གཞོན་ནུ་ཟླ་མེད
སྟོད་འགག་ལ་རྟོགས་བཏགས་ཀྱིས་འགྲེལ་བཤད་མང་པོ་ཡོད་པ་རེད། རྟ་མཆོག་རྣ་རྒྱན། ཕོ་རོག་མིག་རྒྱན། གླང་ཆེན་མཆེ་རྒྱན། སོགས་རྒྱན་དྲུག་དང་། དེ་རེ་རེའི་མཚོན་དོན་སོགས། ད་རུང་ཁ་དོགས་འདྲ་མིན་ཆོས་བརྒྱུད་རེ་རེའི་ཕྱག་ལེན་སོགས་འདྲ་མིན་རེད། འོན་ཀྱང་འདི་དམ་པའི་ཆོས་འདུལ་བ་ནས་བཤད་པའི་ནང་པའི་རབ་བྱུང་ཕ་མའི་གོས་ནི་མིན་ཐག་ཆོད་རེད། འོན་ཀྱང་འདི་བོད་ཀྱི་ནང་པ་ལ་ད་ལྟ་དར་ཁྱབ་ཆེན་པོ་ཡིན་པ་ནི་མིག་མཐོང་ལག་ཟིན་རེད། དེ་ན་འདི་གང་ནས་ཇི་ལྟར་དར་བ་རེད་དམ་ཟེར་ན། འདི་ནི་བོད་ཀྱི་དམག་ཁྲབ་ལས་དར་བ་རེད། དམག་ཁྲབ་ལ་སྟོད་གོས་དང་། སྨན་གོས་གཉིས་ཡོད་པའི་ནང་ནས་སྟོད་གོས་རེད། མིང་གི་ཆ་ནས་བརྟག་ན་སྟོད་འགག་ཟེར་གི་ཡོད་པ་རེད། དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད། དེ་ནས་དེ་ལ་ཕུ་ཐུང་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་སྟོད་ཁྲབ་ལ་ཕུ་ཐུང་ཡོད་ན་དམག་མི་དེས་རང་གིས་ཕར་རྒོལ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་རེད། དེ་བས་ན་ཕུ་ཐུང་མེད་པ་རེད། ད་འོ་ན་སྟོད་འགག་འདི་བོད་ཀྱི་རབ་བྱུང་བའི་ནང་དུ་ཇི་ལྟར་དར་བ་རེད་དམ་ཟེར་ན། འདུལ་བ་ལ་སྟོད་འདུལ་སྨད་འདུལ་གཉིས་ཡོད་པ་ནས་སྨད་འདུལ་དར་བའི་སྐབས་ནས་དར་བ་འེ་ཡིན་སྙམ། དེ་ཡང་རྒྱལ་བོ་གླང་དར་དེ་བསྟན་པའི་སྤྱི་དགྲར་བཟུང་ནས་ཆོས་ཕྱོགས་པས་བསད་པ་རེད། གསོད་མཁན་ལྷ་ལུང་དཔལ་རྡོར་ཡིན་ཟེར་གི་ཡོད་པ་རེད།
ལྷ་ལུང་དཔལ་རྡོར་ཟེར་བ་འདི་དམག་མི་ཡིན་ནམ ཡང་ན་དགེ་སློང་ཞིག་ཡིན། དེ་ལ་ཐུག་བསྡད་ཡོད་པ་རེད། ངས་བསམ་ན་ལྷ་ལུང་དཔལ་རྡོར་འདི་དམག་མི་ཞིག་རེད། སྤྱིར་ལྷ་ལུང་དཔལ་རྡོར་མིང་ཅན་ཁ་ཤས་ཞིག་ལོ་རྒྱུས་ན་འབྱུང་གི་ཡོད་ཚོད། དེ་ཡང་བཀའ་ཐང་སྡེ་ལྔའི་ནང་ན་བཙུན་མོ་བཀའ་ཡི་ཐང་ཡིག་གི་ལེའུ་གཅིག་ན་ཡང་ལྷ་ལུང་དཔལ་རྡོར་མིང་ཅན་གྱི་བློན་ཆེན་པོ་ཞིག་འདུག དེ་གླང་དར་གསོད་མཁན་དེ་ཡིན་ས་འགྲོ་རྒྱུ་མ་རེད་བསམ། དེ་ནས་གླང་དར་གསོད་མཁན་དེ་ནང་པའི་ཕྱོགས་གཏོགས་ཀྱི་དམག་མི་ཞིག་ཡིན་པ་བྱས། རྒྱལ་བོ་བསད་རྗེས་མཁས་པ་མི་གསུམ་དང་མཉམ་དུ་མདོ་སྨད་ལ་ཕེབས། བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་སྐབས། ཁོང་དགེ་སློང་མིན་པས་ཁ་སྐོང་སུ་མ་འོས་པར་རྒྱ་ཡི་དགེ་སློང་ཞིག་གདན་འདྲེན་དུ་བྱས་ནས་ཁ་སྐོང་བྱས་པར་ལོ་རྒྱུས་དག་ལས་གསལ། དེ་ནས་བླ་ཆེན་དགོངས་པ་རབ་གསལ་ལ་བསྟན་པ་བཀའ་དྲིན་ཆེ་བ་རྣམས་རྗེས་དྲན་གྱི་ཆེད་དུ། མཁས་པ་མི་གསུམ་རྗེས་དྲན་ལ་ཞྭ་སེར་བོ་བསྣམས་བཅུགས། དམག་དཔོན་ལྷ་ལུང་དཔལ་རྡོར་རྗེས་དྲན་ལ་སྟོད་འགག་བསྣམས། རྒྱའི་ཧྭ་ཤང་རྗེས་དྲན་ལ་སྟོད་འགག་འདབ་ཀྱི་ཆུ་སྐུད་སྔོན་པོས་མཐའ་ལ་རྒྱན་པ་རེད། ཆུ་སྐུད་ཅེས་པའི་ཆུ་འདི་སྲིད་ལ་གོ་དགོས།
སྲིད་ཟེར་བ་ནི་སྟོད་འགག་ལ་སྦྱར་ནས་བཤད་ན་མཐའ་ལ་གོ་དགོས་པ་རེད། སྲིད་དང་ཞེང་གི་ཆེ་ཆུང་མཇལ་སྐབས་ཆུ་ཞེང་ཟེར་བ་ལྟ་བུའོ། ཅེས་གཞོན་ནུ་ཟླ་མེད་ནས་ཕུལ།། །
སྐུ་ཉིད་ནས་དཔྱད་ཞིབ་གནང་བར་ཐུགས་རྗེ་ཆེ།
འདི་ལྟར་ཉིད་ཀྱིས་དཔྱད་ཞིབ་ཀློག་བཞིན་སེར་མོ་བ་ཚོས་སྐུ་ལུས་ཀྱི་ཆོས་གོས་དག ངོ་མ་ཁྲབ་རྨོག་བཟོ་ལྟ་ཞིག་ཡིན་པ་གཞི་གྲུབ་འདུག
ནོར་ལྷ་ལགས། སེར་མོ་བ་ཚོའི་ཆོས་གོས་དག་ཁྲབ་རྨོག་གི་བཟོ་བལྟ་གཏན་ནས་ཡིན་ནི་མ་རེད། ཆོས་གོས་རྣམ་གསུམ་ཟེར་ནི་རེད། དེ་ཡང་ཆོས་གོས་དང་། རྣམ་སྦྱར། ཤམ་ཐབས་གསུམ་རེད། དེ་ལ་ཁྲབ་རྨོག་གི་བཟོ་བལྟ་ཅན་ཡོད་ནི་མ་རེད། རྨོག་ནི་མགོ་བོ་མདའ་ཚོན་འགོག་བྱེད་ཀྱི་ཞྭ་ཞིག་རེད།
གྲྭ་རྒན་ཡིན་ནམ་གྲྭ་ལོག་ཡིན་་་་?????? ཁུངས་མེད་ལུང་མེད་བཤད་མ་ཡོང་རོགས།
བཀྲ་ཤིས་ལགས། འདི་ཁ་བརྡ་རེད་མོ། ཁུངས་མེད་ལུང་མེད་ཡིན་ན་ཡང་མི་འགྲིག་རྒྱུ་ཡོད་ཀྱི་མ་རེད་། ཧཧཧ
ལྷག་པར་དུ་སྟོད་འགག་གི་དབྱིབས་ལ་གཟིགས་དང་། བོད་དམག་གི་ཁྲབ་ཁོ་དག་གོ་རེད། ད་རུང་རྣ་མི་འགྲོ་ན་གླིང་གི་དཔའ་རྟུལ་ཚོའི་ཐང་ག་ལ་ཞིབ་མོ་གཟིགས། མ་ཟད་མུ་གེ་ཐང་ནས་རྙེད་པའི་བོད་དམག་གི་ཁྲབ་དེ་ཚོ་ངོ་ནས་སྟོད་འགག་གི་བཟོ་བལྟ་རེད་འདུག ད་བཟོ་བལྟ་ཐོག་ནས་ང་ལ་དགག་མི་ནུས།
དེ་ནས་མིང་གི་ཐོག་ནས་རེད། ང་ལ་དགག་ཐུབ་ནི་མ་རེད། དེ་ནས་ལོ་རྒྱུས་ལ་ཡང་ཤིན་ཏུ་འབྱོར་བས། རྒྱུ་མཚན་གསུམ་པོ་འདི་ཁུངས་རེད།
ངས་གོ་ཚོད་ལ་མཁན་ཆེན་ཞི་འཚོ་བོད་ལ་བྱོན་སྐབས་བོད་ཡུལ་འདི་ས་ཆ་ཧ་ཅང་གྲང་ངར་ཆེ་བས་གདིང་བ་རྒྱབ་ལོག་ནས་མནབ་པ་རེད། གདིང་བའི་སྣེ་མོ་གཉིས་མདུན་ནས་ཚུར་སླེབས་པ་ལ་དཔེ་བྱས་ན་སྟོད་འགག་བཟོས་པའི་ལོ་རྒྱུས་ཤིག་གོ་མྱོང་། བོད་པའི་རབ་བྱུང་ཚོས་དམག་གི་གྱོན་པ་ལ་དཔེ་ལེན་པ་ལྟ་བུའི་གདོལ་སྤྱོད་ག་ལ་གནང་། ཁྱོད་ཀྱི་འདུལ་བ་མདོར་བསྡུས་གོ་ཨེ་མྱོང་། ????? ལྷག་དོན་དམར་གཡོ་གསུམ་གྱི་སྐབས་ཙམ་ལ་བོད་ཀྱི་འདུལ་དམག་གི་ལད་མོ་བྱེད་སྐབས་ཤིག་གཏན་ནས་མིན། གྲྭ་པ་དམག་གི་ལས་ལ་སྤྲོ་བ་དང་དམག་ཆས་གྱོན་པའི་ཐན་ལྟས་འདི་དག་དུས་ཕྱིས་སུ་བོད་ལ་དར་བ་རེད།
བོད་ཀྱི་འདུལ་འཛིན་ཚོས་་་ནོར་བཅོས།
བཀྲ་ཤིས་ལགས། དེ་ལ་ངེས་པ་མི་འདུག བོད་ཀྱི་དགོན་སྡེ་ལ་ལ་ནས་ཆོས་ར་ནང་ནས་ལུག་བཤའ་གི་ཡོད་པ་ཡང་དངོས་སུ་མཐོང་རྒྱུ་འདུག ད་རུང་གོ་ལྷམ་གྱོན་པ་འདི་འདུལ་བ་ན་ཡུལ་དབུས་ཀྱི་དབང་དུ་བྱས་ནས་བཀག་འདུག་ཀ བོད་ཀྱི་དགོན་པ་དག་ནས་ངེས་པར་དུ་གོ་ལྷམ་བཀོན་དགོས་པ་དག་ཀྱང་ཡོད་ཀ ད་རུང་ཤ་ཟ་བ་འདི་རེད། མདོ་ལང་ཀར་གཤེགས་པ་ཡིན་ན་ཅིག་ནས་གཏན་ནས་བཀག་ཡོད་ཀི བོད་ཀྱི་རབ་བྱུང་བས་ཟ་ཀི་ཡོད་ཀ འདི་དག་ལས་དམག་ཆོས་ཀྱི་བཟོ་བལྟ་ཞིག་ལྷ་ལུང་དཔལ་རྡོར་དྲན་གསོ་ཆེད་དུ་བཀོན་ན་མི་འགྲིག་པ་ག་ལ་ཡོད།
ཁོ་རེ་གཞོན་ནུ། ཁྱོད་ཀྱིས་་༼ཆོས་ར་ནང་ནས་ལུག་བཤའ་གི་ཡོད་པ་ཡང་དངོས་སུ་མཐོང་རྒྱུ་འདུག༽ཟེར་བའི་ཐན་ལྟས་འདི་དེ་རིང་མ་གཏོགས་གོ་མ་མྱོང་། ཆོས་ར་ཟེར་བ་འདི་དགེ་ལུགས་པའི་ཐ་སྙད་ཅིག་རེད། རྒྱལ་པོ་ཨུ་དུམ་བཙན་པོ་གསོད་མཁན་ལྷ་ལུང་དཔལ་རྡོ་མ་རེད། བོད་པའི་བློན་པོ་ཞིག་གིས་བསད་པ་རེད།
བཀྲ་ཤིས་ལགས། ངས་མཐོང་བ་ཆོས་ར་ནང་ནས་ལུག་བཤའ་གི་ཡོད་པ་དེ་ངོ་ནས་ཡིན། དེ་ཡང་འདུག་ཁང་གི་སྟོན་མོ་ཞིག་གི་སྐབས་ལ་རེད། དེ་ནས་ང་ཚོ་ཕ་ཡུལ་ན་ཆོས་ར་ཟེར་བ་དེ་དགེ་ལུགས་དང་རྙིང་མ་ལ་ཁྱད་པར་མི་འདུག རྙིང་མའི་སྔགས་ཁང་ལ་ཡང་ཆོས་ར་འདུག རྙིང་མའི་སྔགས་ཁང་དེ་ཚོ་ལ་འཆམ་འཁྲབ་ཡ་མང་པོ་ཡོད་པ་རེད། འཆམ་འཁྲབ་ས་ཆོས་ར་ནང་ལ་རེད།
དེ་ནས་རྒྱལ་བོ་འུ་དུམ་བཙན་གསོད་མཁན་ལྷ་ལུང་དཔལ་རྡོར་མ་རེད་ཟེར། བོད་ཀྱི་བློན་པོ་ཞིག་རེད་ཟེར། དེ་བློན་པོ་སུ་ཟེར་བ་དེ་རེད། ལོ་རྒྱུས་ཡིག་ཆ་གང་ན་འདུག་ལགས།
ཆོས་ར་ཟེར་བ་དེ་ཆོས་རྩོད་རྒྱག་སའི་ར་སྐོར་དང་། བླ་མའི་གསུང་ཆོས་གསུང་སའི་ར་སྐོར་དང་། ཡང་མི་མང་གི་ཆོས་ལ་ཉན་སའི་ར་སྐོར་ལྟ་བུ་རེད། དེ་གསར་རྙིང་ལ་ཁྱད་པར་ཡོད་ནི་མ་རེད། དགོན་སྡེ་ཕལ་ཆེར་གྱི་འདུ་ཁང་མདུན་ཐང་དུ་བཟོས་ཡོད་པ་རེད། བཀྲ་ཤིས་ལགས། ཆོས་ར་ཟེར་ན་ཕྱོགས་གཅིག་རྐྱང་པ་ལ་ཐུགས་བསམ་མ་བཞེས་དང་། རྩོད་གྲྭ་རྐྱང་པ་བསམ་བློ་བཏང་ན་ཁྱབ་ཆུང་དྲག་པ་རེད།
ཨ་རོག་གཞོན་ནུ་ཡ་་་་་་ཉིན་ཁ་ཤས་རིང་ལ་འཁྱམས་པོ་ང་འདིར་ཡོང་མ་ཐུབ་ཐལ། ད་ཕྲིས་ཨ་་་་ཀླད་མེད་མི་ནག་སྐོར་ཞིག་གིས་བླ་རྒན་ཚོའི་གྲྭ་ཆས་ལ་ཅིག་ཅིག་མིག་མིག་ཟེར་ནས་ཡོད་ཀིན་མོད། འདིའི་ཕྱོགས་ལ་ངས་རོག་བྱེད་མི་ཐུབ་ཀི་གོ་་་་་ཧ་ཧ་ཧ་
ཨ་རོག་
དགོང་གནམ་མཁའི་བྱ་ལམ་བརྒྱུད་ནས། །
ས་སྐྱིད་པོ་རྩམ་དགའ་ང་ཡི། །
