(མིང་དངོས་ཡིན་མིན་མི་ཤེས་པའི་གཡང་ལགས་ཞེས་པ་ཞིག་ལ་ལན་དུ་སྨྲས་པ་ཡིན།)
ཡུན་རིང་ལ་བཟོད་སྒོམ་ཡོད་མདོག་དང་ཡུན་རིང་ལ་སྣང་མེད་ཨུ་ཚུགས་ཀྱིས་རང་གི་ལམ་སྣ་ནས་རང་གིས་རང་ལ་བློ་སྤོབས་སྦྱིན་ཞོར་ལོ་ངོ་གང་མང་ཞིག་བུད་སོང༌། ལོ་ངོ་གང་མང་གི་རིང་ལ་དུས་ཚིགས་རེ་རེ་ལ་རང་གི་རྩོམ་ཡིག་ལེགས་ཉེས་དང་ཡག་བཙོག་གང་འདྲ་ཞིག་སྤེལ་ཡང་ཀློག་པ་པོ་ཚོ་དང་དགའ་སྡུག་ཡག་བཙོག་གི་འབྲེལ་ལམ་རྒྱུད་དེ་ཡོང་བ་ནི་ནམ་ཡང་ཕྱིར་དྲན་བྱ་འོས་པ་ཞིག་ཏུ་འདོད་ཀྱིན་ཡོད། སྤྱི་ལོ་༢༠༠༤ ལོ་ནས་ཀློག་ཀླད་ཟེར་བའི་འཇིག་རྟེན་གཞན་ཞིག་གི་ཁྲོད་ནས་མི་ཚང་མའི་རྣམ་ཤེས་དང་བླ་སྲོག་མཉམ་དུ་འཚོ་ཐུབ་པའི་འཚོ་བ་འདི་ཐོག་མར་མཐོང་བ་ཡིན། སྤྱི་ལོ་༢༠༠༤ལོ་ནས་གཞི་ནས་ངས་རང་གི་རྣམ་ཤེས་དང་བླ་སྲོག་འཁོར་ས་ཀློག་ཀླད་དང་དྲ་རྒྱའི་ནང་གི་བདག་གི་ཀློག་པ་པོ་ཚོ་ཡིན། བོད་ཕྱི་ནང་གི་ཀློག་པ་པོ་མང་པོ་ཞིག་གིས་ངའི་འཚོ་བ་དང་ལང་ཚོ། བསམ་བློ་དང་རྩོམ་གཤིས་སོགས་ལ་སྐད་ཆ་བདེན་རྫུན་གང་བཤད་ཀྱང་ངས་ཁོང་ཚོས་གང་བརྗོད་པ་ཡོད་ཚད་སེམས་དང་བསམ་པར་ཉར་ནས་མིག་དང་མཆི་མར་བཅོལ་ནས་ཡོང༌། ང་རང་ཕམ་ཉེས་ཀྱི་བར་ནས་འཇིག་རྟེན་ལ་མུ་མཐུད་ནས་གདོང་གཏད་མི་ཕོད་དུས་ཀྱང་བདག་གི་ཀློག་པ་པོ་ཚོའི་དྲོད་ཁོལ་གྱིས་ཟིན་པའི་འཕྲིན་པ་དང་ཚིག་འབྲུ་རེ་རེ་ཡིས་ང་རང་བསྐྱར་དུ་གསོས་ནས་ཡོང་ལ། ང་རང་རྒྱལ་ཁ་དང་སྤྲོ་སྐྱིད་བར་དུ་ཡོད་དུས་ཀྱང་ཀློག་པ་པོ་ཚོའི་བདེ་སྡུག་དང་སེམས་ཚོར་ལ་ཉན་ནས་ཡོང༌། མདོར་ན།་ ང་རང་གིས་རང་ལ་སྤྲད་པའི་མི་ཚེ་འདིའི་ལེགས་སྐྱེས་ངོ་མ་ནི་ལོ་ངོ་འདི་དག་ནང་གི་ཀློག་པ་པོ་ཚོས་བདག་ལ་བྲིས་གནང་བའི་བརྒྱ་ཕྲག་མང་པོ་དེ་ཡིན། དེ་དག་གིས་ནི་ང་ནམ་ཡང་གསོན་པར་བྱས་ཡོད། དེ་དག་གིས་ནི་ང་རང་གཞན་གྱི་མདུན་ནས་མིག་ཆུ་མེད་པའི་མི་ཞིག་ཏུ་ཡིན་མདོག་མདོག་བྱས་ཡོད། རང་གི་ངོས་ནས་ཀློག་པ་པོས་ཅི་བཤད་རུང་ང་ནི་བདག་གི་ལམ་ཁར་འགྲོའོ་ཟེར་བའི་སྐད་ཆའི་ཚིག་གྲུབ་འདི་ནི། ཀློག་པ་པོ་དང་བརྩེ་དུང་མ་ཆགས་པའི་མི་ཚོའི་སྐད་ཆ་སྐམ་པོ་ཞིག་རེད་འདོད་པའི་ངེས་ཤེས་རྙེད་ལ། ཀློག་པ་པོ་དང་རང་གི་བར་ཏུ་བརྩེ་བའི་རྒྱུན་ཐག་ཅིག་མུ་མཐུད་ནས་སྲིངས་ནས་ཡོང་ཚེ། གཞི་ནས་འཚོ་བའི་ཁྲོད་ནས་ཆེས་བརྩི་བཀུར་དང་དོ་སྣང་བྱེད་ས་ཡང་ཀློག་པ་པོ་ཚོའི་སེམས་ཚོར་དང་བསམ་ཚུལ་དག་ཡིན། ང་རང་གི་རྩོམ་གཤིས་དང་ཚིག་རྙོག ཡིག་ནོར་སོགས་ཀྱི་ཐད་ལ་ལེགས་ཉེས་ཀྱི་སློབ་སྟོན་དང་ལམ་སྟོན། སྐུལ་མ་དང་སྐྱོན་བརྗོད་ཇི་ལྟར་བྱས་ཀྱང་དེར་ངོས་ལེན་གྱིས་ཁུ་སུམ་མེར་བསྡད་མྱོང་མོད། མི་གཤིས་དང་སྒེར་གྱི་འཚོ་བར་གནོད་པའི་བསམ་ཚུལ་དང་གོ་ལོག་གི་སྐད་ཆ་ཁ་ཤས་ལ་ངས་ཅིས་ནས་ཀྱང་ལན་འདེབས་དང་གསལ་བཤད་ལྟ་བུ་བྱ་འདོད་བྱུང་བས། དེ་རིང་ངས་ཆེས་ཐོག་མ་དང་ཆེས་མཐའ་མའི་གསལ་བཤད་ཐེངས་གཅིག་བྱ་འདོད་བྱུང༌།
ངའི་ཟིན་བྲིས་ཨ་མྱེས་ཀྱི་གཏམ་རྒྱུད་ཅེས་པའི་གཤམ་དུ་དངོས་མིང་དང་དྲ་མིང༌། ཡང་ན་སྨྱུག་མིང་སོགས་གང་ཡིན་ཡང་གཡང་ལགས་ཞེས་པ་ཞིག་གིས། འཚོ་བ་དངོས་ནང་ང་ཁྱེད་ངོ་མི་ཤེས་མོད་དྲ་བའི་ལམ་དེ བརྒྱུད་ནས་ངས་ཁྱེད་ཧ་གོ་བ་དང་རྒྱུས་ཕྲན་བུ་ལོན་སོང༌། ཞེས་ཚིག་མགོ་བཟུང་ནས་ངས་སྔར་ལོ་སྤྱི་ཟླ་བཅུ་བའི་ནང་དུ་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མཇལ་འཕྲད་མ་གནང་བའི་སྐོར་ལ་ཧི་གཟུགས་ཟིན་བྲིས་ནང་ཟིན་བྲིས་ཤིག་སྤེལ་བ་ཡིན་ལ། དོན་དངོས་ཀྱི་གནད་དོན་ངས་བོད་ནང་དུ་བསྒྲགས་པར་ཁོང་གིས་ངས་བོད་ནང་གི་གཞིས་ལུས་མི་མང་གི་སེམས་ཤུགས་བཅག་སོང་བས། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བའི་དཔེ་ལྟར་བོད་ནང་གི་བོད་མི་མུན་པའི་མཐའ་ལ་སྐྱེལ་འདུག་ཅེས་ང་རང་གི་ལྐུགས་རྟགས་བསྟན་པ་དང་ང་རང་གིས་ངའི་ཀློག་པ་པོའི་ཁོར་ཡུག་ལ་བསམ་གཞིགས་ཏིལ་འབྲུ་ཙམ་ཡང་བྱེད་ཀྱིན་མེད་པར་བརྗོད་འདུག སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་མ་བྱུང་བ་དེ་ནི་སྐབས་དེའི་དོན་དངོས་ཡིན་ལ། དོན་དངོས་དེ་ལས་བརྒལ་བའི་རྟོགས་བཟོ་དང་འཆར་ཡན་གྱི་གནས་ཚུལ་སྤེལ་དགོས་དོན་ངས་གཏན་ནས་མཐོང་གི་མེད་ལ། མི་ལོ་༥༠ལྷག་གི་༧གོང་ས་མཆོག་གི་བཙན་བྱོལ་གྱི་འཚོ་བའི་ནང་དུ་རྒྱ་ནག་གིས་བདེན་རྫུན་དང་འཁྱོགས་བརྗོད་ཇི་ལྟར་བྱས་ཀྱང༌། གསེར་ས་འོག་ཏུ་ཡོད་པ་འོད་ནམ་མཁར་འཕྲོ་བའི་དཔེ་ལྟར། ༧གོང་ས་མཆོག་སྔར་བཞིན་ཨེ་ཤ་ཡའི་སྤྱི་གཙུག་ནས་བརྒལ་ཏེ། སའི་གོ་ལ་ཞེས་པའི་རྐང་འོག་གི་འཇིག་རྟེན་འདིར་ཁོང་གི་རླབས་ཆེན་གྱི་དགོངས་པ་དང་ཁོང་གི་ཀུན་ཁྱབ་ཀྱི་སེམས་ཁུར་གསལ་ལྷང་ངེར་བྱུང་ཡོད། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་དད་ཞེན་དེ་ང་ལྟ་བུའི་ཕལ་བའི་ཕལ་བ་ཞིག་གི་སྐད་ཆས་མེད་པར་གཏོང་ནུས་ན། ལོ་ངོ་༥༠ལྷག་རིང་གི་བོད་ནང་གི་བོད་མིའི་ཁྲག་དང་མིག་མཆུའི་རྒྱུན་ཐག་ཀྱང་སྔ་མོ་ནས་ཆད་ཚར་ཡོད་པ་རེད། ཡིན་ན་ཡང་མི་ལོ་༥༠འདས་པའི་དེ་རིང་ཡང་བོད་ནང་གི་བོད་མིའི་དད་ཞེན་གྱིས་བཏེགས་ཤིང་རིགས་ཞེན་གྱིས་བསླངས་བའི་རྣམ་ཤེས་དང་བླ་སྲོག་སྔར་བཞིན་གངས་མཐོ་བོའི་རྩེ་རུ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་རེད་ལ། འབྱུང་འགྱུར་ཡང་༧གོང་ས་མཆོག་གཙོས་པའི་རང་གཞུང་གི་བཙན་བྱོལ་བོད་མིའི་གནས་སྟངས་ཕྱི་གསལ་ནང་གསལ་གྱུར་ཡང་ཁོང་ཚོའི་དད་ཞེན་དང་སེམས་ཤུགས་སྔར་བཞིན་གངས་མཐོ་བོའི་རྩེ་རུ་འཛམ་གླིང་མི་མང་གིས་མཐོང་བའི་ཡིད་ཆེས་ཡོད།
གཞན་ངས་འདིར་གཡང་ལགས་ཞེས་པ་ཁྱེད་ཀྱི་ཀུན་སློང་ལ་ཚ་འདྲི་ཞིག་བྱ་འདོད། བོད་ནང་གི་ཧི་གཟུགས་ཟིན་བྲིས་དང་མཆོད་མེ་ཟིན་བྲིས། བོད་སྐད་ཡིག་གི་ཟིན་བྲིས། གཞན་སེང་རྡོར་དྲ་བ་དང་འོད་དཀར་དྲ་བ། ན་གཞོན་གསར་བའི་དྲ་བ་དང༌། དགེ་མདུན་ཆོས་འཕེལ་གྱི་དྲ་བ། གངས་ལྗོངས་གཞོན་ནུའི་གླེང་སྟེགས། ད་དུང་རྒྱ་ཡིག་ནང་ཡོད་པའི་བོད་ཀྱི་རིག་གནས་དྲ་བའི་ཟིན་བྲིས་སོགས་སུ། ཕྱི་སྡོད་བོད་མི་ཟིན་བྲིས་པ། དབུས་ཕྲུག་ཚེ་རིང་དང༌། ཁ་བ་དཀར་པོ། ཨ་རིག་དགེ་མཐོང༌། འོད་དཀར། ལྷ་སྡེ་གནམ་ལོ་ཡག མགུར་འབུམ་རྒྱལ། བསོད་ནམས་འོད་ཟེར་སོགས་གཙོས་པའི་མང་པོ་ཡོད་པ་རེད་ལ། སྐབས་དེར་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་མ་བྱུང་བའི་དོན་དངོས་ཀྱི་གསར་འགྱུར་དང་ཚོར་སྣང༌། དཔྱད་བརྗོད་སྤེལ་མཁན་ང་ཁོ་ན་གཏན་ནས་མིན་ལ། གསར་འགྱུར་ཐོག་མར་བརྗོད་མཁན་ཡང་ང་ཆགས་མེད་མོད། ཡིན་ན་ཡང་ཕྱི་སྡོད་བོད་མིའི་ཟིན་བྲིས་པ་འདི་དག་ཚང་མས་ཁྱེད་ཀྱིས་གོང་ནས་བཏོན་པའི་བསམ་ཚུལ་དང་ཀུན་སློང་དེ་ལྟ་བུ་དུས་ནམ་ཡང་བཅིངས་ཀྱིན་མེད་པ་ངས་ཁོང་ཚོའི་ཚབ་བྱེད་ནས་ཁྱེད་ལ་ཁག་ཐེག་བྱས་ཆོག
