག་འདུས
ནས་བོད་མི་རིགས་ཀྱི་ཆོས་ལུགས་གཅིག་དང་ཆོས་རྒྱུད་གཅིག་ཏུ་བཟོ་དགོས་པའི་བགྲོས་མོལ་བྱས་ཏེ་ཆིག་བསྒྲིལ་ཚོགས་པ་ཟེར་བ་དེ་བཙུགས་པ་དང་དེའི་ནང་དུ་ཕལ་ཆེ་བ་ནི་དགེ་ལུགས་པ་ཡིན་པ་དང་དེ་མིན་རྙིང་མའི་བླ་ཆེན་བདུད་འཇོམ་རིན་པོ་ཆེ་ཡང་སྐབས་དེར་ཡོད་པས། དེར་རྙིང་མའི་བླ་མ་ཞིག་གིས་ཁྱེད་རང་གིས་ཁྱེད་ཀྱི་ནང་མིའི་འདུན་ལམ་གྱི་ཐག་གཅོད་བྱེད་ཐུབ་ན་ལས་རཉཉིང
མ་ཡོངས་རྫོགས་ཀྱི་ཐག་གཅོད་དེ་ཁྱེད་ཀྱི་གནང་མི་ཐུབ་ཟེར་ནས་ངོ་རྒོལ་བྱས་འདུག་་་་་་བྱས་ཚང་ཤོད་སྲོལ་ལ་ཆིག་བསྒྲིལ་ཚོགས་པའི་ཁ་གཏད་ལ་ཚོགས་པ་བཅུ་གསུམ་ཞེས་གནད་ཡོད་མི་སྣ་བཅུ་གསུམ་ལས་གྲུབ་པ་ཞིག་བཙུགས་རབས་འདུག འོན་ཀྱང་སའཀབས་དེ་དུས་གུང་ཐང་ཚུལ་ཁྲིམས་ཀྱང་ཚོགས་པ་བཅུ་གསུམ་གྱི་ནང་དུ་ཡོད་པས། མཐར་ཁོང་བོད་མི་ལག་དམར་བ་ཞིག་གིས་གྲི་ཁར་བརྫངས་འདུག སྐབས་དེར་ཚོགས་པ་བཅུ་གསུམ་པར་ཐེ་ཝན་ཕོགས་ཟན་ཞེས་མིང་འདོགས་་་་དེང་སང་རྒྱ་ཡི་སོ་པ་དང་ཤུགས་ལྡན་ཕྱོགས་གཏོགས་ཅེས་པ་ལྟར་བཏགས་འདུག ད་གང་ལྟར་བོད་མི་རིགས་འདི་གོང་བུ་ཆིག་བསྒྲིལ་གྱིས་བོད་གསར་འཛུགས་བསྐྲུན་བྱརད་འདོད་ན་་་་ཁ་ཆེའི་ཐལ་སྤྱོད་པའི་བསམ་བློ་གཏོང་སྟངས་དང་རྒྱ་ནག་གིས་རྒྱ་མི་རིགས་སུ་བསྒྱུར་འདོད་་དང་བོད་མི་འགས་བོད་པ་ཐམས་ཅད་ནང་པར་བསྒྱུར་འདོད་ཀྱི་ལྟ་བ་དེ་རིགས་ནི་་གཅིག་མཚུངས་ཡིན་པས་ངེད་ཚོས་དགག་པ་མཐིལ་ཕྱིན་པ་བྱེད་དགོས།
ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཚོར་དག་སྣང་ཡོད་ཚུལ་དང་ཆོས་ལུགས་གཞན་ལ་བརྩི་བཀུར་ཡོད་ཟེར་བ་ནི་མིག་མཐོང་ལག་ཟིན་ཡིན། བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ནུས་མེད་དུ་གཏོང་མཁན་དེ་སུ་ཡིན་པར་ཤེས་དགོས། ཆོས་དགེའི
ནང་དུ་ཆོས་རྒྱུད་གང་ནས་ཡོང་མིན་ཤེས་གསལ་རེད། ཕྱི་རྒྱལ་གྱི་མཐོ་སློབ་ཁག་གིས་བོད་མིའི་བསྒྲིག་འཛུགས་ལ་ཆོས་ཀྱི་སའལོབ་དཔོན་གཏོང་རོགས་ཞུས་པར་བཙན་བྱོལ་བསྒྲིག་འཛུགས་གང་དང་གང་བཏང་ཡོད་མེད་ཤེས་གསལ་རེད། ལྡི་ལི་བོད་ཁང་ཟེར་བ་དྷ་སའི་བོད་ཀྱི་དཔེ་མཛོད་ཟེར་བ་་་་སི་པན་གྱི་བོད་ཁང་ཟེར་བ་་་ཨ་རིའི་North west tibetan cloture center ཟེར་བ་དེ་བཞིན་ཁེ་ན་ཌ་ལས་སོགས་གང་སར་བོད་སྤྱི་ཡི་ཅིག་ཅིག་མིག་ཡིན་ཟེར་སར་དགེ་རྒན་ཆོས་ལུགས་གང་གི་ཁོང་གཏོགས་ཡིན་མིན་དང་ཆོས་རྒྱུད་གང་གི་སྡེར་གཏོགས་ཡིན་མིན་་་་་ཀརྨ་པ་ལ་ཀ་ཁ་དང་་་སྤྱན་རས་གཟིགས་ལ་མ་ནིའི་ལུང་འདོན་དགོས་པ་མ་རེད་བསམ། ད་དེ་ཚོ་གཡུག་ཞོག་དེ་ལས་མཐུན་བསྒྲིལ་སྐོར་བཤད་ན་ལེགས།