སྐྱིད་རྒྱག་སའི་དྷ་སའི་ཕྱོགས་སུ། །
དེ་རིང་གི་ཞོགས་པར་སླེབས་སོང་། །
ཧ་ཧ་
དར་མ་གསོད་མཁན་ལྷ་ལུང་མ་རེད། བོད་ཀྱི་བློན་པོ་ཞིག་གིས་བསད་པ་རེད་ཟེར་བ་དེ་རྒྱ་ནག་གི་ལོ་རྒྱུས་དང་ཏུན་ཧུང་ཡིག་རྙིང་ནང་ཡོད་རེད། རྒྱའི་ཡིག་ཚང་ནང་ན་བློན་་་་་མིང་དྲན་མ་སོང་་་་ཞིག་གིས་གཡོ་སྒྱུས་རྒྱལ་པོ་བསད། ཅེས་བོད་ཀྱིས་རྒྱ་ལ་ཡི་གེ་བསྐུར་བ་རྒྱ་ནག་གི་རྒྱལ་རབས་ནང་གསལ་བོ་ཡོད་པ་རེད། ཡང་ཏུན་ཧུང་ཡིག་ཡིག་ཆའི་ནང་བོད་དབུས་ལ་ཡི་གེ་བསྐུར་བའི་ནང་་ཁྱེད་ཅག་ང་བཙན་པོའི་ཕྱོགས་ཡིན་ནམ་་བཙན་པོ་གསོད་མཁན་གྱི་ལག་དམར་གྱི་ཕྱོགས་ཡིན་ཞེས་ཡི་གེ་བསྐུར་བའི་ལོ་རྒྱུས་འདུག
ད་ང་མི་ཁོག་སང་ཉིན་གཟའ་ཉི་མ་རེད་དེ་རིང་ང་གཅིག་འགྲོ་དགོས་ཡོད།
སེམས་རྒྱུ་གཞོན་ནུ།
བོད་ལ་ནང་ཆོས་མདོ་སྔགས་ཆ་ཚང་གི་དོན་ཤེས་ནུས་མོད།
འདུལ་བའི་སྡེ་དམག་ཆས་གྱོན་མི་ཆོག་པ་ཙམ་མི་ཤེས་པ་ག་ལ་ཡོད།
བོད་ཀྱི་ནང་ཆོས་ཤེས་ཚད་མེད་པའི་སྒྲུབ་བྱེད་དང་། ཁྱོད་རང་གི་ཤེས་ཚད་ངོམ་པར་ཟད།
གླང་དར་གྱི་སྐོར་འདི་ཤེས་འདོད་ཡོད་ན་མཁར་རྨེ་བསམ་གཏན་གྱི་བྲིས་པའི་དར་མ་བསད་པའི་སྐོར་གྱི་རྩོམ་ཞིག་ཡོད་པ་དེ་དང་། རྒྱ་ནག་གི་ཐང་ཡིག་ནང་ནས་བོད་འབངས་གྱེན་ལོག་གི་སྐབས་སུ་ཞིབ་ཏུ་བལྟས་ན་གསལ་བོ་ཡོད་རེད། ཡིན་ན་ཡང་ངས་བལྟ་ཁོག་མ་སོང་དགོངས་དག ཐང་ཡིག་ཡོད་ན་ཤོག་གྲངས་ ༨༣༠ ཡས་མས་སུ་གསལ་ཡོད་རེད། གཅིག་གཟིགས་ལ་ཁ་གསལ་འདྲ་ཡོད་ན་ང་ལ་གཅིག་ཤོད་རོགས། ངས་མིང་དང་སྡོད་ས་བཤད་ཀྱི་མིན་གང་ཡིན་ན་ཟེར་ཁ་སང་ཚེ་རིང་སྐྱིད་ལ་སྟུ་ཚ་བོ་སྤྲོད་ལབ་བཞག་ཡིན་ད་མིང་གསལ་བོ་བཤད་ན་ངོ་ཚ་ཡི་འདུག
ཨོ་ད་ཡིན་ན་ངའི་དགའ་མ་རྩམ་དགའ་མ་དྷ་སར་འབྱོར་འདུག་གཱ སྙིང་ཉེ་ལགས། ང་མ་ཡིན་པའི་དགའ་རོགས་གཞན་ཞིག་བཙལ་ཡོད་ནི་མིན་ནམ། དེ་མིན་ཚེ་འུ་གཉིས་ཀ་ཆང་ཁང་སྐྱིད་པོ་ཞིག་གི་ནང་དུ་འགྲོ་རྩིས་ཁྱོད་ཀྱིས་ཁས་བླངས་ཡོད་པ་མ་བརྗེད་ཅིག རྩམ་པ་ཟ་འདོད་ན་མོག་མོག་ཟ་ཁང་དུ་ཕེབས་ཤོག
ཡ་ད་ཡིན་ན་ཁྱེད་ཀྱི་ནང་ལ་སྐད་མ་བཏང་པར་མོག་མོག་ཟ་ཁང་ལ་སྐད་བཏང་ནས་ཆིག་ཟིག་ཡེད། ཁྱོད་མགྲོན་པོར་སྣེ་ལེན་ཡག་པོ་མི་འདུག་གོ་་་་ཨ་རོག
ཡ་རྩམ་དགའ་དང་བཟོད་རྒྱམ་གཉིས་རྒྱུན་རིང་མ་མཇལ། དེ་རིང་ཧོབ་དེ་རྡ་སར་མཇལ་སོང་། ཁ་ནང་ཟོ་རླུང་ཟིག་རྒྱག་ཞོར་ར་གང་ཟིག་ག་སོང་ནས། ལྷམ་གི་སྒང་ཟོ་འདམ་འབག་འབྱར་འབྱར་ར་རྒྱུགས་ནས་ཅི་བྱེད། འོ་རྡ་ས་ན་ཟ་ཁང་ཐོག་ག་ཟིག་ག་མྱི་རྐྱང་ཆོ་ཚོགས་ས་ཟིག་ཡོད་ལ་དེ་འེ་ཡོད་ཀི
བཟོད་རྒྱམས་སྒུག་སྒུག་མཐའ་ལ།།
རྩམ་དགའ་སྒོ་རྩར་སླེབས་འདུག
རྩམ་དགའ་རྩམ་སྐྱ་བལྡག་བལྡག།།
ལིང་ག་རྡོ་རྗེ་ནག་པོ
རྩམ་དགའི་རྐུབ་ལ་དྲོངས་ཤིག
བདེ་ཆེན་ཨིན་ཨིན་སྙན་མོས།
རྡ་ས་བཟི་བར་གྱིས་ཤིག
རྩམ་དགའ་དངོས་ནས་རྡ་སར་སླེབས་ཡོད་ན། སྣེ་ལེན་དགའ་ཞིག་བྱོས། གཅན་བཟོད་རྒྱམ། ཁྱེད་རང་ལ་རྩམ་པ་ཞིག་གི་མགྲོན་བྱེད་པའི་ཆ་རྐྱེན་ཞིག་ཡོད་ཁོ་ཐག་ཡིན། རྩམ་པ་ཞིག་ཟ་རུ་བཅུགས་མ་གཏོགས། རྩམ་དགའ་བྲོས་འགྲོ་ན་ཐང་། ཧཧཧཧ
རྩམ་དགའ་དྷ་སར་འབྱོར་ནས།།
ང་ལ་ཁ་པར་འབྱོར་ཐལ།།
དེ་རིང་བྲེལ་བ་ཆེ་བས།།
སང་ཉིན་མཇལ་རྒྱུ་བྱས་ཡོད།།
ལྷོམ་ཀོག་གིས་དྲངས་མོ་ཞིག་བཤད་ནས་ དྲ་གྲོགས་མང་ཆེ་བས་དགག་པ་རྒྱབ་གི་ གལ་སྲིད་དྲང་མོ་བཤད་ནས་སངས་རྒྱས་ཤྭཀྱ་ཐུབ་པའི་གསུང་དང་འགལ་ན་འཇིག་རྟེན་འདིའི་རྒང་ལ་ དྲང་བདེན་བཤད་ཆོག་པའི་ལམ་ཞིག་ཡོད་དམ
དབུ་མ་བཞི་རྒྱ་པའི་འགྲེལ་བའི་ནང་འདི་འདྲ་ཞིག་འདུག ལུང་པ་ཞིག་ལ་རྩིས་མཁན་ཞིག་གི་ རྒྱལ་པོ་ལ་ད་ལྟའི་ཉིན་བདུན་པ་ལ་ཆར་ཞིག་འབབ་ དེའི་ཆུ་ཁ་སོང་ཚད་སྨྱོ་པར་འགྱུར་རོ་ རྒྱལ་པོས་དེ་ཐོས་ནས་རང་གི་ཆུ་བཏུང་བའི་ཁྲོན་པའི་པ་གཡོགས་ནས་ཆུ་ནང་དུ་མི་འཆོར་བ་བྱས་ འབངས་རྣམས་ཀྱིས་དེ་མ་ནུས་པས་ཐམས་ཅད་ཀྱི་ཁ་ལ་ཆུ་སོང་ནས་ཀུན་ཀྱང་སྨྱོན་པར་གྱུར་ རྒྱལ་པོ་དེ་མ་སྨྱོན་ན་ཡང་ འབངས་རྣམས་ཀྱིས་ རྒྱལ་པོ་སྨྱོ་ཡོད་གི་ཞེས་བྲིལ་སྒྲོགས་པ་རེད།།
བོད་པའི་གྲྭ་པའི་སྟོད་འགག་འདི་ནི་གོ་ཁྲབ་ལ་དཔེ་བལྟས་ཟེར་བ་ལས་རྒྱ་ཡུལ་གྱི་གནའ་སྔ་མོའི་གྱོན་པ་ཕུ་ཐུང་མེད་པ་གོས་ཆེན་གྱིས་བཟོས་ཡོད་པ་ཞིག་དེང་སྐབས་རྒྱ་ནག་གི་གློག་བརྙན་མང་པོའི་ནང་སྟོན་བཞིན་འདུག་པ་དེ་ལ་དཔེ་བླངས་པ་རེད་ཟེར་ན་རྣ་བར་འགྲོ་ཙམ་འདུག དེ་མ་རེད་ཟེར་ན་སོག་པོ་ཚོར་ལྭ་བ་ཕུ་མེད་ཅིག་འདུག་པ་དེ་ལ་དཔེ་བལྟས་ནས་ས་པཎ་དང་འགྲོ་མགོན་ཆོས་འཕགས་ཀྱི་དུས་སུ་གྲྭ་པའི་སྟོད་འགག་འདི་བཟོས་པ་རེད་ཟེར་ན་ཅི་བརྗོད། དེ་བཞིན་གྲྭ་པའི་ཞྭ་མོ་རྔོག་ཟེ་མ་དེ་དག་ནི་གནའ་སྔ་མོའི་ཡོ་རོབ་ཀྱི་རོ་མ་བཙན་རྒྱལ་དུས་རབས་ཀྱི་དམག་མིའི་ཞྭ་མོ་རྔོག་ཟེ་མ་དེའི་འདྲ་བཤུས་རང་རེད་འདུག་ལ། ཞྭ་མོ་འདི་སྐབས་ཤིག་གི་རིང་ཨེ་རྗིབ་སོགས་སུ་ཡང་དེ་ཁྱབ་ཆེན་པོ་ཡོད་པ་དེང་སང་གི་ཁོ་ཚོའི་ལོ་རྒྱུས་གློག་བརྙན་དེ་དག་གི་ནང་དུ་གསལ་བོ་འདུག དེ་བཞིན་ཟླ་གམ་དམར་པོ་འདི་དག་ཀྱང་དེ་དུས་ཀྱི་ཡེ་ཤུའི་ཆོས་པ་ཚོས་གྱོན་ཡོད་པའི་ཤམ་ལྭ་དམར་པོའི་འདྲ་བཤུས་རང་རེད་འདུག ད་རུང་ས་སྐྱའི་ས་ཞུ་ཞེས་པའི་ཞྭ་མོ་དེའི་མ་ཕྱི་ཞིག་ཀྱང་ཨེ་རྗིབ་པའི་གནའ་སྔ་མོའི་ལོ་རྒྱུས་གློག་བརྙན་དག་གི་ཁྲོད་ཅིག་ནས་རྙེད་སོང་།
རྒྱ་ནག་གི་ཡོད་ཆ་ཟེར་བ་དེ་ཐང་ཧྲུའུ་(唐书) ཡིན་ན། དེ་ལ་བོད་ཀྱི་སྐོར་ལེའུ་གཉིས་མ་གཏོགས་ཡོད་ནི་མ་རེད། ལེའུ་གཉིས་པོ་དེ་དོན་འགྲུབ་རྒྱལ་ནས་བོད་ཡིག་ཏུ་བསྒྱུར་ཟིན་པ་དེ་རེད། ཆ་ཚང་བ་དེ་ག་རང་རེད། དེ་མིན་སྔོན་ཆད་བོད་ཀྱི་མཁས་པ་ནང་ན་ཐང་ཧྲུའུ་སྐོར་ནས་སྣ་ཟིན་སྤུ་ཟིན་འདྲ་བཤད་ཀྱི་ཡོད་ན་ཡང་འདི་ནང་བཞིན་ཡོད་ནི་མ་རེད། དེ་ལའང་ཤོག་གྲངས་དེ་འདྲ་མང་པོ་ཅིག་མེད་བསམ་སོང་།
ཏུང་ཧོང་ཡིག་ཆ་མང་པོ་ཞིག་དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པ་རེད། པེ་ཅིན་ནས་དཔེར་སྐྲུན་བྱས་པ་༼ཏུང་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ༽ཟེར་བ། ཤོག་གྲངས་སུམ་བརྒྱ་ཉེར་དྲུག་ཅན་པ་དེའི་ནང་མི་འདུག དེ་མིན་དེབ་མིང་ལ་ག་རེ་རེད། བཀྲ་ཤིས་ལགས།
ད་དུང་རྒྱ་གླིང་འདི་ཡང་རྒྱ་ནག་གི་ཆང་ས་རྒྱག་དུས་འབུད་པ་དེ་དང་སྐད་དང་བཟོ་ལྟ་གང་ཐད་ནས་འདྲ་སེ་འདུག་ལ། དུང་ཆེན་དེ་གློ་བུར་དུ་གང་ནས་འོངས་པ་ཡང་མི་ཤེས། བླ་ཆེན་དག་ཕེབས་སྐབས་སེར་འཕྲེང་སྒྲིགས་པའི་སྲོལ་ཀ་དེ་ནི་རྒྱ་ནག་ནས་དེར་བ་ཁོ་ཐག་རེད། སྤུས་འདྲ་ཁས། རྒྱ་གླིང་འདྲ་བཏང་། དེ་ནས་འབུལ་རྡུང་དཀྲོལ་གསུམ་འདྲ་བྱས། དེ་ཚོ་དམག་མིའི་སྲོལ་ཀ་ལོས་ཡིན། རྒྱ་གར་དུ་སངས་རྒྱས་ཤྰཀྱ་ཐུབ་པ་ཡར་མར་ཕེབས་སྐབས་སུ། དེ་འདྲ་འབུལ་རྡུང་དཀྲོལ་གསུམ་དང་རྒྱ་གླིང་དུང་ཆེན་སོགས་ག་ལ་ཡོད་སྙམ།
ཟླ་མེད་ལགས། ཐང་ཡིག་གསར་རྙིང་ཁ་ཚང་བ་བཀའ་ཟུར་འདས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་ཀྱང་བསྒྱུར་པ་རེད། འོན་ཀྱང་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་ཐང་ཡིག་དང་འདི་གཉིས་ཀྱི་གང་སྔ་བ་ཡིན་མིན་གསལ་མ་མ་ངེས། ད་དུང་དགེ་ཆོས་ཚང་ལའང་རྒྱའི་ཐང་ཡིག་ལས་ཚན་པ་འགའ་རེ་ཡོད་པ་དེང་སང་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་གསར་པ་དེའི་ནང་དུ་འདུག རྒྱ་གླིང་དང་དུང་ཆེན་སོགས་ཀྱི་སྐོར་ལ་དགྲ་ལྷ་ཟླ་བ་བཟང་པོས་དཔྱད་རྩོམ་ཕྱོགས་བསྒྲིགས་ལས་ཀ་གསལ་ཙམ་བྲིས་འདུག་པས་དེར་གཟིགས་ཙམ་གནང་ཐུབ་ན་བཟང་། དེང་གི་ང་ཚོའི་འབུད་རྡུང་དཀྲོལ་གསུམ་བྱེད་པའི་རོལ་ཆས་༼༡༢་ཙམ་གྱི་མིང་དང་འབྱུང་ཁུངས་༽མང་ཆེ་བ་སྟག་གཟིག་དང་ཀ་ཤསྨིར་ནས་ཡོང་བ་དང་། དེ་དག་གི་མིང་ཡང་ཡུལ་ཕྱོགས་དེ་དག་གི་སྐད་རང་འཇག་ཡིན་སྐོར་སྔོན་ཆད་ལ་དྭགས་ཀྱི་མཁས་པའི་གསུང་རྩོམ་ཞིག་ལས་མཐོང་མྱོང་ཡང་ད་སྐབས་དྲན་སོས་མ་སོང་། ད་དུང་སྡེ་སྲིད་སངས་རྒྱམ་པའི་བཻ་ཌརྱ་དཀར་སེར་ལས་གང་ཡིན་ཞིག་ལས་འབྱུང་གི་ཡོད་སྙམ་ཡང་སབ་སིབ་ཅིག་ལས་དྲན་མ་སོང་།