གཉིས་པ་དེ་ལ། གཡང་ལགས་ཞེས་པས། ངས་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་སྦྱར་བྱང་ཞིག་དྲ་བ་གང་སར་སྤེལ་འདུག་ལ། སྦྱར་བྱང་དེའི་ཁྲོད་དུ་མ་གཞི་ནས་བོད་ཡིག་གི་ཡིག་འབྲུ་ཁ་ཤས་ཤིག་མ་གཏོགས་མེད་ཀྱང༌། དེ་དག་གི་ཁྲོད་དུ་ཡིག་ནོར་རིམ་པས་བསྟར་འདུག་པས། ངས་དེ་མ་ཐག་ཏུ། རྒྱ་ནག་གཞུང་གི་དྲ་རྒྱ་ཁག་གི་ནང་དུ་ཡང་གླེང་གཞི་ཆགས་ཡོད་པ་དང༌། གཞིས་ལུས་བོད་མི་ཚོས་ཀྱང་སྤོབས་པ་བྱེད་ས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་ཚོགས་པ་ཆེ་ཤོས་ཆགས་ཡོད་པ་ཞིག་གིས། བོད་ཡིག་དང་བོད་སྐད་མང་མང་ཞིག་བེད་སྤྱོང་གཏོང་རྒྱུ་དང་ཡང་ངེས་པར་དུ་གཏོང་དགོས་པའི་བསམ་ཚུལ་མེད་ཀྱང༌། ལོ་རེར་ནང་ལ་སྦྱར་བྱང་གཅིག་གཉིས་རེ་སྤེལ་བཞིན་པའི་ཐོག་ཏུ་ཡང་བོད་ཡིག་དེ་སྣང་མེད་དང་ཁེར་རྐྱང༌། རིན་མེད་ལྟ་བུའི་ངང་ནས་བོད་ཡིག་གི་ཡིག་འབྲུ་རེ་རེ་ལ་བཙན་གཡེམ་དང་ལོག་སྤྱོང་བྱས་པ་མཐོང་བས། བོད་ཀྱི་རྩ་དོན་དང་བོད་ཀྱི་ཤི་གསོན་གླེང་མཁན་གྱི་ཚོགས་པ་ཆེན་པོ་ཞིག་གིས། རང་ཉིད་ཀྱི་མིག་མདུན་དང་རང་ཉིད་ཀྱི་ལག་མགོ་རུ་ཡོད་པ། རང་གི་བླ་སྲོག་དང་རང་གི་རྩ་དོན་ལ་ཆགས་ཡོད་པའི་བོད་ཡིག་དེ་ཡང་ཧ་ཅང་གིས་སྣང་མེད་དུ་བེད་སྤྱོད་བྱེད་བཞིན་པའི་ཚོར་བས་ངས་ཁོང་ཚོ་ལ་རེ་བ་ཞིག་ཞུས་པ་ཡིན་ལ། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་དེ་ནི་ཚད་ལས་བརྒལ་བའི་རེ་བ་ཞིག་ཀྱང་རེད་བསམ་གྱིན་གཏན་ནས་མེད། ཡིན་ཡང༌། ཁྱེད་ཀྱིས་ང་ལ། བོད་མིའི་བར་ཏུ་དཀྲུགས་ཤིང་དང༌། བོད་དོན་ཐད་ལ་ལས་འགུལ་སྤེལ་མཁན་ཚོའི་སེམས་ཤུགས་རྨེག་མེད་དུ་གཏོང་མཁན། ང་རང་བོད་མིའི་སྤྱི་ཚོགས་ཁྲོད་དུ་དཀྲུགས་ཤིང་དང་བོད་མིའི་སེམས་ཤུགས་མེད་པར་གཏོང་བའི་ལས་ལ་ཧ་ཅང་གིས་ཧུར་བ་འདུག་ཅེས་བརྗོད་འདུག་པ་དེའི་རྒྱབ་ལོག་ནས་ངས་གོ་བ་ལོན་པ་ནི། བོད་ཡིག་ལ་བོད་མི་རང་གིས་བཙན་གཡེམ་དང་ལོག་སྤྱོད་བྱེད་བཞིན་པ་དེ་འགྲིག་འདུག་པའི་སྲོལ་བཤད་འདུག་ལ། བོད་དོན་ཐད་ལ་བོད་མིའི་ལས་ཀ་བྱེད་ན་དེ་ལ་རིན་པ་དགོས་པ་ལྟ་བུ་བཤད་ཀྱིན་འདུག བོད་མི་སུ་ཞིག་གིས་དེ་རིང་བོད་དོན་སྒང་ལ་ལས་ཀ་ག་རེ་བྱེད་ཀྱང་བོད་མི་ཚང་མ་དེའི་རྒྱབ་ལོགས་སུ་ལངས་ནས་བོད་དོན་སྒྲུབ་རྒྱུ་ལས། བོད་མི་དེ་ལ་འབབ་པའི་རིན་པ་ནི་གང་ཡང་སྤྲོད་དགོས་པ་མཐོང་མ་སོང༌། ང་ཚོ་བོད་མི་ཞིག་གི་སྐྱེས་པ་བླངས་པ་ནས། བོད་དོན་འཐབ་རྩོད་ཐད་ལ་ལས་ཀ་ག་རེ་བྱེད་ཀྱང་དེ་མཐར་བཏུགས་ན་བོད་མི་སྒེར་སོ་སོའི་ཁེ་ཕན་དང་བོད་མི་སྒེར་སོ་སོའི་ལས་འགན། བོད་མི་སྒེར་སོ་སོས་ངེས་པར་དུ་བྱ་དགོས་པ་ཞིག་བསམ་གྱིན་ཡོད། ང་ཚོ་ལ་རང་རང་ལ་དབང་བའི་ཕ་ཡུལ་དང༌། ང་ཚོའི་བུ་རབས་ཚ་རྒྱུད་ཀྱང་རང་ཉིད་ཀྱི་ཕ་ཡུལ་ཞེས་མིག་གི་མཐོང་ཡ་དང་ལག་པས་འཆིང་ཡ་མེད་དོན་ག་རེ་རེད་དམ། དེ་བས་བོད་ཀྱི་གནད་དོན་ཐད་ལ་བོད་མི་ཞིག་གིས་ལས་ཀ་བྱ་རྒྱུ་ནི་རང་ལ་ཕ་ཡུལ་ཞེས་ལོག་ས་ཞིག་ཡོད་ཆེད་དང་རང་གི་བུ་རབས་ཚ་རྒྱུད་ལ་ཡང་ཕ་ཡུལ་ཞེས་འབོད་ས་ཞིག་ཡོད་ཆེད་རང་རང་སོ་སོའི་ངོས་ནསབོད་དོན་ཐད་ལ་ལས་ཀ་བྱ་རྒྱུ་ནི་གཡོལ་ས་མི་འགྲོ་བའི་ལས་ཀ་ཞིག་རེད། ད་དུང་ངས་འདིར་གསལ་བོར་བརྗོད་རྒྱུ་ཞིག་ནི། བོད་ཡིག་བེད་སྤྱོད་གཏོང་དགོས། བོད་ཡིག་མཁོ་མེད་དུ་གཏོང་མི་ཉན། སྐད་དང་ཡི་གེ་ཉམས་འགྲོ་གིན་འདུག ང་ཚོའི་རིག་གཞུང་རྒྱ་མིས་རྩ་བརླག་གཏོང་གི་འདུག རྒྱ་ནག་གིས་ང་ཚོའི་སྐད་དང་ཡི་གེ་བེད་སྤྱོད་བྱེད་སའི་ཁོར་ཡུག་སྤྲོད་ཀྱིན་མི་འདུག་ཟེར་ནས་མི་ལོ་༥༠རིང་ལ་སྡུག་སྨྲེ་འདོན་མཁན་ང་ཚོ་རེད་ལ། ག་དུས་ཡིན་ཡང་ཁ་མར་འཁོར་ནས་མང་ཚོགས་ལ་སྐད་ཆ་བཤད་མཁན་གྱི་མི་སྒེར་དང་ཚོགས་པ་དེ་ཚོ་རེད། ཁ་ཕྱིར་འཁོར་ནས་དྲི་བ་ཞིག་དྲིས་ན་ཁ་ཚུར་འཁོར་ནས་བཤད་མཁན་དེ་ཚོས་ག་རེ་བྱེད་ནས་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་མ་རེད་དམ། ག་རེ་བྱེད་ནས་བོད་ཡིག་སྣང་མེད་གཏོང་གིན་ཡོད་པ་རེད་དམ། བོད་ཡིག་ལ་བརྩི་བཀུར་མེད་པ་རེད་དམ། ཡང་ན་བོད་ཡིག་སྦྱང་མཁན་ཚོ་ལ་མཐོང་ཆེན་བྱེད་ཀྱིན་མེད་པ་རེད་དམ། དྲི་བ་འདི་དག་ངས་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་དུ་སྐད་གསེང་མཐོ་བོས་འདྲི་རྒྱུ་ཡིན། བོད་ཡིག་བེད་སྤྱོང་གཏོང་མཁན་དང་བོད་ཡིག་གི་སྒང་ནས་ལས་ཀ་དམའ་བོའི་རིགས་དེ་བྱེད་མཁན་ཚང་མ་མི་ཚང་སྐྱོ་བོ་དང་མང་ཚོགས་དཀྱུས་མ་ཁོ་ན་བྱ་དགོས་པ་རེད་དམ། བོད་ཡིག་བེད་མེད་གྱུར་སོང་དང་རིག་གཞུང་གཏོར་བཤིག་བཏང་སོང་ཟེར་ནས་མི་ལོ་༥༠ རིང་ལ་སྐད་རྒྱབ་པའི་མཐའ་མ་རང་གིས་རྩ་མེད་དང་རང་གིས་བེད་མེད་དུ་གཏོང་ཆོག་པ་རེད་དམ། ཐ་ན་བོད་ཡིག་སྦྱང་མྱོང་མཁན་ཞིག་གིས་ཡིག་ནོར་འདུག་ཅེས་ཀྱང་བཤད་དབང་མ་ཡོད་པ་རེད་དམ།
མཚམས་འདིང་ཡང་གཡང་ལགས་ཞེས་པ་འདི་ཡིས། ང་ལ་འབྲེལ་བ་གང་ཡང་མེད་པའི་གཏམ་ཞིག་གི་མགོ་བརྩམས་འདུག ཨཀྱ་རིན་པོ་ཆེ་ཡིས་སྐད་ཡིག་སྣ་ཚོགས་ཤེས་ཀྱིན་འདུག་ཟེར་ནས་འགྲོ་གླེང་བྱེད་སར་ང་རང་ཁ་རོག་ལ་འདུག་གིན་མ་རེད། ཁྱེད་ཡོང་བསྡད་ཡོད་པ་རེད་ཅེས་བྲིས་འདུག་པ་འདིར། ང་སྤྱིར་བཏང་ནས་ཚེ་རིང་སྐྱིད་དམར་རྗེན་མ་ཞིག་ཡིན་པ་ལས། མིང་གི་རྒྱབ་ཏུ་ཡུབ་མྱོང་མེད་པས། ཚོད་འགམ་གྱི་ལམ་ནས་སྐད་ཆ་ཁ་ཤས་དང་དོགས་པ་ཁ་ཤས་ཚད་ལས་བརྒལ་ཡོད་པར་སྣང༌། ཡང་ང་ལ་འདོད་སེམས་དང་ཧམ་པས་ཁེངས་པའི་སྤྱོད་ཚུལ་ཞིག་ཡོད་པས། ངས་ནམ་ཡང་གཞན་གྱི་དོ་སྣང་འདྲེན་ཐབས་བྱ་བར་འབད་བརྩོན་བྱེད་ཀྱིན་འདུག་ཅེས་བརྗོད་འདུག་ ངས་ཁྱེད་་བརྗོད་འདོད་པ་ནི། དྲ་བའི་རིག་གནས་ནི་མི་སྒེར་གྱི་སེམས་གཤིས་མངོན་ཐུབ་སའི་ཁོར་ཡུག་ཆེན་མོ་ཞིག་རེད་ལ། ཁོར་ཡུག་དེ་ནས། ངས་ངའི་གདོང་ལ་སེང་རས་གྱོན་ནས་འདྲ་པར་སྦྱར་འདོད་མེད་ལ། ངའི་ལུས་ལ་གོས་ཧྲལ་གཡོག་པའི་དུས་རབས་དེ་ཡང་བརྒལ་སོང་བ་རེད། ངས་རང་གི་རྩོམ་གཤིས་དང་བསམ་བློ་སྤས་བཀུང་བྱ་དགོས་པའི་དགེ་བ་ཡང་མཐོང་མ་སོང་བས། ངས་རྒྱུན་ལྡན་གྱི་རང་ཉིད་དང་རྒྱུན་ལྡན་གྱི་རང་གི་རྩོམ་གཤིས་དེ་ཡིས་མི་གཞན་གྱི་དོ་སྣང་དང་དང་བ་འདྲེན་ཐུབ་ཀྱིན་ཡོད་ན། དེ་ངའི་བསོད་ནམས་རེད་ལ་དེ་ནི་བཅོས་པ་མིན་པར་བཅོས་མིན་གྱིན་ང་ཡིན་པས། ང་ལ་མི་གཞན་གྱི་དང་བ་འདྲེན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་སྲིད་པ་དེ་རིང་ཁྱེད་ནས་ཧ་ཅང་གིས་གསལ་བོ་བཟོས་འདུག་པས། ཁྱེད་ལ་བཀའ་དྲིན་ཆེ་ཞུ་མོད། ཡིན་ན་ཡང་གོང་གི་ཨཀྱ་རིན་པོ་ཆེ་ཡི་གནས་ཚུལ་གླེང་དོན་ངས་དགེ་བ་ག་རེ་ཡིན་མིན་ཧ་གོ་མ་སོང༌།