བན་དེ་ལགས། ངས་ཀྱང་དེ་འདྲ་ཞིག་ཕྱོགས་ཙམ་གོ་མྱོང་མོད་ཞིབ་ཚགས་ཤིག་གཏན་ནས་གོ་མ་སོང་བས་བདེན་པ་ཡིན་མིན་ཡང་ཐག་མ་ཆོད་པར་ལུས་ཡོད། ཁྱེད་ལ་ཁ་གསལ་བཤད་རྒྱུ་ཡོད་ན་བཤད་རོགས། དཔེར་ན། ཆིག་སྒྲིལ་ཚོགས་པ་སུས་བཙུགས་པ་རེད། མགོ་ཁྲིད་སུ་རེད། ལངས་ཕྱོགས་གང་རེད། ཚོགས་པ་བཅུ་གསུམ་འཛུགས་མཁན་སུ་རེད། ལངས་ཕྱོགས་ཅི་ཞིག་རེད། ནམ་ཞིག་ལ་བཙུགས་པ་རེད། ནམ་ཞིག་ལ་འཐོར་བ་རེད། དེ་ཚོ་གསལ་པོར་བཤད་ཐུབ་བམ། ངས་ངོ་མ་ཤེས་འདོད་འདུག
སྤོབས་མཐའ་ལགས་ད་དེ་ཚོ་བཤད་ནས་ཕན་པ་ཨ་ཡོད་ན། མང་པོ་ཞིག་བསྔོག་དགོས་པ་ཐུག་གི་རེད། ཚོགས་པ་བཅུ་གསུམ་ཟེར་བ་མི་སྣ་བཅུ་གསུམ་འདུག དེ་ཚོའི་ནང་དུ་དགེ་ལུགས་དང་རྙིང་མ་བཀའ་རྒྱུད་བོན་པོ་སོགས་འདུག ཚོགས་གཙོ་དང་ཚོགས་གཞོན་དྲུང་ཡིག་ལས་སོགས་ཀྱང་དེང་སང་གི་ཚོགས་པ་ཚོར་ཡོད་པ་ནང་བཞིན་འདུག དེང་སང་ཚོགས་པ་དེ་རང་བཞིན་གྱིས་ཡལ་འགྲོ་བཞིན་འདུག་ཚོགས་མི་དག་ཀྱང་རིམ་བཞིན་འགའ་ཞིག་སྐུ་བགྲེས་ནས་ཞིང་གཞན་དུ་གཤེགས་པ་དང་འགའ་ཞིག་ད་དུང་སྐུ་དངོས་སུ་བཞུགས་འདུག དེ་ཚོའི་རིགས་་གསལ་པོར་ཞུ་རྒྱུ་ཡོད་མོད་ཡོངས་བསྒྲགས་བྱེད་འདོད་མེད། ནད་གཞི་རྙིང་པ་རེད། ད་དུང་དེབ་རིགས་ནས་ཤེས་འདོད་ན་་་་འཇུ་ཆེན་ཐུབ་བསྟན་གྱི་ལོ་རྒྱུས་དང་་་་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་བྱ་དུར་བསོད་ནམས་བཟང་པོའི་ལོ་རྒྱུས་ཀྱིདེབ་སོགས་ལ་གཟིགས་ན་ལོ་རྒྱུས་ཅུང་རྙེད་པ་འདུག
ཧཧ་་ཨ་ཁུ་སྤོབས་པ་ལགས། དེ་རིང་ཡང་ནང་པ་སངས་རྒྱས་པའི་ཆོས་འདི་གསང་སྔགས་རིག་པའི་གཞུང་ལུགས་དང་མཐུན་དགོས་ཟེར་གྱི་ཡོད་པེ། ཟླ་ཤས་གོང་དུ་་གསང་སྔགས་ཧིན་དྷི་ཆོས་ལུགས་རེད་མ་གཏོགས་ནང་ཆོས་མ་རེད་ཟེར་མཁན་གྱི་སྤོབས་པ་མཐའ་ཡས་ཟེར་བ་ཞིག་བྱུང་། ཁོ་ག་པ་ཕྱིན་པ་རེད་ཨ།་་་ཧཧཧ
ཕོ་གཏམ་ལྕགས་ཀྱི་རིལ་བུ་འདི།
སྔར་ལོ་བཤད་ཀྱང་ད་ལོར་ཡོད།
མོ་གཏམ་ས་ལེ་སི་ལ་དེ།
མདང་དགོང་བཤད་ཀྱང་དེ་རིང་མེད།་་་་ཟེར་བ་ལྟར་ཨེ་རེད།
ཤུགས་ལྡན་ཚོགས་པ་དང་ཏ་ལའི་བླ་མའི་བར་དུ་འགལ་ཟླ་མེད་པ་བདེན་ན་དོལ་རྒྱལ་ཚོགས་པས་ཁོང་གསོད་ས་རེད་ཟེར་དོན་ཅི་རེད། སྤོབས་མཐའ་་་མངོན་སུམ་ལ་སྙོན་མ་འོང་རོགས་བྱོས།