འ་ལ་ལ། ད་བཟོད་རྒྱམ་ལགས། ཁང་ཡིག་གསར་རྙིང་ཆ་ཚང་ལ་དུམ་པ་དགའ་རབ་ཅིག་ཡོད་སྐོར་འདུག དོན་འགྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱི་བསྒྱུར་བའི་དེབ་ཆེན་པོ་དེ་ནི་ཐང་ཡིག་གསར་རྙིང་ནང་གི་ལེའུ་གཉིས་ཙམ་རེད། ལེའུ་གཅིག་ནི་དགུ་ཅུ་གོ་གྲངས་ཞིག་ཡིན་ས་ཡོད། ལེའུ་གཞན་དེ་བརྒྱ་དང་ཅིག་རེད། དེ་ལ་ལེའུ་མང་པོ་ཆིག་ཡོད་པ་རེད། ཆ་ཚང་བསྒྱུར་ན་རྡ་སའི་དཔེ་མཛོད་ནང་དུ་ཡང་ཤོང་མིན་གང་ཤེས། ཧཧ ཀུ་རེ་ཡིན། ཆ་ཚང་བོ་བོད་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། བོད་ལ་འབྲེལ་བ་ནི་ལེའུ་གཉིས་པོ་དེ་མ་གཏོགས་མི་འདུག་ཟེར་ནས་དོན་འགྲུབ་རྒྱལ་གྱི་དེའི་གསལ་བྱེད་དུ་བཤད་འདུག དེ་མིན་གྱི་ཟ་ར་ཟི་རེ་དེ་ཚོ་ཐོས་ལོས་ཅོག་རེད། དོན་འགྲུབ་རྒྱལ་གྱི་ཐང་ཡིག་གསར་རྙིང་གི་དཔེ་ཆ་ཞིག་གང་ནས་ཀློག་མྱོང་ནི་རེད།
སྟག་གཟིག་ནས་ཡོང་ན་སྟག་གླིང་ངམ་ཡང་ན་ཁ་གླིང་ཟེར་དགོས་པ་ལས་རྒྱ་གླིང་ཟེར་རྒྱུ་མ་རེད་བསམ། རྒྱ་ནས་དར་བས་རྒྱ་གླིང་ཟེར་བ་ལོས་ཡིན་སྙམ། དེ་མིན་གྱི་རོལ་ཆ་དེ་ཚོ་མི་ཤེས།
གཞོན་ནུ་བདག་མེད་ལགས།
༡༽ཁྱེད་ཀྱིས་སྟོད་འགག་ནི་༼དམག་ཁྲབ༽ལ་དཔེ་བླངས་ནས་བཟོས་པ་ལྟ་བུར་གསུངས་འདུག དེ་རྩ་བ་ནས་ཡིན་ཤེས་ཀྱི་མ་རེད། དགེ་སློང་གིས་དམག་ལ་ལྟ་བ་ཙམ་ལའང་ལྟུང་བ་འབྱུང་ན། དེའི་ན་བཟའ་དམག་ཁྲག་ལ་དཔེ་བྱས་པ་མི་སྲིད་པ་ལྟ་བུ་རེད། ལར་ནས་རབ་བྱུང་གི་ན་བཟའ་གོ་ཁྲབ་ལ་དཔེ་བླངས་ན་རྟེན་འབྲེལ་ལ་འགྲིག་གི་མ་རེད། ལྷག་པར་ང་ཚོ་བོད་པ་རྣམ་རྟོག་ཞེ་དྲག་བརྩི་དགོས་མཁན་ཞིག་ཡིན་ཙང་། དེ་འདྲ་རྩ་བ་ནས་བྱེད་ཀྱི་མ་རེད། ངས་བལྟས་ན་ཁྱེད་ཀྱི་འཁྲུལ་གཞི་དེ་༼སྟོད་འགག༽ཅེས་པའི་ཚིག་འདི་ལས་བྱུང་འདུག དེའི་འགྲེལ་བཤད་གཤམ་དུ་གཟིགས།
༢༽ རྒྱན་དྲུག་གི་ནང་ནས། གླང་ཆེན་མཆེ་རྒྱན་ཟེར་བ་དེ། གླང་ཆེན་མཆེ་བ་དང་། རྟ་མཆོག་རྣ་རྒྱན་ཟེར་བ་དེ། ཕལ་ཆེར་སེང་གེ་དཔུང་པ་ལ་ཟེར་བ་ཡོད་པ་འདྲ། རེད་དམ།
ཡང་ཕོ་རོག་མིག་རྒྱན་ཟེར་བ་དེ་ག་རེ་རེད།
དེ་ནས་རྒྱན་ལྷག་མ་གསུམ་པོ་གང་གང་རེད་དམ།
༣༽ཁྱེད་ཀྱིས་སྟོད་འགག་གི་འགྲེལ་བཤད་ལ་༼དེའི་དོན་ནི་སྟོད་ལ་མདའ་དང་མདུང་སོགས་མཚོན་ཆའི་རིགས་འགོག་བྱེད་ལ་སྟོད་འགག་ཅེས་ཟེར་བ་རེད༽ཅེས་གསུངས་འདུག དེ་དེ་འདྲ་མ་རེད། སྒྲ་བཤད་ནི། སྟོད་ནི་ལུས་ཀྱི་སྟོད་དང་། འགག་ནི་གྱོན་པའི་དོན་རེད། དེང་སང་ཡང་ཏྲེ་ཧོར་ཁམས་པའི་སྐད་ལ་གྱོན་པ་ལ་འགག་ཟེར་གྱི་རེད། དེ་སྐད་རྙིང་པ་ཞིག་ཡིན་ས་རེད།
གཞོན་ནུ་ལགས།
ཡང་ན། སྟོད་ནི་གོང་ལྟར་དང་། འགག་ནི་ཚ་གྲང་ལས་སྐྱོབ་པའམ་དེ་འགོག་པས་ན་འགག་ཅེས་བཏགས་པའང་ཡིན་སྲིད།
གཞོན་ནུ་ཟླ་མེད་ལགས།
ཁྱེད་ནས་༼ད་དུང་རྒྱ་གླིང་འདི་ཡང་རྒྱ་ནག་གི་ཆང་ས་རྒྱག་དུས་འབུད་པ་དེ་དང་སྐད་དང་བཟོ་ལྟ་གང་ཐད་ནས་འདྲ་སེ་འདུག་ལ༽ཞེས་གསུངས་འདུག་པར། རྒྱ་ནི་རྒྱ་གར། གླིང་ནི་གླིང་བུའི་དོན་རེད། དེ་ཡིན་པའི་རྒྱུ་མཚན་ཡང་། རྒྱ་གར་གྱི་རྒྱ་གླིང་ལ་བལྟས་ན་སྤྲོས་པ་རྒྱས་ལོད་ཙམ་ལས། གཅིག་པ་གཅིག་རྐྱང་ལྟ་བུ་ཡོད་རེད། དེ་ནི་དེང་སང་ཡང་ཡོངས་གྲགས་སུ་མཐོང་རྒྱུ་ཡོད།
སྒོམ་སྡེ་ཚང་གིས་བདེན་པར་ངོས་ལེན་བྱེད་རྒྱུ་བྱོས། དེ་མིན་ན་་་་་་་་་་་་་་་་་་་་་་
འདི་ལ་ཅི་དགོངས་སྒོམ་སྡེ་བ།
བོད་པའི་གྲྭ་པའི་སྟོད་ འགག་འདི་ནི་གོ་ཁྲབ་ལ་དཔེ་བལྟས་ཟེར་བ་ལས་རྒྱ་ཡུལ་གྱི་གནའ་སྔ་མོའི་གྱོན་པ་ཕུ་ ཐུང་མེད་པ་གོས་ཆེན་གྱིས་བཟོས་ཡོད་པ་ཞིག་དེང་སྐབས་རྒྱ་ནག་གི་གློག་བརྙན་མང་ པོའི་ནང་སྟོན་བཞིན་འདུག་པ་དེ་ལ་དཔེ་བླངས་པ་རེད་ཟེར་ན་རྣ་བར་འགྲོ་ཙམ་འདུག དེ་མ་རེད་ཟེར་ན་སོག་པོ་ཚོར་ལྭ་བ་ཕུ་མེད་ཅིག་འདུག་པ་དེ་ལ་དཔེ་བལྟས་ནས་ས་པཎ་ དང་འགྲོ་མགོན་ཆོས་འཕགས་ཀྱི་དུས་སུ་གྲྭ་པའི་སྟོད་འགག་འདི་བཟོས་པ་རེད་ཟེར་ན་ ཅི་བརྗོད། དེ་བཞིན་གྲྭ་པའི་ཞྭ་མོ་རྔོག་ཟེ་མ་དེ་དག་ནི་གནའ་སྔ་མོའི་ཡོ་རོབ་ཀྱི་རོ་མ་ བཙན་རྒྱལ་དུས་རབས་ཀྱི་དམག་མིའི་ཞྭ་མོ་རྔོག་ཟེ་མ་དེའི་འདྲ་བཤུས་རང་རེད་འདུག་ ལ། ཞྭ་མོ་འདི་སྐབས་ཤིག་གི་རིང་ཨེ་རྗིབ་སོགས་སུ་ཡང་དེ་ཁྱབ་ཆེན་པོ་ཡོད་པ་དེང་སང་ གི་ཁོ་ཚོའི་ལོ་རྒྱུས་གློག་བརྙན་དེ་དག་གི་ནང་དུ་གསལ་བོ་འདུག དེ་བཞིན་ཟླ་གམ་དམར་པོ་འདི་དག་ཀྱང་དེ་དུས་ཀྱི་ཡེ་ཤུའི་ཆོས་པ་ཚོས་གྱོན་ཡོད་ པའི་ཤམ་ལྭ་དམར་པོའི་འདྲ་བཤུས་རང་རེད་འདུག ད་རུང་ས་སྐྱའི་ས་ཞུ་ཞེས་པའི་ཞྭ་མོ་དེའི་མ་ཕྱི་ཞིག་ཀྱང་ཨེ་རྗིབ་པའི་གནའ་སྔ་ མོའི་ལོ་རྒྱུས་གློག་བརྙན་དག་གི་ཁྲོད་ཅིག་ནས་རྙེད་སོང་།
ངས་བསམས་ན་ཡེ་ཤུའི་ཆོས་སྤེལ་མཁན་མགོ་སྐོར་བླ་མ་ཞེས་པ་ཞིག་རྒྱལ་པོ་ལྷ་བཟང་གི་དུས་སུ་བོད་ལ་ཡོང་བ་དེས་ཡེ་ཤུ་བའི་ཞྭ་མོ་དང་ཤམ་ལྭ་བོད་པའི་གྲྭ་པའི་སྤྱི་ཚོགས་སུ་དར་སྤེལ་བྱེད་བཅུག་པ་མིན་ནམ་སྙམ།
གྲྭ་པས་རྒྱན་ཆ་བཏགས་ན་མི་ཆོག་པ་ལ་ཕོ་རོག་མིག་རྒྱན་དང་གླང་ཆེན་མཆེ་རྒྱན་སོགས་ག་ལ་རུང་།
གོས་ཆེན་གྱི་སྟོད་འགག་འདི་དག་ངོ་མ་སོག་ལྭ་རང་རེད་འདུག
ཁྱེད་རྣམ་པས་ད་དུང་ཧ་གོ་མ་བྱུང་ངམ། སྟོད་འགག་འདི་རྗེ་ཡི་ཐོག་མ་གཉའ་ཁྲི་བཙན་པོ་རྨུ་ཐག་བརྒྱུད་ནས་བོད་དུ་ཕེབས་དུས་སྐུ་ལ་གསོལ་ཡོ་རེད། ཕྱི་ནས་དར་བ་ཡིན་པའི་དབང་དུ་བཏང་ཡང་གོང་མ་ལྷ་ཡུལ་ནས་དར་ཡོང་བ་ངེས་གཏན་རེད། ཁྱེད་རྣམ་པའི་དགོངས་ཚུལ་ལྟར་ན་ཨེ་ཤ་ཡའི་གླིང་ཆེན་འདིར་མི་རིགས་གཞན་དག་གོས་བཀླུབས་ནས་འགྲོ་བཞིན་པའི་སྐབས་སུ་བོད་འདི་ད་དུང་ལྕང་ལོས་མཚན་མ་བཀབ་ནས་འགྲོ་བཞིན་ཡོད་པ་ལྟ་བུ་ཞིག་མཐོང་གི་མི་འདུག་གམ། རྒྱ་མི་རྣམས་ལ་རིག་གནས་ཀྱི་ཁུངས་ཚང་མ་རང་ལ་གཏུག་པའི་ལུགས་སྲོལ་ཞིག་ཡོད་པ་བཞིན་དུ། ང་ཚོའི་མི་རིགས་འདི་ལ་གོས་ལྷེབ་ཙམ་ཡང་མི་རིགས་གཞན་ལ་ཁུངས་གཏུག་ས་འཚོལ་བའི་གོམས་སྲོལ་འདི་ཡོད་པ་ཡིན་ནམ། ཧ་ཧ་ཧ། ཐབས་རྡུག
སྤྱིར་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལུགས་གཞིར་བཞག་བྱས་བཤད་ན་ སྒོམ་སྡེས་གསུང་པ་བདེན་ དགེ་སློང་གིས་དམག་ལ་ལྟ་བ་ཙམ་ལའང་ལྟུང་བ་འབྱུང་ འོན་ཀྱང་བོད་པའི་དགེ་བཤེས་དང་དགེ་སློང་མང་པོ་ཞིག་གིས་དབུ་ཁྲིད་ནས་ སེར་དམག་རྒྱབ་ པའི་ལོ་རྒྱུས་གང་མང་མང་ཞིག་མཐོང་རྒྱུ་ཡོད་པ་དེ་ཡང་མངོན་སུམ་རེད་ དེའི་ཆ་ནས་སྟོད་འགག་དེ་དམག་ཆས་ཡིན་མི་སྲིད་པ་མ་རེད
སྟོད་འགག་རྒྱན་དྲུག་མའི་ངོ་སྤྲོད།
༡༽ སེངྒེ་དཔུང་རྒྱན། སྟོད་འགག་གི་རྒྱབ་ཕྱོགས་ནས་མདུན་བར་དུ་གོས་ཆེན་སེར་པོ་གོང་བ་དང་འབྲེལ་ནས་ཡོད་པ་དེ་ལ་ཟེར། འདི་ལ་བཟོ་བ་ལ་ལས་ཕྲག་བརླན་ཡང་ཟེར། འོན་ཀྱང་གླང་ཆེན་གྱི་དཔུང་བ་ལྟ་བུ་ཡིན་མིན་རྒྱབ་ཕྱོགས་ནས་མི་བརྩི་བར་མདུན་ཕྱོགས་ནས་བལྟས་དེ་བརྩི་དགོས་པ་རེད།
༢༽ གླང་ཆེན་མཆེ་རྒྱན། སྟོད་འགག་གི་རྒྱབ་ཕྱོགས་གཡས་གཡོན་ལ་གླེང་ཆེན་གྱི་མཆེ་བའི་དབྱིབས་ལྟ་བུའི་གོས་ཆེན་སེར་བོའི་ཟུར་ཞིག་འཕེན་པ་དེ་ལ་ཟེར། འདི་ནི་གླང་ཆེན་གྱི་མཆེ་བ་ལྟ་བུ་ཡིན་མིན་མདུན་ནས་མི་བལྟ་བར་རྒྱབ་ལོག་ནས་བལྟ་དགོས་པ་རེད།
༣༽ རྟ་མཆོག་རྣ་རྒྱན། དཔུང་བའི་མདུན་ཕྱོགས་ན་ཕུ་ཐུང་མིན་ན་ཡང་ཟུར་ཞིག་ཐུར་དུ་སྣར་ཡོད་པ་དེ་ལ་ཟེར། དེའི་ཁ་ཏོག་ནི་སྟོད་འགག་གི་རས་གཞི་དང་ཆུང་མི་འདྲ་བར་གོས་ཆེན་དམར་བོས་བྱེད།
༤༽ ཕོ་རོག་མིག་རྒྱན། ཆུ་སྐུད་འཐེན་སྐབས་རྟ་མཆོག་རྣ་རྒྱན་གྱི་ཟུར་དེར་ཆུ་སྐུད་ལྡོག་སྒྲིལ་ཞིག་བྱས་ནས་ཟུར་དེར་ལྡོག་ལྡོག་ལྟ་བུ་ཞིག་བཟོས་ཡོད་པ་དེ་ལ་ཟེར། ཁ་དོག་སྔོན་པོ།
༥༽ རྨ་བྱའི་སྒྲོ་རྒྱན། སྟོད་འགག་གི་མཆན་འོག་གཉིས་སུ་པདྨ་ཅན་ལྡན་གྱི་གོས་ཆེན་བསྡུ་སྒྲིག་མ་ཞིག་འཕེན་པ་དེ་ལ་ཟེར།
༦༽ བཟོ་ལས་སྤང་ནས་རྒྱུན་རིང་འགོར་སོང་བས་དྲུག་པ་འདི་དྲན་གི་མི་འདུག རྗེས་མ་དྲན་སོང་ན་ཁ་སྐོང་ངེས་པར་དུ་བྱེད་ངེས་ཡིན།
འདི་དག་གི་མཚོན་དོན་ཡང་མ་ཎི་ཡིག་དྲུག་ཕར་ཕྱིན་དྲུག་ལ་སྦྱར་བ་ལྟར་ཤིན་ཏུ་མང་པོ་བཤད་རྒྱུ་འདུག སྟོད་འགག་རྒྱན་དྲུག་ནི་རབ་བྱུང་ཚང་མས་བཀོན་པ་མཐོང་མ་མྱོང་། བླ་ཆེན་དེ་འདྲ་ཕེབས་སྐབས་སུ་དགེ་བསྐོས་ནས་གདུག་སྤོས་སྣ་འདྲེན་བྱེད་དགོས་པས་སྟོད་འགག་རྒྱན་དྲུག་གྱོན་གི་རེད། འོན་ཀྱང་དགོན་པ་ལ་ལ་ན་སེར་འཕྲེང་སྐབས་ཀྱི་སྤོས་སྣ་འདྲེན་མཁན་བཙུན་པ་གཉིས་པོ་དེས་ཀྱང་གོན་པ་མཐོང་རྒྱུ་འདུག རྒྱ་གར་ནས་སྟོད་འགག་རྒྱན་དྲུག་མ་མཐོང་མ་མྱོང་། དེ་ཙམ་བྱེད་ཡ།
ང་ནི་སྟོད་འགག་རྒྱན་དྲུག་རིག་ན་ངོ་ཚ་གི ཨ་ལ་ངོ་ཚ་ནས་མི་ཚད་འབར་འགྲོ་གི སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་གཟིགས་ན་དགོད་བྲོ་ནས་ཕྱག་གི་ལྷུང་བཟེད་ཀྱང་ཡོམ་ཡོམ་འགུལ་ས་རེད་དོ།།
སྒོམ་སྡེ་ལགས་ཀྱིས་དགོངས་ཚུལ་གསུངས་པ་ཐུགས་རྗེ་ཆེ། རྒྱན་དྲུག་ལས་དྲུག་པ་ནི་སེམས་ལ་མ་དྲན་པས་རྗེས་མ་ཞུ་ཆོག་པ་ཐུགས་འཇགས་འཚལ། རྒྱ་གླིང་འདི་རྒྱ་གར་གྱི་དེ་དང་གཅིག་པ་རེད་ཟེར་བ་འདི། རྒྱ་གར་གྱི་ས་ཏོ་བྷ་བྷ་ཚོས་སྦྲུལ་མགོ་ལེབ་འཛིན་སྐབས་སུ་འབུད་རྒྱུ་ཡོད་པ་དེ་ལ་ཟེར་བ་འེ་ཡིན། དེ་མིན་གཞན་དག་ཞིག་ཀྱང་ཡོད་པ་རེད་དམ། སྦྲུལ་མགོ་ལེབ་འཛིན་སྐབས་ཀྱི་དེ་ནི་བོད་ཀྱི་རྒྱ་གླིང་འདྲ་བོ་མི་འདུག་ཀ མགོ་ལྡོག་ལྡོག་རེད་འདུག་ཀ
སྤྱིར་སངས་རྒྱས་ཀྱིས་ཀྱང་འདུལ་བ་ཡུལ་དུས་དང་བསྟུན་དགོས་པར་སོང་། ངོ་ཚ་དགོས་པའི་གནས་ཚུལ་ཡོད་པ་མ་རེད་བསམ། གལ་ཏེ་སངས་རྒྱས་ཞལ་བཞུགས་དུས་ཀྱི་དགེ་སློང་ལྟར་ཞབས་རྗེན་པར་སོང་ན་བོད་ནས་རང་གི་རྐང་པ་འཁྱགས་ལ་འབྱར་རྒྱུ་མ་གཏོགས་ཡོད་པ་མ་རེད། སྟོད་འགག་ཡང་དེ་བཞིན་རེད།
རག་དུང་ངམ་དུང་ཆེན་འདི་ཇོ་བོ་རྗེ་བོད་དུ་ཕེབས་དུས་སུ་དགའ་བསུའི་མཚོན་བྱེད་དུ་དམིགས་བསལ་གྱིས་བཟོས་པ་རེད་ཟེར། དུང་ཆེན་དེ་བུས་པས་བོད་ཀྱི་འབྲོག་པ་ཚོའི་ནོར་ལུག་འགྲོག དེ་ནས་འབྲོག་པ་ཚོས་དམག་སླེབས་སོང་ཟེར་ནས་འབྲོ་གྲབས་བྱས་པ་རེད། དེ་བཀའ་གདམས་ཕ་ཆོས་ཡིན་ནམ་ཅིག་གི་ནང་དུ་འདུག
གང་ལྟར་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་འདྲ་ཆགས་པོ་ཞིག་འདུག ངས་བསམ་ན་སྟོད་འགག་འདི་འདྲ་བའི་གྱོན་ཆས་བཙོག་པ་ཞིག་མི་འདུག འདི་བལྟས་ན་མིག་ལ་མི་མཛའ་བ། གྱོན་ན་ལུས་ལ་མི་བདེ་བ། འཚེམས་ན་རྒྱུ་ཆ་མི་འཛོམ་པ། འདི་ངོ་མ་དམག་གི་གོ་ཁྲབ་འདྲ་ཞིག་གི་བཟོ་ལྟ་ཡིན་ས་རེད།
སྟོད་འགག་རྒྱན་དྲུག་མའི་ངོ་སྤྲོད།
༡༽ སེངྒེ་དཔུང་རྒྱན། སྟོད་འགག་གི་རྒྱབ་ཕྱོགས་ནས་མདུན་བར་དུ་གོས་ཆེན་སེར་པོ་གོང་བ་དང་འབྲེལ་ནས་ཡོད་པ་དེ་ལ་ཟེར། འདི་ལ་བཟོ་བ་ལ་ལས་ཕྲག་བརླན་ཡང་ཟེར། འོན་ཀྱང་གླང་ཆེན་གྱི་དཔུང་བ་ལྟ་བུ་ཡིན་མིན་རྒྱབ་ཕྱོགས་ནས་མི་བརྩི་བར་མདུན་ཕྱོགས་ནས་བལྟས་དེ་བརྩི་དགོས་པ་རེད།
༢༽ གླང་ཆེན་མཆེ་རྒྱན། སྟོད་འགག་གི་རྒྱབ་ཕྱོགས་གཡས་གཡོན་ལ་གླེང་ཆེན་གྱི་མཆེ་བའི་དབྱིབས་ལྟ་བུའི་གོས་ཆེན་སེར་བོའི་ཟུར་ཞིག་འཕེན་པ་དེ་ལ་ཟེར། འདི་ནི་གླང་ཆེན་གྱི་མཆེ་བ་ལྟ་བུ་ཡིན་མིན་མདུན་ནས་མི་བལྟ་བར་རྒྱབ་ལོག་ནས་བལྟ་དགོས་པ་རེད།
༣༽ རྟ་མཆོག་རྣ་རྒྱན། དཔུང་བའི་མདུན་ཕྱོགས་ན་ཕུ་ཐུང་མིན་ན་ཡང་ཟུར་ཞིག་ཐུར་དུ་སྣར་ཡོད་པ་དེ་ལ་ཟེར། དེའི་ཁ་ཏོག་ནི་སྟོད་འགག་གི་རས་གཞི་དང་ཆུང་མི་འདྲ་བར་གོས་ཆེན་དམར་བོས་བྱེད།
༤༽ ཕོ་རོག་མིག་རྒྱན། ཆུ་སྐུད་འཐེན་སྐབས་རྟ་མཆོག་རྣ་རྒྱན་གྱི་ཟུར་དེར་ཆུ་སྐུད་ལྡོག་སྒྲིལ་ཞིག་བྱས་ནས་ཟུར་དེར་ལྡོག་ལྡོག་ལྟ་བུ་ཞིག་བཟོས་ཡོད་པ་དེ་ལ་ཟེར། ཁ་དོག་སྔོན་པོ།
༥༽ རྨ་བྱའི་སྒྲོ་རྒྱན། སྟོད་འགག་གི་མཆན་འོག་གཉིས་སུ་པདྨ་ཅན་ལྡན་གྱི་གོས་ཆེན་བསྡུ་སྒྲིག་མ་ཞིག་འཕེན་པ་དེ་ལ་ཟེར།
༦༽ བསེ་རུ་རྭ་རྒྱན། གོས་ཆེན་རྒྱལ་སྲལ་རྒྱལ་སྨིག་ཟུར་གསུམ་ཅན་ཞིག་མདུན་ཕྱོགས་ཀྱི་ནུ་མའི་ཟུར་དེར་འཁེལ་བ་བྱས་ནས་བཟོ་རྒྱུ་རེད། ཕྲག་བརླན་དང་སྦྲེལ་ནས་ཡོད། སྟོད་འགག་རྒྱན་དྲུག་སྟེང་གི་གོང་ཆེ་ཤོས་དེ་བསེ་རུ་རྭ་རྒྱན་འདི་རེད། བོད་ཀྱི་གོས་ཆེན་ཚོང་ཁང་ལ་ལ་ན་སྟོད་འགག་གི་རྭ་ཡིན་ཟེར་ནས་ཟུར་དུ་བཙོང་རྒྱུ་ཡོད་པ་དེ་རེད།
སྟོད་འགག་རྒྱན་དྲུག་གི་ངོ་སྤྲོད་དེ་ཙམ་གྱིས་རྫོགས་པར་བྱ། མཚོན་དོན་འགྲེལ་བཤད་མང་ན་ཡང་འདིར་རེ་ཞིག་བཞག
འོ་ཡ་སྒོམ་སྡེ་ལགས། གོས་བཟོ་སྤངས་ནས་རྒྱུན་རིང་སོང་། ཤིང་བཟོ་བྱས་ནས་ཡུད་ཙམ་སོང་བས་ལམ་སང་སྟོད་འགག་རྒྱན་དྲུག་དེ་དྲན་མ་སོང་ཡང་། ད་ནི་རྒྱན་དྲུག་པོ་ཆ་ཚང་བ་ཁྱོད་ཀྱི་མདུན་དུ་བཙེམས་ནས་ཕུལ་ཡོད་དོ། འགྲེལ་བཤད་ཕྱོགས་དང་མཚོན་དོན་ཕྱོགས་ནས་ཁྱེད་རང་ཡིན་ད། ངས་གོང་དུ་ཞུ་བ་བཞིན་དེ་ཚོ་ཚང་མ་རྟོགས་བཏགས་རེད་ཟེར་ཚར་བ་ཡིན་པས་མཚོན་དོན་བཤད་ནི་མ་རེད་། ཧཧཧ
སྤོབས་པ་མཐའ་ཡས། འདིའི་ནང་ནས་མང་ཆེ་བས་རྒྱན་དྲུག་སྟོད་འགག་མཐོང་མྱོང་ཡོད་ས་མ་རེད། དེ་བས་ན་འདི་དམག་ཁྲབ་ལས་བྱུང་བ་རེད་ཟེར་ན་རྣམ་རྟོག་འདྲ་བརྩི་གི་འདུག རྒྱན་དྲུག་མ་དེའི་བཟོ་དབྱིབས་དང་ཁྱད་པར་དུ་རྨ་བྱའི་སྒྲོ་རྒྱན་དེ་ནི་ཁྲབ་ཀྱི་བྱང་བུ་དང་མཚུངས་ལ། བསེ་རུའི་རྭ་རྒྱན་དེ་མཚན་ཆ་སྙིང་ཁ་མི་ཟུག་པར་འགོག་བྱེད་ལྟ་བུ་ཡོད་པ་རེད།
ཁ་ཤས་ཞིག་གིས་སྟོད་འགག་རྒྱན་དྲུག་མའི་ཚད་གཞི་དང་བཟོ་སྟངས་ལས་བརྒལ་ནས་རྒྱ་ནག་གི་ཕྱུ་ཆེན་ཕུ་མེད་དང་སོག་པོའི་ཕྱུ་ཆེན་ཕུ་མེད་སོགས་ཟེར་བ་ནི་ཚད་གཞི་ལས་ཚར་འདུག
ད་ཡིན་ན། སྟོད་འགག་གི་ཞིབ་འཇུག་པ་ཚོ་འདི་ལ་འཛོམས་འདུག གཞོན་ནུ་འདི་ཤིང་བཟོ་ཡིན་ས་མ་རེད། འདི་འཚེམ་བཟོ་སྐད་གྲགས་ཅན་ཞིག་ཡིན་ས་རེད།
འདིས་ད་བར་དུ་སྟོད་འགག་རྐྱང་རྐྱང་བཟོས་ནས་བསྡད་ས་རེད། ཁ་སང་། འདིས་འཚོ་བྱེད་བུ་ལ་སྨན་ཚོང་ཡིན་ན་ཅིག་མཉམ་དུ་རྒྱག་གསུངས་སོང་། ཕལ་ཆེར། གཞོན་ནུས་སྨན་འཚོང་རྒྱག་འདོད་ཡིན་ས་མ་རེད། འདིས་སྟོད་འགག་གི་འཚོང་རྒྱག་ན་འདོད་གོ་ས་རེད། ཨ་ལ། ཀུ་རེ་བརྩེས་བ་ཡིན།
རིག་འབྱུང་། ངས་འདི་ནས་སྟོད་འགག་འདི་བཙེམས་ནས་༢༢ དམག་སྒེར་གྱི་བོད་དམག་ཚོར་རྔན་པ་སྤྲད་བསམ་པ་ཡིན་མོད། ཕྱོགས་གཉིས་ནས་ངོས་ལེན་བྱེད་ཀྱི་མི་འདུག་ཡ། ཅག་ར་ཏར་གྱི་དམག་མི་ཚོས་གོ་ཁྲབ་དེ་རྙིང་པ་རེད་ཟེར་ནས་ངོས་ལེན་མ་བྱས། དགོན་པའི་གྲྭ་ཚོས་དེ་ཁོང་ཚོའི་གོས་ལྭ་ཡིན་ཟེར་ནས་གཞན་ལ་སྤྲད་འདོད་བྱེད་ཀྱི་མི་འདུག ཧཧཧ
ཁྱེད་ལ་སྟོད་འགག་བརྔན་པ་སྤྲོད་རྒྱུ་དེ་འདྲ་མང་པོ་ཡོད་ན། ང་ལ་གཅིག་སྤྲོད་དང་། ངས་ཉར་བསྡད་གི་ཡིན།
ལོ་སུམ་ཅུའི་རྗེས་སུ་བཙོང་གི་ཡིན། གཅིག་བྱས་ན། གོང་ཆེན་པོ་རག་ན་ཐང་། དེ་དུས། སྟོད་འགག་གི་མ་རྩ་དེ་ཕྱིར་ཁྱེད་ཀྱི་དངུལ་འཛིན་ཐོག་ལ་བསྐུར་ཆོག
རིག་འབྱུང་། སྨན་ཚོང་དེ་འགོ་བཙུགས་ཚར་བ་ཡིན། སྨན་ལེན་ས་དེ་བོད་ལ་ཡིན། བོད་ཀྱི་སྨན་ཁང་གང་ཡིན་ནས་བླང་ན་སྦྲག་ཐོག་ནས་གཏོང་བའི་ཆོག་མཆན་མི་རེག་གི ཟི་ལིང་བོད་སྨན་ཁང་ནས་བླང་ན་སྦྲག་ཐོག་ནས་བཏང་ཆོག་གི་འདུག འོན་ཀྱང་ཟི་ལིང་བོད་སྨན་ཁང་གི་སྨན་དེ་ཚོ་གོང་ཆེན་པོ་འདུག ད་སྨན་སྤྲོད་ཕྱོགས་ཐད་ནས་རེད། འཚོ་བྱེད་བུས་ང་ལ་མཉམ་འབྲེལ་བྱས་ཡོད་པ་མ་རེད། དེ་ན་ངས་ཀྱང་ཁོ་ལ་ཁེ་སང་སྤྲོད་ཀྱི་མ་རེད། ཡིན་ན་ཡང་ངས་ཁོའི་མདུན་ནས་ལམ་སྟོན་ལེན་དགོས་ཀྱི་འདུག གང་ཡིན་ཟེར་ན་ངས་ནད་བརྟག་མི་ཤེས། སྨན་དཔེ་ཆ་བལྟས་ནས་སྤྲད་ན་འགྲིག་ས་རེད། ད་རུང་མི་ཤེས་ན་ངས་ཟི་ལིང་སྨན་ཁང་ནང་ལ་ཁ་པར་བཏང་ནས་དྲིས་ན་ཡང་འགྲིག་ཟེར། སྨན་ཚོང་ལམ་འགྲོ་ཡོང་བར་ཤོག
ད་ཁྱོད་འདི་ཕྱུག་པོ་ཕྱུག་ནག་ཆགས་ས་རེད། སྟོད་འགག་གི་འཚོང་བརྒྱབ། སྨན་གི་འཚོང་ཡང་བརྒྱབ། ད་དུང་། ཞོར་ལ་ཤིང་བཟོ་བྱས།
སྨན་གྱི་སྐོར་ལ་ངས་ཅིག་དྲན་སོང་། ཁྱེད་ཀྱིས། སྨན་དཔེ་ཆ་ལ་བལྟས་ནས་སྤྲད་ན་ཡང་འགྲིག་གི་རེད། ཟི་ལིང་སྨན་ཁང་ལ་ཐད་ཀར་ཁ་པར་བཏང་ན་ཡང་འགྲིག་གི་རེད་ལབ་འདུག
ཁ་སང་ངས་དཔེ་མཛོད་ནས་ཚགས་པར་འགའ་བྐླགས་པ་ཡིན། ཚགས་པར་དེ་ཚོའི་ངོས་སུ།
དེ་རིང་སང་ཉིན། འཛམ་གླིང་སྤྱི་ཡོངས་ནས། སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཡག་ཏུ་ཕྱིན་པ་ལ་བརྟེན་ནས། ན་ཚ་རིགས་མང་པོ་ཞིག་ན་མཁན་ཉུང་དུ་འགྲོ་གི་འདུག འོན་ཀྱང་། ན་ཚ་གསར་བ་མང་པོ་ཞིག་སླེབས་ཡོང་གི་འདུག ན་ཚ་གསར་བ་སླེབས་པའི་རྐྱེན་རྩ་ནི། ནད་པ་རྣམས་ཀྱིས། སྨན་དུས་ཐོག་ལ་མཟས་་པ་དང་། སྨན་ཟ་བའི་དུས་ཡུན་ཐུང་དྲགས་པ། ཡང་ན། སྨན་ཟ་བའི་དུས་ཡུན་རིང་དྲགས་པ། ད་དུང་། སྨན་ཟ་སྟངས་ཡག་པོ་མ་ཤེས་བ་སོགས་ལ་བརྟེན་ནས་ཡོང་གི་ཡོད་པ་མ་ཟད་། རྐྱེན་རྩ་འདི་ཚོ་མང་པོ་ཞིག་། སྨན་བཙོང་ས་དག་དང་འབྲེལ་བ་འདུག་ལབ་འདུག རྒྱུ་མཚན། ནད་པ་མང་པོ་ཞིག་གིས་ན་བ་ཡིན་ན། སྨན་ཁང་ལ་མ་ཕྱིན་པར་ཐད་ཀར་སྨན་བཙོང་ས་དེ་བ་ནས་སྨན་ཉོ་གི་འདུག སྨན་བཙོང་མཁན་མང་པོ་ཞིག་ལ་སྨན་གྱི་སྒང་ལ་སློབ་སྦྱོང་ཡོད་མཁན་དེ་འདྲ་རེད་མི་འདུག དེར་བརྟེན། འདི་དཀའ་ངལ་ཞིག་ཆགས་འདུག་ལབ་འདུག ཨ་རོ། ད་ཁྱོད་ཀྱང་འདིའི་ནང་གི་གཅིག་ཆགས་ས་རེད་གོ།
འོ་ཡ་རོགས་འབྱུང་། ད་ངས་སྨན་སྤྲོད་ས་མང་ཆེ་ཤོས་ཨ་རིའི་སྨན་ཁང་ལ་ཐབས་ཤེས་མེད་མཁན་རིགས་རེད་འདུག མཆིན་པའི་ན་ཚོ་ཧེ་བྷེ་ཀྲེ་ཀྲེ། ཁྲག་ནད་ལོ་ཀོ་མེ་ཡ། ནུ་མའི་སྐྲན་ནད། འདི་ཚོ་ལ་དེང་སང་གི་སྨན་ཁང་ལ་ཐབས་ཤེས་མེད་སོང་བས་ནད་པ་ཚོས་བོད་སྨན་ལ་རེ་བ་རྒྱག་གི་འདུག་ཀ ད་རུང་དེ་མིན་ན་ཚའི་རིགས་ལ་བོད་སྨན་འདྲི་མཁན་ཡོད་ན་ཡང་ཚང་མ་སྤྲོད་ཐུབ་ས་མ་རེད། ཤིང་བཟོའི་ལས་ཀ་དེ་གཡུག་མི་ཐུབ་ཀི ཧཧཧ
ཨོ་རེད་ཡ། ཟླ་མེད་ཁྱོད་བདེན་པ་རེད། ངས་ཟེར་བ་ནི་ཐང་ཡིག་ལས་བོད་ཆེན་པོའི་སྲིས་ལུགས་དང་འབྲེལ་བའི་ཡིག་ཆ་དེ་ཟེར་བ་ཡིན་ཏེ། བཤད་སྟངས་ཤིག་གིས་”ཁ་ཚང་”ཟེར་འདུག དགེ་ཆོས་ཀྱིས་ཀྱང་ཐང་ཡིག་ལས་བཏུས་པ་དེབ་གཅིག་མ་ལོང་ཙམ་ཞིག་འདུག རྒྱ་གླིང་ཞེས་རྒྱ་ནས་དར་མིན་སོགས་དུས་ཁོམ་མི་འདུག་པས་ཞུ་ཐབས་བྲལ། ད་རྩམ་དགའ་བོས་ནས་རྩམ་པ་ཟ་བར་འགྲོ་དགོས། དགོང་དྲོ་ཐུག་ཡོང་། སྦིར་རྩམ་པ་དང་ལ་དྭགས་ཀྱི་གསེར་མདོག་ཕྱུར་བ། མ་ན་ལིའི་མར་སོ་མ་སོགས་ཟ་འདོད་ན་འདིར་ཤོག་དང་རྩམ་དགའ་འུ་ཚོས་རྩམ་པ་ཕྱེས་མར་འཇིན་འཇིན་པོ་ཟ་ཡ།
བཟོད་རྒྱམ་ཁྱོད་རྩམ་དགའ་ཉམས་དུ་རྡ་ས་ན་སྐྱིད་པོ་ཡིན་ས་རེད། ད་རུང་རྩམ་པ་དང་ཆུ་ར་དེས་ངའི་ཁ་ནང་ལ་ཆུ་ཞགས་འཁོར་བཅུགས་སོང་། ལོ་རྗེས་མ་ང་ཡང་ཡོང་ནི་རེད། ལྷོད་ལྷོད་བྱས་ནས་རྡ་སར་འདུག་རྒྱུ་རེད། དེའི་སྐབས་སུ་ངའི་ཁ་ནང་ལ་ཁྱོད་གཉིས་ཀྱིས་ཟ་བཞིན་པའི་རྩམ་པ་དེ་རེག་རྒྱུ་རེད། ངའི་རེ་བ་ལྟར་ཁྱོད་གཉིས་སོང་ནས་ཙོང་ཁ་ཟ་ཁང་གི་ཡང་ཐོག་ནས་ཇ་ལྷོད་ལྷོད་ཅིག་འཐུང་། འཐུང་ཞོར་ལ་ཡར་མར་གྱི་ཁ་བརྡ་བྱོས། ཁ་བརྡ་བྱེད་ཞོར་དུ་བུ་ཁྱིམ་སློབ་གྲྭའི་ཕྱོགས་དང་སྦག་སོ་ཕྱོགས་རྒྱང་གནམ་ས་འདྲེས་བའི་རི་ཆུ་དང་ཤིང་ནགས་སོགས་ལ་ལྟོས། རླུང་སངས་འགྲོ་གི་རེད། དེ་ནས་ཟ་ཁང་དུ་ཇ་རིན་ཕུལ་རྒྱུ་མ་བརྗེད། ཁ་བརྡ་ལྷོད་ནས་ཇ་རིན་ལྟེར་རྒྱུ་བརྗེད་སོང་ན་མི་ཧྲ་ཀ
གཞོན་ནུ་ཟླ་མེད་ལགས། བཙན་པོ་དར་མ་དཀྲོངས་མཁན་དེ་བློན་པོ་ཞིག་ཡིན་པར་རྒྱ་ཡི་ཡིག་ཚང་དུ་བཤད། དེ་ཡང་ཚིག་རིས་ཇི་ལྟར་བ་བཞིན་མ་དྲན་ཀྱང་ཕལ་ཆེར་འདི་འདྲ་བ་ཞིག་རེད།
༼་་་་་་་་་་་་་་་་་ལོ་ལ། བཙན་པོ་འུ་དུམ་བཙན་ཆོས་ལ་དགའ་བའི་ནང་བློན་ཞིག་གིས་བསད།༽
ཅེས་འདུག་བསམ། དོན་འགྲུབ་རྒྱལ་གྱིས་བསྒྱུར་བ་དེ་མ་རེད།
དེབ་དེ་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར་བ། ལག་བྲིས་དེབ་གཟུགས་དབུ་ཅན། ༡༩༧༣ལོར་པར་བསྐྲུན་བྱས་པ།
༼རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱ་རབས་གསལ་བའི་མེ་ལོང༌།༽ ཞེས་པ་དེའི་ནང་དུ་འདུག་ཀྱང་ཤོག་གྲངས་ནི་བརྗེད་ནས་མ་དྲན། བཤད་ཚུལ་འདི་རྒྱུ་མཚན་བཙན་པོ་ཞིག་འདུག་བསམ།
ཨ་རོག་བླ་རྒན་ལགས།
ད་ནངས་ཞོགས་ཀར་བཟོད་རྒྱམ་དང་ངེད་གཉིས་ཐུབ་དང་ཐལ། ཨ་ཨ་ངོ་མས་དགའ་སོང་། ང་ཁོང་ཚང་ལ་སོང་ནས་རྩམ་པ་ཞིམ་པོ་ཟོས་པ་ཡིན་གོ་་་ངོ་མས་རྩམ་པ་ཟེར་ནོ་རེད་ཡ། ཁོང་གིས་རྩམ་པ་འདིའི་ལྷག་མ་ཁྱོད་ལ་འཇོག་གི་ཡིན་ལབ་སོང་གོ ཁྱོད་སེམས་བདེ་མོར་བྱོས་ར་ངས་ཚང་མ་ཟོས་མེད་ ཧ་ཧ།
ཨ་རོག་ཤིང་བཟོ་བསྐྱུར་ནས་སྨན་ཚོང་ཡེད་ན་འདོད་ཀི་ཡོད་ས་རེད་པ། གཟབ་གཟབ་བྱོས་ཀོ་་་་་ཕྱུག་པོར་ཆགས་སོང་ན་འུ་ཚང་གི་མཛེས་པ་ལས་དྲ་གྲོགས་ཚོ་བརྗེ་སོང་ན་མི་ཧྲ་ག་་་་་ཧ་ཧ་ཧ་ ད་དི་ཡེད་ཡ།
ཡོད་ཚད་ཀྱི་ཁོངས་གཞན་ལ་གཏུགས་ཅི་ཐུབ་བྱེད་པ་འདི་སྲོལ་རྒྱུན་དུ་གྱུར་འདུག་པ་འདྲ།
འོ་སྒོམ་སྡེ་ལགས་ཀྱིས་༼ལར་ནས་རབ་བྱུང་གི་ན་བཟའ་གོ་ཁྲབ་ལ་དཔེ་བླངས་ན་རྟེན་འབྲེལ་ལ་འགྲིག་གི་མ་རེད། ༽ གསུངས་འདུག རྟེན་འབྲེལ་ལ་བསམ་བློ་བཏང་ན་གོ་ཁྲབ་ལ་དཔེ་བླངས་ན་ཡག་ཤོས་རེད། གང་ཡིན་ཟེར་ན་གོ་ཁྲབ་བགོས་ན་མདའ་མཚོན་གྱིས་མི་གོས་པ་ལྟར་། སྟོད་འགག་གོ་ཁྲབ་གྱི་དབྱིབས་ཅན་འདི་གོན་ནས་ཉོན་མོངས་པའི་མདའ་ཚོན་སོགས་རང་རྒྱུད་ལ་འགོག་པའི་རྟེན་འབྲེལ་ཤིན་དུ་ནས་བཟང་ངོ་།
དེ་ཡང་མངོན་རྟོག་རྒྱན་ནས་ཀྱང་། དེ་དག་སོ་སོར་སྦྱིན་ལ་སོགས།། རྣམ་པ་དྲུག་དུ་བསྡུས་པ་ཡི།། གོ་ཆའི་སྒྲུབ་པ་གང་ཡིན་དེ།། དྲུག་ཚན་དྲུག་གིས་ཇི་བཞིན་བཤད།། ཞེས་གོ་ཆའི་སྒྲུབ་པ་སོགས་གསུངས་པའི་རྟེན་འབྲེལ་ཤིན་ཏུ་བཟང་བ་ཡོད་དོ།
དམག་ལ་བལྟ་མི་ཆོག་པའི་ལྟུང་བ་འདི་དམག་གི་གོ་ཆ་ལ་དཔེ་ལེན་མི་ཆོག་པར་བཅོས་ན་དེ་ནི་སངས་རྒྱས་ཁོ་ན་ལ་དབང་བའི་འདུལ་བ་འདི་སོ་སྐྱེས་བཅོས་བསླད་བྱས་པ་འདྲ་ཟིག་རེད་འདུག་ཀ
ད་དུང་སྤྱིར་བཏང་སྟོད་འགག་གི་རྒྱབ་ཕྱོགས་རྒལ་གཞུང་འཁེལ་ས་དེར་ཁུངས་བུ་ཞིག་བཞག་ནས་དེ་ལ་ཤེས་རབ་སྒོ་རྒྱན་ཟེར་ནས་བཏགས་ཡོད་ཀི ལོ་གཞོན་རབ་བྱུང་བ་ཚོ་ཤེས་རབ་སྒོ་རྒྱན་ཡོད་པའི་སྟོད་འགག་འདི་ལ་ཤིན་ཏུ་དགའ།
ཝེ་ཝེ་ཝེ། ཟླ་མེད་ཡིན་ན་ཁྱོད། སྟོད་འགག་ཡིན་ན་སྨད་འགག་ཡིན་ན་དེ་བརྩད་ནས་ད་ཧྲ་གི་ར། རྩམ་དགའ་ངེད་གཉིས་ཀྱིས་ད་སོ་མ་བཟའ་བཏུང་བྱེད་མཚམས་བཞག་ནས་ཁོང་རང་གནས་སུ་ཕེབས་སོང་། ང་ཡང་ནང་དུ་སླེབས་མ་ཐག་ཡིན། ཁ་བརྡ་ཅུང་ལྷུག་པོ་བྱུང་། སང་ཉིན་ཡང་རྩམ་པ་ཟ་གི་ཡིན། དགོང་མོ་སྦི་རག་དང་མོག་མོག་ཞིམ་པོ་ཟ་གི་ཡིན། ཨོ་རེད། རྩམ་དགའ་ནི་ཨ་རིའི་མི་ཡིན་པས་མི་འགྱངས་པར་ཕྱིར་བུད་འགྲོ་ནི་རེད། ང་ཡང་ལོ་རྗེས་མ་བར་དུ་འདུག་མིན་མི་ཤེས་པས་ཁྱེད་ལ་རྩམ་ཕྱུར་འདྲ་དགོས་ན་ངས་སྐུར་ཡོང་ཡ། ད་དོ་གས་འདུག སང་ཉིན་ཁ་བརྡ་བྱེད། སྟོད་འགག་དང་སྨད་
གག་གང་ཡིན་ཀྱང་རྩོད་དགོས་པ་རེད། རྩོད་པ་ནི་གྲི་བརྡར་བ་ནང་བཞིན་རེད། ད་ཉག་ཉོག་མི་བཤད། ཉལ་གི་ཡིན།
དྲ་གྲོགས་བརྩེ་སེམས་ཅན་པོ།།
རྩམ་དགའ་བཟོད་རྒྱམ་གཉིས་ཀ།།