ཡང་གཡང་ལགས་ཞེས་པ་འདི་ཡིས། ངས་རྒྱ་རིགས་རྩོམ་པ་པོ་ཞིག་ལ། ངས་བོད་སྐད་རྒྱ་གར་ལ་ཡོང་ནས་སྦྱང་བ་ཡིན་ཞེས་བཤད་འདུག་ཟེར། ངས་སླར་ཡང་ཁྱེད་ལ་ཚ་འདྲི་ཞིག་བྱ་འདོད། སྤྱི་ལོ་༢༠༠༣ལོའི་སྤྱི་ཟླ་དང་པོའི་ནང་ངས་ཆེས་ཐོག་མར་ངའི་སྙན་དེབ་ལན་བུའི་གསེབ་ཀྱི་མིག་མདངས་དཔར་བསྐྲུན་བྱས་པ་ཡིན་ལ། དེ་དུས་ནས་ང་རང་རོང་འབྲོག་གི་འཚོ་བ་རོལ་སའི་མདོ་སྨད་ཨ་མཆོག་གི་ས་ཆར་སྐྱེས་པ་དང༌། དེ་དུས་ནས་ང་རང་མཐོ་འབྲིང་བར་དུ་སློབ་སྦྱོང་བྱས་མྱོང་བ་སོགས་གསལ་བོ་གླེང་ཚར་བས། སྤྱི་ལོ་༢༠༠༣ལོའི་སྤྱི་ཟླ་བདུན་པའི་ནང་གི་མཉན་ཆེན་ཐང་ལྷའི་ཚགས་ཤོག་གི་ཐོག་ཏུ་ཡང་ངས་གོང་མཚུངས་ཀྱི་གནས་ཚུལ་མང་པོ་ཞིག་བཅར་འདྲི་རྒྱུད་བཤད་ཡོད། དེའི་རྗེས་ཁྱེད་ཚོས་བརྗོད་པ་བཞིན་འགྲན་ཡ་མེད་པ་དང་ངོ་ཚ་ཡ་མེད་པའི་བུ་མོ་དེ་ལ་༢༠༠༣ལོའི་མཛངས་མའི་དབུ་རྒྱན་དེ་སྤྲད་པ་ནས། ད་ལྟའི་བར་ཏུ་དབྱིན་རྒྱ་བོད་གསུམ་གཙོས་པའི་སྐད་ཡིག་ག་རེ་ནང་ཡིན་ཡང་རྒྱབ་ལྗོངས་གཅིག་ལས་རྒྱབ་ལྗོངས་གཉིས་གཏན་ནས་མེད་པ་གསལ་བོ་ཡིན།
ཡང་བསྐྱར་ངས་ཁྱེད་ལ་གསལ་བོ་བརྗོད་རྒྱུ་ཞིག་ནི། ངས་རྒྱ་རིགས་རྩོམ་པ་པོ་གཉིས་ལ་ང་རང་གི་མི་ཚེ་སྐོར་གྱི་བཅར་འདྲི་དང་ལེན་བྱས་མྱོང་ཡོད་ལ་དེ་ཡང་སྐད་བསྒྱུར་བ་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སངས་རྒྱས་སྐྱབས་ཡིན། གཅིག་ནི་ཧོང་ཀོང་དུ་དཔར་བསྐྲུན་བྱེད་བཞིན་ཨེ་ཤ་ཡའི་བདུན་རེའི་དུས་དེབ་ཡིན་ལ་གཅིག་ནི་བཙན་བྱོལ་བོད་མི་རྩོམ་རིག་མཉམ་ཞིབ་པ་རྒྱ་རིགས་ཤིག་ཡིན།
མི་ཚོ་དང་མཉམ་དུ་སྐད་ཆ་བཤད་སྐབས། ཆེས་ཐོག་མར་རྒྱ་གར་ལ་འབྱོར་ནས་སློབ་གྲྭར་སོང་དུས། ཐོག་མ་དེ་ལ་དབུས་སྐད་ཀྱི་རྨང་གཞི་མེད་པ་དང་དབུས་སྐད་གཏན་ནས་གོ་མྱོང་མེད་པས། དབུས་སྐད་རྨང་གཞི་ལ་བཞག་ནས་བཙོན་བྱོལ་དུ་བེད་སྤྱོད་བྱེད་བཞིན་བོད་སྐད་རིགས་འདི་ངས་མ་གོ་བར་ཟླ་གཉིས་ལྷག་ལ་དཀའ་ངལ་འཕྲད་མྱོང་བ་བཤད་ཡོད་རྒྱུ་རེད་མ་གཏོགས་ངས་བོད་སྐད་མི་ཤེས་ཞེས་གཏན་ནས་བཤད་མ་མྱོང་དེ། ངས་ཨ་མདོའི་སྐད་བཤད་པ་དང་རྩམ་པ་ཟོས་ནས་འཚར་ལོངས་བྱུང་ཡིན་ལ། ངས་ཨ་མདོའི་སྐད་ཀྱང་བོད་སྐད་ལ་བརྩི་གིན་ཡོད་པས། ཁྱེད་ཀྱིས་ལམ་ནས་ཐོས་པའི་སྐད་ཆ་དང་རྒྱང་ནས་མཐོང་བའི་རྣམ་རྟོག་དེ་ཚོ་དྲ་བའི་ལམ་ནས་ཁྱབ་བསྒྲགས་བྱེད་པར་རིན་ཐང་རྩ་ནས་མཐོང་མ་སོང་མོད། ཡིན་ཡང་ཁྱེད་ཀྱིས་བྲིས་པ་དེ་དག་གི་ནང་དུ་གསལ་བའི་ཡིག་འབྲུ། ལྐུགས་རྟགས། དམྱལ་བའི་མཐིལ་ལ་བསྐྱལ། འདོད་མོས། ཞེན་འཁོན། སེམས་ལ་གྲི་ཕོག་ཡོད་སྲིད། དཀྲུག་ཤིང་སློང་མཁན། སྐྲ་རིང་པ་དང་བློ་ཐུང་བ། སྐྱུག་བྲོ་བ། འཕྱུགས་ཉེན་ཆེན་པོ། འདོད་སེམས། རྫུན་དང་ཁྲམ་པ། དབུ་སྐོར། ཀུན་སྤྱོད། འགྲན་སློང༌། ཕོ་ཁྱོ་ཀའི་ཞབས་འོག་ནས་མི་རབས་མང་པོ་མཉའ་གུག་ནས་འཚོ་བའི་བུད་མེད་དེ་ཚོའི་ནང་གི་ཆེས་ཐ་ཤལ་བ། མི་ལ་གདོང་བསྟན་ས་མེད་པ། ལྷ་སའི་སྐད་ཀྱང་ཨ་ལ་བ་ལ་ཙམ། གཡོ་བཤད། ཧམ་པ། བཅས་པ་འདི་དག་གིས་མི་གཤིས་ལ་ཚད་ལས་བརྒལ་བའི་དམའ་འབེབས་ཁྱད་གསོད་བྱས་འདུག་ལ་སྐད་ཆ་ཁ་ཤས་ངོ་མ་ཚད་ལས་བརྒལ་བ་མཐོང་གིན་འདུག
རེད ཚེ་རིང་སྐྱིད་ཀྱིས་གསལ་བཤད་གནང་བ་ཧ་ཅང་དྲང་མོ་རེད། གཡང་ལགས་ཟེར་རམ་འདིས་བཤད་པའི་ཟུར་དུ་ངས་ནས་འདི་ཕྱོགས་ཀྱི་གནས་ཚུལ་ཕམ་ཁའི་རིགས་བོད་ནང་དུ་གསང་བ་བྱེད་དགོས་པ་དང་། ཅུང་ལེགས་པའི་རིགས་བོད་ནང་དུ་བསྒྲགས་ནས་བོད་ནང་གི་མི་ཚོར་ངར་ལངས་དུ་འཇུགས་དགོས་འདྲ་བོ་ཞིག་བསྟན་འདུག དེ་དྲང་མོ་མ་རེད་ལ། གཞིས་བཞུགས་མི་མང་གི་ཚེ་སྲོག་རྩེད་སྤྱད་བྱས་པའང་རེད། མདོར་ན། ཚེ་རིང་སྐྱིད་ཀྱིས་སྟེང་དུ་བེད་སྤྱོད་བཏང་བའིཚིག་འདི་དག་གླ་གློའི་བྱེད་སྟངས་ཤིག་རེད་ཅེས་ཀུན་སྤྱོད་འགན་འཁུར་གྱི་ཐད་སེམས་འཁུར་དང་བཅས་མཆན་དུ་བཏབ།
“ངས་ནས་”ཞེས་པ་ཐེབས་པར་བརྩི་རོགས་ཞུ་རྒྱུ་ཡིན།
དུས་བབ་ཟིན་བྲིས་ནང་བཀོད་པའི་ཨ་མྱེས་ཀྱི་གཏམ་རྒྱུད་ཅེས་པའི་གཤམ་དུ་རེད།
གནད་དོན་འདི་ངས་ནམ་རྒྱུན་ཀློག་པ་པོ་ཚོས་རྩོམ་ཡིག་ཡག་མིན་དང་ཡིག་ནོར་ཡོད་མེད། བསམ་ཚུལ་གླེང་བ་སོགས་ལྟར་རང་གིས་ཁ་བཙུམ་ནས་གཞན་གྱིས་བཤད་པ་སེམས་ལ་བཟུང་ནས་སྡོད་ཐུབ་པའི་གནས་ཚུལ་ཆུང་ཆུང་ཞིག་རེད་བསམ་གྱིན་མེད། འདིའི་མི་གཤིས་དང་མི་སྒེར་གྱི་འཚོ་བ། དེའི་རྒྱབ་ལོགས་ཀྱི་ནང་མི་གྲོགས་པོ་ཚང་མར་གནོད་པའི་ལས་ཀ་བྱེད་སྟངས་ཤིག་ལ་ངོས་འཛིན་གྱིན་ཡོད།
བོད་མི་རིགས་ཀྱི་བུད་མེད་ཚོའི་ནང་ནས་ཆེས་ཡར་ཐོན་ཆེ་བའི་བུད་མེད་མཛེས་མ་ཚེ་རིང་སྐྱིད་ལགས། ཁྱེད་ཀྱིས་གཡང་ལགས་ཟེར་བ་འདི་ལ་ལན་རིང་པོ་འདི་འདྲ་ཞིག་བྲིས་པར་ང་བློ་མོས་མ་བྱུང་། གང་ཡིན་ཟེར་ན་ཁྱེད་ཀྱིས་མི་དེ་དང་མཉམ་དུ་སྐད་ཆ་བྱས་པ་དེས་གཡང་ལགས་ཟེར་བའི་མི་དེའི་རིན་ཆེ་རུ་བྱས་པ་འདྲ་བོ་འདུག ངོ་མ་བྱས་ན་ཁྱེད་ནི་བོད་ཕྱི་ནང་གཉིས་སུ་གཟུགས་དང་ཤེས་རབ་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆོད་བསྡད་ཡོད་པའི་དོན་གྱི་མཛེས་མ་ཞིག་ཡིན་པས་སྐྱག་འབུ་ལྟ་བུའི་མི་དེ་ཚོའི་གཤོག་སྒྲ་ལ་དོ་སྣང་མ་སྤྲད་ན་ཡག་གི་རེད།
ཁྱེད་ཀྱིས་ཐུགས་བསམ་ཞིག་བཞེས་དང་། ང་ཚོ་བོད་ལ་མི་རིགས་ལ་བོད་མི་ས་ཡ་དྲུག་ཡོད་པའི་དབང་དུ་བྱས་ན་ས་ཡ་གསུམ་བུད་མེད་རེད། འོ་ན་བུད་མེད་ས་ཡ་གསུམ་གྱི་ནང་དུ་ཁྱེད་དང་འདྲ་བའི་བུད་མེད་ལང་ཚོ་དང་ཤེས་ཡོན་གཉིས་འཛོམས་ག་ཚད་ཅིག་ཡོད་དམ། དེ་ལ་ཐུགས་བསམ་བཞེས་རོགས། སྤྱིར་སྐབས་རེ་ལ་ང་རྒྱལ་ཟེར་བ་འདི་ཡག་པོ་མིན་ས་ཡང་ཡོད་ཀྱང་སྐབས་རེ་ང་རྒྱལ་ཟེར་བ་འདི་ངེས་པར་དུ་དགོས། ང་རྒྱལ་ཡོད་ན་གང་ཡང་བསྒྲུབ་ནུས་པ་དང་ང་རྒྱལ་མེད་ན་ནམ་ཡིན་རུང་སྤོབས་པ་མེད་པས་མགོ་བོ་ཡར་འགྱོག་མི་ནུས་པ་ཡིན། དེར་བརྟེན་ཁྱེད་ཀྱིས་རང་གི་རིན་ཐང་ཤེས་དགོས། མ་འོངས་པར་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་ཁྱེད་དང་འོད་ཟེར་སོགས་ཕུལ་བྱུང་བུད་མེད་ཁ་ཤས་ཤིག་གི་ལོ་རྒྱུས་ཉི་མ་ཤར་བ་བཞིན་གནས་རྒྱུ་རེད་ལ་འདྲ་པར་ཀྱང་བཀྲ་ལམ་མེར་ཡོད་རྒྱུ་རེད། དེ་ང་ཚོ་ཚད་གཞི་མཐོ་བའི་རྩོམ་པ་པོ་ཚོའི་ལས་འགན་རེད། འོ་ན་གཡང་ལགས་སོགས་ལ་གྲག་འགུལ་ཡོད་དམ། ལྕགས་སྒོར་གཅིག་གི་རིན་ཐང་མེད་པའི་མི་དེ་ཚོ་ལ་ནམ་ཡང་ཁ་བསྲེ་རྒྱུ་མེད། ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ཏུ། འོན་ཀྱང་ཅོལ་ཆུང་བྱི་བ་རྒང་ཚོགས་དང་།། ལུང་ཚན་རུབ་འཛོམས་ཙི་ཙིའི་སྒང་ཚོགས་དག། འོག་རླུང་ཡན་པོའི་གནས་སུ་བཀོད་བྱས་ཏེ།། དྲང་སྲོང་ཆེན་པོའི་འཛུམ་གྱིས་ཁྲེལ་བར་བྱེད།། ཅེས་པ་ཞིག་བྲིས་འདུག འདི་ང་ཚོས་ཤེས་དགོས་པ་དང་སློབ་དགོས་པ་ཞིག་རེད།