གསང་སྔགས་ཀྱི་འབྱུང་ཁུངས་སྐོར་ལ་ངས་རང་གི་འདོད་ཚུལ་ཞིག་རྒྱུ་མཚན་དང་སྦྲགས་ནས་བཤད་རྒྱུ་ཡོད། ཡིན་ན་ཡང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ལ་གསང་སྔགས་དེ་རྩ་བ་ཆེན་པོར་མི་འདོད་མཁན་གཅིག་ཀྱང་མེད་པ་རེད། འདིའི་འབྱུང་ཁུངས་ཐད་ནས་གླེང་སྐབས་ང་ལ་བོད་བརྒྱུད་པ་བྱིངས་དང་མི་མཐུན་ོཔའི་བཤད་སྟངས་ཤིག་ཡོད། ཡིན་ན་ཡང་ང་གསང་སྔགས་ཀྱི་ལྟ་གྲུབ་ཕལ་ཆེ་བ་ལ་དགའ་པོ་ཡོད། བོད་བརྒྱུད་ནང་བསྟན་པ་གསང་སྔགས་ཁས་ལེན་མཁན་ཡིན་པའི་ཆ་ནས་བོད་བརྒྱུད་ནང་བསྟན་ཀྱི་ལྷ་སྲུང་ཡིན་ན་གསང་སྔགས་རིག་པའི་གཞུང་ལུགས་དང་བསྟུན་དགོས། དེ་བོད་བརྒྱུད་ནང་བསྟན་པའི་ཡིད་ཆེས་དད་མོས་ཡིན་པའི་ཆ་ནས་དེ་ལ་གུས་བཀུར་ཞུ་དགོས་པ་རེད། དོལ་རྒྱལ་རྡོ་ཤུགས་ལ་འདི་ལ་ཆ་རྐྱེན་གཉིས་མ་ཚང་བའི་ཆ་ནས་འདི་བརྟེན་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྩ་དོན་དང་འགལ་བསྡད་འདུག རྩ་དོན་དང་འགལ་བཞིན་དུ་དགེ་ལུགས་པའི་གྲས་སུ་འཚངས་ཁ་བརྒྱབ་ན་དད་ལྡན་མང་ཚོགས་ཀྱི་དད་མོས་བརྩེ་དུང་ལ་རྡོག་རོལ་བཏང་བ་རེད། གནད་དོན་འདི་འདྲའི་སྐབས་སུ་ང་ཚོས་ལྟ་གྲུབ་དེའི་ཁུངས་རྩད་བཅད་ནས་བདེན་པའི་ཕྱོགས་སུ་འགྲེངས་དགོས་པ་རེད། ང་ནི་དོལ་རྒྱལ་དད་པ་མེད་ལ་འཇིགས་སྐྲག་ཀྱང་མེད། ཡིན་ན་ཡང་། དོལ་རྒྱལ་ཚོགས་པའི་ཆོས་སྲིད་གཉིས་ཕྱོགས་ཀྱི་གཏོར་བཤིག་ལས་ཀ་བྱེད་སྟངས་དེ་ཚོར་གཏན་ནས་མི་དགའ།
སྤོབས་པ་ལགས། དེ་རིང་ཁྱོད་ཀྱིས་བོད་རྒྱུད་ནང་པ་བྱིངས་དང་མཐུན་པའི་སྐད་ཆ་བཤད་ཀྱི་ཡོད་པེ། སོ་སོའི་ལྟ་གྲུབ་ལ་ཡིད་ཆེས་མེད་པེ། གཞན་ངོ་སྲུང་ནས་བཤད་ཀྱི་ཡོད་པེ། སྤྱི་ཚོགས་ཀྱི་ངོ་སྲུང་ནས་སྐད་ཆ་བཤད་མཁན་ཞིག་་གི་སྐྱེ་བ་ལེན་ཚར་དུས་་་དྲང་བདེན་གྱི་དགྲ་བོ་བཞག་ཆགས་ཚར་བ་རེད། རིག་པ་སྨྲ་བ་དང་རྟོག་གེ་བའི་མིང་བཏགས་ས་མེད་པ། ཧཧཧ
སྤོབས་པ་མཐའ་ཡས་ལགས། ངས་རེ་བ་ལ་ཁྱོད་ཀྱིས་ཆབ་སྲིད་ཐོག་འཛིན་པའི་ལྟ་གྲུབ་དང་ཆོས་ལུགས་ཀྱི་ཐོག་ཏུ་འཛིན་པའི་ལྟ་གྲུབ་རྣམས་རང་ཚུགས་བརྟན་པོ་སྲུང་རོགས་བྱོས། དྲང་བདེན་དང་རིག་པ་རྩ་བའི་རྩེ་ལ་བཞག་ནས་ལྟ་གྲུབ་འཆད་རོགས་བྱོས། ཆབ་སྲིད་ཐོག་ནས་བོད་རང་བཙན་འདོད་མཁན་གྱི་མི་ཞིག་རེད། ཁྱོད་ཀྱིས་ཡིན་ལ་མིན་ལ་འདྲ་ཞིག་བཤད་བཤད་ཀྱིས་ཉིན་གཅིག་ཡང་ཁྱོད་ལྟ་བ་འགྱུར་ནས་རང་བཙན་ལ་དགག་པ་རྒྱག་འོང་འགྲོ་བསམས་ནས་སེམས་འཁྲུལ་འདྲ་ཞིག་ལངས་ཡོང་གི་འདུག སྤྱི་སྟངས་བྱས་ན་མི་ཞིག་ལྟ་གྲུབ་འགྱུར་ན་ཧང་སང་ཡ་དེ་ཙམ་མེད་་་ཁྱོད་ནི་རྟོག་གེ་བ་ཞིག་རེད། རིག་ལམ་ཡོད་མཁན་ཞིག་རེད། སྐྱེ་བོ་བརྒྱ་ཕྲག་མང་པོས་དོ་ཟླ་དཀའ་བའི་མི་རེད། རྟོག་གེ་རིག་པ་བ་ཟེར་ཡ་འདི་ལས་སླ་པོ་ཞིག་རྩ་བ་ནས་མ་རེད།