མེག་གྷན་གསོལ་མགྲོན་ཁང་དུ།།
བཟའ་བཏུང་དཔལ་ལ་རོལ་སོང་།།
ཁ་བརྡ་ལྷུག་པོར་བྱས་པ།།
ཆུང་གྲོགས་ལྷན་འཛོམས་འདྲ་བྱུང་།།
གསུང་གླེང་ལྷུག་པོའི་བར་ནས།།
ཞེ་སེམས་གཅིག་ཏུ་འདྲེས་སོང་།།
ཁ་བརྡ་ལྷུག་པོའི་བར་ནས།།
དྲ་གྲོགས་མང་པོ་གླེང་དུས།།
གཞོན་ནུ་ཟླ་མེད་ཟེར་བ།།
ཡང་ཡང་གླེང་གཞིར་གྱུར་སོང་།།
ཨ་ཧོ་དྲ་གྲོགས་ཟླ་མེད།།
དེ་རིང་འདི་རུ་ཡོད་ན།།
རྩམ་དགའ་བཟོད་རྒྱམ་ལྷུན་དུ།།
སྐྱེམས་ཆང་ལྷོད་པོར་མཆོད་ཆོག།
སྐྱེམས་ཆང་མཆོད་མཚམས་བཞག་དུས།།
གསོལ་ཁང་སྒོ་མོ་བརྒྱབས་བྱུང་།།
གཞོན་ནུ་ཟླ་མེད་ཟེར་བཞིན།།
རང་རང་ས་ལ་ལོག་སོང་།།
དྲ་གྲོགས་སྤུན་འདང་ཅན་པོ།།
དོ་དགོང་གཟིམ་སྤྲོ་ཡོང་བ།།
སང་གི་ཉི་མ་ཤར་དུས།།
དགའ་སྤྲོའི་ཞལ་འཛོམས་བྱོས་ཡོང་།།
སྟོད་འགག་གི་རྒྱན་དྲུག་པོ་འདི་ནི་སྟོད་འགག་ལ་སྦྱར་ནས་བཤད་ན་དེ་འདྲ་ཆགས་པོ་ཞིག་མིན་ན་ཡང་། སྔར་སྟོད་འགག་མ་ཆགས་སྔོན། གོ་ཁྲབ་ཡིན་སྐབས་སུ་རྒྱན་དྲུག་འདི་ངོ་ནས་དཔའ་པོའི་དཔང་བསྟོད་ལ་ངེས་པར་དུ་དགོས་ངེས་ཞིག་ཡིན་པར་སེམས། ད་དུང་དེང་སང་སྟོད་འགག་གི་རྒྱན་དྲུག་པོ་རིམ་བཞིན་ཉམས་ནས་རྒྱན་དྲུག་མ་གོན་མཁན་ཇེ་ཉུང་དུ་འགྲོ་གི་ཡོད་པ་འདི་དགེ་འདུན་པ་རྣམས་རྒྱ་གར་ལ་སླེབས། རབ་བྱུང་བའི་ཆོས་ངོ་མ་དེ་མཐོང་། ད་དུང་སྟོད་འགག་འདི་ཇི་ལྟར་དར་བའི་རིམ་པ་ཡང་མ་ཤེས། དེ་ནས་རིམ་བཞིན་འགྱུར་འགྲོ་གི་ཡོད་པར་སེམས།
མཐིང་ཀ་རྙིང་པ་གང་ན་ཡང་མཁན་སློབ་ཆོས་གསུམ་གྱི་ནང་ཚན་མཁན་པོ་བྷི་ངྷི་སྭ་ཏོ་ནས་སྟོད་འགག་བཞེས་ཡོད་པ་ཞིག་མཐོང་རྒྱུ་མི་འདུག དེ་བས་ནས་སྔར་ཁྲི་སྲུང་སྡེ་བཙན་གྱི་སྐབས་སུ་སྟོད་འགག་འདི་མེད་པ་འདྲ། དེ་མིན་སད་མི་མི་བདུན་བོད་ཀྱི་རབ་བྱུང་གི་ཐོག་མ་རེད་མོ། ཁོ་ཚོ་ལ་མིག་དཔེ་སྟོན་དགོས་ཀ
དེ་ནས་ངའི་མཐོང་པ་རྙིང་ཤོས་དེ་མར་མི་དྭགས་གསུམ་གྱི་མཐིང་ཀ་འབྲི་བའི་སྐབས་སུ་དྭགས་པོ་བས་སྟོད་འགག་བཞེས་འདུག དེའི་སྐབས་སུ་སྟོད་འགག་གི་སྲོལ་འདི་ཡོད་པ་འདྲ། དེ་ལྟར་མཐིང་ཀ་ཐོག་གི་རི་མོ་དེད་ནས་སོང་ན་སྟོད་འགག་གྱོན་པའི་སྲོལ་འདི་བླ་ཆེན་པོ་དགོངས་པ་རབ་གསལ་གྱི་ཡན་ལ་འདེད་མི་ཐུབ་ཁོ་ཐག་རེད། དེའི་རྐྱེན་གྱིས་ངས་བསམ་ན་སྟོད་འགག་འདི་དེ་དུས་ཞིག་ལ་དར་བ་ཡིན་ས་རེད་ཟེར་བཞིན་ཡོད།
སྒོམ་སྡེ་ནས་གསུངས་པ། ༼དེང་སང་ཡང་ཏྲེ་ཧོར་ཁམས་པའི་སྐད་ལ་གྱོན་པ་ལ་འགག་ཟེར་གྱི་རེད། དེ་སྐད་རྙིང་པ་ཞིག་ཡིན་ས་རེད།༽ འདི་སྒྲ་གདངས་དག་དག་ཅིག་མ་རེད། ཏྲེ་ཧོར་ཁམས་པས་གྱོན་པ་ལ་གན་ཟེར་གི་རེད། དེ་ཡང་གོན་ཟེར་བ་དང་གཅིག་པ་རེད། ཏྲེ་ཧོར་ཁམས་པའི་སྐད་དང་ཨ་མདོ་འབོ་ར་ཨ་མཆོག དེ་བཞིན་དུ་མཚོ་སྔོན་སྒོ་མེ་ཕྱོགས་ཀྱི་ས་ཆ་ཁ་ཤས་ན་ནོ་རོ་བཅད་ནས་ཀློག་གི་རེད། དེ་ཡང་གྱོན་ཟེར་བ་བརྡ་རྙིང་། དེ་ནས་གོན་ལ་འགྱུར། གོན་དེ་ཡང་ཏྲེ་ཧོར་ཁམས་པས་ཁ་ནང་ནས་གན་ཆགས་པ་རེད།
དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས།
ང་འདིར་དྲ་ཐོག་དུ་མ་སླེབ་པར་རྒྱུན་རིང་སོང་པས་ཁ་སང་འདིར་བལྟས་ཚེ།
གཞོན་ནུ་ཟླ་མེད་ལགས་ཀྱིས་སྟོད་འགག་གི་འབྲེལ་བཤད་ཞིག་འདུག་དེ་ཤེས་དགོས་ངེས་ཀྱི་ཤེས་བྱ་གལ་ཆེན་གང་ཡང་མིན་ནའང་རྩེད་མཚར་དུ་ཚར་གཅིག་གློག་ཚེ། ཁོང་གིས་ཁུང་མེད་རང་བཟོའི་འགྲེད་བཤད་མང་དག་ཅིག་སྐྱོན་འདུག་པ་འདིས་གློག་བ་པོ་རྣམས་ལ་བློ་སྐྱེད་མེད་པ་མ་ཟད་ཁོ་རང་གི་རང་མཚང་ཕྱིར་མངོན་པ་ཙམ་ལས་བླང་བྱ་ཅི་ཡང་མི་འདུག། ངས་འདི་ནས་གསལ་བཤད་བྱེད་རྒྱུ་ལ་སྤྱིར་འདི་སྤྱི་ཚོགས་ལ་མཁོ་བའི་ཤེས་བྱ་ཞིག་མིན་ཙང་འགྲེལ་བཤད་དགོས་གལ་མེད་ཀྱང་། ཁོང་གི་འགྲེལ་བཤད་འདིས་རྒྱུས་མེད་འགའ་ལོག་ལམ་དུ་འཁྲིད་པར་དོགས་ནས་བསམ་ཚུལ་ཅུང་འབྲི་པའི་ཀུན་སློང་བྱུང། མཁས་དབང་ཁོང་གིས་སྤྱིར་ཆོས་འདུལ་བ་ནས་གསུངས་བའི་ཆོས་གོས་རྣམས་གསུམ་ཙམ་ཡང་ངོས་ཟིན་མི་འདུག། དེ་གསུམ་ནི་ བླ་གོས་ འཐིང་གོས སྣམ་སྦྱར་གསུམ་ཡིན་ལ། སྟོད་འགག་ནི་དེ་གསུམ་ལས་བླ་གོས་ཡིན་ནོ། དེས་བཟོ་དབྱིབས་དང་ཁ་དོག་སོགས་ཅུང་མི་འདྲ་བ་ཙམ་ལས་སྔོན་གྱི་རྒྱ་གར་གྲུབ་ཆེན་བརྒྱད་བཅུ་དང་རྒྱན་དྲུག་མཆོག་གཉིས་སོགས་ལའང་དེའི་མཚོན་བྱེད་ཡོད་པ་ཁོང་རྣམ་པའི་སྣང་བརྙན་ལས་ཤེས་སླའོ།། ཡང་ཁོང་གིས་སྟོད་འགག་གི་ཚིག་ཟུར་གྱི་འགག་ཞེས་བ་ཏེ་མཚོན་ཆ་འགོག་བྱེད་ལ་སྦྱར་བ་ལས། སྟོད་འགེབ་བྱེད་ལ་སྒྱུར་ནས་སྟོད་འགེབས་འམ་སྟོད་འགག་ཞེས་བཤད་ན་གོ་རྒྱུ་ཆེ་སྙམ་མོ།།་ཡང་ཁོང་གིས་སྨད་འདུལ་དར་སྐབས་སྟོད་འགག་
གི་སྲོལ་གཏད་པར་བཤད་པ་ནི་ཁུང་མེད་འཆལ་གཏམ་རང་ཡིན་ཏེ། དེ་སྔོན་གྱིས་བོད་གྱི་བླ་ཆེན་ལྷ་བླ་མ་
ཡེ་ཤེས་འོད་སོགས་བོད་ཀྱི་འདུལ་འཛིན་རྣམས་ལ་ཆོས་གོས་རྣམ་གསུམ་མ་ཚང་བར་ཁེས་ལེན་དགོས་སོ།།
རྨ་ཆུ་སྐལ་བཟང་ནས་དོགས་སློང་གནང་བ་ཐུགས་རྗེ་ཆེ། ངས་ཀྱང་ཡང་བསྐྱར་དྭོགས་སློང་ཞིག་བྱེད་འདོད་བྱང་། དེ་ནི་ཆོས་གོས་རྣམ་གསུམ་གྱི་ངོས་འཛིན་ཐད་ནས་རེད། ཆོས་གོས་དང་བླ་གོས་གཉིས་ལ་མདོ་ན་མིང་རེས་མོས་སུ་འབྱུང་། རྡོ་རྗེ་གཅོད་པ་ན༼ཤམས་ཐབས་དང་ཆོས་གོས་སྐུ་ལ་གསོལ་དེ་ལྷུང་བཟེད་བསྣམས་ནས་ཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་གསོལ་སྙོམས་ཀྱི་ཕྱིར་གཤེགས་སོ།༽ ཞེས་ཆོས་གོས་གྱི་མིང་བཀོད། ཡང་མདོ་ལ་ལ་ན་འདི་ལྟར་འབྱུང་། ༼བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ༽ འདི་ན་བླ་གོས་ཟེར་ནས་བཀོད་འདུག བླ་གོས་ཕྲག་པ་གཅིག་ཏུ་གཟར་བ་དང་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པ་ནི་གུས་པ་མཚོན་བྱེད་རེད། གལ་ཏེ་བླ་གོས་སྟོད་འགག་ཡིན་ན། མདོ་འདིའི་དོན་འདི་ལྟར་འགྱུར་འགྲོ་གི་རེད། བཅོམ་ལྡན་འདས་ལ་ཆོས་ཞུ་སྐབས་སུ་སྟོད་འགག་ཕུད་ནས་ཕྲག་པ་གཡས་མ་ལ་གཡུག་ཏེ་ཆོས་ཞུ་དགོས་པ་ལྟ་བུར་ཆགས་འགྲོ དེ་ནི་གུས་པ་མཚོན་བྱེད་མ་ཡིན་པར་ཞིང་ཀ་འདེབས་དུས་ཚ་བས་མ་གཟོད་ན་དགེ་བསྐོས་མེད་པའི་སྐབས་དང་བསྟུན་ནས་མ་རབས་དེ་ཚོས་སྟོད་འགག་ཕུད་ནས་ཕྲག་པར་གཡུག་པ་འདྲ་བོ་ཆགས་འགྲོ་གི་རེད།
ལར་དགེ་སློང་གི་ཆོས་གོས་རྣམ་གསུམ་ལ་གོས་བྱིན་རླབས་བྱེད་དགོས་པ་རེད། འོན་ཀྱང་འགན་ཇིར་དང་སྟོད་འགག་སོགས་ལ་གོས་བྱིན་ད་ལྟ་ཕྱག་ལེན་ལ་མི་འདུག་ཀ དེ་བས་ཀྱང་བླ་གོས་སྟོད་འགག་རེད་ཟེར་བ་དེ་མུན་སྤྲུལ་མིན་འགྲོ གྲུབ་ཆེན་བརྒྱད་ཅུ་སོགས་ཟེར་བ་ནི་གྲངས་ཀ་མང་བ་ཙམ་ལས་ཁོ་ཚོ་སྟོད་འགག་གྱོན་མཁན་རྐྱང་མིན་དེ་རབ་བྱུང་རྐྱང་མིན་པས་སོ། ད་དུང་མུ་མཐུད་དུ་ཡིན་ད།
དྲ་གྲོགས་ལགས་མཚོན་རྣོ་ཙམ་ཡོད་པ་འདྲ།། མྱུར་བར་སྐད་ཤོར་སྟེང་ལ་་ལྟས་ན་གསལ་བོ་མཐོང་གིས།
འོན་ཀྱང་གྲོགས་པོས་བདེན་དཔང་གི་མདོ་དང་པོའི་བསྟན་བྱའི་ཆོས་གོས་ཞེས་བ་དེ་བླ་གོས་འམ་སྟོད་གོས་ལ་
གོ་དགོས་བ་ཚིགས་གོང་འོག་སྒྲིག་ན་གསལ་པས་དེ་ཙམ་ལ་རྨོངས་པས་མཁས་བ་ཞིག་ཁྱེད་མིན་པའི་ཡིད་ཆས་
ང་ལ་ཡོད། སྤྱིར་ཆོས་གོས་ཞེས་བ་དགེ་འདུན་པའི་ནབས་ཟ་སྤྱིའི་མིང་ཡིན་ཀྱང་སྐབས་ཐོབ་གོས་རེ་རེ་ལ་
མིང་དེ་སྨོས་ཀྱང་སྐྱོན་ཡོད་པ་ཞིག་ངས་འདུལ་གཞུང་དག་ལས་མ་མཐོང་ངོ། གཞན༸སངས་རྒྱས་བཅོམ་ལྡནའདས་གྱིས་རབ་བྱུང་རྣམས་ཀྱི་མཁོ་པའི་ཡོ་སྤྱད་ཀྱིས་གོས་གཙོ་བོ་བཅུ་གསུམ་དེ་བསྡུས་ནས་ཆོས་གོས་
རྣམ་གསུམ་གསུང་བ་ཡིན་པས་བླ་གོས་ཡིན་ན་སྟོད་འགག་ཡིན་དགོས་བའི་ཁྱབ་བ་ངས་མ་བཤད་པས་སྐྱོན་
གཉིས་བ་ཡང་ང་ལ་མི་འཇུག་གོ།།