༢༠༠༣ ལོར་ཁྱེད་ལ་འགྲན་ཡ་མེད་པའི་མཛངས་མ་ཟེར་བའི་སྐད་ཆ་དེ་ཁམས་པ་ཁ་ཅིག་གིས་བཟོས་པའི་འཁོན་རྩོད་དང་ཤ་འཁོན་གྱི་སྐད་ཆ་རེད། དེའི་སྐད་ཆ་ཐོག་དང་པོ་དེ་བོད་ཀྱི་བང་ཆེན་སྟེང་བྱུང་བ་རེད། མགོ་བརྗོད་ལ་ཁ་གཏད་མེད་པའི་མཛངས་མ་ཞེས་བྲིས་ཡོད། དེ་འདྲ་འབྲི་དགོས་ནི། བོད་ཀྱི་མཛངས་མ་ཁམས་པའི་བུ་མོ་སྒྲོལ་མ་ཚེ་རིང་ལ་ཨ་མདོ་བ་ཁ་ཤས་ཀྱིས་ཀུན་སྤྱོད་ངན་པའི་ཉེས་པ་བཙུགས་པ་དེའི་འཁོན་ལན་ཁམས་པ་ཁ་ཤས་ཀྱིས་སློག་ཨེ་ཐུབ་བལྟས་པ་ཙམ་རེད། དེ་ལ་དོ་སྣང་བྱེད་དགོས་དོན་མེད། ད་སྐབས་ཀྱང་ཁམས་པ་ཚོ་རྒྱ་ལོ་དོན་གྲུབ་སོགས་ཀྱི་སྟེང་དུ་ངར་བ་དང་། ཨ་མདོ་བ་ཚོ་འཇུ་ཆེན་སོགས་ཀྱི་སྟེང་དུ་ངར་བཞིན་པ་ལྟ་བུ་རེད། ད་སྔོན་ལོ་རེ་རེ་བཞིན་བྱུང་བའི་བོད་ཀྱི་མཛངས་མ་ཀུན་གྱི་ནང་ན་གཟུགས་དང་ཡོན་ཏན་གཉིས་ཐད་ནས་ཁྱེད་ལ་འགྲན་ཐུབ་མཁན་གཅིག་ཀྱང་མེད་པ་མིག་གིས་མཐོང་ས་ན་ཡོད་པ་འདི་རེད། འགྲན་ཡ་བྱུང་ན་ད་སྐབས་འགྲན་ཀྱང་ཆོག་པ་རེད། ཁྱེད་ལ་མཛངས་མའི་དབུ་རྒྱན་ཐོབ་ནས་ལོ་གང་མང་ཕྱིན་པའི་རྗེས་སུ་ཡང་། ད་དུང་ཁྱེད་ལ་འགྲན་ཐུབ་ཀྱི་བུ་མོ་ཞིག་སྤྱི་ཚོགས་ནང་དུ་མངོན་རྒྱུ་མེད་ན་སྐབས་དེར་བུ་མོ་མང་པོ་ཡོད་ཀྱང་མེད་ཀྱང་དབུ་རྒྱན་གྱི་བདག་པོ་སུ་ཡིན་ཧ་ལོས་གོ མདོར་ན་ཁྱེད་ཚོ་ཕུལ་བྱུང་མི་སྣ་ཚོས་བོད་དོན་བསྒྲུབ་ཤོག བྱས་རྗེས་ཞོག་ཤོག མདུན་དུ་བསྐྱོད་ཤོག་དང་བྱུང་རབས་ལོ་རྒྱུས་ཀྱི་སྟེང་ཏུ་གསལ་ལྷང་ངེར་འགོད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། བོད་ཀྱི་བུད་མེད་ཚོའི་སེམས་ཤུགས་ལྟ་བུར་ངོས་འཛིན་བྱེད་ཆོག་པའི་ཨ་མཆོག་བུ་མོ་མཛེས་མ་དང་མཛངས་མ་གཉིས་འཛོམས་ལགས།
ནོར་བཅོས།
ལུང་ཚན་རུབ་འཛོམས་ཙི་ཙིའི་སྡིགས་སྨོད་དག།
གཡང་ལགས་ཡིན་ན་འདིས་ཞི་མོ་འདི་ཡག་པ་བྱས་འདུག་བཅུག་ན་བཟང་གི
དམྱལ་བ་བོ། དེ་མིན་འདི་སྨྱོ་ས་རེད།
གྲོགས་པོ་ཤེས་རབ་སེང་གེ་ལགས། [ང་རྒྱལ་ཡོད་ན་གང་ཡང་བསྒྲུབ་ནུས་པ་དང་ང་རྒྱལ་མེད་ན་ནམ་ཡིན་རུང་སྤོབས་པ་མེད་པས་མགོ་བོ་ཡར་འགྱོག་མི་ནུས་པ་ཡིན། ] གྲོགས་པོ་ཤེས་རབ་སེང་གེ་ལགས། ངས་བསམ་ཚུལ་ལ་ང་རྒྱལ་དང་སྤོབས་གཉིས་སོ་སོར་རེད་སྙམས། ང་རྒྱལ་ཞེས་པའི་བསམ་ངན་འདི་རང་གཞན་ཀུན་མེད་ན་འདོད་ཡོད། གང་ཡིན་ཟེར་ན་ང་རྒྱལ་ཞེས་པའི་བསམ་ངན་འདིས་རང་ཉིད་ཡར་རྒྱས་འགྲོ་མི་བཅུག་པའི་བཀག་རྡོ་ཞིག་ཏུ་མཐོང་། ང་རྒྱལ་གྱི་རིགས་མང་ཡང་འདིར་གཉིས་ཙམ་སྨྲོས་ནས། གཅིག རང་ཉིད་ནི་གཞན་ལ་ལྟོས་མི་དགོས་མཁན་ཞིག རང་ཉིད་ཡར་རྒྱས་བཏང་མི་དགོས་མཁན་ཞིག་སོགས་རང་ཉིད་གོང་འཕེལ་བཏང་མི་དགོས་སྙམ་པའི་བསམ་ངན་ཞིག་དང་། གཉིས་པ་ངས་མི་ཤེས། ངས་མི་འཇོན་སོགས་རང་གིས་རང་ཉིད་བརྙས་བཅོས་བྱས་ནས་རང་ཉིད་གོང་འཕེལ་བཏང་མི་ཐུབ་སྙམ་པའི་རང་བརྙས་ཀྱི་བསམ་ངན་ཞིག་རེད།
སྤོབས་པ་ནི་དེ་ལས་ལྡོག་ཏེ་མི་ཀུན་ལ་ཡོད་དགོས་པ་ཞིག་རེད་འདོད་ཡོད། སྤོབས་ནི་ང་རྒྱལ་མ་རེད་ལ་ང་རྒྱལ་ནི་སྤོབས་པ་དེ་བས་ཀྱང་མ་རེད་ལགས། སྤོབས་པ་ནི་བསམ་པ་བཟང་པོ་ཞིག་རེད། གུས་བཅས།
སྔོན་མ་དྲ་ངོས་འདིར་དེབ་བསྐྱལ་བྱས་མོད། བར་སྐབས་ཞིག་ནས་དྲ་ཐོག་དུ་ཡོང་ཐུབ་མ་སོང་། དེ་རིང་འདིར་མཆན་བུ་འདེབས་ཐུབ་མིན་ཚོད་བལྟ་བྱེད་ཀི་ཡོད།
གཡང་ལགས་ཞེས་པ་དེའི་འདྲེ་ལག་གིས་བྲིས་པའི་ཡི་གེ་དག སྲེ་མོང་མེད་པའི་ས་ཆ་དེར། ཨབ་ར་མགོ་འཕང་རྐྱང་ལས་མཐོ། ཞེས་པའི་དཔེ་ལྟར། ཉེན་ཁ་དང་འཇིགས་སྣང་གི་གནས་མེད་པ་ཁོས་ཧ་གོ་ནས་ཅི་དྲན་དག་བྲིས་པ་ལས། དོན་ལ་གནས་པ་དང་དགེ་མཚན་ཡོད་པ་ཞིག་གཏན་ནས་རེད་མི་འདུག་གོ།
འཛངས་མ་ཚེ་རིང་སྐྱིད་ནི། བོད་ཀྱི་བུད་མེད་ཀྱི་ཁྲོད་དུ་མཁྱེན་པའི་སྤྱན་རྒྱ་ཡངས་ཤིང༌། རིག་གཞུང་དང་ལ་རྒྱས་ཕྱུག་པའི་བུད་མེད་ན་གཞོན་ཕུལ་བྱུང་རྩོམ་པ་པོ་ཞིག་ཡིན་པ། མོ་རང་གིས་རྩོམ་པའི་དེབ་ཆུང་ཐོག་མ་དེ་ཆ་ཚང་གཅིག་བཀླགས་པས་ཤེས་སོང༌། མ་ཟད་ངས་སྙན་ངག་གི་ལམ་ནས་ཚེ་རིང་སྐྱིད་ལ་བསྟོད་པ་ཐུང་ཐུང་ཞིག་ཀྱང་བྲིས་མྱོང་ཡོད། ཡང་བསྐྱར་འདིར་དེ་རིང་གཅིག་བྲི་རྒྱུ་ཡིན།
གངས་ཁྲོད་ནས་འབུས་པ།
མེ་ཏོག་ཆལ་མར་བརྡལ་བའི་རྩ་ཐང་དང༌། ལུག་ཁྱུ་དང་འབྲི་མོ་མང་སའི་མཐོ་སྒང་གི་གྲུ་ཟུར་ཞིག་ནས།
དབྱངས་གསལ་གྱི་དམུ་ཐག་འཇུས་ཏེ་གངས་ཁྲོད་ནས་འཚར་ལངས་བྱུང་བའི་འཆུག་མེད་ཀྱི་བོད་རིགས། མདོ་སྨད་ཀྱི་འབྲོག་མོ་གཞོན་ནུ་མ། ཁྱེད་ཀྱི་ཕུགས་འདུན་ཀྱི་དྲོད་ཁོལ་མེ་ལྕེ་དང་ཉི་མ་བཞིན། ད་དུང་དུས་རབས་ཀྱི་ཀྱོག་མཚམས་སུ་སྙན་ངག་གི་མངར་ཁ་ལྕི་མོ། ཟབ་ས་ནས་བཏུས་པའི་གླེགས་བམ་ཆུང་ཆུང༌། བཟང་ངན་གྱི་དན་རྟགས་འབྱེད་ཅིང་ལོ་རྒྱུས་ཀྱི་སྤུ་རིས་མཚོན་ཡོད།
ངའི་སྟོང་འདང་གི་རྨི་ལམ་དང༌། གཡའ་བྲག་གི་བསྣོལ་དབར་དོག་ས་ནས། ཁྱེད་ཀྱི་སྙན་ངག་གི་མགྲོན་པོ་བསུས། བས་མཐའི་ཚ་རོང་དུ་བཞུད་པའི་འབྲོག་མོ་ཁེར་རྐྱང༌། ཁྱེད་ཀྱིས་ལས་དབང་གི་གྲུ་ཁ་ན། འཕར་རྒྱུད་ཀྱི་གསོན་ཉམས་འབུས་པའི་རྐང་རྗེས་ཐོག་མ་དེ། ཕུགས་འདུན་དང་འོད་སྣང་ལ་གཅེས་པའི་ཟླ་ཞུན་གསོན་པོ་ཞིག་གོ།
༢༠༠༣ ལོར་ཁྱེད་ལ་འགྲན་ཡ་མེད་པའི་མཛངས་མ་ཟེར་བའི་སྐད་ཆ་དེ་ཁམས་པ་ཁ་ཅིག་གིས་བཟོས་པའི་འཁོན་རྩོད་དང་ཤ་འཁོན་གྱི་སྐད་ཆ་རེད། དེའི་སྐད་ཆ་ཐོག་དང་པོ་དེ་བོད་ཀྱི་བང་ཆེན་སྟེང་བྱུང་བ་རེད། མགོ་བརྗོད་ལ་ཁ་གཏད་མེད་པའི་མཛངས་མ་ཞེས་བྲིས་ཡོད། དེ་འདྲ་འབྲི་དགོས་ནི། བོད་ཀྱི་མཛངས་མ་ཁམས་པའི་བུ་མོ་སྒྲོལ་མ་ཚེ་རིང་ལ་ཨ་མདོ་བ་ཁ་ཤས་ཀྱིས་ཀུན་སྤྱོད་ངན་པའི་ཉེས་པ་བཙུགས་པ་དེའི་འཁོན་ལན་ཁམས་པ་ཁ་ཤས་ཀྱིས་སློག་ཨེ་ཐུབ་བལྟས་པ་ཙམ་རེད། དེ་ལ་དོ་སྣང་བྱེད་དགོས་དོན་མེད། ད་སྐབས་ཀྱང་ཁམས་པ་ཚོ་རྒྱ་ལོ་དོན་གྲུབ་སོགས་ཀྱི་སྟེང་དུ་ངར་བ་དང་། ཨ་མདོ་བ་ཚོ་འཇུ་ཆེན་སོགས་ཀྱི་སྟེང་དུ་ངར་བཞིན་པ་ལྟ་བུ་རེད། ད་སྔོན་ལོ་རེ་རེ་བཞིན་བྱུང་བའི་བོད་ཀྱི་མཛངས་མ་ཀུན་གྱི་ནང་ན་གཟུགས་དང་ཡོན་ཏན་གཉིས་ཐད་ནས་ཁྱེད་ལ་འགྲན་ཐུབ་མཁན་གཅིག་ཀྱང་མེད་པ་མིག་གིས་མཐོང་ས་ན་ཡོད་པ་འདི་རེད། འགྲན་ཡ་བྱུང་ན་ད་སྐབས་འགྲན་ཀྱང་ཆོག་པ་རེད། ཁྱེད་ལ་མཛངས་མའི་དབུ་རྒྱན་ཐོབ་ནས་ལོ་གང་མང་ཕྱིན་པའི་རྗེས་སུ་ཡང་། ད་དུང་ཁྱེད་ལ་འགྲན་ཐུབ་ཀྱི་བུ་མོ་ཞིག་སྤྱི་ཚོགས་ནང་དུ་མངོན་རྒྱུ་མེད་ན་སྐབས་དེར་བུ་མོ་མང་པོ་ཡོད་ཀྱང་མེད་ཀྱང་དབུ་རྒྱན་གྱི་བདག་པོ་སུ་ཡིན་ཧ་ལོས་གོ མདོར་ན་ཁྱེད་ཚོ་ཕུལ་བྱུང་མི་སྣ་ཚོས་བོད་དོན་བསྒྲུབ་ཤོག བྱས་རྗེས་ཞོག་ཤོག མདུན་དུ་བསྐྱོད་ཤོག་དང་བྱུང་རབས་ལོ་རྒྱུས་ཀྱི་སྟེང་ཏུ་གསལ་ལྷང་ངེར་འགོད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། བོད་ཀྱི་བུད་མེད་ཚོའི་སེམས་ཤུགས་ལྟ་བུར་ངོས་འཛིན་བྱེད་ཆོག་པའི་ཨ་མཆོག་བུ་མོ་མཛེས་མ་དང་མཛངས་མ་གཉིས་འཛོམས་ལགས།
ཚེ་རིང་སྐྱིད་ཀྱིས་གསལ་བཤད་གནང་བ་ཧ་ཅང་དྲང་མོ་རེད།
ཚེ་རིང་སྐྱིད་ཀྱིས་གསལ་བཤད་གནང་བ་ཧ་ཅང་དྲང་མོ་རེད།
ཚེ་རིང་སྐྱིད་ཀྱིས་གསལ་བཤད་གནང་བ་ཧ་ཅང་དྲང་མོ་རེད།
ཚེ་རིང་སྐྱིད་ཀྱིས་གསལ་བཤད་རྣོ་ངར་ལྡན་པ་ཞིག་གནང་འདུག
ཚེ་རིང་སྐྱིད་ཀྱི་སྙན་རྩོམ་རྣམས་ལ་ང་རང་དགའ་པོ་རྩ་བ་ནས་མེད། མོས་བཤད་སྟངས་དེ་ནི་ང་རྒྱལ་གྱི་སྒོང་བུ་ལྟར་འདུག
སྲེ་མོང་མེད་པའི་ས་ཆ་དེར།། ཨ་བྲའི་མགོ་འཕང་རྐྱང་ལས་མཐོ།།
ཟེར་བ་གནའ་དཔེ་ཡག་མོ་ཞིག་རེད་དེ་རིང་ཏག་ཏག་དོན་ལ་འབྱོར་ནས་འདུག
ཚང་མས་མཁྱེན་དགོས་པ་ཞིག་ནི། བོད་རིགས་གཅིག་པ་ཡིན་ལ། བོད་ཀྱི་མཛངས་མ་ཟེར་བ་ལས་ཁམས་དང་ཨ་མདོའི་མཛངས་མ་མི་ཟེར་བ་ཤེས་ན་ཡག་པོ་རེད། དངོས་ནས་བཤད་ན། བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ནི། བུད་མེད་ལས་ལ་བརྩོན་ཞིང་། དཔའ་ངར་ཞུམ་པ་མེད་པའི་བུད་མེད་ཕུལ་བྱུང་བ་ཞིག་རེད། ང་ཚོ་ལ་འདི་འདྲའི་བུད་མེད་མི་ཉུང་བ་ཞིག་ཡོད་པ་ཡིན་ན། ད་གཟོད་བོད་པ་ཚང་གི་བུད་མེད་དག་ལ་རེ་བ་ཆེན་པོ་བྱེད་ཆོག་པ་ཞིག་རེད། ཁོ་མོ་གཟུགས་སྐྱེ་གཟུགས་ལས་ཀྱང་ཤེས་རིག་གི་འཁོ་ལག་རྒྱས་ཡོད་པ་མ་ཟད། སྐད་གཉིས་སྨྲ་བའི་བུད་མེད་རྩོམ་པ་པོ་ཞིག་ཀྱང་ཡིན་ལ། བོད་ཕྱི་ནང་གཉིས་སུ་སྙན་གྲགས་ཡོད་མཁན་ཞིག་ཀྱང་ཡིན། དེ་ལ་མི་དགའ་མཁན་དག་ནི་བོད་ཞེན་མེད་པའི་ཀླད་སྟོང་ཁ་ཤས་ཤིག་རེད་ཟེར་ན་འདོད་སོང་། དྲ་ཐོག་འདིས་སྤུན་ཟླ་ཚང་མས་བོད་ཀྱི་བུད་མེད་སུ་ཞིག་གིས་འདི་འདྲའི་རླབས་ཆེན་གྱི་ལས་སུ་བརྩོན་མཁན་དག་ལ་དངོས་ནས་དགའ་བསུ་དང་རྒྱབ་སྐྱོར་བྱེད་རན་རེད།
སྐད་ཆ་དྲང་མོ་བཤད་ན་།་ཚེ་རིང་སྐྱིད་ནི་ཤེས་ཡོན་གཉིས་ལྡན་གྱི་མཛེས་མ་ཤིག་རེད་བསམ་སོང་།་རྩོམ་ཀྱང་ཡག་པོ་འབྲི་ཤེས་མཁན་ཤིག་རེད་བསམ་གིན་ཡོད་།ཡིན་ནའང་ཁོ་རང་གི་མཛེས་མའི་གོ་གནས་དེའི་མི་རང་ལ་ཕན་གནོད་གང་ཡོད་པ་ཤེས་མ་བྱུང་།ཉིན་ཞིག་ཡོ་རོབ་ཞིག་ནས་འཕྲད་བྱུང་།ཁོ་རང་གི་མིང་དེས་ཁོ་མོ་དོན་མེད་དུ་གནམ་ལ་གཡུགས་མེད་དམ་སྙམ་པ་ཤིག་བྱུང་།
རེ་བ་ཤིག་ནི་།་ད་ནི་མིང་དང་སྙན་གྲགས་ནི་འདུག་།དེ་བས་མིང་དོན་མཚུངས་བའི་མི་ཤིག་བྱ་རྒྱུ་ལ་འབད་ཐབས་བྱོས་།དོན་མེད་དུ་མི་གཙང་བ་ལག་པས་འཆང་ན་།རང་ལ་དྲི་མ་ཕོག་ཡོང་བ་ལ་ཅི་ཡང་མ་འདས་།ཚིག་སྤྱོར་སོགས་ཡག་པོ་ཤིག་འབྲི་ཤེས་གིན་འདུག་མོད་།ཤེས་བྱའི་གཞུང་དང་།ཕྱི་ནང་གི་གཞུང་གང་ལའང་སློབ་སྤྱོང་མེད་པ་འདྲ་བ་ཞིག་ཏུ་མཐོང་།དེ་བས་ད་དུང་ལོ་ཆུང་ཆུང་འདུག་།་མི་ཚེ་སྐྱིད་པོ་རེ་གཏོང་ཞོར་ཏུ།དོན་གནད་ཅན་གྱི་གཞུང་དག་ལ་བལྟ་ཅི་ཐུབ་བྱོས་།དེ་མིན་ཅི་ཡང་མེད།
རུ་དམ་ལུང་གི་བུ་ལགས།
མང་པོ་ཞིག་འབྲི་ཁོམས་མེད། ལན་མདོར་བསྡུས་སུ་བྱས་ན།
ང་རྒྱལ་ནི་དུག་ལྔའི་ནང་གི་གཅིག་རེད། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཟེར་བ་ལྟ་བུ་སོགས་ཡོད། ང་རྒྱལ་གྱི་ཉེས་དམིགས་མང་པོ་གཞུང་དུ་མར་བཤད་ཡོད། འདི་ཚོ་ང་རྒྱལ་མི་དགོས་ཟེར་བའི་ཕྱོགས་རེད། ང་རྒྱལ་ལ་གསུམ་དང་བདུན་སོགས་ཀྱི་དབྱེ་བ་མི་འདྲ་བ་ཡོད་ལ། དེའི་ནང་ལོག་པའི་ང་རྒྱལ་ཟེར་བ་སོགས་ཀྱང་ཡོད།
ཡང་སྡོམ་པ་སྲུང་ན་ང་རྒྱལ་གྱིས་སྲུང་དགོས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ང་རྒྱལ་གྱིས་སློབ་དགོས་ཟེར་བ་སོགས་དང་། འཇུ་མི་ཕམ་པས། ལེགས་པར་ཤེས་ཤིང་འོས་པའི་གནས་ལ་གུས།། མི་འོས་བརྙས་པར་བྱེད་ཚེ་སྤོབས་པའི་གདེངས།། ལྷུན་པོའི་རྩེ་མོ་ལྟ་བུར་དཔང་མཐོ་བ།། སྐྱེས་བུ་དེ་ཡི་ང་རྒྱལ་རྒྱན་དང་འདྲ།། ཟེར་བ་སོགས་འདི་འདྲ་ཤིན་ཏུ་མང་། ད་དུང་གསལ་པོར་བཤད་ན་སྤོབས་པའི་རྩ་བ་ང་རྒྱལ་རེད། ང་ཚོ་ཆོས་འཇིག་རྟེན་གཉིས་ཐད་ནས་གོམ་གང་མདུན་སྤོས་བྱེད་མི་ཐུབ་པ་དེ་ལེ་ལོ་གསུམ་གྱི་ནང་ཚན་བདག་ཉིད་བརྙས་པའི་ལེ་ལོ་ཟེར་བ་དེ་ཡོད་པས་དབང་གིས་རེད། དེའི་གཉེན་པོ་གཅིག་པོ་དེ་ང་རྒྱལ་རེད། མདོར་བསྡུ་ན་ང་ཡིན། ངས་ལོས་ཐུབ། ང་ལ་འདི་ལྟར་བསྒྲུབ་ཐུབ་པའི་བློ་གྲོས་ཡོད། ངས་མི་ཐུབ་ན་ད་སུས་བསམ་པ་དེ་ལ་ང་རྒྱལ་རེད།
དེར་བརྟེན་སྐབས་རེ་ང་རྒྱལ་ལ་ལ་ཞིག་གིས་གནོད་ཀྱང་བསྐྱལ་གྱི་ཡོད་ལ། ཡང་སྐབས་རེ་ང་རྒྱལ་ལ་ལ་ཞིག་ལ་གསེར་སྲང་སྟོང་གིས་མི་ཁུག་པའི་རིན་ཡོད། འོ་ཡ། ད་དུང་སློབ་སྦྱོང་བྱོས།
དྲ་གྲོགས་ཚོ། ཚེ་རིང་སྐྱིད་ལ་རེ་བ་ཆེན་པོ་འདེ་ཙམ་བཅོལ་དོན་ག་རེ་ཡིན་ནམ། ངས་མགོ་ཚོས་ཀྱིན་མི་འདུག མི་གཅིག་ལ་ཡོན་ཏན་ཚང་མ་འཛོམས་སྲིད་ཀྱི་མ་རེད་པཱ། སྐྱེས་གཟུགས་ཡག་དགོས་འདུག བོད་སྐད་ཤེས་བཤད་དགོས་འདུག བོད་ཡིག་འབྲི་ཤེས་དགོས་འདུག རྩོམ་ཡིག་འབྲིས་ཤེས་དགོས་འདུག རྩོམ་ཡག་ཀྱང་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཡོད་པ་འབྲི་ཤེས་དགོས་འདུག ཡང་སྤྱི་ཚོགས་ནང་འགན་ཡོད་པའི་རྩོམ་ཡིག་འབྲི་དགོས་འདུག ཡང་ཚེ་རིང་སྐྱིད་སྤྱི་ཚོགས་ནང་ལས་ཀ་བྱ་ཤེས་དགོས་འདུག ཆབ་སྲིད་བཤད་ཤེས་དགོས་འདུག མི་རིགས་ཀྱི་ལ་རྒྱ་ཡང་ཡོད་དགོས་འདུག སེམས་པ་ཡང་ཡག་པོ་དགོས་འདུག སྤྱོད་པ་ཡང་ཡག་པོ་དགོས་འདུག ཆོས་ཀྱང་ཤེས་ཏེ་ཆོས་ལ་ཡང་དད་དགོས་ཀྱིན་འདུག མི་དེ་ཚོ་ཧམ་པ་ཚ་བོ་རེད་འདུག རང་གི་སྐུ་ཟླ་དང་རང་གི་སྲིང་མོ་དེ་ཚོ་ལ་ཚེ་རིང་སྐྱིད་ལ་ཡོད་དགོས་པའི་ཆ་རྐྱེན་གཅིག་ཡོད་པར་བཟོས་དང༌། སྐུ་མཁྱེན། ཚེ་རིང་སྐྱིད་ཀྱང་བུ་མོ་དྭ་ཕྲུག་ང་ཚོ་འདྲ་བོ་རེད། ཚང་མ་འཛོམས་དགོས་པ་དེ་འདྲ་གང་དུ་ཡོད་དམ།
མུ་ཏོ་བ་ལགས་།
ཁྱེད་ཀྱིས་སྐད་ཆ་དེ་ལ་ང་ཤིན་ཏུ་འཐད་པ་བྱུང་།ང་ཚོ་དང་འདྲ་བར་ཁོ་མི་སྤྱིར་བཏང་ཤིག་རེད་།བཙན་བྱོལ་བ་རེད་།བོད་མི་རེད་།འདོད་ཆགས་དང་།ཞེ་སྡང་།ཁོང་ཁྲོ་ཡོད་པའི་མི་ཤིག་རེད་།དམིགས་གསལ་ཅི་ཡང་མ་རེད་།ཡིན་ནའང་ཁོ་མོས་ཁོ་རང་དམིགས་གསལ་ཡིན་བསམ་པ་དང་།སྒེར་གྱི་མི་ཤིག་ནས་སྤྱིའི་མི་ཤིག་བྱ་འདོད་ཡོད་ན།ཁོ་མོ་ལ་དོགས་སློང་དང་།བཟང་ཆ་ངན་ཆ་ཚང་མ་གླེང་དགོས་ནི་རེད་།རྒྱུ་མཚན་ཅི་ཡིན་ཟེར་ན་།་ཁོའི་བོད་ཀྱི་མཛངས་མའི་མིང་ཁུར་ཡོད་པ་དང་།བོད་ལ་སྐད་ཆ་བཤད་བཞིན་ཡོད་པ་རེད་།
ཚེ་རིང་སྐྱིད་ལ་སློབ་སྦྱོང་གི་ཆུ་ཚད་ཧ་ཅང་དམའ་མོ་འདུག་པ་མ་ཟད་ལྷག་པར་དུ་དེང་རབས་སློབ་སྦྱོང་དང་ཕྱི་ནང་གི་སློབ་སྦྱོང་སོགས་མི་འདུག ཚེ་རིང་སྐྱིད་ཀྱིས་སྙན་ངག་ཡིན་ལ་མིན་ལ་རེ་བྲིས་ནས་འདུག་པ་ལས་སློབ་སྦྱོང་བྱེད་ཐུབ་ན་ཡག་གི་རེད། སློབ་སྦྱོང་མེད་ན་གང་ཡང་འཇོན་གི་མ་རེད།
རྒྱ་ནག་མཉམ་ཞིབ་པ་ལགས། བོད་ཀྱི་མཛངས་མའི་མིང་ཁུར་མཁན་དང་བོད་ཀྱི་མཉམ་ཞིབ་པའི་མིང་ཁུར་མཁན། བོད་ཀྱི་རྩོམ་པ་པོའི་མིང་ཁུར་མཁན། བོད་ཀྱི་སྒྱུ་རྩལ་བའི་མིང་ཁུར་མཁན། བོད་མི་ཡིན་པའི་མིང་ཁུར་མཁན་ཚང་མ་ལོ་ལ་ཚང་མ་ཚང་དགོས་པ་ཡིན་ན། ང་ཚོ་སྐྱིད་པ་ལ། བོད་ཀྱི་མཛངས་མའི་མིང་ཁུར་མཁན་ཚོ་ཚང་མ་ཚེ་རིང་སྐྱིད་འདྲ་བོ་ཡིན་ན་སེམས་པ་སྐྱིད་པོ་ཞིག་རེད།
ཚེ་རིང་སྐྱིད་ལ་སློབ་སྦྱོང་ཡོད་ཀྱང་མེད་ཀྱང༌། མོ་རང་མོ་རང་གི་ལམ་ལ་སོང་ནས་གང་ཡོང་བྱས་བཞིན་པ་དེ་ལ་དགའ་འོས་པ་ཞིག་རེད་འདུག
ཁམས་རྒོད་ལགས། ཚེ་རིང་སྐྱིད་ཀྱིས་སྙན་ངག་ཡིན་ལ་མིན་ལ་བྲིས་པ་དེ་སྙན་ངག་དཔྱད་བརྗོད་པ་དང་སྙན་ངག་འབྲི་མཁན་དེ་ཚོ་གིས་ཧ་གོ་གི་རེད་འདོད།