ཆོས་ལུགས་པའི་སྒེར་གཅོད་ཀྱི་སྐད་ཆ་འདི་དག་ནི་བོད་ཀྱི་མཐུན་སྒྲིལ་གཏོར་བྱེེད་དང་འཆི་ལམ་དུ་འཇུག་བྱེད་རེད། དོན་དངོས་བོད་ཀྱི་མཐུན་སྒྲིལ་གཏོར་མཁན་དག་ནི་བོད་ཀྱི་གཅོོ་བདག་དག་དང་དད་པ་རིང་ལུགས་པ་ཚོ་རེད། དད་པ་རིང་ལུགས་པ་དང་དེའི་གཙོ་བདག་ཚོའི་ག་དུས་ཡིན་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་དད་པའི་འཐབ་འཁྲུག་རྒྱབ་སྟེ་བོད་འདི་ཁ་ཐོར་དགུ་ཐོར་དུ་བཏང་ཡོད།
ཁོང་ཚོས་སྒེར་གཅོད་ཀྱི་གཤིས་སྤྱོད་འདི་དག་གིས་བོན་པོ་གཙོ་བོ་གྱུར་བའི་བོད་པ་གྲངས་ཉུང་བ་རྣམས་ཞེད་སྣང་སྐྱེས་གཞི་ཆགས་ཡོད། དད་པ་ཟེར་བ་འདི་དེ་འདྲ་རེད། མི་ཞིག་གི་སེམས་ཁམས་ལ་དད་པ་ཞུགས་པ་ཡིན་ན། གནས་ལུགས་དང་བདེན་པ་ག་ཚོད་ཁས་ལེན་ཟེར་ཡང་། ཚད་གཞི་ཡོོད་ཅིང་། ལྷག་པར་དུ་ཁོ་ཚོའི་དད་འདུན་ལ་གནོད་བྱེད་ཅིག་ཡིན་དུས་གླང་ཆེན་སྨྱོན་པ་ལྟར་ཡོད་ཚད་གསོད་རྐྱང་དང་རྩ་མེད་བཟོ་རྐྱང་རེད། འདི་ནི་དད་པ་ཡི་ཆེས་ཉེན་ཚབས་ཅན་གྱི་བྱེད་ཉེས་ཡིན་པས་ང་དད་པ་མི་མོས་བའི་གནད་འགག་གཙོ་བོ་འདི་ཡིན།
དད་པ་ལ་རྒྱུ་མཚན་དང་བདེན་པ་བཤད་ས་ཡོད་བ་མ་རེད། རྒྱུ་མཚན་ནི། དད་པ་ཟེར་བ་ནི་གནས་ལུགས་ཀྱིས་གྲུབ་པ་མིན་པ་གཞན་གྱིས་ཀླད་པ་སྒྱུར་ཏེ་གྲུབ་ཕྱིན། འདོད་དང་མི་འདོད་ཟེར་བ་ལས་རྒྱུ་མཚན་བགྲང་དུ་མེད།
དེང་སྐབས་བོད་འདི་སྔ་ལས་མཐུན་སྒྲིལ་ཡོང་དགོས་དོན་ཡང་དད་པ་མིན་པ་གཙོ་བོ་རྒྱུ་ནག་གི་སྤྲད་པའི་གནོད་ཤུགས་ཀྱིས་རེད། རྒྱུ་མཚན་ནི། རྒྱ་ནག་གི་གནོད་ཤུགས་ཀྱིས་བོད་པ་ཡོངས་ཀྱི་ན་ཚ་གཅིག་པ་ཆགས་ཤིང་། ན་ཚ་གཅིག་པའི་དབང་གིས་སྡུག་ངལ་གཅིག་པ་ཆགས་པས་མཐུན་སྒྲིལ་ཡོང་བཞིན་ཡོད། འོན་ཀྱང་། དད་པ་རིང་ལུགས་པ་ཚོས་གནས་ལུགས་སྦ་གསང་བྱས་ཤིང་། དེ་ལྟར་ཡོང་བའི་དད་པའི་སྟོབས་ཀྱིས་ཡིན་ཚུལ་བཤད་ནས་མགོ་སྐོར་བཏང་བཞིན་ཡོད། དད་པའི་སྟོབས་ཀྱིས་ཡིན་ན་བོད་ས་མ་ཤོར་བའི་སྔོན་དད་པ་ཡིས་བོད་འདི་གཅིག་སྒྲིལ་བཟོ་མ་ཐུབ་པའི་རྒྱུ་མཚན་ཅི་རེད།
གྲོགས་ཨ་ནུ་ཐང་ནས་ངོ་མ་བོད་མི་རིགས་ལ་སེམས་དཀར་བའི་སྐད་ཆ་བཤད་པར་རྗེས་སུ་ཡི་རངས་ཡོད།
རེད་དད་པ་ཟེར་བ་དེ་ལག་ལེན་ལེགས་པའི་ཕྱོགས་ལ་བེད་སྤྱོད་མ་བྱས་ན་དེ་ནི་ཤིན་ཏུ་ནས་ཉེན་ཚབ་ཆེ་བ་ཞིག་རེད། ཁ་ཆེ་དང་ཡེ་ཤུ་་་་་འཇི་འུ་དང་ཁ་ཆེ་དབར་ལ་དམག་འཁྲུགས་འབྱུང་རྐྱེན་དད་པས་བྱས་པ་རེད། ད་ལྟ་ནུབ་ཕྱོགས་པ་དང་ཨ་རབ་པའི་དབར་ལ་དམག་འཁྲུགས་ཀྱང་དད་པས་བྱས་པ་རེད། རྒྱ་གར་ནང་ལ་ནང་པའི་རྟེན་ཞིག་རུལ་མང་པོར་མཐོང་རྒྱུ་ཡོད་པ་ཡང་དད་པས་བྱས་པ་རེད། དད་པ་ཟེར་བ་དེ་ལ་རྒྱུ་མཚན་ཤོད་ས་རང་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིག་པའི་ཞིབ་འཇུག་པའི་ནང་དུའང་གྲྭ་བས་ཆོས་ཕྱོགས་ཀྱི་ཞིབ་འཇུག་བྱེད་ཀྱི་ཡིན་ཟེར་ན་ཁོང་ཚོས་ནམ་ཡང་ཁས་ལེན་གྱི་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་གར་གཞུང་ལ་ཡིན་ནའང་ཆོས་ལུགས་མེད། དེ་བཞིན་བལ་ཡུལ་ཡིན་ནའང་གནའ་སྔོན་ཧིན་དྷུའི་རྒྱལ་ཁབ་ཏུ་ངོས་འཛིན་ཡོད་ཀྱང་ད་ཆ་ཆོས་ལུགས་མེད་པའི་རྒྱལ་ཁབ་ཞིག་ཏུ་བསྒྱུར་ཡོད། གང་ལྟར་རང་ཡུལ་སྐྱོངས་འདོད་དང་བསྲུང་འདོད་རང་རིགས་མཐུན་བསྒྲིལ་དགོས་ཀྱི་ཡོད་ན་དད་པའི་སྐད་ཆ་དེ་ཚོ་མ་བཤད་ན་ཡག་གི་རེད། དུས་རབས་གསར་པ་འདིར་གནའ་སྔོན་ནང་བཞིན་ཆོས་ལུགས་སྟོབས་འབྱོར་དང་རྒྱབ་བརྟེན་ཡོད་པ་ཚོས་་གྲྭ་བའི་གྲྭ་ཁྲལ་དང་དགོན་པ་ཕར་བསྒྱུར་ཚུར་བསྒྱུར། གསེར་ཡིག་དང་ཐེམ་ཀ་ཞྭ་མོ་ལས་སོགས་ངོམ་འཕྱར་གྱིས་དབང་བསྒྱུར་བྱེད་ཐུབ་ཐབས་ནམ་ཡང་མེད། རང་ལ་དབང་ཡོད་རྒྱབ་རྟ྄ེན་ཡོད་དུས་སུ་བསྒྱུར་མ་ཐུབ་ནས་ལུས་དུས་ད་ནི་ཆོས་ལུགས་བསྒྱུར་གྱི་ཡིན་ཟེར་བ་དང་མགོ་འཁོར་གཏོང་རྒྱུ་སོགས་ནི་གཉིད་སྐྱིད་པའི་རྨི་ལམ་རང་རེད།
བོན་པོ་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཡིན་པའི་སྒྲུབ་བྱེད་ག་རེ་ཡོད།
བོན་པོ་ཟེར་བ་ཞིག་གཞི་གྲུབ་པ་མ་རེད།
གཅོད་པ་ལགས། གཤམ་གྱི་དྲ་ཐག་འདིར་གཟིགས་རོགས། དེ་ནས་གཙོ་བོ་བོད་འདི་རྒུད་པ་ལས་ཐར་ཐབས་གླེང་རོགས། ཐེངས་འདིའི་བརྗོད་གཞི་དང་མི་གྱེས་པར་གཞོགས་འདེགས་ཡོད་པ་ཞུ།
http://www.khabdha.org/?p=58765&cpage=2
གཤམ་གྱི་ཚན་པ་འདི་ནི་བོད་རིང་ལུགས་ལས་བཤུས་ཏེ་སྤྱན་ཕུལ་ཞུས་པ་ཡིན
བོད་རིང་ལུགས་གཞུང་ལུགས་དེ་གོང་ཞུས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་ཁས་ལེན་པའི་ཁྲིམས་ལུགས་དང་གཅིག་མཚུངས་ཡིན་པ་དང། རང་ཉིད་སྲ་ཞིང་མཁྲེགས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྨང་གཞིའི་སྟེང་ཆགས་ཐུབ་པ་བྱུང་བའི་རྒྱུ་མཚན་གཙོ་བོ་ནི། བོད་རིང་ལུགས་ནི་བོད་མི་རིགས་རང་གི་གནའ་བོའི་དུས་ནས་བཟུང་བོད་མི་དམངས་ལ་དབང་བའི་རང་བཙན་དང་བདག་དབང་གི་ཆབ་སྲིད། དཔལ་འབྱོར། དམག་དོན། ཁྲིམས་ལུགས་སོགས་ཕྱོགས་ཚང་མ་ཧྲིལ་བོ་གཅིག་གྱུར་གྱི་རྒྱལ་ཁབ་གདོས་བཅས་སུ་གྲུབ་པའི་ལོ་རྒྱུས་ཀྱི་གཞུང་ལུགས་སྙིང་བསྡུས་ཡིན། བོད་རིང་ལུགས་རང་ཉིད་ནི་རྒྱལ་སྤྱིའི་ཁྲིམས་ལུགས་གཏན་འབེབས་དང་ཁས་ལེན་བྱས་པའི་ཁྲིམས་ལུགས་ཐོབ་ཐང་དེ་དག་བོད་ཅེས་པའི་ཁོར་ཡུག་ངེས་ཅན་འདིའི་ནང་དངོས་སུ་མཚོན་པ་ཞིག་ཀྱང་རེད། རྒྱལ་སྤྱིའི་ཁྲིམས་ལུགས་དག་བོད་དོན་ཐད་ཀྱི་ཞིབ་ཕྲའི་བཀོད་སྤྱོད་དུའང་ངོས་འཛིན་བྱ་རུང་། དེ་ལྟ་བས་ན། བོད་ཀྱི་གནད་དོན་དེ་གཞུང་ལུགས་ཀྱི་ལམ་ནས་བོད་རིང་ལུགས་སུ་མདོར་བསྡུས་དང་གཞུང་ལུགས་དེའི་སློབ་སྟོན་འོག་གི་བོད་མི་རིགས་རང་བཙན་དང་བཅིངས་འགྲོལ་གཏོང་རྒྱུའི་བདེན་པའི་འཐབ་རྩོད་དེ་ནི་“གཅིག་གྱུར་གྱི་རྒྱལ་ཁབ”ཅིག“ཁ་བྲལ”དུ་གཏོང་གི་མེད་པར། རང་ཉིད་ལ་གདོད་མའི་དུས་ནས་ཡོད་པའི་དེང་སང་རྒྱ་ནག་ཀྲུང་གོ་དེང་གཞུང་གིས་བཙན་འཕྲོག་བྱས་པའི་རང་བཙན་སླར་གསོ་དང་བདག་དབང་བསྐྱར་འཛུགས་བྱ་རྒྱུ་དེ་ཡིན། བོད་རིང་ལུགས་ཀྱིས་རྒྱ་ནག་ཀྲུང་གོ་ལའང་གནོད་འཚེ་ཅི་ཡང་བསྐྲུན་མི་སྲིད་པར། བོད་རྒྱ་གཉིས་ཀྱི་གནའ་དུས་ནས་ཡོད་པའི་འབྲེལ་བའི་ངོ་གདོང་ངོ་མ་ཇི་བཞིན་སོ་སོ་ལ་གང་ཡོད་པ་དེ་རེག་པ་ཙམ་དང་། རང་རང་གི་གོ་ས་དང་གནས་བབ་ཕྱིར་རང་རང་སོ་སོར་དབང་བ་དེ་རེད། དེ་བས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྨང་གཞིའི་ཁྲིམས་ལུགས་དང་བོད་རང་ཉིད་ཀྱི་ལོ་རྒྱུས་ངོ་མ། དེ་མིན་བོད་རྒྱ་གཉིས་ཀྱི་དེ་སྔོན་གྱི་འབྲེལ་བ་དངོས་ལ་གཞིགས་ན། བོད་ཀྱི་གནད་དོན་དེ་རྒྱ་ནག་ཀྲུང་གོའི“ནང་སྲིད”ཀྱི་གནད་དོན་ཞིག་རྩ་བ་ཉིད་ནས་ཡིན་མི་སྲིད་པར་མ་ཟད། “ཁ་བྲལ་རིང་ལུགས་པ་ཉུང་ཤས་ཤིག”གིས་གནད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་བ་དེ་བས་ཀྱང་མིན་ལ། བོད་ཀྱི་གནད་དོན་དེ་བྱུང་མ་ཐག་ནས་རང་བཞིན་གྱིས་རྒྱལ་སྤྱི་ཅན་གྱི་གནད་དོན་ཞིག་ཡིན་ཞིང་། འགྲོ་བ་མི་ཐུན་མོང་འདྲ་མཉམ་ངང་གནས་རྒྱུར་དོ་ཁུར་ཡོད་པའི་ཆ་ནས་ཡོངས་ཁྱབ་རྩ་དོན་དང་ཐུག་པའི་གནད་དོན་ཞིག་རེད། དེ་འདྲ་ཞིག་ཡིན་པའི་རྐྱེན་གྱིས། བོད་རིང་ལུགས་གཞུང་ལུགས་ཀྱི་དར་སྲོལ་དུ་གཏོང་བ་དང་བརྩོན་ལེན་བྱེད་ཀྱིན་པ་ནི་འགྲོ་བ་མི་ཡོངས་ཁྱབ་ཀྱི་ཐུན་མོང་གི་གཞི་རྩའི་རྩ་དོན་དེ་ཡིན། དེ་བས་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་གི་ཁྲིམས་ལུགས་སྲུང་སྐྱོབ་དང་ཁག་ཐེག་བྱས་ཡོད་པ་རེད།
བན་དེ་ཡིས་ངའི་སེམས་ནས་བསམ་པ་ནང་བཞིན་ཁ་གསབ་བྱས་འདུག ཐུགས་རྗེ་ཆེ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་། 1723 (XVI)
༡༩༦༡ ལོར་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་ ༡༦ པའི་སྐབས་སུ་ཨལ་སལ་བར་ཀྲོར་དང་། མ་ལ་ཡ། ཨར་ལན། ཏའི་ལན་ཌ་བཅས་རྒྱལ་ཁབ་བཞི་ནས་བོད་དོན་ཞུ་བརྒྱུད་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༩ དང་ ༢༠ སོ་སོར་ཚོགས་ཆེན་རྒྱལ་འཛོམས་ཐེངས་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་གྱི་གཏན་ལ་ཕབ་པའི་གྲོས་ཆོད་གཤམ་གསལ།