འོ་ཡ། ད་ཤེས་ཐལ། བཟུང་ན་སྤར་བ་གང་། བཏང་ན་ཁང་པ་གང་ཟེར་རྒྱུ་དེ་ད་ཁྱེད་རང་རེད། ཡང་བླ་གོས་སྒང་ནས་འཚོ་བའི་ཡོ་བྱེད་བཅུ་གསུམ་སྒང་ལ་འཆོམས་ནས་འགྲོ་སོང་། ཁྱོད་ཀྱིས་ངས་ངོས་གཟུང་བྱས་པའི་ཆོས་གོས་རྣམ་གསུམ་ནོར་བསྡད་འདུག་ཟེར་བཞིན་ཡོད་པས་ངེད་གཉིས་ཀྱིས་ཆོས་གོས་རྣམ་གསུམ་དེ་རྩོད་ཀྱི་ཡོད་པ་རེད། ངས་གཅིག་དེ་ཆོས་གོས་རེད་ཟེར་གྱི་ཡོད་པ་རེད། ཁྱོད་ཀྱིས་སྟོད་འགག་རེད་ཟེར་གྱི་ཡོད་པ་རེད་པ། དེ་ལྟར་ན་ཆོས་གོས་རྣམ་གསུམ་རེ་རེའི་ཆེ་ཆུང་གི་ཚད་ལ་ཆེ་ཚད་སྲིད་དུ་ཁྲི་ལྔ་དང་ཞེང་དུ་ཁྲི་གསུམ། ཆུང་ཚད་ལ་སྲིད་དུ་ཁྲི་བཞི་དང་ཕྱེད་། ཞེང་དུ་ཁྲུ་གཉིས་དང་ཕྱེད་མ་མཐའ་ལ་དགོས་པ་མ་ཡིན་པར་ཐལ། སྟོད་འགག་ལ་དེ་ལྟར་མི་དགོས་པའི་ཕྱིར། འདོད་མི་ནུས་དེ་འདུལ་བ་སྡོམ་ལས། ཆོས་གོས་རྣམ་གསུམ་ཆེ་ཚད་སྲིད་དུ་ཁྲི།། ལྔ་དང་ཞེང་དུ་ཁྲི་གསུམ་ཆུང་ཚད་ལ།། སྲིད་ཞེང་གཉིས་ཀར་ཁྲི་ནི་ཕྱེད་ཕྱེད་ཕྲི།། ཞེས་གསུམ་པའི་ཕྱིར།
གཞན་ཡང་ཆོས་གོས་རྣམ་གསུམ་གྱི་ཆེ་ཆུང་གི་ཚད་མཉམ་པར་གསུང་ན་སྟོད་འགག་གི་ཆེ་ཆུང་ཤམ་ཐབས་ཀྱི་ཚད་དང་མཉམ་པ་བཟོ་བའི་བཟོ་བ་སྐད་གྲགས་ཅན་དེ་ཁྱེད་རང་ཡིན་རྒྱུ་རེད།།
འཚོ་བའི་ཡོ་བྱེད་ཚུར་བསྡུས་ན་ཆོས་གོས་རྣམ་གསུམ་རེད་ཟེར། དམ་པའི་ཆོས་འདུལ་བ་ལ་ཐོ་ཅོ་འདི་འདྲ་མ་བྱེད་། ད་དེ་གཡུག་ཞོག དེ་ལས་འཚོ་བའི་ཡོ་བྱེད་གྲངས་ཀ་བརྒྱབ་ནས་སྟོད་འགག་དེ་དེའི་ནང་གི་གང་ཡིན་ཤོད་དང་རྩ་བའི་སྒང་ལ་འགྲོ་ཐུབ་ཀྱི་རེད། འཚོ་བའི་ཡོ་བྱེད་བཅུ་གསུམ་ལ་སྒུག་བསྡད་ཡོད་ད།
དགོང་དག་ཁྱེད་ཚོ་ཚང་མ་ནོར་འདུག་ སྟོད་འགག་གི་མཚོན་དོན་ནི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་མཚོན་བྱེད་མ་རེད་དམ་ དེ་ལ་རྒྱན་དྲུག་དང་མཆོག་གཉིས་ཡོད་པ་འདི་རྒྱན་དྲུག་མཆོག་གཉིས་མཚོན་བྱེད་ཡིན་པ་ང་གཞི་རིམ་སློབ་ཕྲུག་ཞིག་གིས་ཀྱང་ཤིས་ཀྱི་འདུག ཁྱེད་ཚོ་མཁས་པ་རྐྱང་རྐྱང་འདི་འདྲ་ཞིག་ལ་ཅི་ཞིག་རྩོད།
ཨ་ཡོ། རྒྱན་དྲུག་མཆོག་གཉིས་མཚོན་བྱེད་རེད་ཡ།
ཁ་སང་དེ་རིང་ད་གྲྭ་བ་ཚོ་སྐྱིད་གོ་ཁ། སྟོད་འགག་སྐོར་རྩོད་པ་བྱས་ནམ་ལངས་བསྡད་བཞག
དྲ་གྲོགས་ཟླ་མེད་ལགས་སྤྱིར་ང་གཉིས་འདི་རྩད་ནས་ཐག་ཆོད་ཀྱང་དྲ་གྲོགས་རྣམས་ཀྱིས་ཤེས་རབ་ཀྱི་སྒོ་མོ་འབྱེད་པའི་བློ་སྐྱེད་ཅི་ཡང་མེད་པས། ངས་མཐའ་མའི་ལན་དེ་འདེབས་ཀྱི་ཡིན། ༡ ངས་རབ་བྱུང་བའི་
ཆོས་གོས་གསུམ་ནི། བླ་གོས་དང་ མཐིང་གོས་ རྣམ་སྦྱར་གསུམ་རེད་ཞེས་བ་ལས་སྟོད་འགག་དེ་གསུམ་གྱི་
གྲངས་སུ་བགྲང་ཡོད་མེད་གོང་གི་ཡི་གེ་དག་གློག་ན་གསལོ།འོན་ཀྱང་སྟོད་འགག་བླ་གོས་ཡིན་པ་ནི་ཆོས་འདུལ་
བའི་དགོངས་དོན་ཡིན་ལ་ངའི་དམ་བཅའང་ཡིན་ཀྱང་ཁྱེད་ཀྱིས་ཚིག་ཚོགས་ནང་དུ་དེ་ལ་གནོད་བྱེད་གང་ཡང་མི་
འདུག། ༢ སྟོད་འགག་བླ་གོས་ཡིན་པར་ཁས་བླངས་པ་ལ་ ཆོས་གོས་རྣམ་སྦྱར་གྱི་ཚད་ཀྱིས་གནོད་བྱེད་བཏང་བ
ནི་ངུ་རྒྱུའི་འཚབ་ལ་གད་མོ་ཤོར་བ་དང་གཉིས་སུ་མེད་པས་ལན་མི་དགོས་ཡང་ ད་དུང་ཨུ་ཚིགས་བྱེད་ན་
ངའི་གོང་དུ་སྤྱིར་བླ་གོས་དང་རྣམ་སྦྱར་ཞེས་པ་སྤྱི་མིང་ཙམ་ཡིན་ཀྱང་བྱེ་བྲག་རང་གི་བསྡུ་བྱའི་གོས་རེ་རེ་ལ་
ཡང་མིང་དེ་འཇུག་ཚུལ་བཤད་པ་ལས་དབྱེ་བ་ཕྱེ་ཤེས་དགོས་སོ།འོ་ཡ་ད་ཧོ་ཚེ་རིང་འོ།
འོ་ན་སྟོད་འགག་ཆོས་ཅན། ཆོས་གོས་རྣམ་གསུམ་ནང་གི་གཅིག་ཡིན་པར་ཐལ། བླ་གོས་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་གཉིས་ཀ་ཁྱོད་རང་གི་ཁས། ཡང་ཆོས་གོས་རྣམ་གསུམ་ནང་དུ་བགྲང་རྒྱུའི་བླ་གོས་དེ་སྟོད་འགག་ཡང་མིན་ལ་ཆོས་གོས་ཡང་མིན་པ་ཅིག་ཡིན་པར་ཐལ། ངས་ཆོས་གོས་བགྲང་བ་ལ་ནི་ཁྱོད་ཀྱིས་ངོས་འཛིན་ནོར་འདུག་ཟེར་ཞིང་། སྟོད་འགག་བགྲང་བ་ལ་ནི་འདུལ་བ་ནས་བཤད་པའི་ཆོས་གོས་རྣམ་གསུམ་ཀྱི་ཚད་གཞི་དང་རྩ་ནས་མི་འགྲིག་པའི་ཕྱིར།
ཆོས་གོས་རྣམ་གསུམ་ནང་དུ་བགྲང་རྒྱུའི་བླ་གོས་ཟེར་བ་དེ་ག་རེ་རེད། སྟོད་འགག་ནི་མིན། ཆོས་གོས་ཟེར་ན་ཁྱོད་ཀྱིས་མི་འགྲིག་ཟེར། ད་དུང་མི་དགོས་པ་ཞིག་ལ་འཚོ་བའི་ཡོ་བྱེད་བཅུ་གསུམ་བསྡུས་ན་ཆོས་གོས་རྣམ་གསུམ་གང་རུང་རེད་ཟེར། ཐོ་ཅོ་འདི་འདྲ་ཅི་རེད། གདོང་ཕྱིས་ཆོས་ཅན། ཆོས་གོས་རྣམ་གསུམ་གང་རུང་ཡིན་པར་ཐལ། འཚོ་བའི་ཡོ་བྱེད་བཅུ་གསུམ་གང་རུང་ཡིན་པའི་ཕྱིར། ཁ་གདངས་མིག་འཇིར་ནས་སྡོད་པ་ལས་གང་ཡང་མི་འདུག་ཀ
བླ་གོས་ཟེར་བ་དེ་གཟན་ལ་ཟེར་བ་མིན་ནམ་འདོད་ཀི བླ་གོས་ཕྲག་པ་གཅིག་ཏུ་གཟེར་ནས་ཞེས་སོགས་ཀྱི་སྐབས་ཀྱི་བླ་གོས་དེ་གཟན་མིན་ནམ་སྙམ། སྟོན་པའི་སྐབས་སུ་འགན་འཇི་དེ་གོན་སྲོལ་ཡོད་མེད་མ་ཤེས། ཕལ་ཆེར་མེད་པར་སྙམ།
སྦི་རག་དེས་མིག་ལམ་ཡང་རབ་རིབ་ཅིག་ཏུ་བཏང་འདུག མང་པོ་བྲིས་ན་ཡིག་ནོར་ཤོར་སོང་ན་སྐྲག་ནི་ཞིག་རེད། ད་གཟིན་འཇག་གནང་།
འོ་བཟོད་རྒྱམ་ནས་བཤད་པ་ཕལ་ཆེར་འདྲ་བོ་ཞིག་རེད། འོན་ཀྱང་གཟན་ལ་བྱས་ན་ཆོས་གོས་རྣམ་གསུམ་ལ་བགྲང་རྒྱུ་མ་རེད། ཆོས་གོས་རྣམ་གསུམ་བཟོ་སྟངས་ཁོ་རང་་སྟེང་ཏུ་ལྷན་པ་མང་པོའི་རྣམ་པ་ཅན་བཟོ་དགོས་པ་རེད། འདུལ་བ་རང་ན་། ཡང་ན་ལྷན་ཐབས་སུ་བརླན་ནོ་གསུངས་པ་རེད། འདུལ་བ་ནས་བྱས་ནས་གཟན་ལ་རྔུལ་གཟན་དང་། རྔུལ་གཟན་གྱི་གཟན། ད་དུང་རྣག་གཟན་དང་རྣག་གཟན་གྱི་གཟན་ཟེར་བ་བཅས་འཚོ་བའི་ཡོ་བྱེད་བཅུ་གསུམ་ནང་དུ་གཟན་གྱི་སྐོར་ལ་ཁ་ཤས་ཡོད་པ་རེད། སངས་རྒྱས་ཀྱི་སྐབས་སུ་གཟན་དེ་ད་ལྟའི་གཟན་ནང་བཞིན་མ་རེད་བསམ། དེའི་ཚད་གཞིའི་མི་འདྲ་གི ད་དུང་གོན་སྟངས་ཀྱི་ཐད་ནས་བཤད་ན་ཡང་ཆོས་གོས་དེ་ནམ་རྒྱུན་གོན་རྒྱུ་དང་། རྣམ་སྦྱར་ནམ་རྒྱུན་གོན་མ་དགོས་པ་བྱས་དེ་དམིགས་བསལ་གྱི་གྱོན་པ་ཞིག་ཡིན་ས་རེད།
ཨ་རོགས་ཟླ་མེད། ཆོས་གོས་དང་སྣམ་སྦྱར་གྱི་སྟེང་དུ་བྱ་སྤུའི་དབྱིབས་ཅན་གྱི་རས་ལྷེབ་མང་པོ་སྦྱོར་སྲོལ་ཡོད་པ་དེའི་མཚོན་དོན་ག་རེ་རེད། སྔོན་མར་དགེ་སྦྱོང་ཚོས་དུར་ཁྲོད་སོགས་ནས་རས་ལྷེབ་མང་པོ་ཕྱོགས་སྒྲིག་གིས་གྱོན་ཆས་བཟོ་སྲོལ་ཡོད་པ་དེའི་སྲོལ་རྒྱུན་ཟུར་ཆགས་པ་ཞིག་ཡིན་ནམ་མ་ཡིན།
འདི་ལ་འདུལ་བར་བཀྲུའོ། དྲའོ། བརྡབ་པོ། སྲུང་བརྡབ་པོ། ཁ་བསྒྱུར་རོ། ཡང་ན་ལྷན་ཐབས་སུ་བརླན་ནོ་གསུངས་ཡོད་པ་རེད། དུར་ཁྲོད་སོགས་ག་ས་གང་དུ་རྙེད་པའི་རས་རྣམས་ཆེ་ཆུང་སྙོམས་པོར་དྲས། དེ་ཉིད་ཆུ་ལ་གཙང་མར་ཁྲུས། རྒྱུགས་པ་ས་ལ་བརྡབས་ནས་དེའི་སྟེང་དུ་བསྐམས། དེ་ནས་ཁ་བསྒྱུར། བཟོ་བའི་སྐབས་སུ་ལྷན་པའི་ཚུལ་དུ་བསྣོལ་ནས་བཟོ་རྒྱུ་དེ་ཡིན་ས་རེད། དེ་ལྟར་བྱས་བའི་དགོས་དོན་ནི་འདུལ་སྡོམ་ལས། ལོག་འཚོ་སྤངས་ཤིང་ཡང་དག་འཚོ་བར་བསྒྲུབས།། གསུངས་པ་རེད། གཙོ་བོ་ལོག་འཚོ་ལྔ་སོགས་སྤངས་པའི་ཆེད་དུ་ཡིན་པ་རེད། དེའི་སྐབས་སུ་རས་ཡུག་གཅིག་གིས་ཆོས་གོས་ཡོངས་སུ་རྫོགས་པ་འདང་འགྲོ་བ་དེ་འདྲ་ཡོད་ས་མ་རེད། ག་ས་ཆ་ང་ཆུང་ངེ་སློང་རྒྱབ་ནས་རེག་པ་དང་། དུར་ཁྲོད་སོགས་ནས་རྙེད་པ། དེ་ཚོ་ཁ་དོག་མི་འདྲ་བ་དང་། གསར་རྙིང་མི་འདྲ་བ། ཆེ་ཆུང་མི་འདྲ་བ་ཡོད་པའི་དབང་གིས་དེ་ཚོ་བཀྲུ་བ་དང་། དྲ་བ། ཁ་བསྒྱུར་བ་སོགས་བྱེད་དགོས་གི་ཡོད་ས་རེད།
རས་ལྷེབ་གང་རྙེད་ལས་གྲུབ་པ་ཞིག་ཡིན་ན་དེང་སང་རས་ལྷེབ་ལ་གྲངས་ཀ་ཞིག་ཡོད་པ་དེ་ག་རེ་ཡིན་ནམ། ད་དུང་རས་ལྷེབ་འགའ་རེའི་ཁ་ཡར་བསྟན་འགའ་རེའི་ཁ་ཐུར་དུ་བསྟན་འདུག་པ་དེའི་དོན་ག་རེ་ཡིན་ནམ།
གལ་སྲིད་ངས་རས་ལྷེབ་སེར་པོ་དམར་པོ་གང་རྙེད་ཅིག་མཉམ་དུ་བཙེམས་ནས་གྱོན་ན་དེས་ངའི་ཆོས་གོས་ཀྱི་གོ་ཆོད་ཀྱི་རེད་དམ།
གལ་སྲིད་ངས་རས་ལྷེབ་གང་རྙེད་ཅིག་མཉམ་དུ་བཙེམས་ནས་གོན་ན་དེས་ངའི་ཆོས་གོས་ཀྱི་གོ་ཆོད་ཀྱི་རེད་དམ་མ་རེད། དེང་སང་གི་རྔུལ་གཟན་དེ་ངེས་པར་དུ་རས་ཡུག་གཅིག་གྱོན་ན་མི་འགྲིགས་པར་རས་ཡུག་དེ་གཏུབས་ནས་ཡང་སྐྱར་ཁ་སྦྱར་གྱིས་བཙེམས་ནས་གྱོན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། སྔོན་མར་རས་ཡུག་དཀོན་པའི་སྐབས་ཀྱི་ལུགས་སྲོལ་དེ་ད་ལྟ་རས་ཡུག་མི་དཀོན་པའི་སྐབས་སུ་ཡང་ལག་བསྟར་བྱེད་དགོས་དོན་ག་རེ་ཡིན་ནམ།