ཚེ་རིང་སྐྱིད་ལ་སློབ་སྦྱོང་ཡོད་མེད་དེ་ཁྱེད་རང་གིས་བཤད་པ་ལ་ཆ་འཇོག་བྱ་མི་ཐུབ།
སྐད་ཆ་དྲང་པོ་བཤད་ན་ཡག་པོ་ཡོད་རེད།
ཚེ་རིང་སྐྱིད་ཀྱི་སྙན་ངག་ཆོ་མེད་ཉམས་འགྱུར་གང་ཡང་མི་འདུག ལྷག་པར་དུ་བོད་ཀྱི་ལོ་རྒྱུས་དང་རིག་གནས་རྒྱུས་མངའ་གང་ཡང་མི་འདུག སྐུ་མཁྱེན་ད་དུང་སློབ་སྦྱོང་འབད་བརྩོན་ལྷད་མེད་གནང་རོགས་ཞུ།
མུ་ཏོ་བ་ལགས་།
སྐད་ཆ་དེ་བདེན་།རང་རང་ལ་བབས་པའི་ལས་ཀ་ཤིག་བྱས་།སྐད་ཆ་ཆེན་པོ་ཡང་མ་བཤད་།ཞོར་ཏུ་བསམ་པ་རྣམ་དག་གི་མི་རིགས་དང་།མི་གཞན་གྱི་ལས་དོན་སེམས་ཁུར་རེ་བྱེད་ན་ལེགས་པར་མཐོང་།ཡིན་ནའང་དེང་དུས་རྩོམ་པ་པོ་ཡིན་ནའང་འདྲ་།ཆབ་སྲིད་པ་ཡིན་ནའང་འདྲ་།དེ་བཞིན་མཛེས་མའི་མིང་ཁུར་མཁན་ཡིན་ནའང་འདྲ་།ཚང་མའི་སྐད་ཆ་ཆེན་པོ་ས་སྟོང་མི་ཤོང་བ་རེ་ལབ་།དེ་ལ་མི་དག་གིས་སྐྱོན་བརྒྱབ་ཡོང་དུས་།སེམས་ལ་མི་བཟོད་པའི་སྐད་ཆ་དང་སྡང་སེམས་སྐྱེས་ཡོང་གིན་འདུག་།ང་མི་བཞན་གྱིས་སྐྱོན་དང་།ལྷག་པར་ཏུ་སྒེར་དོན་གླེང་རྒྱུ་དགའ་བོ་མེད་།ཡིན་ནའང་སྒེར་དོན་དེ་སྤྱི་དོན་དང་འབྲེལ་བ་ཡོད་ན་མི་གླེང་ག་མེད་རེད་།ང་ཚེ་རིང་སྐྱིད་ལ་གདུང་སེམས་མཉམ་སྐྱེས་ཡོད་།སྐད་ཆ་བཤད་པ་དག་ཡང་སེམས་ན་རྨ་མེད་པའི་སྐད་ཆ་ཡིན་།ཁྱོད་ཚོས་ག་ར་དྲན་གིན་ཡོད་པ་མི་ཤེས་།ངས་ཀྱིས་བསམ་པ་ཁོ་མོ་ལ་མཛེས་མ་ཟེར་བའི་མིང་འདི་མེད་པ་ཡིན་ན།་ཁོ་མོ་རིག་བཟང་ཤིག་འདུག་པས་གང་ཅིའི་ཆ་ནས་ད་ལྟ་ལས་ཡག་པོ་ཆགས་ཡོད་ཀྱིན་རེད་བསམ་བཞིན་ཡོད་།མིང་དང་སྙན་གྲགས་ཟེར་བ་སྐབས་རེ་ཡག་པོ་ཡོད་ཅིང་།སྐབས་རེ་སེམས་པ་མི་སྐྱིད་པའི་རྒྱུ་ཞིག་ཏུའང་མཐོང་།སྐད་ཆ་བསམ་ནས་བཤད་པ་ཡིན་།ཕོག་ཐུག་བཏང་ཡོད་ན་།དགོངས་འགལ་མེད་པ་ཞུ།
མཉམ་ཞིབ་པས་དེ་རིང་སྐད་ཆ་སྣང་བ་འགྲོ་བོ་བཤད་སོང་། ཡིན་ན་ཡང་རྩོམ་པ་པོའི་ལས་ཀ་ཟེར་བ་དེ་རྩོམ་པ་པོ་འབར་ཞུན་སྒྲོན་མཁན་རེད། རྩོམ་པ་པོ་ཚོས་རྩོམ་ཡིག་གི་ལམ་ནས་མི་མང་ལ་སྣེ་ཁྲིད་དགོས། ལས་འགུལ་བ་ཚོས་སྤྱི་ཚོགས་ནང་མི་མང་གི་སྣེ་ཁྲིད་དགོས་པ་ལྟ་བུ་རེད། རྩོམ་པ་པོ་དང་ལས་འགུལ་བ་གཉིས་མཉམ་དུ་བཞག་ན་དེ་གང་འདྲ་ཡིན་མིན་ངས་ཧ་གོ་མ་སོང་།
རེད། མཛེས་མའི་མིང་ཁུར་མཁན་དེ་ཚོའི་ནང་དུ་སྐད་ཆ་ཆེན་པོ་བཤད་མཁན་མང་པོ་ཡོད་རེད། དཔེར་ན་མཛེས་པ་གཞན་པ་ཚང་མས་མཛེས་མའི་འགྲན་སྡུར་གྱི་གོ་རིམ་ནང་དུ་ལབ་ཆེན་པོ་བརྒྱབ་ཡོད་རེད་ལ། དབུ་རྒྱན་སུ་ལ་ཐོབ་ཀྱང་སྐབས་དེར་གས་འགོད་པ་ཚོའི་མདུན་ནས་དམ་བཅའ་ལུས་འབུལ་སེམས་འབུལ་བྱས་ཡོད་རེད་དེ། སྤྱི་ཚོགས་ནང་ལ་ཡོང་སྐབས། སུས་ག་རེ་བྱེད་ཀྱིན་འདུག དེ་ངས་ལབ་དགོས་པ་མ་རེད། རང་ཧ་གོ་བ་རེད། ཚེ་རིང་སྐྱིད་ཀྱིས་མཛེས་མ་འགྲན་སྡུར་གྱི་རྒྱུད་རིམ་ཁྲོད་ནས། མོ་རང་གཅིག་པུ་གར་སྟེགས་སྒང་ནས་ལྷག་པ་བློ་ཕམ་པོ་བྱུང་སོང་དང་། བོད་ཀྱི ཆེད་དུ་བྱ་ཐུབ་པ་ཡོད་ན་བྱ་རྒྱུ་ཡིན་ཟེར་ནས་སྐད་ཆ་མང་པོ་བཤད་ཡོད་པ་གུས་པས་གསལ་བོ་གོ་སོང་། ལོ་ངོ་འདི་དག་གི་ཁྲོད་ནས་མོ་རང་རང་གི་ངོས་ནས་དེ་ནང་བཞིན་གང་བྱ་ཐུབ་པ་བྱེད་བཞིན་འདུག་པས། ཡག་པོ་མཐོང་སོང་། སློབ་སྦྱོང་ཡག་པོ་མེད་ན་སྐུ་དྲག་མང་པོ་ཡོད་སའི་ས་ཆ་དེ་འདྲ་ལ་ཡང་སླེབས་ཡ་ཡོད་པ་མ་རེད་བསམ་གིས རང་གིས་བསམ་བློ་གཏོང་དང་།
མཛེས་མའི་མིང་དེ་ཡག་པོ་ཡོད་རེད་བསམ་སོང་། སྔོན་ཚེ་རིང་སྐྱིད་སློབ་གྲྭ་ལ་ཡོད་དུས་ཤ་རྒྱག་པ་དང་གཟུགས་ཐུང་བ་ང་རང་གིས་སེམས་པ་ཤོར་བ་ལས་མིག་གིས་ཡག་པོ་ཞིག་ཀྱང་ལྟ་མེད། མཛེས་མའི་མིང་ཐོབ་མེད་ན་གང་ཞིག་ན་ལུས་ཡོད་པ་རེད་བསམ་གིས བློ་བཟང་དབང་རྒྱལ་གྱི་ཧིན་སྒོར་འབུམ་གཅིག་དེ་དང་མཛེས་མའི་མིང་དེ་ཡིས་མོ་རང་གི་རྗེ་བོ་རྒྱབ་རེད།
མཉམ་ཞིབ་པ་ལགས། ཚེ་རིང་སྐྱིད་འདྲ་བོ་སྤྱི ཚོགས་མང་པོ་ཡོད་རེད། ཡིན་ཡང་མར་སྟོན་ཏེ་ཡར་ལངས་མཁན་ཉུང་ཉུང་རེད། ཚེ་རིང་སྐྱིད་ལོ་༣༠་ལོན་ལ་ཡོད་རྒྱུ་རེད། མཛེས་མའི་མིང་དང་ཧིན་སྒོར་འབུམ་གཅིག་དེ་མེད་ན་ད་བྱིས་པ་ཁ་ཤས་ཀྱི་ཨ་མ་ཆགས་ནས་སྒོར་མོ་ཡོད་པའི་སྤོ་ཏོ་ཞིག་དང་མཉམ་དུ་ཡོད་སྲིད་ཀྱི་རེད།
ངའི་མིང་ལ་དགེ་མདུན་ཟེར། ཁ་བརྡ་ནང་ལ་མང་པོ་ཡོད་མ་མྱོང་། དེ་རིང་ཁམས་རྒོད་ཟེར་བ་འདིས་ང་མི་ཡོང་རང་ཡོང་བཟོས་སོང་། ཁམས་རྒོད་ཀྱིས་ཚེ་རིང་སྐྱིད་ལ་ཕྱི་ནང་གི་སློབ་སྦྱོང་མེད་ཀི་ཟེར་གྱིན་འདུག དེ་ན་མཛངས་མ་སུ་ལ་སློབ་སྦྱོང་ཡོད་ནས་བོད་དོན་ལ་ལས་ཀ་བྱེད་ཀྱིན་འདུག ངས་མཛངས་མ་ཚང་མའི་ད་ལྟ་ག་རེ་བྱེད་ཀྱིན་ཡོད་པར་ཉན་ཞིབ་བྱས་པ་ཡིན།
དང་པོ། ༢༠༠༢ལོའི་སྒྲོལ་མ་ཚེ་རིང་གིས་ནང་མི་དང་མཉམ་དུ་ཚོང་ཁང་བཟུང་ནས་ཚོང་རྒྱག་གིན་འདུག ཨ་མདོ་བ་ཞིག་གི་དུས་དེབ་ཅིག་དཔར་བསྐྲུན་བྱ་བར་དུས་དེབ་ཀྱི་སྦྱིན་བདག་བྱས་ཏེ་དུས་དེབ་ཀྱི་རྩོམ་སྒྲིག་པའི་མིང་བླངས་འདུག སྒྲོལ་མ་ཚེ་རིང་མཛངས་མ་མ་ཐོབ་པའི་ཡར་སྔོན་ལ་མ་ཅིན་ཌི་ལ་ནས་ཟློས་གར་གང་མང་ཞིག་མཐོང་མྱོང་། བུ་མོ་དེ་ཡིས་སྐད་ཆ་ཆེན་པོ་བཤད་ཀྱིན་འདུག མ་སུ་རི་ནས་འཛིན་གྲྭ་བདུན་པ་མ་གཏོགས་སོང་མི་འདུག
གཉིས་པ། ༢༠༠༣ལོའི་ཚེ་རིང་སྐྱིད་དེ་རིང་ཁྱེད་ཚོས་བཤད་བཞིན་པ་འདི་རེད། སྔོན་མ་མི་ངོ་ལ་ལྟ་མི་ཐུབ་མཁན་གྱི་བུ་མོ་ཞིག་རེད། སྙན་དེབ་དང་པོ་དེ་རྡོ་རྗེ་གདན་དུ་བཙོང་གིན་འདུག་ལ་གོ་སྐབས་དེ་བཟུང་ནས་ཁ་བརྡ་ཞིག་བྱས་པ་ཡིན། སྐད་ཆ་བཤད་ན་ངུ་རྒྱུ་ཡོང་གི་ཡོད་པའི་བུ་མོ་ཆུང་ཆུང་ཞིག་རེད། བྷི་རིས་སློབ་གྲའི་འཛིན་གྲྭར་ཡོད་ཟེར། རྗེས་ནས་དྲ་རྒྱ་རྒྱུད་ནས་མཛེས་མ་ཐོབ་དུས་པར་ལ་ལྟས་ནས་གད་མོ་ཆེན་པོ་ཤོར་སོང་། མཛེས་མ་ཞིག་གང་དུ་ཡོད། བཙོག་འདྲེས་ཤིག་རེད་ལ་ངོ་ཡང་ཚ་སོང་། དེས་ནས་ག་དུས་ཡིན་ཡང་ལས་འགུལ་དང་ཚགས་པར། དྲ་རྒྱ། ག་རེ་ནང་ཡིན་ཡང་མིང་གོ་རྒྱུ་ཡོད་པ་ཞིག་རེད། རྗེས་ནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ལ་འདེམས་དུས་མཆོད་མེད་རྒྱུད་བཀྲ་ཤིས་བདེ་ལེགས་ཤིག་ཞུས་ཡིན།
གསུམ་པ། ༢༠༠༤ལོའི་བཀྲ་ཤིས་དབྱངས་ཆེན་སྒང་ཏོག་གི་ཁྱིམ་ཚང་ཕྱུག་པོ་དང་ཐོབ་གོང་ས་ཅན་གྱི་བུ་མོ་ཞིག་རེད་ཟེར། སློབ་སྦྱོང་ཡག་པོ་ཡོད་རེད་ཟེར། ཕྱིའི་རྣམ་པ་ཡང་བོད་རིགས་ཀྱི་ཁྱད་ཆོས་མེད་ཀྱང་མཛེས་པ་ཚ་བོ་ཞིག་ཡོད། ཧིན་སྒོར་འབུམ་གཅིག་དང་མཛེས་མའི་མིང་གཉིས་ཁྱེར་ནས་རྩ་བ་ཉིད་ནས་བརླག་སོང་། རྗེས་ནས་ཅིག་ཐུག་དུས་དབྱིན་ཇིའི་གསར་ཡག་ཅིག་ཁྲིད་ནས་འགྲོ་གིན་འདུག གོ་རྒྱུ་གྲགས་རྒྱུ་མེད་ཀི
བཞི་བ། ༢༠༠༥་ལོའི་བསྟན་འཛིན་ཉི་མ་ཤི་སོང་བ་རེད། ཤི་སྟངས་ལ་སྒྲུང་མང་པོ་གོ་རྒྱུ་འདུག
ལྔ་བ། ༢༠༠༦ལོའི་ཚེ་རིང་ཆུང་བདག་ལྡི་ལི་མཐོ་སློབ་ཀྱི་སློབ་མ་ཞིག་རེད་ལ། མཛེས་མའི་ཡུན་གྱི་ལོ་དེ་ལ་གོ་རྒྱུ་འདྲ་བོ་ཡོད་ཀྱང་རྗེས་སུ་གྲགས་རྒྱུ་གོ་རྒྱུ་མི་འདུག དབྱིན་སྐད་ཐོག་ནས་གསར་འགོད་པ་ཚོར་བཤད་སྟངས་ལ་ལྟོས་ན་ལབ་བརྒྱབ་འདུག་ཀྱང་བོད་སྤྱི ཚོགས་ནང་ལ་ཡོང་ནས་ལས་ཀ་བྱེད་མཁན་ཞིག་མ་རེད།