༡༩༥༩ ལོའི་ཕྱི་ཟླ་༡༠ པའི་ཚེས་༢༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་ ༡༤ པའི་སྐབས་སུ་བོད་དོན་སྐོར་གྲོས་ཆོད་ཨང་༡༣༥༣ བཞག་པར་དྲན་གསོ་བྱ་རྒྱུ། བོད་དུ་བོད་མི་མང་གི་གཞི་རྩའི་འགྲོབ་བ་མིའི་ཐོབ་ཐང་རྩ་འགལ་དང་། ཁོང་ཚོས་སྔར་ནས་སྲོལ་འཛིན་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནས་སྟངས་ཐོག་རུ་བཙན་གནོན་ཀྱི་གནས་ཚུལ་རྒྱན་བསྡུན་དུ་ཡོད་པ་འདི་ལ་བློ་ཕམ་ཧ་ཅང་གི་ཆེན་པོ་ཡོད། གནས་ཚུལ་འདི་དག་གིས་རྐྱེན་པས་བོད་མི་མང་ལ་དཀའ་སྡུག་ཤིན་ཏུ་ཆེན་པོ་བྱུང་བ་ནི་ཁྱིམ་ཚེས་རྒྱལ་ཁབ་ཁག་ཏུ་བོད་མི་བཙན་བྱོལ་བ་ཕོན་ཆེ་བྲོས་འབྱོར་ཡོང་མུས་ནས་ར་འཕྲོད་ཡོད་པ་ལྟར་འདི་ཐད་ལ་སྙིང་ནས་བློ་གཡེང་ཆེ་བའི་མཐོང་ཚུལ་ཞིག་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། ཡོངས་ཁྱབས་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་གསལ་བའི་མི་མང་ཡོངས་དང་། རྒྱལ་ཁབ་ཁག་གི་རང་ཐག་རང་གཅོད་ཀྱི་རྩ་དོན་དང་བཅས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རང་དབང་རྩ་འགལ་དང་། རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེ་དང་། མི་མང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་བའི་བློ་ཕམ་གྱི་གནད་དོན་འདི་དག་ལ་བསམ་ཞིབ་བྱས་པར།
༡།ཁྲིམས་ལུས་དྲང་འཛིན་གྱི་ཐོག་ནས་འཛམ་གླིང་ཞི་བདེ་གོང་སྤེལ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་བཀུར་ངེས་པར་དགོས་པ་ཡིན་ཞེས་བསྐྱར་ནན་ཆེན་པོས་བརྗོད་རྒྱུ།
༢།བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་བཙན་འཕྲོགས་བྱེད་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་ཞེས་སླར་ཡང་དོ་གལ་ཆེན་པོས་འབོད་སྐུལ་བྱ་རྒྱུ།
༣།འཐུས་མིའི་རྒྱལ་ཁབ་ཁག་ནས་ད་ལམ་གྱི་གྲོས་ཆོད་འདིའི་དོན་གནད་རྣམས་འགྲུབ་ཕྱིར་འོས་ཤིང་འཚམས་པའི་ཐབས་ཤེས་ཅི་ཡོད་ཕྱག་ལེན་མཛད་རྒྱུར་རེ་འདུན་ཞུ་བཞིན་ཡོད།
UN Resolution 1723
Malaya, Thailand, Ireland and El Salvador requested 2nd consideration of “The Question of Tibet” in the UN General Assembly. Resolution 1723 (XVI) was adopted by the General Assembly by a vote of 56 to 11, with 29 abstentions.
20 December 1961