དགེ་འདུན་པའི་ནང་ཁྲིམས་དེ་འདུལ་བའི་བཅས་ཁྲིམས་ལས་གལ་ཆེ་ཟེར་ནས་འདུལ་བའི་ནང་དུ་རྩྭ་འབྲེག་མི་ཆོག་པ་དགོན་པའི་ནང་དུ་རྩྭ་བཀོག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
རྒྱ་མིའི་དགོན་པའི་ཕྱི་ནང་ཀུན་ཏུ་རྩྭ་དང་ཤིང་སྡོང་སྐྱེ་ཆོག་པ་ལ་བོད་པའི་དགོན་པའི་ནང་དུ་རྩྭ་དང་ཤིང་སྡོང་སྐྱེ་བའི་དགག་བྱ་ཡོད་པ་དེ་ག་རེ་ཡིན་ནམ།
མགོ་རིལ། བཟོ་ལས་དེ་ལག་ལེན་བྱས་ན་མ་གཏོགས་རྟོག་གེ་རིགས་པ་འདྲ་བོ་དེ་འདྲས་གཏན་ལ་ཕབས་ཐུབ་ནི་མ་རེད། ལྷག་པར་དུ་ཆོས་གོས་རྣམ་གསུམ་ངས་གོང་དུ་ཞུ་བ་བཞིན་རས་ཆ་མང་པོ་ཆེ་ཆུང་ཆ་སྙོམས་པོར་སྒྲིག་དགོས་པ་རེད་ཟེར་བ་དེས་ཁྱོད་ལ་གོ་བ་ཅིག་འེ་སྤྲད་ཐ དེ་ནས་ཡར་སྐོར་མར་སྐོར་དེ་འདྲ་ཡོད་པ་མ་རེད། ཆ་རེ་བཙེམས་ནས་ཆ་རེ་མུ་མཐུད་དུ་མཐུད་རྒྱབ་ནས་འགྲོ་རྒྱུ་རེད། དེ་བས་ན་གྲུ་སྟེང་ནས་མར་འགོར་གཅིག་དང་གཡས་ནས་གཡོན་འཁོར་ཅིག་མ་གཏོགས་ཡོང་ཤེས་ནི་མ་རེད། མར་ནས་ཡར་འཁོར་དང་གཡོན་ནས་གཡས་འཁོར་ཟེར་བ་དེ་འདྲ་ཡོད་ནི་མ་རེད་།
འདུལ་བའི་ཆོ་ག་ལྟར་བཙེམས་ཤིང་། འདུལ་བའི་ཆོ་ག་ལྟར་བྱིན་གྱིས་བརླབས་དགོས་པ་རེད། ད་དུང་ཁ་བསྒྱུར་རོ་ཟེར་བ་དེ་མ་བརྗེད་པར་གྱིས། གང་ཡིན་ཟེར་ན་ངས་གོང་དུ་དྲངས་པའི་མདོ་ཚིག་དེ་རེ་རེ་ལ་གོ་རྒྱུ་རེ་རེ་ཡོད་པར་ལྡ་ངེ་ལྡེང་ངེ་མ་ཀློག ཞིབ་ཚགས་མོ་ཀློག ཆོས་གོས་བླ་གོས་སུ་བྱིན་གྱིས་མ་བརླབས་པའི་སྔ་རོལ་དུ་རྒྱུ་རུང་བ་དང་། ཁ་དོག་རུང་བ་སོགས་བྱེད་དགོས་པ་རེད།
བོད་ལ་མཚོན་ན་ང་བོད་པའི་དགོན་པ་ཁ་ཤས་ལ་འགྲོ་མྱོང་། དེ་ཚོ་ཚང་མ་ན་རྩ་དང་ཤིང་སྡོང་ཡོད་པ་རེད། དེ་ནས་རྒྱ་གར་ནས་བོད་པའི་དགོན་པ་ཁ་ཤས་ལ་འགྲོ་མྱོང་། ཤིང་སྡོང་དང་རྩྭ་ཡིས་ཁེངས་བསྡད་ཡོད་པ་རེད། རྒྱ་ཡི་དགོན་པ་ཝ་ར་ན་སིའི་རྒྱ་དགོན་དེ་ལ་མ་གཏོགས་འགྲོ་མ་མྱོང་། འདི་ལ་རྒྱ་དགོན་དང་བོད་དགོན་ལ་ཁྱད་པར་ཡོད་པ་མཐོང་མ་མྱོང་བས་ཞུ་ཚོད་ཐུག་མ་སོང་།
ཕ་ཡུལ་ནས་དབྱར་གནས་ལ་མ་བསྡད་གོང་དགོན་པའི་ནང་གི་རྩྭ་བཀོག་ནས་སྲང་བར་ཀུན་སྐྱ་ཐལ་ལེར་བཟོ་གི་འདུག
འོ ང་མ་སོང་སྔོན་ལ་རིག་པ་རུལ་བ་ཞིག་གྲོགས་པོའི་འབད་རྩོན་བྱས་འདུག་པས།གོང་གི་དམ་བཅའ་ལས་
ལྡོག་ཏེ་ཆུ་ཚོད་ཞིག་ལེན་གྱི་ཡིན་པས་དགོངས་འགལ་མེད་པར་ཞུ།
ངས་ བླ་གོས་ཆོས་གོས་གསུམ་གྱི་གྲངས་ལ་བགྲང་བ་ལས་ བླ་གོས་ཡིན་ན་དེ་གསུམ་གྱི་གྲངས་ལ་བགྲང་དགོས་བ་
ནམ་ཡང་ཁས་མ་བླང་ངོ།། ཡང་བླ་གོས་དེ་རབ་བྱུང་པས་གོས་བྱེ་བྲག་པ་འགའ་རེས་སྤྱི་མིང་ཡིན་པས་
དེ་བྱེ་བྲག་རེ་རེ་ནས་ཡིན་མི་དགོས་བ་ དཔེར་ན་དངོས་པོ་དེ་ཀ་བ་དང་བུམ་བ་ཡིན་མི་དགོས་བ་
བཞིན་ནོ། འ་རོ་ཁྱོད་རིག་ལམ་ཡག་པོ་མི་འདུག་ག་དྲང་མོ་བཤད་རོགས་ལོ། ད་དངོས་གནས་བདེ་མོ་ཧོ་
ཚེ་རིང་ལོ།།
སྟོབས་ལྡན་དམག་ལས་བྱུང་བའི་གོ་ཁྲབ་དེ།།
ད་ལྟ་ལོ་རྒྱུས་ངོ་བོར་ཐིམ་ན་ཡང་།།
ངུར་སྨིག་སྡེ་ན་དེ་ཡི་དྲན་རྟེན་དུ།།
ཉོན་མོངས་མཚོན་ཆ་འགོག་ལ་སྟོད་འགག་འཆང་།།
བོད་ཀྱི་གྲྭ་རྒོད་གཡག་འཐུག་འདྲ་བ་ཚོས།།
ཉོན་མོངས་དུག་རླབས་ནང་ནས་འཕྱོ་བ་མ་ཚོར་བར།།
ཐུ་བྷོད་རྟུལ་ཕོད་དམག་གི་གོ་ཁྲབ་ཆེར།།
དཔེར་མཛད་ཉོན་དགྲ་འགོག་ཡིན་ཧ་ཧ།།
ཤེས་བའི་གཉེན་པོར་ཤེས་བ་བརྟེན་པ་ལས།གོས་ཀྱིས་ཉོན་མོངས་བཅོམ་པ་ཡ་ར་མཚར།
དེ་ལྟར་ཡིན་ན་ཝར་རྣའི་གོས་ཆེན་དེ། གཉེན་པོ་མཆོག་དུ་བཞེད་པར་ཐེ་ཚོམ་མེད།།
ཤེས་བའི་གཉེན་པོར་ཤེས་བ་བརྟེན་པ་ལས།གོས་ཀྱིས་ཉོན་མོངས་འགོག་པ་ཡ་ར་མཚར།
དེ་ལྟར་ཡིན་ན་ཝར་རྣའི་གོས་ཆེན་དེ། གཉེན་པོ་མཆོག་དུ་བཞེད་པར་ཐེ་ཚོམ་མེད།།
ལོག་པའི་འཚོ་བ་སྤངས་པའི་ཕྱིར་དུ་ནི།།
ཆོས་གོས་རྣམ་གསུམ་གྱོན་པར་མདོ་ལས་གསུངས།།
ཁ་ཅིག་འདི་ན་སངས་རྒྱས་ལས་ཀྱང་ང་།།
མཁས་པ་ཡིན་ཞེས་ཅ་ཅོ་སྒྲོག་པ་བཞིན།།
རྨ་ཆུའི་ཁ་ན་ཀ་ཅུའི་རྒྱ་རྒན་ཞིག།
རྨིག་བཞི་ཁྲིད་ནས་རྨོངས་པའི་ཞིང་ཁམས་འགྲིམ།།
ཁ་ཕོ་ཁ་ལ་མི་ཤོང་རྦ་རླབས་བཞིན།།
འགག་ལ་གཏད་ན་འགོག་མེད་ཝ་འབྲོས་བྱེད།།
འདུལ་བ་མ་ཤེས་བཀའ་ལ་བསྲེ་སླད་བྱས།
ལོ་རྒྱུས་མ་ཤེས་རང་སྣང་གང་ཤར་བྲིས།
གང་ཡང་མི་ཤེས་མཁས་པའི་གྲལ་འཚང་པ།
ཟླ་མེད་མང་ལ་བཏགས་པ་དོན་རེ་ཆུང།
ཁ་བསགས་ཞོགས་སློང་ལ་སོགས་ལོག་འཚོས་རྒྱུ།
བཅས་ལྡན་དགེ་སློང་རང་གིས་འགོག་པ་ལས།
ཆོས་གོས་གསུམ་གྱིས་ལོག་འཚོས་རྒྱུ་སྤོང་བར།
བརྗོད་བྱར་བཟུང་པའི་འདུལ་གཞུང་ངོ་རེ་མཚར།
འདུལ་པ་མཁན་པོ་ཁྱེད་ནི་དེ་ལས་རྨད།
མཁས་པ་སྒམ་སྡེ་པ་ལགས། མདའ་མཚན་པ་དང་། གཞོན་ནུ་ཟླ་མེད་ལྟ་བུའི་སོག་ཁྱོ་དང་ཨམ་ཁྱི་ལ་ཁ་རྩེས་ནས་ཕན་ཐོགས་དང་བློ་སྐྱེད་གང་ཡང་མེད། དེ་བས་དེའི་གྲས་དེ་ཁ་ཁར་ཞོག་
ཧཧཧཧ ད་ཁྱི་ཕྲུག་ཁ་ཤས་ཀྱིས་ཕམ་ཁ་མྱང་རྗེས་རྔ་མ་བརླ་བར་ལ་བཅུགས་ནས་འུར་སྐོར་བྱེད་བཞིན་འདའ། ཐབས་ཤེས་མེད་ཀ
ཕོ་ང་ཚོའི་བཤད་ནོ་དོན་ཡོད་རེད།།
ཁ་ཤས་ཁ་ནས་ཁ་གཏམ་ཁོ་ན་སྨྲ་བར། །
ཁ་སེམས་གཙང་བའི་ཨ་ཁུ་གཞོན་ནུ་ཟླ་བས། །
ཁ་སེམས་ཁ་ནས་བཏོན་ཞོར་རྩེད་མཚར་སྙན་མོས། །
ཁ་ཤས་གདོང་ལ་མཆིལ་མ་བཏབ་འདུག་ཨ་ཁུས། །
གྲོང་མཐའི་གྲོང་ཆོག་མྱུལ་བའི་གྲོང་ཆོག་པ་ང་།།
གྲོང་པ་ཁྱིམ་མཚེས་བར་ལ་གྲོག་མ་ལྟར་རྒྱུགས།།
གྲོང་ཁྱེར་ཆེན་པོས་གྲོགས་པོས་དམོད་པ་བྱེད་ན།།
གྲོང་གྲོང་རྣ་བ་ཀེར་ནས་ཀྲོང་ངེར་འདུག་ཀ།
འེ་གྲོགས་པོ་ལགས།་བདེ་བོ་ཡིན་པས།།
རོལ་མོ་དང་སེར་ཕྲེང་། གླུ་གར་སོགས་གྲངས་མང་ལ་ངོ་མཚར་བ་མང་པོ་མདོ་སྡེ་ཕལ་བོ་ཆེའི་ནང་དུ་བཞུགས་པས་ནང་པ་ལ་མེད་པར་སྨྲ་བར་བྱ་བཏང་འདུག གཞན་དུ་གནས་བསྟན་སྡེ་བའི་མགོ་མཁྲེགས་རྣམས་ཀྱིས་གང་བཤད་པའི་རྗེས་སུ་འབྲངས་ན་ནང་པ་ཞེས་པའི་འུད་པོ་ཆེ་དེ་ཡང་མཐར་མུ་སྟེགས་གཞུང་དུ་བསྡུ་བའི་ཁས་ལེན་ཡང་འབྱུང་ཉེའོ། །
སྤྱི་ཚོགས་ནང་ལ་མི་བདེ་བ་བཟོ་མཁན་དེས་ཡང་ནང་པ་དེ་ཕྱི་པ་བསྒྱུར་འདོད་ཀྱི་ཀུན་སློང་ངན་པ་ཞིང་འཆང་འདུག།
སྤྱི་ཚོགས་ནང་མི་བདེ་བ་བཟོ་མཁན་དེ་དངོས་ནས་བཤད་ན་ཁྱོད་རང་ཡིན་ས་རིད་གང་ཡིན་ཟེར་ན་ངས་དེ་འདྲ་བཤད་རྒྱུང་མ་བྱུང་།།
ང་ཚོའི་སྤྱི་ཚོགས་ནང་ལ་བསམ་ཚུལ་འདྲ་མིན་འདོན་མཁན་ཡོད་ན་རྗེས་སུ་ཡི་རང་བྱིད་རྒྱུ་ལས་དེ་ལ་མ་འགའ་བྱས་རང་ཉིད་ཀྱི་བསམ་པ་གུ་དོགས་པོ་ཡོངས་བ་མ་གཏོགས་སྤྱི་ཚོགས་ལ་ཕན་གྱི་མ་རེད་ལ་རང་ཉིད་ཀྱང་ཕན་གྱི་མ་རེད་དེ་བའི་གུ་ཡངས་དཀྱིལ་ཆེའི་བློ་རྒྱ་ཡོད་ན་གསེར་གསང་རྒྱ་ཡི་མི་ཁུག་པ་ཡིན་པར་ཤེས་བྱས་ཤིག་དྲ་གྲོགས་ཀུན་བཟང་ཟེར་བ་དེས་བཤད་པ་ཉན་རྒྱུ་ཅང་མི་འདུག།
གྲྭ་ཆས་དམག་གོས་ཡིན་ན། །
རང་རིགས་ཁ་བ་ཅན་པའི། །
གྲྭ་བ་རྣམས་ནི་དམག་དཔུང་། །
ཨེ་རེད་སྤུན་ཟླ་རྣམ་པ། །
གྲྭ་ཆས་དམག་གོས་ཡིན་ན། །
རང་རིགས་ཁ་བ་ཅན་པའི། །
གྲྭ་བ་འདི་ཚོ་དམག་དཔུང་། །
ཨེ་རེད་སྤུན་ཟླ་རྣམ་པ། །
སྐད་ཆ་བརྒྱ་བཤད་སྟོང་བཤད་བྱེད་ཀྱང་དོན་དངོས་དེ་བོད་མིའི་བདེ་སྡུག་དང་རག་ལས་པས་ཚང་མ་མཐུན་སྒྲིལ་ཡོང་རྒྱུ་གལ་འགངས་ཆེ།
ཚེ་འདིའི་བདེ་སྡུག་གཉེན་ཕྲང་གང་གི་སྐབས།།
བློ་འགལ་ཆོག་པའི་དམར་སེར་དཔུང་སྡེ་འདི།།
ཕྱི་མར་འགྲོ་ཁར་ལག་སྐྱེས་ལམ་རྒྱགས་སྟེར།།
སྐྱབས་གནས་འདུས་པའི་སྡེ་ལ་སྐྱབས་སུ་མཆི།།
ངོ་མཚར་རི་མོ་འཆར་བའི་འབྱིག་འཛིན་ངོགས།
རྣམ་དག་གོས་བཟང་བཀྲ་བའི་ངུར་སྨྲིག་སྡེ།།
བསླབ་གསུམ་རྒྱན་དུ་འཆང་པའི་བདེ་དགེའི་དཔལ།།
རྫོགས་ལྡན་གསར་བའི་དཔལ་འགྲན་གྱུར་ཅིག།