དྲུག་པ། ༢༠༠༦ལོའི་བསྟན་འཛིན་སྒྲོལ་མ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་བ་ནས་སློབ་བྱོལ་བྱེད་དེ་འདུག་མཁན་ཞིག་རེད། མཛེས་མའི་མིང་ཐོབ་སྐབས་དེར་ལྡི་ལི་རུ་ཁ་པར་འབྲེལ་མཐུད་པའི་ལས་ཀ་བྱེད་ཀྱིན་ཡོད་ཟེར་ནས་འགྲན་སྡུར་སྐབས་ལ་ངོ་སྤྲོད་བྱས་སོང་། ད་ལྟ་ལས་ཞོར་ལ་གྱོན་གོས་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་རེད་ཟེར།
བདུན་པ། ༢༠༠༨ལོའི་བསོད་ནམས་ཆོས་སྒྲོན་བོད་ནས་རྒྱ་གར་འབྱོར་ཙམ་ཞིག་རེད། གར་སྟེགས་ཐོག་ནས་མ་གཏོགས་གོ་ཐོས་མ་བྱུང་། ད་ལྟ་ལྷོ་ཕྱོགས་སེ་ར་དགོན་པའི་ཉེ་འདབས་སུ་ནང་ཆོས་སྦྱོང་གི་ཡོད་པ་རེད་ཟེར།
བརྒྱད་པ། ༢༠༠༩ལོའི་བསྟན་འཛིན་ཆོས་འཛོམས་ད་ལྟའི་མཛེས་མ་དེ་རེད། འཛམ་གླིང་ཨེ་ཚི་ཉིན་མོ་དེ་ལ་གཙུག་ལག་ཁང་དུ་ཨེ་ཚིའི་སྐོར་ནས་གཏམ་བཤད་བྱས་སོང་། རྗེས་ནས་གང་ཡང་གོ་རྒྱུ་མ་བྱུང་།
གསར་ལམ་ཁག་ལ་ལབ་རྒྱག་རྒྱུ་དེ་མཛངས་མ་ཚང་མའི་ཁྱད་ཆོས་རེད།
འོ་རེད་ཚང་མ་ལ་བདེན་པ་འདུག་རྒྱུ་མཚན་འདུག་འོན་གྱང་ཁམས་དང་ཨ་འདོ་མ་བརྩོད་བོད་པ་ནང་ཁུལ་རེད། བོད་པ་སུ་ཞིག་གིས་འཇོན་ནའང་བོད་པའི་འཇོན་པ་རེད་དེ་ལ་ནང་འཁོན་མ་བྱེད་
ནང་ཁུལ་རྐྱང་རྐྱང་ལ་སྐད་ཆ་རྫིག་པོ་བཤད་གི་མ་འདུག ཁྱེད་ཚོ་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོའི་སྣེ་ཁྲིད་ནས་བོད་མི་མཐུན་ལམ་དང་རྡོག་རྩ་གཅིག་བསྒྲིལ་ལ་འབད་པ་བྱེད་རོག
བོད་ནང་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་ནས་སྐད་འབོད་བྱེད་གི་ཡོེད་རེད་ང་ཚོའི་འདི་ནས་ནང་མཁོན་མི་བྱེད། ཐུགས་རྗེ་ཆེ།
གྲོགས་པོ་ཤེས་རབ་སེང་གེ་ལགས།
ཉོན་མོངས་པ་དུག་ལྔའི་ནང་ནས་མི་དགེ་བའི་བསམ་ངན་གཅིག་ཡིན་པ་དང་། ཡང་འཚམས་རེ་དགེ་བ་ཡིན་པ་དེ་འདྲ་ཨེ་ཡིན། དཔེར་ན། འཚམས་རེར་མུན་པ་ཡིན་པ་དང་ཡང་འཚམས་རེ་སྣང་བ་ཡིན་པ་དེ་འདྲ་ཨེ་ཡོད་ན་ལགས།
ཡང་ཁྱེད་ཀྱིས། [ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས] ཡོན་ཏན་གྱི་ཆུ་མི་ཆགས་ས་ཞིག་གིས་བྱང་ཆུབ་སེམས་པའི་སྤྱོད་པ་སྲུང་ཨེ་ཐུབ་ན་ལགས། རྫོགས་པའི་སངས་རྒྱས་དང་མི་འགའ་ལ་སངས་རྒྱས་བཏགས་པ་གཉིས་སོ་སོར་ཡིན་པ་ཧ་གོ་དགོས། ངས་སློབ་སྦྱོང་བྱེད་མུས་ཡིན་ལགས། གུས་བཅས།
རིགས་བཟང་མ་ལན་འདེབས་ཡིད་ཚིམ་པ་ཞིག་བྱས་འདུག་ཀྱང་ང་ཚོས་ཡིད་བཞིན་ནོར་བུའི་བཀའ་དགོངས་ལྟར་དོན་ཆེན་སྒྲུབ་པར་འབད་དགོས་པ་ལས་དོན་ཆུང་འདི་རིགས་ལ་དུས་ཚོད་ཆུད་ཟོས་མ་གཏོང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
རེད་ལགས་།ཚེ་རིང་སྐྱིད་ལ་མཛངས་མའི་མིང་ཐོགས་ནས་ཁོང་གི་མི་ཚེ་ཇེ་ལེགས་སུ་སོང་བ་དང་ཇེ་སྡུག་དུ་སོང་བ་དེ་ང་ལ་བཤད་རྒྱུ་མེད་།ཁོ་མོ་མ་གཏོགས་སུས་ཀྱང་ལབ་ཐུབ་གྱིན་མ་རེད་བསམ་བཞིན་ཡོད་།གཅིག་བྱས་ན་མཛངས་མའི་མིང་ཐོག་མེད་ན་།ཁོ་་རང་བྱིས་བ་འགའ་ཤས་ཀྱི་ཨ་མ་ཆགས་ནས་བསྡད་ཡོད་ཚུལ་ཞིག་ལབ་འདུག་པ་དེ་ངའི་སེམས་སུ་བདེ་བོ་ཞིག་མ་བྱུང་།མཛངས་མའི་མིང་མ་ཐོགས་པའི་བུ་མོ་ནང་དུ་ག་རེ་འཇོན་ཐང་ཅན་འདུག་།གཅིག་བྱས་ན་ཁོ་ལ་མཛངས་མའི་མིང་མ་ཆགས་ནའང་དེ་འདྲ་བའི་འཇོན་ཐང་ཅན་ཞིག་ཆགས་སྲིད་།དེ་བས་ཁོ་མོས་ཀྱང་མཛངས་མའི་འགྲན་སྡུར་ལ་འགྲོ་ས་མེད་པ་དང་།ཕྱིའི་ལུས་ཕུང་ཙམ་ལས་སྟོན་རྒྱུ་མེད་ན་སྐྱོ་བོ་རེད་།ང་ཚོགས་འདུ་ཞིག་གི་ཐོག་ནས་ཁོ་རང་ལ་འཕྲད་མྱོང་།སྐད་ཆ་མང་པོ་བཤད་མེད་།ངའི་ཉེ་འགྲམ་དུ་ཡོད་པའི་ཕོ་རྡོར་ཚང་མའི་ཁོ་རང་འཛུམ་མུལ་མུལ་བྱ་གིན་འདུག་།རྒྱུ་མཚན་ཅི་ཡང་མི་འདུག་།ཁོ་རང་ལ་ཕྱི་ལུས་མཛེས་མ་ཤིག་ཡོད་པ་དང་།བོད་ཀྱི་མཛངས་མའི་མིང་ཐོབ་པ་དེའི་ཕྱིར་རེད་།ང་རང་ཁོ་མོ་ལ་གདུང་སེམས་མཉམ་སྐྱེས་བ་ཤིག་ཆགས་དགོས་སོང་།རྒྱུ་མཚན་ཅི་ཡིན་ཟེར་ན་།ཁོ་མོ་ལ་མཛང་མ་དང་།ལུས་བོ་ཙམ་ལས་གཞན་ཡང་ཡོན་ཏན་མང་པོ་ཡོད་རྒྱུ་རེད་བསམ་སོང་།རྗེས་སུ་ཁོ་མོ་ལ་སྐད་ཆ་བཤད་པ་ནམ་ཡང་མེད་།དེ་བས་ངས་གོང་དུ་བཤད་པ་བཞིན་།ཚེ་རིང་སྐྱིད་མཛང་མ་དང་།མཛེས་མ་ཟེར་བའི་མིང་སྐམ་འདིའི་ཐོག་ནས་ཕར་བུད་དེ།་མཁས་མ་།རྒྱལ་གཅེས་མ་།བུད་མེད་ཀྱི་ལས་དོན་མ་ཞིག་ཆགས་རྒྱུའི་རེ་བ་རྒྱག་གིན་ཡོད་།
སེམས་དོགས་མི་དགོས་།ང་བུ་མོ་མཛེས་མ་ཚོ་ལ་ཤིན་ཏུ་ནས་དགའ་མཁན་ཤིག་ཡིན་།ཁོ་ཚོ་ལ་སྡང་བའི་སེམས་པ་ནམ་ཡང་མེད་།མཛེས་མ་མང་པོ་འཕྲད་མྱོང་།ཁོ་ཚོ་ལ་འཁྲུག་པ་ཡང་སྤྱོད་མྱོང་།ཀླད་པའི་ནང་དུ་རྩ་བ་མེད་ཚེ་ཉི་མ་གསུམ་གྱི་རྗེས་ནས་ཉོབ་ཡོང་གིན་འདུག་།
རྩེད་མོ་ཡིན།
གོང་དུ་མཆན་ཁ་ཤས་བཏབ་ཡོད་པའི་མུ་ཏོ་བ་ཟེར་བ་འདི་བོད་ནང་དུ་<>དང་<>སོགས་གཞུང་སྒེར་དུས་དེབ་འདྲ་མིན་སྟེང་རྩོམ་ཡིག་འབྲི་བཞིན་པ་དེ་ཡིན་ནམ། གལ་སྲིད་དེ་ཡིན་ན་བཤད་དགོས་རྒྱུ་ཅང་མེད། དེ་མིན་ན་ཕྱི་སྡོད་བོད་རྣམས་ལ་རེ་སྐུལ་ཞུ་རྒྱུར་བོད་ནང་དུ་བེད་སྤྱོད་གནང་བཞིན་པའི་པུར་མིང་དེ་དག་ཕྱི་རྒྱལ་ནས་བེད་སྤྱོད་མ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། གལ་སྲིད་པུར་མིང་དགོས་འདོད་ཅན་ཞིག་རང་ཉིད་ཀྱིས་མི་རེག་ན་དྲ་ཚིགས་སྟེང་དུ་གང་ཞིག་མཚོན་དགོས་པ་བཤད་དེ་མིང་སློང་བྱེད་རོགས་ཞེས་ཞུ་རྒྱུ་ཡིན། འདི་ཉིད་ཐ་ཚིག་བསྒྲགས་པའང་ཡིན།
གངས་རྒྱན་མེ་ཏོག་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་སོགས་ཟེར་བ་ཡིན་ཡང་། དེབ་མིང་རྟགས་སུ་བཅུག་རྗེས་དེབ་མིང་གཉིས་ཡལ་འདུགས་པས་བསྐྱར་བཀོད་བྱས་པ་ཡིན།
གལ་སྲིད་ང་ཚེ་རིང་སྐྱིད་ཡིན་རྒྱུ་ན་གཡང་ལགས་ཟེར་བ་དེའི་ཅོ་ཏོ་ཆ་བོ་ཚང་མ་འབའ་འཇོག་ས་རེད་ཀོ རྩེད་མོ་ཡིན། གལ་སྲིད་གཡང་ལགས་ཞི་ལི་ཞིག་ཡིན་ན་དེའི་གླིག་རྩིད་ནང་ང་མེ་འཇོག་ས་རེད།
ཚེ་རིང་སྐྱིད་འདི་དེད་དཔོན་ཞིག་དང་མཚུངས།།
ཡོད་ཚད་མོ་རང་གི་གང་བཤད་པའི་རྗེས་སུ་ཕྱོགས་ནས་འགྲོ།
ཚེ་རིང་སྐྱིད་འདི་ཐུག་པ་དཀྲུགས་བྱེད་ཞིག་དང་མཚུངས།
ལྟ་བ་མཐུན་མ་མཐུན་ཚང་མ་གཡས་དཀྲུགས་གཡོན་དཀྲུགས་བྱེད།།
ཚེ་རིང་སྐྱིད་འདི་སློབ་ཆུང་གི་དགེ་རྒན་ཞིག་དང་འདྲ།།
བྱིས་པ་སྣ་ལུག་ཚོས་མོའི་ངག་གི་རྗེས་སུ་དབྱངས་རྟ་མཚམས་མི་ཆད།
ཚེ་རིང་སྐྱིད་འདི་འུག་པ་ཞིག་དང་མཚུངས།།
ཁྭ་ཏ་ཡོད་ཚད་ཀྱིས་གཡག་བཏོགས་གཡོན་བཏོགས་བྱེད།
ཚེ་རིང་སྐྱིད་འདི་ལྷ་མོ་ཞིག་ནང་བཞིན།།
དད་ལྡན་མང་པོ་ཞིག་གི་ལག་ཟུང་ཐལ་མོ་སྦྱར་ནས་འདུག།
ཚེ་རིང་སྐྱིད་འདི་འདྲེ་མོ་ཞིག་དང་འདྲ།
ཟུར་གང་ཞིག་ནས་བུད་ན་ཁྱི་གུ་ཚོས་ཀུ་ཅོ་རྒྱུན་མི་ཆད།
འདི་དག་ནི་ཐག་རིང་ནས་བལྟས་པའི་མཐོང་སྣང་ཡིན།།
ཐག་ཉེ་སར་བཅར་ནས་བལྟས་ན་ཅི་འདྲ་ཞིག་ཡིན་ནམ་གྲོགས་པོ་དག།