The General Assembly,
Recalling its Resolution 1353 (XIV) of 21 October 1959 on the question of Tibet,
Gravely concerned at the continuation of events in Tibet, including the violation of the fundamental human rights of the Tibetan people and the suppression of the distinctive cultural and religious life which they have traditionally enjoyed,
Noting with deep anxiety the severe hardships which these events have inflicted on the Tibetan people, as evidenced by the large-scale exodus of Tibetan refugees to the neighbouring countries,
Considering that these events violate fundamental human rights and freedoms set out in the Charter of the United Nations and the Universal Declaration of Human Rights, including the principle of self-determination of peoples and nations, and have the deplorable effect of increasing international tension and embittering relations between peoples,
1. Reaffirms its conviction that respect for the principles of the Charter of the United Nations and of the Universal Declaration of Human Rights is essential for the evolution of a peaceful world order based on the rule of law;
2. Solemnly renews its call for the cessation of practices which deprive the Tibetan people of their fundamental human rights and freedoms, including the right to self-determination;
3. Expresses the hope that Member States will make all possible efforts, as appropriate, towards achieving the purposes of the present resolution.
Remarks from various countries:
Remarks by the United Kingdom
Remarks by the United States
http://www.sherab.org/?p=6549
གོང་གི་གྲོས་ཆོད་དེའི་ཡིག་སྒྱུར་བ་་ནགས་ཕྲན་པ་བསོད་ནམས་ཚེ་རིང་ལགས་རེད་འདུག མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ཡང་ཉམ་ཆུང་མི་རིགས་ང་རང་ཚོ་ལྟ་བུ་ལ་ལག་ལེན་ཡོང་ཁག་པོ་ཡིན་པར་འདྲ། ཡིན་ཀྱང་ང་རང་ཚོ་ལ་འགྲོ་ལམ་ཉག་གཅིག་ཡོད་པ་ནི་འདིར་རེད་འདོད།
བློ་མཐུན་ཚོས་མུ་མཐུད་ནས་དགོངས་ཚུལ་གསུངས་རོགས་བྱོས།