མཛངས་མ་ཚེ་རིང་སྐྱིད་ལགས་ལ་གཞན་གང་ཡང་ཞུ་གི་མིན། ད་ཐེངས་ཀྱི་གོ་སྐབས་འདི་བརྒྱུད་དེ་ཞུ་རྒྱུ་ཞིག་ལ། ཉིད་ཀྱིས་གསར་འགོད་ཀྱི་ལས་ཀ་བྱེད་དུས་སྐད་གང་ཞིག་བེད་སྤྱོད་བྱས་ཀྱང་གཅིག་རང་བེད་སྤྱོད་བྱེད་རྒྱུའི་རེ་བ་ཞུ་གི་ཡིན།
ཐག་ཉེ་ས་རུ་བཅར་ན་མིག་ཟུང་འོད་ཀོར་ཅན་དེ་གཉིས་ཀྱིས་ཁྱེད་ཀྱི་ལུས་ཡོངས་ལ་ཚ་བ་རྒྱས་པར་བྱས་ཡོང་གི་རེད། གྲོགས་པོ་ཞིག་གིས་གསང་གཏམ་བརྗོད་པ་ལྟར་ན། མོའི་ནུ་འབུར་གཉིས་མཐོང་བ་དང་མོའི་གདོང་ལ་ལྟ་མི་ཕོད་ཟེར།
མེ་ལོང་མ་ལས། མཚོན་ཆ་མེད་པར་བུད་མེད་དག །འགྲོ་བ་གསུམ་པོ་དག་ལས་རྒྱལ། །ཞེས་པ་དེ་བདེན་ཀ
ཚེ་རིང་སྐྱིད་ལགས།
བོད་པའི་བུད་མེད་ནང་ནས་ཁྱེད་ལྟར་བུ་ནི་དགོས་མཁོ་ཅན་གྱི་བུད་མེད་ཅིག་ནམ་ཡང་ཡིན་བ་འདོད་བཞིན་ཡོད། མི་ལ་ལས་ཁྱེང་ལ་དོན་མིན་སྐྱོད་བཙུགས་ཀྱིས་བོད་པའོ་སྤྱིར་ཚོགས་ནང་རང་གི་སྨྱིང་ལ་གནོད་སྐྱོན་གཏོང་རྒྱུའི་སྲིད་ཇུས་ངན་པ་བཟུང་ངེས་མཆིས་མོད། དེཌྷའི་རིགས་རྣམས་བཟོད་པའི་རྒྱུར་གཏོང་ན་འོས་མ་གཏོགས་མི་ཐ་ཤལ་འདིའི་རིགས་ཀྱི་ཕྲག་དོག་ལ་ཚད་མེད་སྟབས་བོང་བུ་བླུན་རྒན་ལྟར་གསལ་བཤད་སྟེང་གསལ་བཤད་གནང་ཡང་མཐར་རང་ངལ་བ་ལས་མེད། ཁྱེད་ཀྱི་བོད་ཡིག་གི་ཆུ་ཚད་བཟང་པོ་ཡོད་བ་ཕྲན་སུ་ཇ་སློབ་གྲྭའི་སློོབ་མ་སྐབས་ནས་ཤེས་མྱོང་། དེ་སོང་ཨ་རི་རླུང་འཕྲིན་ཁང་ནང་གསར་འགོད་པའི་ལས་ཀ་བྱེད་ཡོད་པ་གོ་ཐོས་བྱུང་བས་འདི་ནི་སུ་ཇ་སློབ་གྲྭཌྷའི་སྤོབས་པ་རེད།
དྲ་ཀློག་པ་ཡོངས་ལ་ཞུ་འདོད་ཅིག་ནི། དྲ་འཕིན་གྱི་རིགས་ནང་རྩོམ་དང་མཆན་གང་སྤེལ་ཡང་སྒེར་གྱི་སྙིང་ནད་སྟོན་སའི་དོ་རྭ་ཞིན་མ་ཆགས་བར་འབད་འབུངས་གང་ཐུབ་གནང་ན་དགེ།
བོད་རྒྱལ་ལོ།
སྐྱོད་དེ་སྐྱོན་ལ་བཅོས་དགོས
ཚེརིང་སྐྱིད་ལགས།གཞན་གྱི་བཤད་པ་ཐམས་ཅད་ཡིད་ལ་མ་འཇོག་རོགས།ཁ་ཤས་ཀྱི་ཁྱོད་ཁ་སྒོ་མཚར་བའི་ཕྲ་དོག།ཁ་ཤས་ཀྱི་ཁྱོད་ཡོན་ཏན་ལ་ཕྲ་དོག།ད་དུང་མང་གི་ཡིན་ནའང་འབུ་མེ་ཁྱེར་གྱི་ཉི་མ་ལ་འགྲིན་ཐུབ་མེད་པའི་ཁྱོད་ཀྱི་དེ་ཐམས་ཅད་ཟུར་དུ་བཞག་ནས་མ་འོངས་པར་ང་ཚོའི་བོད་ཀྱི་ཨ་མ་གྲགས་ཅན་ཞིག་ཡོང་ཐབས་ཀྱི་ལས་ལ་བརྩོན་རོགས་ཞུ།དེ་རེ་བ་ཡིན།
ཕྲ་ལ་ཕྲག་བཅོས་རོགས
ཁ་བརྡ་དྲ་རྒྱ་སྤང་གཞུང་ཡངས་པ་འདིར།།
ཁ་འགྲོས་མཚར་བའི་མེ་ཏོག་གཅིག་གི་སྟེང་།།
ཁ་ཡག་སྦྲང་བུ་སྟོང་གི་འཕུར་ལྡིང་ནི།།
ཁ་བ་བུ་ཡུག་འཚུབ་པའི་ངང་ཚུལ་འཛིན།།
གཞོན་ནུ་འདིས་ཚེ་རིང་སྐྱིད་མཐོང་ན་འདུག་མི་ཐུབ་པ་ཅི་ཞིག་གི་རྐྱེན་གྱིས་ཡིན་ནམ།
ཚེ་རིང་སྐྱིད་ཀྱི་མི་གཤིས་ལ་ཆེད་དུ་རྒྱུས་ལོན་བྱས་པ་མིན་ཡང་ངང་གིས་ཤེས་ཡོང་གི་འདུག སྔོན་ཆད་ཁོ་མོ་ཡུ་རོབ་ནས་ཕྱིར་རྒྱ་གར་དུ་ལོག་ཡོང་བའི་རྒྱུ་མཚན་ཡིད་དུ་འོང་བ་ཞིག་ཚགས་ཤོག་ཅིག་གིས་དྲི་བ་བྱས་པའི་ལན་དུ་བགྲང་འདུག་ཀྱང་།ཁ་སྔོན་ཨ་རི་ལ་ཕྱིན་པ་དེས་རྒྱུ་མཚན་ཡོད་ཚད་ནག་བསུབ་དུ་བཏང་འདུག
དེར་བརྟེན་ཁོ་མོ་ཡུ་རོབ་ནས་ཚུར་ལོག་ཡོང་བ་དེ་ཡང་དམིགས་ཡུལ་གཞན་ཞིག་ཡིན་པ་ཤུགས་ནས་རྟོགས་ཐུབ་པ་འདུག
འདིའི་སྐོར་ལ་ཕྲན་གྱིས་དུས་བབས་ཟིན་བྲིས་སུ་ཡོད་པའི་ཚེ་རིང་སྐྱིད་ཀྱི་ཟི་བྲིས་སུ་ཚིགས་བཅད་སྙན་ངག་ཞིག་བྲིས་ཡོད་མོད་རྗེས་མར་བསུབ་ཚར་འདུག་ཕལ་ཆེར་གནོང་ཐོག་ཏུ་ཕོག་པ་འདྲ།བསམ་བློ་དང་སྐད་ཆ་གཉིས་འགལ་ཟླར་གྱུར་པའི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་རྩོམ་པ་པོ་རྫུན་མ་རེད།་སྐད་ཆ་མངར་མོ་བཤད་ཐབས་ལ་མཁས་པ་ནི་རྩོམ་པ་པོ་རྫུན་མ་ཚོས་ཁྱད་ཆོས་ཤིག་རེད།
དབུ་ཐོག་བུ་རྒྱུད་ཟེར་བ་ཁྱོད་ནས་གང་བརྗོད་ཀྱིན་ཡོད། ཚེ་རིང་སྐྱིད་ཨ་རི་ལ་འགྲོ་དགོས་པ་དེ་ཚེ་རིང་སྐྱིད་ཀྱི ཤེས་རབ་དང་སྐྱེས་གཟུགས་ཀྱིས་རིན་ཐང་རེད། ཁྱེད་ཀྱིས་ཚེ་རིང་སྐྱིད་ཝེ་བཟའ་ཉོས་ཏེ་ཨ་རི་སོང་འདོད་དམ། ཚེ་རིང་སྐྱིད་མི་གཡོག་རྒྱུག་པར་སོང་འདོད་དམ །ཚེ་རིང་སྐྱིད་ཨ་རིའི་རླུང་འཕྲིན་ཁང་གིས་གདན་འདྲེན་ཞུས་པ་རེད་ལོ། ཚེ་རིང་སྐྱིད་ཨ་རིའི་རླུང་འཕྲིན་ཁང་དུ་མོ་རང་སོ་སོའི་སྐྱེས་གཟུགས་དང་ཤེས་རབ་ལ་མཚཽན་པའི་ལས་ཀ་གཉེར་གྱིན་ཡོད་རེད་ལོ།
ཁྱེད་རང་གིས་མི་ཤེས་ན་གང་བྱུང་མ་བཤད་དང་མི་ཚང་མ་མིག་དང་རྣ་ཡོད་རེད།
དམུ་ཐག་གི་བུ་རྒྱུད
རྨུ་ཐག་ཅེས་འབྲི་དགོས། དག་ཆ་ལ་གཟོབས།
མགོ་རུལ་ལགས། དམུ་ཞེས་པའི་དོན་གང་རེད་དམ། མི་ཤེས་ན་ངས་ཁྱོད་ལ་བཤད་ཆོག
གོང་མ་ལགས། འོག་མས་འདི་ལྟར་བཤད་ཀྱིན་ཡོད་དེ། ཚེ་རིང་སྐྱིད་རྡ་སར་བསྡད་ན་སྐྱེས་གཟུགས་དང་ཤེས་རབ་ལ་བེད་སྤྱོད་མེད་པ་མིན། དེ་བས་ལྟོ་རྒྱབ་ལའང་བཤད་ཅི་དགོས། སྔོན་ཆད་ཁོ་མོས་ཚགས་ཤོག་ཐོག་སྤེལ་བའི་གཏམ་རིང་་དེ་ཁྱོད་ཀྱིས་མ་མཐོང་བ་འདྲ། ཁྱོད་ཀྱི་བཤད་སྟངས་ལ་བལྟས་ན་འདི་དག་གོ་ཐུབ་མིན་ཡང་མི་ཤེས།
ཧོར་བུ་ཡེ་ཤེས་ཀྱིས་བཤད་པ་བཞིན་ང་ལའང་གསར་འགྱུར་བཤད་མཁན་ཚོར་ཞུ་རྒྱུ་ཞིག་ཡོད། མི་མིང་དང་ས་མིང་སོགས་ཀྱི་ཚིག་གི་གཅོད་མཚམས་ལ་ངེས་པར་དུ་སྣང་འཇོག་བྱེད་དགོས་ཏེ། གཅོད་མཚམས་ནོར་ན་དགོད་ཁ་འཆོར་བའི་གཏམ་དུ་འགྱུར་བ་དཔེར་ན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨམ་སྐད་སྡེ་ཚན་གྱི་རྒྱངས་སྒྲོག་པ་དཔལ་ལྡན་རྒྱལ་གྱིས་གསར་འགྱུར་བཤད་དུས། རྒྱ་གར་གྱི་སྲིན་བློན་མཱན་མོ་ཧཱན་སེང་གི་མིང་ཀློག་སྐབས མཱན་མོ་ ཧཱན་སེང་ ཞེས་བོད་ཀྱི་བཞི་ཚིག་གི་མིང་གི་ཀློག་སྟངས་རྒྱུན་དུ་ཀློག་གིན་འདུག་ཅིང། ནམ་རྒྱུན་རླུང་འཕྲིན་ལ་ཉན་སྐབས་དཔལ་ལྡན་རྒྱལ་གྱིས་ རྒྱ་གར་གྱི་སྲིན་བློན་ ཞེས་བརྗོད་པ་ཙམ་ནས་ཁོ་བོར་གད་མོ་ཤོར་ཡོང་གི་འདུག ཀློག་སྟངས་དངོས་ལ་ མཱན་ མོ་ཧཱན་སིང་ཞེས་མདུན་གྱི་ མཱན་ ཡར་བཅད་དེ་ མོ་ཧཱན་སེང་ གསུམ་མཉམ་དུ་ཀློག་དགོས་པ་ཡིན་ལ། མོ་ཧཱན་ གཉིས་དེ་བས་ཀྱང་སོ་སོར་གཅོད་མི་རུང་། འོན་ཀྱང་རྒྱ་གར་གྱི་སྐད་ལ་རྒྱུས་མངའ་མེད་ན་ཁག་མེད་པ་ཞིག་ཀྱང་རེད། ཡིན་ཡང་གཟབ་ནན་བྱེད་རྒྱུ་ཤིན་ཏུ་གལ། དེར་མ་ཟད་ཨམ་སྐད་ལ་དབུས་སྐད་ཀྱི་བསྲེ་སླད་ཀྱང་ཤིན་ཏུ་མང་བར་འདུག་པས་རྒྱངས་སྒྲོག་པ་ཀུན་གྱིས་གཟབ་པར་འཚལ། དཔལ་ལྡན་རྒྱལ་དང་རྒྱངས་སྒྲོགས་པ་རྣམས་ཀྱིས་མཐོང་བར་སྨོན།
ཧོར་བུ་ཡེ་ཤེས་ཞེས་བྲིས་ནོར་ཤོར་འདུག་པ་དགེ་རྒྱམ་ཞེས་བཅོས་རོགས།
མཛེས་མ་ཚེ་རིང་སྐྱིད་གྱིས་གོང་གི་འགྲེལ་བཤད་བྱས་པ་དྲང་མོ་རེད།
དྲ་གྲོགས་རྣམས་ཀྱི་དུས་རྒྱུན་གཟབ་དགོས་པ་ཞིག་ནི་ང་ཚོའི་དྲ་བའི་རིག་ལམ་འདི་རྒྱུད་ནས་ཕན་ཚུན་
མཚང་འདྲེན་དང་དམོད་མོ་འཁྱོག་བཤད་སོགས་བྱས་ན་ཕན་ལས་གནོད་པར་འགྱུར་པས།
དེ་དག་དོར་ཏེ་མི་སོ་སོའི་མཐོང་རྒྱ་དང་ཤེས་ཡོན་རྩལ་དུ་བཏོན་ནས་དཔྱད་བརྗོད་དང་ལན་འདེབས་
དྲང་བོར་གནང་ན་ང་ཚོས་བསམ་ཚུལ་བརྗེ་རེས་བྱས་པའི་དམིགས་འདུན་བློ་སྐྱེད་རྒྱ་ཆེ་བ་རེ་ཐོབ་ངེས་རེད་སྙམོ།།
ང་རང་ལ་མཚོན་ན་ཅིང་དགའ་སོང།